| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཨཱརྱ་ཡཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ་།བོད་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན ་པ་རྒྱ་ཆེར་འགྲེལ་པ། ཚིག་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྟོན་པའི་གཙོ་བོ་སངས ་རྒྱས་བཅོམ་ལྡན་དང། །བསྟན་པ་འཇུག་འབྱུང་དམ་པའི་ཆོས་མཆོག་དང། །འཆད་དུ་འཇུག་དང་འཆད་པ་འཁོར་གྱི ་གཙོ། །ཤཱ་རིའི་བུ་དང་བློ་གྲོས་མི་ཟད་དང། །གཞན་ཡང་མཚན་སྨོས་འདི་དག་གིས་མཚན་པའི། །འགྲོ་བ་གསུམ་གྱི་བླ་མ ་དཀོན་མཆོག་གསུམ། །ཕྱོགས་དུས་ཀུན་ན་བཞུགས་པ་མ་ལུས་ལ། །སྤྱི་བོ་ས་ལ་གཏུགས་ཏེ་ཕྱག་འཚལ་ནས།། ་སྤྱོད་པ་གང་གིས་འཕགས་རྣམས་ངེས་འབྱུང་ཚུལ། །ཐབས་མཁས་འདུས་པ་ཆེན་པོ་ངེས་པ་འདི། །བདག་པས་བློ་ཞན་རྣམས ་ལ་ཕན་གདགས་ཕྱིར། །བླ་མ་ལུང་ལས་བརྟེན་ཏེ་ཚིག་ཙམ་དབྱེ། །འདི་ལ་དགོས་པ་དང། བརྗོད་པར་བྱ་བ་དང། འབྲེལ་པ ་དང། བསྡུས་པའི་དོན་དང། ཚིག་གི་དོན་རྣམ་པ་འདི་ལྔས་བཤད་པར་བྱའོ། །དེ་ལ་མདོ་སྡེའི་དགོས་པ་ནི་མི་གནས་པའི་མྱ ་ངན་ལས་འདས་པ་སྟེ། དེ་ཐབས་འདིས་ཐོབ་པར་བྱེད་པའི་ཕྱིར་རོ། །བརྗོད་པར་བྱ་བ་ནི་མི་ཟད་པ་བརྒྱད་ཅུ་སྟེ། དེ་ལ་མི་ཟད་པ་བརྒྱད་ཅུ་ནི་སེམས་བསྐྱེད ་པ་དང། བསམ་པ་དང། སྦྱོར་བ་དང། ལྷག་པའི་བསམ་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། ཚད་མེད་པ་བཞི་དང། མངོན་པར་ཤེས་པ་ལྔ་དང། ་བསྡུ་བའི་དངོས་པོ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། རྟོན་པ་བཞི་དང། བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་དང། ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། ཞི་གནས་དང། ལྷག་མཐོང་དང། གཟུངས་དང། སྤོབས་པ་དང། ཆོས་ཀྱི་མདོ་བཞི་དང། བགྲོད་པ་གཅིག ་གི་ལམ་དུ་གྱུར་པ་དང། ཐབས་ལ་མཁས་པའོ། །འབྲེལ་པ་ནི་དེ་གཉིས་འབྲེལ་པ་སྟེ། ཐབས་དང་ཐབས་ཅན་དུ་གྱུར་པའི་ཕྱིར་རོ། །བསྡུས་པའི་དོན་ནི ་རྣམ་པ་བཅུ་དགུ་སྟེ། གླིང་བཞི་དང་གླེང་བསླང་བ་དང། ཆོས་རྣམས་ཀྱི་གཞི་དང། དེའི་འབྲས་བུ་དང། བདག་དང་གཞན་གྱི་དོན་བྱེད་པ་དང། ་སྙིང་བརྩེ་བ་དང། ཡོ་བྱད་དང། ཡོངས་སུ་སྨིན་པར་བྱ་བའི་མཐུ་དང། བསྟན་པར་བྱ་བའི་མཐུ་འཐོབ་པ་དང། དེའི་ཐབས་ཤེས་པ་དང། ཚོགས་ཀྱི་ལམ་དང། སྦྱོར ་བའི་ལམ་དང། མཐོང་བའི་ལམ་དང། བསྒོམ་པའི་ལམ་དང། དེར་སྦྱོར་བར་བྱེད་པ་དང། ལུང་བསྟན་པ་ཐོབ་པ་དང། དེ་ཐོབ་པར་བྱ་བ་རྣམ་པར་བཞག་པ་དང། ་རང་བྱང་ཆུབ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། དེ་ལ་བསྡུས་པའི་དོན་བསྟན་པ་ནི་མདོ་སྡེའི་དོན་བདེ་བར་ཟིན་པར་བྱ་བའི་ཕྱིར་རོ། །དེ་ལ་འདི་སྐད་བདག་གིས ་ཐོས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཚད་མེད་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་དང་ཐབས་གཅིག་གོ་ཞེས་བྱ་བ་ཡན་ཆད་ཀྱི་གླེང་གཞི་བསྟན་ཏོ། །དེ་ནས་བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཉན་པའི་ཕྱིར་འདུས་སོ་ཞེས་བྱ་བ་ཡན་ཆད་ཀྱི་གླེང་བསླང་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་རདྭཱ་ཏིའི་བུས་ཞེས་བྱ་བ ་ནས་བརྩམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་རྣམས་ཀྱི་གཞི་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་བསམ་པ་མི་ཟད་པ་ཞེས་བྱ་བ་བརྩམས་ཏེ། འདི་ནི་ལྷག་པའི་བསམ་པ་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་བསམ་པ་དང། སྦྱོར་བ་དང། ལྷག་པའི་བསམ་པ་གསུམ་གྱིས་དེའི་འབྲས་བུ་བསྟན་ཏོ། །དེ ་ནས་ཚེ་དང་ལྡན་པ་ཤ་རདྭཱ་ཏིའི་བུས་ཞེས་པ་ནས་བརྩམས་ཏེ། སྔོན་གྱི་སྦྱངས་པ་བྱས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བདག་དང ་གཞན་གྱི་དོན་བྱེད་པ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཞེས་བྱ་བ་ནས་བརྩམས་ཏེ། བཙུན་པ་ཤ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་སྙོམས་མི་ཟད་པ་ཞེས་བྱ་བ ་ཡན་ཆད་ཀྱིས་སྙིང་བརྩེ་བ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་ཡོ་བྱད ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བསྡུ་བའི་དངོས་པོ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་ཡོངས་སུ་སྨིན་པར་བྱེད་པའི་མཐུ་བསྟན་ཏོ། །གཞན་ཡང་བཙུན་པ ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པར་བྱ་བའི་མཐུ་འཐོབ་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས ་ཏེ། རྟོན་པ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་དེའི་ཐབས་ཤེས་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པའོ་ཞེས་བྱ་བ་ཡན་ཆད ་ཀྱིས་ཚོགས་ཀྱི་ལམ་བསྟན་ཏོ། །བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་སྦྱོར་བའི་ལམ་བསྟན་ཏོ། །གཞན་ཡང་བཙུན ་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་མཐོང་བའི་ལམ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། ལམ་མི་ཟད་པའོ་ཞེས ་བྱ་བ་ཡན་ཆད་ཀྱིས་བསྒོམ་པའི་ལམ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། ཞི་གནས་དང་ལྷག་མཐོང་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་དེར་སྦྱོར་བར་བསྟན་ཏོ། །གཞན་ཡང ་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། གཟུངས་དང་སྤོབས་པ་མི་ཟད་པ་ཅེས་བྱ་བ་ཡན་ཆད་ཀྱིས་ལུང་བསྟན་པ་ཐོབ་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱི་མདོ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་དེ? ་ཐོབ་པར་རྣམ་བཞག་པ་ལ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བགྲོད་པ་གཅིག་པའི་ལམ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་རང་བྱང་ཆུབ་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ་ཐབས་མི་ཟད ་པ་ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བསྟན་ཏོ། །ཚིག་གི་དོན་ནི་བསྡུས་པའི་དོན་རིག་པར་བྱ་བའི་ཕྱིར་ཏེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའི་དོན་རྒྱས་པར་སྟོན་པ་གང་ཡིན་པའོ། །དེ་ལ་གླེང་གཞི་ནི་མདོ་སྡེ ་འབྱུང་བའི་རྒྱུ་སྟེ། ཡང་དག་པར་སྡུད་པར་མཛད་པ་རྣམས་ཀྱིས་ཡིད་ཆེད་པར་བྱ་བའི་ཕྱིར་ཐམས་ཅད་དུ་སྨོས་སོ། །དེའང་གནས་དང་སྟོན་པ་དང་འཁོར་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་སྟེ། གནས་གང་ན་གང་ཞིག་སུ་དག་དང་ཐབས་གཅིག་ཏུ་ཞུགས་ནས་ཆོས་ཀྱི་རྣམ་གྲངས ་འདི་བཤད་ཅེས་སྦྱར་རོ། །དེ་ལ་གནས་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ཞེས་བྱ་བའི་བར་གྱིས་བསྟན། །སྟོན་པ་ནི་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་ཅེས་བྱ་བའི་བར་གྱིས་བསྟན། འཁོར་ནི་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་ཞེས ་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་སྡུད་པ་མཛད་པ་རྣམས་ཀྱི་ཚིག་སྟེ། འདི་སྐད་ཅེས་བྱ་བ་ནི་མདོ་སྡེ་འདི་ལས་མི་ཟད་པ་བརྒྱད་ཅུ་ཞིག་འོག་ནས་འབྱུང་བ་ལ་བྱའོ། །བདག་གིས་ཐོས་པ ་ཞེས་བྱ་བ་ནི་གཞན་ལས་སྙིང་གཏམ་དུ་ཐོས་པ་ནི་མ་ཡིན་གྱིས་སྡུད་པ་མཛད་པ་ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་རྣ་བའི་དབང་པོས་ཐོས་པར་བྱའོ། །དུས་གཅིག་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྐྱེ་བོ་མང་པོའི་དོན་ལ། དུས་གཞན་དག་དུ་ནི་མདོ་སྡེ་འཆད་ ་ཅིང་སེམས་ཅན་གྱི་དོན་གཞན་མཛད་པས་མདོ་སྡེ་འདི་དུས་གཅིག་ཅིག་ཏུ་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པ་གཉིས་སུ་སྡུད་པར་མཛད་པ་ཉིད་དུས་གཞན་དག་ཏུ་ཆོས་གཞན་མཉན་ནས། དུས་གཅིག་ཅིག་དུ་མདོ་སྡེ་འདི་ལན་གཅིག་ཅིག་མཉན་པ ་ལའང་བྱ་སྟེ། དུས་གཅིག་ལན་གཅིག་མཉན་པ་དེས་སྡུད་པར་མཛད་པ་ཉིད་མང་དུ་ཐོས་པ་དང། ཐོས་པ་འཛིན་པ་ཡིན་པར་ཡང་ཞར་ལ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བགེགས་བཅོམ་པ་དང་ལྡན་པ་ལ་བྱ་སྟེ། བགེགས་ཀྱང་འདིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ ་བར་དུ་གཅོད་པར་བྱེད་པ་བདུད་རྣམ་བཞི་ལ་བྱའོ། །བདུད་རྣམ་བཞི་ནི་ལྷའི་བུའི་བདུད་དང། ཉོན་མོངས་པའི་བདུད་དང། ཕུང་པོའི་བདུད་དང། འཆི་བདག་གི་བདུད་དོ། །དེ་ལ་ལྷའི་བུའི་བདུད་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱམས་པའི་ཏིང་ངེ་འཛིན་གྱིས་བཅོམ། ཉོན་མོངས་པའི་བདུད་ཀྱང ་བྱང་ཆུབ་མངོན་པར་རྟོགས་པའི་ཚེ་བཅོམ། ཕུང་པོའི་བདུད་ཀྱང་བྱང་ཆུབ་མངོན་པར་རྟོགས་པའི་ཚེ་ཀུན་བཞི་རྣམ་པར་ཤེས་པ་གནས་ཡོངས་སུ་གྱུར་པས་བཅོམ། འཆི་བདག་གི་བདུད་ཀྱང་གྲོང་ཁྱེར་ཡངས་པ་ཅན་དུ་མྱ་ངན་ལས་འདས་པ་ལས་མི་འདའ་བར་ཟླ་བ་གསུམ་དུ་ཚེའི ་འདུ་བྱེད་སླར་བསྣུར་ཏེ། ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་ཀྱང་དེར་བཅོམ་མོ། །ཡང་ན་འདི་ལ་ལེགས་པ་མངའ་བས། བཅོམ་ལྡན་འདས་ཞེས་བྱ་སྟེ། ལེགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང། གཟུགས་བཟང་བ་དང། གྲགས་པ་དང། དཔལ་དང། ཡེ་ཤེས་དང། བརྩོན ་འགྲུས་རྣམས་ལ་བྱ་སྟེ། དེ་ལ་དབང་ཕྱུག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་བླ་ན་ཡོད་པ་དང། བླ་ན་མེད་པ་དང་ལྡན་པ་ལ་བྱའོ། །གཟུགས་བཟང་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །གྲགས ་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཕྱོགས་ཐམས་ཅད་དུ་གྲག་པ་ལ་བྱའོ། །དཔལ་ནི་བདག་ཉིད་བསམ་པ་ཡོངས་སུ་རྫོགས་པ་དང། དཔག་བསམ་གྱི་ཞིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དཔལ་དུ་གྱུར་ཏེ། ་རེ་བ་ཡོངས་སུ་རྫོགས་པ་ལ་བྱའོ། །ཡེ་ཤེས་ནི་ཤེས་བྱའི་དངོས་པོ་ཐམས་ཅད་ལ་མ་ཆགས་ཤིང་ཐོག་པ་མེད་པ་ལ་བྱའོ། །བརྩོན་འགྲུས་ནི་བསྐལ་བ་གྲངས་མེད་པ་གསུམ་གྱི་བར་དུ་སེམས་ཅན་གྱི་མི་གཏོང་བའི་བརྩོན་འགྲུས་དང་ལྡན་པ་ལ་བྱའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནས། ཡོན ་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ན་བཞུགས་ཞེས་བྱ་བའི་བར་དུ་བཅོམ་ལྡན་འདས་ཀྱིས་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་རྒྱལ་པོའི་ཁབ་ཅེས་བྱ་བ་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་བྱའོ། །ཡང་ན་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ ་ལ་བྱའོ། །ཁབ་ནི་ཆོས་ཀྱིས་རྒྱལ་པོ་དེ་ཞུགས་པའི་གནས་ལ་བྱ་སྟེ། དེ་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ལ་བཞུགས་པས་ཆོས་ཀྱི་དབྱིངས་ཉིད་ལ་བྱའོ། །ཁབ་དེ་ཡང་མཚན་ཉིད་རྣམ་པ་བདུན་གྱིས་བསྟན་ཏེ། ཟབ་པའི་མཚན་ཉིད་དང། རྒྱ་ཆེ་བའི་མཚན་ཉིད་དང། ་ཡོངས་སུ་བཟུང་བའི་མཚན་ཉིད་དང། རྒྱུ་ཕུན་སུམ་ཚོགས་པའི་མཚན་ཉིད་དང། འབྲས་བུ་ཕུན་སུམ་ཚོགས་པའི་མཚན་ཉིད་དང། རྒྱས་པའི་མཚན་ཉིད་དང། རྫུ་འཕྲུལ་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དེ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱ་བས་ཟབ་པའི་མཚན་ཉིད་བསྟན ་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་ནམ་མཁའ་ཨི་དབྱིངས་དང་འདྲ་བར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པས་ཟབ་བོ། །རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཞེས་བྱ་བས་རྒྱ་ཆེ་བའི་མཚན་ཉིད་བསྟན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་རྣམས ་ཀྱིས་སྤྲས་ཤིང་བརྒྱན་པའམ། ཡང་ན་དེ་བཞིན་གཤེགས་པའི་མཐུ་ལས་བྱུང་བའི་རིན་པོ་ཆེ་རྣམས་ཀྱི་ཕོ་བྲང་དེ་སྤྲས་པས་ན་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཞེས་བྱ་བས་ཡོངས་སུ་བཟུང་བའི་མཚན་ཉིད་བསྟན་ཏེ། གནས་དེ་གཞན་གྱི་བཟུང་བ་མ་ཡིན་གྱི ་དེ་བཞིན་གཤེགས་པའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཞེས་བྱ་བའི་ཐ་ཚིག་པོ་།བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ་ཞེས་བྱ་བས་རྒྱུ་ཕུན་སུམ་ཚོགས་པའི་མཚན་ཉིད་བསྟན་ཏེ། དེ་བཞིན་གཤེགས་པའི་གནས་ཆོས་ཀྱི་དབྱིངས་དེ་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་དཔག་ཏུ་མེད་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཡེ་ཤེས་ཀྱི་ཚོགས་དངོས་སུ་མ་སྨོས་ཀྱང་ཆོས་ཀྱི་དབྱིངས་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉི་ག་ཡོངས་སུ་རྫོགས་པ་ལས་ཐོབ་པས་ན་ཡེ་ཤེས་ཀྱི་ཚོགས་ཀྱང་ཟླས་བསྟན་ཏེ ་ཚོགས་དེ་གཉིས་བྱང་ཆུབ་ཆེན་པོ་འཐོབ་པའི་རྒྱན་ཡིན་པའི་ཕྱིར་རོ། །དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་བ་ཡང་གཞི་དང། བསྐྱེད་པ་དང། རང་བཞིན་ཆེ་བའི་ཕྱིར་ཏེ། དེ་ལ་གཞི་ནི་དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་སོ། །སྐྱེད་པ་ནི་ཐུགས་ཀྱི ་འགྲིན་ལས་སོ། །རང་བཞིན་ནི་གསུང་གི་འཕྲིན་ལས་ཏེ། སྐུ་དང་ཐུགས་དང་གསུང་ཁྱད་པར་ཅན་དེ་ལྟ་བུ་ལས་བྱུང་བས་ན་ཆེན་པོ་ཞེས་བྱའོ། །སྤྱོད་པ་ཆེན་པོ་རྒྱུ་མཐུན་པ་ཞེས་བྱ་བ་དང། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམ་པར་སྨིན་པས་མངོན་པར་འགྲུབ་པ་ཞེས་བྱ ་བའི་ཐ་ཚིག་འདི་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པའི་མཚན་ཉིད་བསྟན་ཏེ། དེ་ལ་སྤྱོད་པ་ཆེན་པོ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་ལ་བྱ་བ་འམ། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡིན་པས་ན ་སྤྱོད་པ་ཆེན་པོ་ཞེས་བྱ་སྟེ། སྤྱོད་པ་དེ་དག་དང་མཐུན་པའི་འབྲས་བུ་ལ་རྒྱུ་མཐུན་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཞེས་བྱ་བའི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་ལ་བྱའོ། །ཅིའི་ཕྱིར་སངས་རྒྱས་ཀྱི་ཆོས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐུན་མོང་མ་ཡིན་པའི ་ཕྱིར་ཏེ། ཆོས་དེ་དག་གིས་རྣམ་པར་སྨིན་པ་ལས་བྱུང་བས་ན་རྣམ་པར་སྨིན་པས་མངོན་པར་གྲུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་གནས་ཞེས་བྱ་བས་རྒྱས་པའི་མཚན་ཉིད་བསྟན་ཏེ། གནས་དེ་ན་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་རྣམས་ཀྱང ་བཞུགས་ཏེ། བཅུད་ཀྱིས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཀྱི་དབྱིངས་མཛའ་ཡས་པར་བསྟན་ཅེས་བྱ་བས་རྫུ་འཕྲུལ་ཕུན་སུམ་ཚོགས་པའི་མཚན་ཉིད་བསྟན་ཏེ། རྫུ་འཕྲུལ་གྱི་མཐུས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་སོ་སོ་ཡིད་བཞིན་དུ ་སྦྱར་ཏེ། བསྟན་པ་མཛའ་ཡས་པ་ལ་བྱའོ། །དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པའི་བྱིན་གྱིས་བརླབས་ཞེས་བྱ་བ་ནས་ཡོན་ཏན་ཐམས་ཅད་ཀྱིས་ཚོགས་དཔག་ཏུ་མེད་ཅེས་བྱ་བའི་བར་གྱིས་རྫུ་འཕྲུལ་དེ་ཉིད་ལས་རྣམ་པ་དགུར་ཕྱེ་ནས་བསྟན་ཏེ། དགུ་གང་ཞེ་ན། སྤལ་པ ་དང། བསྒྱུར་བའི་རྫུ་འཕྲུལ་དང། ཉོན་མོངས་པ་མེད་པའི་གཞིའི་རྫུ་འཕྲུལ་དང། འོད་གསལ་བའི་རྫུ་འཕྲུལ་དང། ཕྱིན་ཅི་མ་ལོག་པའི་རྫུ་འཕྲུལ་དང། ཀུན་དུ་མཛེས་པའི་རྫུ་འཕྲུལ་དང། དགོས་པ་དང་བཅས་པའི་རྫུ་འཕྲུལ་དང། ཐེག་པ་ཆེན་པོ་ཆོས་ལ་ལོངས་སྤྱོད་པའི་རྫུ ་འཕྲུལ་དང། རྒྱུན་མི་འཆད་པའི་རྫུ་འཕྲུལ་དང། བདེ་བ་དང་ལྡན་པའི་རྫུ་འཕྲུལ་དང། དེ་ལ་དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་བའི་བྱིན་གྱིས་བརླབས་ཞེས་བྱ་བས་སྦྲུལ་པ་དང་སྒྱུར་བའི་རྫུ་འཕྲུལ་བསྟན་ཏེ། དེ་ལ་སྤྲུལ་པ་ནི་མེད་པ་ལས་ཡོད་པར་སྤྲུལ་པའོ། །སྒྱུར་བ་ནི ་རྡོ་དང་ཤིང་ལ་སོགས་པ་དངོས་པོ་ངན་པ་ལ་གསེར་དང་དངུལ་དང་རིན་པོ་ཆེ་ལ་སོགས་པར་བསྒྱུར་བའོ། །ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བའི་ཉོན་མོངས་པ་མེད་པའི་བཞིའི་རྫུ་འཕྲུལ་བསྟན་ཏེ། འདོད་ཆགས་ལ་སོགས་པའི་དྲི་མས་མ་ཆགས་མ ་གོས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་དེ་ལ་འཇུག་པའི་ཕྱིར་རོ། །དགའ་བ་ཆེན་པོ་ཡང་དག་པར་སྐྱེད་པ་ཞེས་བྱ་བས་འོད་གསལ་པའི་རྫུ་འཕྲུལ་བསྟན་ཏེ། འོད་གསལ་བའི་རྫུ་འཕྲུལ་གྱིས་སེམས་ཅན་རྣམས་དགའ་བར་འགྱུར་བའི་ཕྱིར་རོ། །དྲན་པ་དང་བློ་གྲོས་དང་རྟོགས་པ་ལ ་འཇུག་པ་ཞེས་བྱ་བས་ཕྱིན་ཅི་མ་ལོག་པའི་རྫུ་འཕྲུལ་བསྟན་ཏེ། དྲན་པས་དམིགས་པ་ལ་མ་རྨོངས། བློ་གྲོས་ཀྱི་ཆོས་ཀྱི་དོན་རྟོགས། རྟོགས་པས་ཆོས་ཀྱི་དོན་དེ་གཏན་ལ་འབེབས་ཤིང་དབང་དུ་གྱུར་པས་ན་ཕྱིན་ཅི་མ་ལོག་པའོ། །ཀུན་ནས་མ་སླད་པ་ཞེས་བྱ་བས་ཀུན་ཏུ་མཛེས ་བའི་རྫུ་འཕྲུལ་བསྟན་ཏེ། རྫུ་འཕྲུལ་གྱི་སྤྱོད་ལམ་ལ་སོགས་པས་མཛེས་པས་གཞན་གྱིས་སྨད་ཅིང་འཕྱས་གདགས་པ་ལ་སོགས་པ་མེད་པའི་དོན་ཏོ། །ཡེ་ཤེས་རྣམ་པར་སྤྱོད་པ་ཞེས་བྱ་བས་དགོས་པ་དང་བཅས་པའི་རྫུ་འཕྲུལ་བསྟན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས ་པའི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱིས་སོ་སོའི་སྐྱེ་བོ་དང་འཕགས་པ་རྣམས་ཀྱིས་དོན་དུ་གར་རིགས་རིགས་སུ་སྟོན་པ་ལ་བྱའོ། །མ་ཆགས་པའི་རྟོགས་པ་ལ་འཇུག་པ་ཞེས་བྱ་བས་ཐིག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་རྫུ་འཕྲུལ་བསྟན་ཏེ། དེ་ཞེས་བྱ་བས་ནི་གོང་དུ ་སྨོས་པའི་ཡེ་ཤེས་ཀྱི་སྤྱོད་པ་ལ་བྱ་སྟེ། འཇིག་རྟེན་གྱི་ཡེ་ཤེས་རྣམ་པར་སྤྱོད་པ་ལ་མ་ཆགས་པའི་རྫུ་འཕྲུལ་གྱི་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅེས་བྱ་བའི་དོན་ཏོ། །ཕྱི་མའི་མཛའ་ཨི་བསྐལ་པར་མངོན་པར་བསྟོད་པ་ཞེས་བྱ་བས་རྒྱུན་མི་འཆད་པའི་རྫུ་འཕྲུལ་བསྟན་ཏེ། རྫུ་འཕྲུལ ་དེ་དང་ནམ་དུ་ཡང་མི་འབྲལ་བས་རྟག་ཏུ་ལྡན་པར་བསྔགས་ཤིང་བཤད་ཅེས་བྱ་བའི་ཐ་ཚིག་གོ་།ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ཞེས་བྱ་བས་བདེ་བ་དང་ལྡན་པའི་རྫུ་འཕྲུལ་བསྟན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དྲན་པར་ཉེ་བར་བཞག་པ་ལ་སོགས་པ ་བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡོན་ཏན་རྣམས་དང་ལྡན་ན་བདེ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ། །བཞུགས་ཏེ་ཞེས་བྱ་བ་ནི་གནས་དེ་ལྟ་བུ་ན་སྤྱོད་ལམ་བཞིའི་ཚུལ་དུ་བཞུགས་པའམ། ཚད་མེད་པ་བཞིའི་ཚུལ་དུ ་བཞུགས་པ་ལ་བྱའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་གནས་དེ་ལྟ་བུ་ན་བཞུགས་པའི་སྟེན་བ་ཕུན་སུམ་ཚོགས་པའི་ཡོན་ཏན་རྣམ་པ་བཞི་བསྟན་ཏེ། བདག་གི་དོན་ཡོངས་སུ་རྫོགས་པ་དང། གཞན་གྱི ་དོན་ཡང་དག་པར་རྙེད་པ་དང། གཞན་གྱི་དོན་བྱེད་ནུས་པ་དང། བླ་ན་མེད་པའི་མཐུ་དང་ལྡན་པའི་ཡོན་ཏན་ནོ། །དེ་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བས་བདག་གི་དོན་ཡོངས་སུ་རྫོགས་པར་བསྟན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས ་ཅད་ཀྱི་མཉམ་པ་ཉིད་སྟོང་པ་ཉིད་དང་མཚན་མ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་བདག་གི་དོན་ཡོངས་སུ་རྫོགས་པའོ། །ཆོས་ཀྱི་འཁོར་ལོ་ནི་བསྐོར་ཅེས་བྱ་བ་དང། སློབ་མ་ཤིན་ཏུ་དུལ་བ་མཛའ་ཡས་པའི་ཚོགས་ནི་མངའ་ཞེས་བྱ་བའི་ཚིག་གཉིས་ཀྱིས་གཞན་གྱི་དོན་ལ ་ངག་པར་རྙེད་པ་བསྟན་སྟེ། ཇི་ལྟར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཅེ་ན། གང་གི་ཕྱིར་སློབ་མ་ཤིན་ཏུ་དུལ་བ་མཛའ་ཡས་པའི་ཚོགས་མངའ་བས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་ལེགས་པར ་བཤད་པ་ལ་བྱ་སྟེ། འཕགས་པའི་ལམ་གྱི་ཆོས་དེ་ཡང་འཁོར་ལོ་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཇི་ལྟར་འཁོར་ལོ་ནི་ལྟེ་བ་དང། རྩིབས་དང་མུ་ཁྱུད་གསུམ་གྱིས་འཁོར་ལོར་གྱུར་པ་དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཡང་དག་པའི་ངག་དང། ་ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་ཏེ། ལྟེ་བ་དང་འདྲའོ། །ཡང་དག་པའི་ལྟ་བ་དང། ཡང་དག་པའི་ཏོག་པ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་རྩོལ་བ་བཞི་ནི་ཤེས་རབ་ཀྱི་ཕུང་པོར་གཏོགས་ཏེ། ་རྩིབས་དང་འདྲའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་སྤྲོས་པ་ཐམས་ཅད་ཞི་བར་བྱེད་པས་ན་མུ་ཁྱུད་དང་འདྲའོ། །རྣམ་པ་གཉིས་སུ་ན་ཇི་ལྟར་འཁོར་ལོ་རིན་པོ་ཆེ་དེས་ཕྱོགས་མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད། རྒྱལ་བ་རྣམས་སུ་གནས་འཆའ་བདེ་བཞིན་དུ་འཕགས་པའི་ལམ་གྱི་ཆོས་འདི ་ཡང་ས་གོང་མ་མ་ཐོབ་པ་རྣམས་ནི་སྒྲིབ་པ་ལས་རྒྱལ་ནས་ཐོབ་པར་བྱེད། སྒྲིབ་པ་སྤངས་ནས་ཐོབ་པ་རྣམས་ལ་ནི་གནས་སོ། །རྣམ་གསུམ་དུ་ནི་ཇི་ལྟར་འཁོར་ལོ་དེ་མགྱོགས་སུ་འགྲོ་ཞིང། བླ་འོག་ཀུན་ཏུ་དགྲ་སེལ་བ་དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཡང་ཤེས་རབ་མྱུར་བའི ་རང་བཞིན་ཅན་ཡིན་པས་བླ་མ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སེལ། འོག་ཏུ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སེལ་བས་ན་འཁོར་ལོ་དང་འདྲའོ། །རྣམ་བཞིར་ན་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་ལ་ཡང་བྱ་སྟེ། འདི་ནི་སྡུག ་བསྔལ་གྱི་བདེན་པ་འདི་ནི་ཀུན་འབྱུང་བའི་བདེན་པ། འདི་ནི་འགོག་པའི་བདེན་པ། འདི་ནི་ལམ་གྱི་བདེན་པའོ་ཞེས་བསྟན་པ་དང། སྡུག་བསྔལ་ནི་ཤེས་པར་བྱ། ཀུན་འབྱུང་ནི་སྤང་བར་བྱ། འགོག་པ་ནི་མངོན་དུ་བྱ། ལམ་ནི་བསྒོམ་པར་བྱའོ་ཞེས་བསྟན་པ་དང། སྡུག་བསྔལ་ཤེས་པར་བྱས་ཟིན ་པས། ཡང་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤངས་ཟིན་པས་སྤང་མི་དགོས། འགོག་པ་མངོན་སུམ་དུ་བྱས་ཟིན་པས་ཡང་མངོན་སུམ་དུ་བྱ་མི་དགོས་ལམ་བསྒོམས་ཟིན་པས་ཡང་བསྒོམས་མི་དགོས་ཞེས་དེ་ལྟར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ ་བཤད་ན་རྣམ་པ་བཅུ་གཉིས་སུ་འགྱུར་བ་དེ་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བལ། །སློབ་མ་ཤིན་དུ་དུལ་བ་མཛའ་ཡས་པའི་ཚོགས་ནི་མངའ་ཞེས་བྱ་བ་ནི་ལྷ་དང་མིའི་ནང་ན་དེ་བཞིན་གཤེགས་པས་མི་བསྟན་མི་བསྔལ་བ་མེད་པས་ན་ལྷ་དང་མི་ཐམས་ཅད་སློབ་མ་ཡིན། དེ ་ལྟར་མང་བས་ན་མཛའ་ཡས་པ་ཡིན་ལ། དེ་དག་བསྟན་བསླབས་ཏེ། ལམ་ལོག་པ་ལས་བཟློག་ཅིང་ཡང་དག་པའི་ལམ་ལ་ཞུགས་པར་གྱུར་བ་ནི་ཤིན་ཏུ་དུལ་བ་ཞེས་བྱའོ། །ཆོས་ཐམས་ཅད་ལ་དབང་ནི་བརྙེས་ཞེས་བྱ་བས་གཞན་གྱི་དོན་བྱེད་ནུས་པ་བསྟན་ཏེ། འདུས་བྱ་དང ་འདུས་མ་བྱས་པའི་ཆོས་འདས་པ་དང། མ་འོངས་པ་དང། དུས་རིང་པོས་ཚང་བ་དང། ཐག་རིང་པོ་ན་གནས་པ་ཡང་མངོན་དུ་གྱུར་པ་བཞིན་དུ་མཁྱེན་ཅིང་རྟོགས་ཏེ། ཆོས་ཐམས་ཅད་ལ་དབང་རྙེས་པས་གཞན་གྱི་དོན་བྱེད་པ་ལ་ཡང་ཐེགས་པ་མེད་པའི་ཕྱིར་གཞན་གྱི་དོན ་བྱེད་ནུས་པའི་ཡོན་ཏན་དུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ནི་ཤིན་ཏུ་མཁྱེན་ཅེས་བྱ་བ་ལ་སོགས་པ་ཚིག་ལྷག་མ་བཞིས་བླ་ན་མེད་པའི་མཐུ་དང་ལྡན་པའི་ཡོན་ཏན་བསྟན་ཏེ། ཚིག་དེ་བཞི་ལས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་བླ་ན་མེད་པ་སྟོན་པས་བླ་ན ་མེད་པའི་མཐུ་དང་ལྡན་པའི་ཡོན་ཏན་ནོ། །དེ་ཉིད་ཀྱང་རྣམ་པ་བཞི་སྟེ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང། ཡོ་བྱད་ཀྱི་ཚོགས་དང་ལྡན་པའི་ཡོན་ཏན་དང། མི་བསྐྱོད་པའི་མཐུ་དང་ལྡན་པའི་ཡོན་ཏན་དང། རྒྱུན་མི་འཆད་པའི་སྦྱོར་བའི་ཡོན་ཏན་ནོ། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་བའི ་ཚུལ་ནི་ཤིན་ཏུ་མཁྱེན་ཅེས་བྱ་བས་ཐུན་མོང་མ་ཡིན་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་རྣམས་ཀྱི་ཁམས་དང། རང་བཞིན་དང། བསམ་པ་དང། བག་ལ་ཉལ་བ་རྣམས་ཅི་འགྲ་བ་མཁྱེན་ནས་དེ་དང་མཐུན་མཐུན་དུ་ཆོས་སྟོན་པའོ། །དབང་པོ་དམ་པའི་མཆོག་ནི་བརྙེས་ཞེས་བྱ་བས་ཡོ ་བྱད་ཀྱི་མཆོག་དང་ལྡན་པའི་ཡོན་ཏན་བསྟན་ཏེ། མིག་ལ་སོགས་པའི་དབང་པོ་དྲུག་དང། དད་པའི་དབང་པོ་ལ་སོགས་པ་ནི་ཆོས་རྟོགས་ཤིང་གཏན་ལ་འབེབས་པའི་ཡོ་བྱད་ཡིན་ཏེ། དེ་དག་ཀྱང་གཞན་གྱི་དབང་པོ་དང་མི་འདྲ་བར་གཅིག་གིས་ཀྱང་ཐམས་ཅད་ལ་དབང་བྱེད་ནུས་པས་དབང་པོའི ་མཆོག་ཅེས་བྱ་སྟེ། དཔེར་ན་མིག་གི་དབང་པོས་ལྟ་ནུས་པ་དེ་བཞིན་དུ་ཉན་པ་དང་སྣོམ་པ་དང་རོ་མྱོང་བ་ལ་སོགས་པ་དབང་པོའི་ལྷག་མ་ལྔ་རྣམས་ཀྱི་བྱ་བ་ཡང་བྱེད་ནུས་པ་ལྟ་བུའོ། །དེ་ལྟར་དབང་པོ་གཅིག་གིས་ཀུན་གྱི་བྱ་བ་བྱེད་ནུས་པའི་དམ་པ་དེ་ཡང་མཐར་ཕྱིན་ཅིང་མཆོག་ཏུ་གྱུར ་པ་བརྙེས་པ་སྣ་ཚོགས་བརྙེས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་འཚམས་ལེགས་པར་འཇོམས་པ་ལ་ནི་མཁས་ཞེས་བྱ་བས་མི་སྐྱོ་བའི་མཐུ་དང་ལྡན་པའི་ཡོན་ཏན་བསྟན་ཏེ། ཁམས་གསུམ་དང། འགྲོ་བ་ལྔ། སྐྱེ་གནས་བཞི་རྣམས་སུ་གདགས ་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཐོག་པ་མེད་པའི་དུས་ནས་བསྒོས་ཤིང་བསགས་པ། ཕུང་པོ་ཕྱི་མ་ལེན་པའི་ཉིང་མཚམས་སྦྱོར་བ་ལེགས་པར་རྩ་ནས་འབྱིན་ཅིང་མ་ལུས་པ་སྤོང་བ་ལ་སྐྱོ་བ་མཁྱེན་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ ་པ་ནི་རྒྱུན་མ་ཆད་ཅིང་ཞེས་བྱ་བས། རྒྱུན་མི་འཆད་པར་སྦྱོར་བའི་ཡོན་ཏན་བསྟན་ཏེ། དེ་བཞིན་གཤེགས་པའི་མཛད་པ་བསྟན་པ་འདི་ལ་མ་ཞུགས་པའི་སེམས་ཅན་རྣམས་བསྟན་པ་འདི་ལ་གཟུང་བ་དང། བཅུད་པ་རྣམས་ཡོངས་སུ་སྨིན་པར་མཛད་པ་དང། སྨིན་པ་རྣམས་པར་གྲོལ ་བར་མཛད་པ་ལ་འབད་ཅིང་བཙལ་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་གྱུར་ཅིང་སེམས་ཅན་གྱི་མཛའ་ཇི་སྲིད་ཡོང་གྱི་བར་དུ་མཛད་པ་དེ་གསུམ་ཡོངས་སུ་མི་གཏོང་བས་རྒྱུན་མི་འཆད་པར་སྦྱོར་བ་ཞེས་བྱའོ། རྣམ་པ་གཉིས་ན་ཚིག་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམ ་པ་བཞི་བསྟན་ཏེ། མངོན་པར་བྱང་ཆུབ་པའི་ཡོན་ཏན་དང། ཆོས་འཆང་བའི་ཡོན་ཏན་དང། མཐུའི་ཡོན་ཏན་དང། བདག་དང་གཞན་གྱི་དོན་མི་ཉམས་པའི་ཡོན་ཏན་ནོ། །དེ་ལ་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བས ་མངོན་པར་བྱང་ཆུབ་པའི་ཡོན་ཏན་ཏེ། མངོན་པར་བྱང་ཆུབ་པ་ཡང་རྣམ་པ་གཉིས་ཏེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་དང། མཉམ་པ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ལ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ནི་མིང་དང་མཚན་མ་དང། རྨིར?་རྟོག ་པ་རྣམས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའོ། །མཉམ་པ་ཉིད་མངོན་པར་བྱང་ཆུབ་པ་ནི་དེ་བཞིན་ཉིད་ཐུགས་སུ་ཆུད་པ་སྟེ། དེ་ལ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པས་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པར་བསྟན་པ་དེ་བཞིན་ཉིད་མངོན་པར་བྱང་ཆུབ་པས་ནི་ཆགས་པ་མེད་པའི ་ཡེ་ཤེས་དང་ལྡན་པར་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བ་མཛའ་ཡས་པའི་ཚོགས་ནི་མངའ་ཞེས་པའི་ཚིག་འདི་གཉིས་ཀྱིས་ཆོས་འཆད་པའི་ཡོན་ཏན་བསྟན་ཏོ། །ཆོས་ཐམས་ཅད་ལ་དབང་ནི་བརྙེས་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིས་མཐུའི་ཡོན ་ཏན་བསྟན་ཏོ། །མཐུ་ཡང་སྐབས་འདིར་མངོན་པར་ཤེས་པ་དྲུག་པོ་རྫུ་འཕྲུལ་དང་ལྷའི་མིག་དང། གཞན་གྱི་སེམས་ཤེས་པ་དང། ལྷའི་རྣ་བ་དང། སྔོན་གྱི་གནས་དྲན་པ་དང། འཆི་འཕོ་དང། སྐྱེ་བ་ཤེས་པ་དང། ཟག་པ་ཟད་པ་མངོན་པར་ཤེས་པ་ལ་བྱ་སྟེ། དེ་ལ་ཆོས་ཐམས་ཅད ་དབང་བརྙེས་པས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བསྟན་ཏེ། ལྷའི་མིག་གིས་ཀྱང་ཐག་རིང་པོ་ན་འདུག་པའི་དངོས་པོ་མངོན་སུམ་དུ་མཐོང་བ་ལ་སོགས་པའི་སྒོ་ནས་ཆོས་ཐམས་ཅད་ལ་དབང་བརྙེས་པའི་ཕྱིར་རྫུ་འཕྲུལ་གྱི་ནང་དུ་བསྡུའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ ་མཁྱེན་པས་གཞན་གྱི་སེམས་ཤེས་པ་དང། ལྷའི་རྣ་བ་དང་སྔོན་གྱི་གནས་དྲན་པ་གསུམ་བསྟན་ཏོ། །དབང་པོ་དམ་པའི་མཆོག་བརྙེད་པ་དང། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བར་འཇོམས་པ་ལ་མཁས་པ་གཉིས་ཀྱི་ཟག་པ་ཟད་པ་མངོན ་པར་ཤེས་པ་བསྟན་ཏེ། ཟག་པ་ནི་ཉོན་མོངས་པ་ལ་བྱའོ། །དེ་ལ་ཟད་པ་ཡང་གཉེན་པོ་དང་སྤང་བར་བྱ་བ་གཉིས་ཀྱིས་བསྟན་ཏེ། གཉེན་པོ་ནི་དབང་པོའི་མཆོག་གོ་།སྤང་བར་བྱ་བ་ནི་ཉོན་མོངས་པའི་བག་ཆགས་སོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་རྒྱུན་མཆད་ཅེས་བྱ་བས་བདག ་དང་གཞན་གྱི་དོན་མི་ཉམས་པའི་ཡོན་ཏན་བསྟན་ཏོ། །རྣམ་པ་གསུམ་དུ་ན་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམ་པ་བརྒྱད་བསྟན་ཏེ། བརྒྱད་གང་ཞེ་ན། བདག་གི་དོན་ཕུན་སུམ་ཚོགས ་པ་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། འཁོར་ཕུན་སུམ་ཚོགས་པ་དང། མཐུ་ཕུན་སུམ་ཚོགས་པ་དང། ཐབས་མཁས་པ་ཕུན་སུམ་ཚོགས་པ་དང། འདོགས་པ་ཕུན་སུམ་ཚོགས་པ་དང། བྱ་བ་རྫོགས་པ་ཕུན་སུམ་ཚོགས་པ་དང། སྐྱེས་བུའི་མཐུའི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན ་ཏེ་མདོའི་ཚིག་བརྒྱད་དང་གོ་རིམ་བཞིན་སྦྱོར་རོ། །དགེ་སློང་བརྒྱ་སྟོང་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་འཁོར་ཕུན་སུམ་ཚོགས་པ་བཤད་དེ། འཁོར་དེ་འང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་འཁོར་དང། བྱང་ཆུབ་སེམས་དཔའ་ཨི ་འཁོར་ཏོ། །དེ་ལ་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་མན་ཆད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་དགེ་སློང་བརྒྱ་ཕྲག་དྲུག་ཅུ་ཞེས་གྲངས་ངེས་པ་བསྟན ་པ་ཡང་སྔོན་བཅོམ་ལྡན་འདས་ལས་སྡུད་པ་པོས་མདོ་སྡེ་འདི་ཐོས་པའི་ཚེ་ལྷ་དང་ཀླུ་ལ་སོགས་པ་ཚེ་རིང་པོ་རྣམས་ཀྱང་འཁོར་དེ་ན་འཁོད་པ་དེ་ཉིད་ཕྱིས་མདོ་སྡེ་འདི་སྡུད་པའི་ཚེ་ན་ཡང་འཁོད་དེ། གྲངས་ངེས་པ་འདིས་མ་འཁྲུལ་པའི་དོན་རྟགས་སུ་རུང་ཞིང་ཕྱི་མ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར ་སྨོས། དགེ་སློང་ཞེས་བྱ་བ་ནི་སྐབས་འདིར་ཉོན་མོངས་པ་བཅོམ་པ་ལ་བྱའོ། །དགེ་འདུན་ཞེས་བྱ་བ་ནི་ལྟ་བ་དང་སྤྱོད་པ་ལ་སོགས་པ་མཐུན་པས་ལྟ་བ་གཞན་གྱིས་མི་བྱེད་པ་ལ་བྱའོ། །ཆེན་པོ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་ལ་ཡང་བྱའོ། །གཉིས་སུ་ན་ཉོན ་མོངས་པ་བཅོམ་པས་ན་ཆེན་པོ་ཞེས་བྱའོ། །ཐམས་ཅད་ཀྱང་ཅད་ཞེས་བའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་རྟ་ཅང་ཤེས་ཀྱི་ཡོན་ཏན་བརྒྱད་པོ་དུལ་བའི་ཡོན་ཏན་ངེས་ཤིང་གཡུང་བརྟན་ཆེ་བ་དང། མི་སྲུན་བ་མེད་པའི་ཡོན་ཏན་གྲོགས་ལ་ཟ་འཕྲུལ?་སོགས་པས་མི་འཚེ་བ་དང། རྒྱུའི་ཡོན་ཏན་རྟའི ་རིགས་དང་ཡུལ་ས་བཟང་པོ་ནས་སྐྱེས་པ་དང། སེམས་ཀྱི་ཡོན་ཏན་འགྲོ་བའི་གནས་སུ་མ་ཕྱིན་པར་བར་མ་དོར་ཟས་ལ་སེམས་མི་འབྱུང་སྟེ་ལམ་ན་བརྙབ་ཅིང་མི་ཟ་བ་དང། མགྱོགས་པའི་ཡོན་ཏན་འགྲོ་བའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པ་དང། ཚད་ཀྱི་ཡོན་ཏན་གཟུགས ་བྱད་བཟང་ཞིང་བོང་ཆེ་བ་དང། ལོངས་སྤྱོད་ཀྱི་ཡོན་ཏན་རྩ་དང་ཆས་ལ་ངན་མ་མི་བྱེད་ཅིང་རྟོག་པས་མི་འཆག་པ་དང། ལྟ་བའི་ཡོན་ཏན་དམ་གྲག་དང་གཡང་ས་ལ་སོགས་པ་སྤངས་ཏེ། ལམ་བདེ་བ་མཐོང་ཞིང་བརྩོལ་བ་དེ་བཞིན་དུ་འཕགས་པ་ཉན་ཐོས་ཅད་ཤེས་པ་ཡང་དུལ་བའི ་ཡོན་ཏན་དབང་པོ་མི་རྒོད་ཅིང་ཐུལ་བ་དང། མི་སྲུན་པ་མེད་པའི་ཡོན་ཏན་གྲོགས་ལ་མི་འཚེ་ཞིང་འགྲན་མི་ང་བ་དང། རྒྱུའི་ཡོན་ཏན་དེ་བཞིན་གཤེགས་པའི་བསྟན་པ་ལས་བྱུང་བ་དང། སེམས་ཀྱི་ཡོན་ཏན་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་ངན་དོན་གྱིས་ཆོག་ཤེས་ཤིང ་གནས་པས་མཛའ་ན་གནས་ཏེ་འཕགས་པའི་རིགས་ཀྱིས་མགུ་བ་དང། མགྱོགས་པའི་ཡོན་ཏན་ས་གོང་མ་མ་ཐོབ་པ་རྣམས་མྱུར་དུ་སྒྱུར་ཏེ་ཐོབ་པར་བྱེད་པ་དང་ཚད་ཀྱི་ཡོན་ཏན་དགེ་བ་སྤྱོད་པ་ལ་བརྩོན་འགྲུས་ཧ་ཅང་བརྟུན་པ་དང་ལེ་ལོའི་སྐྱོན་དུ་མ་གྱུར་པར་ཚད་ཅིག་ཏུ་མི་ཉམས ་བར་རྒྱུན་ཏུ་སྤྱོད་པ་དང་ལོངས་སྤྱོད་ཀྱི་ཡོན་ཏན་དད་པས་བྱིན་པའི་ཟས་དང། གོས་བསོད་ནམས་སུ་མི་འགྱུར་ཞིང་གནས་མ་ཡིན་པར་ཆུད་མི་གསོན་པ་དང། ལྟ་བའི་ཡོན་ཏན་ཡང་དག་པའི་ལྟ་བའི་ཡོན་ཏན་ལྡན་ཞིང་ལོག་པའི་ལམ་སྤངས་ཏེ། དམ་པའི་ལམ་དུ་ཞུགས་པའི་ཡོན་ཏན་འདི ་བརྒྱད་དང་ལྡན་པ་ལ་ཅང་ཤེས་པ་ཞེས་བྱའོ། །ཚིག་ལྷག་མ་བརྒྱད་ནི་ཡོན་ཏན་དེ་བརྒྱད་དང་གོ་རིམ་བཞིན་དུ་སྦྱར་བ་སྟེ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ཀུན་ཏུ་ཤེས་པ་དང། རྟོག་པས་ཉན་མོངས་པའི་སྒྲིབ་པ་ལས་སེམས ་རྣམ་པར་གྲོལ་བ་ལ་བྱའོ། །ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས་པ་ལ་བརྩོན་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི། ཉོན་མོངས་ཕུང་པོ་ཕྱི་མ་ལེན་པའི་ཉིང་མཚམས་སྦྱོར་བ་འཇོམས་པ་ལ་བརྩོན་ཞེས་བྱ་བའི་ཐ་ཚིག་གོ་།དེ ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྒྲ་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ལ་བྱ་སྟེ། དེ་ལྟར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་ལ་དབང་ཐོབ་པ་ནི་རྒྱལ་པོ་ཞེས་བྱའོ། །དེའི་གསུང་རབ་ལས་བྱུང་བའི་ཕྱིར་སྲས་སོ། །སངས་རྒྱས་ཀྱི ་ཆོས་ཟབ་མོ་ལ་གནས་པར་མཁས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་གང་ཟག་ལ་བདག་མེད་པ་དང། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཟབ་མོ་ལ་དམིགས་ཤིང་སྤྱོད་པ་ལ་མཁས་ཞེས་བྱ་བའི་དོན་ཏོ། །དམིགས་པའི་ཆོས་ལས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ལ་སོགས་པ་མཚན་མ ་མེད་པའི་དམིགས་པ་ལས་སྐྱེ་ཞེས་པའི་དོན་ཏོ། །སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སྤྱོད་ལམ་བཞི་ཅར་བཟད་ཞིང་མཛེས་པའི་དོན་ཏོ། །སྦྱིན་པའི་གནས་ཆེན་པོར་གྱུར་པ་ཞེས་བྱ་བ་ནི་དེ་དག་ལ་ཡོན་ཕུལ་ན་རྣམ་པར་སྨིན་པའི་འབྲས་བུ་དམ་པ་འཐོབ་པར་གྱུར་པས་ལྷ་དང ་མི་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་དུ་གྱུར་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བཀའ་ལས་རྡུལ་ཙམ་འགལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཆེན་པོ་དང་ཐབས ་གཅིག་སྟེ། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཏེ་དེ་ངེས་པར་ཐོབ་པར་སེམས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དགེ་འདུན་ནི་སྔ་མ་བཞིན་ནོ། །ཆེན་པོ་ནི་ཆོས་དང། སེམས་དང། ་མོས་པ་དང། བསམ་པ་དང། ཚོགས་དང། དུས་དང། ཡང་དག་པར་འགྲུབ་པའི་མཚན་ཉིད་ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཏེ། དེ་ལ་ཆོས་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བའི་ལ་སོགས་པ་ཆོས་བསྟན་པ་ཤིན་ཏུ་རྒྱ་ཆེ ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ནི་ཆོས་ཟབ་ཅིང། རྒྱ་ཆེ་བ་དེ་དག་ཉིད་ལ་མོས་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ལ་གནས?་དང་བདེ་བ་སྐྱེད་པའི་བསམ་པ་དང་ལྡན་པའི་ཕྱིར་རོ། །ཚོགས ་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་ཕྱིར་རོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར ་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཞེས་བྱ་བས་མ་འོངས་པའི་དུས་ནི་སྐྱེ་བོ་ཆོས་དོན་དུ་མི་གཉེར་བ་དང། ལེ་ལོ་ཅན་གྱིས་གཉེན་པོར་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་བུ་དག་ཀྱང་ཆོས་ཉན་པའི་ཕྱིར་ཐག་རིང་པོ་ནས་འདུ་ན་བདག་ཅག ་ཐག་ཉེ་བ་ན་འདུག་པ་ལྟ་ཅི་སྨོས་སྙམ་པའི་སེམས་བསྐྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཀྱི་བསྟན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད ་པ་ཕུན་སུམ་ཚོགས་པའོ། །སངས་རྒྱས་བསྙེན་བཀུར་བྱེད་པ་ཕུན་སུམ་ཚོགས་པའང་རྣམ་པ་གསུམ་སྟེ། ཚེགས་ཆུང་ངུས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་དང། བསོད་ནམས་སྤེལ་བས་བསྙེན་བཀུར་བྱེད་པ་དང། ཡེ་ཤེས་སྤེལ་བས་སངས་རྒྱས་ལ་བསྙེན་བཀུར་བྱེད་པའོ ་སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མཛའ་ཡས་པ་མཐུ་རྩལ་གྱིས་གནོན་ཅིང་འོང་བ་དང་འགྲོ་བ་ལ་མཁས་པ་ཞེས་བྱ་བས་ཚེགས་ཆུང་ངུས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་བསྟན་ཏེ། དེ་བཞིན་གཤེགས་པ་ལ་ཆོས་མཉན་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་ལ ་ཡང་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་རྫུ་འཕྲུལ་གྱིས་རྩལ་གྱིས་གནོན་ཅིང་འོང་བ་དང་འགྲོ་བ་ལ་མཁས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པར་བྱུང་བ་ཞེས་བྱ་བས་བསོད་ནམས་སྤེལ་བས་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་བསྟན་ཏེ། དེ་ལྟར ་སངས་རྒྱས་ཀྱི་ཞིང་མཛའ་ཡས་པར་སྐད་ཅིག་གཅིག་ལ་ཡང་ཆོས་ཉན་དུ་འགྲོ་བ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཉིད་ཀྱིས་མཆོད་ཅིང་རིམ་གྲོར་བྱེད་པ་ཡིན་ཏེ། དེར་བྱུང་བ་ནི་དེ་ལྟ་བུ་སྤྱོད་པའི་བདག་ཉིད་དུ་སྤྱོད་པ་ལ་བྱའོ། །ཆོས་ཉན་པ་དང། ཡོངས་སུ་ཚོལ་བས་མི་ངོམས ་པ་ཞེས་བྱ་བས་ཡེ་ཤེས་སྤེལ་བས་སངས་རྒྱས་ལ་བརྙེན་བཀུར་བྱེད་པ་བསྟན་ཏེ། བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། མཉན་པ་དང་ཚོལ་བས་ཆོག་མི་ཤེས་ཤེས་བྱ་བའི་དོན་ཏེ། རྟག་ཏུ་རྒྱུན་མི་འཆད་བར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ། བརྩོན་པ་ཞེས ་བྱ་བས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཕུན་སུམ་ཚོགས་པ་བསྟན་ཏེ། སེམས་ཅན་གྱི་མཛའ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་བས་མི་སྐྱོ་བའི་ཕྱིར་ཏེ། དོན་རུ་ན་ཚིག་གཅིག་པོ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཕུན་སུམ་ཚོགས་པ་སྤྱིར་སྟོན་ཏོ། །ཚིག་ལྷག་མ་བཞིས ་ནི་བྱེ་བྲག་བསྟན་ཏེ། དེ་ཡང་ཡོངས་སུ་སྨིན་པ་བླ་ན་མེད་པ་དང། ཡོངས་སུ་སྨིན་པ་དོན་ཡོད་པ་དང། ཡོངས་སུ་སྨིན་པ་མང་བ་དང། ཡོངས་སུ་སྨིན་པ་ཁ་ན་མ་ཐོ་བ་མེད་པའོ། །དེ་ལ་ཐབས་དང་ཤེས་རབ་དམ་པའི་མཆོག་ཐོབ་པ་ཞེས་བྱ་བས་ཡོངས་སུ་སྨིན་པ་བླ་ན་མེད་པ་བསྟན་ཏེ། ཐབས་ཀྱིས་རྒྱ་ཆེ ་བ་ལ་མཁས་པ་དང་ཤེས་རབ་ཀྱིས་ཟབ་པ་ལ་མཁས་པ་འདི་གཉིས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་གཞན་ལ་མེད་པས་བླ་ན་མེད་པ་ཡིན་ནོ། །སྒྲིབས་པ་མེད་པའི་རྣམ་པར་ཐར་པ་དང། ཡེ་ཤེས་ལ་རབ་ཏུ་གནས་པ་ཞེས་བྱ་བས་ཡོངས་སུ་སྨིན་པ་དོན་ཡོད་པ་བསྟན་ཏེ། ཉན ་ཐོས་ཀྱི་རྣམ་པར་ཐར་པ་ལྟ་བུར་ཤེས་བྱའི་སྒྲིབ་པ་དང་བཅས་པ་ལ་གནས་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་ཅིས་མ་བསྒྲིབས་པ་དང། ཡེ་ཤེས་ཅིས་ཀྱང་མ་སྒྲིབས་པ་ལ་གནས་ཞེས་བྱ་བའི་དོན་ཏེ། །རྣམ་པ་གཉིས་སུ་རྣམ་པར་ཐར་པ་ཆུད་པར་བྱེད་པ་ནི་ཡེ་ཤེས་ཀྱི ་བྱེད་དེ། ཡེ་ཤེས་དེ་ཡང་ཇི་ལྟ་བུ་ཞེ་ན། ཡེ་ཤེས་སྒྲིབ་པ་མེད་པ་ལ་བ་ནས་ཞེས་བྱ་བར་ཡང་བཤད་དོ། །རྟོག་པ་དང་རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་ཡང་དག་པར་འདས་པ་ཞེས་བྱ་བས་ཡོངས་སུ་སྨིན་པ་མང་བ་བསྟན་ཏེ། རྟོག་པ་ནི་རྩིད་བར་རྟོགས་པའོ། །རྣམ་པར་རྟོག་པ ་ནི་ཞིབ་མོར་རྟོགས་པ་སྟེ། རྟོགས་པ་དེ་ཉིད་སེམས་མ་ཞི་བའི་མཚན་མ་ཡིན་པས་སྤྲོས་པ་ཞེས་བྱ་བ། །དེ་དག་སྤངས་པ་ནི་ཡང་དག་པར་འདས་པའོ། །ཐམས་ཅད་མཁྱེན་པའི་ས་ལ་ཉེ་བར་གྱུར་བ་ཤ་སྟག་ཅེས་བྱ་བས་ཡོངས་སུ་སྨིན་པ་ཁ་ན་མ་ཐོ་བ་མེད་པ་བསྟན་ཏེ། སངས་རྒྱས ་ཀྱིས་ཀུན་ཏུ་འོད་ཐོབ་ཏུ་ཉེ་ཞེས་བྱ་བའི་ཐ་ཚིག་ཏེ། འདིས་འབྲས་བུ་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་ལ། གློག་ནི་འགྱུར་ཞིང་མི་རྟོག་པའི་དོན་ལྷ་ཞེས་བྱ་བ་ནི་རོལ་པ་འམ་སྤྱོད་པའི་དོན་ཏེ། མི་རྟོག་པའི་ཆོས ་ལ་རོལ་པ་འམ། སྤྱོད་ཅེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲའི་གཡུལ་ལས་རྒྱལ་བའོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྙིང་པོ་ཞེས་བྱ་བ་ནི་འོད་འཕྲོ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། ་སྙིང་པོ་དེ་ལྟ་བུ་འབྱུང་བའི་གནས་ལ་བྱའོ། །ཡང་ན་སེམས་ཅན་གྱི་དོན་དུ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་དངོས་པོ་སྣ་ཚོགས་སུ་སྣང་བ་ལ་བྱ་སྟེ། དེ་ཉིད་གཙོ་བོར་གྱུར་པ་ལ་སྙིང་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྩལ་གྱི་དཔའ་བ་ཞེས་བྱ་བ་ནི་ས་གོང་མ་ཐོབ་པའི་རྣམས་ཐོབ ་ཅིང་གནོན་པའི་རྩལ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ཡིད་གཉིས་ཤིན་ཏུ་འཇོམས་པ་ཞེས་བྱ་བ་ནི་བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་ཡིད་གཉིས་སུ་གྱུར་པ་འཇོམས་པའོ། །བྱང་ཆུབ་སེམས་དཔའ་སྒྲ་རྣམ་པར་སྒྲགས་ཞེས་བྱ་བ་ནི་ཆོས་ཀྱི་སེང་གེའི་སྒྲ་རྣམ་པ་སྣ་ཚོགས་སྒྲོགས ་པའོ། །བྱང་ཆུབ་སེམས་དཔའ་རྣམ་པར་ལྟ་བའི་མིག་ཅེས་བྱ་བ་ནི་ཤེས་རབ་ཀྱི་སྤྱན་གྱིས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ལ་རབ་ཏུ་བལྟ་བའོ། །བྱང་ཆུབ་སེམས་དཔའ་མུན་པ་དང་བྲལ་བ་ཞེས་བྱ་བ་ནི་མི་ཤེས་པའི་མུན་པ་ཐམས་ཅད་སྤངས་པའོ། །བྱམས་པ་ཞེས་བྱ་བ་ནི་དུས་ཐམས ་ཅད་དུ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ། །འཇམ་དཔལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་སྲས་དབང་པོའི་ཚོགས་ཞེས་བྱ་བར་གྱུར་བའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་བཅོམ ་ལྡན་འདས་དེས། རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཡོན་ཏན་དང་ཡེ་ཤེས་དང་ལྡན་པས་ན་གང་གི་ཕྱིར་སེམས་ཅན་གྱི་དོན་གྱི་ཕྱིར་དེ་ལྟར་རབ་དང་མཆོག་བློ་གྲོས་བཀྲིས་པ་བྱས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་མཆོག་བཟུང་བས་རིགས་ཀྱི་བུ་ཁྱོད་འཇམ་དཔལ་ཞེས་གསུངས? ་བ་ལྟ་བུའོ། །སོགས་པ་ཞེས་བྱ་བ་ནི་གྲངས་མེད་དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་འདིར་གཙོ་བོར་གྱུར་པ་རྣམས་ཡོན་ཏན་དང་རྗེས་སུ་མཐུན་པའི་ཅུང་ཟད་ཅིག་སྨོས་སུ་ཟད་ཀྱི། གཞན་རྣམས་སོགས་པའི་ནང་དུ་འདུས་ཏེ། འཁོར་དེ་ལྟ་བུ་དང། བཅོམ་ལྡན་འདས་ཐབས་གཅིག་ཏུ་བཞུགས་སོ ་ཞེས་བྱ་བར་སྦྱར་རོ། །འདིར་འཕགས་པ་ཉན་ཐོས་ཀྱི་འཁོར་སྔར་སྨོས་ལ། བྱན་ཆུབ་སེམས་དཔའ་ཕྱིས་སྨོས་པ་ཡང་ཉན་ཐོས་རྣམས་དོན་ཉུང་ཞིང་བྱ་བ་ཉུང་ལ་དེ་བཞིན་གཤེགས་པའི་ཨ་ཏིས?་ལ་བརྟེན་པས་རྟག་ཏུ་ཞབས་འབྲིང་ན་ངེས་པར་འཁོད་པའི་ཕྱིར་སྔར་སྨོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཞན ་ལ་རིགས་ལ་མི་བརྟེན་པར་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སེམས་ཅན་སྣ་ཚོགས་ཀྱི་དོན་ལ་དེ་བཞིན་གཤེགས་ཏེ་མ་ངེས་པས་བྱིས་སྨོས་སོ། །གླེང་བསླང་བ་ཡང་རྣམ་པ་བདུན་གྱིས་བསྟན་ཏེ། བསྟན་པ་ཕུན་སུམ་ཚོགས་པ་དང། བསྟན་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ་དང། ་བསྟན་པ་གཞི་ཕུན་སུམ་ཚོགས་པ་དང། སྟོན་པའི་བདག་ཉིད་ཆེན་པོ་བརྗོད་ལ་ཕུན་སུམ་ཚོགས་པ་དང། ངེས་པ་གདོན་མི་ཟ་བའི་གཏམ་ཕུན་སུམ་ཚོགས་པ་དང། དྲིས་པ་ལ་ལན་གླན་པས་འདི་ནི་བཞུགས་པའི་དེ་བཞིན་གཤེགས་པས་གཞན་གྱི་ཡོན་ཏན་བསྔགས་པ་ཕུན་སུམ་ཚོགས་པ་དང ་མཐུ་ཆེན་པོ་བསྟན་པ་ཕུན་སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་རབ་ཏུ་འཇུག་པ་དང། ངེས་པར་འབྱུང་བ་ཞེས་བྱ་བ་ནས་གསལ་བར་མཛད་དོ་ཡང་དག་པར་རབ་ཏུ་སྟོན་ནོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་བཅོམ ་ལྡན་འདས་དེ་ལྟ་བུ་ཤིན་ཏུ་རྣམ་པར་ངེས་པའི་དོན་འདུས་པ་ཆེན་པོའི་ལེའུ་ཞེས་བྱ་བ་ནས་ལུས་དང་སེམས་རབ་ཏུ་ཚིམ་པར་གྱུར་ཅིང་བདག་ཉིད་བདེ་བ་ཐམས་ཅད་དང་ལྡན་པ་སྙམ་དུ་ཤེས་པའི་བར་གྱིས་བཤད་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ་བསྟན་ཏོ། །རིན ་པོ་ཆེ་བཀོད་པའི་འཁོར་གྱི་བྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ནས་ལྷན་ཅིག་ཏུ་འོངས་ཏེ་དེ་དག་འོངས་བའི་སྔ་ལྟས་སོ་ཞེས་བྱ་བའི་བར་གྱིས་བསྟན་པའི་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་རིང་པོར་མ་ལོན་པར་དེ་ནས ་དེའི་ཚེ་ཞེས་བྱ་བ་ནས་འཁོར་དང་བཅས་ཏེ་པདྨའི་སྙིང་པོ་དེ་དག་ལ་སྐྱིལ་མོ་ཀྲུང་དུ་འཁོད་དོ་ཞེས་བྱ་བའི་བར་གྱིས་སྟོན་བའི་བདག་ཉིད་ཆེན་པོ་བརྗོད་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས ་ལངས་ཏེ་ཞེས་བྱ་བ་ནས། འགྲོ་བ་དང་འོང་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་བྱ་བའི་བར་གྱིས་ངེས་པར་གདོན་མི་ཟ་བའི་གཏམ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས ་སྨྲས་ཞེས་བྱ་བ་ནས་གང་དག་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་འདི་ལྟ་བུ་དག་འཁོད་པའི་སངས་རྒྱས་ཀྱི་ཞིང་དེ་དག་ནི་ཤིན་ཏུ་ཉུང་ངོ་ཞེས་བྱ་བའི་བར་གྱིས་དྲིས་པ་ལན་གླན་པས་འདི་ན་བཞུགས་པའི་དེ་བཞིན་གཤེགས་པའི་གཞན་གྱི་ཡོན་ཏན་བསྔགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ ་ནས་ཚེ་དང་ལྡན་པ་ཤ་རདྭཱ་ཏིའི་བུས་ཞེས་བྱ་བ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ནས་ཆོས་ཉན་པའི་ཕྱིར་འདུས་སོ། །ཞེས་བྱ་བའི་བར་གྱིས་མཐུ་ཆེན་པོ་བསྟན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་མདོ་སྡེའི་ལུས་དང་ཡོན་ཏན ་བསྟན་ཏེ། སྔར་སྨོས་པའི་གནས་དེ་ན་འཁོར་དེ་ལྟ་བུ་དག་དང་ཐབས་གཅིག་ཏུ་བཞུགས་ནས་མདོ་སྡེ་འདི་ལྟ་བུ་གསུངས་སོ། །རབ་ཏུ་སྟོན་ཏོ་ཞེས་འབྱུང་བའི་ཚིག་འོག་མ་དང་སྦྱར་རོ། །དེ་ལ་མདོ་སྡེ་འདིའི་ལུས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་དང། ངེས་པར་འབྱུང ་པ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི་མདོ་སྡེ་འདི་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། ཐབས་ལ་མཁས་པའི་བར་བསྟན་པ་རྣམས་ཏེ། འཇུག་པ་ནི་སྤྱོད་པ་དེ་དག་རྩོམ་པའོ། །ངེས་པར་འབྱུང་བ་ནི་སྤྱོད་པ་དེ་དག་ལ་ཞུགས་པའི་དགོས་པ་མཐར ་ཕྱིན་པ་ལ་བྱའོ། །སྒྲིབ་པ་མེད་པ་ནི་དེ་ལྟར་འཇུག་ཅིང་འབྱུང་བ་ལ་སྒྲིབ་པ་དང། བར་ཆད་མེད་པའི་དོན་ཏོ། དེ་ལྟ་བུ་དེ་དག་མདོ་སྡེ་འདི་ལས་སྟོན་པས་ན་སྒོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ལམ་བཀོད་པ་ལ་དམིགས་པ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད ་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་འཇུག་པ་ཞེས་བྱ་བའི་བར་དུ་མདོ་སྡེ་འདིའི་ཡོན་ཏན་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ལམ་བཀོད་པ་ལ་དམིགས་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཨི་ལམ་ནི་བྱང་ཆུབ་ཀྱིས་ས་རྣམས་ལ་བྱའོ། །ས་དེ་དག་གི་རྣམ་པ ་སོ་སོར་གསལ་བར་སྣང་བ་ལ་བཀོད་པ་ཞེས་བྱ་སྟེ། མདོ་སྡེ་འདིས་དེ་ལ་དམིགས་པ་སྟོན་པས་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ཐམས་ཅད་དང། སྟོབས་བཅུ་དང་མི་འཇིགས་པ་ཡོངས་སུ་གྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས་ཞེས་བྱ་བ་ནི་མིང་གིས་སྨོས་པའི་ཆོས་དེ་རྣམས ་ཡོངས་སུ་གྲུབ་པའི་ཡེ་ཤེས་མདོ་སྡེ་འདི་བསྟན་པ་ལས་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ནི་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པའོ། །ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་དང། གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ་ཞེས་བྱ་བ་ནི་འདུས་བྱས་དང། འདུས་མ ་བྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་དབང་ནི་དོན་དང་ཚིག་མི་བརྗོད་པའི་གཟུངས་ཀྱིས་བྱེད་དོ། །གཟུངས་ཀྱི་ཕྱག་རྒྱའི་སྒོ་ཕྱེ་ན་ཆོས་ཐམས་ཅད་ལ་དབང་བྱེད་པར་གྱུར་ཏེ། དེ་ལྟ་བུ་མདོ་སྡེ་འདི་ལས་སྟོན་པས་ན་སྒོར་འཇུག་པ་ཞེས་བྱའོ། །སོ་སོ་ཡང་དག་པར་རིག་པ་ཤིན་ཏུ་རྣམ་པར་ངེས་པ་ལ་གཟུང ་བའི་སྒོར་འཇུག་པ་ཞེས་བྱ་བ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང། སྤོབས་པ་སོ་སོར་ཡང་དག་པར་རིགས་པ་བཞི་ལེགས་པར་བསྟན་ལ་འབེབས་པ་མདོ་སྡེ་འདི་ལས་སྟོན་པས་ན་གཟུང་པའི་སྒོར་འཇུག་པ་ཞེས་བྱའོ། །མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་གཟུང་བའི་སྒོར་འཇུག་པ་ཞེས་བྱ་བ་ནི་བྱང ་ཆུབ་སེམས་དཔའ་ཨི་མངོན་པར་ཤེས་པ་དྲུག་པོ་མདོ་སྡེ་འདི་ལས་སྟོན་པས་ན་དེ་སྐད་ཅེས་བྱའོ། །ཆེན་པོ་ནི་འཇིག་རྟེན་གྱིས་མངོན་པར་ཤེས་པ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི་མངོན་པར་ཤེས་པ་བས་བྱང་ཆུབ་སེམས་དཔའ་ཨི་མངོན་པར་ཤེས་པ་ཆེ་བའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཐབས་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །མི་སྐྱེ་ཞིང་མི་ལྡོག་པའི་ཆོས་རབ་ཏུ་སྟོན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པ་དང། བླ་ན་མེད་པའི་བྱང་ཆུབ་ལས་མི་ལྡོག་པའི་ཚུལ་མདོ་སྡེ་འདི་ལས་སྟོན་པའི ་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དུ་ཡང་དག་པར་གཞོལ་བ་ཞེས་བྱ་བ་ནི་ཐག་པ་གཅིག་གིས་ལམ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའོ། །ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཚུངས་པ་ཉིད་ལ་ཡང་དག་པར་གཞོལ་བ་ཞེས ་བྱ་བ་ནི་གོང་མ་ཉིད་འདིས་གསལ་བར་བསྟན་ཏེ། གོང་དུ་བགྲོད་པ་གཅིག་ཅེས་སྨོས་པ་སྟེ། བགྲོད་པ་གང་དང་གང་གཅིག་ཏུ་སྟོན་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་གཅིག་ཏུ་གསུམ་ཅར་མཚུངས་པར་སྟོན་ཅེས་བྱ ་བའི་ཐ་ཚིག་གོ་།ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཚུལ་ཅིག་སྟེ། སྣ་ཚོགས་སུ་དབྱེར་མེད་པ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ ་ལ་གཟུང་པ་བསྟན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་བསམ་པ་གང་ལས་དད་པ་དང། དབང་པོ་རྣོ་རྟུལ་ལ་མཁས་པ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །སྙིང་པོའི་རྗེས་སུ་སོང་བའི་ཆོས་རྣམ་པར་ངེས་པ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ཅན་ལ་སོགས ་པ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཚུགས་ཤིང་བསྟན་པ་ལ་སྙིང་པོ་ཞེས་བྱ་སྟེ། ཆོས་དེ་ལྟ་བུ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །དེ་བས་ན་ཚིག་འོག་མས་མཚོན་ཏེ། བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་འཇོམས་པར་བྱེད་པ་ཞེས་བསྟན་ཏོ། །ཚུལ ་བཞིན་ཆོས་ལ་གཟུང་པའི་སྒོར་འཇུག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་རྗེས་སུ་མཐུན་པའི་ཆོས་ལ་ཚུལ་བཞིན་གྱིས་ཆོས་ཞེས་བྱ་བ་སྟེ། དེ་ལ་གཟུང་བ་ནི་མདོ་སྡེ་འདི་ལས་བཤད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་དང་ལྟ་བར་གྱུར་པ་ཐམས་ཅད ་འདུལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང། བདག་ཏུ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་རྣམ་པ་ལྔ་རྣམས་སྤོང་བའི ་ཐབས་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་རོ། །ཆགས་པ་མེད་པའི་ཤེས་རབ་དང། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་ཡུན་རིང་པོ་དང་ཐག་རིང་པོས་ཚོད་པའི་དངོས་པོ་རྣམས་པ་སྒྲིབ་པ་མེད་པར་ཤེས་རབ་དང་ཡེ་ཤེས་སྐྱེ་བའི་ཐབས་མདོ་སྡེ་འདི། ལས་བསྟན ་པའི་ཕྱིར་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྣམ་པར་འབྱེད་ནུས་པའོ། །ཡེ་ཤེས་ནི་ཤེས་རབ་ཀྱི་རྣམ་པར་ཕྱེ་བའི་ཆོས་ལ་སྤྱིའི་མཚན་ཉིད་དུ་རྟོགས་པའོ། །མཛའ་ཡས་ཤིང་མཚུངས་པ་མེད་པའི་བསྔོ་བ་ལ་མཁས་པའི་ཐབས་ཀྱིས་མ ་ཤེས་བསྟན་པ་ཞེས་བྱ་བ་ནི་དགེ་བ་སྤྱད་དོ་ཅོག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ལ་མཁས་པའི་ཐབས་མཛའ་ཡས་ཤིང་མཚུངས་པ་མེད་པའི་ཡེ་ཤེས་འགྱུར་བ་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས ་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཆུད་པའི་ཡེ་ཤེས་སུ་འགྱུར་བ་མདོ་སྡེ་འདི་ལས་བསྟན་པས་ན་དེ་སྐད་ཅེས་བྱའོ། །ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱི་སྒོར ་འཇུག་པ་ཞེས་བྱ་བ་ནི་བསམ་ཞིང་འབད་མི་དགོས་པར་ལྷུན་གྱིས་འགྲུབ་པ་ཉིད་དུ་དངོས་པོ་ཐམས་ཅད་ཤེས་པའི་ཡེ་ཤེས་ལ་ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་ལྟ་བུ་ལ་གནས་པ་འམ་ད་ལྟ་བུའི་མཐུ་དང་ལྡན་པ་ལ་བྱིན་གྱིས་བརླབས་ཞེས་བྱ་སྟེ། ་དེ་ལྟ་བུ་མདོ་སྡེ་འདི་བསྟན་པ་ལས་འབྱུང་བས་ན་དེ་སྐད་ཅེས་བྱའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤིན་ཏུ་གཏན་ལ་ཕབ་པར་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཕྱིན་ཅི་མ་ལོག་པར ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །མི་རྟོག་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བ་ནི་རྟོག་པ་དང་སྤྱོད་པ་ལས་འདས་པའི་མཉམ་པ་ཉིད་མདོ་སྡེ་འདི་བཤད་པ་ལས་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི ་ཆོས་རྣམས་བྱེད་པ་པོས་མ་བྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་འཇིག་རྟེན་པ་རྣམས་ཡིད་མི་ཆེས་པའི་ཕྱིར་ཟབ་སྟེ། མདོ་སྡེ་འདི་བཤད་པ་ལས་དེ་ལྟར་ཁོང་དུ་ཆུད་པར་འབྱུང་བའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཐམས་ཅད ་བསགས་པ་ཞེས་བྱ་བ་ནི་མདོ་སྡེ་འདི་བཤད་པ་འམ། བསྟན་པ་ལས་བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་སོགས་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་དང་གསུངས་དང་ཐུགས་ཀྱི་མཉམ་པ་ཉིད་ཀྱི་རྒྱན་གྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི་སྐུ་དང་གསུང ་ཐུགས་གསུམ་ཆར་ཡང་དོན་དམ་པར་རོ་གཅིག་སྟེ། མཉམ་པ་ཉིད་དུ་གྱུར་པ་ཉིད་ཟབ་པས་ན་རྒྱན་ཅེས་བྱའོ། །དེ་ལྟ་བུ་མདོ་སྡེ་འདི་བཤད་པ་ལས་འབྱུང་བས་ན་རྗེས་སུ་སོང་བ་ཞེས་བྱའོ། །དྲན་པ་དང་བློ་གྲོས་དང་རྟོག་པ་དང་མོས་པ་དང། ཤེས་རབ་མི་ཟད་པ་མངོན་པར་སྒྲུབ་པ་ཞེས་བྱ ་པ་ནི་དྲན་པ་ལ་སོགས་པ་མིང་གིས་སྨོས་པའི་རྣམས་འཁོར་བའི་མཛའ་ཨི་བར་དུ་ཟད་མི་ཤེས་པར་འགྱུར་བ་མདོ་སྡེ་འདི་བཤད་པ་ལས་འབྱུང་བས་ན། དེ་སྐད་ཅེས་བྱ་སྟེ། དྲན་པ་ལ་སོགས་པ་ནི་སྔར་བཤད་ཟིན། མོས་པ་ནི་ཡིད་ཆེས་ནས་གཞན་དུ་མི་འགྱུར་བའོ། །ཉན་ཐོས་ཀྱི ་ཐེག་པས་གདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་རྣམས་ཀྱི་ཕྱིར་འཕགས་པའི་བདེན་པ་བཞིའི་ཚུལ་ཡང་འདི་ལས་སྟོན་པས་ན་དེ་སྐད་ཅེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པས་འདུལ ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པ་ཤེས་པ་ཞེས་བྱ་བས་ནི། རང་སངས་རྒྱས་ཀྱི་ཐེག་པ་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་བསེ་རུ་ལྟ་བུར་སྤྱད་པའི་ལུས་དང། སེམས་རབ་ཏུ་དབེན་པར་ཤེས་པ་ཡང་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་རོ། །ཐེག་པ་ཆེན་པོས་གདུལ་བའི ་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སར་དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྐལ་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱིས་སར་དབང་བསྐུར་པར་འགྱུར་བ་ཡང་མདོ་སྡེ་འདི་བསྟན་པ་ལས་འབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པའི ་ཡོན་ཏན་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོགས་པ་མེད་པར་ཤེས་པ་ལ་ཆོས་ཐམས་ཅད་ལ་དབང་བྱེད་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཤེས་ན་དེ་བཞིན་གཤེགས་པའི་ཡོན་ཏན་ཡང་རྟོགས་ཤིང་སྟོན ་ནུས་པར་འགྱུར་ཏེ། དེ་ལྟར་གྱུར་བའི་ཐབས་ལ་ཚུལ་ཞེས་བྱའོ། །ཚུལ་དེ་ལྟ་བུ་མདོ་སྡེ་འདི་བསྟན་པ་ལས་བྱུང་བས་ན་ཚུལ་ལ་འཇུག་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མདོ་སྡེ་གསུང་ངོ་བསྟོན་ཏོ། །རབ་ཏུ་སྟོན་ཏོ། ཞེས་བྱ་བ་ལ་སོགས་པ་ནི་འཆད་པའི་ཚོག་གི་རྣམ་གྲངས་སུ ་རིགས་པར་བྱའོ། །ཡང་ན་གསུང་ངོ་ཞེས་པ་ནི་བསྟན་པའོ། །འོག་མ་རྣམས་ནི་བཤད་པ་སྟེ། དེ་ལ་སྟོན་པ་ནི་ཚིག་དང་ཡི་གེ་བཟང་པོས་སྟོན་པའོ། །རབ་ཏུ་སྟོན་པ་ནི་རིགས་པ་དང་མི་འགལ་བའི་དོན་སྟོན་པའོ། །མོས་པར་མཛད་པ་ལ་སོགས་པ་ཚིག་ལྷག་མ་རྣམས་ནི་གང་ཟག་བདུན་པོ ་ལུང་གི་སྟོབས་ཅན་དང། རྟོགས་པའི་སྟོབས་ཅན་དང། མདོར་བསྟན་པས་གོ་བ་དང། སྤྲོས་ཏེ་བསྟན་པས་གོ་བ་དང། ཐེ་ཚོམ་ཅན་དང། མི་ཤེས་པ་དང། ལོག་པར་ཤེས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། དེ་ལ་ལུང་གིས་སྟོབས་ཅན་ནི་སྐྱེ་བོ་དེ་བཞིན་གཤེགས་པའི་གསུངས ་རབ་ཀྱི་ལུང་ཙམ་ལ་རྟེན་ཅིང་ཀློག་པ་དང་ཉན་པ་ལ་སོགས་པ་བྱེད་པ་སྟེ། དེའི་ཆེད་དུ་མོས་པ་མཛད། འཛིན་དུ་འཇུག་སྟེ། མདོ་བཤད་པའི་ཚེ་དང་པོ་མཛད་པ་དང། དེའི་འོག་ཏུ་དོན་དམ་ཚིག་མ་ནོར་བར་འཛིན་དུ་འཇུག་པ་དང། ཕྱིས་ཀྱང་མི་བརྗེད་པར་ཁ་ཏོན་དུ་བྱེད་དུ་འཇུག ་བའི་ཕྱིར་རོ། །རྟོགས་པའི་སྟོབས་ཅན་གྱི་གང་ཟག་གི་ཆེད་དུ་ནི་ཤེས་པར་མཛད། རྣམ་པར་རིག་པར་མཛད། རབ་ཏུ་ཤེས་པར་མཛད་དེ། དེ་ཡང་ཆོས་གསུམ་པོས་བཤད་པར་བྱ་བ་དང། བསྒྲུབ་པར་བྱ་བ་དང། ཐོས་པར་བྱ་བའི་ཆོས་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་དང། ་འཕགས་པའི་ལམ་དང། མྱ་ངན་ལས་འདས་པ་རྣམས་ཤེས་པར་མཛད་པ་ལ་སོགས་པ་གོ་རིམ་བཞིན་དུ་བྱའོ། །མདོར་བསྟོན་པས་གོ་བའི་གང་ཟག་གི་ཆེད་དུ་ནི་འཇུག་པར་མཛད་དེ། འཕགས་པའི་བདེན་པ་བཞི་མིང་ཙམ་བསྟན་པས་འཇུག་པར་མཛད་པའི་ཕྱིར་རོ། །སྤྲོས་ཏེ ་བསྟན་པ་གོ་བའི་གང་ཟག་གི་ཆེད་དུ་ནི་འབྲེལ་ཏེ་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་སྟོན་པ་ལྟ་བུའོ། །ཐེ་ཚོམ་ཅན་གྱི་གང་ཟག་གི་ཆེད་དུ་ནི། རྣམ་པར་འབྱེད་དེ་བདེན་པ་དང་དཀོན་མཆོག་ལ་སོགས་པ་གང་ལ་ཐེ་ཙོམ་དུ་གྱུར་པ་དེ ་ཉིད་རྣམ་པར་གཅད་པའི་ཕྱིར་གཏན་ཚིགས་དང་བཅས་པས་རྣམ་པར་འབྱེད་དོ། །མི་ཤེས་པའི་གང་ཟག་གི་ཆེད་དུ་ནི། གསལ་བར་མཛད་དེ་ཡང་ནས་ཡང་དུ་སྟོན་ཏོ། །ལོག་པར་ཤེས་པའི་གང་ཟག་གི་ཆེད་དུ་ནི། ཡང་དག་པར་རབ་ཏུ་སྟོན་ཏེ། ཕྱིན་ཅི་མ་ལོག་པར ་སྟོན་ཅེས་བྱ་བའི་ཐ་ཚིག་གོ་།བསྟན་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ་བསྟན་པའི་སྐབས་སུ་བབ་ནས། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་ཤིན་ཏུ་རྣམས་པར་ངེས་པའི་དོན་འདུས་པ་ཆེན་པོ་ཞེས་བྱ་བ་ནི་མདོ་སྡེ ་འདིས་ཆོས་ཀྱི་དོན་ལེགས་པར་གཏན་ལ་ཕབ་པ་མང་པོ་བསྟན་པ་འདུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །བསྟན་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཡང། ཡོན་ཏན་རྣམ་པ་བཞིས་བསྟན་ཏེ། འོད་ཟེར་གཞན་རྣམས་ཟིལ་གྱིས་གནོན་པ་ནི། དེ་བཞིན་གཤེགས་པའི་འོད་དང། ་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་འོད་མ་གཏོགས་པར་ཞེས་བྱ་བ་ནས། ཟིལ་གྱིས་གནོན་ཅིང་མི་གསལ་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །མུན་ནག་སེལ་བ་ནི་སྟོང་གསུམ་གྱི་སྙོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ ་བ་ནས་འོད་དེས?་གསལ་ལེར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བ་ཞེས་སྨོས་པ་ནི་བར་སྣང་ལ་རྒྱུ་བ་དང། འདམ་རྫབ་དང་འབྲུ་ལ་སོགས་པ་སྐེམས་ཤིང་སྨིན་པར་བྱེད་པ་དང། གླིང ་ཁམས་གང་དུ་འཆར་ཞིང་སྣང་བར་བྱེད་པ་དེར་འཆར་ཞིང་སྣང་བར་བྱེད་པའི་ཕྱིར་རོ། །སྒྲིབ་པ་མེད་པ་ནི་འོད་ལ་རྩཝ་དང་ཤིང་གེལ་བ་ཞེས་བྱ་བ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ས་ལེར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །སེམས་ཅན ་ཐམས་ཅད་ཀྱི་ལུས་དང་སེམས་ཚིམ་པར་བྱེད་པ་ནི་གང་སེམས་ཅན་དམྱལ་བ་པ་རྣམས་སམ་ཞེས་བྱ་བ་ནས། བདག་ཉིད་བདེ་བ་ཐམས་ཅད་དང་ལྡན་པ་སྙམ་དུ་ཤེས་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བསྟན་པའི་གཞི་ཕུན་སུམ་ཚོགས་པ་ཡང་རྣམ་པ་ལྔས་བསྟན་ཏེ། རྒྱུ་ཕུན་སུམ་ཚོགས་པ ་ནི་རིན་པོ་ཆེ་སྣ་བདུན་གྱིས་པདྨ་ཞེས་སྨོས་སོ། །ཚད་ཕུན་སུམ་ཚོགས་པ་ནི་ཁ་ཚོན་ཤིང་རྟའི་ཡང?་ལོ་ཙམ་འདབ་མ་བརྒྱ་སྟོང་དུ་མ་དང་ལྡན་པ་ཞེས་སྨོས་པའོ། །དྲི་ཕུན་སུམ་ཚོགས་པ་ནི་དྲི་ཞིམ་པ་ཞེས་སྨོས་པའོ། །དབྱིབས་ཕུན་སུམ་ཚོགས་པ་ནི་བཀྲ་བ་ལྟ་ན་སྡུག་པ་ཞེས་སྨོས་པའོ། །ཁ་དོག ་ཕུན་སུམ་ཚོགས་པ་ནི་ཁ་དོག་དང་ལྡན་ཞིང་ཡིད་དུ་འོང་བ་ཞེས་སྨོས་པའོ། །ས་གཡོ་བ་དང་འོད་ཟེར་གཏོད་བ་དང་མེ་ཏོག་གི་ཆར་ཆེན་པོ་འབེབས་པའི་ལྔ་ལྟས་པ་གསུམ་ནི་འཇིག་ཚོགས་ལ་ལྟ་བ་སྤངས་པར་དཀའ་བ་རྩ་བ་ནས་དབྱུང་བ་དང་མ་རིག་པའི་མུན་པ་བསལ་བ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་མེ་ཏོག་གི་ཆར ་ཆེན་པོ་དབབ་པར་བསྟན་པའི་ཕྱིར་རོ། །སྟོན་པའི་ཆེ་བའི་བདག་ཉིད་ཆེན་པོ་བརྗོད་པའང་ཡོན་ཏན་རྣམ་པ་དགུས་བསྟན་ཏོ། །ཐུགས་རྗེ་ཆེན་པོའི་ཡོན་ཏན་དང། འཇིགས་པ་བདུན་མེད་པའི་ཡོན་ཏན་དང། སེམས་ཅན་གྱི་དོན་སྤྱོད་ནུས་པའི་མཐུ་དང་ལྡན་པའི་ཡོན་ཏན་དང། ཇི་ལྟར་སེམས་ཅན་གྱི་དོན་མཛད ་པའི་ཡོན་ཏན་དང། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཡོན་ཏན་དང། ཆོས་བདག་མེད་པ་སྟོན་པའི་ཡོན་ཏན་དང། ཁམས་གསུམ་གྱི་ཆོས་མི་རྟག་པའི་རང་བཞིན་ཅན་ལ་མ་ཆགས་པའི་ཡོན་ཏན་དང། སྐུའི་ཡོན་ཏན་དང། བརྗོད་ཀྱིས་མི་ལངས་པའི་ཡོན་ཏན་མདོར་བསྡུས་པས ་བསྟན་ཏོ། །དེ་ལ་རྡུལ་མེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ་བ་ཞེས་བྱ་བ་ལ་སོགས་པ་གཅིག་གིས་ཐུགས་རྗེ་ཆེན་པོས་བསྟོད་དེ། དེ་ཡང་སེམས་ཅན་རྣམ་པ་བཞི་པ་མ་ཉེ་དུ་དང། མུ་སྟེགས་ཅན་དང། བྱང་ཆུབ་སེམས་དཔའ་དང། དགྲ་བཅོམ་པ་རྣམས་ཀྱི་སྙིང་རྗེ་ལས་དེ་བཞིན་གཤེགས ་པའི་ཐུགས་རྗེ་ནི་ཤིན་ཏུ་ཐུགས་བརྩེ་བ་དང། རབ་ཏུ་མཁྱེན་པ་དང། ཤིན་ཏུ་རྣམ་པར་དག་པ་དང། ཟབ་པ་རྣམ་པ་བཞིས་གོ་རིམ་བཞིན་དུ་ཁྱད་ཞུགས་པས་ན?་ཐུག་རྗེའི་སྒོ་ནས་བསྟོད་དོ། །དེ་ལ་ཕ་དང་མ་ཉེ་དུ་བུ་ཚལ་སྙིང་བརྩེ་བ་ཡོད་མོད་ཀྱི། ཉོན་མོངས་པ་དག་ལོག་པར་ལྟ་བ་དང། ལེགས་པ་མི་ལྟ་བ་དང། རབ ་ཏུ་ཉམས་པ་དང། དམན་པ་རྣམ་པ་ལྔའི་སྒོ་ནས་ཤིན་ཏུ་སྙིང་བརྩེ་བ་མ་ཡིན་ཏེ། དེ་འང་ཇི་ལྟ་ཞེ་ན། བདག་གིར་རྟོགས་པ་ལས་བྱུང་བ་དང། སྡུག་བསྔལ་དང་ལྡན་པའི་ཡུལ་ཚོལ་བར་རྟོགས་པ་དང། དེ་དང་མི་ལྡན་ན་ཡིད་མི་བདེ་བའི་ཟིལ་གྱིས་ནོན་པ་དང་ལྡན་ན་དགའ་ ་བས་ཡིད་བདེ་བའི་འདོད་ཆགས་སྐྱེ་བ་རྣམ་པ་བཞིས་ཉོན་མོངས་པའི་སྙིང་རྗེར་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ལ་སྐྱོན་རྣམ་པ་དེ་བཞི་མི་མངའ་བས་ན། རྡུལ་མེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ་ཞེས་བྱ་བའི་ཐ་ཚིག་བཞི་གསུངས་སོ། །ལོག་པར་ལྟ་བ་ནི ་རྟག་པ་དང་བདེ་བ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ལྟ་བའོ། །ལེགས་བར་མི་ལྟ་བ་ནི་འཕགས་པའི་བདེན་པ་བཞི་མ་རྟོགས་པ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ལ་སྐྱོན་རྣམ་པ་དེ་གཉིས་མི་མངའ་བས། ཡེ་ཤེས་རབ་རིབ་མི་མངའ་སྤྱན་གསུམ་རྣམ་པར་སྦྱངས་ཞེས་བྱ་བའི་ཐ་ཚིག་གཉིས ་གསུངས་ཏེ། སྤྱན་གསུམ་ནི་ཆོས་ཀྱི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་ནོ། །དེ་ལ་རབ་ཏུ་ཉམས་པའི་སྙིང་རྗེ་ནི་བུ་ཚ་ལ་སོགས་པས་ཡིད་དང་འགལ་བ་ཞིག་བྱས་མ་ཐག་ཏུ་ཞེ་སྡང་གི་སེམས་འབྱུང་བས་དེའི་ཚེ་བ?་མ་དང་ཉེ་དུའི་སྙིང་རྗེ་རབ་ཏུ་ཉམས་པ་ཡིན་གྱི། དེ་བཞིན ་གཤེགས་པ་ལ་སྐྱོན་དེ་མི་མངའ་བས། སྐྱོན་རྣམས་བསལ་བས་དྲི་མ་གསུམ་དང་ཐ་བ་སྤངས་ཞེས་གསུངས་ཏེ། ཞེ་སྡང་གིས་ཀུན་ནས་དཀྲིས་པ་སྤངས་པས་འགལ་བ་ཅིས་ཀྱང་ཕྱིས་ཞེ་སྡང་མི་སྐྱེ་སྟེ། སྐྱོན་རྣམས་བསལ་བ་ཡིན་ལ། ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ ་དྲི་མ་ཞེས་བྱ་བ་དང། དགེ་བའི་ལོ་ཏོག་གི་ཞིང་དུ་མ་གྱུར་པས་ཐ་བ་ཞེས་བྱ་བ་དུག་གསུམ་གྱི་བག་ལ་ཉལ་སྤངས་པས་ཕྱིས་ཀྱང་ཞེ་སྡང་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །དམན་པའི་སྙིང་རྗེ་ནི་གནོད་པར་བྱས་པ་དང། ཕན་འདོགས་པའི་ངོར་ལྟ་བ་སྟེ། འདིས་ངའི་བུ་ལ་གནོད་པ་འདི་བྱས་སོ། །ཕན ་པ་འདི་བྱས་སོ་ཞེས་བདག་དང་བདག་གིར་རྟོགས་པའི་གཞི་ལས་བྱུང་བའི་སྐྱོན་དེ་བཞིན་གཤེགས་པ་ལ་མི་མངའ་བས། རྡུལ་བྲལ་ཞེས་གསུངས་ཏེ། དེ་ལྟ་བུའི་ཤིན་ཏུ་ཐུགས་བརྩེ་བ་དང་ལྡན་པའི་སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །ཡང་མུ་སྟེགས་ཅན་རྣམས་ཀྱི ་སྙིང་རྗེ་ནི་རབ་ཏུ་ཤེས་པ་མ་ཡིན་ཏེ། སྐྱོན་གྱི་རྣམ་པར་རྟོག་པ་དང་བཅས་པ་དང། ཡོན་ཏན་གྱི་རྣམ་པར་རྟོག་པ་དང་བཅས་པ་དང། བདུད་དང་ཕྱི་རོལ་བ་མ་བཙོམ་པའི་འདོད་ཆགས་དང་བྲལ་བ་དང། ཤེས་པ་རབ་རིབ་དང་བཅས་པའི་ཕྱིར་ཏེ། ས་འོག་མ་ལ་རགས་པར་རྟོག་པ་དང། ས ་གོང་མ་ལ་ཞི་བར་རྟོག་པ་དང། འདོད་ཆགས་ཤས་ཀྱིས་སྤངས་ཀྱང་བདུད་དང་ཕྱིར་རྒོལ་བ་བཅོམ་ནས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དང། བདག་དང་བདག་གིར་རྟོག་པའི་རབ་རིབ་དང་བཅས་པའི་ཤེས་རབ་ཅན་དེ་ལྟ་བུའི་སྐྱོན་དེ་བཞིན་གཤེགས་པའི་ཐུགས་རྗེ་ལ་མི་མངའ་ ་བས། རྡུལ་མེད་རྡུལ་བྲལ་དཔའ་བོ་འདོད་ཆགས་བྲལ། །ཡེ་ཤེས་རབ་རིབ་མི་མངའ་ཞེས་གསུངས་ཏེ། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་འདོད་ཆགས་དང་བྲལ་བ་མ་ཡིན་པ་ན་དཔའ་བོ་འདོད་ཆགས་དང་བྲལ་བ་མ་ཡིན་པ་ན་དཔའ་བོ་འདོད་ཆགས་བྲལ་ཞེས་བྱ་སྟེ། གཞན ་ནི་ཚིག་ར་རེ་དང་སྦྱར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་སངས་རྒྱས་ཀྱིས་མ་མཐོང་བ་དང། ཤེས་བྱའི་སྒྲིབ་པ་མ་ལུས་པར་མ་སྤངས་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ཏེ། དེའི་གཉེན་པོར་སྤྱན་གསུམ་རྣམ་པར་སྦྱངས་ཞེས་གསུངས་སོ། །དགྲ་བཅོམ་པ་རྣམས ་ཀྱི་སྙིང་རྗེ་ནི་རྣམ་པར་རྟོགས་པ་དང་བཅས་ཤིང། མི་དམིགས་པའི་སྙིང་རྗེ་དང། མི་ལྡན་པས་ཟབ་པ་མ་ཡིན་ཏེ། དེའི་གཉེན་པོར་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་སྤོང་བ་དང། ཡིད་ལ་མཛད་པའི་ཁྱད་པར་གཉིས་ཀྱིས་ཟབ་པར་བསྟན་ཏེ། དེ་སྤོང་བའི་ཁྱད་པར་ནི་ཀུན་ནས་དཀྲིས ་པ་དང། བག་ལ་ཉལ་སྤངས་པས་སྐྱོན་རྣམ་པར་བསལ་བ་དང། དྲི་མ་གསུམ་དང་ཐ་བ་སྤངས་པས་བསྟན་ཏོ། །ཡིད་ལ་མཛད་པའི་ཁྱད་པར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང། མི་དམིགས་པའི་ཐུགས་རྗེ་དང་ལྡན་པ་སྟེ། དེ་ནི་རྡུལ་བྲལ་ཞེས་བྱ་བས་བསྟན་ཏོ། །རྣམ་གྲངས ་གཞན་དུ་ན་འདི་ལ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ནི་ཡེ་ཤེས་དང་སྤང་པའི་ཁྱད་པར་གཉིས་ཀྱིས་འཇིག་རྟེན་པ་དང་ཉན་ཐོས་རྣམས་ལས་ཁྱད་ཞུགས་པར་བསྟན་ཏོ། །ཡེ་ཤེས་ཀྱང་མི་མཐུན་པའི་ཕྱོགས་འཇོམས་པའི་ཡེ་ཤེས་ཡེ་ཤེས་ཀྱི་རང་བཞིན་ཏེ། མི་མཐུན་པའི་ཕྱོགས ་ནི་རྣམ་པར་འཚེ་བའི་ཀུན་ནས་དཀྲིས་བ། རྡོ་དབྱིགས་ལ་སོགས་པས་འཕྲལ་དུ་ཐོ་འཚམ་པ་དང། དེའི་བག་ལ་ཉལ་སེམས་ལ་ཡོད་པ་དང། དེ་སྤོང་བའི་བར་ཆད་བྱེད་བ་ལྟ་བུའི་བདུད་དང། བདུད་དེའི་གྲོགས་སུ་གྱུར་བ་འདོད་པའི་འདོད་ཆགས ་ཏེ། དེ་དག་དགྲ་བཅོམ་པས་སྤངས་པས་ན་རྡུལ་མེད་རྡུལ་དང་བྲལ་བ་དབང་པོ་འདོད་ཆགས་བྲལ་ཞེས་བྱའོ། །ཡེ་ཤེས་ཀྱི་རང་བཞིན་ལ་ཡང་གཉེན་པོར་གྱུར་པའི་ཡེ་ཤེས་དང། གཟིགས་པའི་ཡེ་ཤེས་གཉིས་ཡོད་དེ། གཉེན་པོར་གྱུར་པ་ནི་དེ་མ་ཐག་པ་དང། རྣམ་པར་གྲོལ ་བའི་ལམ་གྱིས་བསྡུས་པའོ། །གཟིགས་པ་ནི་འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་སྟེ། ཡེ་ཤེས་དེ་གཉིས་དང་ལྡན་པས་ན་ཡེ་ཤེས་རབ་རིབ་མི་མངའ་སྤྱན་གསུམ་རྣམ་པར་སྦྱངས་ཞེས་བྱའོ། །སྤངས་པའི་ཁྱད་པར་ནི་འཇིག་རྟེན་པའི་དྲང་སྲོང་ལ ་སོགས་པ་ལ་ཡོད་ཀྱང། ཉོན་མོངས་པ་སྤོང་བའི་ལམ་གཉེན་པོ་ལ་ཡང་ས་འོག་མ་དང་གོང་མ་ལ་རགས་པ་དང་ཞི་བར་འཛིན་པའི་ལམ་དྲི་མ་ཅན་ཡོད་ལ། མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཆེ་རིམ་སྤངས་པའི་ཕྱིར་ན་ཐ་མ་ཡང་ཡོད་པ་ལྟ་བུ་བཅོམ་ལྡན་འདས་ལ་མི་མངའ་བས ་དྲི་མ་གསུམ་དང་ཐ་བ་སྤངས་པ་ཡང་ཡིན་ལ། བག་ཆགས་དང་བཅས་པའི་སྐྱོན་དང། ཤེས་བྱའི་སྒྲིབ་པའི་རྡུལ་དང་བྲལ་བའི་ཕྱིར་འཕགས་པ་ཉན་ཐོས་རྣམས་ལས་ཀྱང་སྤོང་བ་ཁྱད་ཞུགས་ཏེ། དེ་བས་ན་སྐྱོན་རྣམས་བསལ་བ་དང་རྡུལ་བྲལ་ཞེས་གསུངས་སོ། །ཐུགས་རྗེའི ་དབང་གིས་འགྲོ་བ་མཛའ་དག་སྡུག་བསྔལ་བར་གཟིགས་ཀྱང་རང་ཉིད་འཇིགས་པའི་སྐབས་མེད་དམ་ཞེ་ན། འཇིགས་དང་བྲལ་ཞིང་གཏི་མུག་དྲ་བ་རྣམ་པར་གསལ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་འཇིགས་པ་བདུན་དང་བྲལ་བར་སྟོན་ཏེ། འཇིགས ་པ་དང་བྲལ་བ་ནི་ཡན་ལག་གོ་།ལྷག་མ་རྣམས་ནི་ཉེ་བའི་ཡན་ལག་སྟེ། གཏི་མུག་དྲ་བ་རྣམ་པར་གསལ་ཅེས་བྱ་བས་ནི་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས། སྡུག་བསྔལ་གྱིས་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ་ཞེས་འབྱུང་བས ་རྒ་བ་དང། ན་བ་དང། འཆི་བ་དང། ངན་འགྲོར་ལྟུང་བའི་འཇིགས་པ་དང་བྲལ་བར་བསྟན་ཏོ། །སྟོབས་བཅུ་ནི་གནས་དང། གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་སྟོབས་བཅུ་ཀུན་ཀྱང་ཤེས་རབ་ཀྱི་ངོ་བོ་ཡིན་ཏེ། དེ་དག་དང་ལྡན་པས་འཚོ་བ་མེད་པས་འཇིགས་པ་དང། ཚིགས་སུ་བཅད་པ་མེད ་པས་འཇིགས་པ་གཉིས་དང་བྲལ་བར་བསྟན་ཏེ། འཚོའོ་ཆོ་ག་གི་ནང་ན་ཤེས་རབ་ཀྱི་འཚོ་བ?་ནི་མཆོག་གོ་ཞེས་གསུངས་པ་དང། སྟོབས་བཅུ་དང་ལྡན་པ་ནི་ཚིགས་སུ་བཅད་པ་མེད་པས་མི་འཇིགས་པའི་ཕྱིར་རོ། །རྒོལ་བའི་ཚོགས་ཀྱིས་ཤིན་ཏུ་ཐུབ་པར་དགའ་བ་དང། ལོག་པའི་ལམ་དུ་ཞུགས་པ་ཕ་རོལ ་ཚོགས་སྐྲག་མཛད་ཅེས་བྱ་བས་འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་དང་བྲལ་བར་བསྟན་ཏེ། མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བས་མི་ཐུབ་པ་དང། བདུད་ལ་སོགས་པ་ལོག་པའི་ལམ་དུ་ཞུགས་པའི་ཚོགས་སྐྲག་པར་མཛད་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་སེང་གེ་ནི་གང་ནས ་གང་དུ་འགྲོ་ཡང་རུང། འདུག་ཀྱང་རུང་སྟེ་ས་འདིའི་སྟེང་ན་བག་ཚ་བ་དང། འཇིགས་པ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡང་འཇིགས་པ་བདུན་སྤངས་ཏེ། འཇིག་རྟེན་འདི་ན་བསྙེངས་པ་མི་མངའ་བར་གཤེགས་པ། སེང་གེ་ལྟ་བུར་བསྙེངས་པ་མི་མངའ་ས ་ལ་གཤེགས་ཞེས་བྱ་བའོ། །དེ་ལྟར་ཐུགས་རྗེ་ཆེན་པོ་ལྡན་ཞིང་བསྙེངས་པ་དང་བྲལ་ཡང་དེ་བཞིན་གཤེགས་པ་དེ་སེམས་ཅན་གྱི་དོན་མཛད་པའི་མཐུ་མི་མངའ་བ་ཞིག་མ་ཡིན་ནམ་ཞེ་ན། ལྷའི་ཡུལ་ས་སྟེངས་ན་ཡང་སྐྱོན་རྣམས་ཀུན་དང་བྲལ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གི ་སེམས་ཅན་གྱི་དོན་མཛད་སྤྱོད་པའི་མཐུ་དང་ལྡན་པར་སྟོན་ཏེ། དེ་བཞིན་གཤེགས་པའི་སྐུ་འོད་ཅན་སྐྱོན་དང་བྲལ་བས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་ཅིང་སེམས་ཅན་གྱི་དོན་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འོད་དེ་ཡང་ཁྱབ་པ་དང། མཐུ་དང་ལྡན་པ་དང། སྒྲིབ་པ་མེད་པ་དང། གནས་དང ་རབ་ཏུ་གསལ་བ་དང། མི་གནས་པའི་མྱ་ངན་ལས་འདས་པས་བསྟན་ཏེ། འོད་དེ་ཡང་བསམ་གཏན་བཞི་བའི་བར་གྱིས་ལྷའི་ཡུལ་དང། མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ཁྱབ་པས་ན་ལྷ་ཡུལ་ས་སྟེང་ན་ཡང་སྨོས་སོ། །འོད་ཀྱི་སྐྱོན་རྣམས་དང་བྲལ་བས་ན་མཐུ་དང་ལྡན་པ་སྟེ། སྐྱོན ་རྣམས་དང་བྲལ་ཞེས་བྱ་བ་དང་སྦྱར་རོ། །འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་སྟེ། སྒྲིབ་པ་མེད་པས་ན་ཀུན་ཞེས་སྨོས་སོ། །འོད་དེ་སྐུ་ལ་གནས་པས་ན། ཁྱོད་ཀྱི་ཡན་ལག་དྲི་མི་མངའ་ཞེས་སྨོས་སོ། །འོད་ཀྱི་ཡང་རབ་ཏུ་གསལ་བ་ནས་ལམ་མར་ཞུགས་ཞེས་སྨོས་སོ།། ་མཉམ་པར་མ་བཞག་པ་དང། མཉམ་པར་བཞག་པ་དང། ཉོན་མོངས་པ་མེད་པའི་མི་ཤེས་པ་གསུམ་བསལ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་གང་ལ་ཡང་མི་གནས་པའི་ཕྱིར་རོ། །མུན་དང་རབ་རིབ་མ་རིག་ལེགས་པར་རབ་བསལ་ནས། སྤྲིན་གྱི་དྲ་བ་ལས་གྲོལ་ཉི་མ་བཞིན ་དུ་ལྷན་ཞེས་བྱ་སྟེ། སྒྲིབ་པ་གཉིས་ཀྱི་དྲ་བ་ལས་གྲོལ་བའི་དེ་བཞིན་གཤེགས་པ་དེ་སེམས་ཅན་རྣམས་ཀྱིས་དོན་ལ་མངོན་པར་ལྷན་ཞིང་འཆར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐུགས་རྗེ་དང་ལྡན་ཞིང་བསྙེངས་པ་དང་བྲལ་ལ། སེམས་ཅན་གྱི་དོན་མཛད་པའི་མཐུ་མངའ་ན་ཅིའི ་ཕྱིར་འགྲོ་བ་རྣམས་ཁམས་གསུམ་ན་གནས་པར་གནས་ཞེ་ན། འགྲོ་བ་འདི་རྣམས་མགོན་སྐྱབས་མེད་ཅིང་སྡུག་བསྔལ་གྱུར་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཇི་ལྟར་སེམས་ཅན་གྱི་དོན་མཛད་པའི་ཡོན་ཏན་གྱིས་བསྣོད་དེ། དེ་བཞིན་གཤེགས་པ་ནི་མཛད ་པ་མ་ཡིན་གྱི་སྨན་པ་དང་འདྲ་བར་ཉོན་མོངས་པའི་ནད་གསལ་བའི་ཐབས་སྟོན་པར་མཛད་དེ། གང་གི་ཕྱིར་གནས་སྐྱབས་མ་མཆིས་པས་མགོན་སྐྱབས་མེད་པ་དང། རྒ་དང་འཆི་བས་མནར་བས་སྡུག་བསྔལ་བར་གྱུར་པ་འགྲོ་བ་རྣམས་ལ་སེམས་ཅན་གྱི་མཆོག་དེ་བཞིན་གཤེགས ་པས་སྡུག་བསྔལ་གྱི་རྒྱུའི་ཚེ་ན་ཐུགས་རྗེ་དང། འབྲས་བུའི་ཚེ་ན་ཐུགས་བརྩེ་བས་སྐྱེད་ནས་སྨན་པ་བཞིན་དུ་རབ་ཏུ་གྲོལ་བར་མཛད་ཅིང་གཤེགས་ཏེ་སྨན་པས་བསྟན་པ་བཞིན་དུ་སྨན་འཐུངས་ཤིང་ཆོ་ག་བྱས་ན་ནད་ལས་ལྡང་བར་འགྱུར་བ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང ་སེམས་ཅན་གྱི་ཉོན་མོངས་པའི་ནད་བསལ་བའི་ཐོབས་བསྟན་པ་ལས་ནད་བ་དང་འདྲ་བའི་སེམས་ཅན་གང་གིས་བཀའ་ལུང་བཞིན་དུ་བསྒྲུབས་པ་ནི་གྲོལ་བར་གྱུར་ལ། གཞན་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་གཤེགས་པ་སེམས་ཅན་གཞན་ལྟར་འཁོར ་བར་གནས་ཤིང་མ་གྲོལ་བ་ཞིག་ཡིན་ན་ནི་བདག་ཉིད་མ་གྲོལ་བས་གཞན་དགྲོལ་བར་ཡང་མི་སྤྲད། ཅི་སྟེ་མྱ་ངན་ལས་འདས་པར་གཤེགས་པ་ན་ནི་སེམས་ཅན་རྣམས་ཇི་ལྟར་དགྲོལ་བར་མཛད་ཅེ་ན། མ་རིག་པ་དང་གཏི་མུག་སྲིད་མཚོ་རྒལ་དཀའ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ ་གཅིག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྟོད། དེ་ལ་མ་རིག་པ་ནི་འཕགས་པའི་བདེན་པར་རྒྱུར་གྱུར་པ་གཉིས་མི་ཤེས་པའོ། །གཏི་མུག་ནི་འབྲས་བུར་གྱུར་པ་གཉིས་ནི་མི་ཤེས་པ་སྟེ། དེ་གཉིས་ཀྱིས་བསྐོར་བའི་ཁམས་གསུམ་བརྒལ་བར་དཀའ་བའི་སྲིད་པའི་མཚོ་ཆུ ་ལྟ་བུའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང། རྦ་གློང་ལྟ་བུའི་ཡུལ་དང་ཉེ་དུ་ལ་སོགས་པ་རྣམ་པར་རྟོག་པ་རྣམ་པ་མང་དུ་རྦ་གློང་མང་བ་དང་ལྡན་པ་ལས་མཁན་པོ་དང་སློབ་དཔོན་ལ་སོགས་པ་གཞན་ལས་མ་གནས་ཏེ། ལུང་དང་མན་ངག་མ་མནོས་པར་བདག་ཉིད་རབ་ཏུ་བརྒལ་ཏོ།། ་དེ་ལྟར་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས་ཀྱང་འཕགས་པ་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་ལ་གནས་པ་མ་ཡིན་གྱི། ཕྱིར་ཡང་སྲིད་པའི་རྒྱ་མཚོ་དེར་སྦྱོར་ཞིང། སེམས་ཅན་གྱི་དོན་ཀྱང་མཛད་ལ། ཇི་ལྟར་པདྨ་ཆུ་ལས་སྐྱེས་ཀྱང་ཆུའི་ཉེས་པས་མི་གོས་པ་བཞིན་དུ་ཁམས་གསུམ་གྱི ་ཉོན་མོངས་པས་ཀྱང་མི་གོས་པས། པདྨ་བཞིན་དུ་ཆགས་པ་མི་མངའ་རྣམ་པར་གཤེགས་ཞེས་གསུངས་སོ། །དེ་ལྟར་འཁོར་བ་ན་སེམས་ཅན་གྱི་དོན་མཛད་པའི་ཚེ་ཆོས་ཇི་ལྟ་བུ་ཞིག་སྟོན་པ་ཞེ་ན། ཆོས་འདི་ཐམས་ཅད་རང་བདག་མ་མཆིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས ་ཆོས་བདག་མེད་པ་སྟོན་པར་བསྟོད་དེ། འཇིག་རྟེན་གྱི་མགོན་པོ་དེ་བཞིན་གཤེགས་པ་སེམས་ཅན་ཕན་པའི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐམས་ཅད་བྱེད་པ་པོ་དང་ཚོར་བ་པོ་མེད་ཅིང་དབང་ཕྱུག་གིས་མ་བྱས་ལ། བྲག་ཆ་དང་འདྲ་བ་དང། བདག་མེད་པར་གསུངས་སོ་ཞེས་བྱ་བའི་ཐ ་ཚིག་གོ་།རྣམ་པ་གཅིག་ཏུ་ན་ཆོས་ཐམས་ཅད་བདག་མེད་པ་དང། རྐྱེན་ལས་བྱུང་བ་དང། བྱེད་པ་པོས་མ་བྱས་པ་དང། ནང་ན་བྱེད་པའི་སྐྱེས་བུ་མེད་པར་འཇིག་རྟེན་མགོན་པོ་སེམས་ཅན་ཕན་ཕྱིར་རབ་ཏུ་གསུངས་ཞེས་བྱ་བས་སྦྱར་རོ། །དེ་ལྟར་ཆོས་ཐམས་ཅད་བདག་མེད་ཅིང་རྐྱེན་ལས་བྱུང་བ་དང། མ་བྱས ་ཤིང་ནང་ན་བྱེད་བའི་སྐྱེས་བུ་མེད་པར་ཐུགས་སུ་ཆུད་ནས་སེམས་ཅན་གཞན་དག་ལ་སྟོན་པ་ཙམ་དུ་མ་ཟད་ཀྱིས། འཇིག་རྟེན་ཆོས་རྣམས་འཇིག་རྟེན་རི་ཡི་ཆུ་བཞིན་གཡོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གི་ཁམས་གསུམ་གྱི་ཆོས་མི་རྟག་པའི་རང་བཞིན་ཅན ་ལ་མ་ཆགས་པའི་ཡོན་ཏན་གྱིས་བསྟོད་དེ། ཇི་ལྟར་རི་གཟར་པོའི་ཆུ་གཡོ་ཞིང་མི་རྟག་པ་བཞིན་དུ་ལུས་དང། ལོངས་སྤྱོད་ལ་སོགས་པ་ཡང་མི་རྟག་པ་ལ་མི་འབྲས?་པའི་སྐྱེ་བོ་རྣམས་ཀྱིས་མི་རྟག་པར་མ་ཤེས་ཏེ། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམས་རྟན་ཅིང་སྤྱོད་པ ་དེ་དག་ནི་སྙིང་པོ་གང་ཡང་མེད་དེ་སྟོན་ཁའི་སྤྲིན་དང་འདྲ་བར་ཡིད་བརྟན་དུ་མི་རུང་བར་ཐུགས་སུ་ཆུད་ནས་སྟོང་པ་ཉིད་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་སྲིད་པ་ལས་བརྒལ་བར་གྱུར་ཅིང་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཕྱིས་ཀྱང་མངོན་པར་དགའ་བ་མེད་པར་སྲིད་པ་ཀུན་ལ་སྨོད ་ཅེས་སྦྱོར་རོ། །པདྨ་དཀར་པོ་འདབ་མ་རྒྱས་འདྲ་སྤྱན་མངའ་བ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་སྐུའི་ཡོན་ཏན་བསྟན་ཏེ། བསྟོད་ཅིང་བསྔགས་ལ་བསྟོད་འོས་ཞེས་བྱ་བས་ནི་དུས་གསུམ་དང་སྦྱར་རོ། །གདུལ་བའི་གང་ཟག་རྣམས་བསྐལ་བ་བཞིན་དུ་འདུལ་བར ་མཛད་པས་མི་འདུལ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་ནི་བསྐལ་པའི་མཛའ་ཨི་བར་དུ་བགྲང་བར་དཀའ་བ་ཡིན་པས། མིའི་ཁྱུ་མཆོག་མཛའ་ཡས་པའི་ཕ་རོལ་གཤེགས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བརྗོད་ཀྱིས་མི་ལང་བའི་ཡོན་ཏན ་མདོར་བསྡུས་ནས་བསྟོད་དེ། ཇི་ལྟར་ཁྱུ་མཆོག་ནི་གཞན་གྱིས་དང་པོར་འགྲོ་བ་བཞིན་དུ་ལྷ་དང་མི་རྣམས་ཀྱི་ནང་ནས་འདྲེན་མ་ཁྱུ་མཆོག་དང་འདྲ་བ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡོན་ཏན་མང་པོ་མཛའ་ཡས་པའི་ཕ་རོལ་ཏུ་གཤེགས་དེ་ཕུལ་དུ་བྱུང་ཞིང། ་སྟོབས་དང་མི་འཇིགས་པ་ལ་སོགས་པ་མ་འདྲེས་པའི་ཡོན་ཏན་ཀུན་གྱི་ཕ་རོལ་བྱོན་པར་གྱུར་པ་ཡིན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཐུགས་རྗེ་ཆེན་པོ་ལ་སོགས་གོང་དུ་སྨོས་པ་འདི་འདྲ་བར་གཞན་ཡང་བློས་དཔག་པར་དཀའ་ན་ཚིག་ཏུ་བརྗོད་པ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི ་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འགྲོ་བ་བསོད་ནམས་འདོད་པ་རྣམས་ཀྱིས་རྟེན་དང། འབྲས་དང་ཕན་ཡོན་ཆེས་པའི་སངས་རྒྱས་བསོད་ནམས་ཞིང་ལ་མགོ་བོས་ཕྱག་འཚལ་ལོ་ཞེས་སྦྱར་རོ། །ལན་བདུན་བསྐོར་བ་ནི་ལུས་དང་ངག་གི་ལས་རྣམ་པ་བདུན་སྦྱང་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཤ་རདྭཱ ་ཏིའི་བུས་བཅོམ་ལྡན་འདས་ལ་དོན་རྣམ་པ་བཞིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་ལ་དྲིས་ཤིག་ཅེས་གསུངས་པ་ནི་དྲིས་པ་འདིའི་ལན་གླན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང། སྤོབས་པའི་བདག་ཉིད་ཆེན་པོ་བརྗོད་པར་བྱ་བའི་ཕྱིར་རོ།། །། ་གནས་བརྟན་ཤ་རདྭཱ་ཏིའི་བུ་ལ་ད་དུང་དུ་ཡང་འོང་བ་དང་འགྲོ་བའི་འདུ་ཤེས་འབྱུང་ངམ་ཞེས་བྱ་བ་ནི་ཤཱ་རིའི་བུ་འཕགས་པ་ཡིན་ཏེ། འཕགས་པ་ལ་ལྟ་བ་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། འདུ་ཤེས་ཕྱིན་ཅི་ལོག་མི་སྲིད་པའི་རིགས་ན། ཁྱོད་ལ་ད་དུང་འདུ་ཤེས་ཕྱིན་ཅི་ལོག་གི་འདུ་ཤེས ་ཡོད་དམ་ཞེས་དགོངས་པའི་ཐ་ཚིག་གོ་།བདག་གི་འདུ་ཞེས་ནི་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སྤངས་པའི་སྒོ་ནས་ཡོངས་སུ་ཤེས་སོ་ཞེས་ཤཱ་རིའི་བུས་སྨྲས་སོ། །འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པ་ནི་གཉིས་ག་ལ་བློ་མི་འཇུག་ན་ཞེས་བྱ་བ་ནི་དེ་ལྟར་འདུ་ཤེས་ཀུན་སྤངས་པའི་སྒོ་ནས ་ཡོངས་སུ་ཤེས་ན་འོང་བ?་དང་འགྲོ་བའི་འདུ་ཤེས་འབྱུང་བའི་མི་རིགས་ན་ཤེས་བྱ་བའི་ཐ་ཚིག་གོ་།འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ་ཞེས་བྱ་བ་ལ་སོགས་པས་འདུ་བ་དང་བྲལ་བ་རྣམ་པར་འཇིགས་པ་བསྟན་ཏོ། འོང་བ་ནི་འདུ་བའོ། །འགྲོ་བ་ནི་འབྲལ་བའོ། །དེ་ལྟ་བུའི་འགྲོ་བ་དང་འོང་བ་ནི་འགྲོ་བ་པོའི་སྐྱེས་བུ ་ཡང་ན་སྲིད་ཀྱི། མུ་སྟེགས་ཀྱིས་བརྟགས་པའི་སྐྱེས་བུ་མེད་དེ། གང་ཟག་ལ་བདག་མེད་པར་ཆུད་པའི་འཕགས་པ་རྣམས་ལ་འོང་བ་དང་འགྲོ་བ་མེད་པ་ཉིད་འཕགས་པ་རྣམས་ཀྱིས་འགྲོ་བའོ་ཞེས་བཤད་དོ། །བཙུན་པ་ཤ་རདྭཱ་ཏིའི་བུ་འོང་བ་ཞེས་བྱ་བ་ནི་ལས་ཀྱིས་རང་བཞིན་གྱི་མཚན་ཉིད་དོ་ཞེས་བྱ་བ ་ལ་སོགས་པས་ལས་དང་ལས་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། ལས་ཀྱང་བྱེད་པ་པོ་ཡོད་ན་ཡོད་ཀྱི། བྱེད་པ་པོ་མེད་ན་ལས་ཀྱང་མེད་པས་བྱེད་པ་པོས་ལས་བྱས་ཀྱང་ལས་ཀྱི་རང་གི་མཚན་ཉིད་དེ་འོང་བའོ། །བྱེད་པ་པོ་ལས་མ་བྱས་ན་ལས་ཀྱི་ཟད་པའི་མཚན་ཉིད་དེ་འགྲོ་བའོ། །དེ་ལྟ་བུའི་འོང་བ་དང་འགྲོ་བ ་བ་འཕགས་པ་ལ་མི་སྲིད་དེ། དེ་གཉིས་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། ཞེས་བྱ་བའི་ཐ་ཚིག་གོ་།བཙུན་བ་ཤ་རདྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་སྨོན་ལམ་གྱི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་སྨོན་པ་དང་སྨོན་པ་མེད་པའི་རྣམ་པར་འཇིག་པ ་བསྟན་ཏེ། ལས་ཤིག་བྱས་སམ་སྨོན་ལམ་ཞིག་བཏབ་པ་ལས་དངོས་པོ་འགའ་གྲུབ་པ་ལ་འོང་བ་ཞེས་བྱའོ། །སྨོན་ལམ་ཀྱང་མ་བཏབ་ལས་ཀྱང་མ་བྱས་བ་ལས་དངོས་པོ་འགའ་མ་འགྲུབ་པ་ལ་འགྲོ་བ་ཞེས་བྱའོ། །དེ་ཡང་སྨོན་པ་པོའི་གང་ཟག་ཡོད་དང་དེ་གཉིས་སྲིད་ཀྱི། འཕགས ་པ་ལ་ནི་དེ་གཉིས་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་རདྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་སྐྱེ་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་དང་འགག་པ་རྣམ་པར་འཇིག་པ་བསྟན་ཏེ། དངོས་པོ་འགའ་སྔོན་མ་སྐྱེ་བ་པ་ལས་ཕྱིས་སྐྱེ་བ་ནི་འོང་བ་ཞེས་བྱའོ། །དངོས་པོ་སྐྱེས་པ་རྣམས ་འགགས་པ་ནི་འགྲོ་བ་ཞེས་བྱ་སྟེ། དེ་ཡང་སྐྱེ་བ་པོའི་གང་ཟག་ཡོད་ཀྱང་དེ་གཉིས་སྲིད་ཀྱི། དེ་གཉིས་མེད་པར་ཐུགས་སུ་ཆུད་པའི་འཕགས་པ་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་རདྭཱ་ཏིའི་བུ་འོང་བ་ཞེས་བྱ་བ་ན་རྣམ་པར་རིག་པའི་སྒོའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྣམ་པར ་རིག་པ་དང་རྣམ་པར་རིག་པ་མེད་པ་འཇིག་པའི་མཚན་ཉིད་བསྟན་ཏེ། རྣམ་པར་དག་པ་ཡང་ལུས་དང་ལུས་ཅན་དང། སྤྱོད་པ་པོ་རྣམ་པར་རིག་པ་དང། སྤྱད་པར་བྱ་བ་རྣམ་པར་རིག་པ་དང། སྤྱོད་པ་རྣམ་པར་རིག་པ་དང། དུས་རྣམ་པར་རིག་པ་དང། ཡུལ་རྣམ་པར་རིག་པ་དང། གྲངས་རྣམ་པར ་རིག་པ་དང། ཐ་སྙད་རྣམ་པར་རིག་པ་དང། བདེ་འགྲོ་དང་ངན་འགྲོ་རྣམ་པར་རིག་པ་སྟེ། དེ་ལ་ལུས་ཀྱི་ཕུང་པོ་ལྔ། ལུས་ཅན་ནི་བདག་སྤྱོད་པ་ཡང་བདག་ཉིད་དོ། །སྤྱད་པར་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས། སྤྱོད་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས། དུས་ནི་འདས་པ་དང། ་མ་འོངས་པ་དང། དེ་ལྟར་གྱི་དུས། ཡུལ་ནི་ལྷོ་བྱང་ཤར་ནུབ་ལ་སོགས་པའོ། །གྲངས་ནི་གཅིག་གཉིས་ལ་སོགས་པའོ། །ཐ་སྙད་ནི་འཇིག་རྟེན་གྱི་ཚིག་དང་མིང་དུ་བྱས་པ་ལ་སོགས་པའོ། །བདེ་འགྲོ་ནི་ལྷ་དང་མི་ངན་འགྲོ་ངན་སོང་གསུམ་སྟེ། དེ་ལྟ་བུའི་རྣམ་པར་རིག་པ་སོ་སོའི་སྐྱེ་བོ་ལ་སྲིད ་ཀྱི། འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་བ་ཤ་རདྭཱ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་ཡུལ་ལོ་ཞེས་བྱ་བ་ལ་སོགས་ཡུལ་དང་ཡུལ་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། འོང་བས་ཡུལ་མངོན་སུམ་དུ་འགྱུར་བ་དང། འགྲོ་བས་ཡུལ་དང་ཤལ་བ་གཉིས་ཡུལ་དང་ཡུལ་ཅན་ཡོད་པ ་ལ་སྲིད་ཀྱི། འཕགས་པ་རྣམས་ལ་ནི་དེ་མི་སྲིད་དེ་ཞེས་བྱ་བའི་དོན་ཏོ། །བཙུན་པ་ཤ་རདྭཱ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྐྱེན་ཀྱི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྐྱེན་དང་རྐྱེན་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། འོང་བ་ཉིད་གང་དུ་འགྲོ་བའི་ཡུལ་དུ་ཕྱིན་པར་བྱིན་པའི་རྐྱེན་ཡིན་ཏེ། དེ་འོང་བ་ཞེས ་བྱ་བའོ། །འགྲོ་བའི་གནས་སུ་མ་སོང་དང། །ཕྱིན་པར་བྱེད་པའི་རྐྱེན་མེད་དེ། །དེ་ལ་རྐྱེན་ཟད་པ་ཞེས་བྱ་སྟེ། འགྲོ་བ་ཞེས་བྱའོ། །རྐྱེན་གྱི་མཚན་ཉིད་འོང་བ་དང། རྐྱེན་ཟད་པའི་མཚན་ཉིད་འགྲོ་བ་གཉིས་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། རྐྱེན་དེ་ལྟ་བུ་འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་བ་ཤ ་རདྭཱ་ཏིའི་བུ་འོང?་བ་ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་འཇིག་པ་བསྟན་ཏེ། འོང་བ་སོགས་པའི་རྒྱུ་དང་རྐྱེན་གཉིས་ཀ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། དེ་ལ་འོང་བ་ཞེས་བྱའོ། །འགྲོ་བ་ཞེས་བྱ་བ་དེ་ནི་འོང་བའི་རྒྱུ་དང ་རྐྱེན་མེད་པ་ལ་འགྲོ་བ་ཞེས་བྱ་སྟེ། དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟད་པའི་མཚན་ཉིད་དོ་ཞེས་བྱའོ། །དེ་ཡང་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་བ་ཤ་རདྭཱ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྒྱུ་ལས་བྱུང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས ་རྒྱུ་མེད་པར་རྣམ་པར་འཇིག་པར་བསྟན་ཏེ། དེ་ལ་རྒྱུ་ནི་ས་བོན་ལྟ་བུའོ། །རྐྱེན་ནི་སྤྱིའི་རྐྱེན་ཏེ། ས་ཆུ་མེ་རླུང་ལྟ་བུའོ། -།འོང་བ་ཞེས་བྱ་བ་ལ་འོང་བའི་རྒྱུས་འོངས་བར་བྱེད་པས་ན། རྒྱུ་ལས་བྱུང་བའི་མཚན་ཉིད་དོ། །འོང་བའི་རྒྱུ་མེད་པ་ལ་འགྲོ་བ་ཞེས་བྱ་སྟེ། རྒྱུ་ལས་བྱུང་བའི་མཚན་ཉིད་ཟད་བའོ།། ་འོང་ཞིང་འགྲོ་བའི་རྒྱུ་ས་བོན་ལྟ་བུར་གྱུར་པ་སོ་སོའི་སྐྱེ་བོ་འབྲིང་ཀྱི། དེ་ལྟ་བུ་འཕགས་པ་རྣམས་ལ་མི་སྲིད་བྱ་བའི་དོན་ཏོ། །བཙུན་བ་ཤ་རདྭཱ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་སྒྲ་དང་ཡི་གེ་དང་བརྡའོ་ཞེས་བྱ་བ་ལ་སོགས་པས་ཐ་སྙད་དང་ཐ་སྙད་མེད་པ་རྣམ་པར་འཇིག་པ་བསྙན་ཏེ། ་འཇིག་རྟེན་གྱི་ཐ་སྙད་དང། སྒྲ་དང། ཡི་གེ་དང་བརྡ་སྣ་ཚོགས་ལ་འོང་བ་ཞེས་བྱའོ། །ཐ་སྙད་དང་ཡི་གེ་དང། སྒྲ་དང་བརྡ་སྣ་ཚོགས་ཤེས་པ་འམ་ཁོང་དུ་ཆུད་པ་ལ་འགྲོ་བ་ཞེས་བྱ་སྟེ། དེ་ཡང་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། འཇིག་རྟེན་གྱི་ཐ་སྙད་དང། སྒྲ་དང་ཡིག་དང ་བརྡའི་འོང་བ་དང་འགྲོ་བ་ལྟ་བུ་འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་འོང་བ་དང་འགྲོ་བ་རྣམ་པར་འཇིག་པའི་ཚིག་འདི་རྣམས་ཀྱིས་བྱིས་པས་ཀུན་ཏུ་བརྟགས་པའི་འོང་བ་དང་འགྲོ་བའི་མཚན་ཉིད་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཀུན་ཏུ་བརྟགས་པའི ་མཚན་ཉིད་དེ་རྟག་ཏུ་མེད་པ་དང། གང་གིས་དེ་ལྟར་ཤེས་པ་ནི། འཕགས་པ་རྣམས་ཀྱི་འགྲོ་བ་ཡིན་པར་འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ་ཞེས་བྱ་བ་ལ་སོགས་པ་དང། གང་ལ་བསྡུ་བའི་ཚིག་མེད་པ་དང་ཞེས་བྱ་བ་ལ་སོགས་པ་དང། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ ་རྣམས་ཀྱི་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་དང་རིམ་པ་བཞིན་སྦྱར་རོ། །རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུ་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ནི། བློ་གྲོས་མི་ཟད་པ་ག་ལས་འོང་ཞེས་བྱ་བ་ལ་སོགས་དྲིས་པ་ཡང་བྱང་ཆུབ་སེམས་དཔའ་དེའི་ཤེས་པ་དང་སྤོབས་པ་བགམ་ཞིང་གོང་དུ ་སྨོས་པ་ལྟ་བུའི་ཆོས་འདྲི་བའི་ཕྱིར་ནི་མ་ཡིན་གྱི་མི་འཛུམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་ཡོན་ཏན་སྔོན་མ་ཐོས་པ་རྣམས་མཉན་པའི་ཕྱིར་འདྲིའོ་ཞེས་བྱ་བའི་ཐ་ཚིག་ཏེ། དེ་བས་ན་ཅི་ནས་དེ་ལྟ་བུ་སྔོན་མ་ཐོས་པའི་གནས་རྣམས་མཉན་པའི་ཕྱིར་ཁྱོད་ལ་འདྲིའོ ་ཞེས་དངོས་སུ་སྨོས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་འོག་ནས་འབྱུང་བའི་དོན་འདྲི་བ་འཇིག་རྟེན་དང་གྲགས་པའི་དཔེས་བསྟན་ཏེ། འཇིག་རྟེན་ན་ཡུལ་བཅས་དང?་ཤོ་གམ་གཅོད་པ་ཡང་ག་ལས་འོངས། གང་འགྲོ་ཅི་ཁྱེར་བའི་རྫས་ལས་ཉུང་ཤས་ཤིག་ཤོ་གམ? ་གཅོད་པ་དེ་བཞིན་དུ་བདག་ཅག་ཉན་ཐོས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ནོར་མང་པོ་དང་ལྡན་པ་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ཅུང་ཟད་དྲིའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡུལ་བཙས་ནི་གྲོང་གི་གྲོང་གི་ཉིད་ཤོ་གམ་གཅོད་བའོ། །ཤོ་གམ་ནི་རྒྱལ་པོའི་ཤོ་གམ་གཅོད་པས་ཤོ ་གམ་གཅད་ནས་རྒྱལ་པོ་ལ་འབུལ་བའོ། །བདག་ཅག་ཉན་ཐོས་གཞན་ཡི་སྒྲའི་རྗེས་སུ་འགྲོ་བ་གཞན་ལས་ཐོས་པ་ལས་མོས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལྟར་བདག་གི་ཤེས་རབ་ཀྱི་ཆོས་རྣམས་རྟོགས་པར་ནུས་པ་ནི་མ་ཡིན་གྱི། བདག་ཅག་ཉན་ཐོས་ནི་མཁན་པོ་དང་སློབ་དཔོན་ལ་སོགས ་པས་ཚིག་གིས་བསྟན་ཅིང་བཤད་པའི་སྒྲ་རྗེས་སུ་འབྲང་ཞིང་དེ་ཉིད་ལས་དད་པ་དང་མོས་པ་སྐྱེ་ཞེས་བྱ་བའི་དོན་ཏོ། །བདག་གི་སེམས་ཀྱི་རྒྱལ་སྣང་བ་ཉེ་བར་གནས་པ་ཞེས་བྱ་བ་ནི་བདག་ཅག་ཉན་ཐོས་ནི་བདག་ཉིད་ཀྱི་རྒྱུད་གསལ་ཞིང་དག་པར་བྱ་བ་ལ་བརྩོན་གྱི། བྱང་ཆུབ་སེམས་དཔའ་ལྟར་གཞན ་གྱི་རྒྱུད་རྣམ་པར་དག་པར་བྱ་བ་ལ་བརྩོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་རྒྱུན་མི་འཆད་པར་ཁྱོད་ལྟ་བུ་སྐྱེས་བུ་དམ་པ་ཞེས་བྱ་བ་ནི་བདག་ཅག་ཉན་ཐོས་རྣམས་དུས་ཐམས་ཅད་དུ་ཁྱོད་ལ་སོགས་པ་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་ནོར་མང་པོ་དང་ལྡན་པ ་ལ་ཐེག་པ་ཆེན་པོའི་དོན་འདྲི་བར་བྱེད་དོ་ཞེས་སྦྱར་རོ། །གང་ལས་ཉན་ཐོས་དང་རང་སངས་རྒྱས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་གང་ལས་ཉན་ཐོས་མང་པོ་དང་རང་སངས་རྒྱས་མང་པོ་སྐྱེ་ཞིང་འབྱུང་བར་འགྱུར་བའི་ཐབས་ཐེག་པ་ཆེན་པོའི་རྗེས་སུ་གཟུང་བ་སྟེ། ཐེག་པ་ཆེན་པོ་དོན་རྟོགས་པར་བྱ་བའི་ཕྱིར ་འདྲིའོ་ཞེས་བྱ་བའི་ཐ་ཚིག་གོ་།བློ་གྲོས་མི་ཟད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་ཅེས་སྨྲས་པ་ཡང་བླ་མ་ལ་བསྟོད་པ་དང། མཁྱེན་པ་སྟོབས་པར་བྱ་བའི་ཕྱིར་རོ། །སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱིར་གོ་ཆ་འཚལ་བར་འགྱུར་བར་ཞེས་བྱ་བ་ནི་དེ་དག་གི་ཡོན་ཏན་བཤད་བས་ཅི་ནས་ཀྱང་སེམས་ཅན ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟར་བུར་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཤ་རདྭཱ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང། ངས་ཁྱོད་ལ་བཤད་དོ་ཞེས་བྱ་བ་ལ་དེའི་ཕྱིར་ཞེས་བྱ་བ་ནི་གོང་དུ་དྲིས་པའི་དོན་རྣམས་ཀྱི་ཕྱིར་ཏེ། དེ་དག་དེ་བཤད་ན ་གལ་ཏེ་ལེགས་པར་ཉན་རབ་ཏུ་ཉན་ཡིད་ལ་འཛིན་ན་ངས་བཤད་ཀྱིས་གཞན་དུ་ན་ཆོས་བཤད་པའི་ཆར་ཕབ་པ་དོན་མེད་པར་འགྱུར་བས་ནི་མི་བཤད་དོ་ཞེས་བྱ་བའི་དོན་ཏོ། །ལེགས་པར་ཉོན་ཅེས་བྱ་བ་ནི་རྣ་བ་ལྟོགས?་ལ་སེམས་རྩེ་གཅིག་ཏུ་ཉོན་ཅིག་ཅེས་བྱ་བའི་ཐ་ཚིག་གོ་།རབ་ཏུ་ཉོན་ཅེས་བྱ་བ་ནི་བཤད ་པ་རྣམས་ཕྱིན་ཅི་མ་ལོག་པར་ཟུང་ཤིང་ཅེས་བྱ་བའི་དོན་ཏོ། །ཡིད་ལ་ཟུང་ཞིག་ཅེས་བྱ་བ་ནི་མ་རྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སྣོད་ཁ་ཕུབ་པ་དང། མི་གཙང་བས་གདབ་དང། ཞབས་རྡོལ་བ་ལྟ་བུར་མི་འགྱུར་བར་བྱ་བའི་ཕྱིར་རོ། །དྲིས་པ་ལན་གླན་པས ་འདི་ན་བཞུགས་པའི་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བསྔགས་པ་ཡང་མདོར་ན་རྣམ་པ་གསུམ་ཀྱིས་བསྟན་ཏེ་གསུམ་གང་ཞེ་ན་གནས་པ་རྣམ་པར་དག་པ། གནས་རྣམ་པར་དག་པ་དང། བདག་ཁོ ་རྣམ་པར་དག་པས་བསྟན་ཏོ། །གནས་པ་རྣམ་པར་དག་པ་ཡང་ཡོན་ཏན་རྣམ་པ་ལྔས་བསྟོན་ཏེ། རྒྱུ་རྣམ་པར་དག་པ་དང། རང་བཞིན་རྣམ་པར་དག་པ་དང། འབྲས་བུ་རྣམ་པར་དག་པ་དང། ལས་རྣམ་པར་དག་པ་དང། སྦྱོར་པ་རྣམ་པར་དག་པ་སྟེ། དེ་ཡང་ལན་གསུམ་དུ་བཟླས་ཏེ་སྟོན་ཏེ། ་དད་པ་དང་མོས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མེད་ཅིང་ཐོགས་པ་མེད་པ་ལ་མི་སྒྲག་པར་བྱའོ། །ཐེ་ཚོམ་ཟ་པར་མི་བྱའོ་ཞེས་བྱ་བ་ནི་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དང། དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང། དེ་བཞིན་གཤེགས ་པའི་ཡོན་ཏན་བཤད་པ་ཐོས་ནས་ཡེ་ཤེས་དེ་ལྟ་བུ་མི་སྲིད་དོ་སྙམ་དུ་སྐྲགས་པ་དང། བདེན་ནམ་རྫུན་སྙམ་དུ་ཐེ་ཚོམ་ཟ་བར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལ་ཡེ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན་པས་ན། ཆགས་པ་མེད་པ་ཞེས་བྱའོ། །ཤེས་བྱའི་སྒྲིབ ་པ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པས་ན། སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱའོ། །ཤ་རདྭཱ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཞེས་བྱ་བ་ནི་གོང་དུ་ཤ་རིའི་བུས་འཇིག་རྟེན་གྱི་ཁམས་འདི་ནས་ཇི་སྲིད་ཅིག་ན་མཆིས་ཞེས་ཞུས་པའི་ལན་དུ་བཤད་པ་སྟེ། མི་མཛེད་ཀྱི་སངས་རྒྱས་ཀྱི ་ཞིང་འདིས་ན་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཅུའ?་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེ་དག་གི་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་དེ་གནས་སོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་ཞུས་པའི་ལན་དུ་འཇིག་རྟེན་གྱི་ཁམས་མི་འཛུམས་པ་ཞེས ་གསུངས་སོ། །དེ་བཞིན་གཤེགས་པའི་མཚན་ཅི་ཞེས་ཞུས་པའི་ལན་དུ། ཀུན་ཏུ་བཟང་པོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་བཞུགས་ཏེ། ཞེས་བྱ་བ་ནི་སྤྱོད་ལམ་བཞིས་བཞུགས་པའོ། །འཚོ་བ་ནི་འཚོ་བའི་དབང་པོ་མ་བཏང་སྟེ། མྱ་ངན་ལས་འདས་ཞེས་བྱ་བའི་ཉོན?་ཏོ། །གཞེས་པ་ནི་སེམས ་ཅན་རྣམས་ཀྱིས་དོན་མཛད་པའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་གོང་ནས་མཆིས་ཞེས་ཞུས་པའི་ལན་དུ་དེ་ནས་འོངས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་མིང་ཡང་མེད་ཅེས་བྱ་བ་ནི་ཉན་ཐོས་ཞེས་བྱ་བའི་སྒྲ་དང། རང་སངས་རྒྱས་ཞེས་བྱ་བའི་སྒྲ་ཡང་མི་སྒྲག་ཅེས་བྱ་བའི་དོན ་ཏོ། འོ་ན་དེ་བཞིན་གཤེགས་པའི་འཁོར་དུ་དུས?་དག་གནས་སྙམ་པ་ལ། བྱང་ཆུབ་སེམས་དཔའ་འབའ་ཞིག་ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་དེའི་འཁོར་ཀྱང་བྱང་ཆུབ་སེམས་དཔའ་འབའ་ཤིན་ཏུ་ཟད་དེ། གཞན་མེད་དོ་ཞེས་བྱ་བར་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཇི་ལྟ་བུ་ཞེ་ན ་སྔོན་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ལ་སོགས་པས་གནས་པ་རྣམ་པར་དག་པ་ལ་རྣམ་པ་ལྔར་ཕྱི་ནས་བསྟན་པའི་རྒྱུ་རྣམ་པར་དག་པ་ལས་བརྩམས་ནས་སྟོན་ཏོ། །སྔོན་ཡོངས་སུ་སྦྱངས་བ་བྱས་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དགེ་བའི་རྩ་བ་བསྐྲུན་ཏེ། ལུས་དང་སེམས་ལས་སུ་ངད ་བར་བྱས་པའི་དོན་ཏོ། །གནས་པ་རྣམ་པར་དག་པའི་རྒྱུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ་སྦྱིན་པ་དང་དུལ་བ་དང། ལེགས་པར་སྡོམ་པ་དང། དེས་པ་དང་ཚུལ་ཁྲིམས་ཞེས་བྱ་བའི་ཚིག་ལྔས་སྦྱིན་པ་དང་ཚུལ་ཁྲིམས་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་བསྟན་པ་ཡིན་ཏེ། ཕྱི་ནང་གི་དངོས ་པོ་ཡོངས་སུ་གཏོང་བ་དང། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང། བསྙེན་བཀུར་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། །མིག་ལ་སོགས་པ་དབང་པོ་ལུ་ལས་མི་འཇུག་པས་ན་དུལ་པར་པ་སྦྱངས་པའི་ཡོན་ཏན་རྣམས་དང་ལྡན་པས་ལེགས་པ་སྡོམ?་པ་སྟེ། དེ་བས་ན ་ཚུལ་ཁྲིམས་ལ་གནས་པ་ཡིན་ནོ་།གཞན་གྱིས་གནོད་པ་བྱས་ཀྱང་སླར་གནོད་བ་མི་བྱེད་པའི་ཕྱིར་དེས་པ་སྟེ། དེ?་བས་བཟོད?་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། །ཐོས་དང་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཉན་པའི་ཕྱིར ་རྟག་ཏུ་འབད་བ་དང་ལྡན་པའོ། །ཇི་ལྟར་མ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། དེའི་ཕྱིར་བག་ཡོད་པ་ལ་སོགས་པ་སྨོས་ཏེ། གྲོང་ན་མི་གནས་ཀྱིས་དགོན་པ་ན་གནས་པས་བག་ཡོད་པ་ཞེས་བྱའོ། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་དང། ཆོས་གོས་དང་བསོད ་སྙོམས་ལ་སོགས་པ་ལྷག་པར་མི་ཚོལ་བས་ན། ཡོ་བྱད་བསྙུངས་པ་ལ་གནས་པ་ཡིན་ཏེ། དེའི་ཕྱིར་ཚུལ་ཁྲིམས་དང་ལྡན་པའོ། །བཟོད་པའི་སྟོབས་ཀྱིས། བོང་ཁྲོ་བ་མེད་ཅེས་བྱ་བ་ལ་གཞན་གྱི་གནོད་པར་བྱས་ཀྱང་སླར་གནོད་པར་མི་བྱེད་པས་བཟོད་པའི་སྟོབས་ཞེས་བྱ་སྟེ། བཟོད་པའི་སྟོབས་དང་ལྡན ་པས་ན་སེམས་ཅན་གང་ལ་ཡང་ཞེ་སྡང་མེད་པའི་ཕྱིར་བཟོད་པ་དང་ལྡན་པའོ། །བྱང་ཆུབ་ཏུ་བརྩོན་འགྲུས་བརྟན་པས་ཞེས་བྱ་བ་ལ། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །དེ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་མི་འགྱུར་བ་ནི་བརྩོན་འགྲུས་བརྟན་པ་སྟེ། བརྩོན་འགྲུས་བརྟན་པ་ངེས་བསོད་ནམས་དང ་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་སོགས་པ་བྱེད་པས་ན་བརྩོན་འགྲུས་དང་ལྡན་པ་ཡིན་ནོ། །བསམ་གཏན་ནི་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའོ་།རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང། ནམ་བར་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའོ། ་སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བྱའོ། །མངོན་པར་ཤེས་པ་ལྔ་ལ་བྱ་སྟེ། ཚིག་དེ་རྣམས་ཀྱིས་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཤེས་རབ་ཀྱི་མཐུས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག ་པར་ཤེས་པ་ནི། །ཤེས་རབ་ཀྱི་འོད་དང་སྣང་བ་ཞེས་བྱ་སྟེ། ཤེས་རབ་ཀྱི་འོད་དང་སྣང་བ་དེས། དེ་བཞིན་གཤེགས་པས་བཤད་པའི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་ཞིང་བསྟན་པ་ལ་མཁས་པའི་ཡེ་ཤེས་དང་ལྡན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། །རང་བཞིན་རྣམ་པར་དག ་པ་ལས་བརྩམ་ནས་ཁྱམས་པའི་སེམས་ནམ་མཁའ་ཨི་དཀྱིལ་དང་ཚུངས?་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པར་གྱུར་ཅིག་ཅེས་སེམས་པ་ནི་བྱམས་པའི་སེམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་མེད་པར་གྱུར་ཅེས། སེམས་པ་ཙམ་དུ་མ ་ཟད་ཀྱི། སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་སྒྲུབ་པར་ཡང་མཛད་དོ། །བྱམས་པའི་སེམས་དེ་ཡང་ཇི་ལྟར་ཉན་ཐོས་ཀྱི་བྱམས་པ་འདོད་པའི་ཁམས་ཙམ་ལ་ཡང་མི་དམིགས་པ་ནི་མ་ཡིན་གྱི། དཔེར་ན་ནམ་མཁའ་འདིས་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བྱམས ་པ་དེས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ན། ནམ་མཁའ་ཨི་དཀྱིལ་དང་མཚུངས་ཞེས་བྱའོ། །སྙིང་རྗེའི་བསམ་བ་བརྟན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་སྙིང་རྗེ་སྟེ། དེའི་བསམ་པ་བརྟན་པ་ནི་བསམ་པ་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས ་དཔའ་ནི་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་སེམས་པར་མ་ཟད་ཀྱི། བདེ་བ་ལ་དགོད་པར་ཡང་མཛད་དོ། །དེ་ཅི་ལྟ་ཞེ་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པ་ཞེས་སྨོས་ཏེ། སེམས་ཅན་བསྟན་པ་ལམ་ཞུགས་པའི་རྣམས་གཞུག་པ་དང། བསྟན་པ་ལ ་ཞུགས་པ་རྣམས་དགེ་བའི་རྩ་བ་འཕེལ་པར་བྱེད་པའི་ཐབས་ལ་མཁས་ཞེས་བྱ་བའི་ཐ་ཚིག་གོ་།དགའ་བས་ཆོས་ལ་ཡང་དག་པར་དགའ་བར་བྱེད་པ་ཞེས་བྱ་བ་ལ། ཆོས་ནི་དགེ་པ་བཅུ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྟེ། དགའ་བ་ཚད་མེད་པས་དེ་རྣམས་ལ་དགའ་བར་བྱེད་ཅེས་བྱ་བའི ་དོན་ཏོ། །བཏང་སྙོམས་ཀྱིས་གཉིས་དང་བྲལ་ཞེས་བྱ་བ་ནི་ཉེས་པ་དང་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང་ང་རྒྱལ་ཤིན་ཏུ་སྤངས་པ་ཞེས་བྱ་བས་བཤད་དེ། སེམས་ཅན་ཉེས་པ་བྱེད་པ་རྣམས་ལ་ཁོང་ཁྲོ་བའི་སྐྱོན་དང། སེམས་ཅན་རྗེས་སུ་ཆགས་པ་རྣམས་ལ་འདི་ནི་ང་ལ་བྱམས་སོ་ཞེས་ང་རྒྱལ་གྱི་སྐྱོན ་གཉིས་དང་བྲལ་བས་བཏང་སྙོམས་ཞེས་བྱའོ། །སྟོང་པ་ཉིད་དང་མཚད?་མ་མེད་པ། སྨོན་པ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་ཞེས་བྱ་བ་ཚུལ་ནི་ཏིང་ངེ་འཛིན་ལ་བྱ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས། ་དཔའ་ཨི་ས་དང་པོ་དང་གཉིས་པ་ལ་སོགས་པ་ལ་འཕགས་པའི་བདེན་པ་རྣམས་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལེགས་པར་བསྒོམས་པའི་རྒྱུས་གང་ཟག་སྟོང་པ་ཉིད་དང། ཆོས་སྟོང་པ་ཉིད་ལ་ཡང་དག་པར་གནས་པར་འགྱུར་ཏེ། འདི་ལྟར་སྟོང་བ་ཉིད་ཡང་ཀུན་ཏུ་འགྲོ་བ་ལ་སོགས་པའི་མཚན ་ཉིད་དུ་བཟུང་ནས་བསྒོམས་ན་སྟོང་པ་ཉིད་ཀྱི་རྣམ་པར་ཐར་བའི་སྒོ་སྐྱེ་བར་འགྱུར་རོ། །སྟོང་པ་ཉིད་དེ་ཡོངས་སུ་དྲིས་ནས་དང་ཆུ་དང། མེ་དང་རླུང་དང། ཟླ་བ་དང་ཉི་མ་དང། རི་དང་རྒྱ་མཚོ་དང། མཚོའུ་དང། དགོན་པ་དང་ཕྱོགས་དང་ཡུལ་ལ་སོགས་པའི་དངོས་པོ ་སྔོན་ཆོས་ཀྱི་མཚན་མར་སོ་སོར་སྣང་བར་གྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་སོ་སོར་སྣང་བར་མི་འགྱུར་གྱི་མཚན་མ་མེད་པའི་རྣམ་པ་སྣང་སྟེ། དེའི་ཚེ་ན་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་རོ། །དེ་ལྟར་མཚན་མ་ཐམས་ཅད་དང་བྲལ་ནས་མཚན་མ་མེད་པའི ་སྒོར་གནས་བ་དེ་ལ་རྒྱུད་ཁམས་གསུམ་ཐམས་ཅད་ཁམས་གསུམ་གྱི་རྣམ་པར་མི་སྣང་སྟེ་དེ་ནི་དེ་ལ་འདོད་པ་ཅི་ཡང་མི་སྐྱེའོ། །འདོད་བ་མེད་པའི་ཕྱིར་དེ་ནི་དེ་ལ་ཡིད་ཀྱི་གང་དུ་སྨོན་པ་མེད་དེ། དེའི་ཚེ་དེ་ལ་སྨོན་བ་མེད་པ་ཞེས་བྱ་བའི་རྣམ་པར་ཐར་བའི་སྒོ་སྐྱེ་བར་འགྱུར་ཏེ། དེས་དེ ་ལྟར་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཟུང་སྟེ། བསྒོམས་པས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ལ་སོགས་པ་ལ་གནས་པ་ནི་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་བ་ཞེས་བྱའོ། །འབྲས་བུ་རྣམ་པར་སྨིན་པ ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གནོད་པ་སྤོང་བར་བྱད་པ་ནི་བདུད་ཀྱི་ལྕགས་ཀྱུ་དང་ཉོན་མོངས་པ་དང། འཐབ་མོའི་རྙོག་བ་རྣམ་པར་སེལ་ཞེས་བྱ་བས་བསྟན་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པ་ནི་བདུད་ཅེས་བྱའོ། །ལྕགས་ཀྱུ་ནི་འདུད་དེའི་དབང་དུ ་གྱུར་པ་སྟེ། །དོན་དུ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སོགས་པ་ལ་སྡོད་ན་བདུད་ཀྱི་དབང་དུ་གྱུར་བ་ཞེས་བྱའོ། །ཐབ་མོ་ནི་ཕན་ཚུན་འཁྲུག་པའོ། །དེ་ཉིད་སེམས་མ་རུང་བར་བྱེད་པས་ན་རྙོག་པ་ཞེས་ཀྱང་བྱ་སྟེ། དེ་དག་ཐམས་ཅད་སལ་ཅིང་སྤང་བར་བྱེད་ཅེས་བྱ་བའོ ་དོན་ཏོ། །སེམས་ཅན་གྱི་བསམ་པའི་རྣམ་པ་ལ་མཁས་པ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་མཆོག་དང། མཆོག་མ་ཡིན་བ་ཤེས་བྱ་བའི་བསྒྲུབ་པ་ཞེས་བྱ་བས་བསྟན་ཏེ། སེམས་ཅན་གྱི་བསམ་བ་ནི་འདོད་ཆགས་སྤྱོད་པ་དང། ཞེ་སྡང་སྦྱོད་བ་དང། གཏི་མུག ་སྤྱོད་པ་དང། ཆ་མཉམ་པ་སྤྱོད་པའི་སེམས་ཅན་རྣམས་ཀྱི་བསམ་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོ་རྟུལ་ལ་བྱ་སྟེ། བསམ་པ་དང་དབང་པོ་དེ་དག་གི་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་དོན་ཏེ། །ཕན?་འདོགས ་བར་བྱེད་པ་ནི་སོ་སོ་ཅི་རིགས་པར་ཆོས་དང། དོན་དང་ཤེས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བས་བསྟན་ཏེ། གོང་དུ་བསྟན་བ་ལྟར་བསམ་པ་དང་དབང་པོ་མི་མཐུན་པའི་གང་ཟག་དེ་དག་ལ་སོ་སོ?་ཅི?་རིགས་བར་མིང་དང་ཚིག་གིས་བསྡུས་བའི་ཆོས་དང། དེ་དག་གི་དོན་བདག་མེད་པ་གཉིས་ལ་སོགས་པ་དང། སོ ་སོའི་ཤེས་པ་རབ་ཏུ་སྦྱིན་བ་ལ་བྱའོ། །ལས་རྣམ་པར་དག་པ་ནི་སྙོམས་པར་འགྲོ་བ་རྣམས་ཀྱི་འཚོ་བར་གྱུར་བས་བསྟན་ཏེ། སེམས་ས་དང་ཆུ་དང་མེ་དང་རླུང་དང་མཚུངས་བ་ཞེས་སྨོས་སོ། །ཇི་ལྟར་འབྱུང་བ་ཆེན་པོ་བཞི་སྙོམས་པར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་བ་བཞིན་བྱང་ཆུབ ་སེམས་དཔའ་དེ་དག་གི་སེམས་ཀྱང་སྙོམས་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྐྱེ་བར་བྱེད་པའི་འཚོ་བར་གྱུར་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།སྦྱོར་བ་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཏེ། ཕ་རོལ་ཚར་གཅོད་པ་ལ་སྦྱོར་བ་ནི། ཕ་རོལ་རྒོལ་བ་དང་ལོག་པའི་ཆོགས་ཅན་གྱིས་ཆོག ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བས་བསྟན་ཏེ། ཕ་རོལ་རྒོལ་བ་ནི་བདུད་དང་མུ་སྟེག་ཅན་ལ་སོགས་པའོ། །དེ་དག་ཉིད་ལམ་ལོག་པར་ཞུགས་པའི་ཚོགས་དང་ལྡན་པས་ལོག་པའི་ཚོགས་ཅན་གྱི་ཚོགས་ཏེ། རབ་ཏུ་འཇོམས་པ་དེ་དག་ཚར་གཅད་བ་ལ་བྱའོ། །མི་མཐུན་པའི་ཕྱོགས ་ཐམས་ཅད་སྤོང་བ་ལ་སྦྱར་བ་ནི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ལ། གང་གིས་ཉོན་མོངས་པ་ཐམས་ཅད་ཁམས་གསུམ་དུ་གྲགས་བ་ཉིད་རྒྱལ་མཚན་དང་བ་དན་བསྒྲེང་བ་ཡིན་ལ ་སྤངས་ཟིན་པའི་ཉོན་མོངས་པའི་དབང་དུ་མི་འགྱུར་བས་མི་ཟློག་པར་དཔའ་བ་ཡིན་ནོ། །བཟླས་པ་གཉིས་པའི་རྒྱུ་རྣམ་པར་དག་པ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཟབ་མོ་རྟོགས་བས་འཇིགས་པ་མེད་པ་ནི་སངས་རྒྱས་ཀྱིས་ཆོས་ཟབ་མོ་དང། སྟོབས་བཅུ་དང་མི་འཇིགས་པས་འཁོར་གྱི་འཇིགས ་བ་དང་བག་ཚ་བ་མེད་པ་ཞེས་བྱ་བས་བསྟན་ཏེ། འཇིགས་པ་དང་བག་ཚ་བ་ནི་འཁོར་གྱི་ནང་དུ་ལན་མི་ཐེབས་བར་དོགས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ཆོས་ཐམས་ཅད་སྐྱེ་བ་མེད་པའི ་རྣམ་པར་ཐར་པ་ཐམས་ཅད་དུ་རྟོགས་པའི་ཕྱིར་དང། སྟོབས་བཅུ་དང་མི་འཇིགས་པ་དང་ལྡན་པའི་ཕྱིར་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དང། ལྷ་དང་ཚངས་པའི་འཁོར་དང། དགེ་སློང་དང། དགེ་སློང་མ་དང། མུ་སྟེགས་ཅན་དང། བདུད་ཀྱི ་འཁོར་གང་དང་གང་དུ་འགྲོ་བ་ཐམས་ཅད་དུ་མི་ཤེས་པ་ལས་བྱུང་བའི་འཇིགས་པ་མེད་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་དབུ་མ་ཁོང་དུ་ཆུད་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་ཅེས་བྱ ་བ་ནི་དེའི་མཚན་ཉིད་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཁོང་དུ་ཆུད་ཅེ་ན། ཡོད་པ་དང་མེད་པ་དང། གཉིས་གའི་མཛའ་ལྟ་བ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། ཆོས་རྣམས་རྒྱུ་དང་རྐྱེན་ལས་བྱུང་ཞིང་རང་གིས་མ་སྐྱེས་ཏེ་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར་ཡོད་པར་ལྟ་བ་དང་བྲལ་བ ་ཡིན་ལ། རྒྱུ་དང་རྐྱེན་གྱིས་སྐྱེས་བ་ཙམ་དུ་མེད་པ་ཡང་མ་ཡིན་པར་རྟོགས་པས་མེད་པར་ལྟ་བ་དང་བྲལ་ཏེ། གཉིས་ཀའི་མཐར་ལྟ་བ་དང་བྲལ་བས་དབུ་མའི་ལམ་དུ་ཞུགས་པ་ཞེས་བྱའོ། །ནང་ན་བྱེད་པའི་སྐྱེས་བུ་མེད་ཅིང་རྟག་ཆད་དང་བྲལ་བས་རྟོགས་པ་ནི་བདག་དང་བདག་གི་དང ་ཞེས་བྱ་བ་ནས་ལྟ་བར་གྱུར་པའི་ཀུན་ནས་ལྔར་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ངའོ་སྙམ་དུ་བདག་ཡོད་པར་འཛིན་པ་ནི་བདག་ཏུ་ལྟ་བའོ། །བདག་གི་ཡོད་པར་འཛིན་པ་ནི་བདག་གིར་ལྟ་བའོ། །སེམས་ལ་བདག་ཡིན་པར་འཛིན་ཅིང་སེམས་ཀྱི་རྒྱུད་རྒྱུན་མི་འཆད ་བར་འཛིན་པ་ནི་སེམས་ཅན་དུ་ལྟ་བའོ། །ཇི་སྲིད་དུ་ལུས་འཚོ་བ་དེ་སྲིད་དུ་སྲོག་ཅེས་བྱ་བའི་བདག་དེ་ལུས་ལ་གནས་པར་འཛིན་པ་ནི་སྲོག་ཏུ་ལྟ་བའོ། །བདག་ཚེ་རབས་ཀུན་ཏུ་སྐྱེ་ཞིང་འབྱུང་བར་འཛིན་པ་ནི་སྐྱེ་བ་པོར་ལྟ་བའོ། །ལུས་དང་འགྲོ་བའི་བདག་གིས་གསོས་ཤིང་བསྐྱེད་པ ་ཡོད་པར་བྱས་པར་འཛིན་པ་ནི་གསོ་བར་ལྟ་བའོ། །ཁོང་ནས་སྐྱེས་བུ་རྩལ་དང་ལྡན་པ་ཞིག་ཡོད?་པར་འཛིན་པ་ནི་སྐྱེས་བུར་ལྟ་བའོ། །ཡང་དང་ཡང་དུ་འགྲོ་བ་དག་ཏུ་འཛིན་པ་ནི་གང་ཟག་ཏུ་ལྟ་བའོ། །སྐྱེ་དགུའི་བདག་པོ་ཤེས་བྱེད་ཅེས་བྱ་བ་ལས་འབྱུང་བར་འཛིན་པ་ནི་ཤེད་དུ་ཤེད་ལས་སྐྱེས་ལྟ་བའོ། །དགེ ་བ་དང་མི་དགེ་བ་ལ་སོགས་བ་ཀུན་བདག་རྟག་པས་བྱས་པར་འཛིན་པ་ནི་སྐྱེ་དང་པོར་ལྟ་བའོ། །ལས་བྱས་པའི་འབྲས་བུ་ཡང་བདག་ངེས་མྱོང་བར་འཛིན་པ་ནི་ཚོར་བ་པོར་ལྟ་བའོ། །བདག་དེ་ནམ་ཡང་མི་འཇིག་པར་འཛིན་པ་རྟག་པར་ལྟ་བའོ། །ལན་ཅིག་ཞིག་ནས་ཕྱིས་མི་སྐྱེ་བར་འཛིན་པ་ནི ་ཆད་པར་ལྟ་བའོ། །འདུ་བྱེད་རྣམས་ལས་མི་རྟག་པར་ལྟ་བ་ནི་འབྱུང་བ་དང་འཇིག་པར་ལྟ་བའོ། །ལོག་པར་ལྟ་བདེ་དག་ཐམས་ཅད་སྤངས་བས་ནི་ལྟ་བར་གྱུར་བའི་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །རང་བཞིན་རྣམ་བར་དག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཟུངས ་ཐོབ་པས་ཆོས་རྣམས་ཀྱི་མཛོད་དུ་གྱུར་པ་ནི་གཟུངས་དང་མདོ་སྡེའི་རྒྱལ་པོ་དང། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཞེས་བྱ་བས་བསྟན་ཏེ། དོན་དང་ཚིག་མི་བརྗོད་པའི་གཟུངས་ཐོབ་པར་མདོ་སྡེའི་དོན་ཐམས་ཅད་མི་བརྗེད་པར་འཛིན་པའི་ཕྱིར་མདོ་སྡེའི་རྒྱལ་པོ་ཞེས་བྱ་སྟེ། དཔེར ་ན་མདོ་སྡེ་གང་དུ་མདོ་སྡེ་ཐམས་ཅད་ཀྱི་དོན་འདུས་པ་ལ་མདོ་སྡེའི་རྒྱལ་པོ་ཞེས་བྱ་བ་བཞིན་ནོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང། ཆོས་ཐམས་ཅད་བདག་མེད་པ་དང། མྱ་ངན་ལས་འདས་པ་ཞི་བ་སྟེ། དེ་གསུམ་དང་མི་འགལ་བར་འཆང་བས་ན ་ཕྱག་རྒྱས་བཏབ་ཅེས་བྱའོ། །ཡེ་ཤེས་དྲི་མ་མེད་པས་ཐུགས་པ་མེད་ཅིང་སྤོབས་པ་ཐུགས་པ་མེད་པ་ནི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྒྲ་སྒྲགས་ཀྱང་སྤོབས་བ་རྒྱུན་མི་འཆད་བ་ཞེས་བྱ་བས་བསྟན་ཏེ། ཆགས་པ་མེད་པའི ་ཡེ་ཤེས་ཀྱིས་མཐུས་བསྐལ་བ་བརྒྱ་སྟོང་དུ་དམ་པའི་ཆོས་ཀྱི་སྒྲ་བསྒྲགས་ཀྱང་སྤོབས་པ་ཐུགས་པ་མེད་ཅེས་བྱ་བའི་ཚིག་གོ་།འབྲས་བུ་རྣམ་པར་དག་པ་ནི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱི་ཐབས་འཛིན་པས་བསྟན་ཏེ། དེའང་སངས་རྒྱས་ཀྱིས་རྫུ་འཕྲུལ་ཞེས་བྱ་བ་ལ ་སོགས་པ་སྨོས་པའོ། །དམ་པའི་ཆོས་མཉན་པར་བྱ་བའི་ཕྱིར་འགྲོ་བ་ནི་གནན་པ་ཞེས་བྱའོ། །དེ་གནས་པའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་འགྲོ་བ་ནི་རྣམ་པར་གནོན་པ་སྟེ། རྫུ་འཕྲུལ་གྱིས་དེ་དག་ལ་མཁས་ཞེས་བྱ་བའི་ཐ་ཚིག་གོ་།ལས་རྣམ་པར་ཐར?་ནི ་ཀུན་ཏུ་སྦྱོར་བ་བཅད་པས་བསྟན་ཏེ། འཇིག་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་ཀུན་ཆད་བ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་རྒ་བ་ལ་སོགས་པ་འཇིགས་པ་བརྒྱད་དང། སེམས་ཅན་རྣམས་ལ་ཞེ་སྡང་བའི་ཁྲོ་བ་དང་ངའོ་སྙམ་དུ་སེམས་པའི་ང་རྒྱལ་འདུན་དང། ་བདག་གིས་ཤེས་པ་དང། བྱད་གཟུགས་ཀྱིས་རློམ་པའི་རྒྱགས་པ་དང། ལོངས་སྤྱོད་ཀྱིས་རློམ་པའི་དྲེགས་པ་ཀུན་ཆད་ཅེས་བྱ་བའི་ཐ་ཚིག་གོ་།སྦྱོར་བ་རྣམ་པར་དག་པ་ཡང་སེམས་ཅན་ཐམས་ཅད་སྒྲལ་བའི་བཤེས་གཉེན་དུ་གྱུར་པས་བསྟན་ཏེ། སེང་གེའི་སྒྲ་མངོན་པར ་བསྒྲགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེང་གེའི་སྒྲ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་སྒྲ་སྟེ། མུ་སྟེགས་ཅན་གྱི་རི་དགས་མང་པོ་སྐྲག་པའི་ཕྱིར་རོ། །དེ་ལྟར་ཆོས་བདག་མེད་པའི་སྒྲ་བསྒྲགས་པས་ཐེག་པ་གསུམ་ཀྱི་རིགས་ཅན་གྱི་གང་ཟག་སེམས་ཅན་རབ་འབྲིང་ཐ་མ ་ཐམས་ཅད་ཀྱི་མཛའ་བཤེས་བསྟན་པ་ཡིན?་ཏེ། མཛའ་བཤེས་བསྟན་པ་ནི་མྱ་ངན་ལས་འདས་པ་ལ་འགོད་པ་ཞེས་བྱ་བས་བཤད་དེ། སེམས་ཅན་རིགས་ཐ་དད་པ་དེ་དག་ལ་བསྐལ་བ་བཞིན་དུ་ཆོས་དང་གྲང་ཟག་པ་དག་མེད་པའི་སྒྲ་བསྒྲགས་ཏེ། མྱ་ངན་ལས་འདས་པ་མ་བཀོད ་ཀྱི་བར་དུ་བར་མ་དོར་མི་འདོར་བར་དགེ་བའི་གཤེས་གཉེན་མཛད་ཅེས་བྱ་བའི་ཐ་ཚིག་གོ་།བཟླས་པ་གསུམ་པའི་རྒྱུ་རྣམ་པར་དག་པ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ནི་ཆོས་ཀྱིས་སྤྲིན་ལས་འབྲུག་གི་སྒྲ་འབྱུང་ཞིང་ཞེས་བྱ་བ་ལ ་ལ་སོགས་པས་བསྟན་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཆོས་གྱི་སྤྲིན་ཞེས་བྱ་སྟེ། དེ་དག་སྒྲགས་ཤིང་བསྟན་པ་ཉིད་ཆོས་ཀྱི་སྤྲིན་ལས་འབྲུག་གི་སྐྲ་འབྱུང་བ་ཞེས་བྱའོ། །དེ་ལྟར་བསྒྲགས་པ་ལས་རིགས་པ་གསུམ་དང་ཉོན་མོངས་པ་སྤངས་པའི་རྣམ་པར ་གྲོལ་བའི་གློག་དང་འདྲ་བ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་བདུད་རྩིའི་ཆར་དུ་རབ་ཏུ་འབེབས་ཞེས་བྱ་བར་སྦྱར་ཏེ། ཇི་ལྟར་བདུད་རྩིས་མི་འཆི་བའི་རྒྱུ་བྱེད་པ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་དེ་རྣམས་ཀྱང་མི་འཆི་བའི་རྒྱུ་བྱེད་པས་ན་བདུད་རྩི་ཞེས་བྱ་སྟེ། ཆར་འབེབས ་པ་ནི་སྟོན་ཅིང་སྒྲོགས་ཞེས་བྱ་བའི་ཐ་ཚིག་གོ་།དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་ནི་ཆོས་རིན་པོ་ཆེ་རབ་ཏུ་གཏོར་བས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་བར་བྱེད་པ་ཞེས་བྱ་བས་བསྟན་ཏེ། དགོན་པ་དང་རིན་ཆེ་བ་དང། དོན་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་ལ་རིན་པོ་ཆེ་ཞེས་བྱའོ། །དེ་རབ་ཏུ་གཏོར་བ་ནི་ཕྱོགས་བཅུར་རབ་ཏུ་བསྒྲགས་ཅིང་བསྟན་པའི་དོན་ཏེ། དེ་ལྟར་བསྟན་ཅིང་བཤད་པས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ་ཡིན་ནོ། །རང་བཞིན་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཕྱི་ནང་གི ་དངོས་པོ་ལ་མ་ཆགས་པ་ནི། ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་པ་དག་ཅིང་ཕྱི་ནང་དུ་བློ་རབ་ཏུ་སྦྱངས་པ་ཞེས་བྱ་བས་བསྟན་ཏེ། ནོར་བུ་རིན་པོ་ཆེ་ཕྱི་ནང་དག་ཅིང་སྦྱངས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཕྱིའི་ཡུལ་རྣམས་ལ་མཚན་མ་དང་མངོན་རྟགས་སུ་མི་འཛིན་པ་དང། ་ནང་གི་སེམས་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་བས་རབ་ཏུ་སྦྱངས་པ་སྟེ། དེའི་ཕྱིར་བསམ་པ་དག་པ་ཡིན་ནོ། །རང་གི་ཡོན་ཏན་ཀྱི་བདག་ཉིད་ཆེ་བར་གནས་པ་ནི། མཚན་དང་དཔེ་བྱད་བཟང་པོའི་མཆོག་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མཚན་སུམ་ཅུ་རྩ་གཉིས་དང། དཔེ ་བྱད་བཟང་པོ་བརྒྱད་ཅུ་དང། མཚན་དང་དཔེ་བྱད་དེ་དག་འགྲུབ་པའི་རྒྱུ་དགེ་བའི་རྩ་བ་བརྒྱ་སྟོང་གིས་ཤིན་ཏུ་བརྒྱན་ཅེས་བྱ་བར་སྦྱར་ཏེ། དགེ་བའི་རྩ་བ་དེ་ཡང་གང་ཞེ་ན། རང་གི་གཟི་བརྗིད་ཀྱི་བརྒྱན་ཅེས་བྱ་བ་སྟེ། མཚན་དང་དཔེ་བྱད་རེ་རེ་ལ་ཡང་བསོད་ནམས་གྲངས་མེད་པས་འགྲུབ་པར ་འགྱུར་བའི་རྒྱུ་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་རང་གི་ཡོན་ཏན་གྱི་གཟི་བརྗིད་ཀྱི་བརྒྱན་ཀྱིས་བརྒྱན་ཅེས་བྱ་བའི་ཐ་ཚིག་གོ་།འདྲས་བ་ནམ་པར་དག་པ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཐམས་ཅད་ལ་དབང་ཐོབ་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཞེས ་བྱ་བས་བསྟན་ཏེ། ས་བཅུ་པའི་དུས་ན་བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་མཛད། དེ་ལྟར་ཐོབ་པ་དག?་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་པར་ཉེ་བ་ནི་སྐྱེ་བ་གཅིག་གིས་ཐོགས་པས་རྒྱལ་ཚབ ་ཏུ་གྱུར་པ་ཞེས་བྱ་བས་བསྟན་ཏེ། དཔེར་ན་འཕགས་པ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་གྱུར་པ་ལྟ་བུ་ཤ་སྟགས་ཅེས་བྱ་བའི་དོན་ཏོ། །ལས་རྣམ་པར་དག་པ་ནི་གདུལ་བ་དང་མཐུན་པར་བསྒྲལ་བའི་ཐབས་སྟོན་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་མོས ་པ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་ཐེག་པ་གང་ལ་མོས་པ་དང། ཐེག་པ་གང་གིས་རྣམ་པར་གྲོལ་བར་འགྱུར་བའི་ཐབས་ལ་མཁས་པ་ནི་གདུལ་བ་འདུལ་བའི་ཆོ་ག་ཤེས་པ་ཞེས་བྱའོ། །སྦྱོར་བ་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། མངོན་པར་བྱང་ཆུབ་པ་ལ་འཇུག ་པར་མཁས་པ་ནི། བྱང་ཆུབ་ཀྱི་སའི་སྙིང་པོ་རྡོ་རྗེའི་གདན་གནོན་པ་དང། རྣམ་པར་གནོན་པ་ལ་མི་འཇིགས་པའི་ཚུལ་ཤེས་པ་ཞེས་བྱ་བས་བསྟན་ཏེ། མངོན་པར་བྱང་ཆུབ་བར་འགྱུར་བའི་ས་ཉིད་སའི་སྙིང་པོ་སྟེ། རྡོ་རྗེའི་གདན་ཡང་དེ་ཡིན་ནོ། །དེར་བདག་ཉིད་འགྲོ་བ་ལ་མི་འཇིགས་པ་དང། ་སེམས་ཅན་རྣམས་གཟུང་ཅིང་དགོང?་པ་ལ་མི་འཇིགས་པས་མནན་པ་དང་རྣམ་པར་མནན་པ་ལ་མི་འཇིགས་པའི་ཚུལ་ཤེས་པ་ཞེས་བྱའོ། །སྤྲུལ་པས་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ནི། སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། སངས་རྒྱས་ཐམས་ཅད ་ཀྱི་མཛད་པ་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་རབ་ཏུ་བཟུང་པ་དང་ཞེ་འགྲས་པ་རྣམས་ཚར་གཅོད་པ་སྟེ། དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་དང། ལྷུམས་སུ་གཤེགས་པ་ནས་མྱ་ངན་ལས་འདས་པའི་བར་དུ་སངས་རྒྱས་ཀྱི་སྐུ་རབ་ཏུ་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ལ་དཔའ་ ་ཞིང་དབང་བྱེད་པ་དང། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རབ་ཏུ་བསྐོར་བ་ཤ་སྟག་འཁོར་ཅེས་བྱ་བའི་ཐ་ཚིག་གོ་།བསྔགས་པ་ནི་བསྟན་པའོ། །ཡོན་ཏན་དང་ཕན་ཡོན་ནི་བཤད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་གོང་དུ་སྨོས་པ་རྣམས་ནི་བསྟེན་པར་བྱ ་བ་ཡིན་པས་ན་ཡོན་ཏན་ཞེས་བྱ་ལ། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་མེད་པས་ཕན་ཡོན་ཞེས་བྱའོ། །ཚིམ་ཞིང་མགུ་ལ་ཡིད་རངས་པས་ནི་ཤེས་རབ་རྣམ་པ་གསུམ་གྱིས་སྦྱོར་བའི་དུས་ནའོ། །ཆེད་དུ་བརྗོད་པ་ནི་ཆོས་ཀྱི་ཤུགས་ཀྱི་དགའ་བ་སྐྱེས་པའི་ཚིག་འབྱིན་པ་ལ་བྱའོ། །གནས་རྣམ ་པར་དག་པ་བསྟན་པའི་ཕྱིར། ཤརྡཝཱ་ཏིའི་བུ་ཡང་འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངན་སོང་ནི་འོག་ཏུ་ལྷུར་བའི་ཕྱིར་ཏེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་སོ། །མི་ཁོམ་པ་ནི?་མངོན་པར་རྟོགས་པའི་སྐ?་མང་པའི་ཕྱིར་ཏེ། དེ་ཡང ་མི་ཁོམ་པ་བརྒྱད་པོ་སེམས་ཅན་དམྱལ་བར་སྐྱེས་པ་དང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང། ཡི་དགས་སུ་སྐྱེས་པ་དང། མཛའ་འཁོབ་ཀྱི་ཀླ་ཀློར་སྐྱེས་པ་དང། གཟུགས་མེད་པ་དང། འདུ་ཤེས་མེད་པར་སྐྱེས་པ་དང། ལོང་བ་དང་འོན་པ་དང། ལྐུག་པ་ལ་སོགས་པར་འགྱུར་བ་དང། ལོག ་པར་ལྟ་བར་གྱུར་པ་དང། སངས་རྒྱས་མེད་པའི་བསྐལ་པ་ལ་སྐྱེས་བ་རྣམས་སོ། །སྡུག་བསྔལ་ནི་བརྒྱད་ཏེ། སྐྱེ་པ་དང། རྒ་བ་དང། ན་བ་དང། འཆི་བ་དང། མི་སྡུག་པ་དང་ཕྲད་པ་དང། སྡུག་པ་དང་བྲལ་བ་དང། འདོད་པས་ཕོངས་པ་དང་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔས་སྡུག་བསྔལ་བ་སྟེ། ་སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་ཞེས་བྱ་བ་ལ་སོགས་པའི་སྒྲ་ཡང་མེད་ན་དངོས་སུ་ལྟག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན་ཉེས་པ་བཅུ་གཅིག་སྤངས་པས་གནས་དེ་རྣམ་པར་དག་པའི་ཕྱིར་ཏེ། བསླབ་པ་ཕྲ་མ་ལས་འདས་པའི་ཉེས་པ་མེད་པ་ནི་ལྟུང་བའི་འཁྲུལ་པ་དང། ་ཉོན་མོངས་པའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ། བསླབ་པའི་རྩི་བ་བཞི་ལས་མ་གཏོགས་པའི་བསླབ་པའི་གཞི་གཞན་ལས་ཉམས་པ་ནི་ལྟུང་བའི་འཁྲུལ་པ་ཞེས་བྱའོ། །དེའི་རྒྱུ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྟེ། གང་ཟག་འདིས་ཉོན་མོངས་པའི་དབང་གིས་ལྟུང་པའི་འཁྲུལ་པ ་འདི་འདྲ་བ་བྱས་སོ་ཞེས་བྱ་བའི་སྒྲ་ཡང་མེད་ཅེས་གྲགས་པའི་དོན་ཏོ། །བསླབ་པ་རྩ་བ་ལས་འདས་པའི་ཉེས་པ་མེད་པ་ནི་ལོག་པར་བསླབ་པ་ལས་འདས་པའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ་སྲོག་གཅོད་པ་ལ་སོགས་པ་ཉིད་ལོག་པ་ཡང་ཡིན་ལ། དེ་བས་ན་བསླབ་པ་ལས་འདས?་ཏེ་དགེ་སྦྱོར་དུ་མི་རུང་བས་བསླབ་པ་ལས ་འདས་ཞེས་བྱའོ། །སྐྱེ་གནས་ངན་པའི་ཉེས་པ་ནི་བུད་མེད་དུ་སྐྱེ་བར་འགྱུར་བའི་སྒྲ་མེད་ཅེས་བྱ་བས་བསྟན་ཏེ། སྐྱེས་བུ་དམ་པ་ཀུན་ཀྱང་པདྨ་ལས་སྐྱེ་བའི་ཕྱིར་རོ། །སྤྱོད་པ་མི་མཐུན་པའི་ཉེས་པ་མེད་པ་ནི་སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དུག་གི་མི་མཐུན་པའི ་ཕྱོགས་ཀྱི་སྒྲ་མེད་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་ཉེས་པ་མེད་པའི་ཕྱིར། །སྒྲིབ་པའི་ཉེས་པ་མེད་པ་ནི་སྒྲིབ་པ་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། སྒྲིབ་པ་ལྔ་པ་འདོད་པ ་ལ་བདུན་པ་དང། གནོད་སེམས་དང། རྒོད་པ་དང། འགྱོད་པ་དང། རྨུགས་པ་དང། གཉིད་དང། ཐེ་ཚོམ་དེ་དག་ཉིད་གཅོད་པ་ཡང་ཡིན་ཏེ། ཉོན་མོངས་པ་སྤོང་བའི་བར་དུ་གཅོད་པ་ཡིན་པའི་ཕྱིར་རོ། །དེ་དག་དངོས་སུ་སྤྱོད་པ་ནི་ཀུན་ནས་ལྡང་བ་ཞེས་བྱ་ལ། ས་བོན་སེམས་ལ་གནས ་པ་ནི་བག་ཆགས་ཞེས་བྱའོ། །སེམས་ཅན་ཐ་དད་པའི་ཉེས་པ་མེད་པ་ནི། རབ་འབྲིང་ཐ་མའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ། ཀུན་ཀྱང་སྔར་བསྟན་པ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གནས་ཞེས་བྱ་བའི་ཐ་ཚིག་གོ་།ཞིང་དང་ཆོས་ཐ་དད་པའི་ཉེས་པ ་མེད་པ་ནི་སེམས་ཅན་དང། ཐེག་པ་དང་ཞིང་ཐ་དད་པའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏོ། །སེམས་ཅན་འགྲོ་བ་དང་རིགས་ཐ་དད་པ་དང། ཉན་ཐོས་ལ་སོགས་པའི་ཐེག་པ་ཐ་དད་པ་དང། མི་མཇེད་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐ་དད་པའི་སྒྲ་མི་གྲགས་ཅེས་བྱ་བའི་དོན་ཏོ། ། ་དཀོན་མཆོག་ཐ་དད་པའི་ཉེས་པ་མེད་པ་ནི་སངས་རྒྱས་ལ་སོགས་པ་ཐ་དད་པའི་སྒྲ་མེད་པས་བསྟན་ཏེ། སངས་རྒྱས་ཀྱི་མཚན་དང། གསུང་རབ་ཀྱི་ཡན་ལག་ཐ་དད་པ་དང། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཐ་དད་པའི་སྒྲ་མེད་པའི་ཕྱིར་རོ། །སྟོན་པ་ངན་པས་བསྟན ་པའི་ཉེས་པ་མེད་པ་ནི་བཟའ་བ་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། བདག་གོ་སྙམ་དུ་ངར་འཛིན་པ་དང། ཀུན་གྱིས་དགའ་བ་དང་བདེ་བས་ལུས་གནས་པའི་ཕྱིར་རོ། །བདག་དང་གཞན་དུ་འཛིན་པའི་ཉེས་པ་མེད་པ་ནི་ངར་འཛིན་པ་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། བདག་གོ་སྙམ ་དུ་ངར་འཛིན་པ་དང། བདག་གིའོ་སྙམ་དུ་ང་ཡིར་འཛིན་པ་དང། བདག་གི་བུ་དང་ཆུང་མ་ཡོངས་སུ་འཛིན་པའི་སྒྲ་ཡང་མེད་དོ། །ལོག་པར་ལྟ་བའི་ཉེས་པ་མེད་པ་ནི། བདུད་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། ཚེ་ཕྱི་མ་མེད་པར་ལྟ་བ་ཉིད་མི་དགེ་བ་ལ་བག་མེད་པར་འཇུག་པ་ཡིན་པས ་བདུད་པ་དེའི་ཀུན་ནས་ལྡང་བ་དང། བག་ཆགས་ཀྱི་སྒྲ་ཡང་མེད་ཅེས་སྦྱར་རོ། །བདག་པོ་རྣམ་པར་དག་པའི་དབང་དུ་བྱས་ནས་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ ་ཆོས་ཀྱི་རྒྱལ་པོ་ནི་ཇི་སྙེད་ཡོད་པ་དང། ཇི་ལྟ་བ་བཞིན་དུ་ཡོད་པའི་ཆོས་ཐམས་ཅད་མ་ལུས་པ་དང་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་སྒོ་ནས་མངའ་མཛད་པའི་ཕྱིར་ཏེ། དེ་མ་གཏོགས་པར་འཇིག་རྟེན་གྱི་ཁམས་དེ་ན་ལྟ་དང་མིའི་རྒྱལ་པོ་གཞན་གང་ཡང་མེད་དོ། །ཇི་ལྟར ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་རྣམས་ལ་ཡི་གེ་དང་སྒྲ་དང་བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་སྟོན་པ་ལྟར་བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡི་གེ་དང་སྒྲ་དང་བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་མི་སྟོན་ཏོ། །འོ་ན་ཇི་ལྟར་ཆོས་སྟོན་ཅེ་ན། གཞན་དུ་ན ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་མིག་མི་འཛུམས་པར་བལྟས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་སྟེ། མིག་ནི་བླུན་པ་ཡིན་པས་ཏིང་ངེ་འཛིན་རྟོགས་པ་མི་སྲིད་ཀྱི། མིག་གི ་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་འགྲོགས་པའི་ཤེས་རབ་ཀྱིས་རྟོགས་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པར་ཤེས་རབ་ཀྱིས་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། ས་བརྒྱད་པ་ལ་བྱའོ། །དེ་ལྟར་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་མ ་ཐག་ཏུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་ཡང་བསྟན་ཏོ། །བདག་པོ་རྣམ་པར་དག་པར་ཡང་རྗེས་སུ་དྲན་པར་བྱ་བའི་མཚན་མ་ཐམས་ཅད་དང་བྲལ་བའི་སྒོ་ནས་བསྟན་ཏེ། དེ་ལ་རྗེས་སུ་དྲན་པར་བྱ་བའི་མཚན་མ་དང་བྲལ་བ་ཡང་རྣམ་པ ་བཞི་སྟེ། ཡོན་ཏན་ཡིད་ལ་བྱེད་པ་རྗེས་སུ་དྲན་པ་མ་ཡིན་པ་དང། སངས་རྒྱས་རྗེས་སུ་དྲན་པའི་སྐྱོན་མཚན་མ་དང་བཅས་པ་ལ་དམིགས་པ་སྤང་བ་དང། རྗེས་སུ་དྲན་པའི་ཕན་ཡོན་དང། ཏིང་ངེ་འཛིན་དེའི་འབྲས་བུའོ། །ཡོན་ཏན་ཡིད་ལ་བྱེད་པ་རྗེས་སུ་དྲན་པ་མ་ཡིན་པ ་ཡང་རྣམ་པ་ལྔས་བསྟན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་རྗེས་སུ་དྲན་པ་མ་ཡིན་པ་ནི། གང་གཟུགས་ཀྱི་མཚན་ཉིད་རབ་ཏུ་མ་ཕྱེ་བས་ཞེས་བྱ་བས་བསྟན་ཏེ། དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གཟུགས་སུ་ཡིད་ལ་བྱས་ཤིང ་བསྒོམས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་འདི་སྐྱེད་པ་མ་ཡིན་པས་རབ་ཏུ་ཕྱེ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐབས་འདིར་སངས་རྒྱས་ནི་ཆོས་ཀྱི་སྐུ་ལ་བྱ་བར་འདོད་ལ་དེ་ནི་མཚན་དང་དཔེ་བྱད་ལ་སོགས་པ། མཚན་མ་གང་གིས་རང་བཞིན་ཡང་མ་ཡིན་ཞིང། མཚན་མ་ཅན ་གྱི་ཞེས་པ་གང་གིས་ཀྱང་རྟོགས་པར་བྱ་བ་མ་ཡིན་ཏེ། གང་གི་ཚེ་མཚན་མ་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་བ་དེའི་ཚེ་དོན་དམ་པར་སངས་རྒྱས་རྗེས་སུ་དྲན་པ་ཞེས་ཀྱང་བྱ་ལ། དེ་ལྟར་མཐོང་བའི་ཚེ་དེ་ཁོ་ན་མཐོང་བ་ཡིན་པས་བྱང་ཆུབ་སེམས་དཔའ་དེ་མི ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་སྟོན་པར་ཡང་མཛད་པའི་ཕྱིར་རོ། །བཤད་པའི་ཚུལ་འདིས་སྤྲུལ་པའི་སྐུ་ལ་སོགས་པ་འོག་མ་རྣམས་ལ་ཡང་བསྒྲེ་བར་བྱའོ། །སྤྲུལ་པའི་སྐུ་ལ་དམིགས་པ་རྗེས་སུ་དྲན་པ་མ་ཡིན་པ་ནི། རིགས་དང་རུས་དང་ཆོ་རིགས་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ་རིགས་ནི་ཤཱཀྱའི་རིགས་ལ་སོགས་པའོ། །རུས་ནི་གཽ་ཏ་མ་ལ་སོགས་པའོ། །ཆོ་རིགས་ནི་རིགས་མཐོན་པོར་སྐྱེས་བ་ཉིད་ལ་བྱའོ། །རྒྱུ་ཡིད་ལ་བྱེད་པ་རྗེས་སུ་དྲན་པ་མ་ཡིན་པ་ནི་སྔོན་མཛའ་ཨི་དཀར་པོའི་སྤྱོད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། དཀར་པོའི་སྤྱོད་པ་ནི་ཕ་རོལ་ཏུ ་ཕྱིན་པ་རྣམས་ཏེ། དེ་དག་སྤྱད་པའི་རྒྱུ་ལས་སངས་རྒྱས་གྲུབ་བོ་ཞེས་ཡིད་ལ་བྱ་བས་བསྐྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་ཕྱི་འབྲས་བུ་ཡིད་ལ་བྱེད་པའི་རྗེས་སུ་དྲན་པ་མ་ཡིན་པ་ནི་ཕྱི་མའི་མཛའ་ཤེས་པ་ལ་སེམས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། དཀར་པོའི་སྤྱོད་པ་དེའི ་འབྲས་བུ་ཕྱི་མའི་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པར་ཡིད་ལ་བྱེད་པས་མ་བསྐྱེད་ཅེས་བྱ་བའི་དོན་ཏོ། །ད་ལྟར་སྣང་བ་ལ་དམིགས་པ་རྗེས་སུ་དྲན་པ་མ་ཡིན་པ་ནི་ད་ལྟར་བྱུང་བ་ལ་གནས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ་མངོན་སུམ་དུ་སྣང་བའི་དེ་བཞིན་གཤེགས་པ་ནི་ད ་ལྟར་བྱུང་བ་སྟེ། ད་ལྟར་ལ་དམིགས་པས་ཀྱང་བསྐྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་མཚན་མར་བཟུང་སྟེ། ཡིད་ལ་བྱས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་མ་ཡིན་པར་བསྟན་ཏོ། །སངས་རྒྱས་རྗེས་སུ་དྲན་པའི ་སྐྱོན་མཚན་མ་དང་བཅས་པ་ལ་དམིགས་པ་སྤངས་པ་ཡང་རྣམ་པ་བཅུ་བདུན་གྱིས་བསྟན་ཏེ། ཤེས་བྱའི་མཚན་མའི་རྣམ་པ་ལས་འདས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏོ། །ཐ་སྙད་ཀྱི་མཚན་མ་ཐམས་ཅད་ལས་འདས་པ་ནི་མཐོང ་བ་དང། ཐོས་པ་དང་བྱེ་བྲག་ཕྱེད་པ་དང། རྣམ་པར་རིགས་པས་རབ་ཏུ་མ་ཕྱེ་བ་ཞེས་པ་བྱ་བས་བསྟན་ཏེ། མཐོང་བ་ནི་མིག་གིས་སོ། །ཐོས་པ་ནི་རྣ་བས་སོ། །བྱེ་བྲག་ཕྱེད་པ་མ་མཐོང་མ་ཐོས་པར་བདག་ཉིད་ཀྱིས་བསམས་ཤིང་གཅལ་ལ་ཉེ་བར་བརྟགས་པའོ། །རྣམ་པར་རིག་པ་ནི་ནང་སོ་སོ ་རང་གིས་རིག་པ་དང་རྟོགས་པ་དང་རེག་པ་དང། མངོན་སུམ་དུ་བྱས་པ་སྟེ། མཐོང་བ་ལ་སོགས་པ་ལ་དེ་དག་ལ་བརྟེན་ནས་གཞན་དག་ལ་ཐ་སྙད་དུ་བརྗོད་པས་ན་ཐ་སྙད་ཅེས་བྱའོ། །ཀུན་ནས་ཉོན་མོངས་པའི་སེམས་ཀྱི་མཚན་མ་ཐམས་ཅད་ལས་འདས་པའི་སེམས་དང་ཡིད་དང་རྣམ་པར་ཤེས ་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་འབྱེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །མ་ཞི་བའི་མཚན་མ་ཐམས་ཅད་ལས་འདས་པ་ནི་སྤྲོས་པ་དང་རྒྱུ་བས་རབ་ཏུ་མ་ཕྱེ་བ ་ཞེས་བྱ་བས་བསྟན་ཏེ། སྤྲོས་པ་ནི་བཟུང་བ་དང་འཛིན་པར་རྟོག་པའོ། །རྒྱུ་བ་ནི་འདོད་ཆགས་ལ་སོགས་པ་སེམས་ལ་རྒྱུ་བའོ། མི་སྐྱེ་མི་འགག་པས་སྐྱེ་བ་དང་འཇིག་པའི་མཚན་མ་ལས་འདས་པ་ནི། སྐྱེ་བ་དང་འཇིགས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བ་བསྟན་ཏེ། རྐྱེན་གྱི་དབང་གིས་རྒྱུད་ལྡན་མ ་བྱུང་བ་ལས་དང་པོ་ཆོས་གང་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ། །སྐྱེས་མ་ཐག་པའི་སྐད་ཅིག་རྗེས་སུ་འཇུག་པ་ནི་གནས་པ་ཞེས་བྱའོ། །སྐྱེ་བའི་སྐད་ཅིག་བན་ཆད་མི་གནས་པ་ནི་འཇིག་པ་ཞེས་བྱའོ། །གནོད་པ་དང་ཕན་པ་མེད་པས་གནོད་པ་དང་བན་པར་བྱེད་པའི་མཚན་མ་ལས ་འདས་པ་ནི་བཟུང་བ་དང་རྩོད་པ་དང་གཏང་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། བཟུང་བ་ནི་སེམས་ནང་དུ་འདུ་བའོ། །ཙོད་པ་ནི་སེམས་ནང་དུ་ནོད་པ་འབྱུང་ངོ། །དམིགས་པ་ལས་མ་རྨོངས་པས་ཡིད་ལ་བྱ་བའི་མཚན་མ་ལས་འདས་པ་ནི་དྲན་པ་དང་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ་ཞེས ་བྱ་བས་བསྟན་ཏེ། དྲན་པ་ནི་དམིགས་པར་བྱ་བའི་དངོས་པོ་མ་རྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་གཏོང་པའོ། །རྟོག་གེའི་ཡུལ་གྱི་མཚན་ཉིད་མཚན་མ་ལས་འདས་པ་ནི། རྟོག་པ་དང་རྣམ་པར་རྟོགས་པ་དང་ཡོངས་སུ་རྟོགས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ་རྟོག་གེ་རྣམས་ཀྱི་ཡུལ་ནི་ལུང ་དང་རྗེས་སུ་དཔག་པ་དང། མངོན་སུམ་གྱི་ཚད་མ་གསུམ་གྱིས་རྟོག་པ་སྟེ། གཞུང་གི་ཚིག་གསུམ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་འཕགས་པའི་བདེན་པ་བཞི་ལ་རྟོག་པ་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་རྟོག ་པ་དང། བྱང་ཆུབ་སེམས་དཔའ་ཨི་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་ཡོངས་སུ་རྟོགས་པས་ཀྱང་རྗེས་སུ་དྲན་པ་འདི་མ་བསྐྱེད་ཅེས་སྦྱར་རོ། །མཚན་མ་མེད་པ་ཡིན་པས་མཚན་མ་ཐམས་ཅད་ལས་འདས་པ་ནི་ཆོས་ཀྱི་མཚན་ཉིད་དང། རང་གི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཆོས་ཀྱི ་མཚན་ཉིད་མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་ལ་བྱའོ། །རང་གི་མཚན་ཉིད་ནི་སའི་མཚན་ཉིད་སྲ་བ་ལ་སོགས་པའོ། །དུ་མ་མི་རྟག་པའི་མཚན་མ་ལས་འདས་པ་ནི། གཅིག་དང་ཐ་དད་པ་དང་སོ་སོ་བས་རབ་ཏུ་ཕྱེ་ཞེས་བྱ་བས་བསྟན་ཏེ། སྐུ་མངོན་སུམ་དུ་སྣང་བ་དང། སྐུའི་ཆོས་ཉིད ་གཅིག་པར་ཡིད་ལ་བྱེད་པ་དང། ཐ་དད་པར་ཡིད་ལ་བྱེད་པ་དང། སྐུའི་ཆོས་ཉིད་དུ་མར་ཡིད་ལ་བྱེད་པ་གང་གིས་ཀྱང་མ་ཕྱེ་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་མཚན་མ་ལས་འདས་པ་ནི། །ཆོས་ཀྱི་དམིགས་པ་བགྲད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏོ། ། ་དབུགས་ཕྱི་ནང་དུ་རྒྱུ་བ་གཅིག་ནས་བཅུ་དང། བཅུ་ནས་བརྒྱ་སྟོང་གི་བར་དུ་བགྲང་བ་ལས་ཀྱང་མ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།ཕྱི་ནང་གི་མཚན་མ་ལས་འདས་པ་ནི། ནང་དང་ཕྱི་རོལ་གཡོ་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཏིང་ངེ་འཛིན་གྱི་རོ་མྱོང་བར་བྱེད་པ་དང། ཕྱིའི་ཡུལ་ལ ་སེམས་ཕྲོ་བ་ནི་ནང་དང་ཕྱི་རོལ་ཏུ་གཡོ་བའོ། །རྣམ་པར་བྱང་བ་བླ་བ་དང། ཀུན་ནས་ཉོན་མོངས་པ་སྤོང་བའི་མཚན་མ་ལས་འདས་པ་ནི། རྣམ་པར་རྟོག་པའི་མཚན་མ་དང་བླང་བ་དང་དོར་བས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། རྣམ་པར་རྟོག་པ་ནི་བཟང་ངན་དུ་འབྱེད་པ་སྟེ། རྣམ་པར་བྱང་བ་བླ་བ ་དང། ཀུན་ནས་ཉོན་མོངས་པ་འདོར་བར་རྟོག་པའོ། །གཟུགས་ཀྱི་མཚན་ཉིད་ཀྱི་མཚན་མ་ལས་འདས་པ་ནི། ཁ་དོག་དང་དབྱིབས་དང་རྟགས་ཀྱིས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཁ་དོག་ནི་གསེར་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་གོ་།དབྱིབས་ནི་རིང་བ་དང་ཐུང་བ་ལ་སོགས་པ ་སྟེ་དེ་དག་ཉིད་སེམས་ཀྱི་མཚན་མར་བྱ་བ་ཡིན་པས་རྟགས་ཞེས་བྱའོ། །སྤྱོད་ལམ་གྱི་མཚན་མ་ལས་འདས་པ་ནི། སྤྱོད་ལམ་དང། སྤྱད་པ་དང། སྤྱོད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། སྤྱད་པ་ནི་འཕྲལ་གྱི་བྱ་བའོ། །སྤྱོད་པ་ནི་གྲོང་དུ་འཇུག་ཅིང་བསོད་སྙོམས་ལེན་པ་ལ་སོགས ་པའོ། །དཀར་པོའི་ཕྱོགས་ཀྱི་མཚན་མ་ལས་འདས་པ་ནི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། ཟག་པ་མེད་པའི་ཕུང་པོ་ལྔ་པོ་འདི་དག་གིས་ནི་དཀར་པོའི་ཆོས ་ཐམས་ཅད་བསྡུས་ལ། དེ་ལྟ་བུར་ཡིད་ལ་བྱས་པ་ལས་རྗེས་སུ་དྲན་པ་འདི་མ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།འབྲས་བུའི་མཚན་མ་ལ་དམིགས་པ་ལས་འདས་པ་ནི་སྟོབས་དང་མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་སྒྲོ་བཏགས་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པའི་འབྲས་བུ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཡིན་པར་འཛིན་ན་དེ་ཉིད་སྒྲོ་བཏགས་ཡིན་པས་དེ་ལྟར་བསྒོམས་ཤིང་ཡིད་ལ་བྱེད་པ་ལས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་འདི་སྐྱེས་པ་མ་ཡིན་པས་རབ་ཏུ་མ་ཕྱེ་བ་ཞེས་བྱའོ། །རྗེས་སུ་དྲན་པའི་ཕན་ཡོན་ཡང ་རྣམ་པ་གཉིས་ཀྱིས་བསྟན་ཏེ། དེ་ཁོ་ནའི་མཚན་ཉིད་ལ་འཇུག་པ་དང། ཕྱིན་ཅི་ལོག་སྤངས་པའོ། །དེ་ཁོ་ནའི་མཚན་ཉིད་ལ་འཇུག་པ་ཡང་རྣམ་པ་གསུམ་གྱི་བསྟན་ཏེ། ཐམས་ཅད་དུ་སོང་བའི་དོན་ན་འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་ནི་བསམ་གྱིས་མི ་ཁྱབ་ཞེས་བྱ་བས་བསྟན་ཏེ་བསམ་པར་བྱེད་པ་དང། བསམ་པར་བྱ་བ་ལ་འདས་པས་རྟོག་གེ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའ་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ཀྱི་སྤྲོས་པ་མེད་པ་ནི་རྒྱུ་བ་མེད་པ་ཞེས་བྱ་བས་བསྟན་ཏེ། གཟུང་བ་དང་འཛིན་པར་རྣམ་པར ་རྟོགས་པའི་སྤྲོས་པ་མེད་པས་ན་རྒྱུ་བ་མེད་པ་ཞེས་བྱའོ། །གཞན་ལས་བསྟན་དུ་མེད་པ་ནི་རྣམ་པར་རིགས་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བས་བསྟན་ཏེ། དེའི་ཚེ་རང་ཉིད་ཀྱིས་ཀྱང་དཀར་པོ་འམ་དམར་པོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རིག་པ་མེད་ན་གཞན་ལ་བསྟན ་པར་ག་ལ་ནུས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་སོང་བའི་དོན་དེ་ཉིད་ཀྱང་རྣམ་པ་གསུམ་གྱིས་རྒྱས་པར་བསྟན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རྣམ་པར་ཤེས་པའི་དམིགས་པ་ལས་འདས་པ་ནི་ང་ཡི་བ་མེད་པ་ཞེས་བྱ་བས་བསྟན་ཏེ། ཇི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ ་དང་བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང། སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམས་བཞི་དང་ལྡན་པས་ཀུན་བཞི་རྣམ་པར་ཤེས་པས་བསྡུས་པའི་ལུས་འདི་ལ་བདག་ཏུ་དམིགས་ཤིང་རྟོག་པ་ལྟར་དེའི་དུས་ནི་མི་རྟོག་པའི་ཕྱིར་ང་ཡི་བ་མེད་པའོ། །བཟུང་བ་དང་འཛིན་པར་རྟོག ་པ་ལས་འདས་པ་ནི་ཡིད་ལ་བྱེད་པ་དང་བྲལ་བ་ཞེས་བྱ་བས་བསྟན་ཏེ། །གཟུང་བ་དང་འཛིན་པའི་ཚུལ་དུ་ཡིད་ལ་མི་བྱེད་ཅེས་བྱ་བའི་དོན་ཏོ། །མི་ཤེས་པའི་རྟོག་པ་མེད་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་གནས་པ་མེད་པའོ། །ཞེས་བྱ་བས་བསྟན་ཏེ། དེ་ལྟར ་བཟུང་བ་དང་འཛིན་པའི་ཡིད་ལ་བྱེད་པ་དང་བྲལ་ན་འགོག་པའི་སྙོམས་པར་འཇུག་པ་དང། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར་ཅི་ཡང་མི་དྲན་པ་ཡིན་ནམ་ཞེ་ན། དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའི་གནས་མ་ཡིན་ཏེ། ཡང་དག་པའི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པའི ་དོན་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །སེམས་ཀྱིས་སྤྲོས་པ་མེད་པ་ཉིད་ཀྱང་རྣམ་པ་བདུན་གྱིས་རྒྱས་པར་བསྟན་ཏེ། སྐྱེ་བ་དང་འཇིག་པའི་རྒྱུའི་སྤྲོས་པ་ལས་འདས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འབྱུང་བ་དང་འཇིགས་པའི་གནས་མ་ཡིན་ཞེས་བྱ་བས་བསྟན་ཏེ། ཆོས་དེ་དག་སྐྱེ་བ ་དང་འཇིག་པའི་རྒྱུ་བྱེད་པ་ནི་སྤྲོས་པ་ཡིན་ཏེ། དེ་ལྟ་བུའི་རྒྱུ་མི་བྱེད་ཅེས་པའི་ཐ་ཚིག་གོ་།རིང་དུ་སོང་བ་ནི་ཐོགས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་རྟོག་པའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་དེ་ཡུལ་དང་དུས་གང་ལ་ཡང་ཐོགས་པ་མེད་པར་འཇུག་གོ་།སྐབས ་མེད་པ་ནི་འཇུག་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། སྐྱོན་འདི་ལྟ་བུ་ཞིག་ཡོད་ཅེས་ཀླན་ཀའི་སྐབས་ཡོད་པ་ནི་འཇུག་པ་ཞེས་བྱ་སྟེ་དེ་མེད་པའི་དོན་ཏོ། །སྐྱེས་ནས་ཐོབ་པ་དང། སྦྱོར་བའི་ཤེས་རབ་ཀྱིས་མི་རྟོགས་པ་ནི་གནས་མ་ཡིན་ཞེས་བྱ་བས་བསྟན་ཏེ། ཤེས་རབ་དེ་ཉིད་ཀྱིས་མི་རྟོགས ་པའི་ཕྱིར། བསྒོམས་པའི་ཤེས་རབ་ཀྱིས་དེ་ཁོ་ན་ལ་དམིགས་པ་ནི། མི་གནས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། ཤེས་རབ་གོང་མ་གཉིས་ཀྱིས་མ་རྟོགས་པར། བསྒོམ་པའི་ཤེས་རབ་ཀྱིས་སངས་རྒྱས་རྗེས་སུ་དྲན་པ་འདི་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །བཟུང་བ་དང་འཛིན་པར་མི་རྟོག་པ་ནི ་རབ་ཏུ་གནས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། བཟུང་བ་དང་འཛིན་པའི་ཚུལ་དུ་མི་རྟོག་ཅེས་བྱ་བའི་ཐ་ཚིག་གོ་།དཀར་པོའི་ཕྱོགས་ལ་མི་རྟོག་པ་ནི་ཡང་དག་པར་གནས་པ་མ་ཡིན་ཞེས་བྱ་བས་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་མི་རྟག་པ་དང། སྡུག་བསྔལ་བ་དང་སྟོང་པ་དང། བདག ་མེད་པའི་རྣམ་པ་ལྟ་བུར་ཡང་དམིགས་པར་མི་བྱེད་པའི་ཕྱིར་རོ། །གཞན་ལ་བསྟན་དུ་མེད་པ་ཡང་རྣམ་པར་ཤེས་པའི་གནས་སུ་གྱུར་པ་ལས་འདས་པ་ཞེས་བྱ་བའི་དོན་རྣམ་པ་གཅིག་གིས་རྒྱས་པར་བསྟན་ཏེ། གཟུགས་ཀྱི་རྣམ་པར་ཤེས་པར་གནས་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས ་པའོ། །དེ་ལ་དཀར་པོ་དང་སྔོན་པོ་དང་རིང་པོ་དང་ཐུང་ངུ་ལ་སོགས་པ་ནི་གཟུགས་ཀྱི་རྣམ་པར་ཤེས་པ་སྟེ། དངོས་སུ་མིག་གི་རྣམ་པར་ཤེས་པ་ལ་བྱའོ། །དེ་ལྟར་ན་མིག་གི་རྣམ་པར་ཤེས་པས་དམིགས་པའི་ཡུལ་མ་ཡིན་པའམ། ཡང་ན་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མི་བྱེད་པས་ན་གནས་མ་ཡིན ་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་རོ། །ཕྱིན་ཅི་ལོག་སྤངས་པ་བསྟན་པའི་ཕྱིར་ཡང་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་སྨོས་སོ། །དེ་ཡང་མིང་གིས་སྨོས་པ་འདི་རྣམས་ཀྱིས་བསྟན་ཏེ། ཡོད་པ་དང་མེད་པ་ལ་དམིགས་པ་དང། རྣམ་པར ་རྟོག་པ་ལས་ཤིན་ཏུ་འདས་པ་དང། ངག་དང་སེམས་དང་ལུས་ཀྱིས་བསྐྱོད་པའི་སྤྲོས་པ་མེད་པ་དང། ཐ་སྙད་མེད་པ་དང། ཉན་ཐོས་ཀྱིས་རྣམ་པར་གྲོལ་བར་མ་ལྷུང་བ་དང། ཉིན་མཚམས་སྦྱོར་བ་མེད་པ་དང། རྟོག་དཔྱོད་ལས་འདས་པ་དང། གང་ཟག་ལ་བདག་མེད་པར་རྟོགས་པ་དང། ་ཉོན་མོངས་པའི་རྒྱུ་ལྟ་བུ་མེད་པ་དང། སྔོན་དང་ཕྱི་མའི་མཛའ་ལས་འདས་པ་དང། གཟུང་འཛིན་གྱི་དྲི་མ་བློ་བུར་དང་བྲལ་བས་རང་བཞིན་གྱིས་དག་པ་དང། འཇིག་རྟེན་གྱི་སྙོམས་པར་འཇུག་པའི་རོ་མྱོང་བའི་དྲི་མ་ཡིད་སིམ་པ་དང། ལུས་བདེ་བ་ལས་འདས་པ་དང། རང་བཞིན་གྱིས ་མྱ་ངན་ལས་འདས་པ་དང། འབྲས་བུ་མངོན་དུ་བྱས་པ་བརྩོན་འགྲུས་བརྩམས་པ་ལས་འདས་པ་དང། ཕུང་པོ་ལྔའི་མཚན་ཉིད་ལས་འདས་པ་དང། བསྣན་པ་དང་དོར་བ་མེད་པ་དང། ཀུན་གཞི་མེད་པ་དང། ཚོར་བ་རྣམ་པ་གསུམ་མེད་པས་གང་ལ་ཡང་ཆགས་པ་མེད་པ་དང། ་མ་སྐྱེས་པ་དང། སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་མི་བརྟེན་པ་དང། ཟླ་མེད་པ་དང། ཕུང་པོ་གཞན་ལེན་པ་དང་བྲལ་བ་དང། ཉོན་མོངས་པ་མེད་པ་དང། ཕུང་པོ་ལྔ་དང་བྲལ་བ་དང་རང་བཞིན་གྱིས་ཞི་བ་དང། ཆོས་ཀྱི་དབྱིངས་སུ་འཇུག་པ་དང། དབང ་པོ་དང་ཡུལ་གྱིས་མ་བསྐྱེད་པས་བསྟན་ཏོ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་སངས་རྒྱས་རྗེས་སུ་དྲན་པ་ལ་བྱའོ། །དམིགས་པ་ཐམས་ཅད་ལ་མི་གནས་པ་ཞེས་བྱ་བས་ཡོད་པ་དང་མེད་པ་ལ་མི་དམིགས་པ་བསྟན་ཏེ། དམིགས་པ་ཐམས་ཅད་ནི ་ཡང་ན་ནི་ཡོད་པ་ལ་དམིགས། ཡང་ན་ནི་མེད་པ་ལ་དམིགས་པ་ཡིན་ན། །དེའི་དུས་ན་ཡོད་པར་ཡང་མི་དམིགས། མེད་པར་ཡང་མི་དམིགས་པས་ན་དམིགས་པ་ཐམས་ཅད་ལ་མི་གནས་པ་ཞེས་བྱའོ། །མཚན་མ་ཐམས་ཅད་མི་ལྡང་བ་ཞེས་བྱ་བས་རྣམ་པར་རྟོགས་པ་ལས ་ཤིན་ཏུ་འདས་པ་བསྟན་ཏོ། །མཚན་མའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང། སྐྱེས་པ་དང། བུད་མེད་ལ་སོགས་པར་རྟོག་པ་སྟེ། དེ་ལྟ་བུའི་མཚན་མ་སེམས་ལ་མི་འབྱུང་བས་ནི་མི་ལྡང་བ་ཞེས་བྱའོ་གཡོ་བ་དང་སེམས་པ་དང། བསྐྱོད་པ་ཐམས་ཅད་ཀྱི་རྒྱུ་བ་མེད་པ་ཞེས་བྱ་བས་ངག་དང ་སེམས་དང་ལུས་ཀྱིས་བསྐྱོད་པའི་སྤྲོས་པ་མེད་པར་བསྟན་ཏེ། ཚིག་ཏུ་འབྱིན་པ་ནི་གཡོ་བའོ། །སེམས་ལ་རྟོག་པ་ནི་སེམས་པའོ། །ལུས་ཀྱི་འགུལ་བསྐྱོད་པ་སྟེ། དེ་གསུམ་ཆར་མེད་པ་ནི་རྒྱུ་བ་མེད་པའོ་མཐོང་བ་དང་ཐོས་པ་དང། བྱེ་བྲག་ཕྱེད་པ་དང་རྣམ་པར་རིག་པར་མི་སྐྱེ་ཞེས ་བྱ་བས་ཐ་སྙད་མེད་པར་བསྟན་ཏེ། མཐོང་བ་ལ་སོགས་པས་གཞན་དག་ལ་ཐ་སྙད་དུ་བྱེད་པ་མེད་དོ། དེ་དག་ཐམས་ཅད་སྤངས་པས་ན། མི་སྐྱེ་བ་ཞེས་བྱའོ། །དབང་པོ་དང་རྣམ་པར་གྲོལ་བའི་མཚན་ཉིད་ཐམས་ཅད་ཀྱི་རྗེས་སུ་མི་འགྲོ་བ་ཞེས་བྱ་བས་ཉན་ཐོས་ཀྱི་རྣམ་པར་གྲོལ་བར་མ ་ལྷུང་བ་བསྟན་ཏེ། དབང་པོ་ནི་དད་པ་ལ་སོགས་པ་སྟེ། གང་གིས་རྣམ་པར་གྲོལ་བར་བྱེད་པའོ། །རྣམ་པར་གྲོལ་བ་ན་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་སྟེ། གང་དུ་རྣམ་པར་གྲོལ་བའོ། །སྟོང་པ་ཉིད་དུ་དམིགས་ཀྱང་དེའི་ཚེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མ་ལྟུང་བས་ན། རྗེས་སུ ་མི་འགྲོ་བ་ཞེས་བྱའོ། །སེམས་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་མེད་པ་ཞེས་བྱ་བས་ཉིང་མཚམས་སྦྱོར་བ་མེད་པར་བསྟན་ཏེ། སེམས་ཀྱི་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་མ་རྣམས་རྒྱུན་དུ་འབྱུང་བ་ནི་སེམས་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་ཞེས ་བྱའོ། །དེའི་དུས་ན་སེམས་ཀྱི་སྐད་ཅིག་མ་སྔ་མའི་རྗེས་སུ་ཕྱི་མ་འཇུག་པ་མེད་པས་ན་མཚམས་སྦྱོར་བ་མེད་པ་ཞེས་བྱའོ། །རྟོག་དང། རྣམ་པར་རྟོག་པ་མེད་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བས་རྟོག་དཔྱོད་ལས་འདས་པ་བསྟན་ཏེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན ་མོངས་པ་རྣམས་ལ་རྟོག་པ་ནི་རྟོག་པའོ། །དད་པ་དང་ཤེས་རབ་ལ་སོགས་པ་རྣམ་པར་བྱང་བ་ལ་རྟོག་པ་ནི་རྟོག་པ་སྟེ། དེའི་དུས་ན་དེ་གཉིག་ལ་རྟོག་པ་མེད་པའི་ཕྱིར་ཉེ་བར་ཞི་ཞེས་བྱའོ། །ཉེས་པ་དང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བཅོམ་པ་ཞེས་བྱ་བས་གང་ཟག་ལ་བདག་མེད་པར་རྟོག ་པ་བསྟན་ཏེ། ཆགས་པ་དང་ཁོང་ཁྲོ་བ་ཉིད་སྐྱོན་ཡིན་པས་ན་ཉེས་པ་ཞེས་བྱའོ། །གང་ཟག་ལ་བདག་མེད་པར་རྟོགས་ཏེ། ལག་མཐིལ་དང་ནམ་མཁའ་མཉམ་ཞིང། སྟེའུ་དང་ཙན་དན་དུ་འདྲ་བར་འཛིན་པ་ལ་དེ་གཉིས་མེད་པས་ན་བཅོམ་པ་ཞེས་བྱའོ། ། ་རྒྱུའི་མཚན་ཉིད་རྣམ་པར་ཆད་པ་ཞེས་བྱ་བ་ཉོན་མོངས་པའི་རྒྱུ་ལྟ་བུ་མེད་པར་བསྟན་ཏེ། ཉོན་མོངས་པ་རྣམས་ཀྱི་རྒྱུ་ནི་བདག་ཏུ་ལྟ་བ་སྟེ་བདག་ཏུ་ལྟ་བ་སྤངས་པས་ན་རྒྱུའི་མཚན་ཉིད་རྣམ་པར་ཆད་པ་ཞེས་བྱའོ། །ཕ་རོལ་ངང་ཚུལ་རོལ་དང་དབུས་དང་འཐར་འཛིན་པ་ཐམས་ཅད་ཡང ་དག་པར་ཆད་པ་ཞེས་བྱ་བས་སྔོན་དང་ཕྱི་མའི་མཛའ་ལས་འདས་པ་བསྟན་ཉེད་དེ་ལ་འདས་པའི་དུས་སུ་རྟོག་པ་ནི་ཕ་རོལ་གྱི་མཐར་འཛིན་པའོ། །མ་འོངས་པའི་དུས་སུ་རྟོག་པ་ན། ཚུ་རོལ་གྱི་མཛའ་འཛིན་པའོ། །ད་ལྟར་གྱི་དུས་སུ་རྟོག་པ་ནི་དབུས་ཀྱི་མཛའ་ཛིན་པ་སྟེ། དུས་གསུམ་ལ ་རྟོག་པ་མེད་པས་ན་མཛའ་འཛིན་པ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱའོ། །སྒྲོ་བཏགས་པ་མེད་པས་འོད་གསལ་བ་ཞེས་བྱ་བས་གཟུང་འཛིན་གྱི་དྲི་མ་གློ་བུར་དང་བྲལ་བས་རང་བཞིན་གྱིས་དག་པར་བསྟན་ཏེ། བཟུང་བ་དང་འཛིན་པ་ཡོད་པར་རྟོག་པ་ནི་སྒྲོ་བཏགས་པ་ཞེས་བྱའོ། ། ་བཟུང་བ་དང་འཛིན་པ་ཡོད་པ་མི་རྟོགས་པས་ན་འོད་གསལ་བ་ཞེས་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཕྱེ་བ་མེད་པའི་ཕྱིར་དགའ་བ་མེད་པ་དང། མྱང་བ་མེད་པའི་ཕྱིར་བདེ་བ་མེད་པ་ཞེས་བྱ་བས་འཇིག་རྟེན་གྱི་སྙོམས་པར་འཇུག་པའི་རོ་མྱང ་བའི་དྲི་མ་ཡིད་སིམ་པ་དང། ལུས་བདེ་བ་ལ་འདས་པ་བསྟན་ཏེ། ཡིད་སིམ་པ་མེད་པའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །མྱང་བ་ནི་སེམས་ཀྱི་བསམ་གཏན་གྱི་རོ་མྱང་བ་སྟེ། བསམ་གཏན་གྱི་རོ་མྱང་བ་མེད་པའི་ཕྱིར་ལུས་བདེ་བ་མེད་པའོ། །བཟོད་མ་ནས་ཞི་བས་ཡོངས་སུ་གདུང་བ་མེད ་པ་ཞེས་བྱ་བས་རང་བཞིན་གྱིས་མྱ་ངན་ལས་འདས་པ་བསྟན་ཏེ། གཙོང་མ་ནས་མ་འོངས་པའི་དུས་ཏེ། དེའི་དུས་ནས་ཀྱང་ཞི་བ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །འབད་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་བའི་མཚན་ཉིད་དོ་ཞེས་བྱ་བས་འབྲས་བུ་མངོན ་དུ་བྱས་པས་བརྩོན་འགྲུས་བཙམས་པ་ལས་འདས་པ་བསྟན་ཏེ་འབད་པ་ནི་མཉམ་པ་དང། བསམ་པ་དང་བསྒོམ་པ་ལ་སོགས་པ་བརྩོན་འགྲུས་རྩམ་པ་སྟེ། རྣམ་པར་གྲོལ་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་མཉན་པ་ལ་སོགས་པའི་བརྩོན་འགྲུས་བརྩམས་པ་མེད་པས་འབད ་པ་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །གཟུགས་མེད་པས་ལུས་མེད་པའོ། །ཚོར་བ་མེད་པས་ཚོར་བར་གྱུར་བ་མེད་པའོ། །མདུང་བ་མེད་པས་མདུང་བ་དང་བྲལ་བ་མེད་པའོ། །འདུ་མི་བྱེད་པས་འདུས་མ་བྱས་པའོ། །རྣམ་པར་ཤེས་པ་མེད་པས་རྣམ་པར་མ་རིག་པའི་མཚན་ཉིད་དོ ་ཞེས་བྱ་བས་ཕུང་པོ་ལྔའི་མཚན་ཉིད་ལས་འདས་པ་བསྟན་ཏེ། ཐོགས་པ་དང་བཅས་པའི་གཟུགས་མེད་པས་ན་ཆོས་ཀྱི་དབྱིངས་དེ་ལུས་མེད་པ་ཞེས་བྱའོ། །བདེ་བ་དང་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་མེད་པས་ན། བདེ་བ་ལ་སོགས་པར་ཚོར་བར་གྱུར་བ་མེད་པ་ཞེས་བྱའོ། ་ཡུལ་ལ་མཚན་མར་འཛིན་པ་ནི་མདུང་པ་ཞེས་བྱ་སྟེ། ཡུལ་ལ་མཚན་མར་འཛིན་པ་མེད་པས་ན་མདུང་པ་མེད་པ་ཞེས་བྱའོ། །དེ་བས་ན་མདུད་པ་དང་བྲལ་བ་སྟེ། མཚན་མར་འཛིན་པ་དང་བྲལ་བ་ཅེས་བྱ་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་མངོན་པར་འདུ་མི་བྱེད་པས་འདུས་མ ་བྱས་ཞེས་བྱའོ། །རྣམ་པར་ཤེས་པ་བདུན་ལ་སོགས་པ་མེད་པས་ན་རྣམ་པར་ཤེས་པ་མེད་པ་སྟེ། དེ་བས་ན་རྟོག་པར་མི་རུང་བའི་མཚན་ཉིད་དོ། །མི་འཛིན་པས་ལེན་པ་མེད་པའོ། །མི་སྟོང་པས་ན་དོར་བ་མེད་པའོ་ཞེས་བྱ་བས་བསྣན་པ་དང་དོར་བ་མང་པ་བསྟན་ཏེ། ཏིང་ངེ་འཛིན་གྱི ་སྐྱོན་མཚན་མ་ཡིན་ལ་མི་བྱེད་པས་ན། ཡིད་ལ་མི་འཛིན་པས་ཏེ། ལེན་པ་མེད་པ་ཞེས་བྱའོ། །དེ་ལྟ་མོད་ཀྱི་དེ་ཁོ་ན་བསྒོམ་པ་མི་གཏོང་བས་ན་དོར་བ་མང་བ་ཞེས་བྱའོ། །གནས་མེད་པས་མི་གནས་པའོ་ཞེས་བྱ་བས་ཀུན་གཞི་མདོ་བསྟན་ཏེ། གནས་ནི་ས་བོན་ཐམས་ཅད་ཀྱི ་རྟེན་ཀུན་གཞི་རྣམ་པར་ཤེས་པའོ། །དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་མེད་པས་ན་གནས་མེད་པ་སྟེ། དེ་ལྟ་བག་ཆགས་ཐམས་ཅད་མི་གནས་པའི་ཕྱིར་མི་གནས་པ་ཞེས་བྱའོ། །ཚོར་བ་དང། ལ་བས་མི་འདུག་པའོ་ཞེས་བྱ་བས་ཚོར་བ་གསུམ་མེད་པས་གང་ལ་ཡང་ཆགས ་པ་མེད་པ་བསྟན་ཏེ། བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམ་པ་གསུམ་དང་བྲལ་བས་མི་འདུག་པ་སྟེ། ཅི་ལ་ཡང་མ་ཆགས་པ་ཞེས་བྱ་བའི་དོན་ཏོ། །མི་འབྱུང་བས་ན་འབྱུང་བར་མི་འགྱུར་བའི ་མཚན་ཉིད་དོ་ཞེས་བྱ་བས་མ་སྐྱེས་པ་བསྟན་ཏེ། མི་འབྱུང་བ་ཞེས་བྱ་བ་ནི་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །མ་སྐྱེས་པས་མེད་པར་མི་འགྱུར་བ་ནི་ཕྱིས་ཀྱང་འགག་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དྲན་པ་དང་ཡིད་ལ་བྱེད་པ་དང། སེམས་པ་དང། སེམས་ལས་བྱུང ་བའི་ཆོས་ཐམས་ཅད་ཀྱིས་མ་བཟུང་བ་ཞེས་བྱ་བས་སེམས་ལས་བྱུང་བའི་ཚོགས་ལ་མི་རྟེན་པ་བསྟན་ཏེ། དངོས་པོ་རྣམས་མ་བརྗེད་པ་ནི་དྲན་པའོ། །དེ་ཉིད་ཡང་ནས་ཡང་དུ་སེམས་པ་ན་ཡིད་ལ་བྱེད་པ་སྟེ་དྲན་པ་དང་ཡིད་ལ་བྱེད་པ་དང། དད་པ་དང་བརྩོན་འགྲུས་ལ་སོགས་པ ་སེམས་དང་སེམས་ལས་བྱུང་བའི་ཚོགས་གང་ལ་ཡང་མི་བརྟེན་པས་ན་མ་བཟུང་བ་ཞེས་བྱའོ། །མཆོག་ཏུ་འཛིན་པ་མེད་པ་ཞེས་བྱ་བས་ཟླ་མེད་པ་བསྟན་ཏེ། མཆོག་ཏུ་འཛིན་པ་ན་ཕན་ཚུན་དུ་འགྲན་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་འགྲན་པའི་འགྲན་ཟླ་མེད ་པས་ན་མཆོག་ཏུ་འཛིན་པ་མེད་པ་ཞེས་བྱའོ། །ལེན་པ་མེད་པ་ཞེས་བྱ་བས་ཕུང་པོ་གཞན་ལེན་པ་དང་བྲལ་བ་བསྟན་ཏེ། ལེན་པ་ནི་ཚེ་རབས་གཞན་དུ་ཕུང་པོ་ལེན་པ་སྟེ། དེ་མེད་པས་ན་ལེན་པ་མེད་པ་ཞེས་བྱའོ། །འབར་བ་མེད་པ་ཞེས་བྱ་བས་ཉོན་མོངས་པ་མེད་པ་བསྟན ་ཏེ། འབར་བ་ནི་ཉོན་མོངས་པ་རྣམས་ལ་བྱ་སྟེ། དེ་དག་ཐམས་ཅད་སྤངས་པས་ན་འབར་བ་མེད་པ་ཞེས་བྱའོ། །རབ་ཏུ་ཞི་བ་ཞེས་བྱ་བས་ཕུང་པོ་ལྔ་དང་བྲལ་བ་བསྟན་ཏེ། ཕུང་པོ་ལྔ་སྤངས་པས་ན་རབ་ཏུ་ཞི་སྟེ། མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བའི་དོན་ཏོ། །གཟོད་མ ་ནས་མ་སྐྱེས་པ་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཞེས་བྱ་བས་རང་བཞིན་གྱིས་ཞི་བ་བསྟན་ཏེ། གཟོད་མ་ནས་མ་སྐྱེས་པ་ནི་དང་པོ་ནས་སྐྱེ་བ་མེད་པ་སྟེ། དེ་བས་ན་མི་སྐྱེ་བ་ལས་བྱུང་བས་ན་མི་སྐྱེ་བས་རབ་ཏུ་ཕྱི་བས་ཞེས་བྱའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་མཉམ་ཞིང ་མི་མཉམ་པ་མེད་པར་གྱུར་པ་ནམ་མཁའ་དང་མཚུངས་ཤིང་མཉམ་པ་ཞེས་བྱ་བས་ཆོས་ཀྱིས་དབྱིངས་སུ་འཇུག་པ་བསྟན་ཏེ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ཞེས་བྱ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དང། ཆོས་ཀྱི་དབྱིངས་གཉིས་མཚན་ཉིད་གཅིག་ཅེས་བྱ་བའི་དོན་ཏེ། །ཇི ་ལྟར་མཚན་ཉིད་གཅིག་སྙམ་པ་ལ། མཉམ་ཤིང་མི་མཉམ་པར་གྱུར་པ་མེད་པ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་དབྱིངས་དང་སངས་རྒྱས་རྗེས་སུ་དྲན་པ་གཉིས་མཉམ་སྟེ། འདྲ་ཞིང་མི་འདྲ་བ་མེད་པས་ན་མཚན་ཉིད་གཅིག་པའོ། །དཔེ་ཅི་དང་འདྲ་སྙམ་པ་ལ་ནམ་མཁའ་དང་མཚུངས ་ཤིང་མཉམ་པ་ཞེས་སྨོས་ཏེ། དཔེར་ན་ཤིང་དང་ཉེ་བའི་ནམ་མཁའ་དང། རྩིག་པ་དང་ཉེ་བའི་ནམ་མཁའ་མཚན་ཉིད་ཐ་དད་པ་མེད་དེ། འདྲ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་དང་སངས་རྒྱས་རྗེས་སུ་དྲན་པ་གཉིས་ཀྱང། མཚན་ཉིད་མི་དྲན་མེད་དེ། མཚུངས་པའི་ཕྱིར་རོ། །མིག་དང་གཟུགས ་ཀྱི་ལམ་ལས་འདས་པ་དེ་བཞིན་དུ་རྣ་བ་དང་སྒྲ་དང་སྣ་དང། དྲི་དང་ལྕེ་དང་རོ་དང་ལུས་དང་རེག་བྱ་དང། ཡིད་དང་ཆོས་ཀྱི་ལམ་ལས་འདས་པ་ཡིན་ཞེས་བྱ་བས་དབང་པོ་དང་ཡུལ་གྱིས་མ་བསྐྱེད་པ་བསྟན་ཏེ། མིག་གི་དབང་པོ་དང་གཟུགས་གཉིས་ཀྱིས་མ་བསྐྱེད་པས་ན་ལམ་ལས ་འདས་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཏིང་ངེ་འཛིན་དེའི་འབྲས་བུ་ཐོབ་པ་བསྟན་པའི་ཕྱིར་སྨྲས་པ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་རྗེས་སུ་དྲན་པ་འདི་འདྲ་བ་ཞེས་བྱ་བ་ལ་སངས་རྒྱས་རྗེས་སུ་དྲན་པ་གོང་དུ་བཤད་པ ་ལྟ་བུ་བྱང་ཆུབ་སེམས་དཔའ་དེ་དག་གིས་རབ་ཏུ་འཐོབ་སྟེ་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་དང་ཆགས་པ་མེད་པར་ཤེས་པ་ཡེ་ཤེས་ནི། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། དོན་དུ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཞེས་བྱ་བ་ནི་རྗེས་སུ་དྲན་པ་དེ་ཐོས་ནས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པས་བཤད་པའི་གསུང་རབ་ཡན་ལག་སྟེ་བཅུ་གཉིས་ལ་སོགས་པའི་དང་ཚིག་རྣམས་འཛིན ་ཅིང་མི་རྗེད་པའི་ཕྱིར། བརྗེད་པར་མི་བྱེད་ཅེས་བྱའོ། །དྲན་པར་ཡང་མི་བྱེད་ཅེས་བྱ་བ་ནི་དོན་དམ་པར་ན་ཆོས་དེ་དག་ཀྱང་སྟོང་པས་བཏགས་པ་ཙམ་དུ་ཟད་དེ་ཡོད་པ་མ་ཡིན་པས་ན་དྲན་པར་ཡང་མི་བྱེད་དོ། །སྒྲའི་དོན་ཐམས་ཅད་རྣམ་པར་ངེས་པ་ཞེས ་བྱ་བ་ནི་བཤད་པར་བྱ་བའི་ཆོས་ཐམས་ཅད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའི་དོན་ཀྱང་རྙེད་པར་འགྱུར་ཞེས་དོན་ཏོ། །ཇི་ལྟར་འདི་ན་ཞེས་བྱ་བ་ལ། ཇི་ལྟར་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་འདི་ན་གཉིས་ཀྱི་རྒྱུ་དང་རྐྱེན་གྱིས་ཡང་དག་པའི་ལྟ་བ་སྟོན་ཏེ། གཞན་གྱིས་བཤད ་པའི་སྒྲའི་རྐྱེན་དང། སོ་སོ་རང་གིས་རིག་པའི་རྒྱུ་གཉིས་ཀྱི་ཡང་དག་པའི་ལྟ་བ་སྟོན་ཏོ། །དེ་ལྟར་སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་དེ་ནི་གཉིས་ཀྱི་རྒྱུ་དང་རྐྱེན་ཀྱི་ལྟ་བ་མི་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སྒྲས་ཆོས་འཆད་པ་ནི་མེད་ཀྱི། བྱང་ཆུབ་སེམས་དཔའ་དེ་དག་ཚུལ་བཞིན་ཡིད་ལ་བྱེད ་པས་ཡང་དག་པའི་ལྟ་བ་བསྐྱེད་པའི་ཕྱིར་རོ། །དེ་ལ་གཞན་གྱིས་སྒྲས་ནི་ལྷན་ཅིག་བྱེད་པའི་གྲོགས་བསྟན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པས་གཙོ་བོའི་རྒྱུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་བ་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དེའི་འབྲས་བུ་བསྟན་ཏེ། དོན་རྣམ་པར་ངེས་པ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཚུལ་གྱིས་མཚན་མ་ཐམས་ཅད་རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཉིད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་གཏན་ལ་ཕབ་ཅིང་མ་ནོར་བར་ཤེས་པ་ཡིན་པའི་ཕྱིར ་དོན་རྣམ་པར་ངེས་པ་ཞེས་བྱ་སྟེ། དེ་ཆུང་བ་ལས་ཕ་རོལ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་དོན་རྣམ་པར་ངེས་པ་ཁོང་དུ་ཆུད་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་རྫོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་གང་གཟུངས་ཀྱི ་མཚན་ཉིད་ལ་ཆགས་པ་སྤངས་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སྔར་སྨོས་པའི་ཚུལ་གྱིས་གཟུགས་ཀྱི་མཚན་ཉིད་དུ་འདུ་ཤེས་པའི་མཚན་མ་ལ་མ་ཆགས་ཤིང་གཟུགས་ཀྱི་མཚན་ཉིད་ལ་ཆགས་པ་ཡོངས་སུ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ་སྦྱིན་པ་ནི་གཏོང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གང་གཟུགས་ཀྱི་མཚན་ཉིད་རྒྱུན་གཅོད་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་རང་བཞིན་ནི་སྤྱོད་པ་ངན་པ་མི་ལེན་ཅིང་རྒྱུན་གཅོད་པ་ཡིན་ཏེ། མཚན་མ་ལ་སོགས་པ་མ་བླངས་བ་ལ་རྒྱུན་བཅད་པ ་ཞེས་བྱའོ། །གང་གཟུགས་ཀྱི་མཚན་ཉིད་ཟད་པའི་ཆོས་ཉིད་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། བཟོད་པ་ནི་མ་སྐྱེས་པའི་ཆོས་ལ་བཟོད་པ་ལ་བྱ་སྟེ། གཟུགས་ཀྱི་མཚན་ཉིད་ཟད་པ་དང། མེད་ཅིང་མ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ་།གང་གཟུགས་ཀྱི་མཚན་ཉིད་ལ་དབེན་པར ་མཐོང་བ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བརྩོན་འགྲུས་ནི་ཡང་དག་པའི་ཆོས་ཉིད་མཐོང་བར་བྱེད་པ་ལ་སྤྲོས་པར་བྱེད་པའི་མཚན་ཉིད་དོ། །གཟུགས་ཀྱི་རང་བཞིན་སྟོང་པའི་ངོ་བོ་ཉིད་དབེན་པར་མཐོང་བ་ལ་སྤྲོ་བར་བྱེད་པའི་ཕྱིར་རོ། །གང་གཟུགས་ཀྱི་མཚན་ཉིད་སེམས ་ལ་མི་གཞོག་པ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། གཟུགས་ཀྱི་མཚན་མ་ལ་སེམས་མ་གཡེངས་པ་ཞེས་བྱ་བའི་ཐ་ཚིག་གོ་།གང་གཟུགས་ཀྱི་མཚན་ཉིད་ལ་སྤྲོས་པའི་རྒྱུ་བ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། གཟུགས་ཀྱི་རང་དང་སྤྱིའི་མཚན ་ཉིད་སོ་སོར་འབྱེད་ཅིང་རྟོག་པའི་སྤྲོས་པ་མེད་པའི་ཤེས་རབ་ལ་བྱའོ། །རྣམ་པ་གཞན་དུ་ན་དོན་རྣམ་པར་ངེས་པ་ཞེས་བྱ་བ་ནི་ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་གཟུགས་ཀྱི་མཚན་ཉིད་དབེན་པར་མཐོང་ཞེས ་བྱ་བ་ལས་བརྩོན་འགྲུས་ནི་བྱ་བའི་དོན་བྱེད་པ་ཡིན་པས་གཟུགས་ཀྱི་མཚན་ཉིད་སྟོང་པར་མཐོང་བའི་བྱ་བའི་དོན་འགྲུབ་པར་བྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་སེམས་ལ་མི་འཇོག་ཅེས་བྱ་བ་ལ། བསམ་གཏན་ནི་མཚན་མ་ཐམས་ཅད་སྤོང་བར ་བྱེད་པ་ཡིན་པས་གང་གཟུགས་ཀྱི་མཚན་མ་སེམས་ལ་མི་འཛིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གཟུགས་ཀྱི་མཚན་ཉིད་ལ་སྤྲོས་པའི་རྒྱུ་བ་ཞེས་བྱ་བ་ལ། གང་གོང་དུ་བཤད་པའི་གཟུགས་ཀྱི་མཚན་མ་སྤྲོས་པར་བཤད་པ་ཐམས་ཅད་ལ་མི་འབྱུང་བ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཡིན་ནོ། །མཐུ་ཆེན་བསྟན་པ་ལས་བརྩམས་ནས་སྨྲས་བ། དེ་ནས་ཚེ་དང་ལྡན་པ་ཤ་རདྭཱ་ཏིའི་བུས་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དང་དད?་པའི་འཁོར་འདི་ཡང་དགེ་བའི་རྩ་བ་འཕེལ་བར་འགྱུར་ཞེས་བྱ་བ་ནི་འཁོར་འདི ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྟོན་པས་རྒྱ་ཆེན་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུ་དང། ཞེས་བྱ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་དོན་ཏོ། །གླེང་བསླང་བ་བཤད་ཟིན་ཏོ།། །།ཐེག་པ་ཆེན་པོ་ལས། ་བྱང་ཆུབ་སེམས་དཔའ་རྣམ་པ་བཅོ་ལྔར་བཤད་དེ། གོ་འཕང་ལ་གནས་པ་དང། ཐམས་ཅད་དུ་འགྲོ་བ་དང། ཆོས་ལ་གནས་པ་དང། སྙིང་རྗེ་བྱེད་པ་དང། མངོན་སུམ་དུ་གྱུར་པ་དང། ཡོངས་སུ་སྨད་པར་བྱེད་པ་དང། སྟོན་པར་བྱེད་པ་དང། འདོམས་པར་བྱེད་པ་དང་ཡོངས་སུ ་བྱང་བ་དང། བསྒོམ་པ་ལ་ཞུགས་པ་དང། སོ་སོར་རྟེན་པ་དང། སྟོན་པ་དང། ལྷུན་གྱིས་གྲུབ་པ་དང། བྱ་བ་བྱེད་པ་དང། དབང་ཐོབ་པའོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། གོ་འཕང་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གོ ་འཕང་ལ་གནས་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། འཇུག་པ་དང། རབ་ཏུ་ཞུགས་པའོ། །དེ་ལ་འཇུག་པ་ནི་སངས་རྒྱས་ལ་བསམ་པ་ཞུགས་པ་དང། ཆོས་དང་དགེ་འདུན་ལ་བསམ་པ་ཞུགས་པ་དང། སངས་རྒྱས་ལ་བརྟེན་པ་དང། ཆོས་དང་དགེ་འདུན་ལ་བརྟེན་པ་དང། སངས་རྒྱས ་ལ་ངེས་པར་གྱུར་པ་དང། ཆོས་དང་དགེ་འདུན་ལ་ངེས་པར་གྱུར་པའོ། །དེ་ལ་བསམ་པ་ཞུགས་པ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་ཤེས་པ་དང། ཉན་ཐོས་དང་རང་སངས ་རྒྱས་ལས་འཕགས་པས་ན་ཁྱད་པར་ཡོད་པར་ཤེས་པའོ། །རྟེན་པ་ནི་སྟོན་པར་ཁས་ལེན་པའོ། །ངེས་པར་གྱུར་པ་ནི་སྟོན་པ་དེ་ལས་གཞན་མེད་པའོ། །རབ་ཏུ་ཞུགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་བསྟན་པའི་ཕྱིར། དེ་ནས་ཚེ་དང ་ལྡན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི། ཆོས་རྣམས་ཀྱི་གཞི་བསྟན་ཏེ། བསམ་པ་མི་ཟད་པ་ལ་སོགས་པ་འོག་ནས་སྨོས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྣམས་ཀྱི་གཞི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར་རོ། །ཅིའི ་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་མིང་བློ་གྲོས་མི་ཟད་པ་ཞེས་བཏགས་ཞེས་དྲིས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ལ་མི་ཟད་པ་རྣམ་པར་བཤད་པའི་གླེང་བསླང་བ་སྟེ། བྱང་ཆུབ་སེམས་དཔའ་དེའི་དྲེས་པའི་ལན་བཏབ་པ་ལས་མི་ཟད་པ་རྣམས་བཤད་པའི་ཕྱིར། །དེ་ལ་བློ་གྲོས ་མི་ཟད་པ་ཞེས་བྱ་བ་འདི་ཆོས་ཐམས་ཅད་ཀྱི་དམིགས་པའི་རྒྱུ་མཐུན་པའོ་ཞེས་བྱ་བ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་ནི་མི་འགྱུར་བའི་ངོ་བོ་ཉིད་པས་མི་ཟད་པའོ། །དེ་ལ་དམིགས་པའི་ཤེས་རབ་ཀྱང་དེ་དང་ཐ་མི ་དད་པས་མི་ཟད་པ་སྟེ། དེ་ལྟ་བུའི་མི་ཟད་པ་ལ་དམིགས་པའི་རྒྱུ་ལས་ཡོངས་སུ་དག་པའི་བློ་གྲོས་བྱུང་བ་དེ་ནི་རྒྱུ་མཐུན་པ་ཞེས་བྱ་སྟེ། རྒྱུ་དང་འབྲས་བུ་འདྲ་བ་ཞེས་བྱ་བའི་དོན་ཏོ། །བློ་གྲོས་ནི་ཤེས་རབ་ཀྱི་རྣམ་གྲངས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སོགས་ཆོས་ཀྱི ་རབ་ཏུ་དབྱེ་བ་མཛའ་ཡས་པ་ལ་ཡང་ཆོས་ཐམས་ཅད་ཅེས་བྱ་སྟེ། དེ་དག་རྒྱུ་དང་དུས་ལ་སོགས་པའི་སྒོ་ནས་ཟད་པར་མི་འགྱུར་བ་ལ་དམིགས་པས་དེ་སྐད་ཅེས་བྱ་སྟེ། དེ་ནས་ནི་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ་ཞེས་གསུངས་སོ།། ་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་ཟད་པ་བསྟན་པ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག་ཅེས་བྱ་བ་ནི་ཆོས་མི་ཟད་པ་ལྟ་བུར་ཤོད་ཅེས་བྱ་བའི་ཐ་ཚིག་གོ་།བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ་སེམས ་བསྐྱེད་པ་ཡང་མི་ཟད་པ་ལ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་ཟད་པ་བསྟན་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འབའ་ཞིག་མི་ཟད་པར་ཡང་མ་ཟད་ཀྱི། བསམ་པ་ལ་སོགས་འོག་ནས་འབྱུང་བ་རྣམས་ཀྱང་མི་ཟད་པ་ཞེས་བྱ་བར་བསྟན་ཏོ། །སེམས ་བསྐྱེད་པ་དེ་ཡང་གསུམ་གྱིས་མི་ཟད་པ་ཤེས་པར་བྱ་སྟེ། གང་ཞེ་ན། སེམས་བསྐྱེད་པ་མི་ཟད་པ་གང་ཡིན་པ་དང། རྒྱུ་གང་གིས་མི་ཟད་པ་དང། ཇི་ལྟར་མི་ཟད་པ་ལས་བརྩམས་ནས་སེམས་བསྐྱེད་པ་མི་ཟད་པར་ཤེས་པར་བྱའོ། །སེམས་བསྐྱེད་པ་མི ་ཟད་པ་གང་ཡིན་པ་ནི་རྣམ་པ་བདུན་གྱིས་བསྟན་ཏོ། །གང་ཞེ་ན་ལས་དང་པོའི་སེམས་བསྐྱེད་པ་མི་ཟད་པ་དང། ས་དང་པོའི་སེམས་བསྐྱེད་པ་མི་ཟད་པ་དང། ས་གསུམ་པའི་སེམས་བསྐྱེད་པ་མི་ཟད་པ་དང། ས་བཞི་པའི་སེམས་བསྐྱེད་པ་མི་ཟད་པ་དང། ས་བརྒྱད ་པའི་སེམས་བསྐྱེད་པ་མི་ཟད་པ་དང། ས་དགུ་པའི་སེམས་བསྐྱེད་པ་མི་ཟད་པ་དང། ས་བཅུ་བའི་སེམས་བསྐྱེད་པ་མི་ཟད་པའོ། །རྒྱུ་གང་གིས་མི་ཟད་པ་ནི་རྒྱུ་རྣམ་པ་བདུན་གྱིས་སྟོན་ཏེ། གང་ཞེ་ན། རྟག་པར་དགེ་བ་དང། རང་བཞིན་གྱིས་ཡོངས་སུ་མི་སྤོང་བ་དང། རང་བཞིན་མི ་གཏོང་པ་དང། རང་གི་ལས་བྱེད་པ་དང། རྟག་པར་འབྲས་བུ་ཡོངས་སུ་སྡུད་པ་དང། རྒྱུ་ཡོངས་སུ་མི་ཟད་པ་དང། དོན་དམ་པའོ། །ཇི་ལྟར་མི་ཟད་པ་ནི་རྣམ་པ་གཉིས་ཀྱིས་སྟོན་ཏེ་གང་ཞེ་ན་རྒྱུན་མི་ཟད་པ་དང། སྐད་ཅིག་གིས་འཇིག་པ་མི་ཟད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ ་སེམས་བསྐྱེད་པ་ཡང་མི་ཟང་པའོ་ཞེས་བྱ་བས་སེམས་བསྐྱེད་པ་རྣམ་པ་བདུན་ལས། ལས་དང་པོ་པའི་སེམས་བསྐྱེད་པ་མི་ཟད་པ་བསྟན་ཏེ། དེ་ཡང་ཅིའི་ཕྱིར་མི་ཟད་ཅེ་ན། རྒྱུ་རྣམ་པ་བདུན་ལས་རང་གི་ལས་བྱེད་པ་ཡན་ཆད་རྒྱུ་རྣམ་པ་བཞིས་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ་མ་འདྲེས་པའི་ཕྱིར་རོ་ཞེས་བྱ་བས་ལས་དང་པོ་པའི་སེམས་བསྐྱེད་པ་ཅིའི་ཕྱིར་མི་ཟད་པའི་རྒྱུ་བསྟན་པ་སྟེ། དེ་བས་ན་སེམས་དེ་ནི་ཐམས་ཅད་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྐྱེས་སོ་ཞེས་བྱ་བས་བརྟག་པར་དགེ་བ་བསྟན་ཏེ། ཅིའི་ཕྱིར་ཞེ་ན་གློ་བུར་གྱི་ཉོན་མོངས་པ་དང་འདྲེས་ན་ནི ་ཉོན་མོངས་པ་དང་འདྲེ་བས་ཕྱིས་ཀྱང་ཟད་པར་འགྱུར་ན་ཐོག་མ་སེམས་བསྐྱེད་པའི་ཚེ་ནས་ཉོན་མོངས་པ་རྣམས་དང་མ་འདྲེས་ཏེ། ངོ་བོ་ཉིད་ཀྱི་དག་པ་ཡིན་པའི་ཕྱིར་དེ་ལ་ཟད་པ་མི་སྲིད་པས་མི་ཟད་པ་ཞེས་བྱའོ། །ཐེག་པ་གཞན་ལ་འདོད་པ་མེད་པས་སེམས་དེ་མ་འབྲེལ་བར་སྐྱེས་སོ ་ཞེས་བྱ་བས་རང་བཞིན་ཡོངས་སུ་མི་སྤོང་བ་བསྟན་ཏེ། ཐེག་པ་གཞན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ། །དེ་ལ་འདོད་པ་མེད་པ་ནི་དང་པོ་ནས་ཐེག་པ་དེ་གཉིས་སུ་སེམས་མ་བསྐྱེད་པ་སྟེ། དེ་བས་ན་ཐེག་པ་དེ་གཉིས་དང་མ་འབྲེལ་བར་སྐྱེས་པ་ཞེས་བྱའོ། །ཕ་རོལ ་རྒོལ་བ་ཐམས་ཅད་ཀྱི་མི་འཕྲོགས་བས། སེམས་དེ་ནི་སྲ་བར་སྐྱེས་སོ་ཞེས་བྱ་བས་རང་བཞིན་མི་གཏོང་བར་བསྟན་ཏེ། ཕ་རོལ་རྒོལ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པའི་ཚོགས་རྣམས་སོ། །མི་འཕྲོགས་པ་ནི་དེ་དག་གི་མི་ཚུགས་ཤིང་དེ་དག་གིས་དབང་དུ་མི་འགྱུར་བ་སྟེ། མུ་སྟེགས་ལ ་སོགས་པ་ཕས་གྱིས་རྒོལ་བ་རྣམས་ཀྱིས་མི་ཚུགས་ཤིང་དེ་དག་གི་དབང་དུ་མི་འགྱུར་བས་ན་སྲ་བ་ཞེས་བྱའོ། །དེ་ལ་ལས་དང་པོ་བའི་རང་གིས་ལས་བྱེད་པའང་རྣམ་པ་ལྔ་སྟེ། གང་ཞེ་ན། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་དང། གཡེང་བ་ཡོངས་སུ་ཤེས་པ་དང། ཉོན་མོངས་པ་མེད ་པར་འཁོར་བ་ཁས་ལེན་པ་དང། ཆོས་ཀྱི་དོན་བཅལ་བས་མི་ངོམས་པ་དང། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །དེ་ལ་སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་པའོ་ཞེས་བྱ་བས་ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་བསྟན་ཏེ། བདུད་རྣམས་ཀྱི་བྱང་ཆུབ་ཀྱི ་སེམས་དེ་དང། བྱང་ཆུབ་སེམས་དཔའ་ཐ་དད་པར་དབྱེ་བར་མི་ནུས་པས་ན་མི་ཕྱེད་པར་སྐྱེས་པ་ཞེས་བྱ་སྟེ། བདུད་ཀྱི་དབང་དུ་གྱུར་ནས་བྱང་ཆུབ་ཀྱི་སེམས་མི་འདོར་བར་འགྱུར་བ་མེད་པ་ཞེས་བྱ་བའི་དོན་ཏོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་སེམས་དེ་ནི ་བསྟན་པར་སྐྱེས་སོ་ཞེས་བྱ་བས་གཡེང་བ་ཡོངས་སུ་སྤོང་བ་བསྟན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་རྒྱུ་ལས་འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང། གཏི་མི་མུག་པ་ལ་སོགས་པ་དགེ་བའི་རྩ་བ་ཐམས་ཅད་འགྲུབ་པར་གྱུར་ཏེ། དགེ་བའི་རྩ་བ་ཐམས་ཅད་འགྲུབ་པའི་རྒྱུ་བྱེད་པས་ན ་བསྟན་པ་ཞེས་བྱའོ། །འདུས་བྱས་མི་རྟག་པར་ཤིན་ཏུ་རིགས་པས་སེམས་དེ་ནི་རྟག་པར་སྐྱེས་སོ་ཞེས་བྱ་བས་ཉོན་མོངས་པ་མེད་པར་འཁོར་བར་ཁས་ལེན་པ་བསྟན་ཏེ། ཁམས་གསུམ་གྱིས་འདུས་བྱས་ཐམས་ཅད་ཤིན་ཏུ་མི་རྟག་པར ་རིག་པས་ནི་སེམས་དེ་ནི་རྟག་པར་སྐྱེས་ཏེ་འཁོར་བའི་ཉོན་མོངས་པའི་དབང་དུ་མ་གྱུར་པར་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པས་སེམས་མི་གཡོ་བར་སྐྱེས་སོ་ཞེས་བྱ་བས་ཆོས་ཀྱི་དོན་བརྩལ་བས་མི ་ངོམས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་ལ་བསྟན་ནས་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་འདུ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་འགྱུར་བའི་གཞི་དང། རྟེན་བྱེད་པའི་ཕྱིར་མི་གཡོ་བས་ཞེས་བྱའོ། །ལོག་པར་སྒྲུབ་པ་ཐམས ་ཅད་དང་བྲལ་བས་སེམས་དེ་ནི་མི་རྫི་བར་སྐྱེས་སོ་ཞེས་བྱ་བས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྟན་ཏེ། ལོག་པར་བསྒྲུབ་པ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དང། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་ལ་སོགས་པ་མི་དགེ་བ་བཅུ་རྣམས་སྤྱོད་པ་སྟེ། མི ་དགེ་བ་བཅུ་རྣམས་ཀྱིས་མ་སྤགས་ཤིང་མི་དགེ་བདག་གི་དབང་དུ་མ་གྱུར་པར་ན་མི་རྫི་བ་ཞེས་བྱའོ། །རང་གི་ལས་བྱེད་པའི་རྒྱུ་གཅིག་གིས་སེམས་བསྐྱེད་པ་ལྷག་མ་དྲུག་རྣམས་མི་ཟད་པར་རིག་པར་བྱའོ། །དེ་ལས་དང་པོ་བའི་སེམས་བསྐྱེད་པར་ནི་རང་གི་ལས་རྣམ་པ་བདུན་གྱིས ་བསྟན་ཏེ། གང་ཞེ་ན། རྟག་པར་མཉམ་པར་བཞག་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་ཟིལ་གྱིས་གནོན་པ་དང། གང་ཟག་ལ་བདག་མེད་པར་རྟོག་པ་དང། གཉེན་པོ་བསྒོམ་པ་ལ་གནས་པ་དང། བསམ་པ་རྒྱ་ཆེན་པོ་རྣམ་པར་སྤྱད་པ་དང། ཆེ་བ་ཉིད་ཀྱི ་བསམ་པ་རྣམ་པར་སྦྱོང་བ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྙེད་པའོ། །དེ་ལ་མི་བསྐྱོད་པས་ན་སེམས་དེ་ནི་ཤིན་ཏུ་བརྟན་པར་སྐྱེས་སོ་ཞེས་བྱ་བས་རྟག་པར་མཉམ་པར་བཞག་པ་སྟེ། ལོག་པའི་ཕྱོགས་དང་གཡེང་བ་གང་གི་མཁར་ཡང་མ་ལས་ཏེ། མི་གཡོ་ཤིང་བརྟན ་པར་འདུག་པས་ན་ཤིན་ཏུ་བརྟན་པ་ཞེས་བྱའོ། །གཉེན་པོ་མེད་པས་ན་སེམས་དེ་ནི་དཔེ་མེད་པར་སྐྱེས་སོ་ཞེས་བྱ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་ཟིལ་གྱིས་གནོན་པ་བསྟན་ཏེ། གཉེན་པོ་ནི་སྐབས་འདིར་ཟླ་ལ་བྱ་སྟེ། བྱང་ཆུབ་ཀྱི་སེམས་དེ་ལྟ་བུའི་དཔེར་རུང་བའམ། ་ཟླར་རུང་བ་གང་ཡང་མེད་པས་ན་དཔེ་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་ལ་ངེས་པར་འབིགས་པས་ན་སེམས་དེ་ནི་རྡོ་རྗེ་ལྟ་བུར་སྐྱེས་སོ་ཞེས་བྱ་བས་གང་ཟག་ལ་བདག་མེད་པར་རྟོགས་པ་བསྟན་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཆོས་རྣམས་འཇོམས་པ་འམ། ཆུད་པར་བྱ་བའི་ཆོས་རྣམས་ཕྱིན ་ཅི་མ་ལོག་པར་རྟོགས་པ་ལ། ངེས་པར་འབིགས་པ་ཞེས་བྱ་སྟེ། བརྩན་ཞིང་དྲག་པ་འམ། རྣོ་བ་ལ་རྡོ་རྗེ་ལྟ་བུ་ཞེས་གསུངས་སོ། །བསོད་ནམས་ཀྱི་ཆོགས་ཚད་མེད་བསགས་པས་ན་སེམས་དེ་ནི་མུ་མེད་པར་སྐྱེས་སོ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ ་ལས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་རྣམས་སྐྱེ་བས་ན་དེའི་ཕྱིར་མུ་མེད་ཅེས་གསུངས་སོ། །མཛའ་མེད་ཅེས་བྱ་བའི་དོན་ཏོ། །རྣམ་པ་གཉིས་སུ་ན་མོས་པ་སྤྱོད་པའི་སར་བསྐལ་པ་གཅིག་གི་བར་དུ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ལས་ས་དང་པོའི་སེམས་བསྐྱེད་པ་དེ་ ་འབྱུང་བས་ན་སེམས་དེ་ན་མུ་མེད་པར་སྐྱེས་སོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་ལ་སེམས་དེ་ནི་མཉམ་པར་སྐྱེས་སོ་ཞེས་བྱ་བས་བསམ་པ་རྒྱ་ཆེན་པོ་རྣམ་པར་སྦྱང་བ་བསྟན་ཏེ། ལེགས་པར་སེམས་པ་དང་ཉེས་པར་སེམས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ ་ཁོང་ཁྲོ་བ་མེད་པས་ན་མཉམ་པར་སྐྱེས་སོ། །ཐ་དད་དུ་བྱེད་པ་མེད་པས་ན་སེམས་དེ་ནི་མི་མཉམ་པ་མེད་པར་སྐྱེས་སོ་ཞེས་བྱ་བས་ཆེ་བ་ཉིད་ཀྱི་བསམ་པ་རྣམ་པར་སྦྱང་བ་བསྟན་ཏེ། བཟང་ངན་དང་མཐོང་མན་ལ་སོགས་པའི་འདུ་ཤེས་སྤངས་པས་མི་མཉམ་པ་མེད་པ་ཞེས་བྱའོ། །རང་བཞིན་གྱི་ཀུན ་ནས་ཉོན་མོངས་པ་མེད་པས་ན་སེམས་དེ་ནི་རྣམ་པར་དག་པར་སྐྱེས་སོ་ཞེས་བྱ་བས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྙེད་པར་བསྟན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་ནས་རྣམ་པར་དག་པ་ནི་མ་ཡིན་གྱི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཉིད་དུ་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །ས ་གཉིས་པའི་སེམས་བསྐྱེད་པ་ནི་དེ་ལ་ཚུལ་ཁྲིམས་དྲི་མ་མེད་པ་ཡོངས་སུ་མ་རྫོགས་པ་དང། འཆལ་བའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་མ་སྤངས་པས་མ་བཤད་དོ། །ས་གསུམ་པའི་སེམས་བསྐྱེད་པ་ཡང་རང་གི་ལས་རྣམ་པ་བཅུས་བསྟན་ཏེ། གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་པས་ལོག ་པའི་གཉེན་པོ་སེལ་བ་དང། བསམ་གཏན་ཐོབ་པ་མ་ཉམས་པ་དང། ཚད་མེད་པ་ཐོབ་པ་མ་ཉམས་པ་དང། མངོན་པར་ཤེས་པ་ལྔ་ཐོབ་པ་མ་ཉམས་པ་དང། ཟག་པ་ཟད་པ་མངོན་པར་ཤེས་པ་ལ་སྦྱོར་བ་དང། བསམ་གཏན་ལས་རྣམ་པར་ལོག་ཅིང་ས་འོག ་མར་སྐྱེ་བ་དང། དེ་ལྟར་སྐྱེས་ཀྱང་བསམ་གཏན་དེ་ཡོངས་སུ་མི་སྤོང་བ་དང། དེར་སྐྱེས་ནས་ཀྱང་མངོན་པར་འགྲོ་བས་དེ་བཞིན་གཤེགས་པས་བསྔགས་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟེན་དུ་གྱུར་པ་དང། བདུད་ཀྱི་ཡུལ་ཡིན་ཡང་བདུད་ཀྱི་ཡུལ་མ་ཡིན་པས་བསྟན་ཏོ། །དེ་ལ་ཤེས་རབ ་ཀྱི་འོད་གསལ་བའི་ཕྱིར་སེམས་དེ་ནི་དྲི་མ་མེད་པར་སྐྱེས་སོ། །ཞེས་བྱ་བས་ཚུལ་ཁྲིམས་རྣམ་པར་དག་པས་ལོག་པའི་གཉེན་པོ་སེལ་བར་བསྟན་ཏེ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་མེད་པས་ན་ཤེས་རབ་ཀྱི་འོད་གསལ་བ་སྟེ། ཤེས་རབ་རྣམ་པར་དག་ཅེས་སྟོན་ཏོ། །དེ་ལྟར་སྒྲིབ ་པའི་དྲི་མ་དེ་གཉིས་མེད་པའི་ཕྱིར་དྲི་མ་མེད་པར་སྐྱེས་པ་ཞེས་བྱའོ། །ལྷག་པའི་བསམ་པ་མ་བོར་བས་ན་ཤིན་ཏུ་ངེས་པར་བསམས་ཏེ་སྐྱེས་སོ་ཞེས་བྱ་བས་བསམ་གཏན་ཐོབ་པ་མཉམས་པ་བསྟན་ཏེ། ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་ཀྱི་བསམ་པ་རྣམ་པར ་དག་པ་ལ་བྱའོ། །དེ་ལྟ་བུའི་བསམ་པ་མ་བོར་ཏེ། བསམ་པ་དེ་དང་བཅས་པས་གཞན་དུ་མ་གཡེངས་མ་འཁྲུལ་པར་སྐྱེས་པ་ལ་ངེས་པར་བསམས་ཏེ་སྐྱེས་པ་ཞེས་བྱའོ། །བྱམས་པ་ནམ་མཁའ་དང་མཉམ་ཞིང་མཚུངས་པས་ན་སེམས་དེ་ནི་ཡང་དག་པ་སྐྱེས་སོ། །ཚད་མེད་པ་ཐོབ་པ་མ་ཉམས་པ ་སྟེ། ནམ་མཁའ་ཨི་མཛའ་དང་མཉམ་པའི་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་ལ་འབྱུང་བའི་བྱམས་པས་ཁྱབ་པར་དམིགས་པས་ན་ཡངས་པར་སྐྱེས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་གོ་འབྱེད་པས་ན་སེམས་དེ་ནི་རྒྱ་ཆེ་བར་སྐྱེས་སོ་ཞེས་བྱ་བས་མངོན་པར་ཤེས་པ་ལྔ་ཐོབ་པ་མ ་ཉམས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་མངོན་པར་ཤེས་པ་ལྔས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལྟར་སེམས་ཅན་རྣམས་ཀྱི་བསམ་པ་དང་རེ་བའི་བགེགས་དང་བར་དུ་གཅོད་པ་མེད་པས་ན་རྒྱ་ཆེ་བ་ཞེས་བྱ་བའོ། ཆགས་པ་མེད་པའི ་ཡེ་ཤེས་ལ་བཏང་བས་ན་སེམས་དེ་ན་སྒྲིབ་པ་མེད་པར་སྐྱེས་སོ་ཞེས་བྱས་ཟག་པ་ཟད་པ་མངོན་པར་ཤེས་པ་ལ་སྦྱོར་བ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་ཆགས་པ་དང། མོས་པ་མེད་པའི་ཡེ་ཤེས་ལ་དམིགས་པ་འམ། སེམས་དེས་ཡེ་ཤེས་བསྐྱེད་པར་བྱེད་པ་ལ་བཏང་བ་ཞེས་བྱ་སྟེ། ་དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་ལ་དམིགས་པའི་ཕྱིར་སེམས་དེ་ནི་སྒྲིབ་པ་མེད་པར་སྐྱེས་པ་ཞེས་བྱའོ། །སྙིང་རྗེ་ཆེན་པོ་རྒྱུན་མ་བཅད་པས་ན་སེམས་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བར་སྐྱེས་སོ་ཞེས་བྱ་བས་བསམ་གཏན་ལས་རྣམ་པར་ལོག་ཅིང་འོག་མར་སྐྱེ་བ་བསྟན་ཏེ། སྙིང་རྗེ་ཆེན་པོས ་འདོད་པའི་ཁམས་ཀྱིས་སེམས་ཅན་ལ་དམིགས་པ་རྒྱུན་མ་བཅད་པས་བསམ་གཏན་ཐོབ་ཀྱང་སླར་འདོད་པའི་ཁམས་སུ་སྐྱེ་བ་ལ་ཐམས་ཅད་ཀྱིས་རྗེས་སུ་སོང་བར་སྐྱེས་པ་ཞེས་བྱའོ། །ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པས་ན་སེམས་དེའི་རྒྱུན་མ་ཆད་པར་སྐྱེས་སོ་ཞེས་བྱ་བས་དེ་ལྟར་སྐྱེས་ཀྱང་བསམ་གཏན ་དེ་ཡོངས་སུ་མི་སྤོང་བ་བསྟན་ཏེ། དགེ་བ་སྤྱོད་དོ་ཅོག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ལ་མཁས་པས་ན་དེའི་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་སེམས་ཅན་དང་འཁོར་བའི་མཛའ་ཇི་སྲིད་ཡོད་ཀྱི་བར་དུ་རྒྱུན་མི་འཆད་པའི་ཕྱིར་རྒྱུན་མི་འཆད་པར་སྐྱེས་པ་ཞེས་བྱའོ། །ཐམས་ཅད ་མཁྱེན་པས་རབ་ཏུ་བསྟོད་པས་ན་སྔོན་དུ་འགྲོ་བར་བྱ་བར་སྐྱེས་སོ་ཞེས་བྱ་བས་དེ་སྐྱེས་ནས་ཀྱང་མངོན་པར་འགྲོ་བས་དེ་བཞིན་གཤེགས་པས་བསྔགས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པའི་ཕྱིར་ལྷ་དང་མི་ཐམས་ཅད་འདུ་ཞིང་བསྙེན་པར་བྱ་བ་ཡིན་པས་ན ་མངོན་དུ་འགྲོ་བར་སྐྱེས་པ་ཞེས་བྱའོ། །ཐེག་པ་གཞན་ལ་ཞུགས་པས་སེམས་དེ་ནི་ལྟ་བར་འོས་པའོ་ཞེས་བྱ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟེན་དུ་གྱུར་པ་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་རབ་ཏུ་འཕགས་པར་མཐོང་བས་ན་ཉན་ཐོས་དང་རང་སངས་རྒྱས ་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་མས་ཡར་བལྟ་དགོས་ཞེས་བྱ་བའི་དོན་ཏོ། །སེམས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བལྟར་མི་མཐོང་བར་སྐྱེས་སོ་ཞེས་བྱ་བས་བདུད་ཀྱི་ཡུལ་ཡིན་ཡང་བདུད་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་སེམས་ཅན་ཕལ་པ་རྣམས ་ཀྱི་སྤྱོད་ཡུལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ས་བཞི་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་བདུན་གྱིས་བསྟན་ཏེ། གང་ཞེ་ན། སངས་རྒྱས་ཀྱི་ས་བོན་ཡོངས་སུ་འཛིན་པ་དང། གཡོ་བ་དང། རློམ་སེམས་ལ་སོགས་པ་ཐམས་ཅད ་ཡོངས་སུ་སྤངས་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་སྙོམས་པར་འཇུག་པ་ཐོབ་པ་དང། བསོད་ནམས་ཀྱི་ཚོགས་ཀྱི་གོ་གྱོན་པ་དང། ཡེ་ཤེས་ཀྱི་ཚོགས་ཀྱི་གོ་གྱོན་པ་དང། བྱང་ཆུབ་སེམས་དཔའ་ཨི་མི་མཐུན་པའི་ཕྱོགས་དང། གཉེན་པོ་ཡོངས་སུ་སྦྱོར་བར་བྱེད་པ་དང། མི ་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྙིང་རྗེས་ཡོངས་སུ་སྤྱོད?་བའོ། །དེ་ལ་སེམས་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་སྐྱེས་སོ་ཞེས་བྱ་བས་སངས་རྒྱས་ཀྱི་ཆོས་ཀྱི་ས་བོན་ཡོངས་སུ་འཛིན་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་སྟོབས་དང་མི ་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ན་ས་བོན་ཞེས་བྱའོ། །སེམས་དེ་ནི་ཆོས་ཐམས་ཅད་ཀྱི་མི་ཤིག་པར་སྐྱེས་སོ། །ཞེས་བྱ་བས་གཡོ་བ་དང་རློམ་སེམས་ལ་སོགས་པ་ཐམས་ཅད་ཡོངས་སུ་སྤངས་པ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེའི ་ཕྱིར་གཡེང་བ་དང། ནང་གི་གཡེང་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་ན་མི་ཤིགས་པར་སྐྱེས་པ་ཞེས་བྱའོ། །སེམས་དེ་ནི་བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སུ་སྐྱེས་སོ་ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་ཐོབ་པ་བསྟན་ཏེ། བྱང་ཆུབ་ཀྱི ་སེམས་དང་ལྡན་ན་ངན་སོང་ལ་སོགས་པའི་སྡུག་བསྔལ་མི་མྱོང་བར་ལྷ་དང་མིའི་བསམ་གཏན་གྱི་བདེ་བ་ཐོབ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ལོངས་སྤྱོད་ཐམས་ཅད་ཐོབ་པས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་དངོས་པོ་ཐམས ་ཅད་འབྱུང་བའི་གཞི་ཡིན་པས་ན་གནས་ཞེས་བྱ་བའི་དོན་ཏོ། །སེམས་དེ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བརྒྱན་པར་སྐྱེས་སོ། །ཞེས་བྱ་བས་བསོད་ནམས་ཀྱི་ཚོགས་ཀྱི་གོ་གྱོན་པར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་བསོད་ནམས་ཀྱི་ཚོགས་ཆེན་པོ་ལས་བྱུང་བས་ན་བསོད ་ནམས་ཀྱི་ཚོགས་ཀྱིས་བརྒྱན་པ་ཞེས་བྱ་སྟེ། རྒྱན་ཀྱང་འདིར་རྒྱུ་ལྟ་བུར་ལྟའོ། །སེམས་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་རབ་ཏུ་རྟོགས་ཏེ་སྐྱེས་སོ་ཞེས་བྱ་བས་ཡེ་ཤེས་ཀྱིས་ཚོགས་ཀྱི་གོ་གྱོན་པ་བསྟན་ཏེ། ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་བྱང་ཆུབ་ཀྱི་སེམས་དེ་སྐྱེས་སོ་ཞེས་བྱ་བའི ་དོན་ཏོ། །སེམས་དེ་ནི་སྦྱིན་པའི་ཚོགས་ཀྱིས་རབ་ཏུ་བསགས་ཏེ་སྐྱེས་སོ་ཞེས་བྱ་བ་ནས། སེམས་དེ་ནི་ཤེས་རབ་ཀྱི་ཚོགས་ཀྱི་ཐོགས་པ་མེད་པ་སྐྱེས་སོ་ཞེས་བྱ་བ་ཡན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པར་བསྟན་པས་ནི་སེམས་དེ་མི་མཐུན་པའི ་ཕྱོགས་དང་གཉེན་པོ་ཡོངས་སུ་སྦྱང་བར་བྱེད་པ་བསྟན་ཏོ། །སེམས་དེ་ནི་སྦྱིན་པའི་ཚོགས་ཀྱིས་རབ་ཏུ་བསགས་ཏེ་སྐྱེས་སོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསགས་པའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།སེམས་དེ་ནི་ཚུལ་ཁྲིམས་ཀྱིས་ཚོགས་ཀྱིས་སྨོན་ལམ་གྱི་འཕགས་པ ་སྐྱེས་སོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པས་ནི་སྨོན་ཅིང་བསམས་སོ་ཅོག་འགྲུབ་ལ་སེམས་དེ་ཡང་ཚུལ་ཁྲིམས་ཀྱི་ཚོགས་བསགས་པ་ལས་སྐྱེས་པས་སྨོན་པ་ཐམས་ཅད་འགྲུབ་པའི་བདག་ཉིད་དུ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།སེམས་དེ་ནི་བཟོད་པའི་ཚོགས་ཀྱིས་བསྙེན་དཀའ་བར ་སྐྱེས་སོ་ཞེས་བྱ་བ་ནི་བཟོད་པ་དང་ལྡན་པའི་གཟི་བརྗིད་ལ་ཅིས་ཀྱང་ཟིལ་གྱི་མི་ནོན་པ་ལ་བསྙེན་དཀའ་བ་ཞེས་བྱ་སྟེ། དེ་ལྟ་བུའི་བཟོད་པའི་ཚོགས་ཀྱིས་བསྐྱེད་པས་ན་སེམས་དེ་ཡང་བསྙེན་དཀའ་བ་ཞེས་བྱའོ། །སེམས་དེ་ནི་བརྩོན་འགྲུས་ཀྱི་ཚོགས་ཀྱིས་རྒྱལ་བར་སྐྱེས་སོ་ཞེས་བྱ་བ་ནི ་བརྩོན་འགྲུས་ཀྱི་གོ་བགོས་པ་ལ་སུས་ཀྱང་མི་ཐུབ་པ་དེ་ལས་སྐྱེས་པའི་ཕྱིར། །སེམས་དེ་ནི་བསམ་གཏན་གྱི་ཚོགས་ཀྱིས་ཞི་བའི་མཚན་ཉིད་དུ་སྐྱེས་སོ་ཞེས་བྱ་བ་ནི་སེམས་གཡེ་བ་ཉེ་བར་ཞི་བའི་མཚན་ཉིད་ཀྱི་བསམ་གཏན་གྱི་ཚོགས་ཀྱིས་བསྐྱེད་པའི་ཕྱིར་རོ། །སེམས་དེ་ནི་ཤེས་རབ ་ཀྱི་ཚོགས་ཀྱིས་ཐོགས་པ་མེད་པར་སྐྱེས་སོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་འབྱེད་པ་ལ་ཐོགས་པ་མེད་པ་དེ་ལྟ་བུའི་ཤེས་རབ་ཀྱི་ཚོགས་ཀྱིས་བསྐྱེད་པའི་ཕྱིར་རོ། །བྱམས་པ་ཆེན་པོ་བསགས་པ་ལ་སོགས་པ་ཚད་མེད་པ་བཞིས་མི་གནས་པའི་མྱ་ངན་ལས ་འདས་པ་ཐོབ་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ཡོངས་སུ་སྤྱོད་བར་བྱེད་པར་བསྟན་ཏེ། བྱམས་པ་ཆེན་པོ་བསགས་པས་སེམས་དེ་ནི་གནོད་བ་མེད་པར་སྐྱེས་སོ་ཞེས་བྱ་བ་ནི་སེམས་ཅན་ལ་གནོད་སེམས་མེད་པའི་བྱམས་བ་ཆེན་བས་གསགས་པ ་ལས་སྐྱེས་པའི་ཕྱིར། སྙིང་རྗེ་ཆེན་པོ་བསགས་པས་སེམས་དེ་ནི་རྩ་བ་སྲ་ཞིང་བརྟན་པའོ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རྩ་བ་ས་ཞིང་བརྟན་པའོ། ། ་ཡང་ན་བྱང་ཆུབ་སེམས་དཔའ་སེམས་དེའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ལ་སྙིང་རྗེ་ཡུན་རིང་པོར་བསགས་པ་ལས་སྐྱེས་པས་རྩ་བ་སྲ་ཞིང་བརྟན་པ་ཞེས་བྱའོ། །སེམས་དེ་ནི་དགའ་བ་ཆེན་པོ་བསགས་པ་སྟེ། མགུ་བ་དང་མོས་པ་དང་མཆོག་ཏུ་དགའ་བ་ལ ་གནས་པར་སྐྱེས་སོ་ཞེས་བྱ་བ་ནི། དགའ་བ་ཆེན་པོ་བསགས་པ་ལས་སྐྱེས་པས་མགུ་བ་ལ་སོགས་པ་ལ་གནས་བྱའོ། །འདས་པའི་སེམས་ཅན་རྣམས་ཀྱིས་བདེ་བ་མཐོང་ནས་སེམས་དགའ་བ་སྐྱེ་བ་ནི་མགུ་བའོ། །ད་ལྟར་གྱི་སེམས་ཅན་རྣམས་ཀྱི་བདེ་བ་མཐོང ་ནས་སེམས་དགའ་བ་སྐྱེ་བ་ནི་མོས་པའོ། །མ་འོངས་པའི་སེམས་ཅན་རྣམས་ཀྱིས་བདེ་བ་མཐོང་ནས་སེམས་དགའ་བ་སྐྱེ་བ་ནི་མཆོག་ཏུ་དགའ་བ་ལ་གནས་པ་ཞེས་བྱའོ། །སེམས་དེ་ནི་བཏང་སྙོམས་ཆེན་པོ་བསགས་པ་སྟེ། བདེ་བ་དང་སྡུག་བསྔལ་གྱིས ་མི་སྐུལ་བར་སྐྱེས་སོ་ཞེས་བྱ་བ་ནི་བདེ་བ་ལ་ཡང་ཆགས་པ་མེད། སྡུག་བསྔལ་ལ་ཡང་ཞེ་སྡང་མེད་པའི་བཏང་སྙོམས་ཀྱིས་བསྐྱེད་པའི་ཕྱིར་རོ། །ས་ལྔ་པ་དང་ས་དྲུག་པ་དང་ས་བདུན་པ་རྣམས་ལ་ནི་ཕ་རོལ་ཏུ་ཕྱིན་པ་དང། ཚད་མེད་པ་རྣམས་ཡོངས་སུ་སྤྱོད་བ་དང། མི་གནས་པའི་མྱ ་ངན་ལས་འདས་པ་ལ་བསྙེན་པའི་ཕྱིར་དེ་བས་ས་དེ་དག་གི་སེམས་བསྐྱེད་པ་ལ་ཡང་མ་བཤད་དོ། །ས་བརྒྱད་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་བ་རྣམ་པ་གཅིག་པོ་བྱང་ཆུབ་སེམས་དཔའ་གནས་ཟབ་མོ་ལ་སྙོམས་པར་ཞུགས་ཤིང། སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ཀྱི་ལས་ལ་ཉེ་བར་སྦྱོར་བས ་བསྟན་ཏེ། དེ་ཡང་སེམས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབ་གྱིས་བརླབས་པར་སྐྱེས་སོ་ཞེས་གསུངས་པའོ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་མཐུ་དང་ལྡན་པ་འམ། སངས་རྒྱས་ཐམས་ཅད་ཀྱི་དགོངས་ཤིང་ཡོངས་སུ་བཟུང་བར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།བྱིན་གྱི་བརླབས་ནི་མཐུ ་དང། དགོངས་པ་དང། ཡོངས་སུ་བཟུང་བའི་རྣམ་གྲངས་སུ་གཏོགས་པའོ། །ས་དགུ་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་གཅིག་པོ་སེམས་ཅན་སྨིན་པར་བྱེད་པའི་མཐར་འགྲོ་བས་སངས་རྒྱས་འབྱུང་བ་ལ་སོགས་པ་རྒྱུན་མི་ཆད་པས་བསྟན་ཏེ། དེ་ཡང ་སེམས་དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་བཅད་པའི་ཕྱིར་ཚུལ་རྒྱུན་མི་ཆད་པར་སྐྱེས་སོ་གསུངས་སོ། །དེ་ལ་ཚུལ་ནི་སངས་རྒྱས་ཀྱི་ཆོས་ནུབ་ཅིང་མེད་པར་མི་འགྱུར་བའི་ཐབས་ལ་བྱ་ལ། བྱང་ཆུབ་ཀྱི་སེམས་ནི་དེའི་ཐབས་ཆེན་པོ་ཡིན་པས་དཀོན་མཆོག་གསུམ ་གྱི་རིགས་རྒྱུན་མི་འཆད་པའི་ཕྱིར་ཞེས་བྱ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །ས་བཅུ་པའི་སེམས་བསྐྱེད་པ་ཡང་རང་གི་ལས་བྱེད་པ་རྣམ་པ་གཅིག་པོ་དབང་ཐོབ་པས་བསྟན་ཏེ། དེ་ཡང་སེམས་དེ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ ་འཁོར་དུ་གྲགས་པར་སྐྱེས་སོ་ཞེས་གསུངས་པའོ། །ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་ལྷ་ལ་སོགས་པ་ཆེ་གེ་མོ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གཅིག་ནས་གཅིག་ཏུ་སྦྲན་ཏེ། སངས་རྒྱས་ཀྱིས་ཐམས་ཅད་དུ་གྲགས་པར་བྱེད་པའི་ཕྱིར་རོ། །རྟག ་པར་འབྲས་བུ་ཡོངས་སུ་སྡུད་པ་ལས་བརྩམས་ནས་སྨྲས་པ། བཙུན་པ་ཤ་རདྭཱ་ཏིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཞེས་བྱ་བ་ལ་སོགས་པའོ། །རྟག་པར་འབྲས་བུ་ཡོངས་སུ་སྡུད་པ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གང་ཞེ་ན། ཡོན་ཏན་རྣམ་པར་དག་པའི་ཡན ་ལག་ཁྱད་ཞུགས་པར་ཡོངས་སུ་འཛིན་པས་གནས་དང་གནས་པ་ཡོངས་སུ་འབྲེལ་པར་ཡོངས་སུ་རིག་པ་དང། བསྟན་པ་དང་ལྡན་པའི་ཁྱད་པར་གྱིས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་ཡན་ལག་རྣམ་པ་མདོ་དང་རྒྱས་པར་བསྟན་པ་དང། སངས་རྒྱས་ཀྱི་ཆོས་ལྷག་མ་རྣམས ་སྡུད་པའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་མདོར་བསྟན་ཏོ། །དེ་ལ་ཡོན་ཏན་རྣམ་པར་དག་པའི་ཡན་ལག་ཁྱད་ཞུགས་པར་ཡོངས་སུ་འཛིན་པས་གནས་དང་གནས་པ་འབྲེལ་པ་ནི། བཙུན་པ་ཤ་རདྭཱ་ཏིའི་བུ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་སེམས་ཞེས་བྱ་བ་ནས། སྙོམས་པར་འཇུག་པ་རྣམས་མི་ཟད་པས་བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གིས་རྩ་བར་སྐྱེས་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འདི་འདྲ་བ་ལ་ཟད་པ་གང་ཡང་ཡོད་དམ་ཞེས ་བྱ་བ་ལ། བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་པས་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཞེས་བྱའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དེའི་ངོ་བོ་ཉིད་ཐམས་ཅད་མཁྱེན་པ་ཉིད་དང་ཐ་མི་དད་དེ། ཐམས་ཅད་མཁྱེན་པའི་རང ་བཞིན་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པའི་སེམས་ཞེས་བྱ་སྟེ། དེ་ལྟ་བུ་ལ་ཅི་ཟད་པ་ཡོད་དམ་ཞེས་ཤཱ་རིའི་བུ་ལ་དྲིས་པའོ། །ཤཱ་རིའི་བུས་སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། ཞེས་བྱ་བ་ནི་ཟད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་མཁྱེན་པ་ཉིད ་ཀྱི་སེམས་འདི་ལྟ་བུ་ཟད་པར་འདོད་པ་ནི་ནམ་མཁའ་ཟད་པར་འདོད་དོ་ཞེས་བྱ་བ་ནི་ཤཱ་རིའི་བུས་གོང་དུ་དེ་ནི་མ་ཡིན་ཏེ་ཞེས་སྨྲས་པའི་དོན་ཏེ། ཇི་ལྟར་ནམ་མཁའ་ལ་ཟད་པ་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འདི་ལ་ཡང་ཟད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས ་པའི་སེམས་དེ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེའི་རྩ་བར་སྐྱེས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་དེ་མི་ཟད་པའི་གཏན་ཚིགས་རྣམ་པ་གཞན་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་སེམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱ་སྟེ། དེ་ནི ་འཁོར་བའི་མཛའ་ཨི་བར་དུ་མི་ཟད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ནི་དེའི་རྩ་བ་ཡིན་པས་ན་འབྲས་བུ་མི་ཟད་པའི་ཕྱིར་རྒྱུ་ཡང་མི་ཟད་པའོ་ཞེས་བསྟན་པའོ། །བཙུན་པ་ཤ་རདྭཱ་ཏིའི་བུ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པས་ཟག་པ་མེད་པའི ་ཕུང་པོ་ལྔ་མི་ཟད་པའི་རྩ་བ་ཡིན་པས་བྱང་ཆུབ་ཀྱི་སེམས་ཀྱང་མི་ཟད་པའོ་ཞེས་བསྟན་པའོ། །བཙུན་པ་ཤ་རདྭཱ་ཏིའི་བུ་དེ་བཞིན་གཤེགས་པའི་བསམ་གཏན་དང་ཞེས་བྱ་བ་ལ་སོགས་པས། ཉན་ཐོས་དང་རང་སངས་རྒྱས་དག་གིས་བསམ་གཏན་ལ་སོགས་པ་ལྟ་བུ་མྱ་ངན་ལས་འདས ་པའི་མཐར་ཐུག་པས་ཟད་པ་མ་ཡིན་གྱི་དེ་བཞིན་གཤེགས་པའི་བསམ་གཏན་ལ་སོགས་པ་མིང་གང་སྨོས་པ་དེ་དག་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་མི་ཟད་པ་སྟེ། དེའི་རྒྱུ་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཀྱང་དེའི་ཕྱིར་མི་ཟད་པར་བསྟན་ཏེ། ་རྩ་བ་ཞེས་བྱ་བ་ནི་རྒྱུ་ཡིན་པར་བལྟའོ། །དེ་ལ་བསམ་གཏན་ལ་སོགས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་ནས་བཤད་པར་བྱའོ། །བསྟན་པ་དང་ལྡན་པའི་ཁྱད་པར་གྱིས་ཚུལ་ཁྲིམས་རྣམ་པར་དག་པའི་ཡན་ལག་རྣམས་མདོ་དང་རྒྱས་པར་བསྟན ་པ་ནི་དེ་བཞིན་གཤེགས་པའི་སྦྱིན་པ་དང་ཞེས་བྱ་བ་ནས་བཏང་སྙོམས་མི་ཟད་པ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་ཟད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་དེ་ཡིན་པས་ན་མི་ཟད་པར་བསྟན་ཏོ། །དེ་བཞིན་གཤེགས་པའི་བྱམས ་པ་དང་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་གཤེགས་པའི་ཚད་མེད་པ་བཞིའི་རྒྱུ་ཡིན་པས་མི་ཟད་པར་བསྟན་པའོ། །སངས་རྒྱས་ཀྱི་ཆོས་ལྷག་མ་རྣམས་སྡུད་པའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་མདོར་བསྟན་པ་ནི་དེ་བཞིན་གཤེགས ་པའི་སྟོབས་བཅུ་དང་ཞེས་བྱ་བ་ནས་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱིས་ཆོས་རྣམས་མི་ཟད་པའི་རྒྱུ་ཡིན་པས་ན་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་མི་ཟད་པར་བསྟན་པའོ། །མདོར་ན ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་མི་ཟད་པ་སྟེ་དེ་དག་གི་གྱུར་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ཡང་མི་ཟད་པའོ། །རྒྱུ་ཡོངས་སུ་མི་ཟད་པ་ལ་བརྩམས་ནས་སྨྲས་པ། དཀོན ་མཆོག་ཅེས་བྱ་བ་ལ་སོགས་པའོ། །རྒྱུ་ཡོངས་སུ་མི་ཟད་པ་ཡང་རྣམ་པ་བརྒྱད་ཀྱིས་སྟོན་ཏེ། གང་ཞེ་ན་དཀོན་མཆོག་གསུམ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པ་དང། སེམས་ཅན་གྱིས་ཁམས་བསྲུང་བར་བྱ་བའི ་ཕྱིར་ཏེ། རྒྱུན་མི་འཆད་བ་དང་སེམས་བསྐྱེད་པ་ཡང་ཤེས་པ་དེ་བསྐྱེད་བ་དང། ཤེས་པ་ཡང་ཐམས་ཅད་ཀྱིས་བསྒྲུབ་པ་དང། དེ་ཡང་དུས་ཚད་མེད་པས་བཟུང་བ་དང། སེམས་བསྐྱེད་པ་དེ་ཡང་འདུས་མ་བྱས་པར་ཡོངས་སུ་བསྔོས་བ་མཐར་གྱུར་པ་དང། རིག ་པའི་དོན་བྱ་བར་ཡོངས་སུ་བསྔོ་བ་དང། རང་གི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་དཀོན་མཆོག་གི་རིགས་རྒྱུན་མི་གཅོད་པས་ན། མི་ཟད་པའོ་ཞེས་བྱ་བས་དཀོན་མཆོག་གསུམ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པ་བསྟན་ཏེ། བྱང་ཆུབ་ཀྱི ་སེམས་ལས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་འགྱུར་ཏེ། གང་མཛའ་ཟད་ཅིང་མེད་པར་མི་འགྱུར་བའི་རྒྱུ་ནི་མི་ཟད་པའོ་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་གྱིས་ཁམས་མི་ཟད་པས་ན་མི་ཟད་པའོ་ཞེས་བྱ་བས་སེམས་ཅན་གྱི་ཁམས ་བསྲུང་བར་བྱ་བའི་ཕྱིར་དེར་རྒྱུན་མི་འཆད་པར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་ལ་སེམས་ཅན་གྱི་ཁམས་མཛའ་ཡས་ཟད་མི་ཤེས་ཏེ། དེའི་ཕྱིར་དེ་ལ་དམིགས་པའི་སེམས་དེ་ཡང་མི་ཟད་པའོ། །དེའི་ཡེ ་ཤེས་བཏང་བས་ན་མི་ཟད་པའོ་ཞེས་བྱ་བས་སེམས་བསྐྱེད་པ་ཡང་ཤེས་པ་དེ་བསྐྱེད་པ་བསྟན་ཏེ། སེམས་ཅན་གྱི་ཁམས་མི་ཟད་པ་ལ་དམིགས་པའི་ཡེ་ཤེས་དེའི་རྒྱུ་ལ་བཏང་ཞེས་བྱ་སྟེ། ཡེ་ཤེས་དེ་མི་ཟད་པས་ན་དེའི་རྒྱུ་བྱང་ཆུབ་ཀྱི་སེམས་དེ་ཡང་མི་ཟད་པའོ། ། ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པ་ནི་མི་ཟད་པའོ་ཞེས་བྱ་བས་དེ་ཡང་ཐབས་ཀྱིས་བསྒྲུངས་པ་བསྟན་ཏེ། སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་ཡང་ཟད་མི་ཤིས་ན་སེམས་ཅན་ཐམས་ཅད་ཀྱིས་སེམས་ཀྱི་སྤྱོད་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་ཀྱི་སེམས ་དེ་ཡང་སེམས་ཅན་དེ་དག་གི་སེམས་ཀྱི་སྤྱོད་པ་རྟོགས་པས་ན་མི་ཟད་པ་ཞེས་བྱའོ། །སྔོན་གྱི་སྨོན་ལམ་གྱི་རྒྱུན་མི་གཅོད་པས་ན་མི་ཟད་པའོ་ཞེས་བྱ་བས་དེ་ཡང་དུས་ཚད་མེད་པས་ཡོངས་སུ་བཟུང་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྔོན་གྱི་སྨོན་ལམ་མཛའ་ ་ཡས་པའི་རྒྱུན་ལས་བྱང་ཆུབ་ཀྱི་སེམས་འདི་འབྱུང་སྟེ། སྔོན་གྱི་མཛའ་ཟད་མི་ཤེས་པའི་ཕྱིར་མི་ཟད་པའོ་ཞེས་བཤད་པའོ། །འདུས་མ་བྱས་སུ་བསྔོས་པས་ན་མི་ཟད་པའོ་ཞེས་བྱ་བར་སེམས་བསྐྱེད་པ་དེ་ཡང་འདུས་མ་བྱས་པར་ཡོངས་སུ་བསྔོས་པས་མཐར་གྱུར་པ ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་ཉིད་འདུས་མ་བྱས་ཟད་མི་ཤེས་པ་རྟོགས་པའི་རྒྱུར་བསྔོས་པས་ན་མི་ཟད་པའོ། །འདུས་མ་བྱས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་མི་ཟད་པའོ་ཞེས་བྱ་བས་རིགས་པའི་དོན་རྒྱས་པར་ཡོངས་སུ་བསྔོ་བ་བསྟན་ཏེ། ་སེམས་ཅན་ཐམས་ཅད་ཟད་མི་ཤེས་པའི་འདུས་མ་བྱས་པ་དགོད་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་མི་ཟད་པའོ། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་མི་ཟད་པས་ན་མི་ཟད་པའོ་ཞེས་བྱ་བས་རང་གི་དོན་ཡོངས་སུ་རྫོགས་པར་བསྟན་ཏེ། ཟད་པ་དང་མི་སྐྱེ་བ ་ཤེས་པ་ཐོབ་པར་བྱ་བའི་ཕྱིར་སེམས་བསྐྱེད་པས་ན་མི་ཟད་པའོ། །དོན་དམ་པར་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། རང་བཞིན་དང་དམིགས་པའི་རིགས་པའོ། །རང་བཞིན་ནི་ཡང་དག་པ་ཉིད་དེ། དེ་ཡང་འབྱུང་བ་མེད་ཅིང་འཇིག་པ་མེད་པས་ན་མི་ཟད་པའོ ་ཞེས་བྱ་བས་བསྟན་ཏོ། བྱང་ཆུབ་ཀྱི་སེམས་དེའི་ངོ་བོ་ཉིད་ལ་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་མི་ཟད་པ་ཞེས་བྱའོ། །དམིགས་པའི་རིག་པ་ནི་ཆོས་ཐམས་ཅད་གཟོད་མ་ནས་དག་པར་ཤེས་པའི་ཡེ་ཤེས་ཏེ། །དེ་ཡང་ཆོས་ཐམས་ཅད་གཟོད་མ་ནས་ཟད་པ་སྟེ། ་ཡེ་ཤེས་དེ་མངོན་པར་རྟོགས་པས་ན་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པའི་ཡེ་ཤེས་མངོན་པར་རྟོག་པ་འབྱུང་བའི་རྒྱུ་ཡིན་པས་ན་མི་ཟད་པའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་རྣམ་པ་དྲུག་གིས་རྒྱུན་མི་ཟད་པ་ཡིན་ཏེ། ཐམས ་ཅད་ལ་རིག་པར་བྱའོ། །བདུན་པས་ནི་སྐད་ཅིག་གིས་འཇིགས་པ་མི་ཟད་པ་བསྟན་ཏེ། སེམས་བསྐྱེད་པ་དེ་བདུན་ཡང་མདོར་ན་རྣམ་པ་ནི་གཉིས་སུ་རིག་པར་བྱ་སྟེ། ཡང་དག་པར་བླངས་པའི་མཚན་ཉིད་དང་ཆོས་ཉིད་ཀྱིས་ཐོབ ་བ་སྟེ། ཐོག་མའི་གཅིག་དང་ལྷག་མའི་རྣམ་པ་དང་རིམ་བཞིན་དུ་སྦྱོར་རོ། །སེམས་བསྐྱེད་པ་མི་ཟད་པ་བཤད་ཟིན་ཏོ།། །།ཐམས་ཅད་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་སྟེ། ངེས་པ་དང་ཁུར་མི་འདོར་བ་དང་ཁྱད ་པར་དུ་འགྲོ་བའོ། །དེ་ལ་ངེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་དང། དེའི་རྒྱུ་ལམ་བསྒོམ་པ་ལ་དད་པ་དང། མོས་པ་བསྟན་པ་གང་ཡིན་པ་སྟེ། དེ་བསྟན་པའི་ཕྱིར་བཙུན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བསམ་པ་ཡང་མི་ཟད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་པ་དང། སྦྱོར་བ་དང་ལྷག་པའི་བསམ་པ་མི་ཟད་པ་གསུམ་ནི་བསྡུས་པའི་དོན་ལས་དེའི་འབྲས་བུ་ཞེས་སྨོས་པ་ཡིན་ཏེ། ཆོས་འདི་གསུམ་ནི་བྱང་ཆུབ་སེམས ་དཔའ་ཨི་འབྲས་བུ་ཡིན་པའི་ཕྱིར་རོ། །བསམ་པ་མི་ཟད་པ་དེ་ཡང་མཚན་ཉིད་རྣམ་པ་བཅུས་བསྟན་ཏེ། རྣམ་པར་དག་པའི་མཚན་ཉིད་དང། འཇུག་པའི་མཚན་ཉིད་དང། མི་ལྡོག་པའི་མཚན་ཉིད་དང། རེ་བའི་མཚན་ཉིད་དང། ཕྱིན་ཅི་མ ་ལོག་པའི་མཚན་ཉིད་དང། བརྗོད་མི་ངས་པའི་མཚན་ཉིད་དང་རྒྱུའི་མཚན་ཉིད་དང། དམིགས་པའི་རྣམ་པར་དག་པའི་མཚན་ཉིད་དང། ཡིད་ལ་བྱེད་པ་རྣམ་པར་དག་པའི་མཚན་ཉིད་དང། ལྟ་བ་རྣམ་པར་དག་པའི་མཚན་ཉིད་དོ། །དེ་ལ ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་ལྔས་བསྟན་ཏེ། ཕན་བཏགས་པ་ལ་མི་རེ་བ་དང། གཞན་དུ་མི་ལྟ་བ་དང། མ་རྨོངས་པ་དང་བདག་དང་གཞན་གྱི་ཁྱད་མི་སྒྲུན་པ་དང། བག་ཆགས་འཇོམས་པའོ། །དེ་ལ་བསམས་པ་དེ་ཡང་མ་བྱས་པས་ན ་བཅོས་མ་མ་ཡིན་ནོ་ཞེས་བྱ་བས་ཕན་བཏགས་པ་ལ་མི་རེ་བ་བསྟན་ཏེ། དེ་ལ་ཕན་བཏགས་ཤིང་སྦྱིན་པ་བྱིན་ན་སླར་ཡང་བདག་ལ་ཕན་འདོགས་པར་བྱེད་དོ་ཞེས། དེའི་ཕྱིར་སྦྱིན་པ་བྱེད་པ་ན་བྱས་པ་ཞེས་བྱ་སྟེ། དེ་ལྟ་བུའི་བསམ་པས་གཞན་གྱི་བྱ་བ ་མི་བྱེད་པས་མ་བྱས་པའོ། །དེའི་ཕྱིར་ན་བཅོས་མ་མ་ཡིན་ཞེས་བྱ་སྟེ་སྒྱུ་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཡོངས་སུ་དག་ཅིང་སྒྱུ་མེད་པ་དེ་ནི་བྱང་ཆུབ་ཆེན་པོར་ཟད་མ་ཤིས་པའི་རྒྱུ་དང། རང་བཞིན་ཡིན་པས་མི་ཟད་པར་རིག་པར་བྱའོ། །གཡོ ་མེད་པས་ན་བྱས་པ་མ་ཡིན་ནོ་ཞེས་བྱ་བས་གཞན་དུ་མི་ལྟ་བ་བསྟན་ཏེ། གཡོན་སེམས་ཅན་རྣམས་ལ་བྲིད་ཅིང་བསླུ་བར་སེམས་པའོ། །དེ་ལྟ་བུའི་བསམ་པ་མེད་པས་ན་བྱས་པ་མ་ཡིན་པ་ཞེས་བྱའོ། །རབ་ཏུ་རྟོགས་པས་ན་གཡོ་མེད་པའོ་ཞེས་བྱ་བས ་མ་རྨོངས་པས་བསྟན་ཏེ། །གཡོ་དང་རྒྱུ་ལ་སོགས་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་ལས་བྱུང་གི་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རྟོག་པ་ལ་གཡོ་སྒྱུ་མ་སྲིད་པའི་ཕྱིར་རོ། །སྒྱུ་མེད་པས་རབ་ཏུ་རྟོགས་པའོ་ཞེས་བྱ་བས་བདག་དང་གཞན་གྱི་ཁྱད་མི་སྒྲུན་པ ་བསྟན་ཏེ། གཞན་དུ་སྨྲ་ཞིང་གཞན་དུ་སེམས་པ་ནི་སྒྱུ་སྟེ། དེ་འདྲ་བའི་བསམ་པ་མེད་པས་ན་རབ་ཏུ་རྟོགས་པ་ཞེས་བྱའོ། །དག་པས་ན་སྒྱུ་མེད་པའོ་ཞེས་བྱ་བས་བག་ཆགས་འཇོམས་པ་བསྟན་ཏེ། གཡོ་དང་སྒྱུའི་བག་ཆགས་དག་པས་ན་སྒྱུ་དང ་བསམ་པ་མེད་དོ། །འཇུག་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ་བྱས་ནས་འབྱུང་ཞིང་འཇུག་པ་དང། མ་བྱས་ཀྱང་འཇུག་པ་དང་དུས་སུ་འཇུག་པ་དང་མི་སྐྱོ་བར་འཇུག་པ་དང་རབ་ཏུ་འཇུག་པའོ། །དེ་ལ་དྲང་པས་ན་དག་པའོ་ཞེས་བྱ་བས་བྱས་ནས་འབྱུང ་ཞིང་འཇུག་པ་སྟེ། སེམས་ལ་གཡོ་སྒྱུ་མེད་པ་ནི་དྲང་བ་ཞེས་བྱ་སྟེ། དེ་བས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་པོའོ་ཞེས་བྱ་བས་མ་བྱས་ཀྱང་འཇུག་པ་བསྟན་ཏེ། གྱ་གྱུ་ནི་ཚིག་རྣམས་རླུང་བསྐུར་ཞིང་ཁ་སྒྱུར་བར་བྱེད་པ་སྟེ། དེ་ལྟ་བུ་མེད་པས་ན་དྲང ་བའོ། །གསལ་བས་ན་གྱ་གྱུ་མེད་པའོ་ཞེས་བྱ་བས་དུས་སུ་འཇུག་པ་བསྟན་ཏེ། བརྗོད་པར་བྱ་བའི་དོན་གསལ་བར་སྟོན་པས་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ་ཞེས་བྱ་བས་མི་སྐྱོ་བར་འཇུག་པ་བསྟན་ཏེ། ་མི་མཉམ་པ་ནི་སྔ་ཕྱི་མི་མཐུན་ཞིང་འགལ་བ་ལ་བྱ་སྟེ། དེ་མེད་པས་ན་གསལ་བའོ། །སྲ་བས་ན་མི་མཉམ་པ་མེད་པའོ། །ཞེས་བྱ་བས་རབ་ཏུ་འཇུག་པ་བསྟན་ཏེ། སྲ་བ་ནི་བསྟན་ཞིང་སྙིང་པོར་གྱུར་པ་ལ་བྱ་སྟེ། མི་མཐུན་པ་དང་འགལ་བའི་སྐྱོན་མི ་འབྱུང་ཞེས་བྱ་བའི་དོན་ཏོ། །མི་ལྡོག་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། གནོད་པ་བྱས་ཀྱང་འཇུག་པ་དང་སྦྱོར་བ་མི་གཏོང་བ་དང་ཟང་ཟིང་གིས་མི་ཁོལ་བ་དང། དེས་བདེ་བ་ཉིད་དུ་མ་གྱུར་པའོ། །དེ་ལ་མི་ཕྱེད་པས་ན་སྲ་བའོ་ཞེས་བྱ་བས་གནོད་པ ་བྱས་ཀྱང་འཇུག་པ་བསྟན་ཏེ། ཕྱེད་པ་ནི་གཞན་གྱིས་གནོད་པ་བྱས་ན། ཞེ་སྡང་གིས་ཕྱིར་གནོད་པར་བྱ་བར་སེམས་པ་སྟེ། དེ་མེད་པས་ན་སྲ་བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ་ཞེས་བྱ་བས་སྦྱོར་བ་མི་གཏོང་བ་བསྟན ་ཏེ། སེམས་ཅན་གྱི་དོན་བྱ་བ་ལས་གཞན་དུ་མི་འགྱུར་བས་ན་མཁྲང་བ་ཞེས་བྱ་སྟེ། དེ་བས་ན་མི་ཕྱེད་པའོ། །ཇི་ལྟར་ཁས་བླངས་པ་ལས་འགྱུར་བ་མེད་པ་ནི་མི་གཡོ་བ་ཞེས་བྱ་སྟེ། དེ་བས་ན་མཁྲང་བའོ། །མི་གནས་པས་ན་མི་གཡོ་བའོ་ཞེས་བྱ་བས ་ཟང་ཟིང་གིས་མི་མཁོལ་བ་བསྟན་ཏེ། རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཟང་ཟིང་ལ་མི་རྟེན་པས་མི་གནས་པ་སྟེ་ཟང་ཟིང་ལ་མ་ཆགས་ཅེས་བྱ་བའི་དོན་ཏོ། །རྣམ་པ་གཞན་དུ་ཉོན་མོངས་པའི་ཕུང་པོ་ལྔ་ལ་མི་རྟེན་པས་མི་རྟག་པར་མི་འགྱུར་ཞེས་བྱ་བའི ་དོན་ཏོ། །དེ་ལ་མ་ཆགས་པས་མི་གནས་པའོ་ཞེས་བྱ་བས་དེས་བདེ་བ་ཉིད་དུ་མི་འགྱུར་བ་བསྟན་ཏེ། དེ་ལ་ཞེས་བྱ་བ་ནི་ཕུང་པོ་ལྔ་དང་ཟང་ཟིང་དེ་དག་ལ་མ་ཆགས་པའི་ཕྱིར་མི་གནས་པའོ་ཞེས་བྱ་བའི་དོན་ཏོ། །རེག་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། ་ན?་ཁྱད་ཞུགས་པའི་བདེ་བ་ཐོབ་པ་དང། ཁ་ན་མ་ཐོ་བ་མེད་པ་དང། ཚུལ་བཞིན་ཡིད་ལ་བྱེད་པའི་བསམ་པ་མངོན་པར་འདུ་བྱེད་པ་དང། རྟག་པ་དང། ཡང་དག་པའི་བདེན་པའོ། །དེ་ལ་བྱེ་བྲག་དུ་འཕགས་པས་ན་དེ་ལ་མ་ཆགས་པའོ་ཞེས་བྱ་བས ་ཁྱད་ཞུགས་པའི་བདེ་བ་ཐོབ་པ་བསྟན་ཏེ། བྱེ་བྲག་ཏུ་འཕགས་པ་ནི་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པ་ལ་བྱ་སྟེ། དེ་ལྟར་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པའི་ཕྱིར་འཇིག་རྟེན་གྱི་ཟང་ཟིང་ལ་མ་ཆགས་པའོ། །ས་སྨད་པས་བྱེ་བྲག་ཏུ་འཕགས་པའོ ་ཞེས་བྱ་བས་ཁ་ན་མ་ཐོ་བ་མེད་པ་བསྟན་ཏེ། ཁ་ན་མ་ཐོ་བའི་ཆོས་ནི་སྨད་པའོ། །སྡིག་པ་ཁ་ན་མ་ཐོ་བའི་ཆོས་མ་བྱས་པས་བྱེ་བྲག་འཕགས་ཏེ། འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པོ། །ལེགས་པར་བྱས་པའི་ལས་ཀྱི་ཕྱིར་མ་སྨད་པའོ་ཞེས་བྱ་བས་ཚུལ ་བཞིན་ཡིད་ལ་བྱེད་པའི་བསམ་པ་མངོན་པར་འདུ་བྱེད་པ་བསྟན་ཏེ། ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་མ་བྱས་པའི་ཕྱིར་མ་སྨད་པའོ། །མ་བཤུངས་པས་ན་ལེགས་པར་བྱས་པའི་ལས་སོ་ཞེས་པས་བརྟག་པ་བསྟན་ཏེ། འཁོར་བ་དང ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་འམ། ཆེད་འགའ་དགེ་བ་སྤྱོད་ལ་ཆེད་འགའ་མི་དགེ་བ་སྤྱོད་པ་ནི་བཤུངས་པ་ཞེས་བྱ་སྟེ། དེ་ལྟར་བཤུངས་པའི་ལས་མི་བྱེད་པས་ན་ལེགས་པར་བྱེད་པ་ཞེས་བྱའོ། །འགྱོད་པ་མེད་པ་ན་མ་བཤུངས་པའོ་ཞེས་བྱ་བས ་ཡང་དག་པའི་བདེན་པ་བསྟན་ཏེ། འགྱོད་པ་དེ་མི་དགེ་བ་བྱས་ནས་ཕྱིས་སེམས་ལ་གདུང་བ་སྐྱེས་པ་སྟེ། དེ་ལྟ་བུ་མེད་པས་མ་བཤུངས་པ་སྟེ། རྟག་ཏུ་དགེ་བ་ལ་གནས་ཤེས་བྱ་བར་འདོད་དོ། །ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། ་ཕྱིན་ཅི་མ་ལོག་པ་ཉིད་དང། ལུང་གི་འབྱུང་བ་དང། དམ་བཅས་པ་ལས་འབྱུང་བ་དང། དགེ་བ་དང་རིགས་པ་དང་ལྡན་པའོ། །གདུང་བ་མེད་པས་ནི་འགྱོད་པ་མེད་པའོ་ཞེས་བྱ་བས་ཕྱིན་ཅི་མ་ལོག་པ་ཉིད་བསྟན་ཏེ། གདུང་བ་ནི་རྟག་ཏུ་སེམས་ལ་མི ་བདེ་བ་འབྱུང་བ་སྟེ། དེ་མེད་པས་ན་འགྱོད་པ་མེད་པའོ། །བདེན་པར་གྱུར་པས་ནི་མི་གདུང་བའོ། །བསླུ་བ་མེད་པས་ན་བདེན་པར་གྱུར་པའོ་ཞེས་བྱ་བས་ལུང་གིས་འབྱུང་བ་བསྟན་ཏེ། བྱས་ལ་དོན་གྲུབ་བོ་ཞེས་སྔར ་སྨྲས་བ། ཕྱིས་མ་བྱས་ན་བྱས་པ་དོན་མེད་པར་གྱུར་ཏོ་ཞེས་ག་དུང་བ་སྐྱེའི། སྔར་བྱས་བ་དེ་བཞིན་དུ་ཕྱིས་ཀྱང་འགྲུབ་པར་འགྱུར་ཏེ། བདེན་པས་ན་མི་གདུང་བ་ཡིན་ལ། སྔར་བསྒྲུབས་བ་དེ་བཞིན་དུ་ཕྱིས་ཀྱང་འགྲུབ་སྟེ། ཕྱིས་བསླུ་བ་མེད་པས་ན་བདེན་པར ་གྱུར་བའོ། །ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པས་ནི་མི་བསླུ་བའོ་ཞེས་བྱ་བས་དམ་བཅས་པ་ལས་འབྱུང་བ་བསྟན་ཏེ། ཇི་སྐད་ཁས་བླངས་ཤིང་དམ་བཅས་པ་དེ་བཞིན་ཕྱིས་སྒྲུབ་ཅིང་བྱེད་པས་མི་བསླུ་བའོ། །ལེགས་པར་བྱས་པས་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད ་པའོ་ཞེས་བྱ་བས་དགེ་བ་བསྟན་ཏེ། རྟག་ཏུ་དགེ་བ་འབའ་ཞིག་བྱས་བས་ཇི་སྐད་སྔར་ཁས་བླངས་པ་དེ་བཞིན་དུ་ཕྱིས་ཀྱང་འགྲུབ་པར་འགྱུར་རོ། །རྗེས་སུ་སྦྱར་བ་མེད་པས་ལེགས་པར་བྱས་པའོ་ཞེས་བྱ་བས་རིག་པ་དང་ལྡན་པ་བསྟན་ཏེ། ཁྱོད་ཀྱིས་འདི་ལྟ་བུ་བྱས་པ་ཉེས ་སོ་ཞེས་གྱོད་འདེབས་པ་ལ་རྗེས་སུ་སྦྱོར་བ་ཞེས་བྱ་སྟེ། དེ་ལྟ་བུ་མེད་ན་ལེགས་པར་བྱས་པའོ། །བརྗེད་མི་ངས་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། བརྗེད་མི་ངས་པ་ཉིད་དང་བག་ཡོད་པ་དང་དུབ་པ་མེད་པ་དང་བདག་པས་གཞན་གྱི་དོན་ལྷུར་བྱེད་པའོ། །དེ་ལ་འཁྲུལ་བ ་མེད་པས་ན་རྗེས་སུ་སྦྱོར་བ་མེད་པའོ། ཞེས་བྱ་བས་བརྗེད་མི་གནས་པ་ཉིད་བསྟན་ཏེ་འཁྲུལ་བ་ན་སྡིག་པ་མི་དགེ་བའི་ཆོས་སྤྱོད་ཅིང་དགེ་བའི་ཆོས་མི་སྤྱོད་པའོ། །དེ་ལྟ་བུ་མེད་པའི་ནི་རྗེས་སུ་སྦྱོར་བ་མེད་པ་སྟེ་ཉེས་སོ་ཞེས་གྱོད་འདེབས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལེགས ་པར་གནས་པས་ན་འཁྲུལ་པ་མེད་པའོ་ཞེས་བྱ་བས་བག་ཡོད་པ་བསྟན་ཏེ། མི་དགེ་བའི་ཆོས་ལ་བག་བྱས་པ་འམ། དགེ་བའི་ཆོས་སྦྱང་པ་ལས་འགྱུར་བ་མེད་པས་ན་འཁྲུལ་པ་མེད་པའོ། །ཕྱིར་མི་ཟློགས་པས་ན་ལེགས་པར་གནས་པའོ་ཞེས་བྱ་བས་དུབ་པ་མེད་པ ་བསྟན་ཏེ་སུས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་མི་ཟློགས་ཤིང་བདག་ཉིད་ཀྱང་ལྡོག་པ་མེད་པ་ནས་ལེགས་པར་གནས་པ་སྟེ། འགྱུར་བ་མེད་པར་གནས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ལྟ་བས་ཕྱིར་མི་ཟློགས་པའོ་ཞེས་བྱ་བས་བདག་པས་གཞན་གྱི ་དོན་ལྷུར་བྱེད་པ་བསྟན་ཏེ། སེམས་ཅན་གྱི་དོན་བྱ་བར་སེམས་ཤིང་ལྟ་བ་ན་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ཟློགས་པའོ། །རྒྱུ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་དྲུག་སྟེ། སྙིང་རྗེ་ཆེན་པོའི་རྩ་བ་དང། སྦྱོར་བ་མི་གཏོང་བ་དང་སྦྱོར་བ་སྒྲུབ་པ་དང། གཞན ་ལ་ཕན་པའི་རྒྱུ་མ་ཡིན་པའི་བདེ་བ་མི་དགོས་པ་དང། གཞན་ལ་ཕན་པའི་རྒྱུས་བདེ་བ་ཉིད་དུ་གྱུར་པ་དང། སེམས་ཅན་གྱི་དོན་བྱེད་པས་བདེ་བའི་དོན་དུ་གྱུར་པའོ། །དེ་ལ་སྙིང་རྗེ་ཆེན་པོའི་རྩ་བ་ཡིན་པས་ན་སེམས་ཅན་ལ་ལྟ་བའོ་ཞེས་བྱ་བས་སྙིང་རྗེ་ཆེན་པོའི་རྩ་བ ་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་བསམ་པ་རྣམ་པར་དག་པ་སྟེ། སྙིང་རྗེ་ཆེན་པོའི་རྩ་བ་དང་རྒྱུར་གྱུར་པའི་ཕྱིར་སེམས་ཅན་གྱི་དོན་བྱ་བ་ལ་ལྟ་བའོ། །དེ་ལ་རྣམ་པ་གསུམ་གྱི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། རྒྱུ་ཆེ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ ་མེད་པ་བསགས་པ་ལས་བྱུང་བའི་ཕྱིར་རོ། །དམིགས་པ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ལ་དམིགས་ཕྱིར་རོ། །རྒྱུད་ཆེན་པོ་ནི་སྙིང་རྗེ་ཆེན་པོ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱི་རྒྱུད་ལ་མི་འབྱུང་གི་།དེ་བཞིན་གཤེགས ་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་འབྱུང་བའི་ཕྱིར་རོ། །ཡོངས་སུ་མི་སྐྱོ་བས་ན་སྙིང་རྗེ་ཆེན་པོའི་རྩ་བའོ་ཞེས་བྱ་བས་སྦྱོར་བ་མི་གཏོང་བ་བསྟན་ཏེ། འཁོར་བ་དང་སེམས་ཅན་གྱི་དོན་བྱ་བ་མ་སྐྱོ་བ་མེད་པས་ན་སྙིང་རྗེ་ཆེན་པོའི་རྩ་བར་གྱུར་པ་ཞེས ་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པས་ན་ཡོངས་སུ་མི་སྐྱོ་བའོ། །ཞེས་བྱ་བས་སྦྱོར་བ་བསྒྲུབ་པ་བསྟན་ཏེ། སེམས་ཅན་ཡོངས་སུ་སྨིན་པ་དང། ཐར་པ་བྱ་བའི་ཐབས་ཤེས་པས་ན་ཆོ་ག་ཤེས་པ་སྟེ། དེ་བས་ན་སེམས་ཅན་གྱི་དོན་བྱ་བ་ལ་མི ་སྐྱོ་བའོ། །བདག་བདེ་བ་མེད་པས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པའོ་ཞེས་བྱ་བས་གཞན་ལ་ཕན་པའི་སྒྱུ་མ་ཡིན་པའི་བདེ་བ་མི་དགོས་པ་བསྟན་ཏེ། སེམས་ཅན་གྱི་དོན་གྱི་ཕྱིར་བདག་ཉིད་ཀྱི་ལུས་དང་སྲོག་ལ ་ཡང་མི་ལྟ་བའོ། །ལན་མི་རེ་བས་ན་བདག་ལ་བདེ་བ་མེད་པའོ་ཞེས་བྱ་བས་གཞན་ལ་ཕན་པའི་རྒྱུས་བདེ་བ་ཉིད་དུ་གྱུར་པ་བསྟན་ཏེ། ཕན་བཏགས་པའི་ལན་ལ་རེ་བ་མེད་པས་ན་བདག་གི་བདེ་བ་མེད་པ་སྟེ། ལུས་དང་སྲོག་ལ་ཡང་མི་ལྟ་བའོ། །ཟང ་ཟིང་མེད་པས་ན་ལན་རེ་བ་མེད་པའོ། ཞེས་བྱ་བས་སེམས་ཅན་གྱི་དོན་བྱེད་པས་བདེ་བའི་དོན་དུ་གྱུར་པ་བསྟན་ཏེ། ཁེ་དང་བཀུར་སྟིའི་ཟང་ཟིང་ལ་མ་ཆགས་པས་ན་ཕན་བཏགས་པའི་ལན་རེ་བ་མེད་པའོ། །དམིགས་པ་རྣམ་པར་དག་པའི་མཚན་ཉིད་ཀྱང ་རྣམ་པ་ལྔ་སྟེ། ཆོས་ལ་སོ་སོར་རྟོན་པའི་ཤེས་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་དང། སྡུག་བསྔལ་ལས་རྣམ་པར་ཐར་པའི་གནས་སུ་གྱུར་པ་དང། དེའི་གཞིའི་གཉེན་པོའི་གནས་སུ་གྱུར་པ་དང། མུ་སྟེགས་ཅན་དང་ཐུན་མོང་མ ་ཡིན་པའོ། །དེ་ལ་ཆོས་ལ་སྟོན་པར་གྱུར་པས་ན་ཟང་ཟིང་མེད་པའོ་ཞེས་བྱ་བས་ཆོས་ལ་སོ་སོར་སྟོན་པའི་ཤེས་པ་བསྟན་ཏེ། ཆོས་དོན་དུ་གཉེར་གྱི་རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བས་ན་ཟང་ཟིང་མེད་པའོ། །སེམས་ཅན་མཐུ་ཆུང་བ་རྣམས་ལ་ལྟ ་བས་ན་ཆོས་སྟོན་པར་གྱུར་པའོ། ཞེས་བྱ་བས་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། འཁོར་བའི་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་བྱ་བར་ལྟ་ཞིང་སེམས་པས་ན་ཆོས་ལ་རྟོན་པར་གྱུར་པའོ། །དཔུང་གཉེན་དུ་གྱུར་པས་ན ་སེམས་ཅན་མཐུ་ཆུང་ངུ་ལ་ལྟ་བའོ་ཞེས་བྱ་བས་སྡུག་བསྔལ་ལས་རྣམ་པར་ཐར་པའི་གནས་སུ་གྱུར་པ་བསྟན་ཏེ། འཁོར་བའི་སྡུག་བསྔལ་ལས་སེམས་ཅན་ཐར་པར་བྱེད་པའི་གནས་སུ་གྱུར་པས་ན་མཐུ་ཆུང་ངུ་ལ་ལྟ་བ་ཞེས་བྱའོ། །སྐྱབས་སུ་གྱུར་པས་ན་དཔུང ་གཉེན་དུ་གྱུར་པའོ་མེས་བྱ་བས་དེའི་གཉེན་པོའི་གནས་སུ་གྱུར་པ་བསྟན་ཏེ། འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་ལ་བཀོད་ཅིང་བསྟན་པ་ནི་སྐྱབས་སུ་གྱུར་པ་ཞེས་བྱ་སྟེ། དེ་གཉིས་སྟོན་པར་བྱེད་པས་ན་དཔུང ་གཉེན་དུ་གྱུར་པའོ་ཞེས་བྱའོ། །མགོན་དུ་གྱུར་པས་ན་སྐྱབས་སུ་གྱུར་པའོ། །སྙོན་མི་རྨོངས་པས་ན་མགོན་དུ་གྱུར་པའོ་ཞེས་བྱ་བས་མུ་སྟེགས་ཅན་དང་ཐུན་མོངས་མ་ཡིན་པ་བསྟན་ཏེ། ཁམས་གསུམ་ཐམས་ཅད་ལས་སེམས་ཅན་ཐར་བར་བྱེད་པའི་མགོན་དུ ་གྱུར་པས་ན་སྐྱབས་སུ་གྱུར་པ་ཞེས་བྱའོ། །བུ་སྨད་ལ་སོགས་པ་ལ་ཆགས་ཤིང་བྱམས་པས་མགོན་བྱེད་པས་ནི་སྙོན་རྨོངས་པའི་མགོན་དུ་གྱུར་པ་ཡིན་གྱི། དེ་ལས་བཟློག་པ་ནི་བསམ་པ་རྣམ་པར་དག་པའི་མགོན་དུ་གྱུར་པའོ། །ཡིད་ལ་བྱེད་པ་རྣམ་པར་དག ་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པ་དང། སོ་སོ་རང་གིས་རིགས་པ་དང། རང་བཞིན་གྱིས་རྣམ་པར་དག་པ་དང། ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པ་དང། ཀུན་ནས་དཀྲིས་པ་དང། བག་ལ་ཉལ་སྤངས་པ་ཤིན་ཏུ་རྣམ ་པར་དག་པའོ། །དེ་ལ་ཤིན་ཏུ་བརྟགས་པས་ན་སྙོན་མི་རྨོངས་པའོ་ཞེས་བྱ་བས་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པ་བསྟན་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པས་ན། འདོད་ཆགས་ལ་སོགས་པས་ཉོན་མི་མོངས་ཞེས་བྱ་བའི་དོན་དོ། བརྒལ་བ་མེད་པས་ན ་ཤིན་ཏུ་རྟགས་པའོ་ཞེས་བྱ་བས་སོ་སོ་རང་གིས་རིག་པ་བསྟན་ཏེ། བརྒལ་བ་ནི་མཚད་འབྲུ་ཞིང་སྐྱོན་གདགས་པ་ལ་བྱའོ། །ཤིན་ཏུ་རྟགས་པ་ལ་དེ་ལྟ་བུ་མི་འབྱུང་ཞིང་མི་སྲིད་པའི་ཕྱིར་རོ། །བསམ་པ་དགེ་བས་ན་དེ་བརྒལ་བ་མེད་པའོ་ཞེས་བྱ་བས་རང་བཞིན་གྱིས་རྣམ ་པར་དག་པ་བསྟན་ཏེ། རང་བཞིན་གྱིས་སེམས་རྣམ་པར་དག་པ་སྟེ། སྐྱོན་མེད་པས་ན་བརྒལ་བ་མེད་པ་ཞེས་བྱའོ། །ཅི་ཡང་མེད་པས་ན་བསམ་པ་དགེ་བའོ་ཞེས་བྱ་བས་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པ་བསྟན་ཏེ། ཅི་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ལ་བྱ་ལ། དེ ་མེད་པས་ན་བསམ་པ་དགེ་བ་ཞེས་བྱའོ། །ཤིན་ཏུ་ཡོངས་སུ་དག་པས་ན་ཅི་ཡང་མེད་པའོ་ཞེས་བྱ་བ་ཀུན་ནས་དཀྲིས་པ་དང། བག་ལ་ཉལ་སྤངས་པས་ཤིན་ཏུ་རྣམ་པར་དག་པ་བསྟན་ཏེ། སེམས་ལ་ཉོན་མོངས་པ་ཀུན་ནས་དཀྲིས ་པ་དང། བག་ལ་ཉལ་སྤངས་ཏེ། རྣམ་པར་དག་པས་ན་ཅི་ཡང་མེད་པ་ཞེས་བྱའོ། །ལྟ་བ་རྣམ་པར་དག་པའི་མཚན་ཉིད་ཀྱང་རྣམ་པ་བཞི་སྟེ། བདག་མེད་པ་གཉིས་ཤིན་ཏུ་རྟོགས་པ་དང། མཚན་མ་མེད་པ་ལ་གནས་པ་དང་འཁོར་བ་མི་གཏོང་བ་དང། དེ་གཉི ་གའི་ཉེ་བའི་ཉོན་མོངས་པའོ། །དེ་ལ་ཤིན་ཏུ་དཀར་བས་ན་ཤིན་ཏུ་ཡོངས་སུ་དག་པའོ་ཞེས་བྱ་བས་བདག་མེད་པ་གཉིས་ཤིན་ཏུ་རྟོགས་པ་བསྟན་ཏེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་སྤངས་ཏེ། ཤིན་ཏུ་དཀར ་བས་ན་ཡོངས་སུ་དག་པ་ཞེས་བྱའོ། །ནང་དྲི་མ་མེད་པས་ན་ཤིན་ཏུ་དཀར་བའོ། །ཞེས་བྱ་བས་མཚན་མ་མེད་པ་ལ་གནས་པ་བསྟན་ཏེ། སེམས་ལ་མཚན་མར་རྟོག་པའི་སྐྱོན་གྱིས་དྲི་མ་མེད་པས་ན་ཤིན་ཏུ་དཀར་བ་ཞེས་བྱའོ། །ཕྱི་རོལ་དག་པས་ན་དྲི་མ་མེད་པའོ ་ཞེས་བྱ་བས་འཁོར་བ་མི་གཏོང་བ་བསྟན་ཏེ། ཕྱིའི་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་པས་ན་ཕྱིའི་ཆོས་དག་པ་སྟེ། དེའི་ཕྱིར་ནང་དག་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པས་ཕ་རོལ་དག་པ་སྟེ་ཞེས་བྱ་བས་གཉི་གའི་ཉེ་བའི་ཉོན་མོངས་པ་བསྟན་ཏེ། ཕྱི་ནང་ ་གི་ཉོན་མོངས་པའི་མཚན་མ་ཐམས་ཅད་རྣམ་པར་དག་པས་ན་ཕྱི་རོལ་དག་པ་ཞེས་བྱའོ། །བཙུན་པ་ཤཱ་རདྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་པས་ཡང་བསམ་པ་མི་ཟད་པ་རྣམ་གྲངས་གཞན་གྱིས་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དེ་ནི་སེར་སྣ་སྤང ་བའི་ཕྱིར་བལྟ་སྟེ་ཞེས་བྱ་བ་ནི་བདག་གི་སེམས་ཀྱི་རྒྱུད་ལ་སེར་སྣ་ཡོད་པ་སྤངས་པར་སེམས་པའི་ཕྱིར་བསམ་པ་རྣམ་པར་དག་པར་བལྟའོ། །སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བྱ་བར་སེམས་པའི་ཕྱིར་བསམ་བ་མི་ཟད་པ་ཞེས་བྱ་སྟེ། སེམས་ཅན་སེར་སྣ་ཅན ་མཛའ་ཡས་པ་ལ་དམིགས་པའི་ཕྱིར་རོ། །འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འཆལ་བའི་ཤེས་རབ་ནི་མུ་སྟེགས་ལ་སོགས་པའི་ལྟ་བ་ལོག་པར་རྟོགས་པ་ལ་བྱའོ། །བཙུན་པ་ཤཱ་རདྭ་ཏིའི་བུ་དེ་ལྟར་ན་ཞེས་བྱ་བ ་ལ་སོགས་པས་བསམ་པ་རྣམ་པར་དག་པ་དང། བསམ་པ་མི་ཟད་པ་མདོར་བསྡུས་ནས་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་མི་དགེ་བའི་ཆོས་ཡོད་པ་ཐམས་ཅད་སྤངས་པར་སེམས་པས་ན་བསམ་པ་རྣམ་པར་དག་པར་ལྟ་ལ། ་སེམས་ཅན་ཐམས་ཅད་དད་པ་ལ་སོགས་པའི་དགེ་བའི་ཆོས་ལ་བཞག་པར་སེམས་པས་ན་བསམ་པ་མི་ཟད་པ་ཞེས་བྱའོ། །བསམ་པ་མི་ཟད་བ་བཤད་ཟིན་ཏོ། །ཁུར་མི་འདོར་བའི་བྱང་ཆུབ་སེམས་དཔའ་ནི་སྦྱོར་བ་ལ་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པ་གང ་ཡིན་པ་སྟེ་དེ་བསྟན་པའི་ཕྱིར། གཞན་ཡང་བཙུན་པ་ཤ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པས་ན་སྦྱོར་བ་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གོང་དུ་བཤད་པའི་བསམ་པ་མི་ཟད་པ་དེ་ལྟ་བུ་ལས་འོག་ནས་འབྱུང་བའི་སྦྱོར་བ ་མི་ཟད་པ་རྣམས་འབྱུང་བའི་དོན་ཏོ། །རྣམ་པ་གཉིས་སུ་ན་གོང་དུ་བཤད་པ་ལྟར་བསམ་པ་མི་ཟད་པས་ནི། བསམ་པ་མི་ཟད་པ་དེ་ལས་བྱུང་བའི་སྦྱོར་བ་འོག་ནས་སྨོས་པ་རྣམས་མི་ཟད་པའོ་ཞེས་བཤད་པའོ། །དེ་ཅི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བསམ་པ་མི་ཟད་པས ་སྦྱོར་བ་མི་ཟད་པར་ཇི་ལྟར་འགྱུར་བའི་གཏན་ཚིགས་འདྲི་བའོ། །སྦྱོར་བ་མི་ཟད་པ་ཡང་རྣམ་པ་ལྔས་བསྟན་ཏེ། གང་ཞེ་ན། གང་ལ་སྦྱོར་བ་མི་ཟད་པ་དང། གང་གིས་སྦྱོར་བ་མི་ཟད་པ་དང། གང་ལ་གནས་ནས་སྦྱོར་བ་མི་ཟད་པ་དང། ཇི་ལྟར་སྦྱོར་བ་མི་ཟད་པ་དང། གང་གི ་ཕྱིར་སྦྱོར་བ་མི་ཟད་པས་བསྟན་ཏོ། །དེ་ལ་གང་ལ་སྦྱོར་བ་མི་ཟད་པ་ཡང་རྣམ་པ་དྲུག་སྟེ། ཕན་འདོགས་པའི་སྦྱོར་བ་དང། ལས་རྣམ་པ་གསུམ་སྦྱོར་བའི་སྦྱོར་བ་དང། གནོད་པ་མི་བྱེད་པའི་སྦྱོར་བ་དང། མཐར་འབྱིན་པའི་སྦྱོར་བ་དང། ཉོན་མོངས་པ་འཇིལ་བའི་སྦྱོར ་བ་དང། ཤེས་བྱ་རྣམས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་སྦྱོར་བའོ། །དེ་ལ་སྦྱིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཕན་འདོགས་པའི་སྦྱོར་བ་བསྟན་ཏེ། སྦྱིན་པ་བཏང་བར ་སེམས་པའི་བསམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་བསམ་པ་དེ་ལ་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། བསམ་པ་དེ་ལས་གང་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་སྣང་བ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི ་ཟད་པར་ལྟའོ། །ཚུལ་ཁྲིམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བ་ལས་རྣམ་གསུམ་སྦྱོང་བའི་སྦྱོར་བ་བསྟན་ཏེ། ཚུལ་ཁྲིམས་ལ་གནས་པར་སེམས་པའི་བསམ་པ་ལ། བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ་བསམ་པ་དེ་ལ་ཅིའི་ཕྱིར་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། བསམ་པ་དེའི་རྒྱུས་གང་ཚུལ་ཁྲིམས་ལ་སོགས་པ་ཡང་དག་པར་འཛིན་པར་སྣང་བའི་ཕྱིར་རོ། བཟོད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་གནོད་པ་མི་བྱེད་པའི་སྦྱོར་བ ་བསྟན་ཏེ། བཟོད་པ་ལ་གནས་པར་སེམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་དེའི་རྒྱུ་ལས་སེམས་ཅན་གནོད་པར་བྱེད་པ་ཐམས་ཅད་ལ་ཞེ་འགྲས་བ་མེད་པའི་སེམས་སུ་སྣང་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། ། ་བརྩོན་འགྲུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་མཐར་འབྱིན་པའི་སྦྱོར་བ་བསྟན་ཏེ། བརྩོན་འགྲུས་ལ་གནས་པར་སེམས་དཔའ་ཨི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་དེའི་རྒྱུ་ལས ་དགེ་བའི་རྩ་བ་ཐམས་ཅད་མཐར་དབྱུང་བའི་སྔོན་དུ་བརྩོན་འགྲུས་འགྲོ་བར་སྣང་བའི་ཕྱིར་རོ། །བསམ་གཏན་གྱི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ། ཞེས་བྱ་བས་ཉོན་མོངས་པ་འཇིལ་པའི་སྦྱོར་བ་བསྟན་ཏེ། བསམ་གཏན་ལ་གནས་པར་སེམས་པའི ་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གང་བསམ་པ་དེའི་རྒྱུས་བསམ་གཏན་གྱི་མཐུན་པའི་ཕྱོགས་ཉོན་མོངས་པ་ཐམས་ཅད་འཇིལ་ཞིང་སྦྱོར་བར་སྣང་བའི་ཕྱིར་རོ། །ཤེས་རབ་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི ་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཤེས་བྱ་རྣམས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་སྦྱོར་བ་བསྟན་ཏེ། ཤེས་རབ་སྒྲུབ་པར་སེམས་པའི་བསམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་དེའི་རྒྱུས་ཐོམ་པ་ཐམས་ཅད་ཕྱིན་ཅི་མ ་ལོག་པར་འཛིན་ཅིང་སྦྱོར་བར་སྣང་བའི་ཕྱིར་རོ། གང་གིས་སྦྱོར་བ་མི་ཟད་པ་ནི་ཚད་མེད་བ་བཞིའི་བསམ་པས་བསྟན་ཏེ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཀྱི་བསམ་པ་ནི། བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ་ཞེས་གསུངས་པའོ།། ། ་ཅིའི་ཕྱིར་ཚད་མ་བཞིའི་བསམ་པ་ལ་སྦྱོར་བ་མི་ཟད་པ་ཞེས་བྱ་ཞེ་ན། བྱམས་པའི་བསམ་པས་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དང། སྙིང་རྩེ་བའི་བསམ་པས་སེམས་ཅན་རྣམས་ལ་བདེ་བར་བྱེད་པ་དང། དགའ་བའི་བསམ་པས་སེམས་ཅན་རྣམས་ཆོས་ཀྱི་དགའ་ ་བ་ལ་མོས་པར་བྱེད་པ་དང། བཏང་སྙོམས་ཀྱི་བསམ་པས་སེམས་ཅན་རྣམས་ལ་ཆགས་སེམས་དང། ཁོང་ཁྲོ་བ་སྤོང་བར་སྦྱོར་བའི་ཕྱིར་རོ། །དེ་ལ་མྱ་ངན་ལས་འདས་པ་དང། བདེ་འགྲོར་འཇོག་པར་བྱེད་པ་ནི་ཕན་པར་བྱེད་པའོ། །ཁམས་གསུམ་གྱི་སྡུག་བསྔལ ་ལས་སྒྲོལ་བར་བྱེད་པ་ནི་བདེ་བར་བྱེད་འདོད་པའི་འདོད་ཆགས་ལ་བདེ་བའི་མོས་པ་མེད་པ་ནི་ཆོས་ཀྱི་དགའ་བ་ལ་མོས་པའོ། །བྱམས་པ་དང་གནོད་པར་སེམས་པ་ལ་འདོད་ཆགས་དང་ཞེ་སྡང་གི་སེམས་མེད་པ་དེ་ན་ཚིགས་པ་དང་ཁོང་ཁྲོ་བ་སྤོང་བ་ཞེས་བྱའོ། །གང་ལ་གནས ་ནས་སྦྱོར་བ་མི་ཟད་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྡོམ་པའི་སྦྱོར་བས་བསྟན་ཏེ། ལུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་ཀྱི་ལས་ཡོངས་སུ་དག་པར་བྱ་བར་སེམས་པའི་བསམ་པ་ནི་བྱང་ཆུབ ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། བསམ་པ་དེའི་རྒྱུ་ལས་ལུས་ཀྱི་ལས་རྣམ་གསུམ་གྱི་སྡོམ་པ་ཡོངས་སུ་དག་པའི་སྦྱོར་བ་འབྱུང་བའི་ཕྱིར་ཏེ། ངག་དང་ཡིད་ཀྱི་སྡོམ་པ་ཡང་དེ་དང་འདྲ་བར་སྦྱར་རོ། །ལུས་ཀྱི་ལས་རྣམ ་གསུམ་གྱི་སྡོམ་པ་ནི་སྲོག་གཅད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལེག་པར་གཡེམ་པ་སྤང་པའོ། །ངག་གི་ཉེས་པ་རྣམ་པ་བཞི་ནི་རྫུན་དུ་སྨྲ་བ་དང། ཕྲ་མ་དང་ངག་རྩུབ་མོ་དང། ཚིག་ཀྱལ་བ་སྟེ། དེ་དག་སྤངས་པའོ། །ཇི་ལྟར་སྦྱོར་བ་མི་ཟད་བ་ནི ་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུང་མེད་པའི་ཕྱིར་ཐོས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔས་མདོ་སྡེ་ལ་སོགས་པ་བསམ་པ་རྣམ་པར་དག་ཅིང་ཟང་ཟིང་མེད་ཅིང་ཐོས་པ་ཚོལ་བའི་བསམ་པ་ནི་སྦྱོར ་བ་མི་ཟད་པ་ཞེས་བྱ་སྟེ། །ཐོས་པའི་བསམ་པ་ཡོངས་སུ་དག་པ་དེ་ལས་སེམས་ཅན་གཞན་ལ་དཔེ་མཁྱུད?་མེད་པའི་སྦྱོར་བ་སྟོན་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །གང་གི་ཕྱིར་སྦྱོར་བ་མི་ཟད་བ་ནི་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་བསམ་པ་ནི་བྱང་ཆུབ་སེམས ་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བསྟན་ཏེ། སློབ་དཔོན་གྱིས་དཔེ་མཁྱུད་མེད་པར་སྟོན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་སྟོན་པ་དེ་ཡང་ཐམས་ཅད་མཁྱེན ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པའི་ཕྱིར་སྦྱར་བས་ན་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ཡོད་པ་དང། ཇི་སྙེད་ཡོད་པ་ཀུན་མ། ལུས་པར་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །གང་གིས་ཕྱིར་སྦྱོར་བ་དེ་ཉིད་ཀྱང་རྣམ་པ ་བཅོ་ལྔས་རྒྱས་པར་བསྟན་ཏེ་གང་ཞེ་ན། གང་གི་དོན་དུ་སྦྱོར་བ་དང། མཆོག་གི་གནས་ལ་སྦྱོར་བ་དང། བླ་མའི་ས་ལ་རྗེས་སུ་འཇུག་པའི་སྦྱོར་བ་དང། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཡཕྱིར་སྦྱོར་བ་དང། སངས་རྒྱས་ཀྱི་ཚུལ་རྟོག་པའི་ཕྱིར་སྦྱོར་བ་དང། ་མི་དགེ་བ་ལས་བྱུང་བའི་ཕྱིར་སྦྱོར་བ་དང། ཁ་ན་མ་ཐོ་བ་བཤགས་པའི་ཕྱིར་སྦྱོར་བ་དང། དགེ་བ་ལ་འཇུག་པའི་ཕྱིར་སྦྱོར་བ་དང། བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱིར་སྦྱོར་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སྦྱོར་བ་དང། བསྟན་པ་བཟུང་བའི་ཕྱིར་སྦྱོར ་བ་དང། དམ་པ་དག་དང་མཐུན་པའི་ཕྱིར་སྦྱོར་བ་དང། ཁ་འོག་ཏུ་ལུས་འཁྲུས་པའི་ཕྱིར་སྦྱོར་བ་དང། གོ་ཆའི་བསམ་པ་བརྟན་ཞིང་མི་གཡོ་བའི་ཕྱིར་སྦྱོར་བ་དང། གཞན་གྱིས་དོན་དང་ཕན་པ་ལ་སྦྱོར་བའོ། །དེ་ལ་ཐམས་ཅད་མཁྱེན་པའི་སེམས་ཀྱི ་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བ་གང་གི་དོན་དུ་སྦྱོར་བ་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་སེམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཐོབ་ནས་སེམས་ཅན་གཞན་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལ་འཇོག་ཅིང། བྱང་ཆུབ་སེམས་བསྐྱེད་པའི་སྦྱོར་བ་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། ལྷག་མ་རྣམས་ཀྱང་ཚུལ་འདི་ཅི་རིགས ་པར་བཤད་པར་བྱའོ། །སེམས་ཅན་གཞན་བྱང་ཆུབ་ཀྱི་ཡང་དག་པར་འཛིན་དུ་འཇུག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་མཆོག་གི་གནས་ལ་སྦྱོར་བ་བསྟན་ཏེ། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ལ་དགོས་པར ་སེམས་པའི་བསམ་པ་ལས་ནི་སེམས་ཅན་རྣམས་འདོད་མ་ཆགས་པ་དང། ཞེ་མི་སྡང་བ་དང། གཏི་མི་མུག་པའི་དགེ་བའི་རྩ་བ་ལ་རབ་ཏུ་འཛུད་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །དགེ་བའི་རྩ་བ་ལ་སྦྱོར་བའི་བསམས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི ་ཟད་པའོ་ཞེས་བྱ་བས་བླ་མའི་ས་ལ་རྗེས་སུ་འཇུག་པར་སྦྱོར་བ་བསྟན་ཏེ། སེམས་ཅན་གཞན་དགེ་བའི་རྩ་བ་གསུམ་ལ་དགོད་པར་སེམས་དཔའ་ཨི་བསམ་པ་ལས་ནི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་སྔོ་བ་ལ་སྦྱོར་བ་འབྱུང་བའི་ཕྱིར་རོ། ། ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་སྦྱོར་བ་བསྟན་ཏེ། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་སེམས་པའི ་བསམ་པ་ལས་སྟོབས་དང་མི་འཇིགས་པ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ ་ཞེས་བྱ་བས་སངས་རྒྱས་ཀྱི་ཚུལ་རྟོགས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་སེམས་པའི་བསམ་པ་དེ་ལས་དམ་པའི་ཆོས་ཀུན་འཛིན་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །དམ་པའི་ཆོས་ཀུན་འཛིན་པའི་བསམ ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་སངས་རྒྱས་ཀྱི་ཆོས་རྟོགས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་སེམས་པའི་བསམ་པ་དེ་ལས་དམ་པའི་ཆོས་ཀུན་འཛིན་པའི་སྦྱོར་བ་འབྱུང ་བའི་ཕྱིར་རོ། །དམ་པའི་ཆོས་ཀུན་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་སྦྱོར་བ་མི་ཟད་པའི་ཞེས་བྱ་བས་མི་དགེ་བ་ལས་འབྱུང་བའི་ཕྱིར་སྦྱོར་བ་བསྟན་ཏེ། དམ་པའི་ཆོས་ཀུན་རྟོགས་པར་བྱ་བའི་བསམ་པ་ལས། ལུས་དང་ངག་དང་ཡིད་གསུམ ་གྱི་སྒོ་ནས་མི་དགེ་བ་བྱས་པ་ཀུན་འཆགས་ཤིང་མེད་པར་བྱ་བའི་ཕྱིར་སྦྱོར་བའི་ཕྱིར་རོ། །ཉེས་པ་བཤགས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཁ་ན་མ་ཐོ་བ་བཤགས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སྡིག་པ་མི་དགེ་བའི ་ཆོས་བཤགས་པར་སེམས་པའི་བསམ་པ་ལས་སྡིག་པ་ཐམས་ཅད་མཐོལ་ཞིང་མེད་པའི་སྦྱོར་བ་འབྱུང་ངོ། །སྡིག་པ་མཐོལ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་དགེ་བ་ལ་འཇུག་པའི་སྦྱོར་བ་བསྟན་ཏེ། ཁ་ན་མ་ཐོ་བ ་བཤགས་པར་སེམས་པའི་བསམ་པ་ལས་སོ་སོའི་སྐྱེ་བོ་དང། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི ་རང་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱིར་སྦྱོར་བ་བསྟན་ཏེ། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་སེམས་བའི་བསམ་པ་ལས། བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པའི་སྦྱོར་བ་འབྱུང་བའི ་ཕྱིར་རོ། །ཚད་མེད་པའི་བསོད་ནམས་ཀྱི་ཚོགས་ཚད་མེད་པར་བསགས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སྦྱོར་བ་བསྟན་ཏེ། བསོད་ནམས་ཀྱི་ཚོགས་ཆང་མེད་པ་བསགས་པར་སེམས ་པའི་བསམ་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས ་བསྟན་པ་བཟུང་བའི་ཕྱིར་སྦྱོར་བ་བསྟན་ཏེ། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པའི་བསམ་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་དམ་པའི་ཆོས་ཡོངས་སུ་འཛིན་པའི་སྦྱོར་བ་འབྱུང་བའི་ཕྱིར་ཏེ། འདི་ན ་དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྦྱོར་བ་ཡིན་ལ་དམ་པའི་ཆོས་ཀུན་སྔར་འཛིན་པ་ཞེས་སྔར་བསྟན་པ་ནི་རང་ཉིད་ཀྱི་རྟོགས་པ་འཛིན་པ་ལ་བྱ་བས་བྱེ་བྲག་ཡོད་དོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས ་དཔའ་ཨི་སྦྱོར་བ་མི་ཟད་པའོ། ཞེས་བྱ་བས་དམ་པ་དག་དང་མཐུན་པའི་སྦྱོར་བ་བསྟན་ཏེ། དམ་པའི་ཆོས་ཡོངས་སུ་འཛིན་པའི་བསམ་པ་ལས་སྐྱེས་བུ་དམ་པའི་ཆོས་ཀྱི་སྦྱོར་བ་འབྱུང་བའི་ཕྱིར་ཏེ། དེ་ལ་སྐྱེས་བུ་དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ ་དག་གིས་ཕྲིན་ལས་ནི་དམ་པའི་ཆོས་ཐམས་ཅད་འཛིན་པར་མཛད་པ་སྟེ། དེ་ལྟ་བུའི་ལས་ལ་སྦྱོར་བས་ན་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །སྐྱེས་བུ་དམ་པའི་ལས་ཀྱི་བསམ་པ་ནི་བྱང་ཆུབ་སེམས ་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བས་ཁ་འོག་ཏུ་ལུས་འཁྲུས་པའི་ཕྱིར་སྦྱོར་བ་བསྟན་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་ལས་བྱ་བར་སེམས་པའི་བསམ་པ་ལས་བདག་དང་གཞན་གྱི་དོན་བསྒྲུབ་པོ་ཞེས་ཁས་བླངས་པའི་ཁུར་སྒྲོལ་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ། ་གོ་ཆ་སྲ་ཞིང་མི་འདོར་བའི་ཕྱིར་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་བསམ་པ་མི་ཟད་པའོ་ཞེས་བྱ་བས་གོ་ཆ་བསམ་པ་བརྟན་ཞིང་མི་གཡོ་བའི་ཕྱིར་སྦྱོར་བ་བསྟན་ཏེ། ཁུར་བླངས་པ་སྒྲོལ་བའི་བསམ་པ་ལས་གོ་ཆ་སྲ་ཞིང་མི་འདོར་བའི་སྦྱོར་བ་འབྱུང་བའི་ཕྱིར་རོ།། ་གོ་ཆ་སྲ་ཞིང་མི་འདོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ། །གཞན་གྱི་དོན་དང་ཕན་པ་ལ་སྦྱོར་བ་བསྟན་ཏེ། བརྩོན་འགྲུས་བརྟན་ཞིང་མི་འདོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་སྟེ། དེ་ལ་ཅིའི་ཕྱིར་སྦྱོར་བ ་མི་ཟད་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་སྦྱོར་བ་འབྱུང་བའི་ཕྱིར་རོ། །བཙུན་པ་ཤ་རདྭ་ཏིའི་བུ་གཞན་ཡང་བཞི་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་ལ་སོགས་པས་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི ་ཟད་པ། གཟུང་སླ་ཞིང་གོ་སླ་བར་བྱ་བའི་ཕྱིར་བཞི་ཚོམས་སུ་བཤད་པ་དེ་བསྟན་པའོ། །ཡང་སྦྱོར་བ་བཞི་སྟེ། འཁོར་བ་ཡོངས་སུ་མི་གཏང་བའི་སྦྱོར་བ་དང། འཁོར་བ་ན་ཉོན་མོངས་པ་མེད་པའི་ཐབས་ཀྱི་སྦྱོར་བ་དང། ཐ་དད་པའི་ས་བོན་རྟས་པའི་ས་ལ་སྦྱོར་བ ་དང། ཐ་དད་པའི་ས་བོན་རྟས་པའི་རྒྱུ་ལ་སྦྱོར་བའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་འཁོར་བ་ཡོངས་སུ་མི་གཏོང་བའི་སྦྱོར་བ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་ནི་འཁོར་བ་ཡོངས་སུ་མི་གཏོང་བར་བྱེད་དོ། །བྱང་ཆུབ་ཀྱི་སེམས་དང་ལྡན ་པ་རྣམས་འཁོར་བ་མི་འདོར་བར་བྱེད་པའི་ཕྱིར་རོ། །ཆོས་སྦྱིན་པ་རྣམ་པར་འགྲེལ་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་འཁོར་བ་ན་ཉོན་མོངས་པ་མེད་པའི་ཐབས་ཀྱི་སྦྱོར་བ་བསྟན་ཏེ། དེ་ལ་སྦྱིན་པ་རྣམ་པ་གསུམ་པོ་ཟང་ཟིང་སྦྱིན་པ་དང། མི་འཇིགས་པ་སྦྱིན་པ ་དང། ཆོས་སྦྱིན་པ་ལས་ཆོས་སྦྱིན་པས་ནི་སེམས་ཅན་རྣམས་འཁོར་བ་ན་ཉོན་མོངས་པ་མེད་པར་འགྱུར་བས་ན། ཆོས་སྦྱིན་པ་ནི་ཉོན་མོངས་པ་མེད་པའི་སྦྱོར་བ་མི་ཟད་པའོ་ཞེས་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཐ ་དད་པའི་ས་བོན་རྟས་པའི་ས་ལ་སྦྱོར་བ་བསྟན་ཏེ། དེ་ལ་རྣམ་པར་གྲོལ་བར་སྨིན་པར་བྱེད་པའི་ཤེས་རབ་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱེད་པའོ་ཞེས་བྱའོ། །དེ་བས་ན་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་བསྐྱེད་པ་ནི། སེམས ་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བས་ཐ་དད་པའི་ས་བོན་རྟས་པའི་རྒྱུ་ལ་སྦྱོར་བ་བསྟན་ཏེ། རྣམ་པར་གྲོ་བ་སྨིན་པར་བྱེད་པའི་ཤེས་རབ་དེ་ཡང་འདོད་མ་ཆགས་པ་ལ་སོགས་པའི ་དགེ་བའི་རྩ་བ་བསགས་པ་ལས་འབྱུང་སྟེ། དེ་བས་ན་འདོད་ལ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ལ་སོགས་པར་བྱེད་པ་ནི། དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །རྣམ་པ་གཞན་དུ་ན་བྱང་ཆུབ་ཀྱིས་སེམས་ཀྱི་སྦྱོར་བ་མི་ཟད་བ་ཞེས ་བྱ་བ་ལ་སོགས་པ་བཞི་ཆན?་ངེས་དོན་རྣམ་པ་བཞིས་བསྟན་ཏེ་མི་འདོད་པའི་གཉེན་པོ་དང། ཐབས་མི་ཤེས་པའི་གཉེན་པོ་དང། ཤེས་རབ་མེད་པའི་གཉེན་པོ་དང། བསོད་ནམས་མེད་པའི་གཉེན་པོ་སྟེ། བྱང་ཆུབ་ཀྱིས་སེམས་ཀྱིས་ནི་བླ་ན་མེད་པའི་བྱང ་ཆུབ་འདོད་པར་འགྱུར། ཆོས་སྦྱིན་པས་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཐབས་ཤེས་པར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་རྣམ་པར་གྲོལ་བ་སྨིན་པར་བྱེད་པའི་ཤེས་རབ་སྐྱེད་པར་འགྱུར། ་དགེ་བའི་རྩ་བ་བསགས་པའི་སྦྱོར་བས་ནི་སེམས་ཅན་དགེ་བའི་རྩ་བས་དབུལ་བ་རྣམས་ལ་བསོད་ནམས་དཔག་ཏུ་མེད་པ་སོགས་པའི་ཕྱིར་རོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་མི་ཟད་པ ་རྣམ་གྲངས་བཞིས་སྟོན་ཏེ། ཡུལ་ལ་ཆགས་པའི་གཉེན་པོ་ལ་སྦྱོར་བ་དང། བསོད་ནམས་ཀྱི་ཚོགས་ལ་སྦྱོར་བ་དང། ཡེ་ཤེས་ཀྱི་ཚོགས་ལ་སྦྱོར་བ་དང། ཐབས་མཁས་པའི་སྦྱོར་བའོ། །དེ་ལ་དགོན་པ་ལ་གནས་ཤིང་སྦྱངས་པའི་ཡོན་ཏན་དང། ་ཡོ་བྱད་བསྙུངས་པའི་རྗེས་སུ་འགྲོ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཡུལ་ལ་ཆགས་པའི་གཉེན་པོ་ལ་སྦྱོར་བ་བསྟན་ཏེ། དེ་ཡང་གང་ན་ཆགས་པ་མེད་པ་དང། གང་གིས་ཆགས་པ་མེད་པས་ཡུལ་ལ་ཆགས་པའི་གཉེན་པོར་འགྱུར་ཏེ། ་དགོན་པ་ལ་གནས་དང། ཚིག་ཕྱི་མ་རྣམས་ཀྱིས་རང་བཞིན་བསྟན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་བསོད་ནམས་ཀྱི་ཚོགས་ལ་སྦྱོར་བ་བསྟན་ཏེ། དེ་ལ་ཚད་མེད་པ་བཞི་དང ་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་ལྡན་པའི་ཏིང་ངེ་འཛིན་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཡང་ན་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་གཉིས་ནི ་ཡེ་ཤེས་ཀྱི་ཚོགས་སོ། །ཚོགས་དེ་གཉིས་བསགས་པ་ལ་ཆོག་མི་ཤེས་པར་སྦྱོར་བ་ནི་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །ཐོས་པ་བཙལ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཡེ་ཤེས་ཀྱི་ཚོགས་ལ་སྦྱོར་བ་བསྟན་ཏེ། ཚོགས་ཀྱི་སྒྲ ་ནི་རྒྱུའི་དོན་ཏོ། །དམ་པའི་ཆོས་མཉན་པ་ལ་ཆོག་མི་ཤེས་པར་སྦྱོར་བ་ལ་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཤེས་པས་མི་ངོམས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཐབས་ལ་མཁས་པའི་སྦྱོར་བ་སྟེ། དགེ་བའི་རྩ་བ་ཐམས་ཅད ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་མཁས་པ་ནི་བྱང་ཆུབ་ཏུ་བསྔོ་བ་ཤེས་པ་སྟེ། དེ་ལྟར་བསྔོས་ན་དགེ་བའི་རྩ་བ་ཆུང་ངུ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་བར་མ་དོར་ཟད་པར་མི་འགྱུར་བར་བརྩོན་འགྲུས་མི་ཟད་པའི་སྐབས་ནས་རྒྱ་མཚོ ་ཆེན་པོ་ཆུའི་ཐིག་པ་ལྷུང་བའི་དཔེས་བསྟན་པ་ལྟ་བུ་ཡིན་པས་ཐབས་ལ་མཁས་པའི་སྦྱོར་བ་ཞེས་བྱའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་ཞེས་བྱ་བ་ལ། ཡི་གེ་དང་རྩིས་དང་ལག་རྩིས་ལ་སོགས་པ་ཤེས་པ་ནི་བགྲང་བ་རྟོགས་པའི་སྦྱོར་བ་མི་ཟད་པའོ། ། ་བྲེ་དང་སྲང་ལ་སོགས་པས་གཞལ་བ་ཤེས་པ་ནི་གཞལ་བ་རྟོགས་པའི་སྦྱོར་བ་མི་ཟད་པའོ། །གོས་དང་རིན་པོ་ཆེ་ལ་སོགས་པ་བརྟག་པ་ཤེས་པ་ནི་དཔྱད་པ་རྟོག་པའི་སྦྱོར་བ་མི་ཟད་པའོ། །མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་ཤ་མཚན་དང་དཔྱད ་ལ་སོགས་པ་ཤེས་པ་ནི་སོ་སོར་བརྟག་པ་རྟོགས་པའི་སྦྱོར་བ་མི་ཟད་པའོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ་ཞེས་བྱ་བས་རྣམ་གྲངས་གཞན་དུ་སྦྱོར་བ་མི་ཟད་པ་བཞི་བསྟན་ཏེ། སྡུག་བསྔལ་བ་དང་ཀུན་འབྱུང་བ་རྟོགས་པ་ལ་སྦྱོར་བ་དང། འགོག ་པ་དང་ལམ་རྟོགས་པ་ལ་སྦྱོར་བ་དང། ཀུན་ནས་ཉོན་མོངས་པའི་ཉེས་དམིགས་བརྗོད་པའི་སྦྱོར་བ་དང། རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་སྦྱོར་བའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་སྡུག་བསྔལ་དང་ཀུན ་འབྱུང་བ་རྟོགས་པ་ལ་སྦྱོར་བ་བསྟན་ཏེ། ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་བྱ་སྟེ། ཁམས་གསུམ་གྱི་འཁོར་བ་ནི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་ནི་ཀུན་འབྱུང་བའི་བདེན་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ཀུན ་འབྱུང་བ་ཡིན་པར་ཤེས་ན་ཀུན་ནས་ཉོན་མོངས་པའི་རྒྱུ་བརྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། རྣམ་པར་བྱང་བའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་འགོག་པ་དང་ལམ་རྟོགས་པ་ལ་སྦྱོར་བ་བསྟན་ཏེ། རྣམ་པར་བྱད་བ་ན་འགོག་པའི་བདེན་པ ་ཡིན་ལ། དེའི་རྒྱུ་ནི་ལམ་གྱི་བདེན་པ་ཡིན་ཏེ། དེ་ལྟར་ཤེས་ནས་རྣམ་པར་བྱང་བའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་ཀུན་ནས་ཉོན་མོངས་པའི ་ཉེས་དམིགས་བརྗོད་པའི་སྦྱོར་བ་བསྟན་ཏེ། སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པ་ཡིན་ལ། དེའི་རྒྱུ་ཀུན་འབྱུང་བའི་བདེན་པ་ནི་ཀུན་འབྱུང་བ་དང། རབ་ཏུ་འབྱུང་བ་དང། རྒྱུ་དང་རྐྱེན་ཡིན་ཏེ། ་དེ་ལྟར་སྟོན་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །རྣམ་པར་བྱང་བའི་ཡོན་ཏན་དང། ཕན་ཡོན་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བས་རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་སྦྱོར་བ་བསྟན་ཏེ། དེ་ལ་འགོག་པའི ་བདེན་པ་ནི་འགོག་པ་དང། ཞི་བ་དང་གྱ་ནོམ་པ་དང། ངེས་པར་འབྱུང་བ་ཡིན་ལ། ལམ་གྱི་བདེན་པ་ནི་ལམ་དང། རིགས་པ་དང། སྒྲུབ་པ་དང་ངེས་པར་འབྱུང་བར་བྱེད་པ་ཡིན་ཏེ། དེ་ལྟར་སྟོན་པ་ནི་རྣམ་པར་བྱང་བའི་ཡོན་ཏན་དང། ཕན་ཡོན་ཡོངས་སུ་བརྗོད ་པའི་སྦྱོར་བ་ནི་མི་ཟད་པ་ཞེས་བྱའོ། །ཚིག་དེ་དག་ཉིད་ཀྱི་རྣམ་གྲངས་གཞན་དུ་དོན་རྣམ་པ་བཞིས་སྟོན་ཏེ། འཁོར་བའི་རྒྱུ་སྟོན་པ་ལ་སྦྱོར་བ་དང། མྱ་ངན་ལས་འདས་པའི་ལམ་སྟོན་པ་ལ་སྦྱོར་བ་དང། འཁོར་བའི་རྒྱུའི་ཉེས་དམིགས་བསྟན་པའི་སྦྱོར་བ ་དང། མྱ་ངན་ལས་འདས་པའི་ཕན་ཡོན་བསྟན་པའི་སྦྱོར་བས་ཏེ། མདོའི་ཚིག་བཞི་དང་གོ་རིམ་བཞིན་དུ་སྦྱོར་རོ། །གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ་ཞེས་བྱ་བས་རྣམ་གྲངས་གཞན་དུ་སྦྱོར་བ་མི་ཟད་པ་བཞི་བསྟན་ཏེ། ཕུང་པོ་རྣམས་སྒྱུ་མ་ལྟ་བུར་མཁས ་པ་ལ་སྦྱོར་བ་དང། ཁམས་རྣམས་གྲོང་སྟོང་པ་ལྟ་བུར་མཁས་པ་ལ་སྦྱོར་བ་དང། སྐྱེ་མཆེད་རྣམས་སྦྲུལ་གདུག་པའི་དུག་བཞིན་དུ་མ་རུངས་པར་བྱེད་པར། མཁས་པ་ལ་སྦྱོར་བ་དང། དངོས་པོ་རྣམས་རྐྱེན་ལས་འབྱུང་བ་ཡིན་པར་མཁས་པ་ལ་སྦྱོར་ཏེ། དེ་ལ ་ཕུང་པོ་ལྔ་ནི་སྒྱུ་མ་དང་འདྲ། ཁམས་བཅོ་བརྒྱད་ནི་བདག་དང་བདག་གི་དང་བྲལ་ཏེ་གྲོང་སྟོང་པ་དང་འདྲ། མིག་ལ་སོགས་པའི་སྐྱེ་མཆེད་ཀྱིས་གཟུགས་ལ་སོགས་པ་ལ་དམིགས་ཏེ། འདོད་ཆགས་ལ་སོགས་པ་བསྐྱེད་པའི་སྒོ་ནས་རང་གིས་དགེ་བའི་རྩ་བ་སྲོག་དང། འདྲ་བ ་མ་རུངས་པར་བྱེད་པས་སྐྱེ་མཆེད་ནི་སྤྲུལ་གདུག་པ་ལྟ་བུའི་དུག་དང་འདྲ། ཕྱི་ནང་གི་དངོས་པོ་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དེ་ལྟར་ཤེས་ན་ཕུང་པོ་དང། ཁམས ་དང། སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟག་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་བ་གོ་རིམ་བཞིན་དུ་སྦྱོར་རོ། །ཡང་སྦྱོར་བ་མི་ཟད་པ་ཞེས་རྣམ་གྲངས་གཞན་དུ་སྟོན་ཏེ། འདུ་བྱེད་མི་རྟགས་པར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་ཞེས་བྱ་ལ། ཇི་ཙམ ་དུ་འདུ་བྱེད་དུ་གྱུར་པ་ཐམས་ཅད་ནི་མི་རྟག་པ་ཡིན་ལ། བྱང་ཆུབ་སེམས་དཔས་ཀྱང་དེ་ལྟར་བསྟན་པ་ལ་སྦྱོར་བ་མི་ཟད་པའི་ཕྱིར་འདུ་བྱེད་མི་རྟག་པར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །དེ་བཞིན་དུ་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད ་སྡུག་བསྔལ་བ་དང། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདག་མེད་པ་དང། ཉོན་མོངས་པ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཞི་བ་སྟེ། དེ་ལ་དགོད་པའི་ཕྱིར་བསྟན་པའི་སྦྱོར་བ་མི་ཟད་པ་ཞེས་བྱའོ། །བཙུན་པ་ཤ་རདྭ་ཏིའི་བུ་མདོར་ན ་ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་སྨོས་པའི་སྦྱོར་བ་དེ་དག་ཅིའི་ཕྱིར་མི་ཟད་པའི་གཏན་ཚིགས་མདོར་བསྡུས་ནས་སྟོན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནམ་མཁའ་དང་འདྲ་བར་ཟད་མི་ཤེས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ཀུན་ཀྱང་དེ་ལ ་གཞོལ་ཞིང་འབབ་ལ་བབ་པས་མི་ཟད་པ་སྟེ། སྦྱོར་བ་དང་པོ་རྩོམ་བ་དང། བར་དུ་བསྒོམ་པ་དང། མཐར་ཕྱིན་པའི་བྱེ་བྲག་གིས་ཚིགས་གསུམ་སྨོས་སོ། །སྦྱོར་བ་མི་ཟད་པ་བཤད་ཟིན་ཏོ།། །།ཁྱད་པར་དུ་འགྲོ་བའི་བྱང་ཆུབ་སེམས ་དཔའ་ནི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་མཆོག་གི་གནས་མངོན་པར་ཚོལ་བའི་ཚུལ་དང། ཐབས་ལ་མང་དུ་བསྟན་པ་གང་ཡིན་པ་དེ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལྷག་པའི་བསམ་པ་མི་ཟད་པ་ཡང། རང་བཞིན་མི་ཟད་པ་དང། ལས་མི་ཟད་པ་དང། རྒྱུ་མི་ཟད་པ་རྣམ་པ་གསུམ་དུ་ལྟ་བར་བྱ་སྟེ། དེ་དག་གིས་རིམ་བཞིན་དུ ་མི་ཟད་པ་གང་ཡིན་པ་དང། ཇི་ལྟར་མི་ཟད་པ་དང། གང་དག་གིས་མི་ཟད་པ་བརྟན་ཏོ། །རང་བཞིན་མི་ཟད་པ་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང། སོ་སོར་རྟོག་པ ་དང། ངེས་པར་བྱེད་པ་དད་པ་སྔོན་དུ་འགྲོ་བ་དང། ཆོས་རྣམ་པར་འབྱེད་པ་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་དེ་དག་ཀྱང་མདོར་བསྡུས་ན་བཅོ་ལྔར་རིག་པར ་བྱ་སྟེ། བཅོ་ལྔ་གང་ཞེ་ན། མཆོག་གི་བསམ་པ་དང། ཚུལ་ཁྲིམས་ཀྱི་བསམ་པ་དང། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང། དེ་ཁོ་ནའི་དོན་གྱི་བསམ་པ་དང། མཐུའི་བསམ་པ་དང། ཕན་པའི་བསམ་དང། བདེ་བའི་བསམ་པ་དང། ་ལྷག་པའི་བསམ་པ་བསྟན་པའི་བསམ་པ་དང། མི་བསླུ་བའི་བསམ་པ་དང། མ་དག་པའི་བསམ་པ་དང། དག་པའི་བསམ་པ་དང། ཤིན་ཏུ་དག་པའི་བསམ་པ་དང། མར་བཅད་པའི་བསམ་པ་དང། ལྷན་ཅིག་སྐྱེས་པའི་བསམ་པའོ།། ་དེ་ལ་སངས་རྒྱས་དང། ཆོས་དང། དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཆོག་གི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱའོ། །སྦྱིན་པ་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱའོ། ་ཆོས་དང་གང་ཟག་ལ་བདག་མེད་པ་དོན་དམ་པ་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དོན་གྱིས་བསམ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུ་བསམ་གྱི་མི ་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཐུའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་དགེ་བའི་རྩ་བ་ཉེ་བར་སྒྲུབ་པར་འདོད་པ་ནི་ཕན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང། སྡུག་པའི་རྣམ་པར ་སྨིན་པ་དང་འབྲེལ་པ་མེད་པའི་སེམས་ནི་ལྷག་པའི་བསམ་པ་ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་ནི་བརྟན་པའི་བསམ་པ་ཞེས་བྱའོ། །སེམས་ཅན་དོན་གྱི་ཐབས་དང། བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པ་ནི་མི་བསླུ་བའི་བསམ་པ་ཞེས་བྱའོ། །མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མ་དག་པའི་བསམ་པ་ཞེས་བྱའོ། །བསམ་པ་དག་པའི་ས་ནས ་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ནི་དག་པའི་བསམ་པ་ཞེས་བྱའོ། །མཐར་ཐུག་པར་གྱུར་པའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ལྷག་པའི་བསམ་པ་ནི་ཤིན་ཏུ་དག་པའི་བསམ་པ་ཞེས་བྱའོ། ་དེ་ལ་མ་དག་པའི་བསམ་པ་གང་ཡིན་པ་དེ་ཉིད་ནི་ཚར་བཅད་པ་ཞེས་བྱའོ། །སོ་སོར་བརྟག་པར་བྱ་བ་ཡིན་པའི་ཕྱིར་རོ། །དག་པ་དང་ཤིན་ཏུ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་སྟེ། རང་བཞིན་གྱི་དེའི་བདག་ཉིད་དུ ་གྱུར་པ་དང། རྟེན་པ་ཤིན་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་བསྡུ་ན་ལྷག་པའི་བསམ་པ་དགེ་བས་ཐམས་ཅད་དུ་རྟོགས་པ་བཅོ་ལྔ་པོ་འདི་དག་གིས་བྱ་བ་བཅུ་བྱེད་དེ། བཅུ་གང་ཞེ་ན། མཆོག ་གི་བསམ་པས་ནི་དཀོན་མཆོག་ལ་མཆོད་པ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་སྲོག ་གི་ཕྱིར་བསམས་བཞིན་དུ་ཉེས་པར་འབྱུང་བར་མི་བྱེད་ལ། ཉེས་པར་བྱུང་ན་ཡང་མྱུར་བ་མྱུར་བར་སོ་སོར་འཆགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་བསམ་བ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནས་ཤིང་མཆོག་ཏུ་བག་ཡོད ་པར་གནས་པར་བྱེད་དོ། །དེ་ཁོ་ནའི་དོན་གྱིས་ལྷག་པའི་བསམ་པ་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ནི་འཁོར་བར་ཡང་བྱེད་ལ། མྱ་ངན་ལས་འདས་པ་ལྷག་པའི་བསམ་པ་མི་བཏོང་བར་ཡང་བྱེད་དོ། །མཐུའི ་ལྷག་པའི་བསམ་པས་ནི་བསྟན་པ་ལ་སྙིང་ཐག་པ་ནས་དད་ཅིང་རྟོན་པར་ཡང་བྱེད་ལ། བསྒོམ་པ་ལ་ཡང་གཅེས་པར་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ། ཐོས་པ་དང་བསམ་པ་ཙམ་གྱིས་ཆོག་པར་མི་འཛིན་ཏོ། །ཕན་པའི་བསམ་པ་དང། ་བདེ་བའི་བསམ་པ་དང། ལྷག་པའི་བསམ་པས་ནི་སེམས་ཅན་དོན་གྱི་བྱ་བ་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །སྦྱོར་བ་བྱས་ནས་ཀྱང་ཡོངས་སུ་མི་སྐྱོའོ། །བརྟན་པའི་ལྷག་པའི་བསམས་པས་བརྩོན་འགྲུས་འབར་བ་དང། བརྩོན་འགྲུས་རྒྱ་ཆེན་པོ་ཡང ་དག་པར་རྩོམ་པར་གནས་ཏེ། སྦྱོར་བ་ལྷོད་པར་མི་འགྱུར་ཞིང། །སྦྱོར་བ་ཉམས་པར་མི་འགྱུར་རོ། །མི་བསླུ་བའི་ལྷག་པའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་གྲུབ་པ་དེ་དང་དེ་དག་ལ་མངོན་པར་ཤེས་པ་མྱུར་བར་འགྱུར་ཏོ། ཁྱད་པར་ཐོབ་པ་དམའ་བ ་དང། ཆུང་ངུ་ཙམ་དང། ངན་དོན་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏོ། །ཚར་གཅད་པའི་ལྷག་པའི་བསམ་པས་ནི་ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པར་འདྲེན་ཏོ། །ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པས་ནི་ལྷ་དང་མི་རྣམས་ཀྱི་དོན་དུང་ཕན་པ་དང། ་བདེ་བའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །ལྷག་པའི་བསམ་པ་བཅོ་ལྔ་པོ་དེ་དག་དང། མདོ་འདི་ལས་གསུངས་པའི་ལྷག་པའི་བསམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་འབྱུང་བ་དག ་ཀྱང་མཐུན་མཐུན་དུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཨི་བསམ་པ་ལ་ཅིའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱ་སྙམ་ནས་དྲི་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་སྨོས་ཏེ། གོང་དུ་བཤད་པའི་བསམ་པ་བས་ཀྱང། དམིགས་པ་དང་ཡོན་ཏན་འོག་ནས་འབྱུང་བའི་ཚུལ་ལྟ་བུར་འཕགས ་པའམ། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ནི་རྟག་ཏུ་བདག་དང་གཞན་གྱི་དོན་དུ་སེམས་པས་ན་ལྷག་པའི་བསམ་པ་ཞེས་བྱ་སྟེ། ངེས་ན་དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དགེ་བའི་རྩ་བ ་ཐམས་ཅད་ལ་ཇི་ལྟར་ལྷག་པར་དམིགས་པ་ནི་ཐ་ན་བྱང་ཆུབ་སེམས་དཔའ་གང་ཅི་སེམས་པ་དེ་ཐམས་ཅད་དགེ་བའི་རྩ་བ་ལ་ལྷག་པའི་བསམ་པས་དམིགས་པར་འགྱུར་ཞེས་བྱ་བས་བཤད་དེ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཇི་ཙམ་དུ་སེམས་ཀྱི ་གཡོ་བ་དང། རྟོགས་པ་འབྱུང་བ་ཐམས་ཅད་དགེ་བའི་རྩ་བ་ལ་ལྷག་པར་དམིགས་པར་བྱེད་ཀྱི། མི་དགེ་བ་ལ་མ་ཡིན་པ་ལྷག་པའི་བསམ་པ་ཞེས་བྱའོ། །ས་དང་པོ་ལ་སོགས་པ་ནས་གཉིས་པ་ལ་སོགས་པར་འཕར་ཞིང་དེ་ལ་གནས་པར་བྱ་བའི་ཕྱིར་ས་གོང ་མའི་ཡོན་ཏན་ཐོབ་པར་སེམས་པ་ནི། འཕོ་བའི་ལྷག་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་ལས་བྱེ་བྲག་ཏུ་འཕགས་པར་འགྲོ་བའི་ཕྱིར་རྒལ་བའི་ལྷག་པའི་བསམ་པའོ། །འཕགས་པ་ཉན་ཐོས་ལས་བལྟོས་ནས་རང་སངས་རྒྱས ་བྱེ་བྲག་ཏུ་འཕགས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་གཉི་ག་ལས་བྱེ་བྲག་ཏུ་འཕགས་པས་ན། གོང་དང་གོང་དུ་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟར་ཀུན་གྱི་གཙོ་བོ་འམ་དམ་པར་གྱུར་པས་རྩེ་མོར་ལྷག་པའི་བསམ ་པའོ། །ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་སྐད་ཅིག་མ་གཅིག་ལ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་ལ་སོགས་པ་ནས། ས་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་རེ་རེ་རྫོགས་པར་བྱས་ཏེ། ཡོན་ཏན་གོང་ནས་གོང་དུ་ལྷག་པར་གྱུར་བ ་ལ། བྱེ་བྲག་གི་ཆོས་ཀུན་འཛིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་རྣམས་ཀྱི་ཤེས་རབ་ཀྱི་དབང་པོས་བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས ་ཀྱི་ཆོས་ཐམས་ཅད་རྣམ་པར་སྨིན་པའི་ཚུལ་གྱིས་གསལ་བར་མངོན་སུམ་དུ་གྱུར་པས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་པའི་ལྷག་པའི་བསམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ས་གོང་ནས་གོང་དུ་ཁྱད་པར་དུ་ཐོབ་པར་བྱེད་པའི་རྒྱུ་ཕ་རོལ ་ཏུ་ཕྱིན་པ་དང། ཆད་མེད་པ་ལ་སོགས་པ་ནི་ཁྱད་པར་དུ་འཕགས་པའི་ཆ་དང་མཐུན་པའི་ཆོས་རྣམས་ཏེ། དེ་དག་ལ་འདྲེས་པར་བྱེད་པ་ནི་ལྷག་པར་དམིགས་པ་ཞེས་བྱའོ། །རྩོམ་པ་ཐམས་ཅད་ནི་བདག་དང་གཞན་གྱི་དོན་བྱ་བའོ། །ཉམས་འོག་ཏུ་ཆུད་པར ་བྱེད་པ་ནི་མཐར་འབྱིན་པ་སྟེ། བདག་དང་གཞན་གྱི་དོན་མཐར་འབྱིན་པ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཐོབ་པའི་འོག་ཏུ། ས་དེ་ཉིད་ལས་ས་བཅུ་པའི་བར་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་སོགས་པ་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དག་དང་དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་ཚོལ་ཞིང་འདྲི་བས་མི་སྐྱོ་བར་བྱས་པའི་ཕྱིར་ས་ཡོངས་སུ་སྦྱང་བར་བྱ་བའི་ཁྱད་པར་ལ་ངེས་ཏེ། དེ་ལྟར་ན་འབད་པས་ཡོངས་སུ་མི་སྐྱོབས་ན་ངེས་པར་བྱས་པའི་ལྷག་པའི་བསམ་པ་ཞེས ་བྱའོ། །རྒྱན་དང་གླུ་གར་ལ་སོགས་པ་དྲེགས་པའི་ཡན་ལག་སྤངས་ཏེ། སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པ་རབ་ཏུ་བྱུང་བའི་ཆ་ལུགས་འཛིན་ཅིང་བརྟུལ་ཞུགས་ཀྱི་ཚོགས་རྫོགས་པར་བྱེད་པ་ནི། བརྟུལ་ཞུགས་ཐམས་ཅད་རྫོགས་པར་བྱེད་པ་སྟེ། ་དེ་ལྟ་བུ་ལ་གོམས་པས་ཆ་ལུགས་མཛེས་པ་ལྷུན་གྱིས་གྲུབ་པ་ལ་བརྟུལ་ཞུགས་གྲུབ་པའི་ལྷག་པའི་བསམ་པ་ཞེས་བྱའོ། །བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གྲོགས་བདག་ཡིན་ཏེ། གཞན་གྱི་གྲོགས་བྱས་ཤིང་བཏང་དུ་མེད་པའི་ཕྱིར། གོ་སྐབས་མེད ་པའི་ལྷག་པའི་བསམ་པའོ། །དམུ་རྒོད་རྣམ་པ་བཞི་པོ་ཡང་དག་པའི་སྒྲུབ་པ་ལ་འདུག་དུ་མི་གཏུབས་པས་གནས་ལ་དམུ་རྒོད་དང་ཡང་དག་པའི་ལམ་དུ་འཇུག་ཏུ་མི་གཏུབ་པས་འཇུག་པ་ལ་དམུ་རྒོད་དང། སྤྱོད་པ་ཉམས་བཞིན་དུ་དད་པས་བྱིན་པ ་ཆུང་གསོན་པར་བྱེད་པས་སྤྱོད་པ་དམུ་རྒོད་དང། བྱང་ཆུབ་སེམས་དཔའ་ཅང་ཤེས་རྣམས་ཀྱི་ནང་ན་ལྟ་བ་དང་སྤྱོད་པ་ལ་སོགས་པ་མི་མཐུན་པ་འགྲོགས་པ་དམུ་རྒོད་དེ། རྟ་དམུ་རྒོད་དང་འདྲ་བའི་སྐྱོན་དེ་དག་སྤངས་ཏེ། དམུ་རྒོད་མ་ཡིན་པས་ན་ཅང ་ཤེས་པའི་ལྷག་པའི་བསམ་པ་ཞེས་བྱ་སྟེ་རྟ་ཅང་ཤེས་བཞིན་ནོ། །བསླབ་པ་གསུམ་ལ་གནས་ཏེ། སོ་སོའི་སྐྱེ་བོའི་ས་ལས་འདས་པས་འཕགས་པ་ཡིན་ལ། བསླབ་བ་གསུམ་གྱིས་དབང་པོའི་སྒོ་བསྡམས་པ་ལ་སོགས་པས་སེམས་དུལ་བར་གྱུར་པས་ན་དུལ ་བའི་སའི་ལྷག་པའི་བསམ་པའོ། །སྐྱེ་བ་གང་དག་མཐོང་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེ་བར་འགྱུར་པའི་སྐྱེ་བོ་མི་སྲུན་བ་དང། མ་འདྲེས་ལ་ཉོན་མོངས་པ་ཉིད་དང་མ་འདྲེས་པས་ན་མ་འདྲེས་པའི་ལྷག་པའི་བསམ་པའོ། །ཡན་ལག་གི་ངན ་པ་མགོ་ཡོངས་སུ་གཏོང་བ་ལ་སོགས་པས་ནི་ཤིན་ཏུ་བྱ་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ལྟ་བུ་དག་འཕགས་པ་ཉན་ཐོས་ལ་སོགས་པ་གཞན་གྱི་བྱ་དགའ་སྟེ། ཀུན་གྱི་སྤྱོད་པ་ལས་ལྷག་པས་ལྷག་པའི་བསམ་པ་ཞེས་བཤད་དེ། སྦྱིན་པ་ནི་དངོས་སུ་ཟད་དོ།། ་ཚུལ་ཁྲིམས་ནི་གཙུག་ལག་ཁང་ནས་དབྱུང་བ་ལ་སོགས་ཆད་པ་བཅད་པར་འོས་པ་དག་གིས་དཔུང་གཉེན་བྱེད་པ་དང། སེམས་ཅན་མཐུ་ཆུང་བ་གདོལ་བ་ལ་སོགས་པས་སྦྱོ་བ་ལ་སོགས་པའི་ཉེས་པ་དང་དུ་ལེན་པ་དང། འཇིག ་རྟེན་ལས་འདས་པའི་འབྲས་བུ་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལག་མཐིལ་དུ་ཐོབ་སྟེ། ཐོབ་ཟིན་པ་ཡང་བོར་ནས་བླ་ན་མེད་པའི་བྱང་ཆུབ་བཙལ་དཀའ་བ་ཚོལ་བ་དང། འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཀྱི་མཆོག་ནི་བསམ་གཏན ་གྱི་རོ་ཡིན་ན། དེ་ལ་མ་ཆགས་པ་དང། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་ན་འཁོར་བ་སྐྱེ་བའི་རྒྱུ་ཙམ་དུ་ཟང་པས་ཤེས་ཀྱིས་སྨད་པའི་བྱ་བ་ཡིན་ན་དགེ་བའི་རྩ་བ་དེ་དག་ལ་ཡང་མི་སྨོས་པས་ན་ཕ་རོལ་ཏུ་ཕྱིན་པ་དེ ་དག་བསྒྲུབ་པ་ནི་བྱ་དཀའ་བའི་ལྷག་པའི་བསམ་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ནི་ཚེ་འདི་ལ་བདེ་བ་དང་ཚེ་ཕྱི་མ་ལ་ཕན་པའོ། །ཤེས་རབ་ཀྱིས་ཁམས་རབ་ཏུ་དབྱེ་བ་ལ་སོགས་པར་རབ་ཏུ་བརྟགས་པས་ན་ང་རྒྱལ་རྣམ་པ་བདུན་མེད་པའི་ལྷག་པའི ་བསམ་པའོ། །ལན་རེ་བ་ནི་སྦྱིན་པའི་གནས་བཟང་པོ་གདམས་ཏེ་གཏོང་བར་བྱེད་ཀྱི་བྱང་ཆུབ་སེམས་དཔའ་ནི་ལན་རེ་བ་མེད་པས་ན་སེམས་ཐམས་ཅད་ལ་འདྲ་བ་སྦྱིན་པའི་གནས་སུ་སེམས་སོ་།སངས་རྒྱས་ཀྱི་ཆོས་ཟབ་མོ་ནི་ཀུན་གྱི་འཇུག་པར་དཀའ་བ་ལ་བྱ ་སྟེ་སྟོང་པ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་རབ་ཏུ་རྟོགས་པའི་ཕྱིར་མི་སྡང་སྟེ། མི་སྒྲག་ཅེས་བྱ་བའི་ཐ་ཚིག་གོ་།བྱིན་གྱིས་བརླབས་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ལ་སོགས་པ་གོང་ནས་གོང་དུ་འབོགས་པ་ལ་བྱ་སྟེ། དེས ་ནས་སར་འགྲོ་བར་ཁྱད་པར་དུ་འགྲོ་བའི་ལྷག་པའི་བསམ་པ་ཞེས་བྱའོ། །ཁུར་ནི་རྣམ་པ་བཞི་སྟེ། ཕུང་པོའི་ཁུར་དང། ཉོན་མོངས་པའི་ཁུར་དང། དམ་བཅས་པའི་ཁུར་དང། བརྩན་པའི་ཁུར་རྣམས་ཏེ། ཁུར་དོར་བར་བྱ་བ་དང། སྤང་བར་བྱ་བ ་དང། བསྒྲུབ་པར་བྱ་བ་དང། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་རིམས་བཞིན་ནོ། །དེ་ལ་སྡུག་བསྔལ་སུ་ཤེས་པས་ནི། ཕུང་པོའི་ཁུར་བླངས་པ་བོར་ཏེ། དེས་ཕུང་པོ་མེད་པའི་བདེ་བ་ཐོབ་པོ། །ཀུན་འབྱུང་བ་སྤངས་པས་ནི་ཉོན་མོངས་པའི་ཁུར ་བླངས་པ་པོར་ཏེ། དེས་རྣམ་པར་གྲོལ་བའི་བདེ་བ་ཐོབ་བོ། །ལམ་བསྒོམས་པས་ནི་དམ་བཅས་པའི་ཁུར་བླངས་པ་བོར་ཏེ། དེས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཐོབ་བོ། འགག་པ་མངོན་སུམ་དུ་བྱས་པས་ནི་བརྩོན་འགྲུས་ཀྱི་ཁུར་བླངས་པ་བོར་ཏེ། ་དེས་ཉེ་བར་ཞི་བའི་བདེ་བ་ཐོབ་བོ། དེ་བས་ན་ཁུར་བླངས་པ་སྒྲོལ་བ་ཞེས་བྱ་སྟེ། སྒྲོལ་བ་ནི་བོར་བའི་དོན་ཏོ། །ཡང་ན་ཁུར་བླངས་པ་ནི་དམ་བཅས་པ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་དམ་བཅས་པ་བཞིན་བྱེད་པས་ན་སྒྲོལ་བ་སྟེ། དེའི ་ཕྱིར་ན་ཞུམ་པའི་ལྷག་པའི་བསམ་པ་ཞེས་བྱའོ། །སེམས་ཅན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པས་ན་བརྩོན་པ་མི་ཟད་པའི་ལྷག་པའི་བསམ་པ་ཞེས་བྱའོ། །ལས་མི་ཟད་པ་བསྟན་པའི་ཕྱིར། ཡང་ལྷག་པའི་བསམ ་བ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱུང་པོ་ནི་མི་མ་ཡིན་པ་སྟེ། དེ་དག་ལ་གནོད་པ་མི་བྱེད་པས་ནི། དེས་པ་ཞེས་བྱའོ། །སེམས་ཅན་རྣམས་ནི་འགྲོ་བ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱ་སྟེ། དེ་དག་ཀུན་ལ་བུ ་གཅིག་པ་བཞིན་བྱམས་པའོ། །འཕགས་པ་ནི་གང་ཟག་ཆེན་པོ་བརྒྱད་ལ་སོགས་པ་སྟེ། དེ་དག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པར་ཤེས་ནས་དེ་དག་ལ་ཆོས་གོས་དང་བསོད་སྙོམས་དང་སྙུན་གྱི་རྐྱེན་སྨན་གྱི་ཡོ་བྱད་ལ་སོགས་པ ་ཕན་པར་བྱེད་དོ། །འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་སྟེ། དེ་དག་ལ་ལས་དང་ཉོན་མོངས་པའི་དབང་དུ་འགྱུར་ཅེས་སྙིང་རྗེ་བའོ། །བླ་མ་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པ་སྟེ། དེ་དག་ལ་ལུས་ཀྱི་ཕྱག་འཚལ་བ་ལ་སོགས་པ་བྱེད་པས ་ན་གུས་པའོ། །དཔུང་གཉེན་མེད་པ་ནི་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པ་སྟེ། དེ་དག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པས་ན་དཔུང་གཉེན་ནོ། །སྐྱབས་མེད་པ་ནི ་ལྷག་མཐོང་དང་བྲལ་བ་སྟེ། དེ་དག་ལ་ལྷག་མཐོང་སྟོན་པར་བྱེད་པས་སྐྱབས་སོ། །གླིང་མེད་པ་ནི་ཆུ་བོ་ཆེན་པོ་བཞིས་བདས་པ་སྟེ། །དེ་དག་ཆུ་བོ་བཞི་ལས་གློན་པར་བྱེད་པས་ན་གླིང་ངོ། །མགོན་མེད་པ་ནི་ཞི་གནས་དང་བྲལ་བ་སྟེ། །དེ་དག་ལ་ཞི ་གནས་སྟོན་པས་ན་མགོན་ནོ། །གྲོགས་མེད་པ་ན་ཚེ་འདི་དང་ཕྱི་མའི་ཞིང་སླས་དང་བསོད་ནམས་ལ་སོགས་པ་གྲོགས་མེད་པ་སྟེ། །དེ་དག་ལ་ཚེ་འདི་དང་ཕྱི་མའི་དོན་དུ་འགྱུར་བའི་གྲོགས་ཅི་རིགས་པར་བྱེད་པས་ན་གྲོགས་སོ། །གྱ་གྱུ་ཅན་ནི་བསམ་པ ་མ་དྲང་བའོ། །དམུ་རྒོད་ནི་སྨྲ་བའི་དོན་གསལ་བར་མི་སྟོན་པའོ། །གཡོན་ཅན་ནི་བདག་གི་ཉེས་པ་བཅབས་པའི་ཐབས་བཟུང་སྟེ། །གཏམ་རླུང་ལ་བསྐུར་བའོ། །ཐིབས་པོ་སྤྱོད་པ་ནི་གཞན་ལ་བསླུ་བའི་ཕྱིར་བདག་ཉིད་གཞན་དུ་གནས་ལ་གཞན་དུ ་སྟོན་པའོ། །བྱས་པ་མི་བཟོ་བ་ནི་ཕན་བཏགས་པ་མི་དྲན་པའོ། །འཁུ་བ་ནི་བྱང་ཆུབ་སེམས་དཔའ་ལ་རྐུ་ཐབས་ཀྱིས་རྒོལ་བ་སྟེ། དེ་དག་ལ་འདིས་བདག་ལ་ཕན་བཏགས་སོ་སྙམ་དུ་བྱས་པ་ཚོར་བའོ། །གནོད་པ་བྱེད་པ་ནི་ཚེ་ཕྱི་མའི་དོན་གྱི་བགེགས ་བྱེད་པའོ། །འོག་བར་གྱུར་པ་ནི་ལམ་ལོག་པར་ཞུགས་པ་སྟེ། དེ་དག་ཡང་དག་པའི་ལམ་ལ་འགོད་པས་བདེན་པའོ། །ལེགས་པར་བྱས་པས་ནི་དགེ་བ་བྱས་པའོ། །གཞན་གྱི་འཁྲུལ་པ་ནི་ཕ་རོལ་གྱི་ཉེས་པ་བྱས་པའོ། །ལོག་པར་ཞུགས་པ་ནི་མི་དགེ ་བ་ལ་འཇུག་པ་སྟེ། དེ་དག་མི་དགེ་བ་ལས་སླར་ཟློག་པས་ན་ཀུན་སྲུང་བའོ། །ཐབས་ཀྱི་དགེ་བ་སྤྱོད་པ་ནི་རྗེས་སུ་ཡི་རང་བ་དང། བསྔོ་བ་ལ་མཁས་པ་ལ་སོགས་པའི་སྒོ་ནས་དགེ་བ་སྤྱོད་པ་སྟེ། དེ་དག་ལ་ཉེས་པར་མི་ལྟ་བའོ། །སྦྱིན་པའི་གནས་ནི་གང་ཟག ་ཡོན་ཏན་ཅན་ཏེ། དེ་དག་ལ་རྙེད་པ་དང་བཀུར་སྟིས་རིམ་གྲོ་བྱེད་པའོ། །རྗེས་སུ་བསྟན་པས་ནི་འདི་གྱིས་ཤིག། འདི་ནི་མ་བྱེད་ཅིག་ཅེས་སྟོན་པ་སྟེ། ཇི་སྐད་བསྟན་པ་བཞིན་དུ་བྱེད་པས་ན་མཐུན་པར་འཛིན་པའོ། །གདམས་ངག་གིས་གང་ཟག་ཕ ་རོལ་པོའི་བསམ་པ་དང་བག་ལ་ཉལ་ལ་སོགས་པ་རྟོགས་པར་བྱ་སྟེ། དེ་དག་གི་གཉེན་པོར་མི་སྡུག་བ་འམ་བྱམས་པ་ལ་སོགས་པ་བསྒོམ་པ་ལ་སྦྱོར་བའོ། །རྗེས་སུ་བསྟན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་བསྟན་པ་སྟེ། ཇི་སྐད་བསྟན་པ ་བཞིན་དུ་བསྒྲུབ་བས་ན་དཀའ་བློ་བདེ་བའོ། །དགོན་པར་གནས་པ་ལ་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པའི་ཕྱིར་ཕུ་དུང་བྱེད་པའོ། །ཆོས་གོས་ལ་སོགས་པ་རྙེད་པ་དང། ཕྱག་འཚལ་བ་ལ་སོགས་པ་བཀུར་བསྟི་དང། བསྟོད་པའི་ཚིགས་སུ་བཅད་པ ་དག་ལ་མ་ཆགས་པས་ན་དོན་དུ་མི་གཉེར་བའོ། །དམ་པའི་ཆོས་བཙལ་བ་དང། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བའོ། །ལྷག་པའི་བསམ་པ་དག་པས་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡོན་ཏན་ཡོད་པར་ཡིད་ཆེས ་བར་བྱ་བའི་ཕྱིར་སྤྱོད་ལམ་སྒྱུར་བའི་ཚུལ་འཆོས་པ་མེད་པའོ། །ངག་སྡམས་པས་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱི་བདག་གི་ཡོན་ཏན་གླེང་བ་འམ། །བསྟེན་པའི་ཚུལ་གྱིས་ཚིག་གི་ལམ་འཇམ་པོ་ཀུན་ཏུ་སྤྱོད་པའི་ཁ་གསག་མེད་པའོ། །ནན་གྱིས་སློང་བ་ནི ་ཐོབ་ཀྱིས་འཇལ་བའོ། །སེམས་ཉོན་མོངས་པ་ཅན་མ་ཡིན་པ་ནི་གནས་ངན་ལེན་དང་བྲལ་ཏེ་རྩེ་གཅིག་ཏུ་གནས་སུ་བཏུབ་པས་ན་ལས་སུ་རུང་བའོ། །ཡེ་ཤེས་ཀྱི་མཐུས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་ཀྱང་འཁོར་བར་སྐྱེ་བའི་བསོད་ནམས ་ཀྱི་དགེ་བའི་རྩ་བ་ཐམས་ཅད་བསགས་པས་ན་འཁོར་བ་གཞོལ་བའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཁས་བླངས་པས་ན་སེམས་ཅན་གྱི་དོན་བྱེད་པའི་ཚེ་ཕྱི་ནང་གི་སྡུག་བསྔལ་ཐམས་ཅད་ལ་ཇི་མི་སྙམ་སྟེ། །དེ་བས་ན་དཀའ་འམ ་སླའམ་སྙམ་པ་ཡི། །རྣམ་པར་རྟོག་པ་སྤངས་ནས་ནི། །འགྲོ་བ་འདི་དག་ཉམ་ཐག་ཅེས། །ཁྱོད་བདག་ཉིད་ཀྱི་ཞལ་གྱིས་བཞེས་ཞེས་གསུངས་པ་ལྟ་བུའོ། །རྒྱུ་མི་ཟད་པ་བསྟན་པའི་ཕྱིར་དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་གི་ལྷག ་པའི་བསམ་པ་ཐམས་ཅད་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་སོ་བགྲང་ངོ་ཅོག་ཐམས་ཅད་ཀྱི་ཉེས་པར་བསྟན་ཏེ་རྟས་ཤིང་སྨིན་པར་བྱས་པ་དང། སེམས་ཅན ་མཛའ་ཡས་ཐམས་ཅད་ཉེ་བར་འཚོ་བ་སྟེ། གསོས་སུ་གྱུར་པ་དང། ལྷག་པའི་བསམ་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཟད་པ་ཡང་དག་པར་བསྒྲུབས་པ་རྒྱུ་རྣམ་པ་འདི་གསུམ་གྱི་ཕྱིར་འཁོར་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཟད ་པར་མི་ནུས་ཞེས་གསུངས་སོ། །ལྷག་པའི་བསམ་པ་མི་ཟད་པ་བཤད་ཟིན་ཏོ།། །།ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དྲུག་སྟེ། ཕན་པའི་ཆོས་ཐམས་ཅད་བྱེད་པ་དང། ཆོས་བཞིན་བྱེད་པ་དང། ཆོས་ཀྱི ་རྗེས་སུ་སྲུང་བར་བྱེད་པ་དང། ཆོས་ལ་བརྩོན་པ་དང། ཆོས་ལས་མི་གཡོ་བ་དང། ཆོས་ལས་མི་ཉམས་པ་སྟེ། དེ་དག་བསྟན་པའི་ཕྱིར་དེ་ནས་ཚེ་དང་ལྡན་པ་ཤ་རདྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་གཞན་ལ་ལྟ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱས་པར་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་དང་གཞན་གྱི་དོན་བྱེད་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། བསམ་གཏན་དང་ཤེས་རབ་གཉིས་ཀྱིས་ནི་བདག་གི་དོན་ཕུན་སུམ་ཚོགས་བ་བསྟན། བརྩོན་འགྲུས་ནི་གཉི་གར་འགྲོ་བར་བསྟན་ཏོ། ། ་དེ་དག་མི་ཟད་པ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བསམ་པ་དང་ལྷག་པའི་བསམ་པ་མི་ཟད་པའི་རྒྱུ་ལས་བྱུང་བའི་ཕྱིར་མི་ཟད་པར་རིག་པར་བྱའོ། །ཡང་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་དེ ་དག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པ་དང། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྒྲུབས་པ་དང། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟད་མི་ཤེས་པ་རྟོགས་པར་བྱ་བའི་རྒྱུར་བསྒྲུབས་པ་དང། མི་གནས་པའི་མྱ་ངན་ལས་འདས་པ་ཟད་མི་ཤེས་པ་ཐོབ་པར ་བྱ་བའི་རྒྱུར་བསྒྲུབས་པའི་ཕྱིར། །མདོ་འདི་ལས་གསུངས་པའི་སྤྱོད་པ་དེ་དག་མི་ཟད་པར་ཤེས་པར་བྱ་སྟེ། མི་ཟད་པ་བརྒྱད་ཅུ་རེ་རེ་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །སྦྱིན་པ་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་ནི་ཕན་པའི་ཆོས ་ཐམས་ཅད་བྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་ཡང་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པ་མི་ཟད་པ་ནི་རྣམ་པ་གསུམ་སྟེ། འབྲས་བུ་ཡོངས་སུ་བཟུང་བ ་དང། མི་མཐུན་པའི་ཕྱོགས་དོར་བའི་རང་བཞིན་རྣམ་པར་དག་པ་དང། གཉེན་པོ་ཡོངས་སུ་བཟུང་བའི་རང་བཞིན་རྣམ་པར་དག་པས་སྦྱིན་པ་མི་ཟད་པར་རིག་པར་བྱའོ། །འབྲས་བུ་ཡོངས་སུ་བཟུང་བ་ཡང་ཕྱི་དང་ནང་གི་སྦྱིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སྟེ། ། ་དེ་ལ་ཕྱིའི་སྦྱིན་པ་ནི་ཟས་འདོད་པ་རྣམས་ལ་ཟས་སྦྱིན་པ་ནས་རྩེད་མོ་ཐམས་ཅད་གཏོང་བའི་སྦྱིན་པའི་བར་གྱིས་བསྟན། ནང་གི་སྦྱིན་པ་ནི་རྐང་པ་སྦྱིན་པ་ནས་རུས་པ་དང་རྐང་སྦྱིན་པའི་བར་གྱིས་བསྟན་ཏོ། །དེ་དག་ཀྱང་ཕྱིའི་རྒྱལ་སྲིད ་ཡོངས་སུ་བཏང་བའི་དཔེས་ནང་གི་ཡོན་ཏན་གྱི་རྒྱལ་སྲིད་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་ཕྱིའི་སྦྱིན་པ་ནི་བསྡུས་པའི་དོན་ཉི་ཤུ་བཞི་པོ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང། ཡོངས་སུ་ལོངས་སྤྱོད་པ་ཕུན་སུམ་ཚོགས་པ་དང། ཡོངས་སུ་ལོངས་སྤྱོད་པའི ་མཐུའི་བསམ་པའི་སྒོ་ཕུན་སུམ་ཚོགས་པ་དང། སེམས་ཅན་བྱམས་པ་དྲན་ནས་ཡིད་བདེ་བ་ཕུན་སུམ་ཚོགས་པ་དང། མཛོད་དྲན་ནས་ཡིད་བདེ་བ་ཕུན་སུམ་ཚོགས་པ་དང། རོལ་མོ་ཕུན་སུམ་ཚོགས་པ་དང། ་གྲགས་པ་བསྟོད་པ་ཕུན་སུམ་ཚོགས་པ་དང། དྲི་ཞིམ་པ་རང་ལས་བྱུང་བ་ཕུན་སུམ་ཚོགས་པ་དང། ཟས་ཀྱི་རོ་ཕུན་སུམ་ཚོགས་པ་དང། ཕྱོགས་དང་འཁོར་ཕུན་སུམ་ཚོགས་པ་དང། མལ་ཆ་ཕུན་སུམ་ཚོགས་པ་དང། སྟན་རྒྱ་ཆེན་པོ ་ཕུན་སུམ་ཚོགས་པ་དང། སྟོན་གྱི་རྒྱན་ཕུན་སུམ་ཚོགས་པ་དང། སྟན་ལ་རེག་པ་ཕུན་སུམ་ཚོགས་པ་དང། རང་དབང་ཡོད་པ་ཕུན་སུམ་ཚོགས་པ་དང། སྐྱེས་བུ་ཆེན་པོ་ཤེས་པ་ཕུན་སུམ་ཚོགས་པ་དང། འཁོར་རྒྱ་ཆེན་པོ་ཟིལ་གྱིས ་གནོན་པ་ཕུན་སུམ་ཚོགས་པ་དང། ཡོངས་སུ་འཛིན་པ་ཕུན་སུམ་ཚོགས་པ་དང། ཆོས་ཕུན་སུམ་ཚོགས་པ་དང། དགོན་པ་བསམ་པ་ལ་མཁས་པ་ཕུན་སུམ་ཚོགས་པ་དང། དབང་ཕུན་སུམ་ཚོགས་པ་དང། ཆུང་མ་ཕུན་སུམ ་ཚོགས་པ་སྟེ། ནོར་དང་འབྲུ་དང་མཛོད་དང་བང་བ་ཡོངས་སུ་གཏོང་བ་དང། གྲོང་དང་གྲོང་ཁྱེར་ལ་སོགས་པ་གཏོང་བའི་ཚིགས་གཉིས་ཀྱིས་དབང་ཕུན་སུམ་ཚོགས་པ་བསྟན་གཞན་ནི་ཚིག་རེ་རེ་དང་གོ་རིམ་བཞིན་སྦྱར་རོ། །ནང་གི་སྦྱིན་པ་ནི་བསྡུས་པའི་དོན ་བརྒྱད་པོ་གནས་ཕུན་སུམ་ཚོགས་པ་དང། བགོ་བཤས་སྐྱེ་བོ་བསྐྱེད་པ་ཕུན་སུམ་ཚོགས་པ་དང། རང་རྒོལ་བའི་མཐུ་ཕུན་སུམ་ཚོགས་པ་དང། ལས་ཀྱི་མཛའ་ལ་རྟོགས་པས་བག་ཡོད་པ་ཕུན་སུམ་ཚོགས་པ་དང། རྩོད་པ་སྦྱོར་བས་ཆད་པ་བཅད ་པ་དང། ཕན་པར་བྱ་བ་ཞེས་པ་ཕུན་སུམ་ཚོགས་པ་དང། ལོངས་སྤྱོད་ཀྱི་འབྲས་བུས་ཉེ་བར་འཚོ་བ་ཕུན་སུམ་ཚོགས་པ་དང། ལུས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ལུས་ཤིན་ཏུ་འཇམ་པ་དང། སྙིང་པོའི་ལུས་སུ་གྱུར་པས་བསྟན་ཏེ། རྐང་པ་སྦྱིན ་པ་མན་ཆད་དང་གོ་རིམ་བཞིན་དུ་སྦྱོར་རོ་ཞེའོ། །ཟས་ཀྱིས་ནི་བྱ་བ་ལྔ་བྱེད་དེ། འདི་ལྟར་ལྟོགས་ནས་ཆེ་ཟད་པར་འགྱུར་བ་དང། བཀྲེས་པས་སྤོབས་པ་ཞན་པ་དང། བྲུ་བས་གདུང་བ་སྡུག་བསྔལ་བ་དང། ཉམ་ཆུང་བས་སྟོབས་མེད་པ་དང། རིང་པས་ཁ་དོག་མི ་མཛེས་པ་ལ་ཟས་བྱིན་ན་ཚེ་དང་སྤོབས་པ་དང། བདེ་བ་དང་སྟོབས་དང་ཁ་དོག་ཉེ་བར་སྟོན་པར་འགྱུར་བས་བྱང་ཆུབ་སེམས་དཔས་ཀྱང། དེ་བཞིན་གཤེགས་པའི་ཚེ་དཔག་ཏུ་མེད་པ་དང། སྤོབས་པ་ཐོགས་པ་མེད་པ་དང། ཏིང་ངེ་འཛིན་དང། སྙོམས་པར ་འཇུག་པའི་བདེ་བ་དང། སྟོབས་བསམ་གྱིས་མི་ཁྱབ་པ་དང། སྐུ་མདོག་མཛེས་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་སྦྱིན་པའོ། །བཏུང་པས་ནི་སེམས་ཅན་སྒོམ་གྱིས་གདུང་པ་རྣམས་ཀྱིས་གདུང་པའི་སྲེད་པ་སེལ་བར་བྱེད་པས་བྱང ་ཆུབ་སེམས་དཔས་ཀྱང་རང་གི་ཉོན་མོངས་པ་དང་སྲེད་པ་ཐམས་ཅད་གསལ་བར་བྱ་བའི་ཕྱིར་བཏུང་བ་འདོད་པ་རྣམས་ལ་བཏུང་བ་སྦྱིན་པ་ཞེས་བྱ་སྟེ། ཉོན་མོངས་པ་ནི་ཁོང་ཁྲོ་བ་ལ་སོགས་པ་ལ་བྱའོ། །སྲིད་པ་ནི་ཡང་སྲིད་པར་འབྱུང་བར་བྱེད་པ་དང། དགའ་ ་བའི་འདོད་ཆགས་དང་ལྡན་པ་དང། དེ་དང་དེ་ལ་མངོན་པར་དགའ་བ་སྟེ། ཁམས་གསུམ་དུ་སྦྱོར་བའི་རྒྱུའི་གཙོ་བ་ཡིན་པས་ན། ཉོན་མོངས་པའི་ནང་ནས་མིང་གིས་བཀར་སྟེ་སྨྲས་སོ། །བཞོན་པས་ནི་ངལ་བ་ལ་སོགས་པའི་སྡུག་བསྔལ་མེད་པར་བྱེད་པ ་དང། བགྲོད་པའི་གནས་སུ་ཕྱིན་པའི་འབྱོར་པ་གཉིས་བྱེད་བས། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པའི་སྙུན་ཐམས་ཅད་སྤངས་པའི་བདེ་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་བ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཁྱོགས ་ལ་སོགས་པ་བཞོན་པར་སྦྱིན་པའོ། །གོས་ཀྱིས་ནི་ལུས་ཀྱི་ཡན་ལག་བཏང། དྲི་མ་ལ་སོགས་པ་མི་སྡུག་པ་འགེབས་པ་དང། གཞན་གྱི་མིག་སྔར་སྡུག་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་ཉེས་པར་སྤྱོད་པའི་སྐྱོན་མི་མཛེས་པ་དགབ་པའི་ཕྱིར། བདག ་གི་དབང་དུ་བྱེད་ཏེ་ངོ་ཚ་ཤེས་པ་དང། གཞན་གྱི་དབང་དུ་བྱེད་ཏེ་ཁྲེལ་ཡོད་པའི་གོས་གཉིས་དང། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུའི་མདོག་ཡོངས་སུ་སྤྱད་པའི་ཕྱིར་གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ། ་མར་མེས་ནི་མུན་པ་གསལ་ཏེ་བལྟ་བར་བྱ་བའི་དངོས་པོ་ཐམས་ཅད་མཐོང་བར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང། དེ་བཞིན་གཤེགས་པའི་ལྷའི་སྤྱན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གཟུགས་རགས་པ་དང་ཕྲ ་བ་དང། ཉེ་བ་དང་རིང་བ་ལ་སོགས་པ་ཡོངས་སུ་གཟིགས་པར་བྱ་བའི་ཕྱིར་མར་མེ་སྦྱིན་པའོ། །རོལ་མོའི་སྒྲས་སེམས་ཅན་རྣམས་ཀྱི་རྣ་བའི་དབང་པོ་སིམ་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པའི་ལྷའི་སྙན་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་ན་སྒྲ་ཆེན་པོ་དང་ཆུང་ངུ་ལ་སོགས་པ་ཐོགས་པ་མེད་པར་གསན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོལ་མོའི་སྒྲ་སྦྱིན་པའོ། །སྤོས་ནི་བདུག་པ་རྣམས་སོ། །བྱུག་པ་ནི་ཙན་དན་ལ་སོགས་པའི་ལྡེ་གུ་སྟེ། དེ་དག་གིས་ནི་དྲི་ཞིམ་པར་བྱེད ་པས་དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བའི་ཚུལ་ཁྲིམས་ལ་སོགས་པས་བྱུག་པའི་ཕྱིར་སྤོས་དང་བྱུག་པ་སྦྱིན་པའོ། །མེ་ཏོག་ཕྲེང་མི་མེ་ཏོག་བརྐྱུས་པ་སྟེ། དེ་ནི་ཕན་ཚུན་བསྐྱོད་ཀྱང་མི་འབྲུལ་ཞིང་ཆུང་ཟ་བར་མི་འགྱུར་བས་གཟངས་དང། ་བཤད་པའི་དོན་མི་བརྗེད་པའི་སྤོབས་པ་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་མེ་ཏོག་ཕྲེང་སྦྱིན་པའོ། །ཕྱེ་མ་ནི་ཙན་དན་དང་གུར་གུམ་ལ་སོགས་པའི་ཕྱེ་མ་སྟེ། དེ་དག་གིས་ནི་དྲི་ཞིམ ་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་དང། །བྱང་ཆུབ་སེམས་དཔའ་དག་ལ་རང་བཞིན་གྱིས་མངའ་བའི་ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་སྦྱིན་པའོ། །རོ་ནི་ཁ་བ་དང། སྐྱུར་བ་དང། ཚ་བ་དང། བསྐ?་བ་དང ་ལན་ཚའི་རོ་དང་མངར་བ་སྟེ། རོ་གཞན་དང་གཞན་དེ་དག་གིས་ནི་ལྕེའི་དབང་པོ་ཚོར་བར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་སྐྱེས་བུ་ཆེན་པོའི་མིང་པ་ནའོ་བྲོ་བ་ཚོར་བར་བྱེད་པའི་རྩ་བདུན་སྟོང་གྱེན་དུ་ལྟ་བ ་ཡོད་དོ། ཐ་ན་ཏིལ་གྱི་འབྲས་བུ་ཙམ་གཅིག་གསོལ་ན་ཡང་སྐུ་ཐམས་ཅད་དུ་ཁྱབ་པར་འགྱུར་བ་ཐོབ་པར་བྱ་བའི་ཕྱིར་བྲོ་ཐམས་ཅད་སྦྱིན་པའོ། །གནས་ནི་ཁང་ཁྱིམ་ལ་སོགས་པ་སྟེ། དེ་དག་གིས་ནི་བདག་གནོད་ཕྱེད་རྣམས་ལས་སྐྱོབ་བར་བྱེད ་པས་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་ཀྱི་གནས་ལ་སོགས་པའི་མཐུ་དང་ལྡན་པར་བྱ་བའི་ཕྱིར་གནས་སྦྱིན་པའོ། མལ་ཆ་ནི་སྟན་ལ་སོགས་པ་སྟེ། །དེ་དག་གིས་ནི་གཉིས་ཀྱི་བདེ་བ་ལ་སོགས་པ་མྱོང་བར་བྱེད་པས་བྱང་ཆུབ ་སེམས་དཔས་ཀྱང་སྒྲིབ་པ་ཐམས་ཅད་སྤངས་པའི་རྣམ་པར་ཐར་པ་བརྒྱད་ཀྱི་གཟིམས་ཆ་དང། འཕགས་པའི་གནས་པ་རྣམ་པར་ཐར་པའི་སྙོན་གསུམ་དང། ལྷའི་གནས་པ་བསམ་གཏན་བཞི་དང། ཚངས་པའི་གནས་པ་ཚད་མེད་པ་བཞི་ཐོབ་པར་བྱ ་བའི་ཕྱིར་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རེ་རེ་ན་རྡོ་རྗེའི་གདན་རེ་རེ་ཡོད་པ་ཀུན་གནོན་ཅིང་ཐོབ་པར་བྱ་བའི་ཕྱིར་སྟོན་སྦྱིན་བའོ། །ཡོ་བྱད་ནི་མིང་གིས་སྨོས་པ་འདི་དག་ལ་མ་གཏོགས་པ་ཁ་ཕྱིས་ཡན་ཆད་འཚོགས ་ཆས་རྣམས་ལ་བྱ་སྟེ། དེ་དག་གིས་ནི་མི་བྲེལ་བར་བྱེད་པས། བྱང་ཆུབ་སེམས་དཔས་ཀྱང་བྱང་ཆུབ་ཀྱི་ཡོ་བྱད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་བསྐངས་པའི་ཕྱིར་ཡོ་བྱད་སྦྱིན་པའོ། །མི་རྒ་བ་ནི་རྒ་བ་མེད་པའོ། །མི་འཆི་བ་ནི་འཆི་བ་མེད ་པ་སྟེ། རྒ་བ་དང་འཆི་བ་མེད་པ་ཉིད་བདུད་རྩིའི་བདེ་བ་ཡིན་ཏེ། མྱ་ངན་ལས་འདས་པ་ལ་བྱའོ། །བྲན་ཕོ་དང་བྲན་མོ་ལ་སོགས་པ་མ་དཀལ་ཏེ། རང་ཉམས་སུ་བཏང་བ་དང། དེ་དག་འདོད་པ་ལ་བྲན་ཕོ་བྲན་མོ་དགའ་བཞིན་དུ་བཏང་བས་མི་དེ་དག་རང་ཉམས ་ཀྱི་བདེ་བ་ཐོབ་པར་འགྱུར་བས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་ལ་མངའ་བ། ངོ་བོ་མེད་པའི་རང་དབང་བ། དཔོན་པོ་མེད་པའི་རང་ཉམ་དང། མཁན་པོ་དང་སློབ་དཔོན་གྱིས་བསྟན་པའི་ལུང ་མེད་པས་རང་ཉིད་མངོན་པར་འཚང་རྒྱ་བའི་རང་འབྱུང་གི་ཡེ་ཤེས་ཡོངས་སུ་བཀང་བའི་ཕྱིར་བྲན་པོ་དང་བྲན་མོ་སྦྱིན་པའོ། །རིགས་དང། བསམ་པ་དང། མོས་པ་དང། སྨོན་ལམ་དང་བརྩོན་འགྲུས་རྩོམ་པ་ལ་སོགས་པ་ཆེ་བས་སྐྱེས་བུའི་བྱེད་བ་ཆི ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང། སངས་རྒྱས་རྣམས་ལ་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། དེ་དག་སྐྱེས་བུ་ཆེན་པོ་ཡིན་པར་འདི་དག་གིས་མཚོན་ཅིང་མངོན་པར་གསལ་བར་བྱེད་པའི་ཕྱིར། སྐྱེས་བུ་ཆེན་པོའི་མཚན་ནོ། །དམ་པ་སྨོས ་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཡུལ་ན་གནས་པ་དང། གསལ་བ་དང་ཡོངས་སུ་རྫོགས་པའོ། །དེ་དག་ཀྱང་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་མདོ་དག་ལས ་གསུངས་ཏེ། དེ་དག་བསྐང་བའི་ཕྱིར་གསེར་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྟེན་གྱིས་ཚུལ་གྱིས་འཛིན་ཅིང། གཟུགས་བཟང་པོས་མཛེས་པར་བྱེད་པས་དཔེ་བྱད་བཟང་པོ་སྟེ། དེ ་དག་ཀྱང་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པ་བརྒྱད་ཅུ་མདོ་དག་ལས་གསུངས་པ་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གདུ་བུ་དང། དཔུང་རྒྱན་ལ་སོགས་པ་རྒྱན་སྣ་ཚོགས་སྦྱིན་པའོ། །གཙུག་གི་ནོར་བུ་དང་ཅོད་པན་ནི་ཡན་ལག་གི ་དམ་པ་མགོ་བོའི་རྒྱན་ཏེ། དེ་བཞིན་གཤེགས་པའི་མཚན་དབུའི་གཙུག་གཏོར་ཚངས་པའི་འཇིག་རྟེན་ནས་ཀྱང་བལྟར་མི་མཐོང་བ་ཐོབ་པར་བྱ་བའི་ཕྱིར་མགོའི་རྒྱན་སྦྱིན་པར་བྱེད་དོ། །རྟ་ལ་སོགས་པ་བཞོན་པས་ནི་བགྲོད་པར་བྱ་བའི་གནས་སུ་ཕྱིན་པར ་བྱེད་པས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་འབྲས་བུ་དང་བཅས་པ་འདིས་ཕྱིན་པར་བྱེད་པ་འམ། འདིར་ཕྱིན་པར་བྱ་བ་རྫོགས་པར་བྱ་བའི་ཕྱིར་རྟ་དང་བ་གླང་དང་དཔུང་བུ་ཆུང་དང་གཞོན་པ་སྦྱིན་པའོ། །བསམ་གཏན་བཞིའི་དང་པོ་ལ་ཡན་ལག་ལྔ ་གཉིས་པ་ལ་བཞི་ལ་སོགས་པ་དང། ཡན་ལག་དེ་དག་གིས་ཚོགས་དགེ་བ་ལ་འདུན་པ་དང། དབང་པོ་སྡོམ་པ་དང། ཟས་ཀྱི་ཚེད་རིག་པ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་ལུས་དང་སེམས་བདེ་བར་འགྱུར་བའི་གནས་བསྐྱེད་མོས་ཚལ་ལ་སོགས་པ་སྦྱིན་པའོ། ་གང་གི་གོང་ན་བྱང་ཆུབ་གཞན་མེད་པ་ནི་བླ་ན་མེད་པ་སྟེ། དེའང་ཡང་དག་པ་ཕྱིན་ཅི་མ་ལོག་པར་རྫོགས་པ་མ་ལུས་པར་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བ་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱ་སྟེ། དགའ་བའོ་ཅོག ་གི་ནང་ན་དེ་ནི་དགའ་བ་མཆོག་ཡིན་པས་དེ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་པའི་དགའ་ཞིང་སྡུག་པའི་མཆོག་བུ་ཕོ་ལ་སོགས་པ་སྦྱིན་པ་སྟེ། འབྲས་བུ་གང་འདོད་པའི་ཕྱིར་དངོས་པོ་གང་སྦྱིན་པ་འོག་མ་དག་ལ་ཡང་ཅི་རིགས་སུ་སྦྱར་རོ། །གནས་གང་དུ་དེ་བཞིན ་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་རྣམས་གནས་ཤིང་འཛིན་པའི་གནས་དེ་ནི་དམ་པའི་ཆོས་ཀྱི་མཛོད་དང་བང་བ་ཞེས་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང་དྲན་པ་གཉིས་ལ་བྱའོ། །བྱང་ཆུབ་ཉིད་སྙིང་པོ་ཡིན་པ་ན་བྱང་ཆུབ་ཀྱི་སྙིང་པོ་སྟེ། ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡིན་ལ། དེ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་དབང་དང་ལྡན་པས་དམ་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་པར ་ཚིག་རྣམ་པར་སྦྱར་རོ། །གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་པའི་ཆོས་བདག་མིང་རྟོག་པའི་ཆོས་ལ་དགའ་ཞིང་མོས་པ་ཐོབ་པར་བྱ་བའི་ཕྱིར་ལུས་ཀྱི་བདེ་བ་དང། སེམས་ཀྱི་དགའ་བ་དང། རྒྱུད་སིམ་པར་བྱེད་པའི་རྩེད་མོ་ཐམས་ཅད་སྦྱིན་པའོ། །དམ་པའི ་ཆོས་ཀྱིས་རྐང་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་མ་གཏོགས་པ་ལྷག་མ་བདུན་ནས་བསླབ་པ་གསུམ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་མ་གཏོགས་པ་གཉིས་ལ་བྱའོ། །དམ་པའི་ཆོས་ཀྱི ་ལག་པ་ནི་གདུལ་བྱ་སེམས་ཅན་ལ་དམ་པའི་ཆོས་བསྟན་པ་སྟེ། །དེ་བས་ནི་སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་པའི་ལག་པ་ཕྱིན་ནས་ཁམས་གསུམ་གྱི་འདམ་ལས་དྲང་བར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དབང་པོ་ནི་དད་པ་ལ་སོགས ་པ་དང་མིག་ལ་སོགས་པའོ། །སངས་རྒྱས་ཀྱི་སྤྱན་ནི་དོན་དམ་པ་རྟོགས་པའོ། །ཆོས་ཀྱི་སྤྱན་ནི་གསུང་རབ་ཀྱི་ཡན་ལག་རྣམས་རྟོགས་པའོ། །ཁམས་གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ནི་ཉན་ཐོས་དང། རང་སངས་རྒྱས་ཡིན ་ལ། དེ་དག་གིས་མཆོག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །སྙིང་པོ་མེད་པའི་ལུས་ནི་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ལྔ་ལ་བྱའོ། །སྙིང་པོ་མེད་པའི་ལུས་དེ་ལ་བརྟེན་ནས། སྙིང་པོ་སྟེ་ཆོས་ཀྱི་སྐུ་བླང་ཞིང་མྱ་ངན་ལས་འདས ་པ་ཉེ་བར་འཚོ་བར་བྱ་བའི་ཕྱིར་སྲོག་གནས་པའི་རྒྱུ་ཤ་དང་ཁྲག་ཡོངས་སུ་གཏོང་ཞེས་སྦྱར་རོ། །འཇམ་པ་ལ་སོགས་པ་ནི་ལྤགས་པ་འཇམ་པ་ལ་སོགས་པའོ། །སངས་རྒྱས་ཀྱི་སྐུ་ནི་ནང་གི་ཉོན་མོངས་པ་དང། ཕྱིའི་རླུང་ལ་སོགས་པས་གནོད་པར་བྱར་མེད་པའི་ཕྱིར། ་རྡོ་རྗེ་ལྟར་མི་ཤིགས་ཤིང་སྲ་བ་དང། སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་དོར་བའི་རང་བཞིན་རྣམ་པར་དག་པ་ཡང་སྦྱིན་པའི་སྐྱོན་རྣམ་པ་བཞི་སྤངས་པས་རིགས་པར་བྱའོ། །སྦྱིན་པར་བྱ་བའི་དངོས་པོའི་སྐྱོན་དང། བསམ ་པའི་སྐྱོན་དང། ལེན་པ་འགྲོན་དུ་གཉེར་བའི་སྐྱོན་དང། །ལེན་པ་ལ་འབུལ་བའི་སྐྱོན་ནོ། །དེ་དག་ཀྱང་བཙུན་པ་ཤ་རདྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་མདོ་ཞེས་བྱ་བ་ལ་སོགས ་པས་བསྟན་ཏེ། མི་མཐུན་པའི་ལོངས་སྤྱོད་དང། སེམས་ཅན་ལ་གནོད་པའི་སྦྱིན་པ་དང། གཞན་ཡང་དེ་དང་མཐུན་པ་དག་ནི་སྦྱིན་པར་བྱ་བའི་སྐྱོན་ནོ། །ང་རྒྱལ་བསྐྱེད་ཅིང་སྦྱིན་པ་ལ་སོགས་པ་ནི་བསམ་པའི་སྐྱོན་ནོ། །འགྲོན་དུ་གཉེར་བ་དེ་ཡོངས་སུ་གཏོང ་པ་ལ་སོགས་པ་ནི་ལེན་པ་འགྲོན་དུ་གཉེར་བའི་སྐྱོན་ནོ། །ཇི་སྐད་སྨྲས་པ་ལས་ཆུང་བའི་སྦྱིན་པ་ལ་སོགས་པ་ནི་ལེན་པ་ལ་འབུལ་བའི་སྐྱོན་ཏེ། མདོའི་ཚིག་ལྷག་མ་རྣམས་ཀྱང་སྐྱོན་རྣམ་པ་འདི་བཞི་དང་མཐུན་མཐུན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ ་ལ་སྐྱོན་དེ་དག་མེད་པས་ན་མི་མཐུན་པའི་ཕྱོགས་དོར་བའི་རང་བཞིན་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་ནི་བབ་བཅོལ་དང། ཆོས་བཞིན་མ་ཡིན་པར་ལོངས་སྤྱོད་དག་བསྒྲུབས་ནས་གཞན་དག་ལ་སྦྱིན་པར ་བྱེད་པ་སྟེ། དེ་ལྟ་བུའི་སྦྱིན་པ་བྱང་ཆུབ་སེམས་དཔའ་རྣམས་ལ་མེད་དོ་ཞེས་བྱ་བར་སྦྱར་ཏེ། དངོས་པོའི་སྐྱོན་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་མེད་པར་འོག་མ་དག་ལ་ཡང་རྒྱ་ཆེར་སྦྱར་རོ། །སེམས་ཅན་ལ་གནོད་པའི་སྦྱིན་པ་ནི་ནད་ཀྱིས་གདུངས་པ་ལ ་སོགས་པ་ནད་ཀྱི་སྡུག་བསྔལ་ལས་ཐར་བར་བྱེད་པའི་ཕྱིར་གསོད་པར་བྱེད་པ་འམ། །སྲོག་ཆགས་གསད་པའི་ཐབས་བསླབ་པ་སྦྱིན་པ་འམ། མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོ་གང་དུ་སྲོག་ཆགས་མང་པོ་བསགས་ནས་གསོད་པར་འགྱུར་བ་དེ་ལྟ ་བུའི་མཆོད་སྦྱིན་ལ་སོགས་པ་བྱེད་ཅིང་སྦྱིན་པའོ། །སེམས་ཁེངས་པ་སྔོན་དུ་བྱས་ཏེ། ང་རྒྱལ་གྱིས་བསམ་པས་གཏོང་བ་ནི་ང་རྒྱལ་བསྐྱེད་ཅིང་སྦྱིན་བ་ཞེས་བྱའོ། །སེམས་ཅན་དགྲ་བོས་འཇིགས་པ་དང། སེམས་ཅན་མཛའ་བཤེས་ལ་སྡུག་པ་དང། སེམས་ཅན་ཐ ་མལ་པ་ལ་མཛེས་པས་སྦྱིན་པ་བྱང་ཆུབ་སེམས་དཔའ་ལ་མེད་དོ། །སློང་བ་པོ་སྔར་འགྲོན་དུ་གཉེར་ལ་ཕྱིས་མི་གཏོང་བའི་སྦྱིན་པ་མེད་དོ། །ཇི་སྐད་སྨྲས་པ་དང། ཇི་ལྟར་དམ་བཅས་པ་ལས་བསྙུངས་ཏེ། སྦྱིན་པ་མི་བྱེད་ཀྱི་མཚུངས་པ་འམ་ལྷག་པར་བྱེད་པས་ཇི་སྐད་སྨྲས ་ལས་ཆུང་བའི་སྦྱིན་པ་མེད་དོ། །དངོས་པོ་བཟང་པོ་ཡོད་ལ་ཐ་རྨད་དང་ངན་པ་སྦྱིན་པར་མི་བྱེད་དོ། །བདག་དང་གཞན་གཉི་ག་ལ་མི་མཁོ་བའི་དངོས་པོ་གཏོང་བ་ནི་ལྷག་པའི་བསམ་པ་མ་ཡིན་པས་སྦྱིན་པ་ཞེས་བྱའོ། །དངོས་པོ་དམ་པ ་སླང་བའི་ཕྱིར་ངན་པ་གཏོང་བ་ནི། གཡོ་སྒྱུའི་སྦྱིན་པའོ། །ནོར་བུ་དང་མུ་ཏིག་དང། བཻ་དུ་རྱ་ལ་སོགས་པ་འདྲ་བར་བཅོས་པ་སྦྱིན་པ་ནི་བཅོས་པའི་སྦྱིན་པའོ། །རལ་མོའི་རྣམ་པར་སྨིན་པ་ལ་ཆགས་ཤིང་འཕྲལ་དུ་ཡང་རྩེད་མོའི་དགའ་བས་སེམས་གཡེངས་བཞིན ་རོལ་མོ་བྱེད་པ་རོལ་མོ་མཁའ་ལ་གཏོང་བ་ན་ལས་ཀྱི་རྣམ་པར་སྨིན་པ་དང་རྒོད་པས་སྦྱིན་པའོ། །སྨད་འཚོང་མ་ལ་སོགས་པའི་ཡན་ལག་སྤྱད་པའི་ཕྱིར་གཏོང་བ་ནི་ལོག་པའི་བསམ་པས་སྦྱིན་པའོ། །ལས་དང་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པའི་སྦྱིན་པ་ནི་གཏི ་མུག་གི་བསམ་པས་སྦྱིན་པའོ། །དངོས་པོ་འདི་ལམ་བཏང་ན་གདོན་མི་ཟ་བས་ཆད་པས་གཅད་པ་དང་གསད་པ་ལ་སོགས་པའི་གནོད་པ་མྱོང་བར་འགྱུར་རོ་སྙམ་ནས་གཏོང་བ་ན། །ཚོལ་བའི་བསམ་པས་སྦྱིན་པའོ། །རྟག་པར་ལྟ་བ་ལ་སོགས་པ་ལ་ཞེན་ནས་གཏོང་བ ་ནི་ཕྱིན་ཅི་ལོག་གི་བསམ་པས་སྦྱིན་པའོ། །གཏོང་བ་ལ་དགའ་བའི་བསམ་པ་མངོན་དུ་མ་གྱུར་བཞིན་དུ་གཏོང་བ་མ་དད་པར་སྦྱིན་པའོ། །དངོས་པོ་གཏོང་བར་མི་འདོད་བཞིན་དུ་གཏོང་བ་ནི་མི་དགའ་བར་སྦྱིན་པའོ། །དངོས་པོ་ལ་ཆགས་བཞིན་དུ་གཏོང་བ་ནི་ཉེ་བར ་གནས་པའི་སྦྱིན་པའོ། །གང་ཟག་འདི་ལ་མ་སྦྱིན་ན་ཕ་མ་ལ་སོགས་པ་སུ་ཡང་རུང་བ་བདག་ལ་མི་དགའ་བར་འགྱུར་རོ་སྙམ་ནས་གཏོང་བ་ནི་དོར་བལྟས་ནས་སྦྱིན་པའོ། །འདི་ལ་ནི་སྦྱིན་འདི་ལ་ནི་མི་སྦྱིན་སྙམ་པའི་བསམ་པས་གཏོང་བ་ནི་སེམས་ཅན་ཐ་དད་པའི་སྦྱིན་པ་སྟེ་བསྟན ་པའོ། །ཚིག་ལྷག་མ་གསུམ་ནི་བཤད་པ་སྟེ། འདི་ལ་བྱིན་ན་འབྲས་བུ་དང་ཕན་ཡོན་ཆེ་བར་འགྱུར་སྙམ་ནས་དེ་ལ་གཏོང་བ་ནི། སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་ཡིན་ལ། འདི་ལ་བྱིན་ན་འབྲས་བུ་དང་ཕན་ཡོན་ཆུང་བར་འགྱུར་སྙམ་ནས་གཏོང་བ་ནི་སྦྱིན་པའི་གནས་མ ་ཡིན་པར་བརྙས་ཤིང་སྦྱིན་པ་སྟེ། བསམ་པའི་སྒོ་ནས་སེམས་ཅན་ཐ་དད་པར་བྱེད་བ་དེ་ལྟ་བུ་ཡང་མེད་ལ། ཚིག་གིས་ཀྱང་ཚུལ་ཁྲིམས་དང་ལྡན་པ་ལ། ཚུལ་ཁྲིམས་དང་ལྡན་པའོ་ཞེས་བསྟོད་པ་དང། ཚུལ་ཁྲིམས་འཆལ་བ་ལ་ཚུལ་ཁྲིམས་འཆལ་བའོ་ཞེས་སྨད ་དེ་མཐོན་དམན་དུ་ཕྱེ་ནས་སྦྱིན་པ་མེད་པར་སྦྱར་རོ། །འདི་ལ་འདི་ལྟ་བུ་ཞིག་སྦྱིན་ན། ཕྱིར་ཡང་དངོས་པོ་འགའ་ཞིག་སྦྱིན་པར་འགྱུར་རོ། སྙམ་ནས་གཏོང་བ་ནི་ལ་ནལ་རེ་བའི་སྦྱིན་པའོ། །གང་ཟག་འདི་ནི་སྦྱིན་པ་བྱེད་པ་གཏོང་ཕོད་པའོ་ཞེས་གྲགས་པ་ལ་སོགས་པ་འདོད་པའི ་ཕྱིར་བཏང་བ་ནི། གྲགས་པ་ལ་སོགས་པའི་ཕྱིར་སྦྱིན་པའོ། །བདག་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི། གཞན་ནི་དེ་ལྟ་མ་ཡིན་ནོ་ཞེས་སྨྲ་ཞིང་གཏོང་བ་ནི། བདག་ལ་བསྟོད་པ་དང། གཞན་ལ་སྨོད་པའི་སྦྱིན་པའོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ ་ཉིད་ནས་ཀྱང་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་སེམས་དགའ་བར་བྱེད་ཅིང། བྱིན་ནས་ཀྱང་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་དང། ཡིད་ལ་བཅགས་པ་དང། །འགྱོད་པའི་སྦྱིན་པ་མེད་པར་རིགས་བཞིན་སྦྱར་རོ། །སློང་བ་པོ་ལེགས་པར་འོངས་ན་རྒྱན་པར་མི་བྱིན ་པ་ནི། གནོད་པར་མི་བྱིན་པའོ། །སློང་བ་པོ་ནི་རིགས་དང་རུས་ལ་སོགས་པའི་སྐྱོན་བརྗོད་ནས་གཏོང་བ་ནི་གཞན་གྱི་རེ་བ་ལ་འབབ་པའི་ག?་སྦྱིན་པའོ། །སྦྱིན་པ་བྱིན་ནས་སློང་བ་རྣམས་ལ་ཁྱོད་འདི་དང་འདི་ལྟར་ཕན་བཏགས་སོ་ཞེས་སྤྱོས་ཏེ་གཏོང་བ་ནི་སྨད་པར་སྦྱིན་པའོ། ། ་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་ཆགས་བཞིན་དུ་གཏོང་བ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པའོ། །འདི་ཙམ་ཞིག་སྦྱིན་ཞེས་གཏོང་བ་ནི་དཔགས་ཏེ་སྦྱིན་པའོ། །དངོས་པོ་གང་ཐབས་ཇི་ལྟ་བུར་གཏང་ན་སློང་བ་པའི་ཁྲོ་བ་ལ་སོགས་པ་སྐྱེད་པའི་སྦྱིན་པ་ནི ་ཁྲོ་བ་ལ་སོགས་པ་སྐྱེད་པའི་སྦྱིན་པའོ། །སློང་བ་ཟས་ལ་བརྐམ?་པ་དང་ནད་པ་ལ་སོགས་པ་ལ་ཧ་ཅང་བསོད་པ་དང་མང་དུ་སྦྱིན་པ་ནི་སློང་བ་རྣམས་ལ་གནོད་པའི་སྦྱིན་པའོ། །སློང་པ་པོའི་ལུས་གཟུགས་དང། ཆས་ལ་སོགས་པ་ལ་ཕྱས་བཏགས་ནས་མེ་ཏོག་ཕྲེང་ལ་སོགས ་པ་ལྟར་དངོས་པོ་དེ་དག་མགོ་དང་མགྲིན་པ་ལ་སོགས་པར་བཏགས་ཤིང་བཅིངས་ནས་གཏོང་བ་ནི་འཕྱ་བ་དང། ཅོ་འདྲི་བའི་སྦྱིན་པའོ། །ཕྱིན་ཕྱོགས་སུ་བྱིན་པ་ནི་ས་ལ་སོགས་པ་ནི་དངོས་སུ་ཟད་དོ། །ཆེད་འགའ་གཏོང་ཆེད་འགའ་མི་གཏོང་བ་ནི ་མི་རྟག་པའི་སྦྱིན་པའོ། །སྦྱིན་པ་ལ་མ་གོམས་པས་གང་གི་ཚེ་སློང་བ་པོ་འོངས་པ་དེ་དང་དེའི་ཚེ་སྦྱིན་པའི་ཚུལ་ལ་མ་བྱང་བར་གཏོང་བ་ནི་ཤིན་ཏུ་མ་སྦྱང་སྤའི་སྦྱིན་པའོ། །གང་ཟག་དེ་ཡང་གཏོང་བར་བྱད་ན་བདག་གིས་ཅིའི་ཕྱིར་མི་གཏོང་ཞེས་གཏོང་བ་ནི་གཞན་ལ ་སྙོགས་པའི་སྦྱིན་པའོ། །བདག་ཉི་ཚེའི་མཆོད་རྟེན་དང་བྲན་གཡོག་ལ་སོགས་པའི་ཕྱིར་གཏོང་བ་ནི་ཡོངས་སུ་ཆད་པར་བྱས་ཏེ་སྦྱིན་པའོ། །མང་དུ་གཟས་པ་ལས་ཉུང་དུ་གཏང་བ་ནི་ཇི་ལྟར་བསྟབས་བ་ལས་ཆུང་བའི་སྦྱིན་པའོ། །གཏང་བར་བྱ་བ་དངོས་པོ་ངེས་པར ་གཏོང་བར་བྱ་བར་བསམས་པ་ལས། ཆགས་པའི་དབང་དུ་གྱུར་བཞིན་དུ་གཏོང་བ་ནི་སྤྲོ་བ་ལས་མི་སྤྲོ་བར་གྱུར་པའི་སྦྱིན་པའོ། །བཀྲེན་ཞིང་ཕོངས་པའི་སློང་བ་པོ་ཡོད་བཞིན་དུ་ཞིང་མ་ཡིན་ནོ་སྙམ་ནས་བཀྲེན་པ་མ་ཡིན་ཞིང་ཕོངས་པ་མ་ཡིན་པ་ལ་གཏོང་བ་ནི་སེམས ་ཅན་ཞིང་མ་ཡིན་ཞེས་སྦྱིན་པའོ། །བྱང་ཆུབ་སེམས་དཔའ་ནི་བཏང་བར་བྱ་བའི་དངོས་པོ་ཆེ་ཆུང་ཅི་བདོག་པ་བཏང་བར་བྱ་བ་ཡིན་པས་དངོས་པོ་ཆུང་ངུ་ལ་བལྟས་ཤིང་སྦྱིན་པར་ཡང་མི་བྱེད་ལ་དངོས་པོ་སྙིང་པོ་མེད་པར་རིགས་པས་རྒྱ་ཆེན་པོ་ལ་སྙེམས་ཤིང་སྦྱིན་བར་ཡང ་མི་བྱེད་དོ། །སྦྱིན་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལས་གཞན་དུ་སྔོ་བ་ནི་ལོག་པར་སྒྲུབ་པའི་སྦྱིན་པ་སྟེ། དེ་ཡང་སྐྱེ་བར་འདོད་པའི་སྦྱིན་པ་ཞེས་བྱ་བས་བཤད་དེ། སྦྱིན་པའི་རྣམ་པར་སྨིན་པས་སྐྱེ་བ་གང་ཡང་རུང་བར་སྨིན་པ་ལ་སྐྱེ་བར་འདོད་པ་ཞེས་བྱའོ།། ་གང་དག་ཏུ་སྐྱེ་བར་འདོད་པ་ནི་གཟུགས་དང་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ཚིག་ཕྱི་མ་རྣམས་ཀྱི་བཤད་དེ། དེ་ལ་གཟུགས་བཟང་པོ་དང་ལོངས་སྤྱོད་ཆེན་པོ་དང། དབང་ཕྱུག་ཆེན་པོ་ལ་མངོན་པར་དགའ་བས་སྦྱིན་པ་གཏོང་བ་ནི་མིའི་ནང་དུ་སྐྱེ་བར་འདོད་པའོ།། ་བརྒྱ་བྱིན་ལ་སོགས་པར་སྐྱེ་བར་སྨོན་ཅིང་སྦྱིན་བ་གཏང་བ་ནི་ལྷའི་ནང་དུ་སྐྱེ་བར་འདོད་པའོ། །གཞོན་ནུ་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་མ་ཐོབ་པའོ། །ཚེ་འདི་ཉི་ཚེ་ལ་སྦྱིན་པ་གཏོང་བ་ནི་ཚེ་གཅིག་ཏུ་ཟད་པའི་སྦྱིན་པ་སྟེ། བྱང་ཆུབ་སེམས་དཔའ་ནི་ཚེ་གཅིག་སྦྱིན་པ་བཏང་བ་ཙམ་གྱིས ་ཆོ་ག་བར་མི་འཛིན་པས་ཕྱིན་ཆད་ཆོག་ཅིང་མི་བདོག་པའི་སྦྱིན་པ་མེད་ཅེས་བྱ་བར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཨི་ནི་རྣམ་པར་སྨིན་པ་ལ་མི་ལྟ་ཞིང། སེམས་ཅན་ཐམས་ཅད་ལ་ལྟ་བས་སྦྱིན་པ་ལ་སོགས་པ་བསོད་ནམས་ཐམས་ཅད་ཚེ་རབས་གཅིག་ནས་གཅིག་ཏུ ་ཁྱད་པར་དུ་འགྱུར་ཞིང་རྒྱུན་མཐུན་པའི་འབྲས་བུ་འབྱུང་བར་བསྔོའོ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སོགས་པའི་ཆེད་དུ་ནི་མི་བསྔོ་ལ། དེ་ལྟར་སྦྱིན་པའི་ཚོགས་བསགས་པ་ཡང་ཐམས་ཅད་མཁྱེན་པ་ལས་གཞན་དུ་མི་སྔོ་བས། ཐམས་ཅད་མཁྱེན་བ་ཉིད་ཀྱི་སེམས་མ ་བསྔོས་པའི་སྦྱིན་པ་མེད་དོ་ཞེས་གསུངས་སོ། །སྡོམ་བརྩོན་པ་རྣམས་ལ་ཟས་དང་སྐོམ་ལྷག་པར་གྱུར་པ་འམ། སྒོག་ཙོང་དང་ཤ་ཆང་མི་ཟ་ཞིང་མི་མཐུང་བ་དག་ལ་དེ་དག་བསྲེས་ཤིང་འབགས་པ་གཏོང་བ་ནི་རུང་བ་མ་ཡིན་པ་སྦྱིན་པའོ། །རང་གི་གཡོག་འཁོར་ལ་སོགས ་བ་ལ་མ་བྱིན་པར་དང་པོ་གཞན་དག་ལ་གཏོང་བ་ནི་དུས་ལ་མ་བབ་པར་སྦྱིན་པའོ། །དུག་དང་མཚོན་སྦྱིན་པའི་ནང་དུ་ཆང་སྦྱིན་པ་ཡང་བསྡུའོ། །ལུག་ལ་སོགས་པ་བས་དེ་ཤ་ཁྲག་ལ་སོགས་པ་ནི་སེམས་ཅན་ལ་མཐོ་འཚམ་ཞིང་སྦྱིན་པའོ། །དེ་ལྟར་མི་མཐུན་པའི ་ཕྱོགས་དོར་བའི་རབ་ཏུ་དབྱེ་བ་རྒྱ་ཆེར་བཤད་ནས། མདོར་བསྡུས་ནས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མཁས་པས་སྨད་པ་མེད་དོ་ཞེས་གསུངས་ཏེ། སྦྱིན་པ་གང་ཚེ་འདི་ལ་བདེ་ཡང་ཚེ་ཕྱི་མ་ལ་མི་ཕན་པར་འགྱུར་བ་དང། ཚེ་འདི་དང ་ཕྱི་མ་གཉི་ག་ལ་མི་བདེ་ཞིང་མི་ཕན་པར་འགྱུར་བ་དང། ཚེ་འདི་ལ་ཁ་ན་མ་ཐོ་བ་དང་བཅས་པ་དང། ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་དང་བཅས་པ་དང། ཚེ་འདི་དང་ཕྱི་མ་ལ་ཁོ་ན་མ་ཐོ་བ་དང་བཅས་པའི་སྦྱིན་པ་ནི། མཁས་པས་སྨད་པ་ཞེས་བྱ་སྟེ། དེ་ལྟ་བུའི ་སྦྱིན་པ་བྱང་ཆུབ་སེམས་དཔའ་ལ་མེད་དོ། །གཉེན་པོ་ཡོངས་སུ་བཟུང་བའི་རང་བཞིན་རྣམ་པར་དག་པ་ནི་གཉེན་པོ་རྣམ་པ་གསུམ་ཡོངས་སུ་བཟུང་བས་རིག་པར་བྱ་སྟེ། འཇིག་རྟེན་པའི་གཉེན་པོ་དང། འཇིག་རྟེན་ལས་འདས་པ་ལ་སློབ་པའི ་གཉེན་པོ་དང། བླ་ན་མེད་པའོ། དེ་ལ་སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་བསྒྲུབས་པ་ཞེས་བྱ་བ་ནས། ཁམས་གསུམ་པ་དང་མ་འདྲེས་པ་སྟེ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་པའི་གཉེན་པོ་བསྟན། སྦྱིན་པ་དེ་ནི་འབྲས་བུ་རྒྱུ་མཐུན་པ་རྣམ་པར་གྲོལ་བ་ཞེས་བྱ་བ་ནས། ་བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པ་སྟེ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་ལས་འདས་པ་སློབ་པའི་གཉེན་པོ་བསྟན། སྦྱིན་པ་དེ་ནི་ཡང་དག་པར་བསྔོས་པ་ཞེས་བྱ་བ་ནས། སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ་ཞེས་བྱ་བའི་བར་གྱིས་བླ་ན་མེད ་པ་བསྟན་ནོ། །སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་ཞེས་བྱ་བ་ལ་སོགས་པས་སྦྱིན་པ་དེ་དག་རྣམ་པར་ཐར་བའི་སྒོ་གསུམ་གྱིས་བསྐྱེད་ཅིང་དེ་དག་དང་མ་བྲལ་བར་སྤྱད་པས་འཇིག་རྟེན་པའི་སྦྱིན་པ་དངོས་པོ་དང་མཚན་མར་བཟུང་ནས་བྱིན་པ་ལྟར་དེ་དག་མི ་ཟད་དེ་སྟོང་པ་ཉིད་ལ་སོགས་པ་ལྟར་ན་ནམ་ཡང་མི་ཟད་ཅེས་བྱ་བའི་དོན་ཏོ། །མངོན་པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་གྱི་མ་བསྐྱེད་པའི་ཆོས་ཡང་དག་པའི་མཛའ་ལ་བྱ་སྟེ། དེ་ཐོབ་པའི་ཕྱིར་བསྔོས་པས་ན་མི་ཟད་པའོ། །ཡང་དག་པར་འཟིན?་པས་ནི་ཕྱིན་ཅི་མ་ལོག ་པར་ཟིན་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་བཞིན་ཡིད་ལ་བྱེད་པས་ཟིན་ཅེས་བྱ་བའི་ཐ་ཚིག་གོ་།ཁམས་གསུམ་པ་དང་མ་འདྲེས་པ་ནི་ཁམས་གསུམ་པ་དེ་དང། དེ་དག་གིས་སྲེད་པས་བདག་གིས་མ་བྱས་པའི། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི ་སྐུ་ལ་བྱ་བར་འདོད་དེ། དེ་སྦྱིན་པ་ལ་སོགས་པའི་ཚོགས་ཀྱིས་འགྲུབ་ལ། དེ་ལས་ཀྱང་སྦྱིན་པ་རྒྱུན་མི་འཆད་པར་འབྱུང་བས་བྱིན་པ་དེ་ནི་འབྲས་བུ་རྒྱུ་མཐུན་པ་རྣམ་པར་གྲོལ་བ་སྟེ། །དེའི་ཕྱིར་མི་ཟད་པ་ཞེས་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ན ་བདུད་རྣམས་ཚར་གཅོད་པར་འགྱུར་བས་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གཏོགས་པས་ལྟའི་བུའི་བདུད་ལ་སོགས་པ་ཚར་གཅོད་ཅིང་དེ་དག་གིས་མེད་པར་བྱར་མི་ནུས་པས་ན་སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པ ་སྟེ་དེའི་མི་ཟད་པ་ཞེས་བྱའོ། །སེར་སྣ་དང་བདག་དང་གཞན་དུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་མི་གནས་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཟད་པར་བྱ་བར་མི་ནུས་པས་ན་མི་ཟད་པར་སྦྱར་རོ། །ས་དང་པོ་ནི་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་རྫོགས་པས་ཐོབ་པར་འགྱུར་བས་ན་ཁྱད་པར་འགྲོ་བ་ཞེས་བྱའོ། །ཁ་ཅིག་གི་སྦྱིན་པ་ཡིན་ཡང་དུག་དང་མཚོན་ལ་སོགས་པ་སྐྱོན་དང་བཅས་པ་ལྟ་བུ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི་གཅིག་ཏུ་ཁ་ན་མ་ཐོ་བ་མེད་པས་ན་ལེགས་པར་བྱས་པ་ངེས ་པའོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ལམ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡིན་ལ་སྦྱིན་པ་ཉིད་བསོད་ནམས་ཀྱི་ཚོགས་སུ་གཏོགས་པས་བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པའོ། །གང་དུ་བསྔོ་བར་བྱ་བ་དེར་བསྔོས་པ་ནི་ཡང་དག་པར་བསྔོས་པའོ། །སྦྱིན ་བ་དེ་ནི་བྱང་ཆུབ་སྙིང་པོ་རྒྱན་བཀོད་པ་རྣམ་པར་གྲོལ་བ་རྒྱུ་མཐུན་པའི་འབྲས་བུ་སྟེ་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སྙིང་པོ་ནི་མངོན་པར་སངས་རྒྱས་པའོ། །དེའི་རྒྱན་བཀོད་པ་ནི་གང་གིས་བྱང་ཆུབ་དེ་ཐོབ་པའི་རྒྱུ་སྟེ་སྦྱིན་པ་ལ་བྱའོ། །དེའི་ཕྱིར་རྣམ་པར་གྲོལ་བ་འབྲས་བུར་གྱུར་པ་དང ་མཐུན་པའི་རྒྱུ་ཡིན་པས་ན་རྣམ་པར་གྲོལ་བ་རྒྱུ་མཐུན་པའི་འབྲས་བུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི་ཚེ་འདི་དང་ཚེ་རབས་གཞན་དུ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་པས་དེའི་ཕྱིར་མི་ཟད་པའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི་འདི་ཙམ་མོ། ཞེས ་ཚད་གཟུང་བར་མི་ནུས་པས་ན་མུ་མེད་པའོ། །ནམ་ཀྱང་ཟད་ཅིང་འབྲི་བར་མེད་པས་ན་ཡོངས་སུ་མི་འབྲི་བའོ། །སྦྱིན་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་སུ་ཡང་མ་གྱུར་པས་ཀུན་ཏུ་མི་རྟོགས་པའོ། །འདས་པའི་དུས་སུ་སྦྱིན་ལ་མ་འོངས་པའི་དུས་སུ་མི་སྦྱིན་པ་མེད་པས ་ཡོངས་སུ་མ་ཆད་པའོ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་འདྲ་བར་གཏོང་བས་ན། ཡངས་པའོ། །སྦྱིན་པའི་འབྲས་བུ་ལ་མ་ཆགས་པས་ན་མི་གནས་པའོ། །མ་འོངས་པའི་འཁོར་བའི་བར་དུ་ཐུག་པ་མེད་པས་ན་ཐུག་པ་མེད་པའོ། །སྡིག་པ ་མི་དགེ་བའི་ཆོས་དང་མ་འདྲེས་པས་ན། ཁ་ན་མ་ཐོ་བ་མེད་པའོ། །སུས་ཀྱང་སྐྱོན་གདགས་སུ་མེད་པས་ན་མ་སྐུར་བའོ། །སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣའི་དབང་དུ་མི་འགྱུར་བས་ན་མི་ཐུལ་བའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི་འཇིག་རྟེན་པ་བརྒྱ ་བྱིན་དང་ཚངས་པ་ལ་སོགས་པའི་སྦྱིན་པ་དང། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པས་ཟིལ་གྱིས་མི་ནོན་པས་ན་ཟིལ་གྱིས་མི་ནོན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོས་པས་ན་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ལ་བཏང་བ་སྟེ། རྣམ་པ་དེ་དག་གི་ཕྱིར་མི་ཟད་པ་མཐུན་མཐུན་དུ་སྦྱར་རོ། །སྦྱིན་པ་མི་ཟད་པ་བཤད་ཟིན་ཏོ།། །།ཚུལ་ཁྲིམས་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་བཞིན་བྱེད་པའི་བྱང་ཆུབ་སེམས་དཔའ་ ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཚུལ་ཁྲིམས་མི་ཟད་པ་ཡང་རྣམ་པ་ལྔ ་སྟེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་དང། ཆོས་ཉིད་ཀྱི་ཚུལ་ཁྲིམས་དང། ལམ་གཉིས་ཀྱི་མཚན་ཉིད་ཀྱི་ཚུལ་ཁྲིམས་དང་རྣམ་པར་ཐར་པར་སྒོ་གསུམ་གྱི་མཚན་ཉིད་ཀྱི་ཚུལ་ཁྲིམས་དང། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་རྣམ་པར ་དག་པས་ཟབ་པའི་ཚུལ་ཁྲིམས་སོ། །དེ་ལ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ་ཞེས་བྱ་བས་ནི་སེམས་ཅན་ཐམས་ཅད་ལ་མི་གནོད་པ་ལ་སོགས་པ་རྣམ་པ་དྲུག་ཅུ་རྩ་ལྔ་ལྟ་བུའི་ཚུལ ་གྱིས་ཡོངས་སུ་དག་པས་ན་སེམས་ཅན་གཞན་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལྟར་རྒྱུན་ཆད་པར་མི་འགྱུར་བའི་ཕྱིར་མི་ཟད་པ་བསྟན་ཏོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང། སེམས ་ཅན་དོན་བྱ་བའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སེམས་ཅན་ཐམས་ཅད་ལ་མི་གནོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱང་མདོར་བསྡུས་ན་རྣམ་པ་བཞི ་བསྟན་ཏེ། ཉེས་པར་སྤྱོད་པ་ལས་ཕྱིར་ལོགས་པ་དང། བདག་ཉིད་འཕགས་པའི་ཚུལ་ཁྲིམས་ཀྱི་སྣོད་དུ་རུང་བ་དང། །མི་མཐུན་པའི་ཕྱོགས་སྤངས་པ་དང། གཉེན་པོའི་ཕྱོགས་ཡོངས་སུ་བཟུང་པས་བསྟན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ ་རང་གི་ལུས་དང་སྲོག་ཀྱང་གཏོང་བར་བྱེད་ན་བདག་གི་དོན་དུ་སེམས་ཅན་ཕ་རོལ་པའི་སྲོག་གཅོད་པ་ལྟ་ག་ལ་བྱེད་པས་སེམས་ཅན་ཐམས་ཅད་ལ་མི་གནོད་པ་དང། རང་གི་ལོངས་སྤྱོད་ཀྱང་གཞན་ལ་གཏོང་བར་བྱེད་ན། གཞན་གྱི་ལོངས་སྤྱོད་མ་བྱིན་པར་ལྟ་ག་ལ ་ལེན་པས་གཞན་གྱི་ལོངས་སྤྱོད་དག་ལ་མི་རྐུ་བ་དང། ཚེ་རབས་ཐམས་ཅད་དུ་ཚངས་པར་སྤྱོད་པའི་ཕྱིར་བདག་གིས་ཆུང་མ་ཡང་སེམས་ཅན་འདོད་པ་ལ་ཡོངས་སུ་གཏོང་ན་གཞན་གྱི་ཆུང་མ་ལ་ལྟ་ཆགས་པར་ག་ལ་བྱེད་པས་གཞན་གྱི་ཆུང་མ་དག་ལ་མ་ཆགས ་པ་དང། བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། དེ་བཞིན་དུ་སྨྲ་ཞིང་གཞན་དུ་སྒྲུབ་པ་མ་ཡིན་པས་སེམས་ཅན་ཐམས་ཅད་ལ་མི་བསླུ་བ་དང། ཕ་རོལ་པོའི་འཁོར་བདག་གིར་བྱ་བའི་ཆད་དུ་ཕ་བི་ལ་བླངས་ནས་ཚུ་བི་ལ་སྙོད་པ་དང། ཚུ་བི་ལ ་བླངས་ནས་ཕ་བི་ལ་སྙོད་བར་མི་བྱེད་པའི་ཕྱིར་དག་གི་འཁོར་གྱིས་ཆོག་པར་འཛིན་པས་ཕྲམ་མེད་པ་དང། ཕ་རོལ་པོས་ངན་དུ་སྨྲས་ཤིང་ཆོ་རིགས་ལ་སོགས་པའི་སྒོ་ནས་ཞེར་འདེབས་པའི་ཚིག་མི་སྨྲ་བའི་ཕྱིར་ཚིག་དྲག་པོ་བཟོད་པས་མི་བསླང་བ་དང། རྒྱལ་པོའི ་གཏམ་དང། རྐུན་པོའི་གཏམ་ལ་སོགས་པ་ཚིག་དོན་མེད་པ་མི་སྨྲ་སྟེ། ཚིག་ཤིན་ཏུ་སྤོང་བས་ཚིག་ཀྱལ་པ་མི་སྨྲ་བ་དང། བྱང་ཆུབ་སེམས་དཔའ་ནི་ཕ་རོལ་པོའི་ལོངས་སྤྱོད་ཀྱི་བདེ་བ་དང་ལྡན་པར་སྨོན་ཅིང། གཞན་བདེ ་བ་ལ་དགའ་བས་ཕ་རོལ་པོའི་ལོངས་སྤྱོད་བདག་གིར་བྱ་བར་བརྣབ་སེམས་མེད་པ་དང། འཕྲལ་དུ་ངན་དུ་བརྗོད་པ་དང། ལྐོག་ནས་ངན་དུ་སྨྲས་པའི་ཚིག་གི་ལན་བཟོད་པས་གནོད་སེམས་མེད་པ་དང། མུ་སྟེགས་ཅན་ལ་སོགས་པ་སྟོན་པ་གཞན་གྱི་བསྟན་པ ་མེད་པ་ཡང་དག་པར་ལྟ་བ་སྟེ། མི་དགེ་བ་བཅུ་སྤངས་པ་དེ་དག་གིས་ནི་ཉེས་པར་སྤྱོད་པ་ལས་ཕྱིར་ལྡོག་པ་བསྟན་ཏོ། །ཇི་ལྟར་ན་སྟོན་པ་གཞན་གྱི་བསྟན་པ་མེད་པ་ནི་སེམས་ལ་རྙོག་པ་མེད་པས་སངས་རྒྱས་ལ་དད་པ་དང་ཞེས་བྱ་བ་ལ་སོགས་པས་བསྟན་སྟེ། ་འཇིག་རྟེན་ན་དེ་བཞིན་གཤེགས་པ་བཞུགས་སམ་མི་བཞུགས་ཞེས་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་བ་ན་ཆུ་རྙོགས་པ་དང་འདྲ་བས་སེམས་ལ་རྙོགས་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཐེ་ཚོམ་མེད་དེ། སེམས་ལ་རྙོག་པ་མེད་པས་སངས་རྒྱས་ལ་དད་པ་ཞེས་བྱ་སྟེ། ་ནོར་བུ་ཆུ་ལ?་དང་བཞིན་དུ་སེམས་ལ་ཐེ་ཚོམ་གྱི་རྙོག་པ་མེད་པའི་ཕྱིར་སྟོན་པ་གཞན་གྱི་བསྟན་པ་ལ་ཡིད་ཆེས་པ་མེད་དོ། །འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཀྱིས་བརྗོད་དུ་མེད་པ་ཆོས་ཉིད་ཀྱི་ཆོས་དེ་ནི་ཚད་མ་ཐམས་ཅད་ཀྱིས་སུན་མི་ཕྱིན་ཅིང་གྲུབ་པ་ཡིན་ཏེ།། ་དམ་པའི་ཕྱིར་ཆོས་ལ་དད་པ་ཞེས་བྱའོ། །འཕགས་པའི་ཚོགས་ཐམས་ཅད་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་གང་ཟག་བརྒྱད་དང། མོས་པས་སྤྱོད་པའི་ས་ལ་གནས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། དེ་དག་ལ་དགའ་ཞིང་དད་པས་དགེ ་འདུན་ལ་དད་པ་ཞེས་བྱའོ། །བླ་མཁན་པོ་དང་སློབ་དཔོན་ལ་སོགས་པ་སྟེ་དེ་དག་ལ་ལུས་ཀྱི་འདུད་པ་དང། དག་གིས་བསོད་པོར་སྨྲ་བ་ནི་བླ་མ་ལ་གུས་པས་སྲིད་ཞུ་ཆེ་བ་སྟེ། འདི་དང་དཀོན་མཆོག་གསུམ་ལ་ཡན་ལག་ལྔས་ཕྱག་འཚལ་བས་ལུས་རབ་ཏུ་འདུད ་པ་གཉིས་ནི་དད་པར་འགྱུར་བའི་སྦྱོར་བ་སྟེ། ཚིག་དེ་ལྔས་ནི་བདག་ཉིད་འཕགས་པའི་ཚུལ་ཁྲིམས་ཀྱིས་སྣོད་དུ་རུང་པ་བསྟན་ཏོ། །ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བ་ནི། བསླབ་པའི་བཞི་ཕྲན་ཚོགས་ལ་ཡང་ངན་སོང་གིས་རྒྱུ་ཡིན་པར་མཐོང ་སྟེ། འཇིགས་པར་ལྟ་བར་ཚུལ་ཁྲིམས་མིས་ལྷོད་པ་ཞེས་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་དུག་ཆུང་དུས་ཀྱང་སྐྱེས་བུ་ཆེན་པོ་འཆི་བར་བྱེད་དོ། །དེ་བཞིན་དུ་སྡིག་པ་ཆུང་ངུས་ཀྱང་ངན་སོང་དུ་ལྟུང་ལ་སྡིག་པ་ཆེན་པོས་ཀྱང་ངན་སོང་དུ་ལྟུང་ངོ་ཞེས ་གསུངས་པ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །ཐེག་པ་གཞན་ལ་མི་བརྟེན་པ་ནི་ཐེག་པ་གཞན་དུ་སེམས་མ་བསྐྱེད་ཅིང་མ་བསྔོས་པ་སྟེ། རང་བཞིན་མ་བོར་བས་ན་ཚུལ་ཁྲིམས་མ་རལ་བ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་པ་གང་གིས་ངན་སོང་གསུམ་ལ་སོགས་པའི ་གནས་སུ་སྐྱེ་བ་མེད་པས་ན་ཉམ་ང་བར་སྐྱེ་བ་སྤོང་བས་ཚུལ་ཁྲིམས་མ་ཉམས་པ་ཞེས་བྱ་བ། །ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་སྐྱེ་བོ་མི་སྲུན་པ་ལ་སོགས་པ་དང་མ་འདྲེས་པས་ཚུལ་ཁྲིམས་མ་འདྲེས་པ་ཞེས་བྱའོ། །འཆལ་བའི་ཚུལ་ཁྲིམས་ཀྱིས་དྲི་མ་དང་མ་འདྲེས ་ཤིང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དཀར་པོའི་ཆོས་ཕྱོགས་གཅིག་ཏུ་འཕེལ་བས་ཚུལ་ཁྲིམས་འཚོལ་བ་ཞེས་བྱ་སྟེ། ཚིག་དེ་ལྟས་མི་མཐུན་པའི་ཕྱོགས་སྤངས་པས་བསྟན་ཏོ། །སོ་སོར་རྟོག་པའི་སྟོབས་དང་སྒོམ་པའི་སྟོབས་ལ་འདྲིས་པས་ཚུལ་ཁྲིམས་ཉམས་པར་འགྱུར ་བའི་ཉོན་མོངས་པ་དང་མི་དགེ་བའི་བཤེས་གཉེན་གྱི་དབང་དུ་མི་འགྲོ་ཞིང་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་འཕགས་པའི་ཚུལ་ཁྲིམས་ཞེས་བྱའོ། །མཁས་པ་ནི་འཕགས་པ་རྣམས་སོ། །ཚུལ་ཁྲིམས་ཇི་ལྟར་བླངས་པའི་དྲན་པས་ཚུལ་ཁྲིམས་མི་ཉམས་པར་སྲུང་ལ། ཉོན་མོངས ་པ་དང་བཅས་པའི་ཉེས་པ་དང། ཉོན་མོངས་པ་མེད་པའི་ཉེས་པ་ལ་སོགས་པ་ཤེས་བཞིན་གྱིས་རྟོགས་པར་བྱ་སྟེ། ཉེས་པ་འབྱུང་ངོ་?་ཚུལ་བཞིན་དུ་འཆོས་པ་ནི་རྣམ་པ་མཆོག་གི་ཚུལ་ཁྲིམས་ཞེས་བྱ་སྟེ། ཚུལ་ཁྲིམས་ཇི་ལྟར་བླངས་པ་བཞིན་དུ་བསྲུང་བ་དང། ་ཉེས་པ་བྱུང་ངོ་ཅོག་ཕྱིར་འཆོས་པ་གཉིས་ཀྱི་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་ཕྱིར་རོ། །རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པའི་འཁོར་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་དེ། གང་གིས་སྒོ་ནས་ཀྱང་སྐྱོན་གདགས་སུ་མེད་པས་ན་མ་སྨད་པའི་ཚུལ ་ཁྲིམས་ཞེས་བྱའོ། །མི་ལ་སོགས་པའི་དབང་པོ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བར་འགྱུར་བའི་ཡུལ་ལ་རང་དགར་མི་གཏོང་སྟེ། དབང་པོ་བསྲུང་པས་ཤིན་ཏུ་སྤས་པའི་ཚུལ་ཁྲིམས་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཨི ་ཆོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། དེ་དག་གིས་རྒྱུ་དང་འབྲས་བུ་མ་ལུས་པ་ལ་སེམས་པས་རྣམ་པར་གྲགས་པའི་ཚུལ་ཁྲིམས་དེ། ཐེག་པ་ཀུན་ལ་རྣམ་པར་གྲོགས་ཞེས་བྱ་བའི་ཐ་ཚིག་གོ་།ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རབ་ཏུ་བྱུང་བ་ལ་འོས་པ ་ནི་རུང་བ་སྟེ། དེ་དག་མང་པོ་རྙེད་ཡང་ཇི་ཙམ་དགོས་པ་ཉ་ཚེ་ལེན་ཏེ། ཚོད་ཤེས་པས་འདོད་པ་ཆུང་བའི་ཚུལ་ཁྲིམས་ཞེས་བྱའོ། །ལྷུང་བཟེད་དང་ཆོས་གོས་ལ་སོགས་ངན་དོན་གྱི་ཆོ་ག་ཤེས་ཤིང་མང་པོ་དང་བཟང་པོ་མ་རྙེད་ན་ཡང་གདུང་བ་མེད་པ། རྙེད་ན?་ཡང་ཞེན་པ་དང ་བཅས་པ་མེད་པར་ལོངས་སྤྱོད་དེ། དེ་ལྟར་ཆགས་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས་ཞེས་བྱའོ། །འདུ་འཛིའི་ནང་ན་མི་གནས་པ་དང། འདོད་པ་ལ་འདུན་པ་ལ་སོགས་པ་ལ་མི་རྟག་པ་ནི་སེམས་དཔེན་པ་སྟེ། དེ་ལྟར་ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་དང ་བྲལ་བས་རང་བཞིན་གྱི་དབེན་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། གོང་མ་གཉིས་ཀྱང་གང་ཟག་འདི་ལྟ་བུས་བསྒྲུབ་པར་ནུས་སོ་ཞེས་སྟོན་ཏོ། །ཇི་ལྟར་ལུས་དབེན་པ་ནི་འདུ་འཛིན?་རྣམ་པར་སྤངས་པས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཞེས་བྱ་བས་བསྟན་ཏོ། །ཇི་ལྟར་སེམས ་དབེན་པ་ནི་གཞན་གྱི་ངོར་མི་ལྟ་བས་འཕགས་པའི་རིགས་ཀྱིས་ཆོག་ཤེས་པའི་ཚུལ་ཁྲིམས་ཞེས་བྱ་བས་བསྟན་ཏོ། །གཞན་གྱི་དེ་མི་ཆད་པ་ཙམ་གྱི་ཕྱིར་ཚུལ་ཁྲིམས་སྲུང་བ་མ་ཡིན་གྱི། རང་གི་སེམས་སྙིང་ཐག་པ་ནས་འདོད་པ་ལ་འདུན་པ་ལ་སོགས་པ་ལས ་དབེན་པར་དགའ་སྟེ། ཚུལ་ཁྲིམས་སྲུང་ཞེས་བྱ་བའི་ཐ་ཚིག་གོ་།དགོན་པ་ལ་གནས་པ་དང། འཕགས་པའི་རིགས་ཀྱིས་ཚུལ་ཁྲིམས་དེ་གཉིས་ཀྱང་གང་གིས་བསྒྲུབ་པར་ནུས་ཞེ་ན། དགེ་བའི་རྩ་བ་བདག་གི་ཁ་ན་ལས་པས་སྦྱངས་པའི་ཡོན་ཏན་དང། ཡོ་བྱད་བསྙུངས ་པའི་ཚུལ་ཁྲིམས་ཞེས་གསུངས་ཏེ། དགེ་བའི་རྩ་བ་རྣམས་ནི་བདག་ཉིད་ཀྱི་བྱ་བ་ཡིན་པས་སྦྱངས་པའི་ཡོན་ཏན་ལ་སོགས་པ་ལ་ཡང་མི་གནས་སུ་མི་རུང་བར་བསྟན་ཏོ། །དང་པོ་མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་ཚུལ་ཁྲིམས་བླངས་པ་བཞིན་དུ་བསྲུངས ་བ་ནི་ཇི་སྐད་སྨྲས་པ་དེ་ལྟར་སྤྱོད་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཇི་ཙམ་དུ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཡིན་ན། ། ་བླ་ན་མེད་པའི་བྱང་ཆུབ་དང་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་རྒྱུར་གྱུར་པ་རྣམས་ལ། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ཅི་རིགས་བར་མཐུན་མཐུན་དུ་སྦྱར་རོ། །སེམས་ཅན་རྣམས་སྲིད་པ་དང་ངན་སོང་ལས་སྐྱོབ་པར་བྱེད་པས་ན་དཔུང ་གཉེན་དུ་གྱུར་པ་སྟེ། དེ་ལྟ་བུའི་རང་བཞིན་གྱིས་བྱམས་པ་ནི་བྱམས་པའི་ཚུལ་ཁྲིམས་ཀྱི་སྒྲ་བཞིན་ཡིན་པར་རྒྱ་ཆེར་སྦྱར་བར་བྱའོ། །སེམས་ཅན་གྱི་དོན་དུ་ཕྱིའི་སྡུག་བསྔལ་གྲང་བ་དང་འཚ་བ་ལ་སོགས་པ་དང། ནང་གི་སྡུག་བསྔལ་བཀྲེས་པ་དང་སྐོམ་པ་ལ ་སོགས་པ་ཐམས་ཅད་བཟོད་པ་ནི་སྡུག་བསྔལ་ཐམས་ཅད་བཟོད་པ་ཞེས་བྱའོ། །སེམས་ཅན་གྱི་དོན་ལ་སེམས་སྤྲོ་བ་ནི་སེམས་མ་ཞུམ་པ་ཞེས་བྱའོ། །བདག་གི་སེམས་ལ་ངེས་པར་སེམས་པ་ནི་ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང་ལྡན་པ་ཡིན་ཏེ། སྔོན་གྱི ་མཛའ་དང་ལྡན་པ་དང། ཕྱི་མའི་མཛའ་དང་ལྡན་པ་དང། དབུས་ཀྱི་མཛའ་དང་ལྡན་པ་དང། སྔ་ནས་བྱ་བ་དང་ལྷན་ཅིག། རྗེས་སུ་སྤྱོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་འདས་པའི་དུས་ལ་བརྟེན་ནས་ཉེས་པ་བྱུང་བ་བཅོས་པ་དང། མ་འོངས་པའི་དུས་སུ་ཉེས ་པ་འབྱུང་བར་འགྱུར་བ་འཆོས་བར་འགྱུར་བ། ད་ལྟར་བྱུང་བའི་དུས་སུ་ཉེས་པར་བྱུང་བ་ཕྱིར་འཆོས་པ་ནི་དུས་གསུམ་གྱི་མཛའ་དང་ལྡན་པའི་བག?་ཡོད་པའོ། །ཉེས་མ་བྱུང་བའི་སྔ་རོལ་ནས་བདག་ཇི་ལྟར་སྤྱོད་ཅིང། ཇི་ལྟ་ཇི་ལྟར ་གནས་ན་ཉེས་པ་བྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་དེ་ལྟར་དེ་ལྟར་གནས་ཀྱང་ཅི་མ་རུང་སྙམ་དུ་སྒྲིམ་པར་བྱེད་པ་ནི་སྔ་ནས་བྱ་བའི་བག་ཡོད་པའོ། །དེ་སྔ་ནས་བྱ་བའི་བག་ཡོད་པ་དེ་ཉིད་ལ་བརྟེན་ནས། ཇི་ལྟ་ཇི་ལྟར་དཔྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང ་བར་མི་འགྱུར་བ་དེ་ལྟ་དེ་ལྟར་གནས་པ་དེ་ནི་ལྷན་ཅིག་རྗེས་སུ་དཔྱོད་པའི་བག་ཡོད་པ་དེ་ལྟ་བུའི་དག་གིས་ངེས་པར་སེམས་པ་བྱེད་དོ། །གཞན་གྱི་སེམས་བསྲུང་བ་ཕ་རོལ་པོའི་འཁྲུལ་པ་འདི་བརྗོད་ན་དེ་དག་གདུང་བར་འགྱུར་རོ་སྙམ་དུ་སེམས་པ་སྟེ། ཐབས་གང་ཡང་རུང ་བས་ཕ་རོལ་ཏུ་ཆུད་མི་ཟ་བར་བྱེད་པ་ཉིད་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཡིན་ནོ། །སྦྱིན་པ་ནི་བསྡུ་བའི་དངོས་པོ་དང་པོ་སྟེ། །དེས་སེམས་ཅན་བསྡུས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་སེར་སྣ་ཅན་དག ་མཐོང་ན་རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་སྦྱིན་པར་མི་བྱེད་ཅེས་དྲིས་ཏེ། དེ་དག་ཡོ་བྱད་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། ངའི་ནོར་འདི་དག་ལས་ཅི་བདེར་ལོང་ལ་སྤྱིད་པ་བྱིན་ཏེ། བདག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཅེས་གསུངས་པ་ལྟར ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས་སོ། །ཤིན་ཏུ་བཟུང་བ་ནི་བསླབ་པའི་གཞི་ཤིན་ཏུ་ཕྲ་བ་ལས་ཀྱང་མ་འདས་པའི་དོན་ཏོ། །ཕྱིར་མི་ལྡོག་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བར་གོ་ཆ ་བགོས་པ་ལས་སོ། །བསམ་གཏན་གྱི་ཡན་ལག་གི་ཚོགས་ནི་སྔར་བཤད་པར་ཟད་དོ། །ཐོས་པ་འཚོལ་བས་ཆོག་མི་ཤེས་པར་བྱེད་པ་ཉིད། ཐོས་པའི་དགེ་བའི་རྩ་བའི་མི་ངོམས་པའོ། །ཐོས་པའི་སྙིང་པོ་ནི་དང་པོ་དམ་པའི་ཆོས་ཐོས་པ་ལས་བསམ་པ་དང། བསྒོམ་པ་དང། ་སྒྲིབ་པ་སྤོང་བའི་རིམ་གྱིས་མཐར་གཉིས་སུ་མེད་པའི་ཡེ་ཤེས་འཐོབ་པའོ། །བྱང་ཆུབ་ཀྱི་ཡན་ལག་ནི་སུམ་ཅུ་རྩ་བདུན་ལ་སོགས་པའི་སྟེ། དེ་དག་ཉིད་ཚོགས་ཀྱང་ཡིན་ནོ། །དེ་དག་སྤེལ་བའི་ཐབས་ནི། དགེ་བའི་བཤེས་གཉེན་ལ་བརྟེན་པ་ལས་འབྱུང་སྟེ། དགེ་བ་དང་སྐྱབས ་དཔག་ཏུ་མེད་པ་སྦྱིན་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །ལམ་ཉམ་ང་བ་ནི་ལམ་ཕྱིན་ཅི་ལོག་ཏུ་ཞུགས་པ་སྟེ། དེ་འདོར་བའི་ཕྱིར་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བའི་ཚུལ་ཁྲིམས་ཏེ། གནོད་པ་དཔག་ཏུ་མེད་པ་སྟོབས་པར་བྱེད་པ་ནི། སྡིག་པའི ་གྲོགས་པོའོ། །འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ནོ་སྙམ་པའི་འདུ་ཤེས་ལ་རྟོག་པས་རང་གི་ལུས་ལ་ཡང་མི་ལྟ་སྟེ། ཕངས་པར་མི་འཛིན་ཅེས་བྱ་བའི་ཐ་ཚིག་གོ་།ཐར་བའི་ཆ་དང་མཐུན་པ་ལ་སོགས་པ་དགེ་བའི་རྩ་བ་རྟུན་སྟེ། རིངས་པར་བྱེད་པར་སྲོག་ལ་ཡིད་མི ་རྟོན་པའི་ཚུལ་ཁྲིམས་ཏེ། མདོ་ལས་ཀྱང། སང་ཙམ་ཤི་ཡང་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ་ཞེས་གསུངས་སོ། །བསམ་པ་དག་དེ་འཁྲུལ་པ་དང། མི་དགེ་བའི་ཆོས་ཀྱི་དྲི་མ་མེད་པས་ཡིད་ལ ་གཅགས་པ་མེད་པ་དང། སྦྱོར་བ་དག་སྟེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ལོག་པའི་སྦྱོར་བ་བྱེད་པའི་ཕྱིར་བཅོས་མ་མ་ཡིན་པ་དང། ལྷག་པའི་བསམ་པ་དག་པ་སྟེ། བདག་དང་གཞན་གྱི་དོན་དང། ཡོན་ཏན་ཁྱད་པར་ཅན་བསྒྲུབ་པར་སེམས་པས་ཡོངས་སུ་གདུང ་བ་མེད་པ་ཞེས་བྱའོ། །ལས་ལེགས་པར་བྱས་པ་ནི་དགེ་བ་བྱས་པ་སྟེ། དེའི་ཕྱིར་འཆི་བའི་དུས་ན་ཡང་མི་དགེ་བ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །ཁེངས་པ་ནི་གང་ཟག་ཡོན་ཏན་ཉེ་བར་འོངས་ནས་ལྡང་བ་དང། བསུ་བ་མེད་པའོ་འདོད་ཆགས་ནི་འདོད་པའི་ཁམས་ཀྱི ་འདོད་ཆགས་ཏེ། དེ་དང་བྲལ་བས་མི་རྒོད་པའི་ཚུལ་ཁྲིམས་ཏེ། འདོད་པའི་ཡོན་ཏན་ལ་སེམས་མ་གཡེངས་ཞེས་བྱ་བའི་ཐ་ཚིག་གོ་།དྲང་བ་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་སུ་བཏུབ་པ་སྟེ། དེའི་ཕྱིར་ཞུམ་པ་དང། རྒོད་པའི་གཡེང་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། ་ཅད་ཤེས་པ་ནི་གདུལ་སླ་བ་འམ། དུལ་བར་གྱུར་པ་སྟེ། དེའི་ཕྱིར་མུ་ཅོར་མི་སྨྲ་སྟེ། མ་རྟགས་པར་མི་སྨྲ་ཞེས་བྱ་བའི་ཐ་ཚིག་གོ་།ཡུལ་གྱི་རླུང་གི་རྐྱེན་གྱིས་སེམས་མི་འཁྲུགས་པའི་ཕྱིར་དུལ་བ་སྟེ། སེམས་དང་དབང་པོ་ཡུལ་ལ ་མ་གཡེངས་ཞེས་བྱ་བའི་ཐ་ཚིག་གོ་།ཉེ་བར་ཞི་བ་ནི་འདོད་ཆགས་ལ་སོགས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །ཇི་སྐད་སྨྲས་པ་བཞིན་བྱེད་པ་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པས་གདམས་ངག་རྗེས་སུ་བསྟན་པ་ལ་སོགས་པས་ཇི་སྐད་བསྒོ་བ་བཞིན ་བྱེད་པའོ། །འཕགས་པའི་ནོར་བདུན་ནི་བདག་གི་ནོར་ཏེ་དེ་དག་དང་ལྡན་པའི་ཕྱིར་དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་ཞེས་བྱའོ། །བཟོད་པ་ནས་ཤིན་ཏུ་དག་པ་ནི་དང་པོ་ཚུལ་ཁྲིམས་ཡང་དག་པར་ལེན་པའི་དུས་ན། རྒྱལ་པོའི་ཆད་པ་དང། འཚོ་བ་མེད་པས་འཇིགས་པ་ལ ་སོགས་པས་འཇིགས་པ་ནས་བླངས་པ་མ་ཡིན་གྱིས། བསམ་པ་དག་པས་བླངས་པས་ན། བསམ་པ་ཐམས་ཅད་ཡོངས་སུ་སྐོང་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ཇི་ལྟར་བསམས་པའི་དགོས་པ་འགྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ ་དང་སྦྱར་ཏེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཐོབ་པར་བྱ་བའི་ཕྱིར་བསྔོས་པས། ད་ལྟ་ཉིད་ཀྱི་ཚུལ་ཁྲིམས་ནི། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡང་དག་པར་གཞོལ་བ་སྟེ། དེ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ ་ལ་སེམས་སྙོམས་པ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་དང་བྲལ་བའོ། །ཆོས་ཉིད་ཀྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། བཙུན་བ་ཤ་རདྭ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན ་ཉིད་ལ་བྱའོ། །དེ་ལ་གང་ཟག་ལ་བདག་མེད་པ་ནི། གང་ལ་བདག་ཏུ་སྒྲོ་བཏགས་པ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཆོས་ལ་བདག་མེད་པ་ནི་གང་ལ་གཟུགས་སུ་བཏགས་པ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་ཙམ་དུ་བདག་དང་ཆོས་སུ་ཐ་སྙད ་བཏགས་པ་རྣམས་ནི་སྒྲོ་བཏགས་ཏེ། བརྗོད་དུ་མེད་བའི་ཆོས་ཉིད་གང་ལ་མིང་དང་བརྡར་བཏགས་པ་མེད་པ་ཉིད་ཆོས་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ། ཆོས་ཀྱང་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །ལམ་གཉིས་ཀྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། གང་རྩེ་གཅིག་པའི་ཕྱིར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་གཅིག་པ་ནི་དམིགས་པ་གཅིག་པ་སྟེ། ཞི་གནས་ཐམས་ཅད་ཀྱི་མཚན་ཉིད་དེ་ཡིན་པས་རྩེ་གཅིག་པའི་ཕྱིར་ཞི་གནས་ཐམས་ཅད་ཀྱི་མཚན་ཉིད་དེ་ནི་ཚུལ་ཁྲིམས་ཞེས་བྱའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ ་རྣམ་པར་འབྱེད་པ་ལ་མཁས་པ་ནི་ལྷག་མཐོང་ཐམས་ཅད་ཀྱི་མཚན་ཉིད་དོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སྟོང་པ་ཉིད་རིགས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཚུལ་དུ ་རིག་པ་ཉིད་དུ་ཚུལ་ཁྲིམས་ཡིན་ནོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་རྣམ་པར་དག་པས་ཟབ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་གང་མངོན་པར་འདུས་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་གང་ལས་དང་ཉོན་མོངས་པས་མངོན ་པར་འདུས་མ་བྱས་པ་དང། ཆོས་རྣམས་མ་སྐྱེས་པ་ཁོང་དུ་ཆུད་པ་ལས་བྱུང་བས་མ་སྐྱེས་པ་རབ་ཏུ་ཕྱེ་བ་སྟེ། དེ་ཉིད་ཀྱང་གང་ཞེ་ན། མི་སྐྱེ་བ་ལ་བཟོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །མ་བྱས་པ་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་སོ། །བྱ་བ་མེད་པ་ནི ་ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་སྤྱད་ཟིན་པས་ཡང་བྱ་བ་མེད་པའི་དོན་ཏོ། །ཡང་ན་མངོན་པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་སོ། །མ་བྱས་ཤིང་བྱ་བ་མེད་པ་ནི་འདས་པ་དང་མ་འོངས་པའི་དུས་སུ་བདག་དང་བྱེད་པ་པོ་ལ་སོགས་པའོ། །སྔོན་གྱི་མཐར་མ ་བྱུང་བ་ལ་སོགས་པས་ནི་འདས་པའི་དུས་སུ་མ་བྱུང་བ་དང། མ་འོངས་པའི་དུས་སུ་མ་འཕོས་པ་དང། ད་ལྟར་གྱི་དུས་སུ་མི་གནས་ཏེ། དུས་གསུམ་ལས་འདས་པ་དང་ནི་ཚུལ་ཁྲིམས་ཞེས་བྱ་བར་བསྟན་ཏོ། །སེམས་དྲི་མ་མེད་པ་ནི་བསྟན་པའོ། །ཇི་ལྟར་དྲི་མ་མེད་པ་ནི་ ་ཚིག་གཉིས་ཀྱིས་བཤད་དེ་རྣམ་པར་ཤེས་པ་ལ་ཉོན་མོངས་པ་མི་གནས་པ་དང། གཟུང་བ་དང་འཛིན་པའི་ཕྱིར་ལ་བྱེད་པ་དང། མ་འདྲིས་པའི་ཕྱིར་རོ། །གང་འདོད་པའི་ཁམས་ལ་མི་བརྟེན་པ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་ཡོན་ཏན ་ལ་མི་བརྟེན་པ་དང། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གྱི་རོ་མྱང་བར་མི་བྱེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་ཀྱང་དེ་དར?་མི་སྐྱེ་ཞིང་མི་འདུག་པ་ནི་ཚུལ་ཁྲིམས་ཡིན་པར་བཤད་དོ། །གང་འདོད་ཆགས་ཀྱི་རྡུལ་མེད་པ་ཞེས་བྱ་བ་ལ་སོགས ་པས་ནི་དུག་གསུམ་དང་བྲལ་བའི་ཚུལ་ཁྲིམས་ཡིན་པ་སྟོན་ཏེ། འདོད་ཆགས་ཉིད་རྡུལ་བཞིན་དུ་ཐར་བ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པས་འདོད་ཆགས་ཀྱི་རྡུལ་ཏོ། གནོད་སེམས་ནི་ལས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཉིད་ཐོབ་དང་སྐྱོན་ཡང་ཡིན་པས། །ཁོང་ཁྲོ་བ ་ནི་ཉོན་མོངས་པ་སྟེ། གཉིས་ག་བསྩལ་བར་རོ། །དུས་གསུམ་གྱིས་ལས་དང་འབྲས་བུ་ལ་སྨོས་པ་ནི་གཏི་མུག་གི་མུན་པ་དང་མ་རིག་པ་ཞེས་སྦྱར་རོ། །དངོས་པོ་རྣམས་བྱུང་ནས་འཇིགས་པ་མེད་པ་ནི་རྟག་པའོ། །བྱུང་ནས་ཞིག་སྟེ་མི་སྐྱེ་བ་ནི་ཆད་བ་སྟེ། །དེ་གཉིས་མེད ་པས་རྟེན་ཅིང་འབྲེལ་བར་འབྱུང་དང་རྗེས་སུ་འཐུན་པར་བྱེད་པ་ནི་ཚུལ་ཁྲིམས་སོ། །འཇིགས་ཚོགས་ལ་ལྟ་བ་མི་གནས་པའི་བཤད་པ་ནི། ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་བོར་བ་ཡིན། མིང་དང་གཟུགས་དང་མ་འདྲེས་པའི་བཤད་པ་ནི་གོ་རིམ་བཞིན་དུ་ཨིམིང་དང་བརྡའ ་ལ་མངོན་པར་མ་ཞེན་པ་དང། གཟུགས་ཀྱི་མཚན་ཉིད་ལ་མི་གནས་པ་ཞེས་གསུངས་པ་སྟེ། ལྷས་སྦྱིན་དང་མཆོད་སྦྱིན་ཞེས་བྱ་བ་ལ་སོགས་པའི་བཏགས་པའི་མིའོ?། །ལྷས་སྦྱིན་ཡོན་ཏན་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པས་ནི་བརྡའོ། །གཟུགས་ཀྱི་མཚན་ཉིད་ནི་ཐོགས་པ ་དང་བཅས་པའི་གཟུགས་ལ་སོགས་པའོ། །ཡང་ན་མིང་དང་གཟུགས་ཀྱི་ཕུང་པོ་ལྔ་ལ་བྱའོ། །རྒྱུའི་བག་ལ་ཉལ་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པའི་ཀུན་ནས་དཀྲིས་པ་འབྱུང་བའི་རྒྱུ་བག་ལ་ཉལ་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པའི་བཤད་བ་ནི། མི་དགའ་བ་མེད་པ ་དང་དེ་ཡོངས་སུ་གདུང་པ་མེད་པ་ཞེས་བྱ་བ་ཡིན་ཏེ། སེམས་མི་དགའ་བ་?་པ་དང། ལུས་ཡོངས་སུ་གདུང་བ་མེད་ཅིང་ལས་སུ་རུང་པ་ཉིད་ཤིན་ཏུ་སྦྱངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངས་སུ་དག ་པ་དེ་ཆོས་སྐུ་འཐོབ་པར་འགྱུར་ལ། དེ་ལས་ཀྱང་གཟུགས་ཀྱི་སྐུ་གཉིས་རྒྱུན་མི་འཆད་པར་བྱུང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་ཆོས་ཀྱི་རིགས་མི་གཅོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དེས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་འཐོབ་པར་འགྱུར་ལ། དེ་ལ་བཤད ་པར་བྱ་བའི་ཆོས་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རོ། །འདུ་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དགེ་འདུན་གྱི་རིགས་མི་གཅོད་བ་ཞེས་བྱ་བ་ལ་འཕགས་པའི་དགེ་འདུན་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། ཇི་སྐད་དུ་བསྟན་པའི་ཚུལ་ཁྲིམས་དེ་དག་ཀྱང་འདུས་མ་བྱས ་རྟོགས་པར་འགྱུར་བའི་ཐབས་ཡིན་པས། ཚུལ་ཁྲིམས་དེས་དགེ་འདུན་གྱི་རིགས་མི་འཆད་བར་སྟན་ཏོ། །བཙུན་པ་ཤ་རདྭ་ཏིའི་བུ་ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་ལྟའོ། །ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཇི་ལྟར་མི་ཟད ་པ་རྗེས་སུ་འགྲོ་བ་དང། །ལྡོག་པའི་གཏན་ཚིགས་ཀྱི་སྟོན་ཏེ། སྐྱེ་བའི་གནས་ལ་སོགས་པ་འོག་ནས་སྨོས་པ་གང་གིས་ཀྱང་ཟད་པར་མི་འགྱུར་ཏེ། །འཁོར་བའི་མཛའ་ཨི་བར་དུ་རྒྱུན་མི་ཟད་བས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་མི་ཟད་པར་བསྟན་པས་རྗེས་སུ་འགྲོ ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་མ་ཡིན་པ་གཞན་དག་གི་ཚུལ་ཁྲིམས་ལ་རྒྱུན་ཟད་པ་ཡོད་དམ?་ཅེ་ན། །དེ་ཉི་ཚེ་མ་ཟད་པར་བསྟན་སྙམ་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་རྣམས་ཀྱི་ཟད་པར་འགྱུར་རོ།། ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ལས་ལོག་པའི་ཕྱོགས་རྒྱ་ཆེར་གསུངས་ཏེ། །སོ་སོའི་སྐྱེ་བོ་རབ་ཏུ་བྱུང་བ་དང། །དགེ་བསྙེན་གྱིས་སྡོམ་པ་ནི་དེ་དག་གིས་དུས་འདི་ནས་ཇི་སྲིད་འཚོའི་བར་དུ་ཞེས་ཁས་བླངས་པས་སྐྱེས་པའི་གནས་ཀྱིས་ཟད ་པར་འགྱུར་ཏེ། འཆི་བའི་དུས་བྱས་པས་ཟད་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་པའི་མངོན་པར་ཤེས་པ་ནི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་ཏེ། དེ་དག་གི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་ཇི་སྲིད་ཡོད་ཀྱི་བར་དུ་ ་ཡོད་ལ། མངོན་པར་ཤེས་པ་ཉམས་ན་མེད་དོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱད་པར་ཁས་བླངས་པའོ། །བསོད་ནམས་ཟད་པ་ནི་སྔོན་བསགས་པའི་བསོད་ནམས་གང་གིས་ལྷའི་བུར་སྐྱེས་པའོ། །གཟུགས་ཀྱི་ཁམས་ཀྱི་གནས་སུ་ནི་ཚད་མེད་པ་བཞི་དང་བསམ ་གཏན་བཞི་སྒོམས་པས་སྐྱེ་བར་འགྱུར་ལ། དེ་དག་ཟད་པས་བསམ་གཏན་གྱི་སྡོམ་པ་ཡང་ཟད་པར་འགྱུར་རོ། །ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ནི། འདིར་གཟུགས་མེད་པའི་ཁམས་ཀྱི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ནས་གཟུགས་མེད་པའི་ཁམས་སུ ་སྐྱེས་པ་སྟེ། གང་གི་ཚེ་སྐྱེས་པ་ཟད་ནས་འཆི་བའི་དུས་བྱས་པ་ན་གཟུགས་མེད་པའི་ལྷའི་བུའི་ཚུལ་ཁྲིམས་ཟད་པར་འགྱུར་རོ། །ཉན་ཐོས་ཐམས་ཅད་ནི་སློབ་པ་བདུན་དང། མི་སློབ་པ་གཅིག་སྟེ། གང་ཟག་བརྒྱད་ལ་བྱའོ། །གང་གི་ཚེ་རང་སངས་རྒྱས་རྣམས ་སེམས་ཅན་གྱི་དོན་དུ་རྫུ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་བཏང་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་མངོན་དུ་བལྟས་པ་དེའི་ཚེ་སྙིང་རྗེ་ཆེན་པོ་དང་བྲལ་བ་ཞེས་བྱའོ། །བཙུན་པ་ཤ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས ་ནི་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་མི་ཟད་པས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་མི་ཟད་པ་བསྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་ཞེས་ཅིའི་ཕྱིར་བྱ་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པའི་ལན ་དུ་འདི་ལྟར་ཚུལ་ཁྲིམས་དེ་ལས་ཚུལ་ཁྲིམས་ཐམས་ཅད་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐབས་འདིར་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་ལ་བྱ་ལ། དེ་ལས་དེ་བཞིན་གཤེགས་པ་མན་ཆད་ཀྱི་ཚུལ་ཁྲིམས་ཐམས་ཅད་འབྱུང་བའི་ཕྱིར་མི་ཟད ་པ་སྦྱར་ཏེ། དེ་བས་ན་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མི་ཟད་པས་ན་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མི་ཟད་པར་རིགས་པ་བྱ་ཞེས་དངོས་སུ་གསུངས་ཏེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མི་ཟད་པ་དེའི་ས་བོན་ཡང་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་སེམས་ཀྱི་རང ་བཞིན་གྱི་ཚུལ་ཁྲིམས་དེ་ཡིན་པས་དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་ནི་ཚུལ་ཁྲིམས་མི་ཟད་བ་ཞེས་བྱའོ་ཞེས་གསུངས་སོ། །ཚུལ་ཁྲིམས་མི་ཟད་པ་བཤད་ཟིན་ཏོ།། །།བཟོད་པ་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེས་སུ་སྲུང་པའི་བྱང ་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་བཙུན་པ་ཤ་རདྭ་ཏིའི་བུ་རྣམ་པ་གསུམ་ཅུ་རྩ་གཉིས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཟོད་པ་མི་ཟད་པ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་ལ་ཛི་མི་སྙམ ་པའི་བཟོད་པ་དང། གཞན་གནོད་པ་བྱེད་པ་ཉམས་སུ་ལེན་པའི་བཟོད་པ་དང། ཆོས་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །སྡུག་བསྔལ་ཅི་མི་སྙམ་པའི་བཟོད་པ་ཡང་རྣམ་པ་བཞིས་བསྟན་ཏེ། བཟོད་པའི་མི་མཐུན་པའི་ཕྱོགས་ཀྱི་རྒྱུ་དང་བྲལ་བ་དང་བཟོད་པའི་གཉེན ་པོ་ཡང་དག་པར་འཛིན་པ་དང། བཟོད་པའི་ལས་རྣམ་པར་དག་པ་དང། བཟོད་པའི་འབྲས་བུ་ཡང་དག་པར་འཛིན་པའོ། །དེ་ལ་བཟོད་པའི་མི་མཐུན་པའི་ཕྱོགས་ཀྱི་རྒྱུ་དང་བྲལ་བའི་དབང་དུ་བྱས་ནས། བག་ལ?་ཏེ་ཉལ་སྤངས་ནས་བཟོད་པར་བལྟའོ། །ཞེས་བྱ་བ་ལ་སོགས ་པ་ཚིག་བརྒྱད་གསུངས་ཏེ། མི་བཟོད་པའི་རྒྱུ་ཁོང་ཁྲོ་བ་ལ་སོགས་པའི་བག་ལ་ཉལ་སྤངས་ཏེ། གང་ལ་ཡང་མི་བཟོད་པའི་རྒྱུ་མེད་པས་བཟོད་པར་བལྟའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་མཐུན་པ་རྣམས་ནི་འོག་མ་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །མི་གནོད ་པ་ནི་ལག་པ་དང་འོང་བ་དང་དབྱུག་པ་ལ་སོགས་པས་གནོད་པ་མི་བྱེད་པའོ། །ཡོངས་སུ་མི་གདུང་བ་ནི་གཞན་གྱིས་གནོད་པ་བྱས་ཀྱང་སྡུག་བསྔལ་དང་ཡིད་མི་བདེ་བ་མི་འབྱུང་བའོ། །གནོད་སེམས་མེད་པ་ནི་མཚོན་ཆ་ལ་སོགས་པ་གང་ཡང་རུང་པས་སེམས་ཅན་ཕ ་རོལ་པོ་འཕུང་པོར་སྦྱོར་བ་ནི་གནོད་སེམས་ཏེ། དེ་མེད་པའོ། ཁོན་དུ་འཛིན་པ་མེད་པ་ནི་གནོད་པ་བྱས་པའི་འོག་ཏུ་ཁོན་གྱི་བདུད་པའི་བསམ་པ་མི་འདོར་ཞིང་རྒྱུན་ཏུ་འབྱུང་བ་འམ་ཡང་ན་འདིས་བདག་ལ་གནོད་པ་བྱས་བྱེད་བྱེད་པར ་འགྱུར། བདག་གི་མཛའ་ཨོ་ལ་གནོད་པ་བྱས། བྱེད་བྱེད་པར་འགྱུར། འདིས་བདག་གི་དགྲ་ལ་ཕན་པ་བྱས། བྱེད་བྱེད་པར་འགྱུར་ཞེས་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་ཁོན་དུ་འཛིན་པ་སྟེ། དེ་ལྟ་བུ་མེད་པའོ། མི་ཁྲོ་བ་ནི་ཡིད་དུ་མི་འོང་བའི་དངོས་པོ་དང་ཕྲད་ནས ་འཕྲལ་དུ་གནོད་པར་བྱ་བའི་ཀུན་ནས་མནར་སེམས་ནི་ཁྲོ་བ་སྟེ། དེ་མེད་པའོ། །ཐབ་མོ་ནི་ཕ་མ་འམ། མཁན་པོ་འམ། སློབ་དཔོན་ནམ། དཀོན་མཆོག་གི་ཕྱིར་ཕན་ཚུན་དུ་ཚིག་གིས་འགྱེད་པ་སྟེ་དེ་མེད་པའོ། །རྩོད་པ་ནི་རིགས་དང་རུས་ལ་སོགས་པ་སྨོས་ནས ་མཚད་འདྲུ་བ་སྟེ། དེ་མེད་པའོ་བཟོད་པའི་གཉེན་པོ་ཡང་དག་པར་འཛིན་པའི་དབང་དུ་བྱས་ནས། ཡུལ་གྱིས་རྨ་མི་ཕྱིན་པས་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་ཚིག་དྲུག་གསུངས་ཏེ། ཁྲོ་བར་འགྱུར་བ་ལ་སོགས་པའི་ཡུལ་གྱི་རྐྱེན་གྱི་དབང་དུ་མ་གྱུར་པས་རྨ་མི ་ཕྱིན་པ་ཞེས་བྱའོ། །བདག་དང་གཞན་བསྲུང་བ་ནི་བདག་ཉིད་ཀྱང་མི་བཟོད་པའི་དབང་དུ་མི་འགྱུར་བ་དང། གཞན་ཡང་མི་བཟོད་པའི་དབང་དུ་མི་འགྱུར་བར་བསྲུང་བའི་ཐབས་ལ་མཁས་པའོ། །བྱང་ཆུབ་ཀྱི་སེམས་དང་མཐུན་པ་ནི། བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད ་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པར་བྱེད་པ་བཞིན་དུ་ཀུན་ལ་བཟོད་པའོ། ཚུལ་བཞིན་དུ་རབ་ཏུ་རྟོག་པ་ནི་ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་པའོ། །ཡིད་འབྱུང་ཞིང། འདོད་ཆགས་དང་བྲལ་བ་ནི་ཁམས་གསུམ་གྱིས་འཁོར་བའི་ཆོས་རྣམས་ལ་ཡིད་བྱུང ་ཞིང་འདོད་ཆགས་དང་བྲལ་བ་སྟེ། དེ་ལྟར་གྱུར་ན་མི་མཐུན་པ་དང་ཡིད་དུ་མི་འོང་བ་རྣམས་ལ་མི་བཟོད་པ་མེད་པའི་ཕྱིར་བཟོད་པར་བལྟའོ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ནི་གཞན་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་དང་ཕྲད་ན་འདི་ནི་ལས ་ཀྱི་ལེ་ལན་ཡིན་ཏེ། དེས་ནི་བདག་རང་གིས་བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམས་སུ་མྱོང་ལ། ཡང་སྡུག་བསྔལ་གྱི་རྒྱུ་མི་བཟོད་པ་འདི་ཡང་དག་པར་བླངས་ཏེ། འདུག་ན་ནི་བདག་ཉིད་ལ་མི་སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་བདག་ཉིད ་སྦྱོར་བར་བྱེད་པར་ངེས་སོ་སྙམ་ནས་གནོད་པ་མི་བྱེད་པའོ། །བཟོད་པའི་ལས་རྣམ་པར་དག་པའི་དབང་དུ་བྱས་ནས། ལུས་ཀྱི་རྒྱན་གྱི་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་ཚིག་བདུན་གསུངས་ཏེ། བཟོད་པ་དང་ལྡན་པའི་གང་ཟག་ནི་ཁྲོ་གཉེར་དང་གཞིན་གྱི་མདོག་གྱུར་པ ་དང། མིག་དམར་བ་ལ་སོགས་པ་མི་སྡུག་པ་མེད་དེ། དབང་པོ་ཞི་ཞིང་མདངས་བཟད་བ་ལ་ལུས་ཀྱི་རྒྱན་ཅེས་བྱའོ། །རྣམ་པ་གཉིས་སུ་ན་བཟོད་པ་ནི་མ་འོངས་པ་ན་ཡང་ལུས་མཛེས་པར་འགྱུར་བའི་རྒྱུ་སྟེ། འདི་ལྟར་བཟོད་པས་ནི་མཛེས་པར་འགྱུར་རོ་ཞེས་གསུངས་པའི ་ཕྱིར་རོ། །ངག་དང་སེམས་ཡོངས་སུ་དག་པ་ནི་ངག་རྩུབ་པོ་མི་འབྱིན་པ་དང། ཞེ་སྡང་གི་བསམ་པ་མེད་པ་སྟེ། དེ་ལྟར་སྒོ་གསུམ་རང་བཞིན་དུ་གནས་པ་ནི་བཟོད་པའི་ལས་ཡིན་པར་བསྟན་ཏོ། །བསམ་པ་བརྟན་པ་ནི་བཟོད་པར་འགྱུར་བའི་ཡུལ་གྱི་རླུང་ཉེ་བར་འོངས་ཀྱང་དེས ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །ཡི་གེ་ཡ་མ་རླ་ཡིན་པ་ནི་ཕ་རོལ་གྱིས་ངན་དུ་སྨྲས་པ་དང། ངན་དུ་བརྗོད་པ་འདི་དག་ན་ཡི་གེ་ཙམ་དུ་ཟད་དོ་ཞེས་རྟོག་པའོ། །ཡང་ན་སྟོང་བ་དང་བདག་མེད་པ་ལ་སོགས་པའི་ཡི་གེ་དང་སྒྲ་ཙམ་གྱིས་འཇིགས་པར་མི་བྱེད་དེ། དེ་དག ་ཡ་མ་རླ་ཡིན་པར་ཤེས་པར་བྱ་སྟེ། དེ་དག་གི་དོན་ཟབ་མོ་ལ་རྟོག་པར་བྱེད་པའོ། །ཡོངས་སུ་རྟོག་པ་མེད་པ་ནི་གང་གིས་གནོད་པ་བྱས། གང་ལ་གནོད་པ་བྱས། གང་གནོད་པར་བྱེད་ཅེས་རྣམ་པ་གསུམ་ལ་ཡང་ཡོངས་སུ་མི་རྟོག་པའོ། །རང་གི་སེམས་ལ་ངེས་པར་སེམས ་པ་ནི་མི་བཟོད་པར་བྱེད་པ་འདི་ཡང་རང་གི་སེམས་ཉིད་ལས་སྐྱེས་པར་ཟད་དོ་ཞེས་རྟོག་པའོ། །གཞན་གྱི་སེམས་སྲུང་པ་ནི་བདག་གིས་གནོད་པ་བྱས་ན་གཞན་གྱི་སེམས་གདུང་པར་འགྱུར་རོ་སྙམ་དུ་སེམས་པའོ། །བཟོད་པའི་འབྲས་བུ་ཡང་དག་པར་འཛིན་པའི་དབང་དུ་ ་བྱས་ནས་ཚངས་པའི་འཇིག་རྟེན་གྱི་ལམ་དུ་འགྲོ་བས་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུ་དེ་ཡང་རྣམ་པ་གསུམ་སྟེ། འབྱོར་བ་ཕུན་སུམ་ཚོགས་པ་དང། སྤངས་པ་ཕུན་སུམ་ཚོགས་པ་དང། འབྲས་བུ ་ཕུན་སུམ་ཚོགས་པ་སྟེ། ཚིག་བཞི་དང་དྲུག་དང། གཅིག་གིས་གོ་རིམ་བཞིན་དུ་བསྟན་ཏེ། །འབྱོར་པ་ཕུན་སུམ་ཚོགས་པ་ཡང་འཇིག་རྟེན་གྱི་འབྱོར་པ་དང། འཇིག་རྟེན་ལས་འདས་པའི་འབྱོར་པ་གཉིས་ཏེ། དང་པོའི་ཚིག་གཉིས་ཀྱི་གོ་རིམ་བཞིན་དུ ་བསྟན་ཏོ། །དེ་ལ་ཚངས་པའི་འཇིག་རྟེན་ནི་གཟུགས་ཀྱི་ཁམས་ཀྱི་ཚངས་རིས་ལ་སོགས་པའོ། །དེའི་ལམ་ནི་ཐོབ་པར་བྱེད་པའི་རྒྱུ་སྟེ། ཚད་མེད་པ་བཞི་ཡིན་ལ། བཟོད་པ་ཡང་ཚད་མེད་པ་བཞི་པོ་དག་དང་རྫོགས་སུ་མཐུན་པས་ལམ་དུ་འགྲོ་བ་ཞེས་བྱའོ། །བཟོད ་པ་ལ་གནས་པའི་གང་ཟག་གིས་ནི་བྱད་གཟུགས་བཟང་པོ་དང། གཡོག་འཁོར་མང་པོ་ལ་སོགས་པ་ཐོབ་པར་འགྱུར་བའི་ཕྱིར། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བ་ཞེས་བྱའོ། །བཟོད་པ་ལ་གནས་པའི་གང་ཟག་གིས་དེ་བཞིན་གཤེགས་པའི་མཚན་དང ་དཔེ་བྱད་བཟང་པོ་དང། ཚངས་པའི་སྒྲ་སྐད་འབྱིན་པའི་དབྱངས་ཐོབ་ཅེས་བྱ་བར་སྦྱར་རོ། །ཉེས་པ་ཐམས་ཅད་ནི་བསྟན་པའོ། །གནོད་སེམས་ལ་སོགས་པ་ནི་བཤད་པ་སྟེ། གཞན་ནི་སྔར་བཤད་པར་ཟད་དོ། །ཕྱིར་རྒོལ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པ་སྟེ། དེ ་དག་ཀྱང་བཟོད་པས་ཕམ་པར་བྱས་པས་བཟོད་པར་བལྟའོ། །གཞན་གྱི་གནོད་པར་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ནི་བཟོད་པ་དང་ལྡན་པའི་གང་ཟག་དེ་ལ་སེམས་ཅན་སུ་ཡང་གནོད་པ་མི་བྱེད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི ་ཆོས་ཐམས་ཅད་ཐོབ་པའི་རྒྱུ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །གནོད་པ་ཉམས་སུ་ལེན་པའི་བཟོད་པའི་དབང་དུ་བྱས་ནས། དེ་ལ་བཟོད་པ་ཡོངས་སུ་དག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ནི་ཕྱིར་སེམས་ཅན་ལ་གནོད་པ་མི ་བྱེད་པས་བཟོད་པར་བལྟའོ་ཞེས་བསྟན་པ་དེ་ནི་ཡོངས་སུ་མ་དག་པ་ཡིན་གྱི་གཞན་གྱིས་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་ན་བཟོད་པ་ཡོངས་སུ་དག་པ་ཡིན་ཞེས་བསྟན་པའི་ཕྱིར། བཟོད་པ་ཡོངས་སུ་དག་པ་དང་ཞེ་ན་ཞེས་སྨོས་སོ། །གནོད་པ་འབྱུང་བའི་རྒྱུ་ནི་དག་དང ་ལུས་དང་སེམས་གསུམ་ཡིན་ལ། དེ་དག་ཀྱང་བྲག་ཆ་དང། གཟུགས་བརྙན་དང། སྒྱུ་མ་དང་མཚུངས་ཏེ། རང་བཞིན་མེད་པར་རྟོགས་པའི་ཕྱིར་དགེ་སྦྱོར་བྱེད་པའི་ཆོས་གསུམ་དང། ལྷག་པའི་བསམ་པ་བཞི་སྟེ། གནོད་སེམས་ལ་སོགས་པ་ཉེ་བར་ཞི་བའི་ཕྱིར ་དགེ་སྦྱོང་བྱེད་པའི་ཆོས་གཅིག་དང་རིམ་བཞིན་དུ་སྦྱར་རོ། །རང་གི་ཡོན་ཏན་ཡོངས་སུ་རྫོགས་པ་ནི་ཐོས་པ་དང། གཏོང་བ་དང་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་གྱུར་པས། བསྔགས་པ་མ་ཡིན་ཁྲོ་བར་མི་འགྱུར་ཏེ། ཞེ་སྡང་ཡང་མི་བསྐྱེད་ལ། ང་རྒྱལ ་གྱིས་བདག་ཉིད་ཆེན་པོར་མི་སེམས་པ་ནི་མ་ཐོས་པར་མི་སེམས་པ་སྟེ། དེ་ལྟར་གྱུར་པས་བསྔགས་པས་རྗེས་སུ་ཆགས་པར་མི་འགྱུར་ཞེས་སྦྱར་རོ། ཤིན་ཏུ་དུལ་བའི་ཕྱིར་རྙེད་པས་དགའ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དགུས་ནི་འཇིག་རྟེན་གྱི་ཆོས་བརྒྱད ་ཀྱིས་མ་གོས་པར་རབ་ཏུ་དབྱེ་བ་དང་བཅས་མདོར་བསྡུས་པ་དང་བཅས་པ་བསྟན་ཏོ། །དེ་ལ་ཤིན་ཏུ་དུལ་བ་ནི་སྦྱངས་པའི་ཡོན་ཏན་རྣམས་ཀྱི་སེམས་ཤིན་ཏུ་དུལ་བར་གྱུར་པ་ཡིན་ལ། རབ་ཏུ་ཞི་བ་ནི་ཞེ་སྡང་སྤངས་པ་སྟེ། དེ་བས་ན་ཆོས་གོས་ལ་སོགས་པ་རྙེད་པས་ཀྱང་དགའ་བ ་མེད་པ་ལ་མ་རྙེད་པས་ཁོང་ཁྲོ་བ་མེད་དོ། །སྙན་པ་ཐམས་ཅད་ནི་བྱིས་པ་བསླུ་བ་ཕྱིན་ཅི་ལོག་ཡིན་པར་ཤེས་པས་རབ་ཏུ་བརྟགས་པའི་ཕྱིར་དང། བདག་གི་ཡོན་ཏན་མ་གྲགས་སུ་ཟིན་ཀྱང་དེས་སྦ་གོང་པ་འམ། སེམས་ཞུམ་པ་མེད་དོ། །བློ་ཡངས་པའི་ཕྱིར་གོ་རིམ ་བཞིན་དུ་སྙན་པ་ལ་ངོ་མཚར་དུ་མི་འཛིན་པ་དང། མི་སྙན་པས་ཞུམ་པར་མི་འགྱུར་རོ། །ལེགས་པར་གནས་པ་ནི་བརྟན་པོར་གནས་པའོ། མི་གཡོ་བ་ནི་རང་བཞིན་གྱིས་མི་འདོར་བ་སྟེ། དེ་ལྟར་གྱུར་པས་སྨད་པས་ཀྱང་དམས་པར་མི་སེམས་ལ། བསྟོད ་བས་ཀྱང་མཐོས་པར་མི་སེམས་སོ། །སེམས་ཅན་རྣམས་ཀྱི་དོན་བྱ་བར་སེམས་ཤིང་ལྟ་བའི་ཕྱིར་དང། ཁམས་གསུམ་གྱི་འདུས་བྱས་ཀྱི་བདེ་བ་མི་རྟག་པའི་ཕྱིར་གོ་རིམ་བཞིན་དུ་སྡུག་བསྔལ་གྱིས་མི་སྐྱོ་བ་དང། བདེ་བས ་དགའ་བར་མི་འགྱུར་ཞེས་སྦྱར་རོ། །རྙེད་པ་དང་མ་རྙེད་པ་ལ་སོགས་པ་དེ་དག་གང་ལ་ཡང་མ་ཆགས་སྟེ། མི་གནས་པའི་ཕྱིར་འཇིག་རྟེན་པའི་ཆོས་རྣམས་ཀྱིས་མི་གོས་པ་ཞེས་མདོར་བསྡུས་ནས་བསྟན་ཏོ། །ཕ་རོལ་པོ་སྲེག་ལ་བབ་པའི་གནོད ་པ་བྱུང་ལ་དེ་ལ་མི་གནོད་ན་བདག་ལ་གནོད་ཀྱང་བཟོད་པ་ནི། གཞན་ལ་མི་གནོད་པའི་ཕྱིར་བདག་ལ་གནོད་པར་བཟོད་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་སོ། །སངས་རྒྱས་ཀྱི་སྐུ་ནི་སྐུ ་གསུམ་ལ་བྱའོ། །ལེགས་པར་བྱས་པའི་ལས་ཀྱི་སྟོབས་སྐྱེད་པ་ནི་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་ཆེར་སྤྱད་དེ་མཐུ་དང་ལྡན་པར་བྱས་པས་གཞན་གྱིས་བདག་གི་སྲོག་གཅད་པ་དང། མ་བྱིན་པར་བླངས་པ་ལ་སོགས་པ་ངན་དུ ་བྱས་པ་ཐམས་ཅད་བཟོད་དོ། མུ་སྟེགས་ཅན་ཐམས་ཅད་འཇོམས་པས་དཔའ་བ་ནི། མུ་སྟེགས་ཅན་གྱི་དཀའ་ཐུབ་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པས་དཔའ་བ་སྟེ། དེའི་ཕྱིར་རྒྱ་ཤུགས་གི་འབྲུ་དང། ཏིལ་འབྲུ་ཙམ་གྱིས ་སྲོག་ཟུངས་བྱས་ཀྱང་ལུས་གདུང་བ་དང་སེམས་ཡོངས་སུ་གདུང་བ་ལ་ཅིས་མི་མཇེད་ཅེས་བྱ་བའི་ཐ་ཚིག་གོ་།བརྒྱ་བྱིན་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱིས་བརྟུལ་ཞུགས་ཀྱང་ཟིལ་གྱིས་གནོན་པའི་ཕྱིར། འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་བརྟུལ་ཞུགས་ཐམས་ཅད་རྩོམ་པ་སྟེ། ཚིག་གོང་མས་ནི་མིའི་དཀའ་ཐུབ་ཐམས་ཅད་ཟིལ་གྱིས་གནོན་པའི་བཟོད་པ་བསྟན་ལ། འོག་མས་ནི་ལྷའི་དཀའ་ཐུབ་ཐམས་ཅད་ཟིལ་གྱིས་གནོན་པའི་བཟོད་པ་བསྟན་ཏོ། །ཆོས་ངེས་པར ་སེམས་པ་ལ་མོས་པའི་བཟོད་པའི་དབང་དུ་བྱས་ནས། བཙུན་པ་ཤ་རདྭ་ཏིའི་བུ་གཞན་ཡང་བཟོད་པ་ཞེས་བྱ་བ་ནི་གང་འདི་ཤིན་ཏུ་རྨ་མི་ཕྱིན་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྨ་མི་ཕྱིན་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་ཤེས་སོ། །འདི་ལས་སུ ་ཞིག་གཤེ་ཞེས་བྱ་བ་ལ་སོགས་པ་རྟག་པ་དང། རྣམ་པར་རྟོག་པ་གང་གིས་ཀྱང་མཉམ་པར་མི་འགྱུར་བའོ། །དེ་ལ་ཅིའི་ཕྱིར་བཟོད་པ་ཞེས་བྱ་སྙམ་ནས། དེ་ལ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་དང། མི་དམིགས་པའི་ཕྱིར་རོ་ཞེས་གསུངས་ཏེ། ཇི་ཙམ་དུ་མིང་དང ་བརྡར་བཏགས་པ་རྣམས་ནི་བྱིས་པས་ཀུན་ཏུ་བཏགས་པ་ཡིན་གྱི། དོན་དམ་པར་མི་དམིགས་པའི་ཕྱིར། གཟུང་བ་དང་འཛིན་པས་རྨ་མི་ཕྱིན་པ་དེ་ལ་བཟོད་པ་ཞེས་བྱའོ། །གང་དག་མི་དམིགས་པའི་ཕྱིར་ཤིན་ཏུ་རྨ་མི་ཕྱིན་པ་ལ་བཟོད་པ་ཞེས་བྱ་ཞེ་ན། གཤེའོ ་ཞེས་བཟོད་པ་དེ་ནི་གཉི་ག་ལ་དམིགས་པ་བཟོད་པ་སྟེ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གང་ཟག་འདི་ནི་བདག་ལ་གཤེ་སྟེ། དེ་དག་གིས་བཟོད་པར་བྱའོ་ཞེས་བདག་དང་ཕ་རོལ་གཉི་ག་ལ་དམིགས་པ་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པ་ལ་མངོན་པར ་དགའ་བའི་དབང་གིས་བདག་དང་གཞན་དུ་རྟོག་པར་འབྱུང་བར་ཟད་པས་མི་དམིགས་པའི་བཟོད་པ་མ་ཡིན་ཞེས་པའི་ཐ་ཚིག་སྟེ། འོག་མ་དག་ལ་ཡང་དེ་དང་མཐུན་པར་སྦྱར་རོ། །འདི་ལས་སུ་ཞིག་གཤེ་ཞེས་བྱ་བ་ནི་བདག་གི་སའི་ཁམས་ལ་གང་ཟག་དེའི ་སའི་ཁམས་གཤེ་ལམ་ཞེས་བྱ་བ་ལ་སོགས་པར་བརྟགས་ནས་བཟོད་པ་ནི་ཆོས་ལ་འགྲང་བ་ཞེས་བྱའོ། །འདི་དག་ནི་ཡེ་ཤེའི་སྒྲ་འབྱུང་བ་ཞེས་བྱ་བ་ནི་གཤེབ་པོའི་གང་ཟག་གི་ཚིག་འདི་དག་འདི་ནི་ཀ་དང་ཨ་ལ་སོགས་པའི་ཡི་གེའི་སྒྲ་ཙམ་དུ་ཟད་ན་མི་བཟོད་པར་བྱ་བ་ཅི ་ཞིག་ཡོད་ཅེས་བྱ་བ་དེ་ནི་བྲག་ཅའི་སྒྲ་ལ་བཟོད་པ་ཞེས་བྱའོ། །འདི་ཡང་ཞེས་བྱ་བ་ནི་གཤེབ་བའོ། །བདག་ཀྱང་ཞེས་བྱ་བ་ནི་གཤེ་བར་བྱ་སྟེ། གཉི་ག་སྐད་ཅིག་གིས་འཇིག་ཅིང་མི་རྟག་པ་ཡིན་ན། མི་བཟོད་དུ་ཅི་ཡོད་ཅེས་བཟོད་པའོ། །འདི་ནི་ཕྱིན་ཅི་ལོག་ཡིན་གྱི ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་བཞིའི་དབང་དུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ་།བདག་ནི་རིགས་ཀྱིས་ཞེས་བྱ་བ་ནི་བདག་ནི་རིགས་པ་དང་ལྡན་པ་འདི་ལ་མི་བཟོད་པར་བྱ་བར་མི་རིགས་སོ་ཞེས་བཟོད་པའོ། །ལམ་བཟང་པོ་ནི་ཕྱིན་ཅི་མ་ལོག་པའི ་ལམ་མོ། །བདག་ནི་མི་རྟག་པ་ལ་བཟོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་མི་རྟག་པ་དང། སྡུག་བསྔལ་བ་ལ་སོགས་པ་ནི་རྟག་པ་དང་བདེ་བ་ལ་སོགས་པའི་གཉེན་པོ་ཡིན་པས་བདག་ནི་ཆོས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ལ་སོགས་པ་ལ་བཟོད་ཀྱི། རྟག་གོ་ཞེས་བྱ་བ་ལ་སོགས་པ་ལ་མི་བཟོད་དོ? ་སྙམ?་ནས་མི་རྟག་པ་ལ་སོགས་པ་ལ་བཟོད་ན་གཉེན་པོས་སྤོང་བ་ཞེས་བྱ་བའི་བཟོད་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་ཤིན་ཏུ་བཟོད་པ་གང་ཞེ་ན་ཞེས་བྱ་བ་ནི་དམིགས་པ་ཐམས་ཅད་ཀྱིས་བླ?་མི་ཕྱིན་པ། མི་སྐྱེ་བའི་ཆོས་ལ་བཟོད་པ ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།གང་སྟོང་པ་ཉིད་རྟོགས་པ་དེ་ལ་ལྟ་བར་གྱུར་པ་ཡང་གསལ་བ་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གིས་གཟུང་བ་དང་འཛིན་པའི་མཚན་ཉིད་རང་བཞིན་གྱིས་སྟོང་པ་ཡིན་པར་ཁོང་དུ་ཆུད་པ་དེ་ལ་དངོས་པོ་དང ་མཚན་མ་ཡོད་པར་ལྟ་བའི་ལྟ་བར་གྱུར་པ་ཡང་བསལ་བ་མེད་དོ། ཐོག་མ་ཉིད་ནས་མེད་པའི་ཕྱིར་རོ། །སྟོང་པ་ཉིད་དུ་སྒྲོ་འདོགས་པ་ཡང་མེད་ཅེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་རྟོགས་ཀྱང་སྔོན་མེད་པའི་སྟོང་པ་ཉིད་བཟོད་རྟོག་པ་ཡང་མ་ཡིན་ཏེ། །གཟུང་བ ་དང་འཛིན་པའི་ལྟ་བར་གྱུར་པ་ཉིད་རྟག་པ་རྟག་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་སུ་སྟོང་པའོ། །ཞེས་གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པ་ཡིན་ནོ། །མཚན་མ་མེད་པ་ལ་སོགས་པ་ཡང་དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་ཏེ། སྟོང་པ་ཉིད ་རྟོགས་པ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། །འདས་པའི་དུས་མ་སྐྱེས་ཤིང་མ་བྱུང་ལ། ད་ལྟར་གྱིས་དུས་སུ་མ་སྐྱེས་ཅིང། མ་བྱུང་བ་དེ་ལ་མ་འོངས་བའི་དུས་སུ་འཇིག་པ་གང་ཡང་མེད་པ་དེ་ལ་ཟད་པ་མེད་ཅེས་ཚིག་རྣམ་པར་སྦྱར་རོ། །མ་བྱས་པ་ནི་བྱེད ་པ་པོ་ལ་སོགས་པས་སོ། །མངོན་པར་འདུས་མ་བྱས་པ་ནི་རྒྱུ་རྐྱེན་གྱིས་སོ། །སྒྲོ་བཏགས་པ་མེད་པ་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པ་སྟེ། རྣམ་པར་མ་རྟགས་པ་ནི་རྟོགས་གེ་པ་རྣམས་ཀྱིས་བློས་སོ། །མ་བསྒྲུབས་པ་ནི་ཚད་མ་དག་གིས་སོ། །མ ་བསྟན་པ་ནི་གཞན་དག་ལ་བསྟན་དུ་མེད་པའོ། །ཉེ་བར་མ་གཏུགས་པ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་མངོན་པར་ཆགས་པར་བྱ་བའི་ཡུལ་མ་ཡིན་པའོ། །མི་སྐྲག་མི་སྡང་སྡང?་བར་མི་འགྱུར་བ་ནི། ཐོས་པ་དང་བསམ་པ་དང་སྒོམ་པའི་གནས་སྐབས ་རྣམས་སུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣོད་མི་བྱིན་གྱིས་བརླབས་ཀྱིས་སྟོབས་བསྐྱེད་པའི་སླད་དུ་བདག་གི་ལུས་ལགས་ཏེ། བདག་གིས་བགྱིས་ལགས་སོ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་དེ་དག་གནས་གཅིག་ཏུ་ཤོད་པའི་སྣོད་ནི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་བདག་ཉིད་ཀྱི་ལུས་ཡིན་ཏེ། དེས་ཀྱང་ཇི་ལྟར་ཤོང་པ་འགྱུར་ཞེ་ན། དེའི་ཕྱིར་བྱིན་གྱིས་བརླབས་ཀྱིས་སྟོབས་བསྐྱེད་པའི་སླད་དུ་ཞེས་ཤོང་པའི་ཐབས་བསྟན་ཏོ། །དེ་ལ་དངོས་པོ་སྣོད་དུ་དངོས་པོ་ཤོང་པར་གྱུར་པའི་གཟུགས་རྣམས་ལ་ནི་སྐབས་འདིར་སྣོད་ཅེས་མི ་བྱའི། །མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་གང་གིས་མཐུས་ལུས་གཅིག་གི་ནང་དུ་ཡང་དངོས་པོ་སྣ་ཚོགས་མང་པོ་ཤོད་པར་འགྱུར་བ་དེ་ལྟ་བུའི་མཐུ་དང་བྱིན་གྱིས་བརླབས་དང་ལྡན་པའི་ཡེ་ཤེས་དེ་ལ་སྣོད་ཅེས་བྱ་སྟེ། དེ་དག་གིས་བསྐྱེད ་ལགས་སོ་ཞེས་བྱ་བའི་དོན་ཏོ། །ཏིང་འཛིན་འདིའི་ཡུལ་ཅི་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེས་དམིགས་པར་བྱ་བའི་ཡུལ་འདྲི་བའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྙེད་ཀྱི་གཟུགས་ཁོ་བོའི་ལུས་སྟོང་པ་ཉིད་དུ་འཇུག? ་ཀྱང་ཁོ་བོའི་ལུས་ཀྱི་ཆོས་ཉིད་སྟོང་པ་ཉིད་ལ་འཕེལ་བ་འམ་འབྲི་བ་མེད་པའི་ལུས་སྟོང་པ་ཉིད་དེ་ནི་ཏིང་ངེ་འཛིན་དེའི་དམིགས་པར་བྱ་བའི་ཡུལ་ཡིན་ནོ་ཞེས་སྟོན་ཏོ། །ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེས ་པ་དང། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་ནི་ཆོས་བཤད་པའི་ཕན་ཡོན་བསྟན་པའོ། །བཟོད་པ་མི་ཟད་པ་བཤད་ཟིན་ཏོ།། །།བརྩོན་འགྲུས་མི་ཟད་པ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་?བཙུན་པ་ཤ་རདྭ་ཏིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་བླངས་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་བརྩོན་འགྲུས་མི་ཟད་པ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བརྩོན་འགྲུས་ཀྱི་རབ་ཏུ་དབྱེ་བ་དང། །སྒོ་དང་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་སེམས་ཀྱིས་བརྩོན་འགྲུས་ཐམས་ཅད་མདོར་བསྡུས་པ་བསྟན་ཏོ། །དེ་ལ་བརྩོན་འགྲུས་ཡང་དག་པར་བླང་བ་བརྒྱད་ཀྱིས་ནི ་རབ་ཏུ་དབྱེ་བ་བསྟན་ཏོ། །བརྩོན་འགྲུས་བརྒྱད་ཀྱང་མདོར་བསྡུ་བ་རྣམ་པ་གསུམ་སྟེ། བརྩོན་འགྲུས་ཀྱི་ངོ་བོ་ཉིད་དང། ཆུད་མི་ཟ་བའི་ཐབས་ཀྱིས་ཟིན་པ་དང། གང་གིས་ཕྱིར་བརྩོན་པ་གཉིས་དང། གཅིག་དང་ལྔ་དང་རིམ་བཞིན་སྦྱོར་རོ། །གང་གིས་ཕྱིར ་བརྩོན་པ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་གཉིས་ཀྱི་ཕྱིར་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་དང། ཤེས་རབ་ཀྱི་ཚོགས་མི་ཟད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་པའོ།། ་ལྷག་མ་རྣམས་ནི་སངས་རྒྱས་ཀྱིས་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་པའོ། །བརྩོན་འགྲུས་འདི་དག་གི་ཡུལ་དང། དུས་དང་བརྩོན་པ་དང། འབྲས་བུ་ལ་སོགས་པ་མཛའ་ཡས་ཤིང་མི་ཟད་པས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མི་ཟད་པ་ཞེས་བྱའོ།། ་བརྩོན་འགྲུས་ཡང་དག་པར་བླང་བ་ནི་བྱང་ཆུབ་སེམས་དཔའ་སྦྱད་པར་བྱའོ། །གང་འདི་འཁོར་བ་གནས་ཡོངས་སུ་མི་སྐྱོ་བ་མི་གོ་ཆའི་དོན་བསྟན་པ་སྟེ་ཇི་ལྟར་མི་སྐྱོ་བ་ནི། དེ་བསྐལ་བ་འདི་སྙེད་ཅིག་ཅི་གོ་ཆ་བགོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གོ་ཆ་བསམ ་གྱིས་མི་ཁྱབ་གྱོན་པར་བྱེད་པ་ནི་འཁོར་བའི་སྔོན་གྱི་མཛའ་ཇི་སྙེད་པ་དེ་སྙེད་ཀྱིས་ཉིན་ཞག་གཅིག་ཏུ་གྱུར་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཁོར་བའི་སྔོན་གྱི་མཛའ་ལྟ་མེད་མོད་ཀྱི། འོན་ཀྱང་ཕུལ་དབྱུང་བའི་ཕྱིར་འཁོར་བའི་མཛའ་ཡོད་པ་ལྟ་བུར་སྒྲོ ་བཏགས་ཏེ། ཉིན་ཞག་གཅིག་གི་ཚད་དེ་ཙམ་དུ་རིང་ལ། དེས་ཟླ་བ་དང་ལོའི་གྲངས་བསྒྲེས་པའི་ཡུན་རིང་པོ་དེ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་དེ་བཞིན་གཤེགས་པ་གཅིག་མཐོང་ལ། དེ་ལྟར་བསྒྲེས་བ་ཤ་སྟག་གིས་འཇུག་པ་དེ་ལྟ་བུ་དང་འགྲང ་བ་དེ་བས་གང་གཱའི་ཀླུང་གི་བྱེ་མ་རྙེད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། དེ་བཞིན་གཤེགས་པ་མཐོང་བའི་འོག་ཏུ་སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་སོགས་པ་མདོ་ལས་གསུངས་པ་ལྟར་དུས་ཡུན་རིང་ཞིང་འབྲས་བུ་བསྒྲུབ་དཀར་ཟིན་ཀྱང་མི་གོང ་པ་ནི་གོ་ཆ་མི་ཟད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་འདི་ཉིད་དང་དགྲང་བ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་གོང་དུ་བཤད་པ་བཞིན་དུ་ཉིན་ཞག་ཟླ་བར་བསྒྲེས་ཟླ་བ་ལོར་སྒྲེས་པའི་ལོ་སྟོང་ཕྲག་བརྒྱ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད ་ཅིང། དེ་བཞིན་གཤེགས་པ་གཅིག་མཐོང་ལ། དེ་ལྟ་བུ་ཤ་སྟག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ཀུན་བསྐྱེད། དེ་བཞིན་གཤེགས་པ་ཀུན་གྱང་མཐོང་ནས། དེ་བཞིན་གཤེགས་པ་གང་གའི་ཀླུང་གི་བྱེ་མ་སྙེད་ལ་རིམ་འགྲོ་བྱེད་པ་འདི་འདྲ་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་རྫགས?་བར་གྱུར་པ་དང། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ནས་མཚན་དང་དཔེ་བྱད་ཐམས་ཅད་ཀྱི་བར་དུ་སྔར་སྨོས་པ་ལྟ་བུའི་དུས་རིང་བ་དང། བསྒྲུབ་བཀའ་བས་སྒྲུབ་པར་བྱེད་ཀྱང་མི་སྐྱོ་བ་ནི་གོ་ཆ་མི་ཟད་པ་ཞེས་བྱའོ། རྟུལ་བ་མི་ཟད་པ་ཡང་རྣམ་པ ་བརྒྱུད་ཀྱིས་བསྟན་ཏེ། ཇི་ལྟར་རྟུལ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་འབོགས་ཏེ་ཞེས་གསུངས་པའོ། །གང་གི་ཕྱིར་བརྟུལ་བ་ནི་གང་ལྟ་བ་དང། གང་གཉན་པ་དང། གང་བསྒྲུབ་པའི་ཕྱིར་སྤྲོ་བ་སྟེ། དེ ་བཞིན་གཤེགས་པ་བལྟ་བར་སྤྲོ་བ་དང། ཆོས་མཉན་པའི་ཕྱིར་སྤྲོ་བ་གཉིས་ཀི་ནི་གོང་མ་གཉིས་བསྟན་ཏོ། །གང་བསྒྲུབ་པའི་ཕྱིར་སྤྲོ་བ་ཡང་གཞན་གྱི་དང་བདག་གི་དོན་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་སྤྲོ་བ ་དང། དགེ་བའི་ཆོས་ཐམས་ཅད་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་སྤྲོ་བ་གསུམ་གྱིས་བསྟན་ཏོ། །ངེས་པའི་ཚིག་ནི་བྱང་ཆུབ་སེམས་དཔའ་ཨི་བརྟུལ་པ་ནི་ཕ་རོལ་གྱི་དོན་གྱི་ཕྱིར་འཇུག་པས་ན་ཞེས་བྱ་བ་ལ་སོགས་པ་ཚིག་གི་ཚར་གསུམ་གྱིས ་བསྟན་ཏེ། ཇི་ལྟར་ཕ་རོལ་གྱི་ཕྱིར་འཇུག་ཅེ་ན། ཕ་རོལ་ཞི་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་དང། དབང་པོ་གདུལ་བའི་ཕྱིར་དང། འཁོར་བ་ཐམས་ཅད་ལས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་འཇིག ་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་འབོགས་ཏེ། འཇུག་པས་ན་དེའི་ཕྱིར་བརྟུལ་བ་ཞེས་བྱའོ། །བརྩོན་འགྲུས་དེའི་རང་བཞིན་ནི། མི་ལྷོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གུས་པའི་བརྩོན་འགྲུས་དང་ལྡན་པས་མི་ལྷོད ་པའོ། །ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་ལ་མི་ནུས་སོ་སྙམ་དུ་མི་སེམས་པས་མ་ཞུམ་པའོ། །མི་མཐུན་པ་ཕྱོགས་ལེ་ལོས་མི་བསྐྱོད་པས་ན་བརྟན་པའོ། །གྲང་བ་དང་ཆེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་སྐྱོད་པས་ན་མི་ཟློགས་པའོ། །བསམ་པ་ནི་དགེ? ་བའི་བསམ་པ་དང་ཞེས་སྨོས་པ་སྟེ། དུས་ཐམས་ཅད་དུ་དགེ་བ་གང་ཡིན་ཞེས་ཙོལ་ཞིང་སྒྲུབ་པའི་བསམ་པ་བརྩོན་འགྲུས་རྩོམ་པར་བྱེད་དོ། །རྒྱུ་ནི་སྙིང་རྗེ་ཆེན་པོ་ལ་གནས་ཤིང་ཞེས་སྨོས་ཏེ། སེམས་ཅན་གྱི་དོན་དུ་སྙིང་རྗེ་ཆེན་པོ་བསྐྱེད་པའི་རྒྱུས་སྒྲུབ་པར ་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།བརྩོན་འགྲུས་ཀྱི་ལས་ནི་རྟག་ཏུ་སེམས་ཅན་གྱི་དོན་ལ་བརྩོན་པར་འཇུག་པ་ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཀྱིས་ཟིན་པ་ནི་གོམ་པ་འདོར་བ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གོམས་པ་འདོར་བ་ལ་སོགས ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་དང། སེམས་ཅན་ལ་ལྟ་བས་ན་ཐབས་བསྟན་ལ། ཉོན་མོངས་པའི་ཕྱོགས་སུ་ཡང་མི་ལྷུང་བས་ན་ཤེས་རབ་བསྟན་ཏེ། །ཡང་དག་པར་འགྲུབ་པ་ནི་ཆུད་མི་ཟ་བ་དང་ཕྱིན་ཅི་མ་ལོག་པར་འགྲུབ་པའོ། །གང ་ཇི་ལྟ་བུར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་ནི་ཤེས་རབ་རྣམ་པ་གསུམ་འམ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ། དགེ་བའི་སེམས་སྐྱེས་ཤིང་བྱུང་ངོ་ཅོག་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱེད་པ་ནི་བར་མ་དོར་ཟད་བར་མི་འགྱུར་བས་ཡང་དག་པར་འགྱུར ་བས་ཡང་དག་པར་འགྲུབ་པ་མི་ཟད་པ་ཞེས་བྱའོ། །དེ་ལྟར་བསྔོས་པ་ཅིའི་ཕྱིར་མི་ཟད་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་དང། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ་ཞེས་གསུངས་ཏེ། དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། བཙུན་པ་ཤ་རདྭ་ཏིའི་བུ་འདི ་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བའི་རྩ་བ་རྣམས་བྱང་ཆུབ་ཏུ་བསྔོས་པ་དེ་ལ། ཅིའི་ཕྱིར་ཡང་དག་པར་འགྲུབ་ཞེས་བྱ་ཞེ་ན། དེའི་ཕྱིར་ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་གང་འདི་ཡང་དག་པར་སྒྲུབ ་པ་སྟེ་ཞེས་བྱ་བ་གསུངས་སོ། །ཇི་ལྟར་སྒྲུབ་ན་ཡང་དག་པའི་སྒྲུབ་པ་ཞེས་བྱ་ཞེ་ན། ཡང་དག་བར་ཞུགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་ཅིང་བརྩོན་འགྲུས་བརྩམས་པ་རྣམས་ངན་སོང་དུ་ལྷུང་བའི་སེམས་ཅན་ཐམས་ཅད་སྐྱོབས་པའི་ཕྱིར ་དང། ཡོངས་སུ་མ་སྨིན་པའི་སེམས་ཅན་ཐམས་ཅད་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ས་གཞིར་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང། དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུང་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱེད་པ་ནི། ་ཡང་དག་པའི་སྒྲུབ་པ་ཞེས་སྦྱར་རོ། །ཅིའི་ཕྱིར་དེ་ལྟར་བསྔོ་བར་བྱེད་ཅེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཕྱིར་ཞེས་གསུངས་སོ། །དེས་བསྔོས་པས་ཀྱང་ཅི་ཞིག་བྱ་ཅེ་ན་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། བདག་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་འཚོ་པར་འགྱུར་བ་དང། ཐེག་པ་གཉིས་ཀྱི་ཡོངས་སུ་མྱ་ངན་ལས་ཟློ་བ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས ་ལ་འགོད་པར་ནུས་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།འདི་ཙམ་མོ་ཞེས་གཅོད ་པར་བྱེད་པ་ནི་ཚད་དེ། དེ་ལྟར་བཅད་པར་མི་ནུས་པ་ནི་ཚད་མེད་པ་ཞེས་བྱའོ། །གལ་ཏེ་བདག་གིས་ཉིན་གཅིག་ལ་ཞེས་བྱ་བ་ལ་སོགས་པས་ནི་གལ་ཏེ་བདག་གིས་ཉི་མ་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱས། ཉི་མ་གཉིས་དང་གསུམ་ལ་སོགས་པ་ལས་དེ་བཞིན་དུ་སྨིན་པར་བྱས་པ་ནས་ཚུལ་དེ་ལྟ་བུས་བསྐལ་པ་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པར་སེམས་ཅན་གྱི་ཁམས་སྨིན་པར་བྱས་ཀྱང་ད་དུང་སྨིན་པར ་མ་བྱས་པའི་གན་ན་སྨིན་པར་བྱས་པ་ནི་བརྒྱའི་ཆ་ཅིག་ཀྱང་མེད་པ་ནས་རྒྱུའི་བར་དུ་ཡང་མེད་དོ་ཞེས་ཐོས་ཀྱང་མི་སྐྲག་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་འགྲུས་མི་ཟད་པ་ཞེས་བྱའོ། །དེ་ལ་བརྒྱའི་ཆ་ནི་གྲངས་བརྒྱའི་ནང་ནས་གཅིག་བླངས་པ་སྟེ། འོག ་མ་དག་ལ་ཡང་དེ་དག་འདྲ་བར་སྦྱར་རོ། །གྲངས་ནི་མཚུངས་པ་ཉིད་དེ། དཔེར་ན་གངས་ཅན་དང་ཅིག་ཤོས་ནི་འབིགས་བྱེད་ཅེས་བྱའོ་ཞེས་བྱ་བ་ནི་རིགས་ཀྱི་ཡུངས་འབྲུ་ནི་མ་ཡིན་པ་ལྟ་བུའོ། །ཆ་ནི་ཆ་ཤས་སོ། །དེ་ཡང་རིགས་འདྲ་བའི་ངོ་བོ་ཡིན་ཏེ། ་དཔེར་ན་རི་རྣམས་ཀྱིས་ཆ་ན་རིའི་རྩེ་མོ་ཡིན་གྱི། རྩའི་རྩེ་མོ་ནི་མ་ཡིན་པ་བཞིན་ནོ། །བགྲད་བ་ནི་དེ་ཡང་མཚུངས་པ་ཡིན་ཏེ། དཔེར་ན་རི་རབ་དང། གངས་རི་ཞེས་བྱ་བའི་ཡུངས་འབྲུ་འང་ཡིན་ཞེས་མི་བརྗོད་པ་བཞིན་ནོ། །དཔེ་འདི་འདྲ་བ་དག་ཁོ་ན་ལ ་ལེན་ཏེ། །དཔེར་ན་བ་མེན་ལ་བ་ལང་དང་འདྲའོ་ཞེས་བྱའི། སྦྲང་མ་ལ་མ་ཡིན་པ་བཞིན་ནོ། །རྒྱུར་ཡང་ཞེས་བྱ་བ་ནི་སྨིན་པ་དེས་མ་སྨིན་པའི་རྒྱུ་ཅན་དུ་འང་མི་བཟོད་ཅེས་བྱ་བར་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན ་ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་སྒྲུབ་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཀྱི་དུང་ནི་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་ན་ཉན་པའི་འཁོར་ཉེ་བ་རྣམས་ཀྱིས་ཇི་ལྟར་ཐོས་པ་དེ་བཞིན་དུ་འཇིག་རྟེན་གྱི ་ཁམས་བརྒྱ་སྟོང་དུ་མའི་ཕ་རོལ་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་དང་འདྲ་ཐོས་པར་བྱེད་པའི་གསུང་ལ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ཚོགས་སྒྲུབ ་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ལ་སོགས་པས་ནི། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དང་པས་རྗེས་སུ་འབྲང ་བའི་ཡེ་ཤེས་དང་ལྡན་པར་འགྱུར་ལ། ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་གཅིག་ཡོད་ན་དད་པས་རྗེས་སུ་འབྲང་བའི་གང་ཟག་དེ་དག་གི་ཡེ་ཤེས་གཅིག་ཏུ་བསྡོམས་ཀྱང། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གཅིག་པོའི་ཡེ་ཤེས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི ་འགྲོ་བས་ན། རྒྱུར་ཡང་ཉེ་བར་མི་འགྲོ་བའི་བར་དུ་སྦྱར་ཏེ། འོག་མ་དག་ལ་ཡང་ཚུལ་ངེས་བསྒྲེ་བར་བྱའོ། །དེ་ལ་དད་པའི་རྗེས་སུ་འབྲད?་བ་ནི་བདག་ཉིད་ཀྱི་ཤེས་པས་རྟོག་པ་མེད་ཀྱི། གཞན་ལས་ཐོས་པ་བཞིན་དུ་དད་པས་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པའོ། ། ་ཆོས་ཀྱི་རྗེས་སུ་འབྲང་བ་ནི་དབང་པོ་རྣོན་པོ་གཞན་གྱི་དྲིང་ལ་མི་འཇོག་པ་ཆོས་ཀྱི་ཚུལ་དང་མཐུན་པར་རིགས་པ་དང་སྦྱོར་ཞིང་འཇུག་པའོ། །བརྒྱད་པ་ནི་རྒྱུན་ཏུ་འཇུག་པ་སྟེ། དགྲ་བཅོམ་པ་ནས་ཐུར་དུ་བགྲངས་ན་གང་ཟག་བརྒྱད་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །རྒྱུན་དུ ་ཞུགས་པ་ནི་མྱ་ངན་ལས་འདས་པའི་ལམ་གྱི་རྒྱུན་དུ་ཞུགས་པ་ལ་བྱའོ། །ལན་ཅིག་ཕྱིར་འོངས་བ་ནི་འདོད་པའི་ཁམས་ཀྱི་བསྒོམས་པས་སླང་བར་བྱ་བར་ཉོན་མོངས་པ་དྲུག་མན་ཆད་སྤངས་པ་སྟེ། འདོད་པའི་ཁམས་འདིར ་ཡང་སྐྱེ་བ་ལེན་པའི་ཕྱིར་རོ། །ཉོན་མོངས་པ་དགུ་ཆར་སྤངས་པ་ནི་ཕྱིར་འདོད་པའི་ཁམས་སུ་སྐྱེ་བའི་རྒྱུ་མེད་པས་ཕྱིར་མི་འོང་བའོ། །ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་པ་འམ། འཇིག་རྟེན་གསུམ་གྱི་མཆོད་པའི་འོས་སུ་གྱུར ་པས་ན་དགྲ་བཅོམ་པའོ། །སེམས་ཅན་མང་པོའི་དོན་མཛད་ཀྱི། བདག་གཅིག་བུ་བྱང་ཆུབ་བ་དང། མྱ་ངན་ལས་འདས་པ་བསྒྲུབས་པ་ན་རང་སངས་རྒྱས་སོ། །མོས་པས་སྤྱོད་པའི་ས་བཞི་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་ལ་བསྐལ་པ་བརྒྱས ་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་དང་པོ་ལ་བསྐལ་པ་བརྒྱ་ཞེས་བཏགས་པའི་ཕྱིར་རོ། །འཁོར་བ་ཐོག་མ་མེད་པ་གང་ནས་བཟུང་སྟེ། གྲངས་མེད་པ་བརྩམས་ཞེ་ན། བཟང་དང་སྨོན་པའི་སྟོབས་ཅན་དང། ་སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ཅེས་བརྗོད་ཆེས་བཤད། །བཟང་པོ་ནི་དགེ་བའོ། །སྨོན་པ་ནི་སྨོན་ལམ་སྟེ། དེ་གཉིས་སུ་ལ་ཡོད་པ་ནི་བཟང་པོ་དང་སྨོན་པའི་སྟོབས་ཅན ་ཞེས་བྱའོ། །དེ་ལ་དགེ་བའི་རྩ་བའི་སྟོབས་ཅན་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཅན་ནི་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པའི་ཕྱིར་རོ། །སེམས་བསྟན་པ་ནི་མི་དགེ་བའི་གྲོགས་པོས་མོས་པ ་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཁྱད་པར་དུ་འགྲོ་བ་ནི་ཚེ་འདི་དང་ཕྱི་མ་ལ་དགེ་བའི་ཆོས་འཕེལ་བ་དང། ཡོངས་སུ་མི་ཉམས་པའི་ཕྱིར་རོ། །དེ་ལྟར་གང་གི་ཚེ་དགེ་བའི་རྩ་བ་དང། སྨོན་ལམ་གྱི་སྟོབས་དང་སེམས་བརྟན་དེ་བར? ་མདོར་མི་ལྡོག་པ་དང། ཁྱད་པར་དུ་འགྲོ་བ་སྟེ་ཡོན་ཏན་ཅུང་ཟད་ཀྱི་ཆོག་པར་མི་འཛིན་པ་དེ་ནས་བཟུང་སྟེ། གྲངས་མེད་པ་གསུམ་རྩོམ་མོ། །ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། །གང་ཟག་དང་ཆོས་ལ ་མངོན་པར་ཞེ་ན་པ་སྤངས་ནས་སྟོང་པ་ཉིད་ཀྱི་དོན་ལ་བཟོད་པ་རབ་ཏུ་ཐོབ་པའི་ཕྱིར་རོ། །ས་བརྒྱད་པ་མི་གཡོ་བ་ཐོབ་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། མཚན་མ་དང་མཚན་མ་མེད་པ་ལ་སོགས་པའི་རྟོགས་པ་ཐམས་ཅད་སྤངས་ནས ་ཡང་དེར་མི་ལྡོག་པའི་ཕྱིར་རོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་གླེང་བཞིའི་སྐབས་སུ་བཤད་ཟིན་ཏོ།། །།བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ནི་མངོན་པར་སངས་རྒྱས་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་འདུག་པ་ལ་མངོན་པར་སངས་རྒྱས་པ་ཉིད་ནི ་མ་ཡིན་པའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ནི་དགེ་བས་མཐོ་རིགས་སུ་སྐྱེ་བ་དང་མི་དགེ་བས་ངན་སོང་དུ་སྐྱེ་བ་གནས་ཡིན་པ་དང། དགེ་བས་ངན་སོང་དུ་སྐྱེ་བ་དང། མི་དགེ་བས་མཐོ་རིགས་སུ་སྐྱེ་བ་གནས་མ་ཡིན་པ་ལ་སོགས་པ་མ་ཕྱན? ་པའོ། །སངས་རྒྱས་ཀྱི་ཆོས་གཞན་རྣམས་ནི་ཡི་གེ་མངས་སུ་དོགས་ནས་མ་བྲིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཚོགས་མཐད་པ་གང་ཞེ་ན་ཞེས་བྱ་བ་ནི ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཚོགས་བསྒྲུབ་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ནི་སེམས་ཅན་ཁ་ཅིག་འདོད་ཆགས་སྤྱོད་བ་དང། ཁ་ཅིག་ཞེས་སྤྱོད་པ་དང། ཁ་ཅིག་གཏི ་མུག་སྤྱོད་པ་དང། ཁ་ཅིག་ང་རྒྱལ་སྤྱོད་པ་དང། ཁ་ཅིག་རྣམ་པར་རྟོག་པ་ལ་སྤྱོད་པའི་འཇུག་པ་ཤེས་པ་ནི་སེམས་ཅན་གྱི་སྤྱོད་པ་དེ་དག་རྟོགས་པ་སྟེ། དེ་ཡང་ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་ཐམས་ཅད་གྱི་འདས་པ་དང། མ་འོངས་པ ་དང། ད་ལྟར་བྱུང་བའི་སེམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་ཅན་གཅིག་གི་སེམས་ཅན་འཇུག་པ་གཅིག་ལ་ཡོད་པར་གྱུར་པར་ལྟ་བུའི་ཚུལ ་དུ་སེམས་གཉིས་དང་གསུམ་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་སེམས་ཀྱི་གང་བར་གྱུར་པ་དང། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པས་གང་བའི་སེམས་སུ་གྱུར་བ་ཡང་དེ་དང་འདྲ་བར་སྦྱར་ཏེ། དེ་ལྟ་བུར་གྱུར ་བའི་སེམས་ཅན་གྱི་སེམས་དང། ཉོན་མོངས་པ་ཤེས་པར་བྱ་བའི་ཤེས་རབ་ཀྱི་ཚོགས་གཅིག་བསྒྲུབ་པས་མ་ལུས་པ་ཤེས་པར་འགྱུར་བ་དེ་ལྟ་བུའི་ཤེས་རབ་ཀྱི་ཚོགས་བསྐྱེད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སོ་སོའི་དམིགས་པས་བྱུང་བ་ནི་གཟུགས་དང་སྒྲ་ལ་སོགས ་པ་ལ་དམིགས་ནས་བྱུང་བའོ། །ཞིག་པ་ནི་སེམས་དང་ཉོན་མོངས་པ་བྱུང་ནས་འདས་པའི་དུས་སུ་ཞིག་པའོ། །ཞུ་བ་ནི་དེ་ལྟར་བྱུང་ནས་འཇིག་པ་ལ་བལྟས་པ་དང་འབྱུང་བར་འགྱུར་བའོ། །ཤེས་རབ་དེས་ཀྱང་ཞེས་པ་ལ་སོགས་པས་ནི་ད་ལྟར་བྱུང་བའི་སེམས ་དང་ཉོན་མོངས་པའི་གོང་དུ་སྨོས་པ་ལྟ་བུ་མང་པོ་ཤེས་པར་མ་ཟད་ཀྱི་དུས་གསུམ་དང་ལྡན་པ་མ་ལུས་པར་ཤེས་པར་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་བརྩོན་འགྲུས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།དགེ་བའི་རྩ་བ་ནི་ཤེས་རབ་རྣམ་པ་གསུམ་དང་ལྡན་པ་ལ་སོགས་པ་སྟེ། དེ་དག་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད ་བསགས་པས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འགྲུབ་པར་བྱེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་ཞེས་བྱའོ། །དེ་ཉིད་མདོར་བསྡུས་ནས་གསལ་བར་བསྟན་པའི་ཕྱིར། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། མངོན་པར་བྱང་ཆུབ་པའི་བར་ན་གང་ཇི་ཙམ་དུ་བདག་དང་གཞན་གྱི་དོན་བྱ་བར་སེམས་ཤིང་དམིགས་པ་དང། བདག་དང་གཞན་གྱི་དོན་སྒྲུབ་པར་སྦྱོར་བ་ལ་སོགས་པ་གང་དག་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད ་ཡང་དག་པར་སྒྲུབ་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །བརྩོན་འགྲུས་ཐམས་ཅད་ཀྱི་སྒོ་བསྟན་པའི་དབང་དུ་བྱས་ནས་གང་ལུས་ཀྱི་དགེ་བའི་ལས་ཀྱི་རྟེན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོ་གསུམ་ནས་དགེ་བ་སྤྱད་དོ་ཅོག་གི་རྟེན་ནི་བརྩོན་འགྲུས་ཡིན་པའི ་ཕྱིར་རོ། །ཅིའི་ཕྱིར་སྒོ་གསུམ་ནས་དགེ་བ་སྤྱད་དོ་ཅོག་གི་རྟེན་བརྩོན་འགྲུས་ཡིན་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་དང། བརྩོན་འགྲུས་གང་ཇི་སྙེད་བ་དེ་དག་ཐམས་ཅད་ལུས་དང་ངག་དང་སེམས་དང་ལྡན་པའི་ཕྱིར་ཏེ་ཞེས་གསུངས་སོ། །སྒོ་གསུམ་དང་ལྡན ་པའི་བརྩོན་འགྲུས་རྣམ་པ་ཐམས་ཅད་དུ་འདྲ་ཡང་ཞེ་ན། ཐབས་དང་ཤེས་རབ་ཀྱི་ཟིན་པའི་སེམས་ཀྱི་བརྩོན་འགྲུས་ཀྱིས་བརྩོན་འགྲུས་ཐམས་ཅད་མདོར་བསྡུས་པའི་དབང་དུ་བྱས་ནས། ལུས་ངག་གི་བརྩོན་འགྲུས་བས་སེམས་ཀྱི་བརྩོན་འགྲུས་ཉིད་མཆོག་ཅེས་བཤད་དོ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་གི་སྒོ་ནས་བརྩོན་འགྲུས་འབྱུང་ངོ་ཅོག་ཀྱང་སེམས་ཀྱི་ཀུན་ནས་སླང་པ་ཡིན་པས་ན་སེམས་ཀྱི་བརྩོན་འགྲུས་མཆོག་ཅེས་བཤད་དོ། །དེ་བས་ན་མདོ་ལས་ཀྱང་འཇིག་རྟེན་ནི་སེམས་ཀྱིས་ཁྲིད་དོ། །སེམས་ཀྱི ་དྲངས་སོ་ཞེས་གསུངས་སོ། །དེ་བཞིན་དུ་སེམས་ཀྱིས་སངས་རྒྱས་བྱེད་པ་སྟེ། སེམས་ཉིད་ཀྱིས་མཐོང་བའོ། །སེམས་ཉིད་ང་ཡི་སངས་རྒྱས་ཏེ། སེམས་ཉིད་དེ་བཞིན་གཤེགས་པའོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ཀྱི་འཇུག་པ་ནི་བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་གང་ཡང་རུང་བ་ལ་ཐོག་མ་འཇུག་ཅིང་བརྩོན་པ་སྟེ་ཐབས་ཀྱིས་བསྡུས་པའོ། །གནས་པ་ནི་སྤྱོད་པ་དེ་དག་མཐར་ཕྱིན་ཅིང་གྲུབ་པ་སྟེ་ཤེས་རབ་ཀྱིས་བསྡུས་པའོ། །དེ་ཡང་རབ་ཏུ་དབྱེ་བ་དང་བསྡུས་པས་བསྟན་ཏེ་སེམས་ཀྱི་འཇུག་པ་དང་གནས་པའི་ ་ཚིག་ཕྲུགས་ཉི་ཤུ་རྩ་དགུས་ནི་དབྱེ་བ་བསྟན། ཐ་མའི་ཚིག་ཕྲུགས་གསུམ་གྱིས་ནི་མདོར་བསྡུས་ཏེ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་གྱི་རྩོམ་པ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས ་ཉེ་བར་ཞི་བ་ནི་རྩོམ་པ་མེད་ཅིང་ལྷུན་གྱིས་གྲུབ་པ་སྟེ། ཐབས་དང་ཤེས་རབ་དང་གོ་རིམ་བཞིན་དུ་ཀུན་ལ་ཡང་རྒྱ་ཆེར་སྦྱར་རོ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་ལྟ་ཡང་ཤེས་རབ་ཀྱི་སེམས་ཅན་དུ་དམིགས་པ་མེད་པའི་ཕྱིར་བདག་མེད་པ་ལ ་བཟོད་པ་ཞེས་བྱ་བར་སྦྱར་རོ། །བསྡུས་པའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་སྡུད་ཀྱང་ཤེས་རབ་ཀྱིས་ཆོས་གང་ལ་ཡང་དངོས་པོ་མི་འཛིན་པས། ཆོས་ཐམས་ཅད་མི་འཛིན་པ་ཞེས་བྱ་བར་སྦྱར་རོ། །འཁོར་བ་ནི་ཁམས་གསུམ་སྟེ། ཐབས ་ཀྱི་སེམས་ཅན་གྱི་དོན་གྱི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བར་སེམས་ཅན་གྱི་དོན་ཀྱང་སྦྱོང་ལ། ཤེས་རབ་ཀྱིས་ཁམས་གསུམ་དུ་ཡང་མི་དམིགས་ཞེས་བྱ་བར་སྦྱར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འོག་མ་སླ་པ་དག་ནི་མ་བཤད་དོ། །དེ ་དག་དང་འདྲ་བར་མཐུན་མཐུན་དུ་སྦྱར་རོ། །སེམས་ལ་རྨ་མི་ཕྱིན་པ་ནི་བདག་ནི་བཟོད་པ་དང་ལྡན་པའོ། ཞེས་བྱ་བ་ལ་སོགས་པའི་རྟོགས་པ་རྣམས་ཀྱི་རྨ་མི་ཕྱིན་པ་སྟེ། བཟོད་པའི་སྐབས་སུ་བཤད་པ་ལྟ་བུའོ། །སེམས་དཔེན་པ་ནི་མི་དགེ་བ་སྤངས་པ་དང། དགེ ་བ་བརྩམས་པ་གང་ལ་ཡང་མི་རྟོག་པའོ། །སེམས་ལ་ངེས་པར་སེམས་པ་ནི་སྤྲོས་པ་ཐམས་ཅད་ལས་དབེན་པའི་སེམས་ལ་རྟོག་པའོ། །ཚུལ་བཞིན་སྦྱར་བ་ནི་ཐོས་པས་བཅོལ་བའི་ཆོས་དེ་དག་ཤེས་རབ་མི་ཟད་པའི་སྐབས་ནས་ཚུལ་བཞིན་སྦྱོར་བ་སུམ་ཅུ ་རྩ་གཉིས་ལ་སོགས་པ་འབྱུང་བ་ལྟ་བུར་སྦྱར་བའོ། །དགེ་བའི་བཤེས་གཉེན་ལ་སོགས་པ་ལས་ཇི་སྐད་ཐོས་པ་བཞིན་དུ་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་ཆོས་སྟོན་པ་ནི་སེམས་ཀྱི་འཇུག་པ་ཡིན་ལ། མིང་ལ་སོགས་པས་ཐ་སྙད་བཏགས་ཏེ་བརྗོད ་ཀྱང་ཆོས་ཉིད་ནི་བརྗོད་པར་མི་ནུས་པས་ཆོས་ཉིད་བརྗོད་དུ་མེད་པར་རིག་པ་ནི་སེམས་གནས་པ་སྟེ། དེ་བས་ན་མིང་ནི་གང་དང་གང་གིས་སུ། ཆོས་རྣམས་གང་དང་གང་བརྗོད་པ། དེ་ལ་དེ་ནི་ཡོད་མ་ཡིན། དེ་ནི་ཆོས་རྣམས་ཆོད་ཉིད་དོ་ཞེས་གསུངས་སོ། །སྤྲོས་བ ་ཤིན་ཏུ་ཆང་པ་ནི་ཤེས་རབ་ཀྱི་ཚོགས་ཐོས་པ་དང་བསམ་པ་ལ་སོགས་པའི་རྟོག་པ་སྤང་པའོ། །ཡང་དག་པའི་ཤེས་པས་བསྟན་སྙོམས་པ་ནི་སེམས་ཅན་ལ་བྱམས་པ་ལ་སོགས་པར་མི་རྟོག་པའོ། །ཟག་པ་ཟད་པ་ནི་མངོན་པར་ཤེས་པ་དྲུག་སྟེ། དེ་མངོན་སུམ་དུ་བྱེད ་པ་ནི་འདྲིས་པར་བྱེད་པའོ། །དྲན་པ་ཡིད་ལ་བྱེད་པ་མེད་པས་ནི་དྲན་པ་ཉེ་བར་ཞག་པས་ལུས་ལ་སོགས་པའི་མཚན་ཉིད་སོ་སོར་ཡིད་ལ་བྱེད་པ་དེ་དག་མི་དམིགས་པའོ། །དབང་པོ་མེད་པའི་ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དབང་པོ་རྣམས་ཀྱི་སྤྱོད་ཡུལ ་ལས་འདས་པའི་ཕྱིར་རོ། །མི་རྫི་བའི་ཡེ་ཤེས་ནི་སྟོབས་ཉིད་དུ་གྱུར་པ་སྟེ། མདང?་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ལ་བྱའོ། །བྱང་ཆུབ་ཀྱི་ཡན་ལག་གང་དག་པར་བྱུང་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་སྐྱེད་པར་བྱེད་པའི་དོན་ཏོ ་ཆོས་རབ་ཏུ་རྣམ་པར་བྱེད་པ་ལ་མཁས་པའི་ཡེ་ཤེས་ནི་ཆོས་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་ས་དང་པོ་ལ་རྟོགས་པའི་ཡེ་ཤེས་སོ། །གང་ཡང་མི་འགྲོ་བ་ཞེས་བྱ་བ་ལ་ལམ་གྱི་དོན་ནི་ཚོལ་བའི་དོན་ཡིན་པས་གང་ཡང་མི་འགྲོ་བ་ནི་གནས་སུ་ཕྱིན་ཟིན་པས ་ལམ་ཆོལ་བ་དང། བྲལ་ཞེས་བྱ་བའི་ཐ་ཚིག་གོ་།ཞི་གནས་ཀྱིས་སེམས་ཞི་བ་ནི་ཞི་གནས་ཚོལ་བའི་དབང་གིས་སེམས་རྩེ་གཅིག་ཏུ་གྱུར་ཟིན་པ་ལ་བྱའོ། །རྒྱུ་རྟོགས་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱིས་རྒྱུ་མ་རིགས་པ་ལ་སོགས་པ་ན་ཡིན་པ་དང། ་རྣམ་པར་བྱང་བའི་རྒྱུ་མ་རིག་པ་འགགས་པ་ལ་སོགས་པ་ཡིན་པར་རྟོག་པའོ། །རྒྱུ་ཀུན་ཤེས་པ་ནི་རྒྱུ་དེ་དག་མི་དམིགས་པའོ། །ཆོས་ལ་ནན་ཏན་བྱེད་བ་ནི་གཞན་གྱི་སྒྲ་ལས་ཇི་སྐད་ཐོས་པ་བཞིན་དུ་སྒྲུབ་པར་བྱེད་པའོ། །ལུས་ཀྱི་རྒྱན་ནི་མཚན་དང་དཔེ་བྱད ་ལ་སོགས་པ་ཐོབ་པར་རྩོམ་པའོ། །ལུས་ཀྱི་ཆོས་ཉིད་ནི་ལུས་དང་རྒྱན་དེ་དག་མི་དམིགས་པའོ། །དེ་དག་གི་རྒྱན་ནི་དེ་བཞིན་གཤེགས་པའི་གསུང་ཡན་ལག་ལྔ་འམ་དྲུག་ཅུ་འམ། སྟོང་ཕྲག་གྲངས་མེད་པ་དང་ལྡན་པ་ཐོབ ་པར་རྩོམ་བའོ། །འཕགས་པ་མི་སྨྲ་བ་ནི་སྨྲ་བའི་སྤྲོས་པ་སྤངས་ཏེ། སེམས་ནང་དུ་ཡང་དག་པར་འཛག་ལ་གནས་པའོ། །བྱེད་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྒྲུབ་པ་དང་བྲལ་བའོ། །འཇུག་པ་དང་གནས་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལ ་འཇུག་པ་གང་ཞེ་ན། གང་ཐབས་སུ་ལྟར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་དུ་སེམས་བསྐྱེད་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པའི་ཐབས་རྣམས་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྣམས་ལ་རྩོམ་པ་དང། མིང ་དང་བརྡ་ལ་སོགས་པ་ལ་བརྟེན་ཏེ། ཐ་སྙད་ཀྱི་འཇུག་པ་རྣམས་ནི། སེམས་ཀྱི་འཇུག་པ་ཞེས་བྱའོ། །ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སེམས་ཅན་ལ་སོགས་པ་མི་དམིགས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མཐར་ཕྱིན་ཏེ། ཉམས་སུ ་ལོག་པ་དང། མི་དང་བརྡ་ལས་འདས་པའི་ཆོས་ཉིད་བརྗོད་དུ་མེད་པ་ལ་སོགས་པ་དོན་ངམ་པ་རྟོག་བ་ནི་སེམས་གནས་པ་ཞེས་བྱའོ། །དེ་ལ་སེམས་ཀྱིས་བརྩོན་འགྲུས་མི་ཟད་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ ་སེམས་དཔའ་རྣམས་སེམས་ཀྱི་བརྩོན་འགྲུས་དང་དག་རྫོགས་པར་བྱ་བའི་ཆེད་དུ་ཐབས་ཇི་ལྟ་བུས་འཇུག་པ་སྟོན་ཏོ། །འཇུག་པ་ཐམས་ཅད་དང་གནས་དང་མཚན་མ་ཐམས་ཅད་དང་བྲལ་ཞེས་བྱ་བ་ནི་འཇུག་པ་ཐམས་ཅད་དང། གནས་ཐམས་ཅད་ལ་ཡང ་གནས་ལ། བཟུང་བ་དང་འཛིན་པའི་མཚན་ཉིད་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་མ་ཐམས་ཅད་དང་ཡང་བྲལ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འོ་ན་དགེ་བའི་རྩ་བ་བསྒྲུབ་པ་དང་སེམས་ཅན་གྱི་དོན་གྱི་བྱ་བ་ལ་སོགས་པ་ཡང་མི་བྱེད་དམ་ཞེ་ན། རེ?་མཚན ་མའི་ལས་ཐམས་ཅད་དུ་ཡང་འཇུག་པ་ཞེས་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་པ་ལ་སོགས་པ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ་།ཡེ་ཤེས་ཀྱི་ལས་ལ་ཡང་གནས་པ་ཞེས་བྱ་བ ་ནི། གང་དགེ་བའི་རྩ་བའི་རྒྱུད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་གང་གིས་མཐུས་འདུས་བྱས་སུ་ཡང་མི་གཏོང། འདུས་མ་བྱས་དུ་ཡང་མི་ལྷུང་བ་ནི་ཡེ་ཤེས་ཀྱི་ལས་ཞེས་བྱའོ། །དེ་ལ་དགེ་བའི་རྩ་བའི་རྒྱུ་དང། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན ་པོའི་རྒྱུ་འདུས་བྱས་སུ་ཡང་མི་གཏོང་བ་ནི་འདུས་བྱས་སུ་མི་གཏོང་བའི་ཡེ་ཤེས་ཀྱི་ལས་ཏེ་དེ་གཉིས་ནི་ཁམས་གསུམ་དུ་སྦྱར་བ་འདུས་བྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་དེ་འབའ་ཞིག་ལ་མི་གནས་པས་ན ་འདུས་མ་བྱས་མི་ལྷུང་བ་ཞེས་བྱའོ། །བརྩོན་འགྲུས་མི་ཟད་པ་བཤད་ཟིན་ཏོ།། །།བསམ་གཏན་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལས་མི་གཡོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་བསྟན་བའི་ཕྱིར་བཙུན་བ་ཤ ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་མི་ཟད་པ་ཡང་རྣམ་པ་ལྔས་བསྟན་ཏེ། བསམ་གཏན་གྱི་རྣམ་པ་ཁྱད་པར་རྣམ་པར་དག ་ཁ་ལ་གནས་པ་དང། བསམ་གཏན་ཤིན་ཏུ་སྦྱངས་པའི་འབྲས་བུ་ལ་གནས་པ་དང། མི་མཐུན་པའི་ཕྱོགས་དཔག་ཏུ་མེད་པའི་གཉེན་པོར་གྱུར་པས་གཉེན་པོ་ཚང་མེད་པ་དང་ལྡན་པ་དང། ངེས་པའི་ཚིག་གིས་དམིགས་པ་ཐ་དད་པ་ལ་སོགས་པ་དང། མི་མཐུན་པ ་ཕྱོགས་ཡིན་ལ་བྱེད་པ་སྤངས་པ་དང། གཉེན་པོ་རྣམ་པར་དག་པ་ལ་གནས་བས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་ནི་འཇིག་རྟེན་པའི་བསམ་གཏན་དང། སྙོམས་པར་འཇུག་པ་ལ་སོགས་པ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི ་བསམ་གཏན་ལས་ཁྱད་པར་དུ་འཕགས་ཏེ། དེ་དག་ཟིལ་གྱིས་གནོན་བའི་ཕྱིར་དང། ཉི་མའི་སྒྲོན་མ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་དང་ལྡན་པས་ན་མི་ཟད་པ་ཡིན་ནོ། །དེ་ལ་བསམ་གཏན་གྱི་རྣམ ་པའི་ཁྱད་པར་དག་པ་ལ་གནས་པའི་དབང་དུ་བྱས་ནས། བཙུན་པ་ཤ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་རྣམ་པའི ་ཁྱད་པར་རྣམ་པར་དག་པ་ལ་གནས་པ་ཡང་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཏེ་དཀའ་བར་སྤྱོད་པའི་ཁྱད་པར་དང་མངོན་པར་ཤེས་པ་དང། ཆོ་འཕྲུལ་ཆེན་པོ་ལ་དབང་རྣམ་པར་དག་པའི་ཁྱད་པར་དང། སེམས་ལ་དབང་ཐོབ་པའི་དབང་གིས་ཁྱད་པར་རྣམ་པར་དག་པ་དང། འཇུག ་པ་དང་གནས་པ་དང་ལྡང་བ་ལ་དབང་བའི་ཁྱད་བར་དང། འཇིག་རྟེན་ལས་འདས་པ་ལས་ཀྱང་འཕགས་པའི་དབང་གི་ཁྱད་པར་དང། ཕྱིར་ཉམས་པ་མེད་པའི་དབང་གིས་ཁྱད་པར་དང་ཤེས་བྱ་དང་ཉོན་མོངས་པ་མེད་བའི་དབང་གི་ཁྱད་པར་དང། སེམས་ཅན ་ཆོས་སུ་འཛིན་པ་དང་བྲལ་བས་ལྟ་བ་རྣམ་པར་དག་བའི་ཁྱད་པར་དང། རྣམ་པ་ཐམས་ཅད་དུ་སེམས་ཅན་ལ་ཕན་འདོགས་པས། ཕན་འདོགས་པ་རྣམ་པར་དག་པའི་ཁྱད་པར་དཀོན་མཆོག་གསུམ་གྱི་རིག་མི་གཅོད་པ་ལ་དབང་རྣམ་པར་དག་པའི་ཁྱད་པར ་དང། ཉམས་པ་མེད་པར་རྣམ་པར་དག་པའི་ཁྱད་པར་དང། ཡེ་ཤེས་ཀྱི་ཁྱད་པར་ལ་གནས་པ་དང། མཐར་ཕྱིན་པའི་བདག་ཉིད་ཆེན་པོ་དང་ལྡན་བའོ། །དེ་དག་ལས་ཀྱང་དཀའ་བར་སྦྱོད་པའི་ཁྱད་པར་ནི་མདོ་ཚིག་དང་བོ་བཞིས་བསྟན། ལྷག་མ་རྣམས་ནི་མདོའི་ཚིག ་རེ་རེས་བསྟན་ཏོ། དེ་བཞིན་གཤེགས་པའི་བསམ་གཏན་ནི། སྐྱོན་ཐམས་ཅད་དང་བྲལ་བ་སྟེ། དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། འཇིག་རྟེན་པའི་བསམ་གཏན་བཞི་དང། སྙོམས་པར་འཇུག་པ་བཞིའི ་ཡན་ལག་རྟོག་པ་དང་སྤྱོད་པ་ལ་སོགས་པ་དེ་ལ་མ་ཆགས་པའོ། །སྙིང་རྗེ་ཆེན་པོ་ལ་དམིགས་པ་ཞེས་བྱ་བ་ནི་དང་པོ་བསམ་གཏན་ལ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པར་བྱ་བའི་ཕྱིར་རོ། །བསམས་ཏན་ལ་མཉམ་པར ་བཞག་གོ་སྙམ་དུ་དམིགས་ནས་འཇུག་བའི་ཕྱིར། །འདོད་པའི་ཁམས་སུ་དམིགས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་ལ་བལྟ་བ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཏིང་ངེ་འཛིན་ལྡོག་པ་ཡིན་ཏེ། འཇིག་རྟེན་པ་ལ་སོགས་པས་ནི ་ཁམས?་གོང་མའི་ཏིང་ངེ་འཛིན་ལ་གནས་པ་དེ་ལས་ལྡོག་ཅིང། ཁམས་གོང་མར་གནས་པར་མི་ནུས་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤིན་ཏུ་དབང་དུ་གྱུར་པར་ཁམས་གོང་མ་ལས་འདོད་པའི་ཁམས་སུ་དམིགས་ཤིང་སྐྱེས་ཀྱང་ཉམས ་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་དེ་དག་གིས་བཀའ་བར་སྤྱོད་པར་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྦྱོད་པ་ཀུན། ཤེས་པའི་ཕྱིར་ཞེས་པ་ལ་སོགས་པས་མངོན་པར་ཞེས་པ་དང། ཆོས་འཕྲུལ་ཆེན་པོ་ལ་དབང་རྣམ་པར་དག་པ ་བསྟན་ཏེ་སེམས་ཀྱི་སྤྱོད་པ་ཡང་སྔར་བསྟན་ལ། ཕྱིས་ཀྱང་སྟོན་པར་འགྱུར་རོ། །མངོན་པར་ཤེས་པ་ཡོངས་སུ་སྦྱངས་པ་བྱས་པ་ནི་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་སེམས་ཀྱི་སྤྱོད་པ་ཀུན་ཤེས་པ་ངེས་མངོན་པར་ཤེས་པ་ལྔ་ལས་སུ་རུང་བར་བྱས་སོ་ཞེས་བྱ་བའི ་དོན་ཏོ། །སེམས་ཀྱི་དབང་ཕྱུག་ཤེས་པའི་ཕྱིན་ཞེས་བྱ་བ་ལ་སོགས་པས་སེམས་ལ་དབང་ཐོབ་པའི་དབང་གི་ཁྱད་པར་རྣམ་པར་དག་པ་བསྟན་ཏེ། ཏིང་ངེ་འཛིན་རྩེ་གཅིག་པའི་མཚན་ཉིད་ཀྱི་དབང་སྒྱུར་བ་ནི་སེམས་ཀྱི་དབང་ཕྱུག་ཤེས་པའོ། །དེའི་ཕྱིར་སེམས་ལས་སུ ་རུང་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་དུ་མི་འགྲོ་ཞིང་ཇི་ལྟར་འདོད་པ་བཞིན་དུ་གནས་སུ་གཏུབ་ཞེས་བྱ་བའི་ཐ་ཚིག་གོ་།གཟུགས་དང་གཟུགས་མེད་པའི་ཁམས་ཟིལ་གྱིས་གནོན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཇུག་པ་དང། ་གནས་པ་དང་ལྡང་བ་ལ་དབང་བའི་ཁྱད་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གཏན་ནི་བསམ་གཏན་ལ་སོགས་པ་ལ་དང་པོ་ཡང་ཅིར་དགའ་སྙོམས་པར་འཇུག་ལ། བར་དུ་ཡང་ཇི་ཙམ་འདོད་པའི་བར ་དུ་གནས་ཤིང་ཐ་མར་ཡང་ན་མ་དགའ་བ་ན་ལྡང་བར་བྱེད་ཀྱི། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ནི་དང་པོ་སྙོམས་པར་འཇུག་པའི་ཤུགས་མི་ཟད་ཀྱི་བར་དུ་ལྡང་བར་ཡང་མི་ནུས་ལ། ནམ་འདོད་བ་ན་བསམ་གཏན་གང་ཡང་རུང་པ་ལ་སྙོམས་པར ་འཇུག་པ་ཡང་མི་ནུས་པས་ཟིལ་གྱིས་གནོན་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པ་ལས་ཀྱང་འཕགས་པའི་དབང་གི་ཁྱད ་པར་བསྟན་ཏེ། ཞི་བ་དང་རབ་ཏུ་ཞི་བ་ནི་གཟུང་བ་འཛིན་པའི་རྟོག་པ་ཞི་བ་དང་རབ་ཏུ་ཞི་བ་འམ། ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤོང་བའི་ཕྱིར་ཞི་བ་དང་རབ་ཏུ་ཞི་བ་ཞེས་བྱའོ། །ཤིན་ཏུ་མཐར་ཐུག་པའི་ཕྱིར་ཞེས་བྱ་བ་ལ་སོགས ་པས་ཉམས་པ་མེད་པའི་དབང་གི་ཁྱད་པར་བསྟན་ཏེ། མི་འཁྲུགས་པ་ནི་མཐར་ཐུག་པར་གྱུར་པས་མི་མཐུན་པའི་ཕྱོགས་ཀྱི་ཉམས་བར་བྱར་མེད་པའི་ཐ་ཚིག་གོ་།ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས། ཤེས་བྱ་དང་ཉོན་མོངས་པ་མེད་པའི་དབང་གིས་ཁྱད་པར་བསྟན་ཏེ་ལོག་པར་སྒྲུབ་པ་ནི་ལས་དང་ཉོན་མོངས་པ་གང་གིས་ཚེ་རབས་གཞན་དུ་ཉིད་མཚམས་སྦྱོར་བའི་རྒྱུ་ཀུན་ནས་དཀྲིས་བ་དང་བག་ལ་ཉལ་ཡིན་ཏེ། ་དེའི་གཉེན་པོ་ཞེས་བྱ་བའི་ཐ་ཚིག་གོ་འཇིག་རྟེན་ཐམས་ཅད་ལས་བསྒྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སེམས་ཅན་དང་ཆོས་སུ་འཛིན་པ་དང་བྲས་ལྟ་བ་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། འཇིག་རྟེན་ཐམས་ཅད་ནི་སེམས་ཅན་དང་ཆོས་སུ ་འཛིན་པ་ལས་མངོན་པར་ཞེན་པ་ཡིན་ཏེ། དེ་དག་ལས་བསྒྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤེས་རབ་ལ་འཇུག་པ་སྟེ། བསམ་གཏན་འདིས་སེམས་ཅན་དང་ཆོས་སུ་འཛིན་པ་དང་བྲལ་བ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ལ ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་བ་ཐམས་ཅད་དུ་སེམས་ཅན་ལ་ཕན་འདོགས་པས་ཕན་འདོགས་པ་རྣམ་བར་དག་པའི་ཁྱད་པར་བསྟན་ཏེ། བསྒྲལ་བ་ནི་ངན་སོང་དང། སྲིད་བའི ་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་རོ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྔོན་དུ་འགྲོ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་བསམ་པ་སྔོན་དུ་གཏོང་བའོ། །དེ་བཞིན་གཤེགས་པའི་བསམ་གཏན་མི་ཟད་པ་ཡོངས་སུ་རྫོགས་བར་བྱ་བའི་ཕྱིར་ཞེས་བྱ ་བ་ལ་སོགས་པས་དཀོན་མཆོག་གསུམ་གྱི་རིགས་མི་བཅོད་པ་ལ་དབང་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། དེ་བཞིན་གཤེགས་པའི་བསམ་གཏན་ནི་གོང་དུ་བཤད་པའོ། །བསམ་གཏན་ངེས་འཇིག་རྟེན་གྱི་ཁམས་གང་དུ་དཀོན་མཆོག་གསུམ་གྱི་མཚན ་མི་གྲག་པར་ནི་གྲག་པར་བྱེད། གང་དུ་གྲག་བར་ནི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མ་ཆད་པར་བྱེད་དེ། དེ་ལྟར་བྱེད་པའི་བསམ་གཏན་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དཀོན་མཆོག ་གསུམ་གྱི་རིགས་མི་གཅོད་པའོ། །རྟག་ཏུ་མཉམ་པར་བཞག་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉམས་པ་མེད་པ་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། འགྲོ་བ་དང་འདུག་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་མཉམ་པར་བཞག་པས་མཉམ ་པ་ཞེས་བྱ་སྟེ། སྤྱོད་ལམ་ཐམས་ཅད་དུ་ཉམས་པ་ཞེས་བྱ་སྟེ། སྦྱོད་ལམ་ཐམས་ཅད་དུ་ཉམས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་ཁྱད་པར་ལ་གནས་པ་བསྟན ་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་འཇུག་པས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གཏན་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཡེ་ཤེས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས ་རྣམས་ལ་དབང་བསྒྱུར་བའི་ཡེ་ཤེས་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ་།ཡེ་ཤེས་ཀྱི་བདག་ཉིད་ཆེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཐར་ཕྱིན་པའི་བདག་ཉིད་ཆེན་པོ་དང་ལྡན་པ་བསྟན་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཆེ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེས་པའོ། །དེ ་ལྟ་བུ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནམ་མཁའ་ཁྱབ་ཅེས་བྱ་སྟེ། ནམ་མཁའ་བཞིན་ཐོགས་པ་དང་ཆགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་བསམ་གཏན་རྣམ་པར་དག་པ་བཅུ་དྲུག་པོ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས ་ལ་ཡང་མེད་ན་འཇིག་རྟེན་པ་རྣམས་ལ་ལྟ་ག་ལ་ཡོད་ཅེས་བསྟན་པས་ནི་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་གྱི་བདག་ཉིད་ཆེ་བ་བརྗོད་དོ། །བསམ་གཏན་ཤིན་ཏུ་སྦྱངས་པའི་འབྲས་བུ་རྣམ་པར་དག་པའི་དབང་དུ་བྱས་ནས། །དེ་ལ་བསམ་གཏན་ཡོངས་སུ ་སྦྱངས་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་ཡོངས་སུ་སྦྱང་པ་ཞེས་བྱ་བ་ནི་བསམ་གཏན་གྱི་ཡོངས་སུ་སྦྱད་པ་སྟེ། སེམས་ལས་སུ་རུང་བའི་འབྲས་བུ་གང་སྤྱད་པ་ལ་བྱའོ། །དེ་ཉིད་ཀྱང་གང་ཞེ་ན་གང་མངོན་པར་ཤེས་པ་དང་ཡེ་ཤེས ་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་གསུངས་ཏེ། འོག་ནས་སྨོས་པ་ལྟ་བུའི་མངོན་པར་ཤེས་པ་དང་ཡེ་ཤེས་ཡོངས་སུ་རྫོགས་པ་རྣམས་ནི་སེམས་ལས་སུ་རུང་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གིས་གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་ཞེས་བྱ་བ་ལ་སོགས ་པ་ཚིག་གི་ཚར་ཕྲུགས་ལྔས་ནི་ལྷའི་མིག་དང། ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། རྫུ་འཕྲུལ་མངོན་པར་ཤེས་པ་རྣམས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་མན་ཆད་ཚིག་གི་ཚར་ཕྲུག་གསུམ་གྱི་ནི་ཟག་པ་ཟད ་པ་མངོན་པར་ཤེས་པ་བསྟན་ཏེ། དངོས་གསལ་བ་རྣམས་ནི་མ་བཤད་དོ། །གང་གིས་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་མི་ཟད་པར་ཤེས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གིས་གཟུགས་བཟང་པོ་དང་ངན་པ་ལ་སོགས་པ་ལྷའི་མིག་གིས་མཐོང་ངོ ་ཅོག་ཐམས་ཅད་ཀྱིས་ཆོས་ཉིད་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཤེས་ཀྱང་མི་ཟད་པའི་ཆོས་མངོན་སུམ་དུ་མི་བྱེད་དེ་འཕགས་པའི་ཉན་ཐོས་དག་ལྟར་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་བྱེད་པ་ནི་ཡེ་ཤེས་ཞེས་བྱའོ། །གང་སྒྲ་ཐམས་ཅད་སྔོན་གྱི་མཛའ་དང་ཕྱི་མའི ་མཐར་བརྗོད་དུ་མེད་པར་ཤེས་པ་ནི་སྒྲ་ཆེན་པོ་འམ་ཆུང་ངུ་ལ་སོགས་པ་ལྷའི་རྣ་བས་ཐོས་སོ་ཅོག་འདས་པ་དང། མ་འོངས་པ་མཛའ་བརྗོད་དུ་མེད་པ་སྟེ། དམིགས་སུ་མེད་པར་ཤེས་པ་ནི་ཡེ་ཤེས་ཞེས་བྱའོ། །སེམས་འགོག་པར་ཤེས་པ་ནི་སེམས་ཀྱི་ཆོས་ཉིད ་གཟུང་བ་འཛིན་པ་གཉིས་དང་བྲལ་བར་ཤེས་པ་སྟེ། དེ་ལྟར་ཤེས་ཡང་སེམས་ཀྱི་ཆོས་ཉིད་སེམས་འགོག་པ་མངོན་སུམ་ཡང་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །སྔོན་གྱི་མཛའ་དང་ཕྱི་མའི་མཛའ་རྗེས་སུ་དྲན་པ་ནི་བདག་དང་ཕ་རོལ་རྣམས་འདས་པའི་དུས་ན ་ཇི་ལྟ་བུར་གྱུར་ཅིང་བྱེད་པ་དང། མ་འོངས་པའི་དུས་ན་བདག་དང། ཕ་རོལ་རྣམས་ཇི་ལྟར་འགྱུར་བ་ཤེས་པའོ། །གང་དུས་གསུམ་ལ་མ་ཆགས་པར་ཤེས་པ་ཞེས་བྱ་བ་ནི་དུས་གསུམ་གྱི་དངོས་པོ་རྣམས་ལ་མཚན་མ་དང་དངོས་པོ་ཉིད་དུ་མི་འཛིན་ཅིང། དུས ་གསུམ་མཉམ་ཉིད་དུ་ཤེས་པའོ། །ཞིང་ནམ་མཁའ་དང་མཚུངས་པར་ཤེས་པ་ནི་ཇི་ལྟར་ནམ་མཁའ་གསེར་དང། བཻ་ཌཱུརྱ་ལ་སོགས་པ་གང་གི་རང་བཞིན་ཡང་མ་ཡིན་པ་ལྟར་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་སྟོང་པ་ཉིད་དུ་ཤེས་པའོ། །དབྱེར་མེད་པའི་ཆོས་ནི་ཉན ་ཐོས་དང་རང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟག་པ་མེད་པའི་ཆོས་རྣམས་རྣམ་པར་གྲོལ་བར་རོ་གཅིག་པ་སྟེ། དེ་ལྟ་བུ་ཐོབ་པར་འདོད་པ་འདི་ནི་མངོན་པར་ཤེས་པ་ཡིན་ལ་དེའི་འོག་ཏུ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་མཉམ་པར་མཐོང་སྟེ། རྣམ་པར་གྲོལ་བའི ་རང་བཞིན་དུ་ཡང་མི་དམིགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ཡེ་ཤེས་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་བཟོ་དང་གསོ་བ་རིག་པ་ལ་སོགས་པ་འཇིག་རྟེན་ཐམས་ཅད་དབྱེར ་མེད་ཅིང་ཐུན་མོང་དུ་གྱུར་པའི་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་མ་འདྲེས་པར་ཤེས་པ་ནི་ཡེ་ཤེས་ཡིན་པར་སྦྱོར་རོ། །ཟག་པ་ཟད་པའི་མཐུས་བརྒྱ་བྱིན་ལ་སོགས་པ་མཐུ་དང་རྫུ ་འཕྲུལ་ལ་སོགས་པ་ཟིལ་གྱིས་གནོན་པ་འདི་ནི་མངོན་པར་ཤེས་པ་ཡིན་ལ། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཀྱང་ཁྱད་པར་དུ་འཕགས་ཏེ་སྤྱི་བོར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱ་བར་སྦྱར་ཏེ། མདོར་ན་གང་གི་ཙམ་དུ ་མཚན་མ་དང་རྩོལ་བ་དང་བཅས་པ་ཐམས་ཅད་ལ་ནི་མངོན་པར་ཤེས་པ་ཞེས་བྱ་བ། མཚན་མ་མེད་ཅིང་ལྷུན་གྱི་གྲུབ་པར་བཤད་པ་ཐམས་ཅད་ནི་ཡེ་ཤེས་ཞེས་བྱའོ། །མི་མཐུན་པའི་ཕྱོགས་དཔག་ཏུ་མེད་པའི་གཉེན་པོར་གྱུར་པས་གཉེན་པོ་ཚད་མེད་པའི ་དབང་དུ་མཛད་ནས། ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང། སེམས་གཡེངས་པ་ཇི་སྙེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཚོགས་ཇི་སྙེད་ཡོད་པ་དང། དམིགས་པ་དེ་དག་དེ་དག ་ལ་རྟེན་པས་སྐད་ཅིག་ཀྱང་མི་གནས་པའི་སེམས་གཡེང་བ་ཇི་སྙེད་ཡོད་པ། སྤོང་བར་བྱེད་པའི་གཉེན་ནོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་དང། སེམས་བཞག་པ་ཤེས་པ་ཡང་དེ་སྙེད་ཅིག་ཡོད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི ་འདི་སྐད་དུ་སེམས་ཅན་གྱི་ཉོན་མོངས་པ་དང། སེམས་གཡེང་བ་དཔག་ཏུ་མེད་དེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་གྱི་ཚོགས་དང་སེམས་མཉམ་པར་བཞག་པ་ཤེས་པ་ཡང་དཔག་ཏུ་མེད་དོ་ཞེས་སྟོན་ཏོ། །དེ་ལ་བསམ་གཏན་གྱི་ཚོགས ་ནི་བསམ་གཏན་གྱི་རྒྱུ་ལ་བྱའོ། །སེམས་གཞག་པ་ཤེས་པ་ནི་འབྲས་བུ་ལ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང། སེམས་གཡེང་བ་ཇི་སྙེད་པ་དེ་སྟེང?་དུ་བྱང་ཆུབ་སེམས་དཔས་ཀྱང་བསམ་གཏན་གྱི་ཚོགས་ཡང་དག་པར་བསྒྲུབ་པར་བྱའོ་ཞེས་བྱ ་བས་ནི། སེམས་ཅན་གྱི་ཉོན་མོངས་པ་དང། སེམས་གཡེང་བ་དེ་ལྟར་དཔག་ཏུ་མེད་པས་ན། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཚོགས་བསྒྲུབ་པར་འདོད་པས་ཀྱང། སེམས་ཅན་གྱི་ཉོན་མོངས་པ་དང། སེམས་གཡེང་བ་དཔག་ཏུ་མེད་པའི་གཉེན་པོ་བསམ་གཏན ་གྱི་ཚོགས་ཀྱང་དཔག་ཏུ་མེད་པ་སྒྲུབ་པར་བྱའོ་ཞེས་སྟོན་ཏོ། །ངེས་པའི་ཚིག་གིས་དམིགས་པ་ཐ་དད་མེད་པ་ལ་གནས་པ་རྣམ་པར་དག་པའི་དབང་དུ་བྱས་ནས། མཉམ་པ་ཉིད་དེ་ལ་གནས་པས་ན་དེའི་ཕྱིར་མཉམ་པར་བཞག་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་དུ་སྨོས་པ་སེམས་བཞག་པ་ཤེས་པ་ན་བསམ་གཏན་གྱི་ཚོགས་ཀྱི་འབྲས་བུ་ཞུམ་པ་དང། རྒོད་པ་སྤངས་པ་ཡིན་པས་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ལ་གནས་པས་ན། སེམས་མཉམ་པར་བཞག་པ་ཞེས་བྱའོ། །ཡང་ན་སྔར་སྨོས་པ་ལྟ ་བུའི་ཆོས་རྣམས་ཀྱི་མཉམ་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གཞག་པས་ན་མཉམ་པར་བཞག་པ་ཞེས་བྱའོ། །ཡང་ན་མཉམ་པ་ཉིད་དེ་ནི་འོག་ནས་སྨོས་པ་སྟེ། གང་དང་གང་དག་མཉམ་ཞེ་ན། སེམས་ཅན་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས ་པ་དང་སྦྱར་རོ། །སེམས་ཅན་ལས་ཉོན་མོངས་པ་མིང་གིས་སྨོས་པ་དེ་དག་ནི་ཡང་དག་པར་ན་ཇི་སྐད་དུ་བརྗོད་པ་བཞིན་གྲུབ་པ་མེད་དེ་ཐམས་ཅད་འོ་ཅིག་ཅིང་མཉམ་པ་ཡིན་ཏེ། མཉམ་པ་ཉིད་དེ་ལ་གནས་པས་ན། དེའི་ཕྱིར་མཉམ་པར་བཞག་པ་ཞེས་བྱའོ། །ཏིང་ངེ་འཛིན་སེམས་རྩེ ་གཅིག་པའི་མཚན་ཉིད་གང་དང་མཉམ་པ་གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱང་དེ་དང་མཉམ་སྟེ་སྟོང་པ་ཉིད་དུ་འདྲ་ཞེས་བྱ་བའི་ཐ་ཚིག་གོ་དེ་བཞིན་དུ་ཚིག་འོག་མ་རྣམས་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །བྱང་ཆུབ་གང་དང་མཉམ་པ་སྟོང་པ་ཉིད་ཀྱང་དེ་དང ་མཉམ་མོ་ཞེས་བྱ་བ་ནི། བྱང་ཆུབ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རང་བཞིན་ཅིག་སྟེ། ཡང་དག་པར་ན་ཐ་མི་དད་དོ་ཞེས་བྱ་བའི་ཐ་ཚིག་གོ་མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་མི་སྐྱེ་བ་ཡང་དེ་དང་མཉམ་མོ་ཞེས་བྱ ་བ་ནི་དགེ་བ་དང། མི་དགེ་བ་ལ་སོགས་པའི་མངོན་པར་འདུ་བྱེད་པ་དང་བྲལ་བའི་ཆོས་ཉིད་དང། མི་སྐྱེ་བ་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་མི་འབྱུང་བ་དང་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་ཡང་རང་བཞིན་གཅིག་ཅེས་བྱ་བར་སྦྱར་རོ། །གཟུང་བ ་དང་འཛིན་པ་རྟོག་པའི་དྲི་མའི་དངོས་པོ་མེད་དེ་དང་འབྲལ་བ་ཉིད་རྣམ་པར་དག་པ་ཡིན་ཏེ། གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །རང་གི་སེམས་ཀྱི་རང་བཞིན་དེ་ལྟར་བཟོད་མ་ནས་རྣམ་པར་དག་པའི་རང་བཞིན་དུ་ཉམ་པ་དང། སེམས་ཅན་ཐམས་ཅད་ཀྱི ་སེམས་ཀྱི་རང་བཞིན་ཡང་འདྲ་བར་ཡུན་རིང་པོ་ནས་སྒོམ་ཞིང་མཉམ་པ་ཉིད་དེ་ལ་ཞུགས་པས་ན་དེའི་ཕྱིར། སྙོམས་པར་ཞུགས་པ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཡིད་ལ་བྱེད་པ་སྤངས་པའི་དབང་དུ་བྱས་ནས་ཕན་པར་བྱེད་པ་དང་ཕན་པར་མི་བྱེད་པ་ཐམས་ཅད་ལ ་སྙོམས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕན་པར་བྱེད་པ་ནི་ཕན་འདོགས་པའོ། །ཕན་པར་མི་བྱེད་པ་ནི་གནོད་པ་བྱེད་པ་སྟེ། དེ་གཉིས་ལ་འདྲ་བར་སེམས་པས་ན་སྙོམས་པ་ཞེས་བྱ་བ། །སྙོམས་པའི་དཔེས་བསྟན་པའི་ཕྱིར་ས་དང་མཉམ་པའི ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། མི་མཐོ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པས་རློམ་སེམས་སུ་མི་བྱེད་པར་གནས་པའོ། །མི་དམའ་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་མང་ཞིང་རྒྱ་ཆེ་བ་དག་ཐོས་ནས། བསྒྲུབ་མི་ནུས་སོ་སྙམ་དུ་སེམས་ཞུམ་པ་མེད ་པ་སྟེ། དེ་ལྟར་མི་མཐོ་མི་དམའ་གནས་པས་མི་གཡོ་བར་གྱུར་པ་ཡིན་ཏེ། གང་གིས་ཀྱང་བསྐྱེད་མི་ནུས་པར་གྱུར་ཅེས་བྱ་བའི་དོན་ཏོ། །སྤྱོད་ལམ་ཐམས་ཅད་དུ་མཉམ་པར་བཞག་པ་ཅེས་བྱ་བ་ལ་སོགས་པས་ནི་ལུས་དང། སེམས་དེད་དག་ཡོངས་སུ་དག་པ་བསྟན ་ཏེ། འགྲོ་བ་དང་འདུག་པ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་མཉམ་པར་བཞག་པ་དང་དེ་ཡང་སོ་སོ་ཀུན་ཏུ་བརྟགས་ནས་མཉམ་པར་བཞག་པ་ལྟར་བཅོས་པ་མ་ཡིན་པས་སྤྱོད་ལམ་མ་བཅོས་པ་སྟེ། ཚིག་དེ་གཉིས་ཀྱིས་ནི་ལུས་ཡོངས་སུ་དག་པར་བསྟན་ཏེ། ་སོ་སོར་ཀུན་ཏུ་བརྟགས་ནས་སྙོམས་པར་ཞུགས་པ་མ་ཡིན་གྱི། དུས་ཐམས་ཅད་དུ་རང་བཞིན་གྱི་སྙོམས་པར་ཞུགས་པ་དང། རྒྱུ་བའི་ཚེ་མིག་ལ་སོགས་པའི་དབང་པོ་ཡུལ་ལ་མི་རྒོད་པ་དང། གནས་པའི་ཚེ་འདོད་པ་ལ་འདུན་པ་དང། གནོད་སེམས་ལ ་སོགས་པ་ལ་མི་གཡེང་བའི་ཚིག་དེ་གསུམ་གྱིས་སེམས་ཡོངས་སུ་དག་པ་བསྟན་ཏོ། །རན?་པར་སྨྲ་ཞིང་མང་དུ་མི་སྨྲ་བས་མུ་ཅོར་མི་སྨྲ་བ་དང། ཆོས་སྨྲ་བ་དང། བདེན་པ་སྨྲ་བས་ཚིག་ལ་འཆལ་བ་དེ་གཉིས་ཀྱི་ནི་དག་ཡོངས་སུ་དག་པ་བསྟན་ཏོ། །དོན་ཤེས་པ་ལ་སོགས ་པས་ནི་བསྒོམ་པར་བྱ་བའི་དོན་དང་ཆོས་དང། སྒོམ་པའི་དུས་ཤེས་པ་བསྟན་ཏེ། སྟོང་པ་དང་བདག་མེད་པ་ལ་སོགས་པ་ཆོས་རྣམས་ཀྱི་དོན་ཤེས་པ་དང། མིང་དང་ཚིག་དང་ཡི་གེས་བསྡུས་པ་གསུང་རབ་ཀྱི་ཡན་ལག་གི་ཆོས་ཤེས་པ་གཉིས་ཀྱི་ནི་གང་བསྒོམ་པར ་བྱ་བ་ཤེས་པ་བསྟན་ཏོ། །དབྱར་དང་སྟོན་དང་དགུན་དང་དགུ་སྣང་དང་དབྱིད་དང་སེས་ཀའི་དུས་གང་གི་ཚེ་ཇི་ལྟར་བསྒོམ་པ་ཤེས་པས་དུས་ཤེས་པ་དང། དེ་ཡང་ནམ་གྱི་ཆ་སྟོང་དང། ཆ་སྨད་ལ་སོགས་པ་གང་གི་ཚེ་བསྒོམ་པ་ཤེས་པས་ཆོད་ཤེས་པ་དང། འདི་ནི་ལྡང ་བའི་དུས་སོ། །འདི་ནི་ཟས་ཀྱི་དུས་སོ། །འདི་ནི་འཆགས་པའི་དུས་སོ། ཞེས་བྱ་བ་ལ་སོགས་པ་ཤེས་པས་དུས་དང་དུས་མིན་ཤེས་པ་སྟེ་ཚིག་དེ་དག་གིས་ནི་བསྒོམ་པའི་དུས་ཤེས་པ་བསྟན་ཏོ། །འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་སྙེགས་ཤིང་ཞེས་བྱ་བ་ལ་སོགས་པས ་ནི་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཟིན་པ་སྟོན་ཏེ། སྔར་བསྟན་པ་ལྟར་སྤྱོད་ལམ་ཐམས་ཅད་དུ་མཉམ་པར་བཞག་པ་ཡིན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་རྒྱལ་རིགས་དང་རྗེའུ་རིགས་ལ་སོགས ་པ་འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་སྙེགས་ཏེ་དེ་དག་མཐུན་པའི་སྤྱོད་པའི་ཐབས་མཁས་པ་དང་ཡང་ལྡན་ལ། ཤེས་རབ་ཀྱིས་ཟིན་པས་དེ་དག་གི་ནང་ན་གནས་ཀྱང་འཇིག་རྟེན་དང་མ་འདྲེས་པ་ཡིན་ནོ། །ཇི་ལྟར་མ་འདྲེས ་ཞེ་ན། འཇིག་རྟེན་གྱི་ཆོས་བརྒྱད་ལས་འདས་པ། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་ཞེས་གསུངས་སོ། །འདུ་འཛིའི་ནང་ན་ཡང་སྤྱོད་ལམ་དབྱེན་པ་ནི་སེམས་ཅན་གྱི་དོན་ལ་འཇིག་རྟེན་གྱི་རྗེས་སུ་སྙེགས་ཤིང་འདུ་འཛི་མང་པོའི་ནང་ན་གནས་ན་ཡང ་སེམས་དབེན་ཅིང་རྩེ་གཅིག་ཏུ་གནས་ཤེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བུའི་ཆོས་ལ་གནས་པ་ནི་བསྟན་མ་ཐག་པའི་ཆོས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཉོན་མོངས་པ་དང་འཇིག་རྟེན་གྱི་ཆོས་དག་གི ་དབང་དུ་མི་འགྱུར་བའི་ཕྱིར་མཉམ་པར་མ་བཞག་པའི་གནས་ཀྱང་མི་འདོར་ལ། ཐབས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་སྣང་ངོ། །ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་ཞེས་བཤད་ན། ཐབས་དང ་ཤེས་རབ་གང་ཡིན་སྙམ་ནས་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐབས་ནི་གང་ཤེས་རབ་ནི་གང་ཞེ་ན་ཞེས་དྲིས་པ་དང། གཉེན་པོ་རྣམ་པར་དག་པ་ལ་གནས་པའི་དབང་དུ་བྱས་ནས། གང་བྱང་ཆུབ་སེམས་དཔའ་མཉམ་པར་བཞོག་པ་ན་སེམས་ཅན་ལ་ལྟ ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་ཐབས་དང་ཤེས་རབ་ཀྱིས་ཟིན་པ་རྒྱ་ཆེར་གསུངས་སོ། །མཉམ་པར་བཞོག་པ་ནི་ཞེས་བྱ་བ་ནི་དང་པོ་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་ཚེའོ། །སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས ་ཅན་འདོགས་པ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་པ་བཞིན་དུ་སྡུག་བསྔལ་བ་ཡིན་ནོ། སྙམ་དུ་སེམས་མངོན་པར་འདུ་བྱེད་པ་སྟེ། དེ་ནི་ཐབས་སོ། །དེའི་འོག་ཏུ ་སེམས་ཅན་སྡུག་བསྔལ་ལ་སོགས་པའི་མཚན་མ་ཡང་རབ་ཏུ་སྤངས་ཏེ། རྟོག་པ་ཞི་བ་དང་དཔྱོད་པ་རབ་ཏུ་ཞི་བར་བསམ་གཏན་བུ་བྱེད་པ་འདི་ནི་དེའི་ཤེས་རབ་སྟེ། ཚིག་མཐུན་པ་རྣམས་ནི་འོག་མ་དག་ལ་ཡང་མཐུན་མཐུན་དུ་སྦྱར་རོ། །སངས ་རྒྱས་ཀྱི་ཡེ་ཤེས་ནི་ཡེ་ཤེས་བཞི་སྟེ། དེ་དག་ཐོབ་པར་བྱའོ་སྙམ་ནས་བསམ་གཏན་ལ་འཇུག་པ་ནི་ཡེ་ཤེས་ལ་སྟོན་པའོ། །ཆོས་གང་ལ་ཡང་མི་གནས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་པ་གང་ལ་ཡང་མ་ཆགས་པར་བསམ་གཏན་བྱེད་པའོ། ། ་དམ་པའི་ཆོས་ནི་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་པོ་སྟེ། དེ་དག་གི་དོན་དང་ཚིག་རྣམས་གཟུང་བར་བྱ་བའི་ཕྱིར་བསམ་གཏན་ལ་འཇུག་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་ལྟ་བའོ། །གསུང་རབ་ཀྱི་ཡན་ལག་དེ་དག་ཐམས་ཅད་ཀྱང་དེ་བཞིན་ཉིད ་ལ་གཞོལ་བ། དེ་བཞིན་ཉིད་ལ་བབ་པ། དེ་བཞིན་ཉིད་ལ་བབ་པའི་དོན་དུ་འདྲ་བ་འདྲེས་པའི་ཆོས་ལ་དམིགས་པའི་བསམ་གཏན་ནི་ཆོས་བརྒྱད?་མེད་པར་བསམ་གཏན་བྱེད་པའོ། །སངས་རྒྱས་ཀྱི་སྐུའི་རྒྱན་ནི་མཚན་དང་དཔེ་བྱད་དག་སྟེ། དེ་དག་རེ་རེ་ནས ་ཡིད་ལ་བྱེད་པ་ནི་མངོན་དུ་བྱེད་པའོ། །ཆོས་ཀྱི་སྐུ་དབྱེར་མེད་པ་ནི་མཚན་དང་དཔེ་བྱད་དག་གིས་མཚན་ཉིད་དུ་དབྱེར་མེད་པའོ། །ཆོས་ཉིད་བརྗོད་དུ་མེད་པ་ནི། སངས་རྒྱས་ཀྱི་གསུངས་ཚངས་པའི་སྒྲ་དབྱངས་ཀྱིས་གཏགས་ཏེ་བརྗོད་པ་ཡང་འདུལ་བའི ་སྐྱེ་བོའི་ངོར་བརྗོད་པར་ཟད་ཀྱི་ཆོས་ཉིད་ནི་ངེས་གྱང་བརྗོད་དུ་མེད་པར་ཤེས་པའོ། །སེམས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པ་ནི་སེམས་ལ་ཉོན་མོངས་པ་རྣམས་ཀྱིས་མི་ཕྱིན་པ་དང། སེམས་ཀྱི་ཉོན་མོངས་པ་རྣམས་འབིགས་པར་མཐུ་སྐྱེད་པའོ། ། ་རང་བཞིན་གྱིས་གཡེང་བ་མེད་པར་བསམ་གཏན་བྱེད་པ་ནི་སེམས་ཀྱི་ངོ་བོ་ཉིད་ནི་གཟུང་བ་དང། འཛིན་པ་དང་ཞུམ་པ་དང་རྒོད་པ་ལ་སོགས་པ་དང་བྲལ་བ་སྟེ། དེ་ཁོ་ན་བཞིན་དུ་བསམ་གཏན་བྱེད་པའོ། །སྔོན་གྱི་སྨོན་ལམ་ནི་དང་པོ་བྱང་ཆུབ་དུ་ ་སེམས་བསྐྱེད་པ་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་སྨོན་ལམ་བཏབ་པ་སྟེ། དེས་ང་ཡང་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་གྱི་ཡོངས་སུ་སྨིན་པར་བྱའོ་ཞེས་སེམས་ཀྱི་མཐུ་སྐྱེད་ཅིང། ་བྱིན་གྱིས་བརློབ་པ་ནི་ཐབས་སོ། །དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པ་ནི་བསམ་གཏན་འདིས་འདོད་ཆགས་ལ་སོགས་པའི་དགེ་བའི་རྩ་བ་བསྐྱེད་དོ་སྙམ་དུ་དམིགས་པའོ། །དགེ་བའི་རྩ་བའི་གནས་ནམ་མཁའ་དང་མཚུངས་པ་ནི་བསམ ་གཏན་དང། དགེ་བའི་རྩ་བ་གཉིས་ཀ་ཡང་རང་བཞིན་མེད་པར་མཐོང་བའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་བཻཌཱུརྱ་དང་ཤེལ་ལ་སོགས་པའི་རང་བཞིན་ལས་གྲུབ་པ། ཐ་གྲུ་ཆ་ཞིང་མཉམ་པ་ལ་སོགས་པ་མདོ་དག་ལས་གསུངས་པ་ལྟ་བུ་སྟེ། ་དེ་ལྟ་བུ་དག་བཟུང་བར་སེམས་པ་ནི་མངོན་དུ་བྱེད་པའོ། །བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་ནི་མངོན་པར་བྱང་ཆུབ་པའི་ཚེ་བསྐལ་པ་དུ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས་བྱང་ཆུབ་ཀྱི་ཤིང་དང། རྡོ་རྗེ་གདན་ལ་སོགས་པ་ཕུན་སུམ ་ཚོགས་པ་མདོ་དག་ལས་གསུངས་པ་སྟེ་དེ་ལྟ་བུ་ཐོབ་པར་བྱ་བའི་བསམ་པ་སྔོན་དུ་གཏོང་བ་ནི་སྔོན་དུ་བྱེད་པའོ། །ཉོན་མོངས་པ་ཐམས་ཅད་ནི་མཐོང་པ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བག་ལ་ཉལ་དང་བཅས་པ་ཏེ། དེ་དག་ཞི་བར་བྱ་བའི་ཕྱིར ་ཞེས་སྦྱར་རོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འདོད་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་འོག་ཏུ་འཕགས་པའི་བདེན་པ་བཞི་ལ་སོགས་པ་བཤད་པར་བྱ་བའི་བསམ་པ་སྔོན་དུ་གཏོང་བའོ། །བསྐོར་བ་ཡང་མེད་པ་ནི་ཆོས་རྣམས་བརྗོད་དུ་མེད་པའི་ཕྱིར ་འཕགས་པའི་བདེན་པ་ལ་སོགས་པ་བཤད་དུ་མེད་པའོ། །མི་བསྐོར་བ་ཡང་མེད་པ་ནི་དེ་ལྟར་བརྗོད་དུ་མེད་ཀྱང་དེ་རྟོགས་པར་བྱ་བའི་ཐབས་ཙམ་དུ་མིང་དང་བརྡར་བཏགས་ཏེ་བཤད་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཞི་གནས་དང་ལྷག་མཐོང་སྟེ་དེ ་གཉིས་ལ་སེམས་རྩ་གཅིག་ཏུ་བསྒོམ་པའི་བསམས་པ་མངོན་དུ་གཏོང་བ་ནི་རྣམ་པར་མི་གཡེང་བ་མངོན་དུ་བྱེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གདུང་བའི་འདོད་ཆགས་ཀྱི་ཆགས་པ་སྟེ། དེ་དག་ཉིད་སེམས་ཀྱི་རྒྱུད་གདུང་བར་བྱེད་པའི་ཕྱིར་རོ། ། ་དེ་དག་སུའི་སྤྱོད་ཡུལ་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་ཞེས་གསུངས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ཐམས་ཅད་ལས་ཀྱང་ཁ་ཅིག་ནི་སེམས་དཔའ་དང། ཁ་ཅིག་ནི་སེམས་དང་མི་ལྡན་པ་ཡིན་ལ། དེ་དག་གིས་ནང་ནས་ཀྱང་ཁ ་ཅིག་ནི་འདུ་ཤེས་མེད་པ། ཁ་ཅིག་ནི་འདུ་ཤེས་པ་དང་བཅས་པ་སྟེ། དེ་དག་གསོལ་བའི་ཕྱིར་ཞེས་བྱ་བའི་སྦྱར་རོ། །ངེས་པར་གྱུར་བ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མངོན་སུམ་དུ་རྟོགས་པ་སྟེ། དེ་ལས་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེ་དང ་མཐུན་པ་ནི་ས་དང་པོ་རྟོགས་པ་དང་རྗེས་སུ་མཐུན་པ། མོས་པ་དང་སྤྱོད་པའི་ས་བཞི་པོ་རྣམས་ཀྱི་ཤེས་པ་སྐྱེད་པ་ལ་བྱའོ། །མདོར་ན་ཇི་ཙམ་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི ་ཕྱིར་མཚན་མ་དང་བཅས་པའི་སྨོན་པ་དང། རེ་བ་སྔོན་དུ་གཏོང་བ་ནི་ཐབས་སུ་ཤེས་པར་བྱ་བ་ལ་ཇི་ཙམ་དུ་དེ་དག་གི་རང་བཞིན་མི་དམིགས་པ་ནི་ཤེས་རབ་ཏུ་ཤེས་པར་བྱའོ། །དེ་ལྟ་མོད་ཀྱི་སེམས་རབ་ཏུ་སྦྱངས་པའི་མཐུས་བྱང་ཆུབ་སེམས་དཔའ་མཉམ་པར་འཇོག་པའི ་ཚོན་དུས་གཅིག་ཏུ་ཐབས་དང་ཤེས་རབ་གཉིས་ལ་སྤྱོད་ཀྱང་ཐབས་ཀྱི་དབང་དུ་གྱུར་ནས་མཚན་མ་འབའ་ཞིག་ལ་དམིགས་པ་འམ། ཤེས་རབ་ཀྱི་དབང་དུ་གྱུར་ནས་ཐབས་དང་བྲལ་ན་མཚན་མ་མེད་པ་ཉི་ཚེ་བསྒོམ་པ་ཡང་མ་ཡིན་ཏེ། གཉི་ག་ལ་ལྷུན་གྱིས་གྲུབ་པར་སྤྱོད ་པ་དེ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་བསམ་གཏན་ཞེས་བྱའོ། །བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་སྙེད་ཅེས་བྱ་བ་ནི་བསྟན་མ་ཐག་པ་ལྟ་བུའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་བདུད་རྣམས་ཀྱི་བར་ཆད ་?བྱ་བར་ཡང་མི་ནུས་ལ། བདུད་ཀྱི་དབང་དུ་ཡང་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་ཀྱང་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་གསུང་རབ་ཐམས་ཅད་ཀྱི་སྣོད་དུ་འགྱུར ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཏིང་ངེ་འཛིན་འདི་དག་མཛའ་ཡས་དཔག་མེད་དེ་ཞེས་བྱ་བ་ནི་གོང་དུ་མིང་གིས་སྨོས་པའི་ཏིང་ངེ་འཛིན་དེ་དག་དང། ཏིང་ངེ་འཛིན་དེ་དག་ལྟ་བུ་གཞན་ཡང་མཛའ་ཡས་ཏེ་འདི་སྙེད་ཅིག་ཡོད་དོ་ཞེས་དཔག་པར་མི་ནུས་པའི་དོན་ཏོ ་བསམ་གཏན་བྱེ་བ་ཁྲག་ཁྲིག་དག་གིས་ཕ་རོལ་སོང་ཞེས་བྱ་བ་ནི་གོང་དུ་བཤད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏིང་ངེ་འཛིན་དེ་ལྟར་མཛའ་ཡས་ཤིང་དཔག་ཏུ་མེད་པ་རྣམ་པར་དག་པར་རྟོགས་སོ ་ཞེས་བྱ་བའི་ཐ་ཚིག་གོ་།བསམ་གཏན་མི་ཟད་པ་བཤད་ཟིན་ཏོ། །ཤེས་རབ་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལ་མི་ཉམས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་བཙུན་པ་ཤ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ ་ཀྱང་མི་ཟད་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་མི་ཟད་པ་ཡང་འོག་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་དང། སྤྱོད་པ་ཇི་སྙེད་པ་ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་བསྟན་ཏོ། །སེམས ་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ནམ་མཁའ་བཞིན་མཛའ་ཐུག་པ་མེད་པ་ལ་དམིགས་པས་ཟད་མི་ཤེས་པའི་ཕྱིར་རོ། །ཡང་ན་སྙིང་རྗེ་ཆེན་པོའི་རྒྱུ་ལས་བྱུང་བ་དང། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྒྲུབ་པ་དང། ཤེས་བྱ་མཛའ་མེད་པའི་ཡུལ་ལ་དམིགས ་པ་དང། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱིས་ཟིན་པའི་ཕྱིར་ཤེས་རབ་མི་ཟད་པ་ཞེས་བྱའོ། །ཤེས་རབ་མི་ཟད་པ་དེ་ཡང་རྣམ་པ་བདུན་དུ་ལྟ་སྟེ། ཤེས་རབ་ཀྱི་རྣམ་པ་དང། འཇུག་པ་དང། ངེས་པའི་ཚིགས་དང། འབྲས་བུ་དང་རང་བཞིན་དང་ཡུལ་དང་ལས ་རྣམས་སོ། །དེ་ལས་རྣམ་པ་ནི་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་བསྟན། འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཅིག་གིས་བསྟན་ངེས་པའི་ཚིག་ནི་རིགས་པའི་ཚིག་གོ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཚར་གྱིས་བསྟན། འབྲས་བུ ་ནི་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པས་བསྟན། རང་བཞིན་ནི་འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་པས་བསྟན། ཡུལ་ནི་ཆོས་བརྒྱད་ལ་མཁས་པས་བསྟན། ལས་ནི་གཞན་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ ་ཤེས་པ་ནི་ཤེས་རབ་པོ་ཞེས་བྱ་བ་ནི་དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །ཡང་ན་ཤེས་རབ་མི་ཟད་པ་དེ་ཡང་ཤེས་རབ་ཀྱི་རང་བཞིན་དང། ཤེས་རབ་ཀྱི་འཇུག་པ་དང། ཤེས་རབ་ཀྱི་རྒྱུ་དང། ཤེས་རབ་དེ་ཤེས་རབ་ཀྱི་མི་མཐུན ་པའི་ཕྱོགས་དང་མ་འདྲེས་པ་དང། ཤེས་རབ་ཀྱི་ཡུལ་དང། ཤེས་རབ་ཀྱི་ངེས་པའི་ཚིག་དང། ཤེས་རབ་ཀྱི་འབྲས་བུ་དང། བསྟན་པའི་བདག་ཉིད་ཆེན་པོ་བརྗོད་པས་བསྟན་ཏོ། །དེ་ལ་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཚུལ་བཞིན ་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཉིས་ནི་ཤེས་རབ་ཀྱི་འཇུག་པའོ། །གཞན་ཡང་བཙུན་པ་ཤ་རདྭ་ཏིའི་བུ་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་རྒྱུའོ། །དེ་ལ་ཤེས་རབ་ནི་འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་སོ ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་དེ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་དང་མ་འདྲེས་པའོ། །ཕུང་པོ་ལ་སོགས་པ་ཆོས་བརྒྱད་ནི་ཤེས་རབ་ཀྱི་ཡུལ་ལོ། །གཞན་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི ་ངེས་པའི་ཚིག་གོ་།བཙུན་པ་ཤ་རདྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་སྟེ། ཤེས་རབ་མི་ཟད་པ་འདིས་ཡེ་ཤེས་མི་ཟད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་འབྲས་བུའོ། །ཤེས་རབ་མི་ཟད་པ་བསྟན་པའི་ཆོས་ཀྱི་ལེའུ་འདི་ཞེས ་བྱ་བ་ལ་སོགས་པས་ནི་བསྟན་པའི་བདག་ཉིད་ཆེན་པོ་བརྗོད་པ་བསྟན་ཏོ། །ཤེས་རབ་དེའི་རྣམ་པ་ཇི་ལྟ་བུ་ཞེས་བྱ་བ་ནི་ཤེས་རབ་དེའི་རང་བཞིན་ཇི་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ་།འཇུག་པ་ནི་ཅི་ཞེས་བྱ་བ་ནི་ཤེས་རབ ་དེས་ཆོས་རྣམས་ཀྱི་མཚན་ཉིད་ལ་ཇི་ལྟར་རྟོག་ཅེས་བྱ་བའི་ཐ་ཚིག་གོ་།འཇུག་པའི་སྒྲ་ནི་རྟོག་པར་བྱེད་པ་ལ་བྱའོ། །དེ་སྐད་དྲིས་པ་དང་ལན་དུ་ཐོས་པ་ནི་རྣམ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པའོ་ཞེས་གསུངས་ཏེ། ཐོས་པ་ནི་ཤེས ་རབ་ཀྱི་རང་བཞིན་ཡིན་ལ། ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཆོས་རྣམས་ཀྱི་མཚན་ཉིད་རྟོག་པར་འགྱུར་བས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པ་ཞེས་བྱའོ། །ཡང་ན་རྣམ་པ་ནི་ཤེས་རབ་ཀྱི་རང་བཞིན་ཇི་ལྟ་བུ་བྱེ་བྲག་ཏུ་འབྱེད་པའོ། །དེ་ཡང ་ཐོས་པ་ལས་ཤེས་རབ་ཀྱི་བྱེ་བྲག་ཕྱེད་བར་འགྱུར་ཏེ། དེ་བས་ན་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་པོ་དེ་དག་ལས་ཤེས་རབ་འབྱུང་བའི་ཕྱིར། བརྒྱད་ཅུ་རྩ་བཞི་པོ་བདག་ནི་ཤེས་རབ་ཀྱི་བྱེ་བྲག་གམ་རྣམ་གྲངས་ཞེས་བྱའོ། །ཡང་ན་ཤེས་རབ་དེའི་རྣམ ་པ་ཇི་ལྟ་བུ་ཞེས་བྱ་བ་ནི་རྒྱུ་འདྲི་བའི་ཚིག་སྟེ། ཤེས་རབ་དེའི་རྒྱུ་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ། འདུན་པའི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པས་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་པོ་དེ་དག་གང་ཡིན་པ་སྟོན་ཏེ། འདུན་པ་ནི་ཆོས ་ཉན་པར་འདོད་པ་ལ་བྱ་སྟེ། ཉན་པར་འདོད་པ་ལས་ཐོས་པ་དང་ཤེས་རབ་འབྱུང་གི་འདོད་པ་མེད་ན་མི་འབྱུང་བས་དེའི་ཕྱིར་འདུན་པ་ནི་ཤེས་རབ་འབྱུང་བའི་རྒྱུར་རིག་པར་བྱའོ། །ཡང་ན་ཐོས་པ་ལས་འདུན་པའི་རྣམ་པ་འབྱུང་གི་མ་ཐོས་པ་ལས་མ ་ཡིན་པས་ཐོས་པ་ནི་འདུན་པ་འབྱུང་བའི་རྒྱུ་ཡིན་ཏེ། འདུན་པ་དང་ཐོས་པ་གཉིས་གཅིག་གི་རྒྱུ་གཅིག་ཡིན་པར་བལྟའོ། །ཡང་ན་ཤེས་རབ་ཀྱི་རང་བཞིན་ཇི་ལྟ་བུ་ཞེས་དྲིས་པ་དང། འདུན་པའི་རྣམ་པ་ཞེས་བྱ་བ་ནི་ཤེས་རབ་དེ་འདུན་པའི་རང་བཞིན་ཞེས ་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པའི་སྒྲ་ནི་བསམ་པའི་རྣམ་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་སྦྱོར་རོ། །བསམ་པའི་རྣམ་པ་ནི། གོང་དུ་བསམ་པ་མི་ཟད་པའི་སྐབས་སུ་རྒྱ་ཆེར་བཤད་པ་ལ་བྱའོ། །དེ་ཡང་མདོར་བསྡུས་ན་བསམ་པ་རྣམ་པ་གཉིས་ཏེ། ཕན ་པར་བྱ་བའི་བསམ་པ་དང། བདེ་བར་བྱ་བའི་བསམ་པའོ། །དེ་ལ་ཕན་པར་བྱ་བའི་བསམ་པ་ནི་མི་དགེ་བའི་གནས་ནས་གཏོན་ནས་དགེ་བའི་གནས་སུ་འགོད་པར་འདོད་པ་གང་ཡིན་པའོ། །བདེ་བར་བྱ་བའི་བསམ་པ་ནི་སེམས་ཅན་ཕོངས་པ་དང་མགོན་མེད་པ་དང་རྟེན ་མེད་པ་རྣམས་ལ་ཉོན་མོངས་པ་ཅན་སྤངས་ཏེ་ཕན་པའི་དངོས་པོ་བསྒྲུབ་པར་འདོད་པ་གང་ཡིན་པའོ། །ལྷག་པའི་བསམ་པའི་རྣམ་པ་ནི་གོང་དུ་ལྷག་པའི་བསམ་པ་མི་ཟད་པའི་སྐབས་སུ་རྒྱ་ཆེར་བཤད་པ་ལ་བྱའོ། །སྦྱོར་བའི་བསམ་པ་ནི་སྦྱོར་བ་མི་ཟད་པའི་སྐབས་སུ ་རྒྱ་ཆེར་བཤད་པ་ལ་བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་དྲུག་སྟེ། ཕོངས་པ་སེལ་བའི་སྦྱོར་བ་དང། མོས་པ་ལ་སྦྱོར་བ་དང། བསྒྲུབ་པ་ལ་སྦྱོར་བ་དང། ཤེས་བཞིན་དུ་སྲད་པར་སྐྱེ་བ་ལ་སྦྱོར་བ་དང། ཚོགས་ཡོངས་སུ་རྫོགས་པར་སྦྱོར་བ་དང། དཀའ་བར་སྤྱོད་པར ་བཟོད་པ་ལ་སྦྱོར་བའོ། །སེམས་ཅན་དངོས་པོ་གང་གིས་ཕོངས་པ་དེ་ལ་དེ་གཏོང་བ་ནི་ཕོངས་པ་སེལ་བ་ལ་སྦྱོར་བ་ལ་སྦྱོར་བ་སྟེ། དེ་ཡང་སྦྱིན་པ་མི་ཟད་པའི་སྐབས་སུ་ཟས་འདོད་པ་ལ་ཟས་སྦྱིན་པར་བྱེད་པ་དང། བཏུང་བ་འདོད་པ་ལ་བཏུང་བ་སྦྱིན་པར་བྱེད་པ་ཞེས་བྱ་བ་ལ ་སོགས་པ་གསུངས་པའོ། །མོས་པ་ལ་སྦྱོར་བར་བྱེད་པ་ནི་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པའི་མཚན་ཉིད་དེ་བཞིན་ཉིད་ལ་མོས་པར་བྱེད་པའོ། །སྒྲུབ་པ་ལ་སྦྱོར་བར་བྱེད་པ་ནི་རྟག་ཏུ་གཞན་གྱི་དོན་སྒྲུབ་པར་བྱེད་པ་སྟེ། གང་སྦྱོར་བ་མི་ཟད་པའི ་སྐབས་སུ་དགེ་བའི་རྩ་བ་ལ་རབ་ཏུ་གཟུང་བའི་ཕྱིར་སེམས་ཅན་བྱང་ཆུབ་ཀྱི་སེམས་འཛིན་དུ་འཇུག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཤེས་བཞིན་དུ་སྲིད་པར་སྐྱེ་བ་ལ་སྦྱོར་བ་ནི་ལས་དང་ཉོན་མོངས་པའི ་དབང་གིས་ཁམས་གསུམ་དུ་སྐྱེ་བ་ནི་མ་ཡིན་གྱི། སྨོན་ལམ་གྱིས་ཤེས་པ་དེ་བཞིན་དུ་འཁོར་བར་སྐྱེ་བའོ། །ཚོགས་ཡོངས་སུ་རྫོགས་པར་བྱ་བ་ལ་སྦྱོར་བ་ནི་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ ་ཕྱིན་པ་དྲུག་ལ་སྤྱོད་པ་སྟེ། གང་གོང་དུ་སྦྱིན་པ་མི་ཟད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཀའ་བར་སྤྱད་པ་བཟོད་པ་ལ་སྦྱོར་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས ་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནང་གི་སྡུག་བསྔལ་མགོ་དང། རྐང་ལག་ལ་སོགས་པ་བཏང་བ་དང། ཕྱིའི་སྡུག་བསྔལ་གྲང་བ་དང་ཚ་བ་ལ་སོགས་བཟོད་པ་སྟེ། དེ་ཡང་གོང་དུ་བཙུན་པ་ཤ་རདྭ་ཏིའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་སྦྱོར་བ་མི་ཟད་པ་སྟེ། གཞི་གང་ཞེ་ན་བྱང་ཆུབ་སེམས་ཀྱི་སྦྱར་བ་མི་ཟད་པ་དང། ཆོས་སྦྱིན་པ་སྟོན་པའི་སྦྱོར་བ་མི་ཟད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་ལ་སོགས་པས་བསྟན་ཏོ། །དེ་དགེ་བའི ་བཤེས་གཉེན་གྱི་རྣམ་པ་ཞེས་བྱ་བ་ལ། བསྐྱོད་པར་བྱེད་པ་དང་འཇོག་པར་བྱེད་པ་དང། སྟོབས་པར་བྱེད་པ་དང་སྐྱབས་དཔག་ཏུ་མེད་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དེ་ལ་བསྐྱོད་པར་བྱེད་པ་ནི་སྲོགས་པ་མི་དགེ་བ་བཅུ་སྤྱོད་པ ་ལས་བསྐྱོད་པར་བྱེད་པ་སྟེ། ལས་ངན་པ་སྤོང་དུ་འཛུད་ཅེས་བྱ་བའི་དོན་ཏོ། །འཇོག་པར་བྱེད་པ་ནི་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་དགེ་བ་བཅུ་ལ་འགོད་པར་བྱེད་པའོ། །སྟོབས་པར་བྱེད་པ་ནི་ལྷ་དང་མིའི་བདེ་བ་སྦྱིན་པར་བྱེད་པ་ནས་བླ་ན་མེད་པའི་བྱང ་ཆུབ་ཀྱི་འབྲས་བུའི་བར་དུ་སྨིན་པ་དང་འཐོབ་པར་བྱེད་པའོ། །སྐྱབས་དཔག་ཏུ་མེད་པར་བྱེད་པ་ནི་མུ་སྟེགས་ཅན་ལ་སོགས་པའི་ལྟ་བ་ངན་པར་མི་ལྟུང་བར་སྐྱོབ་པ་དང། ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པར་མི་ལྟུང་བར་སྐྱོབས་པ་དང། འཁོར་བའི་ལམ་ངན? ་པར་མི་ལྟུང་བར་སྐྱོབ་པ་དང། སྡུག་བསྔལ་གྱི་གནས་ངན་སོང་དུ་མི་ལྟུང་བར་སྐྱོབ་པའོ། །ཆོས་ཐོས་པ་ལས་སེམས་ཅན་ཐམས་ཅད་མི་དགེ་བ་ལས་སྐྱོད་པར་བྱེད་པ་དང། དགེ་བ་ལ་འཇོག་པར་བྱེད་པ་དང། འབྲས་བུ་སྟོབས་པར་བྱེད་པ་དང། སྡུག་བསྔལ ་དཔག་ཏུ་མེད་པ་ལས་སྐྱོབ་པར་བྱེད་པས་ན་དགེ་བའི་བཤེས་གཉེན་གྱི་རྣམ་པ་ཞེས་བྱའོ། །ང་རྒྱལ་མེད་པ་ནི་ཆོ་རིགས་དང་ཤེས་གཉེན་ལ་སོགས་པས་མ་སྙེམས་པའོ། །བག་ཡོད་པ་ནི་བག་མེད་བའི་གཉེན་པོ་སྟེ། བག་མེད་པ་ཡང་གཞན་ལས་འགྱུར་བ་དང། ་བདག་ལས་འབྱུང་བ་རྣམ་པ་གཉིས་ཡོད་དོ། །གཞན་ལས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། བྱུར་ལས་བྱུང་བ་དང། སེམས་ཅན་ལས་བྱུང་བའོ། །དེ་ལ་བྱུར་ལས་བྱུང་བ་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ཀྱི་འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ ་བ་འབྱུང་བ་དང། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པའོ། །སེམས་ཅན་ལས་བྱུང་བ་ནི་འདོད་ཆགས་དང། ཞེ་སྡང་སྐྱེ་བར་འགྱུར་བའི་ཡུལ་ཉེ་བར་འོངས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་འབྱུང་བའོ། །བདག་ལ་འབྱུང་བ་ཡང ་རྣམ་པ་གཉིས་ཏེ། ལུས་ཀྱི་འདུ་འཛི་ལས་འབྱུང་བ་དང། ལོག་པའི་རྣམ་པར་རྟོག་པ་ལས་འབྱུང་བའོ། །དེ་ལ་ལུས་ཀྱི་འདུ་འདི་ལས་འབྱུང་བ་ནི་བདག་ཉིད་ཁྱེའུ་དང། བུ་མོ་དང་འགྲོ་བ་བཟང་མོ་དང་རྒྱ་ལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་དང་འདྲེ་བར་མོས ་པས་ཉོན་མོངས་པ་འབྱུང་བའོ། །ལོག་པའི་རྣམ་པར་རྟོག་པ་ལས་འབྱུང་བ་ནི་འདོད་པ་དང་འདུན་པ་དང་གནོད་སེམས་ལ་སོགས་པ་ལ་རྟོག་པའི་རྒྱུས་ཉོན་མོངས་པ་འབྱུང་བ་སྟེ། ཐོས་པ་ལས་དེ་དག་སྔོན་འབྱུང་བ་ཡང་སྤོང་བར་བྱེད་ལ། ཕྱིས་ཀྱང་མི་འབྱུང ་བར་བྱེད་པས་ན་བག་ཡོད་པའི་རྣམ་པ་ཞེས་བྱའོ། །གུས་པར་བྱེད་པ་ནི་ཆོས་དང་ཆོས་སྨྲ་བ་ལ་བརྙས་པ་མེད་པ་སྟེ། མདོ་ལས་དགེ་སློང་དག་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་རི་བོང་ལ་མཆོང་ན་ཡང་སྒྲིམས་ངེ་མཆོང་གི་མ་བསྒྲིམས་པར་མ་ཡིན་ནོ། །རྟ་དང་གླང་པོ་ལ ་མཆོད་ན་ཡང་བསྒྲིམས་ཏེ་མཆོད་གི་མ་བསྒྲིམས་པར་མ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་བཞིན་དུ་ཆོས་སྨྲ་བ་ལ་བརྙས་པ་མེད་པར་བྱས་ནས་གུས་པར་ཉན་པའོ། །མཐུན་པར་འཛིན་པ་ནི་མཁན་པོ་དང་སློབ་དཔོན་ལ ་སོགས་པས་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་པའོ། །བཀའ་བློ་བདེ་བ་ནི་ཕྱིར་མི་ཟློགས་པར་ཉམས་པ་དང། སྤྱོད་ལམ་གུས་པ་སྟོན་པའོ། །བསྙེན་བཀུར་བྱེད་པ་ནི་ཆོས་དང་ཆོས་སྨྲ་བ་ལ་ཅི་རིགས་པར་ཕྱག་འཚལ་བ་ལ་སོགས་པ་ལུས་དང ་ངག་གི་རིམ་གྲོ་བྱེད་པའོ། །ཡང་ན་བསྙེན་བཀུར་མོ་བྱེད་པའི་གཉེན་པོ་ནི། བསྙེན་བཀུར་བྱེད་པ་སྟེ། བསྙེན་བཀུར་མེད་པ་ནི་ཉན་པ་ཁྲི་མཐོ་ལ། འཆད་པ་ཁྲོ་དམའ་བ་ལ་བཞག་ཅིང། །རྐང་ལག་བརྐྱང་བ་དང་ཁ་གླལ་བ་ལ་སོགས་པས་ངན་དོན་ཉན་པ་སྟེ། ཐོས ་པ་དང་ལྡན་པ་རྣམས་ནི་ཆོས་བླ་མར་བྱེད་པས་དེ་ལྟ་བུ་མེད་དེ། དེ་བས་ན་བསྙེན་བཀུར་བྱེད་པའི་རྣམ་པ་ཞེས་བྱའོ། །རྣ་བ་བླགས་ཏེ་ཉན་པ་ནི་ཕྱི་རོལ་ཏུ་གཡེང་བ་དང། ནང་དུ་གཉིད་དང་རྨུགས་པས་སེམས་བསྡུས་པ་ཆོས་ཉན་པའི་དྲི་མ་གཉིས་མེད་པར ་ཉན་པ་སྟེ། མདོ་ལས་ཀྱང་དགེ་སློང་ངག་གཉིས་པ་འདི་དག་ནི་ཆོས་ཉན་པའི་དྲི་མ་སྟེ། དེ་ཁྱོད་རྣམས་ཀྱི་སྤང་བར་བྱའོ། །གཉིས་གང་ཞེ་ན། སེམས་རྒོད་པ་དང་ཞུམ་པའོ་ཞེས་གསུངས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ནི་ཇི་སྐད་བསྟན་པ་བཞིན་དུ་ཆོས་ཉིད ་ཕྱིན་ཅི་མ་ལོག་པ་དང། དགོངས་པ་ཕྱིན་ཅི་མ་ལོག་པར་འཛིན་པ་སྟེ། དེ་ལ་ཆོས་ཉིད་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་འབྱུང་གི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་སྐྱེ་བར་མི་རྟོག་པའོ། །དགོངས་པ་ཕྱིན་ཅི་མ ་ལོག་པར་འཛིན་པ་ནི་ཚེ་རབ་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་པ་ལ། བདེ་བའི་ཚོར་བ་དང་གཉིས་ཀ་མ་ཡིན་པར་ཚོར་བ་རང་བཞིན་གྱི་སྡུག་བསྔལ་བ་ནི་མ་ཡིན་གྱི། འགྱུར་བ་དང་འདུ་བྱེད་ཀྱི་འདུ་བྱེད་ལ་དགོངས་པ་ལ་སོགས་པ་རྟོགས་པའོ། །རྣམ་པར ་མི་གཡེང་བ་ནི་གཡེང་བ་རྣམ་པ་གསུམ་པ་རང་བཞིན་གྱིས་གཡེང་བ་དང། ཕྱི་རོལ་དུ་གཡེང་བ་དང་ནང་དུ་གཡེང་བ་མེད་པ་སྟེ། དེ་ལ་རང་བཞིན་གྱིས་གཡེང་བ་ནི་ཆོས་ཉན་པའི་ཚེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པ་སྣ་ཚོགས་སུ་རྟོག་པ་འཇུག་པའོ། །ཕྱི་རོལ་ཏུ ་གཡེང་བ་ནི་ཆོས་ཉན་པའི་ཚེ་ཉན་བར་མི་འདོད་ཅིང་སྐྱོ་བ་སྐྱེ་ལ། གཟུགས་ལ་སོགས་པ་ལ་རྟོག་པ་འབྱུང་བའོ། །ནང་དུ་གཡེང་བ་ནི་ཆོས་ཉན་པའི་ཚེ་ཞུམ་པ་འམ་རྒོད་པའི་དབང་དུ་གྱུར་པའོ། །གནས་ནི་ལུས་ཀྱི་སྤྱོད་ལམ་མི་རྒོད་པ་སྟེ། གནས་གཅིག་ན་འདུག་ཅིང ་ཉན་པའོ། །རིན་པོ་ཆེར་འདུ་ཤེས་པ་ནི་ཐོས་པ་དེ་ཉིད་རིན་པོ་ཆེ་དང་འདྲ་བར་འདུ་ཤེས་ནས་ཉིན་པའོ། །ཡང་ན་དམ་པའི་ཆོས་ཉན་པ་ནི་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་དང་ཤིན་ཏུ་དཀོན་པ་དང། བསྒྲུབ་དཀའ་བར་འདུ་ཤེས་བསྐྱེད་ནས་ཉན་པ་འདི་རིན་པོ་ཆེར་འདུ་ཤེས ་པའི་རྣམ་པ་ཞེས་བྱའོ། །དེ་ལ་ཕན་པའི་རྒྱུར་འགྱུར་བ་ནི་ལྷ་དང་མིའི་བདེ་བ་ནས་མྱ་ངན་ལས་འདས་པའི་བར་གྱིས་བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདེ་བའི་རྒྱུར་འགྱུར་པ་ནི་མུ་སྟེགས་ཅན་གྱི་དཀའ་ཐུབ་བདག་ཉིད་ངལ་བར་བྱེད་པའི་མཛའ་དང། འདོད་པ་ལ་ལོངས ་སྤྱོད་པ་རྣམས་ཀྱིས་འདོར་པའི་བསོད་ནམས་ཀྱི་མཛའ་གཉིས་སྤངས་པ་དབུ་མའི་ལམ་བདེ་བ་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤིན་ཏུ་དཀོན་པ་ནི་དེ་བཞིན་གཤེགས་པ་རྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ཞིང་དམ་པའི་ཆོས་བཤད་པ་ཡང་རྒྱ་ལམ་ན་འབྱུང་བའི་ཕྱིར་རོ། ། ་སྒྲུབ་པར་དཀའ་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་བསྒྲུབ་དགོས་པའི་ཕྱིར་རོ། །སྨན་དུ་འདུ་ཤེས་པ་ནི་ཐོས་པས་དུག་གསུམ་གྱི་ནད་སེལ་བར་འགྱུར་བའི ་ཕྱིར་ཏེ། དེ་བས་ན་ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ་ཞེས་ཚིག་གོང་མ་གསལ་བར་བཤད་དོ། །དྲན་པའི་སྣོད་ཅེས་བྱ་བ་ལ། དྲན་པ་ཉིད་སྣོད་ཡིན་པས་ན་དྲན་པའི་སྣོད?་དེ?། དྲན་པའི་སྒྲས་ནི་ཐོས་པའི་ཤེས་རབ་ལ་བྱའོ། །སྣོད་ཀྱི་སྒྲས་ནི་མི་བརྗེད་པའི ་གཞི་ལ་བྱ་སྟེ། ཐོས་པ་ལ་ཡིད་གཞུངས་པ་འབྱུང་སྟེ། མི་བརྗེད་པའི་གཞི་བྱེད་པས་ན་ཐོས་པ་ནི་དྲན་པའི་སྣོད་ཀྱི་རྣམ་པ་ཞེས་བྱའོ། །རྟོགས་པ་ཞེས་པ་ནི་བསམ་པའི་ཤེས་རབ་ལ་བྱ་སྟེ། བསམ་པའི་ཤེས་རབ་ཀྱང་མཉམ་པར་བཞག ་པ་དང། མ་བཞག་པའི་བྱེ་བྲག་གི་རྣམ་པ་གཉིས་ཏེ། །དེ་ལ་རྟོགས་པ་དེས་ཤེས་པས་ན་རྟོགས་པ་ཞེས་པ་ཞེས་བྱ་སྟེ། རྟོགས་པ་ཤེས་པའི་སྒྲས་ནི་མཉམ་པར་བཞག་པའི་ཤེས་རབ་ལ་བྱའོ། །བློ་གྲོས་འདོད་པ་ཞེས་བྱ་ལ། བློ་གྲོས་ཀྱི་སྒྲ་ནི་མཉམ་པར་མ ་བཞག་པའི་ཤེས་རབ་ལ་བྱ་སྟེ། འདི་ལྟར་ཐོས་པ་དང་ལྡན་པ་བློ་ཆེ་བ་ལ་དག་པར་འགྱུར་བ་འམ། ཡང་ན་འདོད་པ་ཞེས་བྱ་བ་འབར་བ་འམ། གསལ་བ་ལྟ་བུ་ལ་བྱ་སྟེ། ཐོས་པ་ལ་བློ་གྲོས་གསལ་བར་འགྱུར་བས་ན་བློ་གྲོས་པའི་རྣམ་པ་ཞེས་བྱའོ།། ་བློ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བྱ་ལ། འཇུག་པ་ནི་གོམས་པར་བྱེད་པ་ལ་བྱ་སྟེ། འདི་ལྟར་ཐོས་པ་ལས་བློ་ལ་འདྲིས་ཤིང་གོམས་པ་འབྱུང་བ་ན་ཐོས་པ་ནི་བློ་ལ་འཇུག་པའི་རྣམ་པ་ཞེས་བྱའོ། །ཡང་ན་དྲན་པ་དེའི་སྣོད་ཡིན་པས་ན་དྲན་པའི ་སྣོད་དེ། དྲན་པ་ཞེས་བྱ་བ་ནི་སྔོན་ཇི་ལྟར་བཟུང་བའི་ཆོས་དང་དོན་མི་རྗེད་པའོ། །དྲན་པ་དེའི་སྣོད་ནི་ཐོས་པའི་ཤེས་རབ་སྟེ། སྔོན་ཐོས་པའི་གཞི་ལས་དྲན་པ་འབྱུང་གི་མ་ཐོས་པ་ལས་ནི་མ་ཡིན་པའི་ཕྱིར་རོ། །བློ་དེ་ལ་འཇུག་པས་ན་བློ་ལ་འཇུག་པ་སྟེ། ། ་བློ་ནི་ཐོགས་པ་དང་ཆགས་པ་མེད་པའི་ཡེ་ཤེས་ལ་བྱའོ། །འཇུག་པ་ནི་མངོན་སུམ་དུ་བྱེད་པ་སྟེ། ཐོས་པ་ལས་དེ་བཞིན་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་འགྱུར་བས་ན་ཐོས་པ་ནི་བློ་ལ་འཇུག་པའི་རྣམ་པ་ཞེས་བྱའོ། །ཡང་ན་བློ་འདིས་འཇུག་པས་ན་བློ་ལ ་འཇུག་པ་སྟེ། བློ་ནི་བསྒོམས་པའི་ཤེས་རབ་ལ་འཇུག་པ་ན་བརྗོད་དུ་མེད་པའི་བདག་ཉིད་ཆོས་བདག་མེད་པ་རྟོགས་པ་ལ་བྱ་སྟེ། བསྒོམས་པའི་ཤེས་རབ་ཀྱིས་དེ་བཞིན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེའི་རྒྱུ་ཡང་ཐོས་པའི་ཤེས་རབ་ཡིན་ཏེ། དེ་བས་ན་སྐབས ་འདིར་ཡང་ཐས་པ་ནི་བློ་ལ་འཇུག་པའི་རྣམ་པ་ཡིན་པར་སྦྱར་རོ། །སངས་རྒྱས་ཀྱི་ཆོས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་བླ་ན་མེད་པ་སྟེ། མི་ངོམས་པར་ཉན་པ་ནི་དེ་དག་ཉན་པ་ལ་ཆོག་མི་ཤེས་པའོ། །བཏང་བ་ནི་ཇི་སྐད་དུ་ཐོས་པའི ་ཆོས་རྣམས་འཆད་པའོ། །སྤེལ་བ་ནི་གང་ཟག་འགའ་ཙམ་ལ་ཕྱོགས་གཅིག་ཙམ་དུ་བར་འགའ་འཆད་པ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་ལ་ཕྱོགས་ཏུ་རྟག་ཏུ་འཆད་པའོ། །ཡང་ན་གཏོང་བ་སྤེལ་བ་ནི་སེམས་ཀྱི་རྒྱན་དང། སེམས་ཀྱི་ཡོ་བྱད་དང་རྣལ་འབྱོར་གྱི ་ཚོགས་དང་དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། །ཅིས་སྦྱིན་པར་བྱེད། །ཇི་ལྟར་སྦྱིན་པར་བྱེད། ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། སྨྲས་པ ་སུས་སྦྱིན་པར་བྱེད་པ་ནི་ཐོས་པ་དང་ལྡན་པ་གཏོང་བ་བོའི་གང་ཟག་གིས་སོ། །སུ་ལ་སྦྱིན་པར་བྱེད་པ་ནི་བཞི་ལ་སྟེ། སྡུག་བསྔལ་བ་དང། ཕན་འདོགས་པ་དང་སྡུག་པ་དང་ཁྱད་པར་ཅན་ལ་སྦྱིན་པར་བྱེད་དོ། །དེ་ལ་སྡུག་བསྔལ་བ་ནི་བཟའ་བ་དང་བགོ་བ་ལ་སོགས ་པས་ཕོངས་པ་མགོན་དང་སྐྱབས་མེད་པའི་བྲམ་ཟེ་དང་ཚོང་བ་དང། རྡོལ་བ་ལ་སོགས་པའོ། །ཕན་འདོགས་པ་ནི་ཕ་མ་དང་སྡུག་བསྔལ་དཔག་ཏུ་མེད་པར་ཞུགས་པ་ལས་འབྱིན་པའི་གང་ཟག་རྣམས་སོ། །སྡུག་པ་ནི་སྨོས་འདྲིན་གང་དག་དེ་ལ་བྱམས་པ་འམ། གཏམ ་འདྲིས་པ་དང། ཕེབས་པར་སྨྲ་བ་དང། འགྲོགས་བཤེས་རྣམས་སོ། །ཁྱད་པར་ཅན་ནི་གང་ཉོན་མོངས་པ་གདུལ་བ་ལ་ཞུགས་པ་འམ། ཉོན་མོངས་པ་བཏལ་བའི་འབྲས་བུ་ལ་གནས་པ་རྣམས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་སྦྱིན་པའི་གནས་ནི་སེམས་ཅན ་ཐམས་ཅད་དེ་སུ་ལ་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལའོ། །ཅི་ཞིག་སྦྱིན་བ་ནི་ཕྱི་དང་ནང་གི་དངོས་པོའོ། །ཅིས་སྦྱིན་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱིས་ལས་ཆགས་པ་མེད་པ་དང། གཏོང་བའི་ལུས་དང་ངག་གི་ལས་ཀྱིས་སོ། །ཇི་ལྟར་སྦྱིན་པ་ནི་མ། ་འོངས་པ་ལ་ལྟ་བ་དང་འབྲས་བུ་མཐོང་བའི་དད་པས་སྦྱིན་པར་བྱེད་པ་དང། བརྙས་པ་མེད་པར་རང་གི་ལག་ནས་སྦྱིན་པར་བྱེད་པའོ། །ཅིའི་ཕྱིར་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་རྒྱུས་སྦྱིན་པ་སྟེ། སྦྱིན་པ་དེ་ལྟ་བུ ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་ལྡན་པ། ལོངས་སྤྱོད་ཐམས་ཅད་རྨི་ལམ་དང་འདྲ་བར་སྙིང་པོ་མེད་པར་འཛིན་པ། གཞན་གྱི་དོན་ལ་གཙོ་བོར་བྱེད་པའི་གང་ཟག་ཐོས་པ་དང་ལྡན་པ་རྣམས་ལ་འབྱུང་གི་གཞན་ལས་མ་ཡིན་པས་ན་ཐོས་པ་ནི་སྟོང ་པ་སྤེལ་བའི་རྣམ་པ་ཞེས་བྱའོ། །འདིས་ནི་ཆོས་དང་ཟང་ཟིང་གི་སྦྱིན་པ་རྒྱ་ཆེར་བྱེད་པ་བསྟན་ཏེ། དུལ་བ་ནི་གཉེན་པོ་བསྒོམ་པ་འཕེལ་བ་དང་ལྡན་པས་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལས་མི་འཇུག་པས་དུལ་བ་དང། འདོད་ཆགས་ལ ་སོགས་པ་ཉོན་མོངས་རྣམས་དུལ་བ་སྟེ། དེ་ནི་རྒྱུའོ། །དེ་ལྟར་དུལ་བས་ན་ཅང་ཤེས་པ་ཞེས་ཏེ། ཅད་ཤེས་པ་ནི་ལམ་དྲང་པོ་ནས་ཇི་སྲིད་བགྲོད་པར་བྱ་བར་ཕྱིན་པར་འགྲོ་བའི་ཕྱིར་ཏེ། འདི་ནི་འབྲས་བུའོ། །དེ་ལམ་དྲང་པོ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ ་བ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །བགྲོད་པར་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དེ་ལྟ་བུ་འཕགས་པའི་ལམ་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱང་ཐོས་པ་ལས་བྱུང་བས་ན་ཐོས་པ་ནི་དུལ ་ཞིང་ཅང་ཞེས་པའི་རྣམ་པ་ཞེས་བྱའོ། །མང་དུ་ཐོས་པ་ལ་རྟེན་པ་ནི་མང་པོ་ལས་རྣམ་པ་མང་དུ་ཆོས་གང་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཞེས་བྱ་བ་ལ ་སོགས་པའི་མདོ་སྡེ་ཕལ་ཆེར་ཐོས་པ་ལ་བྱའོ། །དེ་ལ་མང་པོ་ལ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་མང་པོ་ལ་ཐོས་པའོ། །རྣམ་པ་མང་དུ་ཞེས་བྱ་བ་ནི་ཆོས་དེ་ཉིད་ལ་ལན་གྲངས་མང་དུ་ཐོས་པ་སྟེ། དེ་ཡང་ཐོས་པ་ལས་འབྱུང་གི་མ་ཐོས་པ་ལས་མ་ཡིན་པས་ནི ་ཐོས་པ་ནི་མང་དུ་ཐོས་པ་ལ་བརྟེན་པའི་རྣམ་པ་ཞེས་བྱའོ། །སྟི་སྟང་དུ་བྱས་ཏེ་དགའ་བར་མྱོང་བར་བྱེད་པ་ཞེས་བྱ་བ་ལ། སྟི་སྟང་དུ་བྱས་བ་ནི་ཆོས་དང་ཆོས་སྨྲ་བའི་གང་ཟག་ལ། ལུས་དང་ངག་དང་ཡིད་ཀྱི་སྟི་སྟང་དུ་བྱས་ནས་བསྟན་པ་སྟེ། དེ་ལྟར་སྟི་སྟང་དུ་བྱས ་ཏེ་མཉན་ན། དགའ་ཞིང་ཡིད་དུ་འོང་བ་བཟང་པོ་དང་ལྡན་པར་འགྱུར་བས་ཐོས་པ་ནི་སྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པ་ཞེས་བྱའོ། །དེ་ལ་ལུས་ཀྱིས་སྟི་སྟང་དུ་བྱས་ཏེ་ཉན་པ་ནི་དུས་ཐམས་ཅད་དུ་ལུས་ཀྱི་སྤྱོད་ལམ་མི་མཛེས་པ་མི་སྟོན ་ཅིང། འདུད་པ་དང་ཐལ་མོ་སྦྱར་བ་ལ་སོགས་པ་བྱེད་པའོ། །སེམས་ཀྱི་གུས་པར་བྱས་ཏེ་ཉན་པ་ནི་ཆོས་དང་ཆོས་སྨྲ་བ་ལ་གནོད་པའི་བསམ་པ་དང། འཕྱས་གདགས་པའི་བསམ་པ་དང། ཀླན་ཀའི་བསམ་པ་མེད་ཅིང། ཆོས་དོན་དུ་གཉེར་བའི་བསྒམ ་པས་བླ་ན་མེད་པའི་ལམ་སྟོབས་པར་བྱེད་པའོ་སྙམ་དུ་བསམས་ནས་ཉན་པའོ། །དག་གིས་གུས་པར་བྱེད་དེ་ཉན་པ་ནི་ཆོས་སྨྲ་བའི་གང་ཟག་ལ་གནས་ཀྱང་ཞེར་འདེབས་པའི་ཚིག་མ་སྨྲ་ཞིང། རྟག་ཏུ་དེའི་ཡོན་ཏན་བརྗོད་པར་བྱེད་པའོ། །ཐོས་པ་ལས་སེམས ་མ་འཁྲུགས་ཤིང། ཞི་གནས་ཀྱིས་མཚན་ཉིད་ཏིང་ངེ་འཛིན་ཐོབ་པར་འགྱུར་ལ། ཞི་གནས་དང་ལྡན་པས་མིག་ལ་སོགས་པ་དབང་པོའི་ཡུལ་ལ་མི་འཇུག་ཅིང། སེམས་རྣམ་པར་རྟོག་པ་མང་པོས་གཡེན་སྤྱོ་བ་མེད་པས་སེམས་བདེ་བར་འགྱུར་ལ། ་སེམས་བདེ་ན་ལུས་བདེ་བར་འགྱུར་བས་ལུས་བདེ་བའི་རྣམ་པ་ཞེས་བྱའོ། །ཐོས་པ་ལས་ཤེས་རབ་ཀྱི་མཚན་ཉིད་ལྷག་མཐོང་ཐོབ་པར་འགྱུར་ལ། ལྷག་མཐོང་གིས་ཐེ་ཚོམ་དང་ཡིད་གཉིས་སེལ་བར་བྱེད་པས་སེམས་རབ་ཏུ་དགའ་བའི་རྣམ་པ ་ཞེས་བྱའོ། །བརྩོན་འགྲུས་ཀྱི་སྐྱོན་གཉིས། །ཧ་ཅང་བརྟུན་དགས་པ་དང། གཡེལ་བ་ལས་ཕྱིས་ཆོས་ཉན་པར་མི་འདོད་པ་འམ། ཚད་འགའ་ཉན་ཆེ་འགའ་མི་ཉན་པ་ནི་སྐྱོ་བ་སྟེ། དེ་ལྟ་བུ་མེད་པས་མི་སྐྱོ་བར་ཉན་པ་ཞེས་བྱའོ། །དོན་དང་ཆོས་དང ་ནན་ཏན་ཉན་པ་རྣམ་པ་གསུམ་གྱིས་ནི་ཐོབ་བར་བྱ་བ་དང། བཤད་པར་བྱ་བ་དང་བསྒྲུབ་པར་བྱ་བ་ཉན་པར་རིགས་བཞིན་དུ་བསྟན་ཏོ། །དེ་ལ་དོན་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། འཕགས་པའི་ལམ་གྱིས་བསྒྲུབས ་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཆོས་ནི་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་ཏེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླེང་གཞིའི་སྡེ་དང། རྟོག་པ ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང་ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང། གཏན་ལ་ཕབ་པར་བསྟན་པའི་སྡེ་དག་གོ་།དེ་ལ་མདོ་སྡེ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ ་འདུལ་བ་དེ་དང་དེ་དག་དང། འདུལ་བའི་སྤྱོད་པ་རྣམས་ལས་བརྩམས་ཏེ་ཕུང་པོ་དང་ལྡན་པའི་གཏམ་དང་སྐྱེ་མཆེད་དང་ལྡན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པ་དང། ཟས་དང་བདེན་པ་དང་ཁམས་དང་ལྡན་པ་དང་ཉན་ཐོས ་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་དང་ལྡན་པ་དང་དྲན་པ་ཉེ་བར་བཞག་པ་དང་ཡང་དག་པར་སྡོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་དང། མི་སྡུག་པ་དང། དབུགས་རྡུབ་བ ་དང། དབྱུང་བ་དང། བསླབ་པ་དང་ཤེས་ནས་ངང་པ་དང་ལྡན་པའི་གཏམ་གསུངས་པ་གང་ཡིན་པ་དག་ཡང་དག་པར་སྡུད་པ་བྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་ནས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་མིང་དང་ཚིག་དང་ཡི་གེ་ལ ་ཚོགས་མཐུན་པ་དག་གིས་ཅི་རིགས་པར་རིམ་གྱིས་བཀོད་ཅིང་སྦྱར་བ་གང་ཡིན་པའོ། །དབྱངས་ཀྱི་བསྙད་པའི་སྡེ་ནི་གང་གི་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང། བཀྲི་བའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ལུང་དུ་བསྟན ་པའི་སྡེ་ནི་གང་ལས་ཉན་ཐོས་ཤི་འཕོས་པ་དང། དུས་བྱས་པ་དང་སྐྱེ་བ་ལུང་སྟོན་པ་དང་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པའོ། །ཚིགས་སུ་བཅད་པའི་སྔ་ནི་རྐྱང་བས་བཤད་པ་མ་ཡིན་པ་སྟེ། འདི་ལྟར་རྩ་བ་གཉིས་པ་འམ་གསུམ་པ་འམ་བཞི་པ་འམ་ལྔ་པ ་འམ་རྩ་བ་དྲུག་པར་རྩ་བ་སྡེབས་ཏེ་བཤད་པ་གང་ཡིན་པའོ། །ཆང་དུ་བརྗོད་པའི་སྡེ?་ནི་གང་ཟག་གི་མིང་དང་རིགས་ཡོངས་སུ་མི་བརྗོད་མ་བསྟན་པར་ཕྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཤད་པའོ། །གླེང་གཞིའི་སྡེ་ནི་གང་ཟག་གི་མང ་དང་རིགས་ཡོངས་སུ་བརྗོད་ཅིང་བསྟན་ཏེ་བཤད་པ་དང། ཅུང་ཟད་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས། གླེང་གཞི་དང་བཅས་པ་སོ་སོར་ཐར་པའི་མདོ་སྡེ་གང་ཡིན་པའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པར་བསྟན་པ་སྟེ། དཔེ་ངེས་དོན་གྱི ་རང་བཞིན་དེ་རྣམ་པར་གསལ་བར་འགྱུར་པ་གང་ཡིན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་ཅུང་ཟད་སྔོན་གྱི་སྦྱོར་བ་དང་ལྡན་པ་གང་ཡིན་པའོ། །སྐྱེས་བ་རབས་ཀྱི་སྡེ་ནི་འདས་ཨའི་དུས་ལ་བརྟན་ཏེ། བཅོམ་ལྡན་འདས་ཀྱིས་འཆི་འཕོ་དང་སྐྱེ་བ་དེ་དང་དེ་དག་ཏུ ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་དཀའ་བར་སྤྱད་པ་བསྟན་པ་གང་ཡིན་པའོ། །ཤིན་ཏུ་རྒྱས་པའི་སྡེ་ནི་གང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། སྟོབས་བཅུ་དང། སྒྲིབ་པ་མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་ཕྱིར་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ལས་བསྟན་པ་གང་ཡིན་པའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་གང་ལས་བྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་ཐུན་མོང་དང། ཐུན་མོང་མ་ཡིན་པ་དང་དེ་ལས་གཞན་ཁྱད་པར་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར་རྨད ་དུ་བྱུང་བར་གྲགས་པ་དག་བསྟན་པ་གང་ཡིན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་མདོ་སྡེ་འདྲེན་པར་བྱེད་ཅིང། མདོ་སྡེ་རྣམ་པར་འཆད་པར་བྱེད་པ། མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་ལ་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་དེ ་དག་ལ་མདོ་སྡེ་ཡང་ཡོད། །འདུལ་བ་ཡང་ཡོད་ཆོས་མངོན་པ་ཡང་ཡོད་དེ་དེ་ལ་རེ་ཞིག་མདོ་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་དེ་ལྟ་བུ ་བྱུང་པའི་སྡེ་དང་སྐྱེས་པའི་རབས་ཀྱི་སྡེ་དང། །ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་ནི་མདོ་སྡེའོ། །གླེང་གཞིའི་སྡེ་གང་ཡིན་པ་ནི་འདུལ་བའོ། །གཏན་ལ་བབ་པར་བསྟན་པའི་སྡེ་གང་ཡིན་པ་ནི་ཆོས་མངོན་པའོ། །དེ ་ལ་སྡེ་སྣོད་གསུམ་པོ་དག་ལས་མདོ་སྡེའི་མཚན་ཉིད་ནི་ཆོས་རྣམས་མདོར་བསྡུས་ནས་སྟོན་པའོ། །འདུལ་བའི་མཚན་ཉིད་ནི་ཆོས་དང་དོན་མངོན་དུ་བྱེད་པ་སྟེ། ཉོན་མོངས་པ་བཏུལ་ན་ཆོས་དང་དོན་མངོན་དུ་འགྱུར་བའི་ཕྱིར་རོ། །ཆོས་མངོན ་པའི་མཚན་ཉིད་ནི་ངེས་པའི་གཏམ་གཏན་ལ་འབེབས་པས་ཆོས་ཀྱི་ལོངས་སྤྱོད་ལ་རེག་པར་བྱེད་པའོ། །དེ་དག་གི་ལས་ནི་མདོ་སྡེའི་སྡེ་སྣོད་ཀྱིས་ཐེ་ཚོམ་ཉེ་བའི་ཉོན་མོངས་པ་སེལ་བར་བྱེད་དོ། །འདུལ་བའི་སྡེ་སྣོད་ཀྱིས་མཛའ་གཉིས་ལ་སྦྱོར ་བའི་ཉེ་བའི་ཉོན་མོངས་པ་སེལ་བར་བྱེད་དོ། །ཆོས་མངོན་པའི་སྡེ་སྣོད་ཀྱིས་རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཀུན་ནས་ཉོན་མོངས་པ་སེལ་བར་བྱེད་པའོ། །ནན་ཏན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པ་བསྒྲུབ་པར་བྱ་བའི ་ཆོས་རྣམས་ལ་བྱའོ། །གཞན་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པ་དགེ་བའི་བཤེས་གཉེན་རྣམས་སོ། །དེ་དག་གིས་གསན་པ་ནི་དེ་དག་གིས་བཤད་པ་སྟེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་བཏང་ནས་ང་རྒྱལ་མེད་པར་བྱས་ཏེ། ཇི ་སྐད་བསྟན་པ་བཞིན་དུ་ཉན་པ་ནི་གཞན་གྱིས་བསྟན་པ་ཉན་པ་ཞེས་བྱའོ། །ཆོས་མ་ཐོས་པ་ནི་མུ་སྟེགས་ཅན་ལ་སོགས་པ་འདི་ལས་ཕྱི་རོལ་པའི་བསྟན་པ་ལ་མེད་པ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་མདོའི་སྡེ་ལས་གསུངས་པར་བསྟན་པ་གང ་ཡིན་པ། འཁོར་བ་ཐོག་མ་མེད་པ་ནས་ལན་འགའ་ཡང་མ་ཐོས་པ་དེ་དང་ཐོས་པར་གྱུར་པས་ན་ཐོས་པ་ནི་ཆོས་མ་ཐོས་པ་ཉན་པའི་རྣམ་པ་ཞེས་བྱའོ། །མངོན་པར་ཤེས་པ་ནི་དྲུག་སྟེ། དེ་དག་ནི་དེ་དག་ཉིད་ཀྱི་སྐབས་ནས་འཆད་དོ། །ཐེག་པ ་གཞན་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ལྷའི་ཐེག་པ་དང། མིའི་ཐེག་པ་དག་སྟེ། དེ་དག་ཉིད་ཀྱང་ཆགས་པར་མི་བྱེད་པས་ན་འདོད་པ་མེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་མི་ཟད་པ་ལ་སོགས་པ་དྲུག་པོ་འདི ་དག་གོ་དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲ་ནི་མཆོག་གི་དོན་ཏེ། རྒྱུ་མཆོག་དང་ལས་མཆོག་དང་འབྲས་བུ་མཆོག་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་རྒྱུ་མཆོག་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་གོང་ནས་གོང་དུ་ཁྱད་ཞུགས་པའི་ཡེ་ཤེས་ཀྱི་རྒྱུར ་འགྱུར་བའི་ཕྱིར་རོ། །ལས་མཆོག་ནི་བདག་དང་གཞན་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །འབྲས་བུ་མཆོག་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ། །ཡང་ན་རྒྱུ་མཆོག་ནི་སྙིང་རྗེ་ཆེན་པོའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་སྡེ། ་སྣོད་ནི་གོང་དུ་གསུང་རབ་ཡན་ལག་བཅུ་གཉིས་སྨོས་པའི་ནང་ནས་ཤིན་ཏུ་རྒྱས་པའི་སྡེ་གང་ཡིན་པའོ། །བསྡུ་བའི་དངོས་པོ་ཞེས་བྱ་བ་ནི་སེམས་ཅན་དགའ་བར་བྱེད་པའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས ་པོ་བཞི་ཉིད་ཀྱི་སྐབས་ན་འཆད་དོ། །ཐབས་མཁས་པ་ནི་དགེ་བའི་རྩ་བ་ཆུང་ངུ་རྣམས་ཡང་དཔག་ཏུ་མེད་པར་འགྱུར་བར་བྱེད་པ་དང། སེམས་ཅན་བསྟན་པ་འདི་ལ་མ་ཞུགས་པའི་རྣམས་བསྟན་པ་ལ་གཟུང་བ་དང། ཞུགས་པ་རྣམས་དགེ་བའི་རྩ་བ་འཕེལ ་བར་བྱ་བ་དང་དགེ་བའི་རྩ་བ་འཕེལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་སྟེ། དེ་ཉན་པར་བྱེད་པས་ན་ཐབས་ལ་མཁས་པ་ཉན་པའི་རྣམ་པ་ཞེས་བྱའོ། །ཚངས་པ་ནི་སྡིག་པ་ཐམས་ཅད་སྤངས་པའི་མྱ ་ངན་ལས་འདས་པ་ལ་བྱ་སྟེ། མདོ་ལས་ཀྱང་ཚངས་པར་གྱུར། བསིལ་བར་གྱུར་ཅེས་གསུངས་པའི་ཕྱིར་རོ། །དེའི་གནས་པ་ནི་ཐོབ་པར་བྱེད་པའི་རྒྱུ་ལ་བྱ་སྟེ། དེ་ཡང་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ཉིད་ཀྱི ་སྐབས་ནས་འཆད་དོ། །དྲན་པ་ནི་སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་བྱ་བ་དང་མི་བྱ་བ་ཤེས་ཤིང་དྲན་པའོ། །ཤེས་བཞིན་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་སྒྱུ་ལྟ་བུར་དངོས་པོ་མེད་པར་ཤེས་པའོ། །སྐྱེ་བ་ལ་མཁས ་པ་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཆོས་རྣམས་རྒྱུ་གང་ལས་འབྲས་བུ་གང་སྐྱེ་བ་ཤེས་པ་སྟེ། འདི་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ས་བོན་གྱི་རྐྱེན་གྱི་མྱུ་གུ་ཞེས་བྱ་བ་ནས་མེ་ཏོག་གི་རྐྱེན་གྱི་འབྲས་བུ་ཞེས་བྱ་པའི་བར་དང། ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་ཕྱི་དང་ནང་གི་ཆོས་རྣམས་རྒྱུ་དང་རྐྱེན་ལས་སྐྱེའི། བདག་དང་བྱེད་པ་པོ་ལས་སྐྱེ་བ་མ་ཡིན་པར་རྟོག་པའོ། ། ་མི་སྐྱེ་བ་ལ་མཁས་པ་ནི་གཟུང་བ་དང་འཛིན་པ་ལས་དབེན་པའི་དོན་དམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ་དེ་ཉན་པའོ། །མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ཞེས་བྱ་བའི་ཚིག་གསུམ་གྱི་འདོད ་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱི་གཉེན་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་རྣམ་པ་གསུམ་ཡང་ཐོས་པ་ལས་བྱུང་བར་སྟོན་ཏོ། །དེ་ལ་མི་སྡུག་པ་ནི་འདོད་ཆགས་ཀྱི་གཉེན་པོ་སྟེ། དེ་བས་ན་མདོ་ལས་ཀྱང། དགེ་སློང་རྣལ་འབྱོར་པས ་ཤི་ནས་དུར་ཁྲོད་དུ་བོར་བའི་རོ་ཞག་ཅིག་ལོན་པ་ཞེས་བྱ་བ་ནས་ཁྱི་དང་བྱ་རྒོད་དང་ཕར་བ་ལ་སོགས་པས་ཟོས་པ་ཡིད་ལ་གཟུང་བར་བྱ་སྟེ་ཞེས་གསུངས་པའི་ཕྱིར་རོ། །བྱམས་པ་ནི་ཞེ་སྡང་གི་གཉེན་པོ་སྟེ། དེ་བས་ན་མདོ་ལས་ཀྱང་བྱམས་པ་དང་ལྡན་ ་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པས་ཕྱོགས་བཅུར་མོས་ཏེ་ཁྱབ་པར་བྱས་ཏེ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཏི་མུག་གི་གཉེན་པོ་སྟེ། དེ་བས་ན་མདོ་ལས་ཀྱང། རྟེན་ཅིང་འབྲེལ ་པར་འབྱུང་བ་གང་ཞེ་ན། གང་དུས་གསུམ་གྱི་ཆོས་རྣམས་ལ་འདུ་བྱེད་ཙམ་དང། ཆོས་ཙམ་དང་དངོས་པོ་ཙམ་དང་རྒྱུ་ཙམ་དང་འབྲས་བུ་ཙམ་སྟེ་བྱེད་པ་པོ་མེད་པ་དེ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། གང་གི་ཚེ་དེ་ཡིད་ལ་བྱ་ན་གཏི་མུག་ཤས་ཆེ་བའི ་གང་ཟག་རྣམས་གཏི་མུག་བསྲབས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །མི་རྟག་པ་ནི་དུས་གསུམ་གྱི་འདུས་བྱས་ཐམས་ཅད་སྐད་ཅིག་མ་རེ་རེར་འཇིག་པས་གནས་པ་མེད་པ་སྟེ། དེ་ལ་འདི་ལྟར་འདས་པའི་འདུས་བྱས་རྣམས་ནི་སྐྱེས་ནས་འགག ་པར་སྣང་ལ། ད་ལྟར་བྱུང་བའི་འདུས་བྱས་རྣམས་ནི་སྐྱེས་པའི་སྐད་ཅིག་ཕན་ཆད་དུ་གནས་པའི་མཐུ་མེད་པ་ལ་མ་འོངས་པའི་འདུས་བྱས་རྣམས་ནི་མ་སྐྱེས་ལ་འགག་པ་མེད་པར་སྣང་བའི་ཕྱིར་རོ། །དེ་ལྟར་འདུས་བྱས་མི་རྟག་པའི་རང་བཞིན་དེ་ཡང་སྡུག་བསྔལ ་རྣམ་པ་གསུམ་གྱི་རྟེན་བྱེད་པས་ན་སྡུག་བསྔལ་བ་ཞེས་བྱ་སྟེ། སྡུག་བསྔལ་རྣམ་པ་གསུམ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་དང། སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་རྒྱུ་དང་རྐྱེན་གྱི་བསྐྱེད་པའི་འདུ ་བྱེད་ཐམས་ཅད་ནི་མི་བརྟག་པ་ཡིན་པའི་ཕྱིར་རོ། །འགྱུར་བའི་སྡུག་བསྔལ་ནི་འབྱོར་པའི་ལོངས་སྤྱོད་དང། བདེ་བའི་ཚོར་བ་ཡང་ཕྱིས་མེད་པར་འགྱུར་ཞིང་མ་འོངས་པ་ན་རྣམ་པར་སྨིན་པའི་ཡིད་དུ་མི་འོང་བའི་རྒྱུ་བྱེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་སྡུག ་བསྔལ་ནི་སྐྱེ་བ་དང་རྒ་བ་དང་འཆི་བ་དང་འདོད་པ་མི་རྙེད་པ་དང་སྡུག་བསྔལ་གྱིས་ཚོར་བ་རྣམས་རང་བཞིན་གྱིས་སྡུག་བསྔལ་བའི་སྟེང་དུ་ནད་ལ་སོགས་པ་སྡུག་བསྔལ་གཞན་དང་ཡང་འབྲེལ་པའི་ཕྱིར་རོ། །བདག་མེད་པ་ནི་འདུས་བྱས་དང་འདུ་མ་བྱས་ཀྱི ་ཆོས་ཐམས་ཅད་ལ་མེད་པ་སྟེ། དེ་དག་ཀྱང་ཐོས་པ་དང་ལྡན་པས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་མི་རྟག་པའི་རྣམ་པ་ལ་སོགས་པ་ཞེས་བྱའོ། །ཞི་བ་ནི་ཉོན་མོངས་པ་ཐམས་ཅད་དང་སྡུག་བསྔལ་བ་ཐམས་ཅད་ཞི་བའི་ཕྱིར ་མྱ་ངན་ལས་འདས་པ་ལ་བྱའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་གི་དོན་ནི་སྔར་བཤད་ཟིན་ཏེ། དེ་དག་ཁོང་དུ་ཆུད་པ་ཡང་ཐོས་པ་ལས་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །མངོན་པར་འདུ ་མི་བྱེད་པ་དང། དགེ་བ་མངོན་པར་འདུ་བྱེད་པ་ཚིག་གཉིས་ཀྱིས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་སྤོང་བ་དང། དད་པ་དང་བརྩོན་འགྲུས་ལ་སོགས་པ་དགེ་བ་མངོན་པར་འདུ་བྱེད་པ་ཡང་ཐོས་པ་ལས་འབྱུང་ཞེས་སྟོན་ཏོ། །བདེན་པས ་བྱིན་གྱིས་བརླབས་པ་ནི་འཕགས་པའི་བདེན་པ་བཞི་མཐོང་བའི་མཐུ་དང་ལྡན་པར་བྱེད་པ་སྟེ་བདེན་པ་མཐོང་བའི་མཐུ་དང་ལྡན་པར་ཡང་ཐོས་པ་ལས་བྱུང་པས་ན་ཐོས་པ་ནི་བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་ཞེས་བྱའོ། །ཡང་ན་མདོ་དག་ལས་བྱང་ཆུབ་ཝ་སེམས་དཔའ་ལ་སོགས་པས་རང་གིས་དམ་བཅས་པའི་བདེན་པའི་ཚིགས་གིས་བྱིན་གྱིས་བརླབས་ན་དེ་བཞིན་དུ་འགྱུར་བ་སྟེ། །དེ་ཡང་ཐོས་པ་ལས་འབྱུང་ཞེས་བྱ་བར་སྦྱར་རོ། །ཆུད་མི་གསོན་པ་ནི་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད ་པར་ལྟ་བའོ། །རང་གི་ཁ་ན་ལས་པ་ནི་གཞན་ལ་རག་མ་ལུས་པ་སྟེ། །གཞན་ལ་ཤེས་པའི་རག་མ་ལུས་པར་བྱ་བ་ཡང་ཐོས་པ་ལས་འབྱུང་བའི་ཕྱིར་རོ། །རང་གི་སེམས་བསྲུང་བ་ནི་བྱ་བ་མ་ཡིན་པ་ལ་མི་འཇུག་པར་བྱེད་པའོ། །བརྩོན་འགྲུས་ནི་དགེ་བ ་མངོན་པར་འདུ་བྱེད་པ་ལ་སྤྲོ་བ་ཡིན་ལ། དེ་མི་གཏོང་བ་ནི་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའོ། །ཆོས་ངེས་པར་སེམས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་བློས་གཏན་ལ ་འབེབ་པའོ། །ཇི་ལྟར་བཤད་པའི་ཆོས་རྣམས་མཉན་ནས་རིགས་པས་བསམས་ཏེ་བསྒོམས་ན་ཉོན་མོངས་པ་སྤོངས་བར་འགྱུར་བས་ཉོན་མོངས་པའི་གཉེན་པོའི་རྣམ་པ་ཞེས་བྱའོ། །རང་གིས་ཕྱོགས་ནི་བྱང་ཆུབ་སེམས་དཔའ་ཨི་ཕྱོགས་ཏེ། རྣམ་པར ་བྱང་བའི་ཆོས་རྣམས་དང། དེའི་འཁོར་དུ་གཏོགས་པའི་སེམས་ཅན་རྣམས་སོ། །བསྲུང་བ་ནི་ཕྱོགས་དེ་དག་གཞན་གྱིས་མི་འཕྲོག་ཅིང་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱེད་པའོ། །ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་སྟེ། དེ་དག་དང ་ཉོན་མོངས་པ་ཚར་གཅོད་པ་ནི་དེ་དག་མཐུ་མེད་ཅིང་ཉམས་སྨོས་པར་བྱེད་པའོ། །ནོར་བདུན་ནི་དད་པ་དང་ཚུལ་ཁྲིམས་དང། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཐོས་པ་དང། གཏོང་པ་དང། ཤེས་རབ་ཀྱི་ནོར་ཏེ། ཐོས་པ་ལས་དེ་དག་འདུ་བར་འགྱུར་བས ་ཡང་དག་པར་འདུ་བའི་རྣམ་པ་ཞེས་བྱའོ། །དེ་ལྟར་འཕགས་པའི་ནོར་བདུན་པོ་འཕགས་པའི་ནོར་མ་ཡིན་པའི་ནོར་ལས་ཤིན་ཏུ་ཁྱད་ཞུགས་པ་དེ་དག་ཐོས་པ་ལས་ཡང་དག་པར་འདུ་བའི་ཕྱིར་དབུལ་བ་ཐམས་ཅད་གཅོད་པ་ཞེས་བྱ་སྟེ། །ཐོས་པ་འདིས་དབུལ ་བ་ཐམས་ཅད་གཅོད་ཅེས་བྱ་བའི་ཐ་ཚིག་གོ་འཛངས་པ་ནི་རིག་པའི་གནས་ལྔ་ཁོང་དུ་ཆུད་པའི་གང་ཟག་སྟེ། ཐོས་པ་ནི་ཉེས་པ་ཐམས་ཅད་སྤོང་བའི་གཉེན་པོ་ཡིན་པ་དང། ཡོན་ཏན་མཆོག་རྣམས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། འཛངས་པ་དེ་དག ་གིས་བསྔགས་པའི་རྣམ་པ་ཞེས་བྱའོ། །མཁས་པ་ནི་ལེགས་པར་བསམས་པ་སེམས་པ་དང། ལེགས་པར་སྨྲ་བ་བརྗོད་པ་དང། ལེགས་པར་བྱ་བའི་ལས་བྱེད་པ་དང། ལེགས་པར་སྨྲས་པ་དང། ཉེས་པར་སྨྲས་པའི་དོན་ཁོང་དུ་ཆུད་པར་ནུས་པ་སྟེ། ་དེ་ལྟ་བུ་དག་ཐོས་པ་ལ་མོས་པར་བྱེད་པས་མཁས་པ་ལ་མངོན་པར་དགའ་བའི་རྣམ་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་དང། རང་སངས་རྒྱས་དང། དེ་བཞིན་གཤེགས་པ་བདག་གིས་ཀྱང་ཐོས་པ་དེ་ལྟ་བུ་ཐུགས་སུ་ཆུད་པ་འམ། ཐོས་པ་ལ་འཕགས་པ ་རྣམས་དགྱེས་པ་ན་ཐོས་པ་ནི་འཕགས་པས་ཀུན་ཤེས་པའི་རྣམ་པ་ཞེས་བྱའོ། །འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་སྟེ། ཐོས་པའི་ཤེས་རབ་ཀྱང་དེ་དག་ཀྱང་དམ་པའི་ཆོས་ལ་མོས་ཤིང་དད་པར་བྱེད་ནུས་པའི་ཕྱིར། ་འཕགས་པ་མ་ཡིན་པ་དད་པར་བྱེད་པའི་རྣམ་པ་ཞེས་བྱའོ། །ཐོས་པའི་ཤེས་རབ་ལས་འཕགས་པའི་བདེན་པ་བཞི་མཐོང་བ་འབྱུང་བའི་ཕྱིར་བདེན་པ་མཐོང་བའི་རྣམ་པ་ཞེས་བྱའོ། །ཟག་པ་དང་བཅས་པའི་ཕུང་པོའི་སྐྱོན་སྐྱེ་བ་དང། རྒ་བ་ལ་སོགས ་པ་རྣམ་པར་སྤང་བའི་ཐབས་ཀྱང་ཐོས་པ་ལས་འབྱུང་བས་ན་འདི་སྐད་ཅེས་བྱའོ། །ཐོས་པའི་ཤེས་རབ་ཀྱི་འཁོར་བའི་ཆོས་རྣམས་ཀྱི་སྐྱོན་ཁོང་དུ་ཆུད་པར་བྱེད་པས་ན་འདུས་བྱས་ཀྱི་སྐྱོན་ལ་ཡོངས་སུ་འཇལ་བའི་རྣམ་པ་ཞེས་བྱའོ། །དོན་ལ་རྟོན་པ་ལ ་སོགས་པ་རྟོན་པ་བཞི་པོ་ཡང་ཐོས་པ་ལས་འབྱུང་ཞེས་བྱ་བར་སྦྱར་ཏེ། དེ་དག་གི་དོན་ནི་རྟོན་པ་བཞིའི་སྐབས་ནས་འཆད་དོ། །ཐོས་པ་དང་ལྡན་ན་སྡིག་པ་མི་དགེ་བའི་ཆོས་རྣམས་མི་བྱེད་པས་སྡིག་པ་ཐམས་ཅད་མི་བྱེད་པའི་རྣམ་པ་ཞེས་བྱའོ། ། ་བདག་དང་གཞན་ལ་ཕན་པ་ནི་བདག་དང་གཞན་མི་དགེ་བའི་གནས་ནས་བཏོན་ཏེ། དགེ་བ་ལ་འཇོག་པ་འམ་ཤེས་པའི་མཐར་ཕྱིན་པར་བྱེད་པ་སྟེ། དེ་ཡང་ཐོས་པ་ལས་འབྱུང་ཞེས་སྦྱར་རོ། །ཐོས་པ་ཉིད་དགེ་བའི་རང་བཞིན་ཡིན་པས་ལེགས་པར་བྱས ་པའི་ལས་ཀྱིས་རྣམ་པ་ཞེས་བྱའོ། །དེ་ལྟར་ལེགས་པར་བྱས་པས་ན་མི་འགྱོད་པའི་རྣམ་པ་སྟེ། དགེ་བ་བྱས་པ་ནི་ཕྱིས་འདི་ལྟ་བུར་འགྱུར་རོ་སྙམ་དུ་སེམས་ལ་གདུང་བ་མེད་པའི་ཕྱིར་རོ། །ཁྱད་པར་དུ་འགྲོ་བ་ནི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་ལས་ཐོབ་པར ་བྱེད་པ་འམ། ཡང་ན་མོས་པ་སྤྱོད་པའི་ས་ཡན་ཆད་གོང་ནས་གོང་དུ་ས་རྣམས་གནོན་པ་ལ་བྱ་སྟེ། དེ་ཡང་ཐོས་པ་ལས་འབྱུང་བར་སྦྱར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་དེ་དག ་ཐམས་ཅད་ཀྱང་ཐོས་པ་ལ་བརྟེན་ནས་འཐོབ་པར་འགྱུར་གྱི་དེ་ལས་ཐབས་གཞན་མེད་པས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་ཞེས་བྱའོ། །ཤེས་རབ་ཀྱི་འཇུག་པ་བསྟན་པའི་དབང་དུ་བྱས་ནས་བཙུན་པ་ཤ་རདྭཱ་ཏིའི་བུ་དེ་ལ་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་ནི་སུམ་ཅུ་རྩ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ལ་ཚུལ་ནི་འཕགས་པའི་ལམ་དང། མྱ་ངན་ལས་འདས་པ་ལ་བྱའོ། །དེ་དང་མཐུན་པར་སེམས་ཤིང་བསྒོམ་པ་ནི་ཚུལ ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དེས་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་ཅིང། ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་ཞེས་བྱའོ། །དེ་ལྟར་དོན་ལ་འཇུག་པ་དེ་ཡང་བསམ་པའི་ཤེས་རབ་ཀྱི་གཏན་ལ་ཕབ་པའི་ཆོས་དེ་ལ་བསྒོམས་པའི ་ཤེས་རབ་ཀྱིས་གོམས་པར་བྱས་ནས་དོན་རྟོག་པར་འགྱུར་ཏེ། དེ་བས་ན་འདི་ནི་བསམས་པ་དང་བསྒོམ་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །ཡང་ན་ཚུལ་ནི་འཕགས་པའི་ལམ་དང་མྱ་ངན་ལས་འདས་པ་འམ། མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི ་རིགས་པ་འམ། མ་ནོར་བར་སྟོན་པའི་མཁན་པོ་དང་སློབ་དཔོན་གྱི་མན་ངག་ལ་བྱ་སྟེ། །དེ་དང་མི་འགལ་བར་ཡིད་ལ་བྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་ལ་འཇུག་པས་ན་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ ་སྟེ། འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པ་འམ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་གིས་རང་བཞིན་དང། །རབ་ཏུ་དབྱེ་བ་རྟོགས་པའོ། །ཞི་གནས་ཀྱི་གནས་ཞེས་བྱ་བ་ལ། ཞི་གནས་ཉིད་གནས་ཡིན་པས་ཞི་གནས་ཏེ། ཞི་གནས་དེ ་ལ་འཇུག་པ་ནི་ཞི་གནས་ཀྱི་རང་བཞིན་རྟོགས་པར་བྱེད་པ་འམ། །ཏིང་ངེ་འཛིན་དེ་ལ་གནས་པར་བྱེད་པའོ། །ལྷག་མཐོང་གི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པས་ན་ལྷག་མཐོང་རྣམ་པར་དཔྱོད ་པ་ཞེས་བྱ་བ་ལ། དེ་ལྟར་རྣམ་པར་དཔྱད་པ་ལས་དེ་ཁོ་ན་ཉིད་ཀྱིས་དོན་རྟོགས་པར་འགྱུར་བས་འཇུག་པ་ཞེས་ཀྱང་བྱའོ། །ཞི་གནས་དང་ལྷག་མཐོང་དེ་ཉིད་ཀྱང་སེམས་ལས་སུ་རུང་བ་ལ་འཇུག་པས་བཤད་དོ། །དམིགས་པར ་བྱ་བའི་དོན་ལ་ཅིར་དགར་གནས་སུ་བཏུབ་པ་ནི་ཞི་གནས་དང་ལྷག་མཐོང་ཡིན་པའི་ཕྱིར་རོ། །ལུས་དབེན་པ་དང་སེམས་དབེན་པ་ལ་འཇུག་པ་ཉིད་ཀྱིས་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་སྦྱོར་བ་བསྟན་ཏེ། སྤོང་བ་དང་མཐུན་པའི་གནས་ལམ་བྲག ་ཕུག་དང་ནགས་ཚལ་ལ་སོགས་པ་ན་གནས་ན་ཆགས་པར་མི་འགྱུར་བའི་ཡུལ་འགྲོ་བ་བཟང་མོ་ལ་སོགས་པ་མེད་པ་དང་འདོད་པ་ལ་འདུན་པ་ལ་སོགས་པ་རྟོག་པ་མང་ན་ཞི་གནས་དང་ལྷག་མཐོང་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །རྟེན་ཅིང་འབྲེལ ་པར་འབྱུང་བ་ནི་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་ཏེ་སྔར་བཤད་པར་ཟད་དོ། །དེ་ལ་འཇུག་པ་ནི་དེ་དག་གི་མཚན་ཉིད་རྟོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།བདེན་པའི་རྗེས་སུ་མཐུན་པ་ནི་འཕགས་པའི་བདེན་པ་བཞི་ཚུལ་བཞིན་དུ་ཡིད ་ལ་བྱེད་པའོ། །ཡང་ན་ཁམས་གསུམ་ལ་ཡིད་བྱུང་བ་དང། ཉོན་མོངས་པའི་ཚིགས་རྣམས་དང་བྲལ་བར་དགའ་བ་དང། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ཕྱོགས་པ་དང། འཕགས་པའི་ལམ་སྒྲུབ་པར་མོས་པ་ནི་བདེན་པ་བཞི་རྟོག་པའི་རྒྱུ ་ཡིན་པས་བདེན་པའི་རྗེས་སུ་མཐུན་པ་ཞེས་བྱའོ། །ཡང་ན་བདེན་པ་བཞི་ནི་མཐོང་བའི་ལམ་གྱིས་རྟོག་པར་བྱ་བ་ཡིན་པས་དེ་དང་མཐུན་པ་ནི་ངེས་པར་བྱེད་པའི་ཆ་བཞི་ཡིན་ནོ། །བདེན་པའི་རྗེས་སུ་འཇུག་པའི་ཆོས་དེ་འཇུག་པས་ན་བདེན་པའི་རྗེས་སུ ་མཐུན་པར་འཇུག་པ་ཞེས་ཀྱང་བྱ་སྟེ། ཆོས་དེས་དེ་ཁོ་ནའི་དོན་རྟོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཡང་ན་བདེན་པའི་རྗེས་སུ་མཐུན་པའི་རྟོག་པར་བྱ་བའི་ཕྱིར་འཇུག་ཅེས་བྱ་བར་ཡང་བཤད་དོ། །ཆད་པ་མེད་པ་དང་རྟག་པ་མེད་པའི་ཚིག་གཉིས་ནི ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བསྟན་ཏེ། ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐད་ཅིག་མའི་ཚུལ་གྱིས་སྐྱེ་བ་རྒྱུན་མི་འཆད་པ་དང། དེ་དག་ཉིད་ཀྱང་མི་རྟག་པ་ཡིན་པར་རྟོགས་ན་ཆ་དང ་མེད་པ་དང་རྟག་པ་མེད་པ་ལ་འཇུག་པ་ཞེས་བྱའོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། རྒྱུ་དང་རྐྱེན་ལ་འཇུག་པ་ཞེས་གསུངས་སོ། །མ་རིག་པ་དང་ས་བོན་ལྟ་བུ་ནི་རྒྱུ་ཡིན་ལས་དང་ཆུ་ལ་སོགས་པ་ནི་རྐྱེན་ཡིན་པར་ཤེས་པའོ། །བདག་ལ་སོགས་པ ་མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པའི་མིང་གི་རྣམ་གྲངས་ནི་སྔར་བཤད་པར་ཟད་དེ། དེ་དག་མེད་པར་རྟོགས་པར་བྱེད་པས་ན་བདག་མེད་པ་ནས་གང་ཟག་གི་བར་དུ་མེད་པ་ལ་འཇུག་ཞེས་བྱའོ། །འོང་བ་དང་འགྲོ་བ་དང་གནས་པ་མེད་ཅེས་བྱ་བ་ནི་སྐྱེ ་བ་དང་འགག་པ་དང་འདུག་པ་མེད་པ་སྟེ། དེ་ལྟར་རྟོགས་པ་ལ་འཇུག་པ་ཞེས་བྱའོ། །མི་འཕོ་ཞིང་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ལ་འཇུག་པ་ནི་འདི་ནས་ཕ་རོལ་ཏུ་ཆོས་རྡུལ་ཙམ་ཡང་འཕོས་པ་མེད་པ་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་ཡང་ཆུད་མི་ཟ་པར ་ཤེས་པའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་འདྲིས་པར་བྱེད་པ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པ་འདི་མམ་ཆད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་ལས་ཤེས་རབ་དང་སྙིང་རྗེས་ཟིན་པར་སྟོན་ཏེ། འཁོར་བ་ན་གནས་ཀྱང་ཤེས ་རབ་ཀྱིས་འཁོར་བའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་ལ་སོགས་པར་ཁོང་དུ་ཆུད་པས་འཁོར་བའི་སྐྱོན་གྱི་ཀྱང་མ་གོས་ལ། དེ་ལྟར་ཁོང་དུ་ཆུད་ཀྱང་སྙིང་རྗེས་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པས་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད ་པ་མངོན་སུམ་དུ་མི་བྱེད་པ་ལ་འཇུག་པར་ཡང་བྱེད་ཅེས་སྦྱར་ཏེ། འོག་མ་དག་ལ་ཡང་ལམ་གཉིས་ཀྱི་ཟིན་པར་དེ་བཞིན་དུ་སྦྱར་རོ། །བསམ་གཏན་བཞི་དང། ནམ་མཁའ་མཛོད་དང། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང། མཐར་གྱིས་གནས་པའི ་*།།སྙོམས་པར་འཇུག་པ་རྣམས་ཤེས་རབ་ཀྱིས་སྐྱེད་པའི་ཚུལ་ལ་འཇུག་པ་སྟེ། དབང་བྱེད་ཀྱང་སྙིང་རྗེའི་དབང་གིས་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ལ་ལྟ་བའི་ཕྱིར་བསམ་གཏན་ལ་སོགས་པ་དེ་དག་གི་དབང་གིས་མི་སྐྱེ ་བ་ལ་འཇུག་གོ་།མངོན་པར་ཤེས་པ་ཉིད་ཡེ་ཤེས་ཡིན་པས་མངོན་པར་ཤེས་པའི་ཡེ་ཤེས་ཡིན་པའམ། ཡང་ན་བསམ་གཏན་མི་ཟད་པའི་སྐབས་སུ་བཤད་པ་ལྟར་མངོན་པར་ཤེས་པ་དང་ཡེ་ཤེས་པ་ཞེས་བྱ་སྟེ་ཤེས་རབ་ཀྱིས་དེ་ལྟ་བུ་དག་སྐྱེད་པ་ལ་འཇུག ་ཀྱང་སྙིང་རྗེ་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མ་ཡིན་པ་ལ་འཇུག་གོ་།ཤེས་རབ་ཀྱིས་ཀུན་ཏུ་རྟགས་པའི་ཆོས་རྣམས་རང་བཞིན་མེད་ཅིང་སེམས་ཙམ་དུ་ཤེས་པ་ནི་ནང་དུ་རྟོགས་པ་ལ་འཇུག་པ་ཡིན་ལ། དེ་ལྟར་ཤེས་ཀྱང་སྙིང་རྗེའི་དབང་གིས་མྱ ་ངན་ལས་འདས་པ་ངེས་པར་གྱུར་པར་འཇུག་གོ་།ཤེས་རབ་ཀྱི་འདུས་བྱས་ཀྱི་སྐྱོན་མི་རྟག་པ་ལ་སོགས་པ་ལ་ཡོངས་སུ་འཇལ་ཡང་སྙིང་རྗེས་འདུས་མ་བྱས་ཀྱི་ཆོས་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་བྱེད་པར་འཇུག་གོ་།ཤེས་རབ་ཀྱིས་སེམས ་ཅན་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་ཏེ། དོན་བྱ་བའི་གནས་རང་བཞིན་མེད་པར་ཤེས་ཀྱང། སྙིང་རྗེ་ཆེན་པོས་མི་གཏོང་སྟེ། སེམས་ཅན་གྱི་དོན་ཡང་བྱེད་དོ། །དེ་ལ་རྣམ་པ་བདུན་གྱི་ན་སྙིང་རྗེ་ཆེན་པོ་ཁྱད་པར་དུ་འཕགས་ཏེ། རང་བཞིན ་ནི་ཞེ་མི་སྡང་བ་དང། གཏི་མི་མུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གཅིག་དང་གཉིས་ནས་སྡུག་བསྔལ་བརྒྱ་སྟོང་མང་པོའི་བར་ལ་རྟོགས་པའི་ཕྱིར་རོ། །དམིགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་དམིགས ་པའི་ཕྱིར་རོ། །ས་ནི་བསམ་གཏན་བཞི་པའི་སར་རྟོག་པའི་ཕྱིར་རོ། །རྒྱུད་ནི་བྱང་ཆུབ་སེམས་དཔའ་ཨི་རྒྱུད་ལ་འབྱུང་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཐོབ་པ་ནི་ཁམས་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པའི་ཕྱིར་རོ། སྙིང་རྗེ་སྐྱེ་མཆེད ་མི་མཉམ་པ་ནི་སེམས་ཅན་ཐམས་ཅད་ལ་སྐྱོབ་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ཐམས་ཅད་ནི་འགྲོ་བ་རྒྱུད་ལྔའི་སྐྱེ་བ་རྣམས་ཏེ། སོ་སོའི་སྐྱེ་བོ་དག་ལྟར་སྐྱེ་བ་དག་ཏུ་ཉོན་མོངས་པའི་དབང་དུ་གྱུར་ནས་ཡང་དང་ཡང་དུ་སྐྱེ་བས་འཇིག་པར་ལྟ་བ་ནི་ཤེས་རབ ་སྟེ། དེ་ལྟར་རྟོགས་ཀྱང་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་དབང་གིས་རྟག་ཏུ་བསམས་བཞིན་དུ་ཤེས་པས་སྲིད་པ་ཐམས་ཅད་ཀྱང་ཡོངས་སུ་འཛིན་ཏོ། །ཤེས་རབ་ཀྱི་ཁམས་གསུམ་གྱི་ཆོས་རྣམས་ལ་ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བར་འཇུག་ཀྱང་སྙིང་རྗེ་འདོད ་ཆགས་དང་བྲལ་བའི་ཆོས་མྱ་ངན་ལས་འདས་པ་ཡང་མངོན་སུམ་དུ་མི་བྱེད་དོ། །འདོད་པ་ཉིད་དགའ་བ་ཡན་ལ། དེ་དག་སོ་སོའི་སྐྱེ་བོས་བསྟེན་པར་བྱ་བ་ཡིན་པས་ཡོན་ཏན་ཡིན་ཏེ། ཤེས་རབ་ཀྱི་དེ་དག་རང་བཞིན་མེད་པར་རྟོགས་པས་འདོད་པའི་ཡོན་ཏན ་ལྔ་པོ་གང་ལ་ཡང་ཆགས་པ་དང་སྔར་བ་མེད་དེ། ཡལ་བར་འདོར་བ་ལ་འཇུག་པ་ཡིན་ཡང། ཆོས་རྣམས་ཀྱི་དོན་རྟོགས་ནས་ཡིད་སིན་པར་འགྱུར་བའི་ཆོས་ཀྱི་དགའ་བ་ཡང་མི་གཏོང་བ་ལ་འཇུག་གོ་།ཤེས་རབ་དང་སྙིང་རྗེའི་ལམ་མདོར་བསྡུས་ཏེ་བསྟན་པའི ་ཕྱིར། སྤྲོས་པ་དང་རྣམ་པར་གཏོགས་པ་ཐམས་ཅད་སྤོང་བ་ལ་འཇུག་པ་དང། ཐབས་མཁས་པའི་སྤྲོས་པ་དང། རྣམ་པར་རྟོག་པ་མི་སྤོང་བར་འཇུག་པ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ལུས་དང་ངག་གི་ལས་ཀྱི་སྤྲོས་པ་ལ། སེམས་ཀྱི་རྣམ་པར་རྟོག་པ་ཐམས ་ཅད་སྤོང་ཡང་དགའ་ལྡན་ནས་འབབ་པ་དང། ཡུམ་གྱི་ལྷུམ་སུ་གཤེགས་པ་ལ་སོགས་པ་སྐུའི་འཕྲིན་ལས་དང། ཆོས་སྟོན་པའི་གསུང་གི་ཕྲིན་ལས་ཀྱི་ཐབས་མཁས་པའི་སྤྲོས་པ་དང། ཐུགས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་འབྱེད་པའི་རྣམ་པར་རྟོག་པ ་ཡང་མི་སྤོང་ཞེས་སྦྱར་རོ། །ཤེས་རབ་ཀྱི་འཇུག་པ་ཚུལ་བཞིན་ཞེས་བྱ་བ་དེ་ནི་དོན་ཡང་བསྟན་ཅིང། ངེས་པའི་ཚིག་གི་དབང་དུ་བྱས་ནས། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་ཚུལ་བཞིན་ཞེས་བྱ་བ་དེ་ནི་རིགས་པའི་ཚིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་བསླུ་བར་མི་བྱེད་པ་ནི་རིགས་པ་སྟེ། རིགས་པ་བཞི་དང་ལྡན་པའི་ཤེས་པ་ལ་ཚུལ་བཞིན་བྱའོ། །རིགས་པ་བཞི་ནི་བལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིག་པ་དང། འཐད་པ་བསྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི ་རིགས་པའོ། །དེ་ལ་བལྟོས་པའི་རིགས་པ་ནི་རྒྱུ་གང་དང་རྐྱེན་གང་དག་ལས་བལྟོས་ཏེ་ཆོས་གང་སྐྱེ་བའོ། །བྱ་བ་བྱེད་པའི་རིགས་པ་ནི་ཆོས་སྐྱེས་པ་རྣམས་རང་གི་བྱ་བ་བྱེད་པ་སྟེ། འདི་ལྟ་སྟེ་དཔེར་ན་མིག་གིས་གཟུགས་རྣམས་ལ་ལྟ་བར་བྱེད་པ་དང། ་རྣ་བས་སྒྲ་རྣམས་ཉན་པར་བྱེད་པ་ལ་སོགས་པ་ལྟ་བུའོ། །འཐད་པ་བསྒྲུབ་པའི་རིགས་པ་ནི་ཆོས་རྣམས་མི་རྟག་པ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་འམ། སྡུག་བསྔལ་བ་འམ། སྟོང་པ་འམ། བདག་མེད་པའོ་ཞེས་ཚད་མ་གསུམ་པོ་ཡིད་ཆེས ་པའི་ལུང་དང། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཉེ་བར་རྟོག་པར་བྱེད་ཅིང། མི་རྟག་པ་ལ་སོགས་པར་བསྒྲུབ་པར་བྱེད་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་ཅིའི་ཕྱིར་འཇིག་རྟེན་གནས་པ་དེ་ལྟ་བུར་གྱུར་པ་ཡིན། ཅིའི་ཕྱིར་སའི་མཚན་ཉིད་སྲ་བ ་ཡིན་ཞེས་བྱ་བ་ནས་ཆོས་པ་ཐམས་ཅད་ལ་ཡང་སྦྱར་ཏེ། ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། དེ་ནི་ཆོས་ཉིད་ཡིན་ཏེ། ཆོས་དེ་དག་གི་རང་བཞིན་དེ་ཡིན་ཞིང་དེ་དག་གི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས་ཆོས་ཉིད་དེ་གང་ཁོ་ན་ཡིན་པ་དེ་ཉིད་འདི་རིགས་པ་ཡིན་ནོ། །རིགས ་པ་དེ་ལྟ་བུ་དག་ཚུལ་བཞིན་ཡིད་ལ་བྱེད་པས་ཤེས་ཤིང་རྟོགས་པར་བྱེད་པས་ན། ཚུལ་བཞིན་ཞེས་བྱ་བ་དེ་ནི་རིག་པའི་ཚིག་ཅེས་བྱ་སྟེ། འོག་མ་རྣམས་ལ་ཡང་ཚུལ་དེ་བཞིན་དུ་སྦྱར་རོ། །ཚུལ་ནི་ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པ ་འམ། ཡང་ན་ཚུལ་བཞིན་ཡིད་ལ་བྱེད་པས་སུམ་ཅུ་རྩ་གཉིས་ཀྱི་སྐབས་སུ་ཚུལ་གྱིས་སྒྲ་བཤད་པ་དེ་ལ་བྱའོ། །བསྒོ་ནི་ཚུལ་བཞིན་ཏེ་བསམ་གཏན་དང། མངོན་པར་ཤེས་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་རྣམས། ་སྒྲུབ་པའི་སྒོ་ཡིན་པའི་ཕྱིར་རོ། །ཡང་ན་དེའི་སྒོ་ནས་ཆོས་ཡངས་ཤིང་རྒྱ་ཆེ་བ་རྟོགས་པར་བྱེད་པའི་ཕྱིར་རོ། །ཁ་ནི་རྟེན་ལ་བྱ་སྟེ། ཚུལ་བཞིན་ལ་རྟེན་ནས་ཆོས་ཕྲ་ཞིང་ཟབ་པ་རྣམས་རྟོག་པར་བྱེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ཅེས་བྱ་བའི་ནི་ཚུལ་བཞིན ་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་དང་རྐྱེན་ཡིན་པའི་ཕྱིར་རོ། །མི་འགོག་པ་ཞེས་བྱ་བ་ལ་ཚུལ་བཞིན་དང་མི་མཐུན་པའི་རྒྱུ་དང་རྐྱེན་རྣམས་ཀྱིས་དེ་མེད་པར་འགྱུར་བ་ནི་འགོག་པ་ཞེས་བྱ་ན་ཚུལ་བཞིན་ཡིད་ལ་བྱེད་པ་ལས་བྱུང་བའི་ཤེས་པར ་དཀར་པོའི་ཆོས་ཀྱི་མཐུ་དང་ལྡན་པས་རང་ནང་མི་མཐུན་པའི་རྐྱེན་གྱི་མེད་པར་མི་འགྱུར་བས་མི་འགོག་པའི་ཚིག་ཅེས་བྱའོ། །མི་འགལ་བ་ནི་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ལས་མི་འགག་པར་རྟོག་པའི་ཕྱིར་རོ། །ཚུལ་བཞིན་གྱི་དངོས་པོ ་ཐམས་ཅད་བདག་མེད་པར་རྟོག་ཏེ། གང་ལ་ཡང་ཆགས་པ་དང་སྡང་བ་མེད་པར་བཏང་སྙོམས་ཀྱི་ཚིག་ཅེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ལ་མི་གནས་པས་ན་མི་རྟེན་པའི་ཚིག་ཅེས་བྱའོ། །མི་གནས་པ་ནི་རྟེན་སྨོས་མ་ཐག་པ་དེ་གཉིས་ལ་མི ་གནས་པའི་ཕྱིར་རོ། །ཡང་ན་གང་ཟག་གི་དངོས་པོར་ཆགས་པ་མེད་པ་ན། རྟེན་པ་མེད་པའོ། །ཆོས་ཀྱི་དངོས་པོར་ཆགས་པ་མེད་པས་ན་མི་རྟེན་པའོ། །ཀུན་གཞི་རྣམ་པར་ཤེས་པའི་གནས་ལ་གནས་པ་མེད་པས་ན་མི་གནས་པ་ཞེས་བྱའོ། །མ་གཡོས ་བ་ནི་རང་བཞིན་གཞན་དུ་མ་གྱུར་པ་སྟེ། ཚུལ་བཞིན་དེ་ངོ་བོ་ཉིད་ཀྱིས་རྟག་པས་རྣམས་ཀྱང་རང་བཞིན་གཞན་དུ་མི་འགྱུར་བ་ལ་བྱའོ། །རྣམ་པར་མ་གཡོས་པ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ཀྱི་དབང་དུ་གྱུར་པ་ནི་རྣམ་པར་གཡོས་པ་སྟེ། ཚུལ་བཞིན ་དེས་མི་མཐུན་པའི་ཕྱོགས་སྤངས་པས་མི་རྟོག་པ་ལ་རྟག་པར་འཛིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དབང་དུ་མི་འགྱུར་བའི་ཕྱིར། རྣམ་པར་མ་གཡོས་པ་ཞེས་བྱའོ། །ཡང་ན་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་ཕྱིན་ཅི ་ལོག་བཞིའི་རླུང་གིས་བསྐྱེད་པར་མི་ནུས་པས་ན་མ་གཡོས་པ་ཞེས་བྱ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མངོན་པར་ཆགས་པའི་རླུང་གི་བསྐྱེད་པར་མི་ནུས་པས་ན། རྣམ་པར་མ་གཡོས་པ་ཞེས་བྱའོ། །ཀུན་བརྟགས ་པའི་ངོ་བོ་ལ་ཡོད་པར་མ་འཛིན་པས་སྒྲོ་བཏགས་པ་མེད་པའོ། །རྟག་པ་དང་ཆད་པ་ལ་སོགས་པའི་མཐར་མ་ལྷུང་བས་ན་མཉམ་པ་ཉིད་དོ། །གཟུགས་དང་སྒྲ་ལ་སོགས་པའི་མཚན་མ་རྣམ་པ་སྣ་ཚོགས་སུ་འབྱེད་པ་ནི་མཉམ་པ་སྟེ། ཆོས་ཐམས་ཅད ་བརྗོད་དུ་མེད་པའི་རང་བཞིན་དུ་ཚུལ་བཞིན་གྱིས་ཁོང་དུ་ཆུད་པ་ལ་དེ་ལྟ་བུར་འབྱེད་པ་མེད་པས་མི་མཉམ་པ་མེད་པའོ། །ཇི་ལྟར་བསྒྲུབས་པ་བཞིན་དུ་འབྲས་བུ་འཐོབ་སྟེ། མི་བསླུ་བས་ན་བདེན་པའི་ཚིག་གོ་།འཕགས་པ་རྣམས་ཀྱི་སྤྱོད་ཡུལ ་ཡིན་པ་འམ། ཚད་མ་གསུམ་དང་མི་འགལ་བས་ཡང་དག་པའི་ཚིག་གོ་།འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་འགྱུར་བ་འམ། ཡང་ན་ཆོས་རྣམས་ཀྱི་རང་བཞིན་དོན་དམ་པ་སྐྱེ་བ་དང་འཇིག་པ་དང་བྲལ་བ་རྟོགས་པར་བྱེད་པའི་ཚུལ་བཞིན་ཡང་མི་འགྱུར་བའི ་ཚིག་ཅེས་བྱའོ། །ཕྱིར་བྱ་བ་ནི་གཉེན་པོའི་ཆོས་ཀྱི་སྤྱད་ཞིང་བསྟད་དགོས་པ་སྟེ། ཚུལ་བཞིན་དེ་ཉིད་ཀུན་ནས་ཉོན་མོངས་པའི་ཆོས་གཞན་སྤྱོད་པའི་གཉེན་པོ་ཡིན་ཏེ། དེ་ལ་གཞན་གང་གིས་ཀྱང་སྦྱད་ཞིང་བསྟད་མི་དགོས་པས་ན་ཕྱིར་བྱ་བ་མེད་པའི་ཚིག་གོ་། ་འཇིག་རྟེན་པའི་ལམ་དང། འཇིག་རྟེན་ལས་འདས་པའི་ལམ། དེ་གཉི་ཀའི་གོང་མ་ཐེག་པ་ཆེན་པོའི་ལམ་གྱིས་སྤངས་པར་བྱ་བའི་སྐྱོན་སྤངས་པས་ཞི་བ་དེ་རབ་ཏུ་ཞི་བ་དང། ཉེ་བར་ཞི་བའི་ཚིག་གོ་།མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཆོས་རྣམ་པ ་སྣ་ཚོགས་སུ་རྟོག་པའི་སྤྲོས་པ་མེད་པས་སྤྲོས་པ་མེད་པའི་ཚིག་སྟེ། ཇི་ལྟར་མི་རྟོག་ཅེ་ན་འདེག་པ་མེད་པ་དང། གཞག་པ་མེད་པ་ཞེས་སྨོས་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་གློ་བུར་བ་བདེག་ཅིང་བསལ་དུ་ཡང་མེད་ལ། རྣམ་པར་བྱང་བའི་ཆོས་སེམས ་ཀྱིས་རང་བཞིན་འོད་གསལ་བ་གསར་དུ་བསྣན་ཅིང་གཞག་དུ་ཡང་མེད་པར་ཚུལ་བཞིན་གྱིས་རྟོག་པའི་ཕྱིར་རོ། །ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང། སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ཇི་སྙེད་ཡོད་པ་དང། དེ་དག་ཉིད་ཀྱང་མི་རྟག་པ་དང་སྡུག་བསྔལ ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ལུས་པ་དང། ཕྱིན་ཅི་མ་ལོག་པར་ཚུལ་བཞིན་གྱིས་རྟོག་པས་ན་མ་ཚང་བ་མེད་པའི་ཚིག་གོ་།བདག་ལ་སོགས་པ་དངོས་པོ་མེད་པའི་རྣམས་ཡོད་པར་སྒྲོ་བཏགས་ནས་ཤེས་པའི་ཡུལ་དུ་འཇལ་བ་ན་ལྷག་པ ་སྟེ། ཚུལ་བཞིན་དེ་ལྟར་མི་འཇལ་བས་ལྷག་མ་མེད་པའོ། །བསལ་ཅིང་བསྙིགས་པ་ནི་ཕྱིར་དབྱུང་བ་སྟེ། ཚུལ་བཞིན་ཤེས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དེ་ལྟར་བྱར་མེད་པའི་ཕྱིར་དབྱུང་དུ་མེད་པའོ། །ཚུལ་བཞིན་མི་མཐུན་པ་མི་རྟག་པ་ལ་རྟག་པར ་འཛིན་པ་ལ་སོགས་པ་ནི་གཉེན་པོ་སྟེ། དེ་དག་འདིས་སྤངས་པས་ན་གཉེན་པོ་མེད་པའོ། །ཐེག་པ་མཆོག་གི་ལམ་དུ་ཞུགས་པའི་ཚུལ་བཞིན་གྱིས་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་དེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས ་པ་མཆོག་རྣམས་ལས་ཀྱང་ངམ་པར་གྱུར་པས་ན་དམ་པའི་ཚིག་གོ་།དེ་ཁོ་ནའི་ཚིག་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་བཞི་ནི་བཤད་པ་སྟེ། རྟག་ཏུ་དེ་བཞིན་དུ་གནས་ཤིང་རྣམ་པར་མི་འཇིག་པས་དེ་བཞིན་ཉིད་དང། མ་ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད ་པས་མ་ནོར་བ་དེ་བཞིན་ཉིད་དང། གཞན་དུ་འགྱུར་བ་མེད་པས་གཞན་མ་ཡིན་པའི་དེ་བཞིན་ཉིད་དང། ཆོས་རྣམས་ཀྱི་རང་བཞིན་ཡིན་པས་ཇི་ལྟ་བ་བཞིན་ཞེས་བྱ་སྟེ། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལྟ་བུ་ཤེས་པར་བྱེད་པའི་ཚུལ་བཞིན་ཡིད་ལ ་བྱེད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཡང་ན་དེ་ཁོ་ན་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ཀྱི་ཚིག་ཡིན་ཏེ། དེ་བས་ན་དཀོན་མཆོག་སྤྲིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས་དེ ་ཁོ་ན་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དེ་ཁོ་ན་ཞེས་བྱ་བ་ནི་ཡང་དག་པའི་དོན་གྱི་ཚིག་བླ་དགས་སོ། །གསོལ་པ་བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་ཅི་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་ཉིད་ཅེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི ་བུ་འདི་དག་ནི་སོ་སོ་རང་གི་རིགས་པ་སྟེ། དེ་དག་ལ་ཡི་གེས་གདགས་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་ཡི་གེ་ཐམས་ཅད་ལས་ཤིན་ཏུ་འདས་པ། བརྗོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ ་འདས་པ་ཚིག་གི་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཕྱེ་བ་དང་བཙུམས་པ་ཐམས་ཅད་དང་རྟོག་གེ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་ཀྱིས་བརྟགས་པའི་སྤྱོད་ཡུལ་མ་ཡིན་པ། མཚན་མ་མེད་པས ་དེ་ལ་མཚན་མའི་སྤྱོད་ཡུལ་ཐམས་ཅད་ལས་ཡོངས་སུ་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ། བདུད་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ། ཉོན་མོངས་པའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ། རྣམ་པར་ཤེས ་པའི་སྦྱོད་ཡུལ་ལས་ཤིན་དུ་འདས་པ། མི་གནས་པ་མ་ཡིན་པ་ཞི་བ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། དེ་དག་ཉིད་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ། དྲི་མ་མེད་པ་དང་བདག་པ་གྱ་ནོམ་བ་རྟག་པ་བརྟན་པ་རྒྱུན་ཏུ་གནས་པ་འཇིག་པར་མི་འགྱུར ་བའི་ཆོས་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཀྱི་དབྱིངས་ནི་གནས་པའོ་ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་ངེས་པར་མ་ཐོབ་པ་ནི་ཆུད་མི་ཟ་བ་སྟེ། ཚུལ་བཞིན་གྱིས་བྱང་ཆུབ་ཐོབ་པར་བྱེད་པས་ཆུད་མི་ཟད་པའི ་ཚིག་གོ་།ཡང་དག་པ་ཉིད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པས་ཡང་དག་པའི་མཛའ་ཨི་ཚིག་གོ་།སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དང་ད་ལྟར་བྱུང་བ་དུས་གསུམ་བདག་ཉིད་ཐམས་ཅད་དུ་མི་དམིགས་པས་དུས་གསུམ་ཡང་དག་པར་རྗེས་སུ ་མཐོང་བ་ནི་དུས་གསུམ་མཉམ་པའི་ཚིག་ཅེས་བྱའོ། །ཇི་ལྟར་མཉམ་ཞེ་ན། དུས་ཡོངས་སུ་མ་ཆད་པ་ཞེས་སྨོས་ཏེ། འདུས་བྱས་ཀྱི་ཆོས་ཕུང་པོ་ལ་སོགས་པ་སྐྱེ་བ་དང། གནས་པ་དང་འཇིག་པའི་སྒོ་ནས་དུས་གསུམ་དུ་གདགས་པར་ཟད་ཀྱི། ཡོངས་སུ་གྲུབ་པའི ་མཚན་ཉིད་ལ་ནི་དེ་ལྟ་བུ་དབྱེ་བ་མེད་པའི་ཕྱིར་རོ། །གཟུགས་ལ་རྣམ་པར་ཤེས་པ་མི་གནས་པ་ལ་སོགས་པས་དུས་གསུམ་གྱི་ཆོས་འདུས་བྱས་རྣམས་ལ་མ་ཆགས་པ་འམ། དེ་དག་ལ་མིང་དང་མཚན་མའི་བདག་ཉིད་དུ་མངོན་པར་ཞེན་པ་མེད་པ་ནི ་ཚུལ་བཞིན་ཡིན་པར་སྟོན་ཏེ། ཇི་ལྟར་སོ་སོའི་སྐྱེ་བོ་དག་ཀུན་བརྟག་པའི་གཟུགས་ལ་རྣམ་པར་ཤེས་པས་རྣམ་པ་སྣ་ཚོགས་རྟོག་ཅིང་དེའི་བདག་ཉིད་དུ་མངོན་པར་ཞེན་པ་དེ་ལྟར་མི་བྱེད་པས། གཟུགས་ལ་རྣམ་པར་ཤེས་པ་མི་གནས་པ་ཞེས་བྱ་སྟེ། ་ཚོར་བ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་བཤད་དོ། །དེ་ནི་དོན་ལ་རྟོན་པའི་ཚིག་ཅེས་བྱ་བ་ལ་སོགས་པས་ཚུལ་བཞིན་དེ་ཚིག་འབྲུ་དང། གང་ཟག་དང་རྣམ་པར་ཤེས་པ་དང་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་སྟོན་གྱིས་སོ་སོར་སྟོན་པ ་བཞི་ལ་རྟེན་ཅེས་བྱ་བའི་ཐ་ཚིག་གོ་།རྣམ་པ་གཅིག་ཏུ་ན་ཚུལ་བཞིན་ཞེས་བྱ་བ་དེ་ནི་རིགས་པའི་ཚིག་གོ་ཞེས་བྱ་བ་ལ་ངེས་པའི་ཚིག་སྨོས་པ་ཐམས་ཅད་ཚུལ་བཞིན་ཡིད་ལ་བྱེད་པ་དང་མི་སྦྱར་བར་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་ངེས་པའི ་ཚིག་གི་རྣམ་གྲངས་ཡིན་པར་སྦྱར་ཞིང་བཤད་དེ། དེ་བས་ན་འཇུག་ཐོགས་སུ་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་ཞེས་གསུངས་པའི་ཕྱིར་ཏེ། གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་ནི་ཚུལ་བཞིན་ཞེས་བྱ་སྟེ། དེས་ཆོས་ཐམས ་ཅད་ལ་མ་ཁྱབ་པ་མེད་པའི་ཕྱིར་ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ་བཤད་དོ། །འབྲས་བུ་བསྟན་པའི་དབང་དུ་བྱས་ནས། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ན་ཆོས ་ཐམས་ཅད་ལ་ཅིའི་ཕྱིར་ཚུལ་བཞིན་ཞེས་བྱ་བའི་གཏན་ཚིགས་འདྲི་བའོ། །ཇི་ལྟར་བདག་ལ་བདག་མེད་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་བཞིན་མཐོང་བ་དང། སྦྱོར་བ་བསྟན་པའི་སྒོ་ནས་ཆོས་ཐམས་ཅད་ལ་ཚུལ་བཞིན་ཞེས་བྱ་བ་སྟོན་ཏེ། ་བདག་ཅེས་བྱ་བ་ནི་རང་གི་ཉེ་བར་ལེན་པའི་ཕུང་པོ་སྟེ། དེ་ལ་གང་ཟག་དང་ཆོས་ཀྱི་རང་བཞིན་བདག་མེད་པ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་ཚད་མ་གསུམ་མམ། ཤེས་རབ་རྣམ་པ་གསུམ་གྱིས་རིགས་པས ་མཐོང་བ་འམ། ཇི་ལྟར་སེམས་ཅན་ལ་བདག་མེད་པ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་ཀྱང་བདག་མེད་པར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱ་བས་ཆོས་ཐམས་ཅད་ནི་ཚུལ་བཞིན་ཞེས་བྱ་བར་གྲུབ་བོ།། ་འཁོར་བའི་ཁམས་ཀྱི་ཚུལ་བཞིན་ནི་འཁོར་བའི་རང་བཞིན་ཏེ། ཇི་ལྟར་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚུལ་བཞིན་ཡོངས་སུ་དག་པ་ཡིན་པ་བཞིན་འཁོར་བའི་རང་བཞིན་ཡང་ཡོངས་སུ་དག་པར་མཐོང་ན་ཞེས་བྱ་བའི་ཐ་ཚིག་གོ་ཀུན་ནས་ཉོན ་མོངས་པའི་རང་བཞིན་ནི་འདོད་ཆགས་ལ་སོགས་པ་སྟེ། ལུས་དང་སེམས་ལ་གནོད་པ་སྣ་ཚོགས་བསྐྱེད་པར་བྱེད་པའི་ཕྱིར་རོ། །རྣམ་པར་བྱང་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང། ཕ་རོལ་ཏུ་ཕྱིན་པ་སྟེ། ཉོན་མོངས་པ་རྣམས་འཇོམས་པའི་གཉེན ་པོ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་དེ་གཉི་ཀ་ཡང་བརྗོད་དུ་མེད་པའི་རང་བཞིན་དུ་མཚུངས་ཤིང་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཞེས་བརྗོད་པ་ལྟར་དོན་དམ་པར་བྱེ་བྲག་མེད་པར་མཐོང་བ་དེ་ནི་ཚུལ་བཞིན་དུ་སྦྱོར་བ ་ཞེས་བྱའོ། །དེ་ལྟར་གཉི་ག་ཡང་བརྗོད་དུ་མེད་པར་འདྲ་བས་རྣམ་པར་བྱང་བའི་ཆོས་ལ་ཡོན་ཏན་ཅན་དུ་རིགས་པར་ཡང་མི་སེམས། ཀུན་ནས་ཉོན་མོངས་པའི་ཆོས་ལ་སྐྱོན་ཅན་དུ་མི་རིགས་པར་ཡང་མི་སེམས་པ་དེ་ནི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཞེས་བྱའོ། ་བཙུན་པ་ཤ་རདྭཱ་ཏིའི་བུ་མདོར་ན་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་སྦྱོར་བ་དེ་དག་ཐམས་ཅད་གང་ལ་དམིགས་ཤིང། གང་ལ་བརྟེན་ནས་སྦྱོར་བའི་གནས་སྟོན་ཏེ། ཚུལ་བཞིན་སྦྱོར་བ་ཇི་སྙེད་པ་ཞེས་བྱ་བ ་ནི་ཚུལ་བཞིན་གྱི་འཇུག་པ་གྲངས་ཇི་སྙེད་ཡོད་པ་འམ། ཇི་སྙེད་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ཐམས་ཅད་ཀྱི་གནས་པ་ནི་སེམས་ཅན་ནི་ཞེས་བྱ་བ་ནི་ཚུལ་བཞིན་དེ་དག་བརྟེན་དང། དམིགས་པར་བྱ་བའི་ཡུལ་སེམས་ཅན་ཡིན་ཏེ། འདི་ལྟར ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཐུགས་བརྩེ་བས་དེ་དག་ཡོངས་སུ་གཟུང་བའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་ལ་སྦྱོར་བ་མཛད་པ་འམ། ཡང་ན་ཇི་ལྟར་སེམས་ཅན་ལ་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་ཞེས ་བྱ་བ་ལ་སོགས་པའི་ཚུལ་གྱིས་སེམས་ཅན་གྱི་ཡུལ་ལ་ཚུལ་བཞིན་གྱི་སྦྱོར་བ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཐུགས་རྗེ་ཆེན་པོའི་དབང་གི་སེམས་ཅན་ལ་དམིགས་ན་དམིགས་པ་དང་བཅས་པས་ཆོས་ཀྱི་དབྱིངས་བཀྲུགས་པར་མི་འགྱུར་རམ་སྙམ ་པ་ལ་སེམས་ཅན་གྱི་གནས་ཀྱང་མི་སྤྱོད་ལ། ཆོས་ཀྱི་གནས་ཀྱང་འཁྲུགས་པར་མི་བྱེད་དེ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་དེ་སེམས་ཅན་གྱི་གནས་འཁོར་བར་སྐྱེ་བ་ཡང་མི་གཏོང་ལ། ཆོས་ཀྱི་གནས་སྟོབས་དང་མི་འཇིགས་པ་ལ་སོགས ་པ་ཡོན་ཏན་གྱི་ཆོས་རྣམས་ཀྱི་འབྱུང་གནས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུགས་པར་མི་བྱེད་དེ་སེམས་ཅན་གྱི་དོན་དུ་འཁོར་བར་གནས་ཀྱང་དེ་གཉིས་ལས་ཉམས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།ཤེས ་རབ་ཀྱི་རྣམ་པ་ལ་སོགས་པ་གོང་དུ་བཤད་པ་རྣམས་བསྡུས་ཏེ་བསྟན་པ་དང། གོང་དུ་བཤད་པའི་ཆོས་རྣམས་ཀྱི་འབྲས་བུ་ཤེས་རབ་ཡིན་པར་བསྟན་པའི་ཕྱིར་བཙུན་བ་ཤ་རདྭཱ་ཏིའི་བུ་དེ་ལྟར་དེའི་ཆོས་ཀྱི་རྣམ་པ་དང། ཐོས་པའི ་རྣམ་པ་དང་ཚུལ་བཞིན་ལ་འཇུག་པའི་སྦྱོར་བ་རྒྱུ་མཐུན་པ་དེ་ནི་ཤེས་རབ་ཅེས་བྱའོ་ཞེས་སྨྲས་ཏེ། དེའི་ཞེས་བྱ་བ་ནི་སེམས་བསྐྱེད་པ་དང་བསམ་པ་མི་ཟད་པ་ལ་སོགས་པ་ནས་ཤེས་རབ་མི་ཟད་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཞེས་བྱ་བའི ་དོན་ཏོ། །ཆོས་ཀྱི་རྣམ་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །ཡང་ན་ཆོས་ཀྱི་རྣམ་པ་ནི་སེམས་བསྐྱེད་པ་དང་བསམ་པ་དང་སྦྱོར་བ་དང་ལྷག་པའི་བསམ་པ་དང། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་ལ ་སོགས་པ་གོང་དུ་བཤད་པའི་ཆོས་རྣམས་སོ། །ཐོས་པའི་རྣམ་པ་ནི་གོང་དུ་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་སྨོས་པའོ་ཚུལ་བཞིན་ལ་འཇུག་པའི་སྦྱོར་བ་ནི་གོང་དུ་ཚུལ་བཞིན་ལ་འཇུག་པ་སུམ་ཅུ་རྩ་གཉིས་སྨོས་པའོ། །ཆོས་དེ་རྣམས་ཉིད་དེ་རྒྱུ་པས་ན་ཆོས་ཀྱི་རྣམ་པ་དང་ཐོས ་པའི་རྣམ་པ་དང། ཚུལ་བཞིན་ལ་འཇུག་པའི་སྦྱོར་བའི་རྒྱུ་ཞེས་བྱ་སྟེ། རྒྱུ་དེ་དང་མཐུན་པའི་འབྲས་བུ་ནི་རྒྱུ་མཐུན་པ་སྟེ། དངོས་སུ་ཤེས་རབ་མི་ཟད་པའོ། །དོན་དུ་ན་རྒྱུ་མཐུན་པ་ཞེས་བྱ་བ་ནི་རྒྱུ་ཅི་འདྲ་བར་མཐུན་པར་གྱུར་པའི་འབྲས་བུ་ལ་བྱ་སྟེ། ་ཆོས་ཀྱི་རྣམ་པ་དང་ཐོས་པའི་རྣམ་པ་དང་ཚུལ་བཞིན་ལ་འཇུག་པའི་སྦྱོར་བའི་རྒྱུ་དེ་དག་ལས་འབྲས་བུ་ཤེས་རབ་མི་ཟད་པ་འབྱུང་བར་འོས་ཀྱི། གཞན་ནི་མ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་རང་བཞིན་བསྟན་པའི་དབང་དུ་བྱས་ནས། དེ་ལ་ཤེས་རབ་ནི་འགྲོགས་པ ་དང་ལྷན་ཅིག་མི་གནས་ཏེ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་ཞེས་བྱ་བས་ནི་ཤེས་རབ་ཀྱང་སྐབས་འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་དང། སྤྲོས་པ་ཐམས་ཅད་ལས་འདས་པ། མཚན་མ་ཐམས་ཅད ་མ་འདྲེས་པའི་རང་བཞིན་ལ་བྱ་བར་འདོད་དེ། དེ་བས་ན་དམིགས་པ་དང། མཚན་མའི་སྐྱོན་རྣམས་དང་མ་འདྲེས་པའི་ཕྱིར་འགྲོགས་པ་བཅུ་དྲུག་དང་ལྷན་ཅིག་མི་གནས་སོ་ཞེས་བཤད་དོ། །དེ་ལམ་རིག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ལ་སོགས་པས ་འཁོར་བའི་རྒྱུ་སྲེད་པའི་ཡན་ལག་བཅུ་གཉིས་རྣམས་དང་ལྷན་ཅིག་མི་གནས་པར་བསྟན་ཏེ། དེ་ལ་མ་རིག་པ་ནི་ཡང་དག་པའི་མཛའ་ཁོང་དུ་མི་ཆུད་པའོ། །མ་རིག་པ་དེ་ཉིད་འགྲོགས་པ་ཡིན་པས་ན་མ་རིག་པའི་འགྲོགས་པ་སྟེ། མ་རིག་པའི་དབང་དུ་གྱུར་པ ་འམ། མ་རིག་པ་དང་འདྲེས་པར་གྱུར་པའོ། །མི་གནས་སོ་ཞེས་བྱ་བ་ནི་དེ་དང་མ་འདྲེས་པ་འམ། མ་འགགས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མ་རིག་པ་དང་འདྲེས་ན་ནི་གཞན་གྱི་དབང་གི་མཚན་ཉིད་བཞིན་དུ་འཁོར་བར་ལྷུང་བའི ་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དང་འདྲ་བ་ཞེས་བྱ་བའི་དོན་ཏེ། འདུ་བྱེད་རྣམས་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ནས་ཡན་ལག་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་སྦྱར་རོ། །དེ་ལ་འདུ་བྱེད་ནི་རྣམ་པ་གསུམ་སྟེ། བསོད་ནམས་མ་ཡིན་པར ་འགྲོ་བའི་འདུ་བྱེད་དང། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དོ། །རྣམ་པར་ཤེས་པ་ནི་ས་བོན་ཐམས་ཅད་ཀྱི་རྟེན་རྣམ་པར་སྨིན་པའི་རང་བཞིན་ཀུན་གཞི་རྣམ་པར་ཤེས་པའོ། །མིང་ནི་ཚོར་བ་དང་འདུ་ཤེས་དང་འདུ ་བྱེད་དང་རྣམ་པར་ཤེས་པ་རྣམས་སོ། །གཟུགས་ནི་བསྟན་དུ་ཡོད་པ་ལ་ཐོགས་པ་དང་བཅས་པ་འམ། བསྟན་དུ་མེད་པ་ཐོགས་པ་དང་བཅས་པ་བསྟན་དུ་ཡང་མིང་ལ་ཐོགས་པ་ཡང་མེད་པ་སྟེ། །དེ་གཉིས་གཅིག་ཏུ་བསྡུས་ན་མིང་དང་གཟུགས་ཞེས་བྱའོ། །སྐྱེ་མཆེད་དྲུག ་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །རིག་པ་ནི་ཡུལ་དང་དབང་པ་དང་རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུ་ལ་མཚན་ཉིད་དུ་དུས་མཉམ་དུ་ཆགས་པའོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང། བདེ་པ་ཡང་མ་ཡིན་སྡུག་བསྔལ ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་སོ། །སྲིད་པ་ནི་ཡུལ་དང་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང། ཚྭ་ཆུ་འཐུང་བ་དང་འདྲ་བར་ངོམས་པ་དང་ཚིན?་པ་མེད་པའོ། །ལེན་པ་ནི་འདོད་པ་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས ་ལེན་པ་དང། ལྟ་བ་ལེན་པ་དང་བདག་ཏུ་སྨྲ་བ་ལེན་པ་དང། སྲིད་པ་ནི་འདོད་པའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང་གཟུགས་མེད་པའི་སྲིད་པའོ། །སྐྱེ་བ་ནི་ལས་ཀྱི་བག་ཆགས་རྣམ་པ་སྣ་ཚོགས་བསགས་པའི་ཁྱད་པར་ལས་ཉིང་མཚམས་སྦྱོར་བ ་དེ་དང་དེ་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མངོན་པར་གྲུབ་པའོ། །རྒ་བ་ནི་མེར་མེར་པོ་དང་ནུར་ནུར་པོ་དང་མཁྲང་གྱུར་པ་དང་རྐང་ལག་འགྱུས་པ་ནས་གཞོན་ནུ་དང་ལང་ཙོ་དང་དར་ལ་བབ་པའི་སྟོབས་དང་མཐུ་དང་གཟི་བརྗིད་དང་མདངས ་ལ་སོགས་པ་རབ་ཏུ་གཞན་གྱུར་ཏེ་ཉམས་པའོ། །ཤི་བ་ནི་ཚེ་དང་དྲོད་དང་རྣམ་པར་ཤེས་པ་མེད་པར་གྱུར་བའོ། །མ་རིག་པ་འགོགས་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ལ་སོགས་པས་མ་རིག་པ་འགགས་པ་ལ་སོགས་པ་འཁོར་བ་ལས ་ལྡོག་པའི་རྒྱུ་རྣམས་པར་བྱང་བའི་ཆོས་རྣམས་དང་ཡང་མ་འདྲེས་པ་བསྟན་ཏེ། མ་རིག་པ་འགགས་པས་ནི་མི་རིག་སྤངས་པ་འམ། མ་རིག་པ་མེད་པར་གྱུར་ནས་དེ་དང་མི་མཐུན་པའི་རིག་པ་སྐྱེས་པ་ལ་བྱའོ། །འཇིགས་ཚོགས་ལ་ལྟ་བའི་འགྲོགས་པ་དང་ལྷན ་ཅིག་མི་གནས་པ་ཞེས་བྱ་བ་ལ་སོགས་པས་ལོག་པའི་ལྟ་བ་རྣམས་དང་མ་འདྲེས་པ་བསྟན་ཏེ། དེ་ལ་འཇིག་ཚོགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུ་གྱུར་པ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས ་ལ་ལྟ་བའོ། འཇིག་ཚོགས་ལ་ལྟ་བ་དེ་ཉིད་རྩ་བ་ཡིན་པས་ན་འཇིག་ཚོགས་ལ་ལྟ་བའི་རྩ་བ་སྟེ། ལྟ་བར་གྱུར་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལྟ་བ་དེའི་རྩ་བ་ལས་བྱུང་བ་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོའི་བར་དག་སྟེ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་རྟག་པར་ལྟ་བ ་དང་མཛའ་དང་མཛའ་མེད་པར་སྨྲ་བ་ལ་སོགས་པ་ཚངས་པའི་དྲ་བ་དང། ལྔ་གསུམ་པ་ལ་སོགས་པ་ལ་སོགས་པ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །བར་དག་ཅེས་སྨོས་པས་ནི་བདག་ཏུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་པོ་གཟུགས་ལ་བདག་ཏུ་ལྟ་བ་དང ་བདག་གཟུགས་དང་ལྡན་པ་དང་གཟུགས་བདག་གི་ཡིན་པ་དང་གཟུགས་ལ་བདག་གནས་པར་ལྟ་བ་དང་དེ་བཞིན་དུ་ཚོར་བ་ལ་སོགས་པ་ཕུང་པོ་ལྷག་མ་བཞི་ལ་ཡང་མཐུན་མཐུན་དུ་སྦྱོར་ཏེ། དེ་དག་ལ་སོགས་པ་ལྟ་བུར་གྱུར་པ་ཐམས་ཅད་དང་ལྷན ་ཅིག་མི་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།མཐོན་དམན་ནི་འབྲས་བུ་ཡིན་ལ། འཇིག་རྟེན་གྱི་ཆོས་ནི་རྒྱུ་ཡིན་ཏེ། འདི་ལྟར་རྙེད་པ་ལ་སོགས་པས་ནི་མཐོ་བར་སེམས་པ་འབྱུང་ལ། མ་རྙེད་པ་ལ་སོགས་པ་ལས་མི་དམའ་བར་སེམས་པ་འབྱུང ་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་པོ་དེ་དག་གི་སེམས་ཁེངས་པ་དང་ཞུམ་པར་མི་འགྱུར་བས་ན་མཐོན་དམན་གྱི་འགྲོགས་པ་དང། ལྷན་ཅིག་མི་གནས་པ་ནས་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་ཞེས ་གསུངས་སོ། །དེ་ལ་རྙེད་པ་དང་མ་རྙེད་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པའོ། །སྙན་པ་དང་མི་སྙན་པ་ནི་ཡོན་ཏན་དང་སྐྱོན་རྣམས་སོ། །སྨད་པ་དང་བསྟོད་པ་ནི་སྐྱོན་མོས་པ་དང། ཡོན་ཏན་ཚིགས་སུ་བཅད་པས་བརྗོད་པའོ། །བདེ་བ་དང་སྡུག ་བསྔལ་ནི་ལུས་དང་སེམས་ལ་ཕན་འདོགས་པ་དང་གནོད་པ་དང་སྐྱེད་པའོ། །ཁྲོ་བ་དང་ཁོན་དུ་འཛིན་པ་ཞེས་བྱ་བ་ནས། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ཉེ་བའི་ཉོན་མོངས་པ་དང། མ ་འདྲེས་པར་བསྟེན་ཏེ། ང་རྒྱལ་ཡང་སེམས་ཉེ་བར་ཉོན་མོངས་པ་བྱེད་པའི་སྒོ་ནས་ཉེ་བའི་ཉོན་མོངས་པ་ཞེས་གདགས་སོ། །དེ་ལ་ཁྲོ་བ་ནི་འཕྲལ་དུ་གནོད་པར་བྱེད་པ་ལ་གནས་ཏེ། སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོན་དུ་འཛིན་པ་ནི་ཁྲོས་པའི ་འོག་ཏུ་འདིས་བདག་ལ་གནོད་པ་འདི་བྱས་སོ་ཞེས་ཤར་བསྙེམས་པའི། མདུང་པར་འཛིན་པ་མི་གཏོང་བའོ། །འཆབ་པ་ནི་འདུན་བ་དང་ཞེ་སྡང་དང་འཇིགས་བ་ལ་སོགས་པ་བསལ་ཏེ། ཕན་པར་འདོད་པའི་གླེང་བ་པོས་ཁྱོད ་འདི་ལྟ་བུ་བྱེད་བའོ་ཞེས་བསྙད་པ་ན་ཁ་ན་མ་ཐོ་བ་མཁྲུད་པའོ། །ཡོངས་སུ་གདུང་བ་ནི་ཚིག་བརླང་པོས་གཞན་གྱིས་སེམས་གདུང་བ་བསྐྱེད་པའོ། །ཕྲག་དོག་ནི་ཕ་རོལ་པོའི་སྙེད་པ་དང། བཀུར་སྟི་དང་རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས ་པའི་ཡོན་ཏན་མཐོང་ནས་ཞེ་སྡང་གི་ཆར་གཏོགས་པའི་སེམས་ཁོང་ནས་འཁྲུགས་པའོ། །སེར་སྣ་ནི་རྙེད་པ་དང་བཀུར་སྟི་ལ་ཞེན་ནས་འདོད་ཆགས་ཀྱི་སེམས་ཀྱིས་ཕྱི་དང་ནང་གི་དངོས་པོ་མི་གཏོང་བའོ། །སྒྱུ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས ་པས་གཞན་ལ་བསམས་པས་ཚུལ་ཁྲིམས་ལ་སོགས་པའི་དོན་དུ་གནས་ལ་གཞན་དུ་སྟོན་པའོ། གཡོན་ནི་བདག་ཉེས་པ་བཅབ་པའི་ཐབས་བཟུང་སྟེ། གཞན་ནས་གཞན་དུ་སྒྱུར་ཞིང་གཏམ་རླུང་བསྐུར་བྱ་བ་དང། གསལ་བར་མི་བྱེད་པའོ། །ངོ་ཚ་མེད་པ་ནི་ལས ་དེ་དག་གི་ཆ་མ་ཡིན་པར་ཤེས་ཀྱང་ཁ་ན་མ་ཐོ་བས་མི་འཛེམས་པའོ། །ཁྲེལ་མེད་པ་ནི་གཞན་ལ་ཁ་ན་མ་ཐོ་བ་མི་འཛེམ་པའོ། །ཁེངས་པ་ནི་འདོད་ཆགས་ཤས་ཆེ་བའི་དབང་གི་ལུས་ཀྱི་འགྱུར་བ་རྐང་ལག་བརྐྱང་བ་དང། མགོ་འཕང་སྟོད་པ་དང། ་སྨིན་མ་བསྡུས་པ་དང་སོ་གཙིགས་པ་ལ་སོགས་པ་འགྱིང་བར་སྣང་བ་སྟེ། མཁན་པོ་དང་སློབ་དཔོན་དང་བླ་མ་ལ་སོགས་པ་ལ་ཐལ་མོ་སྦྱར་བ་དང། འདུད་པ་ལ་སོགས་པའི་ལས་མི་བྱེད་པའོ། །བརྩོད་པ་ནི་དེ་དག་གི་རྒྱུ་ལས་ལུས་དང་ངག་གི ་ལས་རྡེག་པ་དང་འཆིང་པ་དང་སྐྱོན་སྨོས་པ་དང་མཚང་འདྲུ་བ་ལ་སོགས་པ་བྱེད་བའི། །རྒྱགས་པ་ནི་བདག་གི་རིགས་དང་ནད་མེད་པ་དང་གཟུགས་དང་ལང་ཙོ་ལ་སོགས་པ་རང་གི་ཕུན་སུམ་ཚོགས་པ་ལ་དགའ་བའི་བྱེ་བྲག་དང་ལྡན་པའི་སྲིད་བས ་སེམས་རང་དབང་མེད་པར་བྱེད་པའོ། །བག་མེད་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་དགེ་བ་མི་སྒོམ་ཞིང་མི་དགེ་བྱེད་པའོ། །ང་རྒྱལ་ནི་རིག་དང་ཤེས་བརྒྱ་དང་ནོར་ལ་སོགས་པས་དམའ་བ་བས་དེ་དག་གིས་བདག་ཆེའོ་སྙམ་དུ ་སེམས་ཁེངས་པ་འམ། རིགས་ལ་སོགས་པ་མཚུངས་པ་ཉིད་ལ་དེ་དག་དང་བདག་མཚུངས་སོ་སྙམ་དུ་སེམས་ཁེངས་པ་འམ། ལྷག་པའི་ང་རྒྱལ་ནི་རིག་དང་ཤེས་རྒྱལ་སོགས་པས་མཚུངས་པ་བས་གཏོང་བ་དང། ཚུལ་ཁྲིམས་དང་ཉམས་རྩལ ་ལ་སོགས་པས་བདག་ཆེའོ་སྙམ་པ་འམ། རིགས་དང་ནོར་ལ་སོགས་པས་ཆེ་བ་ལ་བདག་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་རིགས་ལ་སོགས་པ་ཆེ་བབས་ཀྱང་བདག་ཆེའོ་སྙམ་སེམས་ཁེངས་པའོ། །ངའོ་སྙམ ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་བདག་གི་དང་བྲལ་བ་དེ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་སེམས་ཁེངས་པའོ། །ཆུད་ཟད་སྙམ་པའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་ཁྱད་ཆེས་འཕགས་པ་ལ ་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་སེམས་ཁེངས་པའོ། །མངོན་པའི་ང་རྒྱལ་ནི་ཡོན་ཏན་ཁྱད་པར་ཅན་འབྲས་བུ་དང་བསམ་གཏན་ལ་སོགས་པ་མ་ཐོབ་པ་ཐོབ་བོ་སྙམ་དུ་སེམས་ཁེངས་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་དང ་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་ཁེངས་པའོ། །ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཞེས་བྱ་བས་ན་གང་དུ་མིང་གིས་སྨོས་པའི་ཉེ་བའི་ཉོན་མོངས་པ་རྣམས་དང་མི་འགྲོགས་པར་ཟད་ཀྱི། གཞན་ཡང་ཉེ་བའི་ཉོན་མོངས་པ་རྣམ་པར ་གཡེང་བ་དང། ཤེས་བཞིན་མེད་པ་དང་འགྱོད་པ་དང་གཉིད་ལ་སོགས་པ་དང་ཡང་མི་འགྲོགས་སོ་ཞེས་སོ་ཞེས་བྱ་བའི་ཐ་ཚིག་གོ་།འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་སྡང་བ་ཞེས་བྱ་བ་ལ་སོགས་པ་ཉོན་མོངས་པ་རྣམས་དང་ལྷན ་ཅིག་མི་གནས་པར་བསྟན་ཏེ་འདོད་ཆགས་ནི་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཆགས་ཤིང་སྨོན་པའོ། །ཞེ་སྡང་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། གང་གི་དབང་གི་སེམས་ཅན་རྣམས་ལ ་གསོད་པ་དང་འཆིང་བ་ལ་སོགས་པ་བྱེད་པའོ། །གཏི་མུག་གི་ངན་སོང་རྣམས་དང། མཐོ་རིས་དང་མྱ་ངན་ལས་འདས་པ་དང། དེ་དག་ཐོབ་པ་བྱེད་པའི་རྒྱུ་དང་དེ་དག་གི་རྒྱུ་དང་འབྲས་བུ་འབྲེལ་བ་ཕྱིན་ཅི་མ་ལོག་པར་མི་ཤེས་པའོ། །ཀུན་ནས་ལྡང་བ་ནི་དེ་དག་སྐྱེ་བའི་རྒྱུ་དང ་རྐྱེན་ཕྲད་ནས་མངོན་དུ་འབྱུང་བ་སྟེ། དེ་ཡང་ཡུལ་ཉེ་བར་གྱུར་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ཀྱང་མཐོང་བའི་ལམ་གྱིས་སྤང་བར་དཀའ་བ་དང། སླ་བའི་བྱེ་བྲག་གིས་ཕྲ་མོ་དང ་སྦོམ་པོ་ཞེས་བྱ་བ་ལ། བསྒོམ་པའི་ལམ་གྱི་སྤང་བར་སླ་བ་དང་དཀའ་བ་དང་ཤིན་ཏུ་དཀའ་བའི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་བྱ་སྟེ། བསྒོམ་པའི་ལམ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུས་སླང?་བའི་ཉོན་མོངས་པ་རྣམས་ལ་བྱའོ། །ཡང ་ན་འཇིག་རྟེན་ལས་འདས་པའི་ལམ་གྱི་སྤང་བར་བྱ་བ་ནི་བག་ཆགས་དང་བཅས་ཏེ་སྤང་བར་བྱ་བ་ཡིན་པས་སྤང་དཀའ་བའི་ཕྱིར་ཕྲ་མོ་ཞེས་བྱ་ལ། འཇིག་རྟེན་པའི་ལམ་གྱིས་སྤང་བར་བྱ་བ་ནི་སྤང་སླ་བས་སྦོམ་པོ་ཞེས་བྱའོ། །ཡང་ན་གང་ཟག་ཉོན ་མོངས་པའི་ཤས་ཆུང་བ་རྣམས་ཀྱི་ནི་ཕྲ་མོ་ཡིན་ལ། གང་ཟག་ཉོན་མོངས་པ་ཤས་ཆེ་བ་རྣམས་ཀྱི་ནི་སྦོམ་པོ་ཞེས་བྱའོ། །ཡང་ན་གཟུགས་དང་གཟུགས་མེད་པའི་ཁམས་སུ་གཏོགས་པའི་ཉོན་མོངས་རྣམས་ནི་ཁ་ནང་དུ་བལྟས་པ་ཡིན་པས་ཕྲ་མོ་ཞེས་བྱ ་ལ། འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཏེ་ཁ་ཕྱིར་ལྟས་བ་ཡིན་པས་སྡོམ?་པོ་ཞེས་བྱའོ། །ཉོན་མོངས་པའི་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་གསུམ་དང་ཡང་མི་འགྲོགས ་པར་ཡང་མི་ཟད་ཀྱི། གཞན་ཡང་ཐེ་ཚོམ་དང་མདུད་པ་དང་འཆིང་བ་ལ་སོགས་པ་དང་མི་འགྲོགས་པའི་སྟོན་ཏེ་གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་དང་ཞེས་བྱ་བ་ལ་སོགས་པས་ཉམས་པར་འགྱུར་བའི་ཆོས་རྣམས་དང་ལྷན་ཅིག་མི་གནས་པར ་བསྟན་ཏེ། གོང་དུ་ཉོན་མོངས་པའི་ནང་དུ་ཡང་གཏི་མུག་སྨོས་མོད་ཀྱི། མདོ་ལས་རྨོངས་པ་མེད་པ་ལ་གཞན་མི་འབྱུང་ངོ་ཞེས་ཏེ་ཉོན་མོངས་པ་ཐམས་ཅད་འབྱུང་བའི་གཞི་གཏི་མུག་ཡིན་པས་འདིར་ལེགས་ཤིག་ཏུ་ཡང་སྨོས་སོ། །གཏི་མུག་ཉིད་མུན ་པ་ཡིན་པས་ན་གཏི་མུག་གི་མུན་པ་སྟེ། དཔེར་ན་མུན་པས་དངོས་པོ་རྣམས་མི་མཐོང་ཞིང་ལོག་པར་མཐོང་བ་དེ་བཞིན་དུ་གཏི་མུག་གི་ཀྱང་སྡུག་བསྔལ་ལ་བདེ་བར་མཐོང་བས་ན་གཏི་མུག་གི་མུན་པ་ཞེས་བྱའོ། །རབ་རིབ་ཉིད་ལིང་ཏོག་ཡིན་པས་ན ་རབ་རིབ་ཀྱི་ལིང་ཏོག་སྟེ། ལིང་ཏོག་དང་འདྲ་བར་ཚེ་རབ་གཞན་གྱི་ཉེས་དམིགས་ཡོང་ཡང་དག་པ་ཡང་མི་མཐོང་བའི་ཕྱིར་རོ། །གང་གིས་ཕྱིར་སྒྲིབ་པར་གྱུར་པ་དེའི་ཕྱིར་ཆོད་པ་ཞེས་བྱ་སྟེ། རྩིག་པས་ཆོད་པའི་ཕ་རོལ་ན་དངོས་པོ་ཡོད་པ་མ་མཐོང་བ་བཞིན་དུ ་ཚེ་འདིའི་ཉེས་དམིགས་ཡོད་ཡང་དག་པ་ཡང་ཤིན་ཏུ་མི་མཐོང་བའི་ཕྱིར་རོ། །ཡང་ན་ཚེ་རབས་གཞན་གྱི་ལས་དང་ཉོན་མོངས་པའི་མཚན་ཉིད་མི་ཤེས་པ་ན་གཏི་མུག་པའོ། །ལས་དང་ཉན་མོངས་པ་དེའི་འབྲས་བུ་སྡུག་བསྔལ་གྱི་བདག་ཉིད་གནོད་པ་དུ ་མའི་རང་བཞིན་ཅན་གྱི་མཚན་ཉིད་མི་ཤེས་པ་ནི་མུན་པའོ། །ཚེ་འདིའི་ལས་དང་ཉོན་མོངས་པ་རྣམས་མི་ཤེས་བ་ནི་རབ་རིབ་པོའོ། །ཉོན་མོངས་བ་དེའི་རྒྱལ་ཚེ་འདི་ལ་གནོད་པ་སྣ་ཚོགས་འབྱུང་བ་དང་ཕུང་པོ་ཉིད་ཀྱང་སྡུག་བསྔལ་སྣ་ཚོགས་ཀྱི་རང་བཞིན་ཅན་དུ ་མི་ཤེས་པ་ནི་ལིང་རྟོག་གོ་།ལས་གང་བྱས་པས་ཚེ་རབས་གཞན་དུ་འབྲས་བུ་གང་ཐོབ་པ་མི་ཤེས་པ་སྒྲིབ་པའོ། །འབྲས་བུ་དེ་དག་ཀྱང་ཚེ་འདི་ནས་མ་བཟོས?་པའོ། །རང་བཞིན་མེད་པར་མི་ཤེས་པ་ནི་ཆོད་པའོ། །ཉམས་པར་འགྱུར་བའི་ཆ་དང་མཐུན་པའི་ཆོས ་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ནི་ཉམས་བ་འགྱུར་བའི་ཆོས་དེ་རྣམས་དང་ལྷན་ཅིག་མི་གནས་པར་ཡང་མ་ཟད་ཀྱི་གཞན་ཡང་ཉོན་མོང་པའི་ཕྱོགས་སུ་གཏོགས་པའི་ཆོས་ཡོན་ཏན་དང ་ས་རིམ་པ་གདམ?་ལ་སོགས་པ་འཐོབ་པ་ལས་ཀྱང་ཉམས་པར་འགྱུར། མ་ཐོབ་པ་ཡང་ཐོབ་པར་མི་འགྱུར་བ་རྣམས་དང་ལན་ཅིག་མི་འགྲོགས་སོ་ཞེས་བྱ་བའི་དོན་ཏོ། །འདོད་པ་དང་འཐབ་མོའི་རྙོག་པ་དང་ཞེས་བྱ་བ་ལ་སོགས་པས་བདུད་ཀྱིས་ཕྱོགས་སུ་གཏོགས་པའི ་སྐྱོན་རྣམས་དང། བདུད་དང་བདུད་ཀྱི་ལས་རྣམས་སྤངས་བ་བསྟན་ཏེ། འདོད་པ་ནི་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡོན་ཏན་ལ་བྱའོ། འཐབ་མོའི་དོན་ནི་སྔར་སྨྲས་པ་བཞིན་ཏེ། འདོད་པ་དང་འཐབ་མོ་དེ་དག་ཉིད་རྙོག་པ་དང་འདྲ་བས་ན་རྙོག་པ ་ཞེས་བྱའོ། །བདུད་བཞི་ལ་གཟུགས་ལ་སོགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཕུང་པོའི་འདུད་དོ། །ཁམས་གསུམ་ན་སྤྱོད་བའི་ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་པའི་བདུད་དོ། །སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་མཐུན་པ་དེ་དང་དེ ་དག་ནས་ཤི་འཕོས་པ་ནི་འཆི་བདག་གི་བདུད་དོ། །ཡང་དག་དགེ་བའི་ཕྱོགས་ལ་རབ་ཏུ་ཞུགས་ནས་ཕུང་པོ་དང། ཉོན་མོངས་པ་དང། འཆི་བདག་གི་བདུད་ལས་འདའ་བར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཆེན་པོ་རྙེད་པ་བར་ཆད ་བྱ་བའི་ཕྱིར་ཉེ་བར་ལྷག་པ་རྣམས་ནི་ལྷའི་བུའི་བདུད་དོ། །བདུད་ཀྱི་ལས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བ་ནི་གང་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་དང། སྲོག་གཅོད་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་རྣམས་དང། གཞན ་ཡང་དེ་ཁོ་ན་རྟོག་པའི་བར་དུ་གཅོད་པ་རྟོགས་པ་དང་རྣམ་པར་རྟོགས་པ་ལ་སོགས་པ་བདུད་ཀྱིས་ལགས་རྙེད་པར་འགྱུར་བའི་ལས་ཐམས་ཅད་ནི་བདུད་ཀྱི་ལས་སུ་ཤེས་པར་བྱའོ། །དེ་ཡང་མདོར་བསྟན་ན་གང་ཟག་ལ་ལ་ཞིག་ཐར་བར་འགྱུར་བས་མངོན་པར་བསྡུས ་པ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་དགེ་བའི་ཆོས་ལ་དད་པ་ཡང་དག་པར་སྐྱེས་པ་ན་འདོད་བ་ལས་ཆགས་པའི་དབང་དུ་གྱུར་ནས་ལྡོག་པ་ནི་བདུད་ཀྱི་ལས་སོ། །དབང་པོའི་སྒོ་བསྡམས་ཏེ་གནས་པ་ནི་གང་ཆགས་པར་འགྱུར་བའི་གཟུགས་དང་སྒྲ་དང་དྲི ་དང་རོ་དང་རེག་བྱ་དང་ཆོས་རྣམས་ལ་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་ནི་བདུད་ཀྱི་ལས། །དེ་བཞིན་དུ་ཟས་ཀྱི་ཆོད་རིག་པར་གནས་པ་ནི་རོའི་ཁྱད་པར་ལ་སེམས་ཆགས་པ་དང། ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་སྦྱོར་བ་ནི་གཉིད་ཀྱི ་བདེ་བ་དང། ཉལ་བའི་བདེ་བ་དང། བློས་འབེབས་པའི་བདེ་བ་ལ་ཆགས་ཤིང་སེམས་འཇུག་པ་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་བཞིན་དང་བཅས་པར་གནས་པ་ནི་བྱིས་བ་འམ་འགྲོ་བ་བཟང་མོ་ཁ་དོག་མཆོག་དང་ལྡན་པའི་རྣམས་མཐོང་ནས་ཚུལ ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་དེར་སེམས་འཇུག་པ་དང། འཇིག་རྟེན་གྱི་འབྲལ་གྱི་བྱ་བ་མང་པོ་ལ་སེམས་འཇུག་པ་དང། འདུ་འཛི་མང་པོའི་ནང་དུ་འདྲེ་ཞིང་སྡིག་པའི་གྲོགས་པོ་མི་དགེ་བའི་ལས་བྱེད་པ་རྣམས་མཐོང་ན་སེམས་ལ་མོས་པ་སྐྱེ་བ་ནི་བདུད ་ཀྱི་ལས་སོ། །དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་སྡུག་བསྔལ་ཀུན་འབྱུང་དང། འགོག་པ་དང་ལམ་དང་ཚེ་འདི་དང་ཚེ་རབས་ཕ་རོལ་རྣམས་ལ་ཐེ་ཚོམ་དང། ཡིད་གཉིས་སྐྱེ་བ་ནི་བདུད་ཀྱིས་ལས་སོ། །གང་གི་ཚེ་རྙེད་པ་དང་བཀུར་སྟི་ལ་སེམས ་ཆགས་པ་དང། སེར་སྣ་དང་འདོད་ཆེན་དང་ཆོག་མི་ཤེས་པ་དང། ཁྲ་བ་དང། ཁོ་ན་དུ་འཛིན་པ་དང། ཚུལ་འཚོས་པ་དང་ཁ་གསག་ལ་སེམས་འཇུག་ན་བདུད་ཀྱི་ལས་སུ་རིག་པར་བྱའོ། །གཞན་ཡང་རྒྱས་པར་བཤད་ན་དེ་ལ་སོགས་པ་བདུད་ཀྱི་ལས་ཚད་མེད་པར ་ཡོད་དེ། འཇམ་དཔལ་རྣམ་པར་འཁྲུལ་པ་ལས་ཀྱང། ལྷའི་བུ་ཇི་ཙམ་དུ་ལས་རྣམས་འབྱུང་བ་དེ་ཙམ་དུ་བདུད་ཀྱིས་ལས་སོ། །ཇི་ཙམ་དུ་སྨོན་པ་དང། ཇི་ཙམ་དུ་ལོག་པར་འཛིན་པ་དང། ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་འདོད ་པ་དང། ཇི་ཙམ་དུ་འདུ་ཤེས་པ་དང། ཇི་ཙམ་དུ་རློམ་སེམས་པ་དང་ཇི་ཙམ་དུ་ཡོངས་སུ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པ་སེམས ་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པ་རློམ་སེམས་སུ་བྱེད་པ་དང་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང། ་བཟོད་པ་འཛིན་པ་དང་བརྩོན་འགྲུས་ལེན་པ་དང། བསམ་གཏན་ལ་མཚན་མ་དང་ཤེས་རབ་རྒྱུ་བ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་དགའ་ཞིང་མོས་པའི་སེམས་དང། བཏང་སྙོམས་སུ་ལྷུང་བ་ཡང་བདུད་ཀྱི་ལས་སོ། །འདོད་པ་ཉུང་བ་དང་ཆོག་ཤེས་པ ་དང་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་རློམ་སེམས་སུ་བྱེད་པ་ཡང་བདུད་ཀྱི་ལས་སོ། །བདག་ནི་སྟོང་པ་ཉིད་ལ་གནས་པ། བདག་ནི་མཚན་མ་མེད་པ་ལ་གནས་པ། བདག་ནི་སྨོན་པ་མེད་པ་ལ་གནས་པ་དག་ནི་སྤྲོས་པ་མེད་པ་ལ་གནས་པ། བདག་ནི ་དེ་བཞིན་གཤེགས་པའི་བཀའ་སྒྲུབ་ཅིང་གནས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང། རྣམ་པར་རྟོགས་པ་ཡང་བདུད་ཀྱི་ལས་སོ། །ལྷའི་བུ་རྟོག་པ་དང། རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་དང། མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས ་པའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུས་སྨྲས་པ་འཇམ་དཔལ་བདུད་ཀྱི་ལས་ག་ལས་བྱུང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་བྱུང་ངོ། །དེ་ཅིའི་ཕྱིར་ཞེ་ན་ལྷའི་བུ་བརྩོན་པ་ལ་བདུད་གླགས ་ཆོལ་གྱི། མི་བརྩོན་པ་ལ་བདུད་ཀྱིས་ཅི་ཞིག་བྱ་བར་འགྱུར་ཏེ། དེ་ཉིད་བདུད་ཀྱི་ལས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་པ་ཡིན། ཇི་ལྟར་ན་མི་བརྩོན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི ་བུ་ཇི་ཙམ་དུ་གཉིས་ལ་སྦྱོར་བ་དེ་ཙམ་དུ་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གནས་པ་ནི་གཉིས་ལ་སྦྱོར་བ་དང་ལྡན་ནོ། །ལྷའི་བུ་བརྩོན་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །སྦྱོར་བ་ཡང་དག་པ་ཞེས་བྱ་བ་འདི་ནི་སྦྱོར་བ ་མེད་པའི་ཚིག་བླ་དགས་སོ་།སྦྱོར་བ་མེད་པ་ཞེས་བྱ་བ་འདི་ནི་སྤྲས་པ་མེད་པའི་ཚིག་བླ་དགས་སོ། །སྤྲོས་པ་མེད་པའི་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །ལྷའི་བུ་གང་ན་མིག་ལ་མི་སྦྱོར་བ་དང་གཟུགས་ལ་མི་སྦྱོར་བ་འདི་ནི་བྱང ་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །གང་ན་རྣ་བ་ལ་མི་སྦྱོར་བ་དང་སྒྲ་ལ་མི་སྦྱོར་བ་དང་སྣ་ལ་མི་སྦྱོར་བ་དང་དྲི་ལ་མི་སྦྱོར་བ་དང་ལྕེ་ལ་མི་སྦྱོར་བ་དང། རོ་ལ་མི་སྦྱོར་བ་དང་ལུས་ལ་མི་སྦྱོར་བ་དང། རེག་བྱ་ལ་མི་སྦྱོར་བ་དང་ཡིད་ལ་མི ་སྦྱོར་བ་དང་ཆོས་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །ཡང་དེ་བཞིན་དུ་ལྷའི་བུ་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ ་འབྱོར་སྦྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་སྙེན་པ་དང། བསྟེན་པ་དང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང ་འདུས་བྱས་ཀྱི་དགེ་བའི་རྩ་བས་ཡོངས་སུ་སྐྱེ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་སྐྱོང་ཅིང་བསམ་གཏན་ལས་རྣམ་པར་མི་ལྡོག་པ་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན ་དང་ལྡན་པ་དང། སྦྱིན་གནས་ཚོལ་བཞིན་དུ་ཚུལ་ཁྲིམས་འཆལ་བ་རྣམས་ལ་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་སྟོན་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ་པ་ཡང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ ་སྣ་ཚོགས་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་ལས་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་ཐོབ་ཀྱང་སེམས་ཅན་མི་བརྩོན་པ་རྣམས ་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་དག་པར་འཛིན་དུ་མི་འཇུག་པ ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པར་ཟད་པ་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་དཔྱོད་ཅིང། སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས ་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་མི་ཚོལ་གྱི་འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་ཡང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱི་དོགས་ཏེ། ཆོས་ལ་སློབ་དཔོན་གྱི ་དཔེ་མཁྱུད་བྱེད་པ་འང་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་དགོས་པ་ཞལ་ཏེ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་འང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་པ་མཉམ་པ་རྣམས་ལ་མི་བརྟེན་མི ་བསྙེན་བསྙེན་བཀུར་མི་བྱེད་ཀྱི་ཉན་ཐོས་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་པ་མི་མཉམ་པ་ལ་དགའ་བ་ཡང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ་ཚངས་པ་འམ། འཇིག་རྟེན་སྐྱོང་བ་འམ། རྒྱལ་པོ་འམ་ཚོང་དཔོན་ནམ། ་ཁྱིམ་བདག་གི་ལོངས་སྤྱོད་དང་ནོར་དང་རིན་པོ་ཆེ་དང་དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་རྟེན། མི་སྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ ་ཉི་ཤུའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་དེ་དང་དེ་དག་གི་ནང་ནས་གསུངས་པའི་བདུད་ཀྱི་ལས་རྣམས་ལ་ཡང་བྱ་བར་རིག་པར་བྱའོ། །བདག་དང་སེམས་ཅན་དང་སྲོག་དང་གསོལ་བ་ཞེས་བྱ ་བ་ལ་སོམས་པས་བདག་ཏུ་འཛིན་པ་ལ་མངོན་པར་ཆགས་པ་དང་མ་འདྲེས་པ་བསྟན་ཏེ་བདག་ལ་སོགས་པ་ཐམས་ཅད་ཀྱང་བདག་ཏུ་འདོད་པའི་རྣམ་གྲངས་ཏེ། དེ་དག་ཀྱང་བདག་ཅན་རྟག་པར་སྨྲ་བ་དང་གཞུང་གཅིག་མོད་ཀྱི་གྲུབ་པའི་མཛའ་ཐ་དད་པ་ལས ་མཚན་ཉིད་མི་མཐུན་པ་ཙམ་གྱིས་ཕྱེ་སྟེ། མིང་སོ་སོར་བརྟགས་ནས་བཞག་པའོ། །འཛིན་པ་ལ་མངོན་པར་ཞེན་ཅེས་བྱ་བའི་སྒྲ་བདག་དང་སེམས་ཅན་ལ་སོགས་པའི་ཚིག་རེ་རེ་དང་ཡང་སྦྱར་ཏེ། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་ཅེས་བྱ་བ་དང། སེམས ་ཅན་དུ་འཛིན་པ་ལ་མངོན་པར་ཞེན་ཅེས་བྱ་བ་ལ་སོགས་པར་སྦྱར་རོ། །བདག་ལ་སོགས་པ་འདི་དག་གི་ཁྱད་པར་ནི་སྔར་བཤད་པར་ཟད་དོ། །འཛིན་པ་ལ་སྔོན་པར་ཞེན་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བའི་བདག་ཏུ་འཛིན་པ་གོང་དུ ་སྨོས་པ་རྣམས་དང་ལྷན་ཅིག་མི་གནས་པར་ཡང་མ་ཟད་ཀྱི། གཞན་ཡང་བདག་ཏུ་འཛིན་པ་དབང་ཕྱུག་དང། གཙོ་བོ་དང་དུས་ལ་སོགས་པ་ཡོད་པར་སེམས་པ་རྣམས་དང་ལྷན་ཅིག་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་སྒྲིབ་པ་དང་ཆོས་ཀྱི་སྒྲིབ ་པ་དང་ཞེས་བྱ་བ་ལ་སོགས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་སྒྲིབ་པ་རྣམས་དང་མ་འདྲེས་པ་བསྟན་ཏེ། ལས་ཀྱི་སྒྲིབ་པ་ནི་ཚེ་འདི་ཉིད་ལ་མཚམས་མེད་པ་ལྔའི་ལས་བྱས་པ་ལས་དེས་ཚེ་དེ་ལ་བདེན་པ་མཐོང་བ་ལ་བར་དུ་གཅོད་པ་ནི་ལས་ཀྱི་སྒྲིབ་པའོ།། ་ཆོས་ལ་སེར་སྣ་མེད་ཅིང་མོས་པ་ཟློག་པ་ལ་སོགས་པ་ཆོས་ཐོས་པའི་བར་དུ་གཅོད་པའི་ལས་རྣམས་བྱས་པ་ཚེ་རབས་དེ་དང་དག་ཏུ་དགེ་བའི་ཤེས་གཉེན་ལ་སོགས་པ་དང་མི་ལྡན་ཞིང་ཆོས་ཐོས་པར་མི་འགྱུར་བ་ནི་ཆོས་ཀྱི་སྒྲིབ་པ་ཞེས་བྱའོ། །འདོད ་ཆགས་ལ་སོགས་ཉོན་མོངས་པ་ཤས་ཆེ་བས་འཕགས་པའི་ལམ་བསྒྲུབ་པར་མི་ནུས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལ་སོགས་པ་ལྟ་ལྔ་རྣམས་ནི་ལྟ་བའི་སྒྲིབ་པ་ཞེས་བྱའོ། །སེམས་ཅན ་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ལ་སོགས་ངན་སོང་གསུམ་གྱི་འགྲོ་བ་དག་ཏུ་སྐྱེས་ནས་བདེན་པ་མཐོང་བར་མི་འགྱུར་བ་ནི་འགྲོ་བའི་སྒྲིབ་པ་ཞེས་བྱའོ། །ཚེ་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པས་ལྷ་དང་མིར་སྐྱེས་ཀྱང་རྣམ་པར ་སྨིན་པ་དེས་སྒྲིབ་པས་བདེན་པ་མི་མཐོང་བ་ནི་རྣམ་པར་སྨིན་པ་བསྒྲིབ་པ་ཞེས་བྱའོ། །ཇི་ཙམ་དུ་ཤེས་པར་བྱ་བ་ལ་བར་དུ་གཅོད་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་མངོན་པར་ཆགས་པའི་བག་ཆགས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིགས་པའི་ཤེས་པའི་སྒྲིབ་པའོ ་བག་ཆགས་དེ་དག་གི་མཚམས་སྦྱོར་བས་ན། བག་ཆགས་དང་མཚམས་སྦྱོར་བ་སྟེ། དེའི་དབང་གིས་གཅིག་ནས་གཅིག་ཏུ་ཚེ་ལེན་པར་བྱེད་པས་སོ། །རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་སོགས་པས་མདུད་པ་དང་སྒྲོ་བཏགས་པ་རྣམས་དང ་མ་འདྲེས་པ་བསྟན་ཏེ། རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་གསུམ་ནི་མདུད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་འཆིང་བ་ནི་རྣམ་པར་རྟོག་པ་སྣ་ཚོགས་གང་ཡིན་པའི་ཕྱིར་རོ། །མཚན་མ་དང་དམིགས་པ་ལ་སོགས་ཏེ། ལྷག་མ་རྣམས་ནི་སྒྲོ་བཏགས ་པ་ཞེས་བྱ་སྟེ། མཚན་མ་ལ་སོགས་པའི་རྣམ་པར་ཆོས་རྣམས་བསྐྱེད་པའི་ཕྱིར་རོ། །དེ་ལ་མིག་དང་རྣ་བ་ལ་སོགས་པ་ནང་གི་དངོས་པོ་རྣམས་ལ་ཡོད་པ་འམ་མེད་པར་འཛིན་པ་ནི་རྟོག་པའོ། །གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་རྣམས་ལ་ཡོད་པ་དང ་མེད་པར་འཛིན་པ་ནི་རྣམ་པར་རྟག་པའོ། །ཕྱི་དང་ནང་གི་དངོས་པོ་གཉི་ག་ལ་ཡོད་པ་དང་མེད་པར་འཛིན་པ་ནི་ཡོངས་སུ་རྟོག་པའོ། །ཡང་ན་ཉན་ཐོས་ཀྱི་ཐེག་པ་ལ་མངོན་པར་ཆགས་ཤིང་རྟོགས་པ་ནི་རྟོགས་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ ་མངོན་པར་ཆགས་པ་ནི་རྣམ་པར་རྟོག་པའོ། །ཐེག་པ་བླ་ན་མེད་པ་ལ་མངོན་པར་ཆགས་པ་ནི་ཡོངས་སུ་རྟོག་པའོ། །ཡང་ན་རྟོག་གེ་པ་རྣམས་ནི་དངོས་པོ་ལ་ཚད་མ་རྣམ་པ་གསུམ་གྱིས་འཇལ་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མའོ། །དེ ་ལ་མངོན་སུམ་གྱི་ཚད་མས་དངོས་པོ་ལ་འཇལ་བ་ནི་རྟོག་པའོ། །རྗེས་སུ་དཔག་པའི་ཚད་མས་དངོས་པོ་འཇལ་བ་ནི་རྣམ་པར་རྟོག་པའོ། །ལུང་གི་ཚད་མས་དངོས་པོ་འཇལ་བ་ནི་ཡོངས་སུ་རྟོག་པའོ། །སྔོན་པོ་དང་སེར་པོ་དང་མྱ་ངན་ལས་འདས་པ་དང། འཁོར་བ ་ཞེས་བྱ་བ་དག་ནི་མཚན་མའོ། །གཟུགས་དང་སྒྲ་དང་དྲི་དང་རོ་ལ་སོགས་པ་ཡུལ་རྣམས་ནི་དམིགས་པའོ། །མཐོང་བ་ནི་མིག་གྱིས་སོ། །ཐོས་པ་རྣམས་སོ། །བྱེ་བྲག་ཕྱེད་པ་ནི་ཡིད་ཀྱིས་སོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་ལྷག་མ་རྣམས་ཀྱིས་སོ། །ཡང་ན ་མཐོང་བ་ལ་སོགས་པས་ནི་སྔར་བཤད་པ་བཞིན་ནོ། །མདུང་བ་དང་སྒྲོ་བཏགས་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ནི་མདུང་བ་དང་སྒྲོ་བཏགས་པ་གོང་མ་རྣམས་དང་ལྷན་ཅིག་མི་གནས་པར་ཡང་མ་ཟད་ཀྱི་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི ་འཆིང་བར་འགྱུར་བ་དང། དངོས་པོ་ལ་སྒྲོ་འདོགས་པ་གཞན་དག་དང། ཡང་ལྷན་ཅིག་མི་གནས་པར་སྟོན་ཏོ། །བདག་དང་རྟག་ཅེས་བྱ་བ་ལ་སོགས་པས་ནི་ཕྱིན་ཅི་ལོག་དང་མ་འདྲེས་པར་བསྟན་ཏོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང ་ལྷན་ཅིག་མི་གནས་ཞེས་བྱ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་མ་འདྲེས་པ་བསྟན་ཏེ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ནི་མི་མཐུན་པའི་ཕྱོགས་སོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་གཉེན་པོའི་ཕྱོགས་ཏེ། ལྷག་མ ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་སེམས་ཅན་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང། ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་སྟེ། དེ་ལྟར་བརྒྱད་ཁྲི ་བཞི་སྟོང་ངོ། །དེ་ལ་འདོད་ཆགས་ཀྱི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་ཞེ་སྡང་གི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང། གཏི་མུག་གི་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང། ཆ་མཉམ་པའི ་གཉེན་པོ་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་སྟེ། དེ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ། །དེ་ལ་ཉེ་བར་བླངས་པའི་དངོས་པོ་གཏེར་དང། འབྲུ་ལ་སོགས་པ་མི་གཏོང་བ་ནི་སེར་སྣའོ། །དེ་ལས་བཟློག་ན་གཏོང་བའོ། །སྲོག་གཅོད་པ་དང། མ་བྱིན ་བར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་མི་དགེ་བའི་ལས་ལ་ཞུགས་པ་ནི་འཆལ་བའི་ཚུལ་ཁྲིམས་ཡིན་ལ། སྲོག་གཅོད་པ་ལ་སོགས་པ་ལས་ཕྱིར་ལེག་པ་ནི་ཚུལ་ཁྲིམས་སོ། སེམས་ཅན་རྣམས་ལ་རྡེག་པ་དང། འཆིང ་བ་ལ་སོགས་པས་འཚེ་བར་སེམས་པ་ནི་གནོད་སེམས་སོ། །རྡེག་པ་དང་འཆིང་བ་ལ་སོགས་པས་སེམས་ཅན་ལ་མི་འཚེ་ཞིང་གནོད་པ་བྱས་པ་བྱས་ཀྱང་སླར་གནོད་པ་མི་བྱེད་པ་ནི་བཟོད་པའོ། །དགེ་བའི་ཕྱོགས་ལ་སེམས་ནི་སྤྲོ་ཞིང་མི་འཇུག་པ ་ནི་ལེ་ལོ་སྟེ། དེ་ལ་བཟློག་ན་བརྩོན་འགྲུས་སོ། །ཕྱིའི་ཡུལ་རྣམས་ལ་སེམས་འཕྲོས་པ་ནི་རྣམ་པར་གཡེང་བའོ། །དམིགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །ཆོས་ཀྱི་མཚན་ཉིད་ལ་ཕྱིན་ཅི་ལོག་ཏུ་ཆགས་ཤིང་འཛིན་པ་ནི ་འཆལ་བའི་ཤེས་རབ་པོ། །ཆོས་ཀྱི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པར་འབྱེད་པ་ནི་ཤེས་རབ་པོ། །ངེས་པ་དང་མ་ངེས་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་རྣམ་པ་ལྔ་སྟེ། ཉན་ཐོས་ཀྱི་རིགས་ཅན་དང་རང་སངས་རྒྱས་ཀྱི་རིགས་ཅན་དང། ཐེག ་པ་ཆེན་པོའི་རིགས་ཅན་དང། རིགས་མ་ངེས་པ་དང། རིགས་མེད་པའོ། །དེ་ལ་རིགས་མེད་པའི་གང་ཟག་རྣམས་ནི་ངེས་པ་སྟེ། དེ་དག་ཏུ་ཐམས་ཅད་འཁོར་བར་གནས་པར་གདོན་མི་ཟ་བའི་ཕྱིར་རོ། །ཐེག་པ་གསུམ་དུ་ངེས་པའི་རིགས་ཅན་ནི་མ ་ངེས་པ་སྟེ། དགེ་བའི་གཤེས་གཉེན་གྱི་རྐྱེན་གྱིས་མྱ་ངན་ལས་འདས་པར་ཡང་འགྱུར་བས་ན་ཁམས་གསུམ་དུ་གནས་པར་ངེས་པ་མེད་པའི་ཕྱིར་རོ། །ཡང་ན་རིགས་ཅན་རྣམ་པ་གསུམ་ནི་ངེས་པ་སྟེ། རང་རང་གི་ཐེག་པ་ལ་བརྟེན་ནས་འབྲས་བུ་ཐོབ་པར ་གདོན་མི་ཟ་བའི་ཕྱིར་རོ། །མ་ངེས་པའི་རིགས་ཅན་ནི་མ་ངེས་པ་སྟེ། དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་ཐེག་པ་གར་བཙུད་པར་འཇུག་ཅིང། དགེ་བའི་བཤེས་གཉེན་དང་མི་ཕྲད་ན། མྱ་ངན་ལས་འདས་པར་འགྱུར་བར་ཚད་མེད་པའི་ཕྱིར་རོ། །ཡང་དག་པའི་ལྟ ་བ་ལ་ཞུགས་པའི་གང་ཟག་རྣམས་ནི་ཡང་དག་པ་ཞེས་བྱ་སྟེ། ལས་དང་ལས་ཀྱི་འབྲས་བུ་དང། དཀོན་མཆོག་དང་བདེན་པ་ལ་སོགས་པ་ཡོད་པར་ལྟ་བས་སོ། །ལོག་པར་ལྟ་བ་ལ་ཞེན་པའི་གང་ཟག་ནི་ལོག་པ་ཞེས་བྱ་སྟེ། ལས་དང་ལས་ཀྱི་འབྲས་བུ་དང། ་བདེན་པ་དང་དཀོན་མཆོག་ལ་སོགས་པ་མེད་པར་འདོད་པའི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཀྱི་ཚོགས་རྣམ་པ་གསུམ་གསུངས་ཏེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་ལོག་པ་ཉིད་ངེས་པའི་ཚོགས་དང། མ་ངེས་པའི་ཚོགས་སོ། །དེ་ལ་ཡང་དག ་པ་ཉིད་དུ་ངེས་པའི་ཚོགས་ནི་འཕགས་པ་རྣམས་ཏེ། གང་འདོད་ཆགས་མ་ལུས་པར་སྤངས་པ་དང། ཞེ་སྡང་མ་ལུས་པ་སྤངས་པ་དང། གཏི་མུག་མ་ལུས་པར་སྤངས་པ་སྟེ། དེ་དག་ནི་ཉོན་མོངས་པ་ཟད་པར་ངེས་པས་ན། ཡང་དག་པར་ངེས་པ་ཞེས་བྱའོ། །དེ་ལ ་ལོག་པར་ངེས་པ་ནི་མཚམས་མེད་པ་བྱེད་པའི་གང་ཟག་རྣམས་ཏེ། དེ་དག་ནི་ངན་སོང་གསུམ་དུ་སྐྱེ་བར་ངེས་པའི་ཕྱིར་ལོག་པར་ངེས་པ་ཞེས་བྱའོ། །ངེས་པ་ལས་གཞན་པ་རྣམས་ནི་མ་ངེས་པ་ཞེས་བྱ་སྟེ། རྐྱེན་ལ་བལྟོས་ནས་གལ་ཏེ་ན་ཉོན་མོངས་པ་སྤོང་བར་བྱེད ་ལ། གལ་ཏེ་མཚམས་མེད་པའི་ལས་ཀྱང་བྱེད་པའི་ཕྱིར་རོ། །ཆོས་དེ་དག་ཉིད་འབྲས་བུ་ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བ་སྐྱེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཞག་སྟེ། དགེ་བ་དང་མི་དགེ་བའོ། །དེ་ལ་འབྲས་བུ་ཡིད་དུ་འོང་བ་ནི་ལྷ་དང་མི་ལ་སོགས་པ་བདེ ་འགྲོ་རྣམས་སོ། །དེ་སྐྱེད་པ་ནི་བདེ་ཞེས་བྱ་སྟེ། སྲོག་མི་གཅོད་པ་དང། མ་བྱིན་པར་མི་ལེན་པ་ལ་སོགས་པ་དགེ་བ་བཅུའི་ལས་ལམ་རྣམས་སོ། །འབྲས་བུ་ཡིད་དུ་མི་འོང་བ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་ལ་སོགས་པའོ། །དེ་སྐྱེད ་པར་བྱེད་པ་ནི་དགེ་བ་ཞེས་བྱ་སྟེ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །ཆོས་དེ་དག་ཀྱང་གླེང་དུ་མི་རུང་བ་དང། གླེང་དུ་རུང་བའི་སྒོ་ནས་གཉིས་སུ་བཞག་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པའོ། །དེ་ལ་དམ་པ་རྣམས ་ཀྱི་གླེང་ཞིང་སྙད་དུ་མི་རུང་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་སྟེ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཉིད་དོ། །དམ་པ་རྣམས་ཀྱི་ནང་དུ་གླེང་ཞིང་བསྙད་དུ་རུང་བ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། སྲོག་གཅོད་པ་ལས་ཕྱིར་ལོག་པ་ལ་སོགས་པ་དགེ་བ ་བཅུའི་ལས་ཀྱི་ལམ་དང། དད་པ་དང་གཏོང་བ་དང་ཚུལ་ཁྲིམས་ལ་སོགས་པའོ། །ཆོས་དག་ཀྱང་ཁམས་གསུམ་དུ་འབྱུང་བར་བྱེད་པ་དང། མི་བྱེད་པའི་བྱེ་བྲག་གི་རྣམ་པ་གཉིས་སུ་བཞག་སྟེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཁམས་གསུམ ་དུ་འབྱུང་བར་བྱེད་པའི་ཆོས་རྣམས་ནི་ཟག་པ་དང་བཅས་ཞེས་བྱ་སྟེ། ཁམས་གསུམ་དུ་སྐྱེ་བའི་རྒྱུ་བྱེད་པའོ། །དེ་ལ་ཟག་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་བྱ་སྟེ། དེ་དང་བཅས་པས་ཟག་པ་དང་བཅས་པའོ། །ཁམས་གསུམ་དུ་འབྱུང་བར ་མི་བྱེད་པའི་ཆོས་དེ་དག་ནི་ཟག་པ་མེད་པ་སྟེ། འཕགས་པའི་ལམ་ལ་སོགས་པའོ། །ཆོས་དེ་དག་ཉིད་རྒྱུ་རྐྱེན་གྱི་བསྐྱེད་པ་དང། མ་སྐྱེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཞག་སྟེ། འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་གང་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་རྣམས་ནི ་འདུས་བྱས་ཞེས་བྱའོ། །གང་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་ནི་འདུས་མ་བྱས་ཞེས་བྱ་སྟེ་དེ་བཞིན་ཉིད་དང་མྱ་ངན་ལས་འདས་པ་ལ་སོགས་པའོ། །ཆོས་དེ་དག་ཉིད་འཇིག་རྟེན་གྱིས་འདྲེས་པར་བྱ་བ་དང། མ་བྱས་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཞག་སྟེ། འཇིག་རྟེན ་པ་དང། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་རྣམས་ཀྱིས་འདྲིས་པར་བྱས་པ་ནི་འཇིག་རྟེན་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་འཁོར་བར་གཏོགས་པའི་ཆོས་ཐམས་ཅད་དོ། །འཇིག་རྟེན་པ་རྣམས་ཀྱིས་འདྲིས་པར་མ་བྱས་པ་ནི། འཇིག ་རྟེན་ལས་འདས་པ་ཞེས་བྱ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པའི་དེ་བཞིན་ཉིད་རྣམ་པར་དག་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང། དག་པའི་འཇིག་རྟེན་པའི་ཡེ་ཤེས་ལ་སོགས་པའོ། །ཆོས་དེ་དག་ཉིད་དམ་པ་དང་དམ་པ་མ་ཡིན་པའི་སྒོ་ནས ་རྣམ་པ་གཉིས་སུ་བཞག་སྟེ། བཟང་པོ་དང་ངན་པའོ། །དེ་ལ་གང་དམ་པ་རྣམས་ནི་བཟང་པོ་ཞེས་བྱའོ། །ཉོན་མོངས་པའི་ཕྱོགས་སུ་གྱུར་པ་སྤངས་པས་ན་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་བྱའོ། །དེ་ལ་ཆོས་གང་དམ་པ་མ་ཡིན་པ་ནི་ངན་པ་ཞེས་བྱ་སྟེ། འཇིག ་རྟེན་པར་གཏོགས་པའི་ཆོས་རྣམས་སོ། །ཆོས་དེ་དག་ཉིད་ནག་པོའི་ཕྱོགས་དང། །དཀར་པོའི་ཕྱོགས་ཀྱི་བྱེ་བྲག་གི་རྣམ་པ་གཉིས་སུ་བཞག་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། །དེ་ལ་ནག་པོའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱ་སྟེ། ་འདོད་ཆགས་ལ་སོགས་པའོ། །དཀར་པོའི་ཕྱོགས་ནི་རྣམ་པར་བྱང་བ་སྟེ། བྱང་ཆུབ་ཀྱི་ཕྱོགས་དང། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །ཆོས་དེ་དག་ཉིད་སྡུག་བསྔལ་ཀྱི་བཞི་དང། བདེ་བའི་གཞིའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཞག་སྟེ། འཁོར་བ ་དང་མྱ་ངན་ལས་འདས་པའོ། །དེ་ལ་ཆོས་གང་སྡུག་བསྔལ་གྱི་གཞིར་གྱུར་པ་རྣམས་ནི། འཁོར་བ་ཞེས་བྱ་སྟེ། འདི་ལྟར་འཁོར་བ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །བདེ་བའི ་གཞིར་གྱུར་པ་ནི་མྱ་ངན་ལས་འདས་པ་སྟེ། མྱ་ངན་ལས་འདས་པ་ནི་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཐེག་པ་ཐ་དད་པ་དང་སེམས་ཅན་ཐ་དད་པ་དང་ཞེས་བྱ་བ་ལ་སོགས་པས་ཐ་དད་པ་ཐམས་ཅད་དང་མ ་འདྲེས་པ་བསྟན་ཏེ། དེ་ལ་ཉན་ཐོས་ཀྱི་ཐེག་པ་ཞེ་འམ། རང་སངས་རྒྱས་ཀྱི་ཐེག་པ་ཞེ་འམ་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི། ཐེག་པ་ཐ་དད་པའོ། །ལྷ་ཞེ་འམ་མི་ཞེ་འམ་བུད་མེད་ཅེས་བྱ་བ་ལ་སོགས་པ་ནི ་སེམས་ཅན་ཐ་དད་པའོ། །དགའ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཞེ་འམ། པདམོ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པས་ནི། ཞིང་ཐ་དད་པའོ། །འོད་དཔག་མེད་ཅེས་འོ། མི་འཁྲུགས་པ་ཞེ་འམ། ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་པ་ནི ་སངས་རྒྱས་ཐ་དད་པའོ། །ས་བཅུ་ཞེ་འམ། སྡོང་པོ་བརྒྱན་པ་ཞེ་འམ། ལང་ཀར་གཤེགས་པ་ཞེས་བྱ་བ་ནི་ཆོས་ཐ་དད་པའོ། །འདི་ནི་ཉན་ཐོས་ཀྱི་དགེ་འདུན། འདི་ནི་རང་སངས་རྒྱས་ཀྱི་དགེ་འདུན། འདི་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཞེ་འམ། འདི་ནི ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་། འདི་ནི་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་། འདི་ནི་མཐོང་བའི་ལམ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་དགེ་འདུན་ཐ་དད་པའོ། །མི་ཤེས་པ་དང་ཤེས་པ་དང་ཞེས ་པ་ལ་སོགས་པས་མཚན་མ་ཡིད་ལ་བྱེད་པ་རྣམས་དང་མ་འདྲེས་པ་བསྟན་ཏེ། དེ་ལ་མི་ཤེས་པ་ནི་མ་རིག་པ་སྟེ། རྟག་པ་དང་གཙང་བ་དང་བདག་དང་བདེ་བར་འཛིན་པའོ། །ཤེས་པ་ནི་རིག་པ་སྟེ། མི་རྟག་པ་དང་བདག་མེད་པ་དང་མི་གཙང་བ་དང་སྡུག་བསྔལ ་དར་འཛིན་པའོ། །རྣམ་པ་སྣ་ཚོགས་སུ་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། གཟུགས་སུ་ཤེས་པ་དང་སྒྲར་ཤེས་པ་ནས་ཆོས་སུ་ཤེས་པའི་བར་དུ་ཡིན་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སོ། །བརྗོད་དུ་ཡོད་ཅིང་བསམ་དུ་ཡོད་པ་རྣམས་ནི་ཀུན་རྫོབ?་པོ། །དེ་ལས་བཟློག་པ་ནི ་དོན་དམ་པ་སྟེ། བརྗོད་པ་དང་བསམ་པས་ཐོག་ཏུ་མི་ཕེབས་པའོ། །མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས་ཞེས་བྱ་བ་ནི་མཚན་མ་ཡིད་ལ་བྱེད་པ་གོང་དུ་བཤད་པ་དེ་རྣམས་དང་ལྷན་ཅིག་མི་གནས་པར་མི་ཟད་ཀྱི་གཞན ་ཡང་ཡོད་པ་དང། མེད་པ་ཞེས་བྱ་བ་དང། རྟག་པ་དང་མི་རྟག་པ་ལ་སོགས་པའི་མཚན་མ་རྣམས་ཡིད་ལ་བྱེད་པ་དང་ཡང་ལྷན་ཅིག་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་རྒྱུ་བ་མེད་པ་ལུས་མེད་པ་ཞེས་བྱ་བ་ལ་སོགས་པས་གོང་དུ་སྨོས་པ་ལྟ་བུའི་ཚུལ་གྱིས་ཚེན?་མ ་ཐམས་ཅད་སྤངས་པའི་རང་བཞིན་བཅས་ཀྱང་མ་གོས་པར་རྣམ་པར་མི་རྟོག་པའི་རང་བཞིན་ཉིད་བསྟན་ཏེ། གོང་དུ་སྨོས་པའི་ཤེས་རབ་ནི་ཞེས་བྱ་བའི་ཐ་ཚིག་གོ་།གང་རྒྱུ་བ་མེད་པའི་ཞེས་བྱ་བ་ལ་གཟུང་བ་དང་འཛིན་པའི་མཚན་མར་འདུ་ཤེས་པ་ནི་རྒྱུ་བའོ། །ཤེས་རབ་དེས ་བཟུང་བ་དང་འཛིན་པར་འདུ་ཤེས་པ་ཐམས་ཅད་སྤངས་པས་བཟུང་བ་དང་འཛིན་པའི་མཚན་མར་འདུ་ཤེས་པའི་རྒྱུ་མེད་པས་ན་རྒྱུ་བ་མེད་པ་ཞེས་བྱའོ། །ཆོས་གཞན་གྱི་བཞི་དང་རྟེན་ཀྱང་མ་ཡིན་ལ། གཞན་ལ་ཡང་མི་བརྟེན་པས་ན་ལུས་མེད་པའོ། །ཀུན་རྫོབ་ ་ཏུ་ཤེས་རབ་ཀྱི་མཚན་ཉིད་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལྟ་བུ་ཡང་མ་ཡིན་ཞིང། དེ་ལྟ་བུར་ཡང་མི་གནས་པས་ན། མཚན་ཉིད་མེད་པའོ་ཤེས་རབ་ཀྱི་ཡུལ་རྣམ་པ་བརྒྱད་པོ་འོ་གནས་བཤད་པ་ལ་སོགས་པ་གང་ལ་ཡང་མཚན?་མར་མི་འཛིན་པས་མཚན་མ་མེད ་པའོ། །ཤེས་རབ་ཀྱི་རང་བཞིན་རྒྱས་པར་བཤད་ནས་བསྡུས་ཏེ་བསྟན་པའི་ཕྱིར་རོ། །དེ་ནི་མཚན་མ་དང་ཡིད་ལ་བྱེད་པ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་ཐམས་ཅད་སྤངས་པ་རྣམ་པར་མི་རྟོག་པའི་རང་བཞིན་གྱི་ཤེས་རབ་དེ་ནི ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་མི་གནས་པའི་སྒྲ་ཐམས་ཅད་དང་ཡང་སྦྱོད་ཏེ། མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་གནས། སེམས་དང་ལྷན་ཅིག་མི་གནས། ཡིད་དང་ལྷན་ཅིག་མི་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཟག་པ་དང ་བཅས་པ་དང་ཟག་པ་མེད་པའི་མཚན་ཉིད་དུ་ཡིད་ལ་བྱེད་པ་ཐམས་ཅད་དང་མ་འདྲེས་པས་ནི་མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །དགེ་བ་དང་མི་དགེ་བའི་བག་ཆགས་རྣམ་པ་སྣ་ཚོགས་བསགས་པ་རྣམ་པར་སྨིན ་པའི་འབྲས་བུ་ལེན་པར་བྱེད་པའི་ཀུན་གཞི་རྣམ་པར་ཤེས་པ་དང་མ་འདུས་པས་ན་སེམས་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །ང་དང་ངའི་ཞེས་རློམ་སེམས་པ་བདག་རྒྱལ་བ་དང་བདག་ལས་ཆགས་པ་ལ་སོགས་ཉོན་མོངས་པ་བཞི ་དང་ལྷན་ཅིག་པའི་ཉོན་མོངས་པའི་ཡིད་དང་མ་འབགས་པས་ན། ཡིད་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དམིགས་པར་བྱེད་པ་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པའི་མིག་ལ་སོགས་པ་འཇུག་པའི་རྣམ་པར ་ཤེས་པ་དང་མ་འདྲེས་པས་ན་རྣམ་པར་ཤེས་པ་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །གནས་ནི་མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིད་ཀྱི་དབང་པོའི་བར་དུ་དབང་བ་རྣམས་སོ། །དབང་པོ་དེ་རྣམས་ལ ་མི་བརྟེན་པས་ན། གནས་དང་ལྷན་ཅིག་མི་གནས་པའོ། །མིང་ནི་གཟུགས་དང་སྒྲ་དང་དྲི་དང་རོ་ཞེས་བྱ་བ་དང། མིག་དང་རྣ་བ་ཞེས་བྱ་བ་དང། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དང། ལྷའི་སྦྱིན་དང་མཆོད་སྦྱིན་ལ་སོགས་པ་ཐ ་སྙད་དུ་བཏག་པ་སྟེ། དེ་དག་དང་མ་འབགས་པས་ན་མིང་དང་ལྷན་ཅིག་མི་གནས་པའོ། །གཟུགས་དང་སྒྲ་ལ་སོགས་པ་དམིགས་པའི་ཡུལ་རྣམས་ནི་མཚན་མ་ཞེས་བྱ་སྟེ། དེ་དག་དང་མ་འདྲེས་པས་ན་མཚན་མ་དང་ལྷན་ཅིག་མི་གནས་པའོ། ་ཆོས་ཅན་དང་ཆོས་ཉིད་དང། ཀུན་རྫོབ་དང་དོན་དམ་པ་དང། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང། འདུས་བྱས་དང་འདུས་མ་བྱས་རྣམས་དེ་བཞིན་ཉིད་དང་གཞན་པར་འདོད་པ་ནི་གཅིག་པ་ཐ་དད་པ་སྟེ། འདི་ལྟ་བུའི་སྤྲོས་པ་དང་མ་འདྲེས ་པས་ན་གཅིག་པ་དང་ཐ་དད་པ་དང་ལྷན་ཅིག་མི་གནས་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་རང་བཞིན་བཤད་ནས། དེ་ལ་ཡུལ་བསྟན་པའི་ཕྱིར། དེ་ལ་ཤེས་རབ་ཀྱི་ཡུལ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཞེས་བྱ་བའི་དོན་ནི་གཞན་ལས ་དགར་བ་འམ། མགོ་དྲང་བར་ལྟའོ། །ཤེས་རབ་ཀྱི་ཡུལ་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པ་སྟེ། ཤེས་རབ་ཀྱིས་དམིགས་པར་བྱ་བ་འམ། ཤེས་རབ་ཀྱིས་ཁོང་དུ་ཆུད་པར་བྱ་བའི་དངོས་པོ་གང་ཞེ་ན་ཞེས་བྱ་བའི་དོན་ཏོ། །དྲིས་པ་ལན་གདབ་པའི་ཕྱིར། འདི ་ལྟ་སྟེ་ཆོས་བརྒྱད་ལ་མཁས་པའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི། ཚིག་མགོ་དྲང་བ་དང། ཚིག་གི་རྒྱན་དུ་བྱ་བའོ། །ཆོས་བརྒྱད་ཁོང་དུ་ཆུད་ཅིང་རྟོགས་པ་ནི་ཆོས་བརྒྱད་ལ་མཁས་པ་སྟེ། དེ་བས་ན་ཆོས་བརྒྱད་ནི་ཤེས་རབ་ཀྱི་ཡུལ་ལོ། །དེ ་འང་བསྟན་པ་དང་བཤད་པ་ལྟ་བུར་རིག་པར་བྱའོ། །དེ་ལ་བསྟན་པ་ལས་བརྩམས་ནས། ཆོས་བརྒྱད་ལ་མཁས་པ་གང་ཞེ་ན་འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་ཁམས་ལ་མཁས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཤད་པ་ལས་བརྩམས ་ནས་གསུངས་པ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕུང་པོ་ལ་མཁས་པ་གང་ཞེ་ན། ཞེས་པ་ལ་སོགས་པའོ། །ཡང་ན་གྲངས་དང་མིང་དང་དཔེ་དང་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ལ་ཤེས་རབ་ཀྱི་ཡུལ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ ་ལྟ་སྟེ་ཆོས་བརྒྱད་ལ་མཁས་པའོ་ཞེས་བྱ་བས་ནི་གྲངས་བསྟན་ཏོ། །ཆོས་བརྒྱད་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པས་མིང་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕུང་པོ་ལ་མཁས་པ་གང་ཞེ་ན ་འདི་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་སྟེ། དབུ་བ་རྡོས་པ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་གཟུགས་ནི་དབུ་བ་རྡོས་པ་ལྟ་བུ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནི་དགང ་བའི་ཚིག་སྟེ། མཁས་པ་རྣམ་པ་བརྒྱད་པས་བཀར་ཏེ། ཕུང་པོ་ལ་མཁས་པ་དེ་བསྟན་པར་འདོད་པའོ། །དེ་ལ་ཕུང་པོའི་དོན་ནི་གང་ཅུང་ཟད་གཟུགས་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དང་ནང་གི་དང་ཕྱིའི་དང་རིགས་པ་དང་ཕྲ་དང ་ངན་པ་དང་བཟང་པོ་དང་ཉེ་བ་དང་རིང་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་བསྟན་པ་ནི་ཕུང་པོ་ཞེས་བྱའོ། །ཕུང་པོ་དེ་ལ་མཁས་པ་ནི་ཕུང་པོ་ལ་མཁས་པ་སྟེ། ཕུང་པོའི་མཚན་ཉིད་དང་རང་བཞིན་གང་ཡིན་པ་རྟོག་པའོ ་ཇི་ལྟར་ཕུང་པོའི་མཚན་ཉིད་རྟོག་པར་འགྱུར་ཞེ་ན། དེ་བསྟན་པའི་ཕྱིར་གསུངས་པ། གང་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་སྟེ། དབུ་བ་རྡོས་པ་བསྟན་པ་དང་ཞེས་བྱ་བ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་དཔེ་རྣམས་ལ་སྙེགས་སོ། །ཕུང ་པོའི་རང་བཞིན་གང་ཡིན་པ་དེ་དང་མཐུན་པའི་དཔེར་བཞག་པ་ནི་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་ཞེས་བྱ་སྟེ། དཔེ་ཡང་དབུ་བ་རྡོས་པ་བསྟན་པ་ལ་སོགས་པ་རྣམ་པ་བཅུའོ། །དཔེ་རྣམ་པ་བཅུ་པོ་དེ་རྣམས་ཀྱང་དོན་རྣམ་པ་བཅུའི་དབང་དུ་བྱས ་ནས་གསུངས་པར་རིག་པར་བྱ་སྟེ། བདག་རྟག་པ་མེད་པའི་དོན་དང། བདག་མེད་ཅིང་གཙང་བའི་དོན་སྤང་བའི་དོན་དང། །བདག་མེད་ཅིང་མ་ནོག་ཆུང་བའི་དོན་དང། སྙིང་པོ་མེད་པའི་དོན་དང། མི་བརྟན་པའི་དོན་དང། དོན་མེད་པ་དག་ཀྱང་སྦྱོད་ཡུལ་ ་དུ་འགྱུར་ཞིང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ཀུན་ཏུ་ལོངས་སྤྱོད་པ་མེད་པའི་དོན་དང། དངོས་པོ་མེད་ཀྱང་ཐ་སྙད་དང་སྨྲ་བ་སྣ་ཚོགས་བྱེད་པའི་དོན་དང། དོན་མེད་ཀྱང་རྣམ་པར་ཤེས་པ་སྣ་ཚོགས་སུ་འཇུག་པའི་དོན་དང། དོན་མེད་པར་ཡང་དག་པ་འཛིན ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་འགྱུར་བའི་དོན་དང། དོན་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་བསམ་པ་ཕྱིན་ཅི་མ་ལོག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་སྐྱེ་བ་ལེན་པའི་དོན་ཏོ། །དཔེར་གཞག་པ་དེ་དག་གི་དོན་བསྟན་པའི ་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དཔེ་བཅུ་པོ་དེ་དག་ཇི་ལྟར་ན་ཕུང་པོའི་དཔེར་འགྱུར་ཞེ་འམ་ཕུང་པོ་རྣམས་ཅིའི་ཕྱིར་དཔེ་དེ་དང་འདྲ་བར་བསྟན་ཅེས་བྱ་བའི་དོན་ཏོ། །ཕུང་པོ་རྣམས་དཔེ་དང་མཚན ་ཉིད་འདྲ་བར་བསྟན་པའི་ཕྱིར་གཟུགས་ནི་དབུ་བ་རྡོས་པ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཕུང་པོའི་སྒྲ་མ་སྨོས་སུ་ཟིན་ཀྱང་ཕུང་པོ་ཉིད་བཤད་པ་གླེང་བའི་སྐབས་ཡིན་པས་གཟུགས་ཀྱང་ཕུང་པོ་ཞེས་བྱ་བར་དྲངས་ཏེ། གཟུགས་ལ་སོགས་པའི ་ཡུལ་ལྔ་དང། མིག་ལ་སོགས་པའི་དབང་པོ་ལྔ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་དེ་ནི་དབུ་བ་རྡོས་པ་དང་འདྲ་སྟེ་ཅིའི་ཕྱིར་ཞེ་ན་བདག་རྟག་པ་མེད་པའི་ཕྱིར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར་དབུ་བ་རྡོས་པ་ནི་བདག་མ་ཡིན ་སེམས་ཅན་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟ་སྟེ་སྐྱེས་བུ་ལ་ལ་ཞིག་གིས་ཆུ་བོ་ཆེན་པོ་ལ་ཤེལ་ལྟ་བུ་ཁ་དོག་དང་དབྱིབས་སུ་ལྡན་པའི་དབུ་བ་རྡོས་བ་མང་པོ་རྒྱུ་བ་མང་པོ་མཐོང་བ་དང། དེ་དག་ལ་སྙིང་པོ་དང་རང་བཞིན་ཡོད་དུ་རེ་ནས་ལག་པ ་གཉིས་ཀྱིས་འཛིན་ཅིང། བླང་བར་བརྒལ་ན་མེད་པར་གྱུར་པ་དང། ཀྱེ་མ་འདི་གོ་དབུ་བ་རྡོས་པ་སྟེ། གསོག་གསོབ་ངོ་བོ་ཉིད་མེད་དོ་སྙམ་མོ། །དེ་བས་ན་དབུ་བ་རྡོས་པ་ནི་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་པར་ཤེས་སོ། །དབུ་བ་རྡོས ་པའི་རང་བཞིན་གང་ཡིན་པ་གཟུགས་ཀྱི་རང་བཞིན་གང་ཡིན་པ། གཟུགས་ཀྱི་རང་བཞིན་ཡང་ཡིན་ཏེ། ཞེས་བྱ་བ་ནི་དབུ་པ་རྡོས་པའི་རང་བཞིན་བདག་མེད་ཅིང་དངོས་པོ་མེད་པ། བསོག་དང་གསོབ་དུ་གྱུར་པ་གང་ཡིན་པ་གཟུགས་ཀྱི་ཕུང་པོའི་རང་བཞིན་ཡང ་དེ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་ལ་ཡེ་ཤེས་ཀྱི་མིག་དང་ལྡན་པས་བལྟས་ཤིང་བརྟག་སྟེ། ཞི་བ་མོར་གཞིགས་ན་བདག་དང་རང་བཞིན་མེད་ཅིང་གསོག་གསོབ་སྟོང་པའི་མཚན་ཉིད་དུ་གནས་པའི་ཕྱིར་རོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཞེས་བྱ་བ་ལ། བདེ་བ་དང ་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པར་རྣམ་པ་གསུམ་མྱོང་བ་ནི་ཚོར་བ་སྟེ། འདིར་ཡང་ཕུང་པོ་ཞེས་བྱ་བར་སྦྱར་རོ། །ཚོར་བའི་ཕུང་པོ་ནི་ཆུའི་ཆུ་བུར་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་བདག་མེད་ཅིང་གཙང་བ་སྤང་བའི་ཕྱིར་རོ། །འདི ་ལྟར་སེམས་ཅན་ལ་ལ་ཞིག་གིས་ཆུའི་ནང་དུ་ཆར་བ་བབ་སྟེ། ཆུའི་ཆུ་བུར་ཤེལ་གྱི་ནོར་བུ་དང་འདྲ་བར་རྣམ་པ་སྣ་ཚོགས་སུ་འབྱུང་བ་མཐོང་བ་དང་དེ་དག་རྫས་སུ་རུང་ཞིང་རྒྱན་དུ་རུང་དུ་རེ་ནས་ལག་པ་གཉིས་ཀྱིས་འཛིན་ཅིང་བླང ་བར་བཤམས་ན་མེད་པར་གྱུར་ཅིང་མ་བཟུང་བའི་རྣམས་ཀྱང་སྐྱེས་མ་ཐག་ཏུ་འགག་སྟེ། རྫས་སུ་རུང་བར་མ་མཐོང་ནས། ཀྱི་མ་འདི་གོ་ཆུའི་ཆུ་བུར་ཏེ། བདག་མེད་པར་རང་བཞིན་མེད་པ་གསོག་གསོབ་ཡིན་པར་ཤེས་སོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ ་ལ་སོགས་པའི་ཚོར་བའི་ཕུང་པོ་ལ་ཡེ་ཤེས་ཀྱི་མིག་དང་ལག་པས་བལྟས་ཤིང་ཡོད་པ་དང་མེད་པ་ལ་སོགས་པ་རྣམ་པར་དཔྱོད་ན་ཆུའི་ཆུ་བུར་དང་འདྲ་བར་བདག་དང་རང་བཞིན་མེད་ཅིང་གསོག་དང་གསོབ་ཡིན་པ་དང། ཐམས་ཅད་ཀྱང་སྡུག་བསྔལ་གྱི ་མཚན་ཉིད་འགྱུར་བ་དང། སྐྱེས་མ་ཐག་ཏུ་འཇིག་པའི་རང་བཞིན་ཡིན་པར་མཐོང་ངོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ་ཞེས་བྱ་བ་ལ། ཡུལ་ལ་མཚན་མར་འཛིན་པ་ནི་འདུ་ཤེས་ཏེ། ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །མཚན་མ་ནི་དཀར་པོ་དང་དམར ་པོ་ལ་སོགས་པའོ། །འཛིན་པ་ནི་དེ་ནི་དཀར་པོ་ཉིད་ཡིན་གྱི། དམར་པོ་མ་ཡིན་ནོ་ཞེས་གཅོད་པ་སྟེ། འདུ་ཤེས་ཀྱི་ཕུང་པོ་ནི་སྨིག་རྒྱུ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་བདག་མེད་ཅིང་མནོག་ཆུང་བའི་ཕྱིར་རོ། །འདི་ལྟ་སྟེ་ཆུ་འདོད་པའི་སྐྱེས་བུ་ལ་ལ་ཞིག་དཔྱིད ་ཀྱི་དུས་ན་ཉི་མའི་འོད་ཀྱིས་གདུངས་ཏེ། སྨིག་རྒྱུ་སྣ་ཚོགས་རླབས་ལྟ་བུ་མིག་གིས་མཐོང་བ་དང་དེ་དག་ལ་ཆུ་ཡིན་སྙམ་ནས་བཏུང་བར་བྱ་བའི་ཕྱིར་དྲུང་དུ་རྒྱུགས་ཏེ་བཏགས་ན་ཆུ་མ་ཡིན་པར་མཐོང་ནས་ཀྱེ་མའོ་འདི་གོ་སྨིག་རྒྱུ་བ་སྟེ། བདག་མེད་པ ་གསོག་གསོབ་ངོ་བོ་ཉིད་མེད་པ་ཞེས་སེམས་པ་དེ་བཞིན་དུ་ལོག་པ་སྣ་ཚོགས་ཀྱི་རྣམ་པར་རྟོགས་པ་མང་པོའི་འདུ་ཤེས་ཀྱི་ཕུང་པོ་ལ་ཡེ་ཤེས་ཀྱི་མིག་གིས་བལྟས་ཏེ། ཡོད་པ་དང་མེད་པ་ལ་སོགས་པར་ཡང་དག་པར་བཏགས་ན་བདག་མེད་པ་དང། ་དངོས་པོ་མེད་པར་མཐོང་བ་སྟེ། དེ་བས་ན་འདུ་ཤེས་ཀྱང་སྨིག་རྒྱུ་བ་བཞིན་དུ་བདག་གི་རང་བཞིན་མ་ཡིན་པས་ན། གང་ཟག་གི་རང་བཞིན་མ་ཡིན་པའི་བར་དུའོ། །འདུ་བྱེད་རྣམས་ནི་ཆུ་ཤིང་ལྟ་བུའོ་ཞེས་བྱ་བ་ལ། ལས་དགེ་བ་དང། མི་དགེ་བ་དང་ལུང་དུ་མ ་བསྟན་པ་རྣམ་པ་སྣ་ཚོགས་བྱེད་པ་ནི་འདུ་བྱེད་དོ་དེ་ཡང་འདུ་བྱེད་ཀྱི་ཚོགས་རྣམ་པ་མང་པོ་རྣམས་སོ། །འདུ་བྱེད་ཀྱི་ཕུང་པོ་རྣམས་ནི་ཆུ་ཤིང་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་སྙིང་པོ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། ཤིང་གི་སྙིང་པོ་སྲ་བ་འདོད་པའི་སྐྱེས་བུ་ལ་ལ ་ཞིག་གིས་ཆུ་ཤིང་བཅད་དེ་འདང?་མ་ནས་མཐར་གྱིས་རྣམ་པར་བཤུས་ནས་དེ་ལ་མིག་གིས་བལྟས་ཏེ་སྙིང་པོ་ཡོད་དམ་ཞེས་བཏགས་ན། སྙིང་པོ་ཡོད་པར་མི་མཐོང་ནས། ཀྱེ་མའོ་འདི་གོ་ཆུ་ཤིང་གི་སྙིང་པོ་སྟེ། སྟོང་པ་དངོས་པོ་དང་རང་བཞིན་མེད་པའོ་ཞེས ་སེམས་པ་དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོ་རྣམ་པ་སྣ་ཚོགས་པ་ལ་དམ་པ་དང་སྙིང་པོ་ཡོད་དུ་རེ་སྟེ། ཤེས་རབ་ཀྱི་མིག་གིས་ཀུན་ཏུ་བལྟས་ནས། ཡོད་པ་དང་མེད་པ་དང། གཅིག་དང་དུ་མ་དང། ་བདག་དང་ཕ་རོལ་དང་གཉིས་ཀའི་སྦྱོར་བས་ཡང་དག་པར་བརྟགས་ན་སེམས་ཙམ་དང་མ་སྐྱེས་པ་དང། ཡོད་པ་དང་མེད་པ་ལས་འདས་པ་སྙིང་པོ་མེད་པ། ཆུ་ཤིང་བཞིན་དུ་བདག་གི་རང་བཞིན་དང་བྲལ་བར་མཐོང་ངོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ཞེས་བྱ ་པ་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། དེ་འང་མིག་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱུད་དོ། །རྣམ་པར་ཤེས་པའི་ཕུང་པོ་ནི་སྒྱུ་མ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་མི་བརྟན་པའི་ཕྱིར་རོ། །འདི་ལྟ་སྟེ་སྐྱེས་བུ་སྒྲིན་པོ་ཞིག ་གིས་སྒྱུ་མའི་ཆ་ལུགས་ཀྱི་བཟོ་བོས་ལྷ་དང་མི་དང་གནོད་སྦྱིན་དང་དུད་འགྲོའི་གཟུགས་སྣ་ཚོགས་ཀྱི་སྒྱུ་མ་རྣམས་སྤྲུལ་པ་དེ་དག་ལ་མིག་གི་ཀུན་ཏུ་བལྟ་ཞིང། རང་བཞིན་དང་རྒྱུན་ཏུ་གནས་པར་རེ་ནས་བརྟགས་ན། རང་བཞིན་མེད་ཅིང་དེ་མ་ཐག་ཏུ་འཇིག་པ་ཡིན ་པར་མཐོང་ནས། ཀྱེ་མ་འོད་གོ་སྒྱུ་མ་སྟེ། སྟོང་པ་རང་བཞིན་མེད་པའོ་ཞེས་སེམས་པ་དེ་བཞིན་དུ་ལས་ཀྱི་བག་ཆགས་སྣ་ཚོགས་ཀྱིས་བསྒྱུར་བའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཤེས་རབ་ཀྱི་མིག་གིས་རང་བཞིན་དུ་རྒྱུན་དུ་གནས་པར་དེ་ནས ་གཅིག་དང་དུ་མའི་ངོ་བོས་བརྟགས་ན། སྒྱུ་མ་བཞིན་དུ་སྟོང་པ་ངོ་བོ་ཉིད་མེད་པ་སྐད་ཅིག་མ་རེ་རེ་ལ་འཇིག་པར་མཐོང་ངོ། །ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ་ཞེས་བྱ་བ་ལ་གོང་དུ་བཤད་པའི་ཕུང་པོ་དེ་དག་ཉིད་ནི་ཡང་རྨི་ལམ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་དོན་མེད ་བ་དག་ཀྱང་སྤྱོད་ཡུལ་དུ་འགྱུར་ཞིང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཀུན་ཏུ་ལོངས་སྤྱོད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་རྣམས་ཡུལ་ལ་འཇུག་པར་མི་ནུས་ཏེ། གཉིད་ཀྱིས་ལོག་པར་ནི་རྟག་པ་སྣ་ཚོགས་ཀྱི་རྒྱུ་བ་འབྱུང་བ་ནི་རྨི་ལམ་མོ། །དཔེར ་ན་རྨི་ལམ་བདག་གི་རང་བཞིན་མ་ཡིན་པ་ནས་གང་དག་གི་བར་གྱི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱིས་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་ཀྱང་དགའ་བ་དང་མི་དགའ་བར་འགྱུར་བའི་ཡུལ་མཐོང་བའི་དགའ་བ་དང་མི་དགའ་བའི་སེམས་རྣམ་པ ་སྣ་ཚོགས་སྐྱེ་བར་འགྱུར་རོ། །དེ་བཞིན་ཕུང་པོ་རྣམས་ཀྱང་བདག་གི་རང་བཞིན་མ་ཡིན་པས་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་མོད་ཀྱི་ལས་དགེ་བ་དང་མི་དགེ་བ་རྣམ་པ་སྣ་ཚོགས་ཀྱི་རྒྱུས་མཐོ་རིས་དང་ངན་སོང་གི་བདེ་བ་དང་སྡུག་བསྔལ་རྣམས་སྐྱེ་བར་འགྱུར་རོ། །ཕུང་པོ་རྣམས་ནི་བྲག་ཅ་ལྟ་བུ་སྟེ་ཞེས་བྱ་བ་ནི་ཕུང་པོ་རྣམས་ནི་བྲག་ཅ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། དངོས་པོ་མེད་ཀྱང་ཐ་སྙད་དང་སྨྲ་བ་སྣ་ཚོགས་བྱེད་པའི་ཕྱིར་རོ། །དཔེར་ན་སྒྲ་ལ་བྲག་ཅའི་སྒྲ་བརྙན་གདག་གི་རང་བཞིན་མ་ཡིན་པས་ན ་གང་ཟག་གི་བར་གྱི་རང་བཞིན་ཡང་མ་ཡིན་ཏེ། དངོས་པོ་མེད་ཅིང་དོན་མེད་ཀྱང་སྒྲ་རྣམ་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་བདག་མེད་རང་བཞིན་གྱིས་ཞི་བ་ཡིན་མོད་ཀྱི། འོན་ཀྱང་སྒྲ་བརྙན་དང་འདྲ་བའི་མིང་དང་ཚིགས་དང་ཐ་སྙད་དུ ་བརྗོད་པ་མང་པོ་ཡང་ཡོད་དོ། །ཕུང་པོ་རྣམས་ནི་མིག་ཡོར་ལྟ་བུ་སྟེ་ཞེས་བྱ་བ། ཤོག་ཤོག་གམ་དར་?་རས་ལ་རི་མོ་སྣ་ཚོགས་བྲིས་ནས་བརྒྱངས་ཏེ་ཕུབ་ལ་དེའི་ནང་དུ་མཚན་མོ་མེ་མར་བུས་ན་གཟུགས་རྣམ་པ་སྣ་ཚོགས་སྣང་བ་ནི་མིག་ཡོར་ཞེས་བྱའོ།། ་ཡང་ན་སྣང་བརྙན་ཞེས་བྱ་སྟེ། ཁང་པའི་ནང་གི་ནི་ཟེར་འོད་ལ་བརྟེན་ནས་གཟུགས་གཅིག་དང་གཉིས་ལ་སོགས་པ་སྣང་བའོ། །ཡང་ན་གཞན་གནས་པ་ལས་གཞན་དུ་སྣང་བ་ནི་མིག་ཡོར་ཏེ། དཔེར་ན་སྡོང་?་ལས་མི་ལྟ་བུར་འཁྲུལ་པའོ། །ཕུང་པོ་རྣམས ་ནི་མིག་ཡོར་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་དོན་མེད་ཀྱང་མིག་ཡོར་གྱི་དུས་ན་གཟུགས་རྣམ་པ་སྣ་ཚོགས་སྣང་བ་དེ་བཞིན་དུ་དོན་མེད་པར་ཡང་ཁམས་གསུམ་གྱི་སེམས་དང་སེམས་ལས་འབྱུང་བ་རྣམ་པ་སྣ་ཚོགས་སུ་སྐྱེ་ཞིང་འབྱུང་ན། །ཕུང་པོ་རྣམས་ནི ་གཟུགས་བརྙན་ལྟ་བུ་སྟེ། ཞེས་བྱ་བ་ལ་ཕུང་པོ་རྣམས་ནི་གཟུགས་བརྙན་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་དོན་མེད་ཀྱང་ཡང་དག་དང་འཛིན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར་རོ། །དཔེར་ན་ཆུའི་ཟླ་བ་འམ། མེ་ལོང་དག་པའི་ནང་དུ་བཞིན་གྱི ་གཟུགས་བརྙན་དུ་སྣང་བ་བདག་གི་རང་བཞིན་མ་ཡིན་པ་ནས་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་དུ་ཟིན་ཡང་བལྟར་མེད་སྣང་བ་ཙམ་ཡང་ཡོད་པ་དེ་བཞིན་དུ་ཏིང་ངེ་འཛིན་ལ་སོགས་པའི་རང་བཞིན་དང། རྣལ་འབྱོར་པའི་ཕུང ་པོ་རྣམས་ཀྱང་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་ཅིང་རང་བཞིན་མི་དམིགས་མོད་ཀྱི། འོན་ཀྱང་མཚོ་དང་འདྲ་བའི་སེམས་མཉམ་པར་གནས་པ་ལས་གཟུགས་བརྙན་སྣང་བ་བཞིན་རྣམ་པར ་ཐར་པ་དང། གཟུགས་དང་སྤྲུལ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་ཞིང་སྣང་བར་ཡང་བྱེད་དོ། །ཕུང་པོ་རྣམ་ནི་སྤྲུལ་བ་ལྟ་བུ་སྟེ་ཞེས་བྱ་བ་ལ་ཕུང་པོ་རྣམས་ནི་སྤྲུལ་པ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན་དོན་མེད་ཀྱང་ཡང་བྱང་ཆུབ་སེམས་དཔའ་ ་རྣམས་བསམ་པ་ཕྱིན་ཅི་མ་ལོག་པར་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་སྐྱེ་བ་ལེན་པར་སྣང་བས་སོ། །དཔེར་ན་ལྷ་དང་མི་ལ་སོགས་པའི་སྤྲུལ་པ་སྣ་ཚོགས་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི ་རང་བཞིན་མ་ཡིན་ཏེ། དངོས་པོ་མེད་མོད་ཀྱི་འོན་ཀྱང་གཟུགས་དང་དབྱིབས་རྣམ་པ་སྣ་ཚོགས་སྣང་བ་དེ་བཞིན་དུ་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་འཁོར་བར་འཇུག་པ་ཡང་བདག་གི་རང་བཞིན་མ་ཡིན་པས་ན་གང་ཟག་གི་བར་གྱི་རང ་བཞིན་མ་ཡིན་ཏེ། དངོས་པོ་མེད་མོད་ཀྱིས། འོན་ཀྱང་སྐྱེ་བ་རྣམ་པ་སྣ་ཚོགས་འབྱུང་ཞིང་སྐྱེ་བར་སྣང་ངོ། །གང་འདི་ལ་མཁས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཞེས་བྱ་བ་ལ་གོང་དུ་ཕུང་པོ་དཔེ་བསྟན་པའི་ཚུལ་དུ ་ཕུང་པོའི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཨི་དེ་ནི་ཕུང་པོ་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུང་པོ་ཞེས་བྱ་བ་དེ་ནི་འཇིག་རྟེན་ཏེ་ཞེས་བྱ་བ་ལ། ཕུང་པོ་ཞེས་བྱ་བ་ནི་འཇིག་རྟེན་ལ་བྱ་སྟེ། འཇིག་རྟེན་གྱི་མཚན་ཉིད་ཀྱང་གང་ཡིན ་ཞེ་ན། དེའི་ཕྱིར་འཇིག་རྟེན་ཀྱང་འཇིག་པའི་མཚན་ཉིད་དོ་ཞེས་སྨྲས་སྟེ། འཇིག་རྟེན་གྱི་མཚན་ཉིད་ནི་སྐད་ཅིག་མ་རེ་རེ་ལ་འཇག་པའི་མཚན་ཉིད་དོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། འཇིག་རྟེན་གྱི་རང་བཞིན་གང་ཡིན་པ་དེ་རང་བཞིན་གྱིས ་མི་རྟག་པའོ་ཞེས་བྱ་བ་སྨོས་ཏེ། རང་བཞིན་ཞེས་བྱ་བ་དང། །མཚན་ཉིད་ཅེས་བྱ་བ་ནི་དོན་གཅིག་གོ་།དེ་ལ་མེད་པའི་དོན་ནི་མི་རྟག་པ་དོན་ཏེ། ཀུན་བརྟགས་ཀྱི་མཚན་ཉིད་རི་བོང་གི་རྭ་བཞིན་དུ་དུས་ཐམས་ཅད་དུ་མེད་པས་ཀུན ་བརྟགས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་མི་རྟག་པ་ཞེས་བྱའོ། །རང་བཞིན་གྱིས་སྡུག་བསྔལ་བའོ་ཞེས་བྱ་བ་ལ་ཡང་དག་པ་མ་ཡིན་པར་ཀུན་རྟོགས་པའི་དོན་ནི་རང་བཞིན་གྱིས་སྡུག་བསྔལ་བའི་དོན་ཏོ། །དེ་འང་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་བས ་ན་གཞན་གྱི་དབང་གི་ཇི་ལྟ་ཇི་ལྟར་གཟུང་བ་དང་འཛིན་པར་ཀུན་རྟོག་པར་བྱེད་པ་དེ་ཙམ་དུ་སྡུག་བསྔལ་བའི་རང་བཞིན་དུ་འགྱུར་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ། །རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་བདག་མེད་པའོ་ཞེས ་བྱ་བ་ལ། ཡོངས་སུ་རྟོག་པ་ཙམ་ཉིད་ཡོད་པའི་དོན་ནི་བདག་མེད་པའི་དོན་ཏེ། དེས་ན་སེམས་ཙམ་ཡོད་ཀྱི་དངོས་པོ་གཞན་མེད་པར་སྟེན་ཏོ། །དེ་བས་ན་ཡོངས་སུ་རྟོག་པ་གཞན་གྱི་དབང་ཙམ་ནི་ཡོད་ཀྱི། ཆོས་སུ་རྟགས་པའི་དངོས་པོ་ནི་མེད་པས་ན་རང་བཞིན་གྱིས་སྟོང ་པ་ཞེས་བྱའོ། །གང་ཟག་ཏུ་བརྟགས་པའི་དངོས་པོ་མེད་པས་ན་རང་གིས་སྟོང་པ་ཞེས་བྱའོ། །གང་ཟག་ཏུ་རྟགས་པའི་དངོས་པོ་མེད་པས་ན་རང་བཞིན་གྱིས་བདག་མེད་པའོ་ཞེས་བྱའོ། །རང་བཞིན་གྱིས་ཞི་བ་སྟེ་ཞེས་བྱ་བ་ལ་གང་ཟག་དང་ཆོས་རྣམ་པར ་རྟོག་པ་ཉེ་བར་ཞི་བའི་དོན་ཏམ་དེ་དག་སྤངས་པ་དོན་རང་བཞིན་གྱི་ཞི་བ་ཞེས་བྱ་སྟེ། དེ་ཡང་དངོས་སུ་ན་ཡོངས་སུ་གྲུབ་པའི་མཚན་ཉིད་དོན་དམ་པའི་ཆོས་ཀྱི་དབྱིངས་རྣམ་པར་བདག་པའོ། །དེ་ལ་ཕྱིན་ཅི་ལོག་ཏུ་སྣང་བའི་སེམས་ནི་གཉེན་པོས་ཞི་བར་བྱས ་པའི་མེད་ཀྱི། རང་བཞིན་གྱི་སྐྱེ་བ་མེད་པ་དང། འབྱུང་བ་མེད་པར་གནས་པའི་ཕྱིར་རོ། །དེ་ལྟར་མི་རྟག་པའི་རང་བཞིན་གང་ཡིན་པ་ནས་ཞི་བའི་བར་གྱི་རང་བཞིན་གང་ཡིན་པ་འཇིག་རྟེན་གྱི་རང་བཞིན་ཡང་དེ་ཡིན་ཏེ། དེ་དག་གི་རང་བཞིན་ཐ་དད་པ་མེད་པར་ཤེས ་ན་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཕུང་པོ་ལ་མཁས་པ་བསྟན་པའི་འོག་ཏུ་ཁམས་ལ་མཁས་པ་བསྟན་པས་ན་ཇི་ལྟར་བསྟན་པ་དེ་བཞིན་དུ་བཤང་བར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཁམས་ལ་མཁས་པ་གང་ཞེ་ན་ཞེས་བྲིས་སོ། །དེ ་ལ་ཁམས་ཀྱི་དོན་ནི་མཚན་ཉིད་འཛིན་པའི་དོན་ཏོ། །ཡང་ན་རྒྱུའི་དོན་ཏེ། ཁམས་ས་བོན་དང་དབྱིངས་ནི་རྒྱུའི་མིང་གི་རྣམ་གྲངས་ཏེ། གང་ལ་དམིགས་ནས་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྱུང་བའི་རྒྱུ་ནི་ཁམས་ཞེས་བྱ་ལ། དེ་རྟོགས ་པའི་ཡེ་ཤེས་ནི་ཁམས་ལ་མཁས་པ་ཞེས་བྱ་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཁམས་ལ་མཁས་པ་གང་ཞེ་ན། གང་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་སོ་ཞེས་བྱ་བ་སྨོས་ཏེ། ཆོས་ནི་ཉན་ཐོས་དང། རང་སངས ་རྒྱས་དང། སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིག་པ་ལ་སོགས་པའོ། །ཆོས་དེ་དག་སྐྱེད་པའི་རྒྱུ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། དོན་དམ་པ་སྟོང་པའི་མཚན་ཉིད་དོ། །ཆོས་ཀྱི་དབྱིངས་དེ་རྟོགས་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་ཞེས ་བྱ་སྟེ་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱིས་རྟོགས་པ་ནས་ན་ཡེ་ཤེས་ཀྱི་སྒྲ་ནི་འདིར་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཉིད་ལ་བྱའོ། །དེ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། མིག་ལ་སོགས་པ་ཁམས་སོ་སོའི་མཚན་ཉིད་དམིགས་པ་དང ་རྟེན་ལྟ་བུ་ཁོང་དུ་ཆུད་པ་ནི་ཁམས་ལ་མཁས་པར་མི་འགྱུར་གྱི། གང་ཆོས་རྣམས་ཀྱིས་ཆོས་ཀྱིས་དབྱིངས་དོན་དམ་པའི་མཚན་ཉིད་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟོག་ན་ཁམས་ལ་མཁས་པ་ཡིན་ནོ་ཞེས་སྟོན་ཏོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དང། ་ཇི་ལྟར་ན་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་བསྟན་པའི་ཕྱིར། ཆོས་ཀྱིས་དབྱིངས་སའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་སའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དོན་དམ་པར་སའི་ཁམ་ཀྱང་ངོ་བོ་ཉིད་ཀྱིས་སྟོངས་པས་ཆོས་ཀྱི་དབྱིངས་དང ་ཐ་མི་དད་པའི་ཕྱིར་ཆོས་ཀྱི་དབྱིངས་སའི་ཁམས་ཡིན་ནོ། །གལ་ཏེ་ཆོས་ཀྱི་དབྱིངས་སའི་ཁམས་ཡིན་ན་སའི་ཁམས་སྲ་བའི་མཚན་ཉིད་ཡིན་པ་བཞིན་དུ་ཆོས་དབྱིངས་ཀྱང་སྲ་བའི་མཚན་ཉིད་ཡིན་ནམ་སྙམ་པ་ལ་།ཆོས་ཀྱི ་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སའི་ཁམས་ནི་སའི་རང་བཞིན་ཏེ། དེའི་རང་བཞིན་ནི་རང་བཞིན་གྱིས་སྟོང་པ་དབེན་པ་ཡིན་པས་སྲ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་ཏུ་རྟོགས་པ་སྟེ། དེའི་མཚན་ཉིད་མ་ཡིན་པས ་ན་ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་ཆུའི་ཁམས་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཆོས་ཀྱི་དབྱིངས་གཟུགས་ཀྱིས་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་མིག་གིས་རྣམ་པར་ཤེས་པས་རྣམ ་པར་རིགས་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་དང། འོག་ནས་ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི་གཟུགས་སུ་རྣམ་པར་རིགས་པའི་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བ་གཉིས་ལ་གོང་མས་ནི་མིག་གི་ཡུལ་གྱི་བྱ་བ་མི་བྱེད་པ་སྟོན་ཏེ། །འོག་མས ་ནི་གཟུགས་ཀྱི་མཚན་ཉིད་མི་འཛིན་པ་བསྟན་ཏེ། དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་རོ། །ཅིའི་ཕྱིར་དེ་མཚུངས་ཞེ་ན་ཞེས་བྱ་བ་ནི་བདག་གི་ཁམས་ནས་ཆོས་ཐམས་ཅད་ཀྱི་ཁམས་ཀྱི་བར་རྣམ་པ་སྣ་ཚོགས་སུ་གནས་ན་ཅིའི་ཕྱིར་དེ་དག་མཚུངས ་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་སྟོང་པ་ཉིད་དུ་མཚུངས་པས་ན་དེ་ནི་མཚུངས་པའོ་ཞེས་བྱ་བ་ལ་གང་ཟག་གི་དངོས་པོ་དང་ཆོས་ཀྱི་དངོས་པོ་རང་བཞིན་མེད་པ་ནི་སྟོང་པ་ཉིད་དེ། ཇི་ལྟར་བདག་གི་ཁམས་ལ་གང་ཟག་གི་དངོས་པོ་མེད་པ་དང། ཆོས་ཀྱི་དངོས་པོ ་མེད་པས་སྟོང་བ་ཡིན་པ་དེ་བཞིན་དུ་ནམ་མཁའ་ཁམས་དང། ཆོས་ཀྱི་ཁམས་དང། ཆོས་ཀྱི་ཁམས་དེ་དག་ཀྱང་གང་ཟག་གི་དངོས་པོ་མེད་པ་དང། ཆོས་ཀྱི་དངོས་པོ་མེད་དེ་སྟོང་པ་ཡིན་པར་འདྲ་བས་ན་ཆོས་དེ་དག་མཚུངས་པ་ཞེས་བྱའོ། །མཚན་མ་མེད་པར ་མཚུངས་པ་ཞེས་བྱ་བ་ལ་དེ་ལྟར་གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པས་ན་ས་དང་ཆུ་དང་མེ་དང་རླུང་དང་ཟླ་བ་དང་ཉི་མ་དང་རི་དང་རྒྱ་མཚོ་དང་ཆུ་ཀླུང་དང་མཚོ་དང་དགོན་པ་དང་ཕྱོགས་དང་ཡུལ་ལ་སོགས་པའི་དངོས་པོ་མཚན་མ་སོ་སོར་ཆད་པའི་དངོས་པོ ་རྣམས་ཡོད་པ་མ་ཡིན་པས་མ་མཚན་མ་མེད་པ་ཞེས་བྱའོ། །དེ་ལྟར་ན་མཚན་མ་མེད་པས་ན་ཁམས་གསུམ་ཐམས་ཅད་ཁམས་གསུམ་གྱི་རྣམ་པར་མི་སྣང་བ་དང། མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པའི་རྣམ་པར་མི་སྣང་སྟེ། དེ་དག་གཉི་ག་ལ ་ཡང་ཅུང་ཟད་ཀྱང་འདོད་པ་མེད་པ་ནི་སྨོན་པ་མེད་པའོ། །ལས་དགེ་བ་དང་མི་དགེ་བས་མ་སྐྱེས་ཅིང། ལས་དགེ་བ་དང་མི་དགེ་བ་ལ་སྤྱོད་པ་མེད་པ་ནི་མངོན་པར་འདུ་མི་བྱེད་པའོ། །འདས་པའི་དུས་སུ་མ་སྐྱེས་པ་ནི་སྐྱེས་པ་མེད ་པའོ། །མ་འོངས་པའི་དུས་སུ་སྐྱེ་བར་འགྱུར་བ་མེད་པ་ནི་འབྱུང་བ་མེད་པའོ། །ད་ལྟར་གྱིས་དུས་ན་གང་ཟག་དང། ཆོས་ཀྱི་དངོས་པོར་ཡོད་པ་མ་ཡིན་པ་ནི་དངོས་པོ་མེད་པའོ། །བདག་གི་ཁམས་ནས་ཆོས་ཐམས་ཅད་ཀྱི་ཁམས་ཀྱི་བར?་དག་སྨོས་པ་རྣམས ་དོན་དམ་པའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རོ་གཅིག་པའི་རང་བཞིན་ཏེ། མཚན་ཉིད་སོ་སོར་མི་འདྲ་བ་མེད་པས་ན། ཆོས་ཐམས་ཅད་ཐ་དད་པ་མེད་པར་མཚུངས་པ་ཞེས་བྱའོ། །དེ་དག་ཐམས་ཅད་ཀྱང་ཤེས་བྱ་བ་དང་ཉོན་མོངས་པའི་སྒྲིབ་པ་དང ་བྲལ་བ་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་པ་དག་པར་འདྲ་བས་ན་སྒྲིབ་པ་མེད་པར་མཚུངས་པ་ཞེས་བྱའོ། །ནམ་མཁའ་ཨི་ཁམས་ནི་དམིགས་པ་མེད་པ། རང་བཞིན་མེད་པ་ཐོགས་པ་མེད་པ། ཐམས་ཅད་དུ་ཁྱབ་པ་ཡིན་པ་ལྟར་ཆོས་དེ་དག་ཀྱང ་དམིགས་པར་བྱ་བ་དང། བྱེད་པ་དང་བྲལ་བ་དང། གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ། ཐོགས་པ་མེད་ཅིང་ཐམས་ཅད་དུ་ཁྱབ་པ་ཡིན་པས་ནམ་མཁའ་ཨི་ཁམས་སུ་མཚུངས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་ཐམས་ཅད ་སྤངས་པའོ། །ཕུང་པོ་རྣམས་ཉེ་བར་ཞི་བ་ཚེའི་རྒྱུན་ཆད་པ། དངོས་པོའི་རང་བཞིན་ཐམས་ཅད་ལས་འདས་པ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ཡིན་པས་ན་མྱ་ངན་འདས་པའི་དབྱིངས་སུ་མཚུངས་པས་དེ་དག ་མཚུངས་པ་ཞེས་བྱའོ། །ཁམས་ལ་མཁས་པར་རྒྱ་ཆེར་བསྟན་པ་རྣམས་བསྡུས་ཏེ་བཤད་པའི་ཕྱིར། འདུས་བྱས་ཀྱི་ཁམས་ལ་འཇུག་པ་དང། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པ་ཚད་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་དུ་བཤད་པའི་ཚུལ ་གྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་འདི་ཙམ་མོ་ཞེས་དཔག་ཏུ་མི་རུང་ཞིང་ཚད་མེད་པ་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཆུད་པ་དེ་ལ་འདུས་བྱས་དང་འདུས་མ་བྱས་ལ་འཇུག་པ་ཞེས་བྱའོ། །དེ་བས་ན་གང་བསྟན ་པ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་སྒོ་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཁམས་ལ་མཁས་པ་ཞེས་དངོས་སུ་གསུངས་ཏེ། གང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་པའི ་ཁམས་ལ་མཁས་པའོ་ཞེས་བསྟན་པའོ། །སྒོ་ནས་འཇུག་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས་པར་བྱ་བའི་སྒོའི་གཟུགས་ལ་སོགས་པའི་ཁམས་རྣམས་ལ་བྱ་སྟེ། ཁམས་དེ་དག་གི་རང་བཞིན་ནི་དམིགས་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྟོག་པར་བྱེད་པའི་སྒོར ་དགོངས་པ་སྟེ། ཚུལ་ནི་རང་བཞིན་ལ་བྱའོ། །ཡང་ན་འདུས་བྱས་ཀྱི་ཆོས་ཀྱང་ཚད་མེད་པས་དེ་དག་སོ་སོའི་རང་བཞིན་རྟོག་པར་བྱ་བའི་ཡང་ཚད་མེད་ལ། འདུས་མ་བྱས་ཀྱི་ཁམས་ཀྱང་ཚད་དེ། དེ་དག་སོ་སོའི་རང་བཞིན་རྟོགས་པར་བྱ་བ་ཡང་ཚད ་མེད་པས་ན་འདུས་བྱས་ཀྱི་ཁམས་ལ་འཇུག་པ་དང། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པ་ཚད་མེད་པ་ཞེས་བྱའོ། །གང་བསྟན་པ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཁམས་ལ་མཁས་པ་ཞེས་བྱ་བ་ལ། ་གང་བསྟན་པ་ནི་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་ཚད་མེད་པ་བསྟན་པའོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དྲི་མ་མེད་ཅིང་ཐམས་ཅད་ལ་ཁྱབ་པའོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་དེ་ཉིད་ཆོས་རྣམས་ཐམས་ཅད་རྟོགས ་པར་བྱ་བའི་ཐབས་ཡིན་པས་ན་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ཞེས་བྱ་སྟེ། སྒོ་དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་སྟེ། དེ་ལྟར་ཞུགས་ན་བྱང་ཆུབ་སེམས་དཔའ་ཁམས་ལ ་མཁས་བ་ཞེས་བྱའོ། །ཁམས་ལ་མཁས་པའི་འོག་ཏུ་སྐྱེ་མཆེད་ལ་མཁས་པ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །སེམས ་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འཕེལ་བའི་སྒོ་ནི་སྐྱེ་མཆེད་དེ། སྐྱེ་མཆེད་ལ་མཁས་པ་ནི་སྐྱེ་མཆེད་ལ་མཁས་པ་སྟེ། མཁས་པའི་སྒྲ་ནི་སྐྱེ་མཆེད་རང་བཞིན་དང། མཚན་ཉིད་རྟོགས་པའོ། །སྐྱེ་མཆེད་གང་ཡིན་པ་དང། འཇིག་རྟེན་ན ་སྐྱེ་མཆེད་ལ་མཁས་པར་འགྱུར་བ་བསྟན་པའི་ཕྱིར། གང་ཆོས་ཀྱི་སྐྱེ་མཆེད་ལ་འཇིག་པའི་ཡེ་ཤེས་ཏེ། ཞེས་སྨོས་ཏེ། སྐྱེ་མཆེད་ཅེས་བྱ་བའི་སྒྲ་བཤད་པ་དང་སྦྱར་ན་སྐྱེ་བའི་གནས་འབའ་ཞིག་ལ་མི་བྱའི། འདུ་བའི་གནས་ལ་ཡང་བྱ་སྟེ་འདིར་ཡང་ཆོས ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་འདུས་པས་ན། ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་གསུངས་སོ། །འཇུག་པ་ནི་རྟོགས་པ་ལ་བྱ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡེ་ཤེས་ཀྱིས་རྟོགས་ན་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། ། ་།ཆོས་ཀྱི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཡིན་མོད་ཀྱི་སྐྱེ་མཆེད་ལྟ་བའི་མཚན་ཉིད་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པ་འང། མིག་དང་ཆོས་ཀྱི་དབྱིངས་གཉིས་སྟོང་པ་ཉིད་ཀྱིས་མཚན་ཉིད་དུ་ཐ་མི་དད་པས་ནི་དེ་སྐད་ཅེས་བྱ་སྟེ། གཞན་ནི ་གོང་དུ་ཁམས་བཤད་པ་དང་འདྲ་བར་རིག་པར་བྱའོ། །ཡང་ན་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་སྟོང་པ་གང་ཡིན་པ་དེ་ཉིད་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡང་དེ་ལས་གཞན་མེད་པས་ན། ཆོས་ཀྱི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཡིན་མོད ་ཀྱི་ཞེས་བྱ་བ་སྨོས་སོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གཟུགས་གང་ཡིན་པ་དེ་ནི་སྟོང་པའོ། །སྟོང་པ་གང་ཡིན་པ་དེ་ནི་གཟུགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་མཆེད་ལ་མཁས་པའི་རྣམ་གྲངས་གཞན་ཡང་བསྟན་པར་བཞེད ་ནས། གཞན་ཡང་སྐྱེ་མཆེད་ལ་མཁས་པ་ནི་མིག་གི་སྐྱེ་མཆེད་ནི་བདག་དང་བདག་གི་སྟོང་ངོ་ཞེས་བྱ་བ་སྨོས་ཏེ། མིག་གི་སྐྱེ་མཆེད་ལ་སོགས་པས་དེ་དག་ཉིད་ཀྱང་བདག་མ་ཡིན་ལ། བདག་ཅེས་བྱ་བ་དབང་བྱེད་པ་གཞན་གྱིས་ཡང་མ་ཡིན་པས་བདག ་གི་སྟོང་བར་བྱའོ། །ཡང་ན་གང་ན་མེད་པ་དེ་ལ་ངེས་སྟོང་ཏེ། ལང་ཀར་གཤེགས་པ་ལས་ཀྱང། རི་དྭགས་དགྲའི་མའི་ཁང་བཟངས་འདི་ཕག་དང་ལུག་ལ་སོགས་པ་མེད་པས་སྟོང་ངོ་ཞེས་གསུངས་ཏེ། འདིར་ཡང་མིག་གི་སྐྱེ་མཆེད་ལ་བདག་དང་བདག་གིས ་སྐྱེད་པས་ན་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་རྣ་བ་ལ་སོགས་པའི་སྐྱེ་མཆེད་ལ་ཡང་སྦྱར་རོ། །མིག་གི་སྐྱེ་མཆེད་ལ་སོགས་པ་བདག་དང་བདག་གིས་སྟོང་བར་ཇི་ལྟར་ཁོང་དུ་ཆུད་སྙམ་པ་ལ། འཕགས་པ་བློ་གྲོས་མི་ཟད་པས་རིགས་པས་བརྟགས་ན་མིག་གི་སྐྱེ ་མཆེད་ལས་བདག་དང་བདག་གིས་སྟོང་པར་ཡང་མ་ཟད་ཀྱི་བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་སུ་ཆུད་ནས་གསུངས་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་མིག་གི་བདག་དང་བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་འདི་ནི་ཞེས་བྱ་བའི་སྒྲ་བདག་དང་བདག་གིས་ཞེས་བྱ་བའི་ཚིག་དང་སྦྱར་ཏེ། བདག་དང་བདག་གིས་སྟོང་པ་འདི་ནི་མིག་གི་སྐྱེ་མཆེད་དེའི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་གང་སྐྱེ་མཆེད་རྣམས་འབྲི་བར་མི་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ ་བཤད་པ་ལྟར་ན་མིག་གི་སྐྱེ་མཆེད་ལ་སོགས་པ་བདག་དང་བདག་གིས་སྟོང་སྟེ། རང་བཞིན་མེད་པའི་ཕྱིར་མིག་གི་སྐྱེ་མཆེད་ལ་སོགས་པའི་སྒོ་ནས་སེམས་དང་སེམས་ལས་བྱུང་བ་རྣམས་མི་སྐྱེ་བར་དགག་ཅིང་དབྲིར་མེད་ཅེས་བྱ་བའི་དོན་ཏོ། །མི་དགེ ་བའི་ཆོས་ཀྱང་མི་སོགས། དགེ་བའི་ཆོས་ཀྱང་བྲི་བར་མེད་ལ་ཞེས་བྱ་བ་ནི་སྐྱེ་མཆེད་རང་བཞིན་གྱིས་སྟོང་པས། སྐྱེ་མཆེད་ཀྱི་སྒོ་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་མི་དགེ་བའི་ཆོས་བླང་བར་ཡང་མི་བྱ་ལ། མི་དགེ་བའི་ཆོས ་རྣམས་འཕེལ་བར་མི་བྱེད་ཅེས་ཏེ། དགེ་བའི་ཆོས་རྣམས་ཀྱང་འདོར་བར་བྱེད་པ་མ་ཡིན་པས་དགེ་བའི་ཆོས་ཀྱང་བྲོ་བར་མི་བྱེད་པ་ཞེས་བྱའོ། །དེ་ལྟར་མི་དགེ་བའི་ཆོས་མི་སོགས་ལ། དགེ་བའི་ཆོས་ཀྱང་བྲི་བར་མི་བྱེད་ན་སྤོང་བ ་དང་སྤེལ་བར་གྱུར་པས་གཉིས་སུ་འདུ་ཤེས་པར་འགྱུར་རོ་སྙམ་པ་ལ། དགེ་བ་དང་མི་དགེ་བ་ལ་འདུ་ཤེས་གཉིས་སུ་མི་འགྱུར་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་རྣམ་པར་སྨིན་པ་ཆུང་མི་གསོན་པས་མི་དགེ་བ་མི་སོགས་ཤིང། དགེ་བའི་ཆོས་ཀྱང ་བྲི་བར་མི་བྱེད་མོད་ཀྱི། དོན་དམ་པར་དགེ་བ་དང་མི་དགེ་བ་གཉི་ག་རང་བཞིན་མེད་པར་རྟོགས་པས་འདི་ནི་དགེ་བ་འདི་ནི་མི་དགེ་བ་ཞེས་འདུ་ཤེས་གཉིས་སུ་མི་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །ཡང་སྐྱེ་མཆེད ་ཀྱི་རྣམ་པ་གཞན་བསྟན་པར་འདོད་ནས། གཞན་ཡང་སྐྱེ་མཆེད་ལ་མཁས་པ་ནི་མིག་གིས་སྐྱེ་མཆེད་ནི་འདོད་ཆགས་ཀྱི་གནས་དང་རྟེན་ནི་གཟུགས་ཀྱི་སྐྱེ་མཆེད་དེ་གང་མིག་གཟུགས་ལ་འདོད་ཆགས་དང་བྲལ་བར་མཐོང། འདོད་ཆགས་དང་བྲལ ་བའི་ཆོས་ཀྱང་མངོན་དུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། གཟུགས་ཁ་དོག་མཛེས་པ་དབྱིབས་དང་ལྡན་པ་མཐོང་ནས་འདོད་ཆགས་སྐྱེ་བས་ན། མིག་གི་སྐྱེ་མཆེད་ཀྱི་འདོད ་ཆགས་ཀྱི་གནས་དང། རྟེན་ནི་གཟུགས་ཀྱི་སྐྱེ་མཆེད་དོ། །མིག་གི་གཟུགས་མཐོང་ནས་གཟུགས་ལ་འདོད་ཆགས་ལ་སོགས་པ་སྐྱེ་བར་འདོད་ཆགས་ཀྱི་རྒྱུ་ནང་གི་དངོས་པོ་དང། ཕྱིའི་དངོས་པོ་རྣམས་ངོ་བོ་ཉིད་ཀྱི་མེད་པས་གཟུགས་ལ་འདོད་ཆགས་དང ་བྲལ་དུ་ཟིན་ཀྱང། འདོད་ཆགས་དང་བྲལ་བའི་ཆོས་ཞི་བ་ཕྱོགས་གཅིག་པ་ཡང་མངོན་དུ་མི་ལེན་ལ་གཟུགས་ལ་སོགས་པ་འཁོར་བའི་ཆོས་ཀྱང་མི་སྤོང་བ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱེ་མཆེད་ལ་མཁས་པའོ་ཞེས་བྱ་བའི་དོན་ཏོ། །སྒྲ་ལ་སོགས་པ ་ལ་ཡང་ཅི་རིགས་པར་སྦྱར་རོ། །སྐྱེ་མཆེད་ཀྱི་དོན་རྒྱས་པར་བཤད་པ་བསྡུས་ཏེ་བསྟན་པའི་ཕྱིར་འཕགས་པའི་སྐྱེ་མཆེད་དང། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ་ཞེས་བྱ་བ་སྨོས་ཏེ། མདོར་ན་སྐྱེ་མཆེད་ནི་རྣམ་པ་གཉིས་ཏེ། འཕགས་པའི་སྐྱེ་མཆེད་དང། འཕགས་པ་མ ་ཡིན་པའི་སྐྱེ་མཆེད་དོ། །དེ་ལ་ཉོན་མོངས་པ་རྣམས་ལས་རིང་དུ་སོང་ཞིང་ཉོན་མོངས་སྤངས་པ་ནི་འཕགས་པ་སྟེ། དེ་རྣམས་སྐྱེ་ཞིང་འབྱུང་བའི་སྒོ་ལ་འཕག་པའི་སྐྱེ་མཆེད་ཅེས་བྱའོ། །དེ་བས་ན་མདོ་ལས་ཀྱང། འཕགས་པ་གང་ཞེ་ན་གང་འདོད་ཆགས་མ་ལུས ་པར་སྤངས་པ་དང། ཞེ་སྡང་མ་ལུས་པར་སྤངས་པ་དང། གཏི་མུག་མ་ལུས་པར་སྤངས་པའོ་ཞེས་གསུངས་སོ། །གང་ཉོན་མོངས་པ་རྣམས་མ་སྤངས་པ་ནི་འཕགས་པ་མ་ཡིན་པ་སྟེ། དེ་དག་སྐྱེ་ཞིང་འབྱུང་བའི་སྒོ་ལ་འཕགས་པ་མ་ཡིན་པའི་སྐྱེ་མཆེད་ཅེས་བྱའོ། ་དེ་བས་ན་མདོ་ལས་སོ་སོའི་སྐྱེ་བོ་གང་ཞེ་ན་གང་འཕགས་པའི་ཆོས་རྣམས་མ་ཐོབ་པ་སྟེ། ཉེ་བར་བསམས་པ་སེམས་པ་དང། ཉེས་པར་བྱ་བའི་ལས་བྱེད་པ་དང། ཉེས་པར་སྨྲ་བ་བརྗོད་པའོ་ཞེས་གསུངས་སོ། །དེ་ལ་འཕགས་པ་རྣམས་སྐྱེ་ཞིང་འབྱུང་བའི་སྒོ་གང་ཡིན་པ་བསྟན ་པའི་ཕྱིར་རོ། །འཕགས་པའི་སྐྱེ་མཆེད་ནི?་གང་ལ་ཡང་དག་པ་སྒྲུབ་པའོ་ཞེས་བྱ་བ་སྨོས་ཏེ། དགེ་བའི་གཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་ཉན་པ་དང། མཉན་པ་རྣམས་གཏན་ལ་འབེབས་ཅིང་སེམས་པ་དང། བསམས་པ་རྣམས་ཞི་གནས་ལྷག་མཐོང་གི་སྒོ་ནས ་བརྟེན་ཏེ། དང་པོ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པ་དང། དེ་ནས་དྲོ་བར་གྱུར་པའི་དུས་ན་ཡང་དག་པར་སྤོང་བ་བཞི་བསྒོམ་པ་དང། དེ་ནས་སྤྱི་བོའི་ཚེ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་དང། དེ་ནས་བཟོད་པའི་དུས་ན་དབང་པོ་ལྔ་སྒོམ་པ་དང། དེ་ནས་འཇིག ་རྟེན་པའི་ཆོས་ཀྱི་མཆོག་གི་དུས་ན་སྟོབས་ལ་སྒོམ་པ་དང། དེ་ནས་མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་དང། དེ་ནས་བསྒོམ་པའི་ལམ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ནི་ལམ་སྒྲུབ་པ་ཞེས་བྱ་སྟེ། ལམ་བསྒྲུབ་པ་ལས ་འཕགས་པའི་རྣམས་སྐྱེ་ཞིང་འབྱུང་བས་ན་ལམ་སྒྲུབ་པ་ནི་འཕགས་པའི་སྐྱེ་མཆེད་དོ། །འཕགས་པ་མ་ཡིན་པའི་སྐྱེ་ཞིང་འབྱུང་བའི་སྒོ་བརྟན་པའི་ཕྱིར། འཕགས་པ་མ་ཡིན་པའི་སྐྱེ་མཆེད་ནི་གང་ལམ་དང་མི་མཐུན་པའོ་ཞེས་གསུངས ་ཏེ། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་པ་དང། བསམ་པ་འམ། སྒོམ་པ་ལ་མི་འཇུག་པ་ནི་ལམ་མི་མཐུན་པ་ཞེས་བྱ་བ་འམ། ཡང་ན་ཞི་གནས་དང་ལྷག་མཐོང་ཕྱིན་ཅི་ལོག་ཏུ་སྒོམ་པ་རྣམས་འཕགས་པའི་འགྱུར་བ་མེད་པས་ན། འཕགས ་པ་མ་ཡིན་པའི་སྐྱེ་མཆེད་ཅེས་བྱའོ། །ཡང་ན་སེམས་ཅན་རྣམ་པ་བཅུ་ནི་ལམ་དང་མི་མཐུན་པ་སྟེ། བཅུ་གང་ཞེ་ན། རབ་ཏུ་འབར་བའི་སེམས་ཅན་དང། དགྲའི་དབང་དུ་སོང་བའི་སེམས་ཅན་དང། སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་དང། མུན་པས ་སྒྲིབས་པའི་སེམས་ཅན་དང། ལམ་ངན་པར་ཞུགས་པའི་སེམས་ཅན་དང། འཆིང་བ་ཆེན་པོ་དང་ལྡན་པའི་སེམས་ཅན་དང། ཟས་མཆོག་དུག་དང་འདྲེས་པ་ལ་ཞེན་པའི་སེམས་ཅན་དང། ལམ་རབ་ཏུ་སྟོར་བའི་སེམས་ཅན་དང། ལམ་ལོག་པར་ཞུགས ་པའི་སེམས་ཅན་དང། ཉམ་ཆུང་བའི་སེམས་ཅན་ནོ། །དེ་ལ་རབ་ཏུ་འབར་བའི་སེམས་ཅན་ནི་གང་འདོད་པའི་བདེ་བ་ལ་ཆགས་པ་རྣམས་སོ། །དགྲའི་དབང་དུ་སོང་བའི་སེམས་ཅན་ནི་དགེ་བ་ལ་ཞུགས་པ་བདུད་ཀྱིས་བར་ཆད་བྱས་ནས་དགེ?་བ་བཏང་བ ་རྣམས་སོ། །སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་ནི་གང་སེམས་ཅན་དམྱལ་བ་རྣམས་སོ། །མུན་པར་སྒྲིབས་པ་ནི་རྔོན་པ་ལ་སོགས་པ་ལོག་པར་སྤྱོད་པ་ལ་ཤིན་ཏུ་ཞུགས་པ་རྣམས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་མྱོས་པའི་ཕྱིར་རོ། །ལམ་ངན་པར ་ཞུགས་པའི་སེམས་ཅན་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན་རྣམས་ཏེ། འཁོར་བའི་ལམ་རྒྱུན་མི་འཆད་པའི་ཕྱིར་རོ། །འཆིང་བ་ཆེན་པོ་དང་ལྡན་པའི་སེམས་ཅན་ནི་ལྟ་བ་སྣ་ཚོགས་ཀྱི་བཅིང་བ་དམ་པོས་བཅིང་པའི་མུ་སྟེགས་ཅན་ཐབ ་པའི་ལམ་ལོག་པར་ཞུགས་པ་རྣམས་སོ། །ཟས་མཆོག་དུག་དང་འདྲེས་པ་ལ་ཞེན་པའི་སེམས་ཅན་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་ཏེ། ཇི་ལྟར་ཁ་ཟས་ཞིམ་པོ་དུག་དང་འདྲེས་པ་འཕྲལ་དུ་བདེ་བ་ཡང་འཆིང་བའི་རྒྱུར་འགྱུར་བ་དེ་བཞིན་དུ ་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་ཡང་ཕྱིས་དེ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །ལམ་སྟོར་བའི་སེམས་ཅན་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ། ཐར་བའི་ལམ་ནོར་བའི་ཕྱིར་རོ། །ལམ་ལོག་པར་ཞུགས་པའི་སེམས་ཅན་ནི་མ་ངེས་པའི་རིགས་ཅན་རྣམས ་ཐེག་པ་ཆུང་ངུའི་ལམ་དུ་ཞུགས་པའོ། །ཉམ་ཆུང་པའི་སེམས་ཅན་ཚོགས་གཉིས་རྫོགས་པར་མི་ཏུབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ནི་ལམ་དང་མཐུན་པ་ཞེས་བྱའོ། །ལམ་དང་མཐུན་པས་ན་དེ་དག་ལ་འཕྲལ་དུ་འཕགས་པར་འགྱུར ་བ་མེད་པའི་ཕྱིར་འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ལམ་ལ་གནས་ནས་ཞེས་བྱ་བ་ནི་གོང་དུ་བཤད་པའི་ལམ་དེ་ལ་གནས་པའོ། །ལམ་དང་མི་མཐུན་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་ཞེས་བྱ ་བ་ལ། ལན་དང་མི་མཐུན་པ་ལ་གནས་པའི་སེམས་ཅན་བཅུ་པོ་རྣམས་ཏེ། སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །ལམ་གྱི་སྐྱེ་མཆེད་ཀྱང་མི་འདོར་བ་ཞེས་བྱ་བ་ནི་ལམ་གྱི་སྐྱེ་མཆེད་ལས་ཉམས་པར་ཡང་མི་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། དེ ་ལྟར་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །སྐྱེ་མཆེད་ལ་མཁས་པ་བཤད་པའི་འོག་ཏུ་བདེན་པ་ལ་མཁས་པ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས ་པ་གང་ཞེ་ན། དེ་ལ་ཞེས་བྱ་བའི་དོན་ནི་སྔར་བཤད་པ་བཞིན་ནོ། །གང་དེ་བཞིན་གཤེགས་པས་གསུངས་ཤིང་བཤད་པ་རྣམས་ཕྱིན་ཅི་མ་ལོག་པ་མ་ནོར་བར། དེ་ཁོ་ན་ཉིད་མི་སླུ་བ་ཡིན་པས་ན་བདེན་པ་ཞེས་བྱའོ། །བདེན་པ་དེ་ལ་མཁས་པ་ནི་བདེན་པ་ལ ་མཁས་པ་སྟེ། བདེན་པའི་རང་བཞིན་དང། མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །འཇུག་པ་བཞི་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས་པ་ཡིན་ཏེ་ཞེས་བྱ་བ་ལ་རྟོགས་པ་བཞི་འམ། ཤེས་པ་བཞི ་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས་པ་ཞེས་བྱ་སྟེ། འཕགས་པའི་བདེན་པ་བཞི་རྟོགས་པ་ལ་བྱར་དགོངས། །བསྟན་པ་དང་བཤད་པའི་ཚུལ་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇུག་བཞི་གང་ཞེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས ་པ་བཞི་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།གང་འདི་སྡུག་བསྔལ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་ཚུལ་བཤད་དོ། །དེ་ལ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཚུལ་བསྟན་ཏོ། །ཅིའི་ཕྱིར་འཕགས ་བའི་བདེན་པ་བཞི་བཤད་ཅེ་ན། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཕྱོགས་ཀྱི་འབྲས་བུ་དང། རྒྱུ་མདོར་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་འཕགས་པའི་བདེན་པ་བཞི་བཤད་དོ། །དེ་ལ་ཀུན་ནས་ཉོན་མོངས་པའི་འབྲས་བུ་མདོར་ཕྱིན་ཅི་མ ་ལོག་པ་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་མདོར་ཕྱིན་ཅི་མ་ལོག་པ་བསྟན་པ་ནི་ཀུན་འབྱུང་བའི་བདེན་པའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་འབྲས་བུ་མདོར་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་འགོག་པའི་བདེན ་པའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུ་མདོར་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་ལམ་གྱི་བདེན་པའོ། །ཡང་ན་ནད་དང་ནད་ཀྱི་གཞི་དང་ནད་མེད་པ་དང། སྨན་ལྟ་བུར་བསྟན་པའི་ཕྱིར་བདེན་པ་བཞི་ཉིད་དུ་བཤད་དེ། མི་མང་མི་ཉུང་ཞེས་བྱ་བར་སྦྱར་རོ། །དེ་ལ ་ནད་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །ནད་ཀྱི་གཞི་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ། །ནད་མེད་པ་ལྟ་བུ་ནི་འགོག་པའི་བདེན་པའོ། །སྨན་ལྟ་བུ་ནི་ལམ་གྱི་བདེན་པའོ། །ཡང་ན་མེ་དང་ཤིང་དང། མེ་ཞི་བ་དང་མེ་འགོག་པའི་རྒྱུ་ལྟ་བུ་ཡིན་པས་འཕགས ་པའི་བདེན་པ་བསྟན་ཏེ། མེ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། མེའི་གདུང་བ་དང་འདྲ་བར་སྡུག་བསྔལ་གྱི་གདུང་བ་དང་ལྡན་པའི་ཕྱིར་རོ། །ཤིང་ལྟ་བུ་ནི་ཀུན་འབྱུང་བའི་བདེན་པ་སྟེ། ཤིང་མེ་སྐྱེ་བའི་རྒྱུ་བྱེད་པ་བཞིན་དུ་ཀུན་འབྱུང་བ་ཡང་སྡུག་བསྔལ་སྐྱེད་པའི ་རྒྱུ་བྱེད་བའི་ཕྱིར་རོ། །མེ་ཞི་བ་ལྟ་བུ་ནི་འགོག་པའི་བདེན་པ་སྟེ། མེའི་གདུང་བ་ཞི་བ་དང་འདྲ་བར་སྡུག་བསྔལ་གྱི་གདུང་བ་ཞི་བའི་ཕྱིར་རོ། །མེ་ཞི་བའི་རྒྱུ་ལྟ་བུ་ནི་ལམ་གྱིས་བདེན་པ་སྟེ། འགོག་པ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཡང་ན་བུ་ལོན་དང། ་དབུལ་བ་དང་བུ་ལོན་སྦྱངས་པ་དང་གཏེར་ལྟ་བུ་ཡིན་པས་བདེན་པ་བཞིའོ། །བུ་ལོན་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། རྟག་ཏུ་ཡིད་མི་བདེ་བའི་གདུང་བ་དང་ལྡན་པས་སོ། །དབུལ་བ་ལྟ་བུ་ནི་ཀུན་འབྱུང་བའི་བདེན་པ་སྟེ། དབུལ་བའི་རྒྱུས་བུ་ལོན་ཆགས་པ་དང ་འདྲ་བར་ཀུན་འབྱུང་བའི་རྒྱུ་སྡུག་བསྔལ་སྐྱེད་པའི་ཕྱིར་རོ། །བུ་ལོན་སྦྱངས་བ་ལྟ་བུ་ནི་འགོག་པའི་བདེན་པ་སྟེ། བུ་ལོན་སྦྱངས་ན་བུ་ལོན་གྱི་མི་བདེ་བ་མེད་པ་བཞིན་དུ་སྡུག་བསྔལ་རྣམས་མེད་པའི་ཕྱིར་རོ། །གཏེར་ལྟ་བུ་ནི་ལམ་གྱི་བདེན་པ་སྟེ། གཏེར ་བུ་ལོན་སྦྱོར་བའི་རྒྱུར་གྱུར་པ་དང་འདྲ་བར་ལམ་ནི་འགོག་པ་འཐོབ་པའི་རྒྱུར་གྱུར་བའི་ཕྱིར་རོ། །སྡུག་བསྔལ་ཤེས་པ་གང་ཡིན་པ་བསྟན་པའི་ཕྱིར་དེ་ལ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི་གང་ཕུང་པོ་རྣམས་མི་སྐྱེ་བར་ཤེས་པའི་ཞེས་བྱ་བ་གསུངས་ཏེ། ་སྤུངས་ཤིང་ཚོགས་སུ་གྱུར་པའི་ཕྱིར་ཕུང་པོ་སྟེ། དེའང་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོའོ། །ཕུང་པོ་དེ་དག་སྒྱུ་མ་དང་གཟུགས་བརྙན་ཙམ་དུ་སྣང་མོད་ཀྱི། ངོ་བོ་ཉིད་ཀྱི་སྐྱེ་བ་མེད་པས་ནི་མི་སྐྱེ་བའོ། །འདི་ལྟར ་ཕུང་པོ་ལྔ་རྣམས་ལས་འཕགས་པ་ཉན་ཐོས་དག་སྡུག་བསྔལ་བ་དང་མི་རྟག་པ་ལ་སོགས་པར་རྟོགས་པ་ནི་མ་ཡིན་གྱིས། ཐོག་མ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་ན་སྡུག་བསྔལ་ཤེས་པ་སྟེ། ཀུན་འབྱུང་བ་ཤེས་པ་བསྟན་པའི་ཕྱིར་གང་སྲིད་པ་ལ་ལོགས་པར ་འཇོམ་པའི་ཤེས་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སྲིད་པ་གང་ཞེན་གང་མདོ་ལས་བཅོམ་ལྡན་འདས་ཀྱིས། ཡང་སྲིད་པ་འབྱུང་བར་བྱེད་པ་དང། དགའ་བའི་འདོད་ཆགས་དང་ལྡན་པ་དང། དེ་ནག་དེ་དག་ལ་མངོན་པར ་དགའ་བའི་སྲིད་པའོ་ཞེས་གསུངས་པའོ། །དེ་ལ་སྲིད་པ་ནི་སྒོ་གསུམ་གྱིས་ཞུགས་པ་ཡིན་ཏེ། ཡང་འབྱུང་བའི་སྲིད་པ་འདོད་པ་དང་ཡུལ་འདོད་པའོ། །དེ་ལ་ཡང་བྱུང་བའི་སྲིད་པ་འདོད་པ་འདི་ཡང་སྲིད་པ་འདོད་པ་འབྱུང་བ་བྱེད་པ་ཡིན་ནོ། །ཡུལ་འདོད ་བ་ནི་རྣམ་པ་གཉིས་ཏེ། ཡུལ་འཐོབ་པ་རྣམས་ལ་ཡིད་བདེ་ཞིང་ལྷག་པར་ཚིགས་པ་དང་ལྡན་པ་དང་ཡུལ་མ་ཐོབ་པ་རྣམས་ལ་ཀུན་ཏུ་སྦྱོར་བར་འདོད་པ་དང་ལྡན་པའོ། །དེ་ལ་ཡུལ་ཐོབ་པ་རྣམས་ཡིད་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་གང་ཡིན་པ ་དེ་ནི་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །ཡུལ་མ་ཐོབ་པ་རྣམས་ལ་ཀུན་ཏུ་སྦྱོར?་པ་འདོད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དག་ལ་མངོན་པར་དགའ་བ་ཞེས་བྱའོ། །ལེགས་པར་འཇོམས་པའི་ཤེས་པ་ནི་སྲིད་པ་དེ་དག་མ་ལུས་པར་སྤངས ་པའི་ཐབས་ཤེས་པ་སྟེ། འཇོམས་པ་བྱ་བ་ནི་སྤོང་བའི་དོན་ཏོ། །ཉན་ཐོས་དག་ལྟར་ཀུན་འབྱུང་བའི་བདེན་པ་ལ་རྒྱུ་དང་རྐྱེན་ལ་སོགས་པར་རྟོག་པ་ནི་མ་ཡིན་གྱི། སྡུག་བསྔལ་གྱི་ཕུང་པོ་འབྱུང་པོའི་རྒྱུ་འདོད་ཆགས་ཀྱི་རང་བཞིན་སྲིད་པ་ཞེས་བྱ་བ་རབ་ཏུ ་སྤང་པའི་ཐབས་ཤེས་པ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །འགོག་པ་ཤེས་པ་བསྟན་པའི་ཕྱིར་འགོག་པ་ཞེས་བྱ་བ་ནི་མ་རིག་པ་དང་བག་ལ་ཉལ་རྣམས་མི་འབྱུང་བའོ་ཞེས་གསུངས་ཏེ། དེ་ཡང་མ་རིགས་པ་མི་འབྱུང་བ་དང། བག་ལ་ཉལ་རྣམས་མི ་འབྱུང་བའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མ་རིག་པ་ནི་དེ་ཁོ་ན་ལ་ཀུན་ཏུ་གཏི་མུག་པ་སྟེ། མ་རིག་པ་མ་ལུས་པར་སྤངས་ནས་བྱིས་དེའི་རྒྱུད་ལ་མི་སྐྱེ་བར་འགྱུར་བ་ནི?་མ་རིག་པ་མི་འབྱུང་བའོ། །བག་ལ་ཉལ་གྱི་སྒྲས་འདོད་ཆགས་ལ་སོགས་ཉོན་མོངས་པ་གཞན ་གྱི་བག་ལ་ཉལ་ལ་བྱ་སྟེ། དེ་དག་མ་ལུས་པར་སྤངས་ནས་ཕྱིས་དེའི་རྒྱུད་ལ་མི་སྐྱེ་བ་ནི་བག་ལ་ཉལ་རྣམས་མི་འབྱུང་བའོ། །བག་ལ་ཉལ་སྨོས་པས་མ་རིག་པ་ཡང་སྨྲས་པ་ཡིན་མོད་ཀྱི། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་འགྱུར་བའི་རྒྱུ་སྟེ། ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་མིང་གིས་བཀར་ཏེ་སྨོས་ཏེ། ཡང་ན་མ་རིག་པ་བག་ལ་ཉལ་བས་ན་མ་རིག་པས་བག་ལ་ཉལ་ཏེ། མ་རིག་པ་ལ་སོགས་པའི་བག་ལ་ཉལ་རྣམས་ཐོག་མ་ནས་མ་སྐྱེས་པས་མཛའ་འགག་པ་ཡང་མེད་པ་ནི་མ་རིག་པ་དང ་བག་ལ་ཉལ་རྣམས་མི་འབྱུང་བ་ཞེས་བྱའོ། །འགོག་པའི་བདེན་པ་ལ་འཕགས་པ་ཉན་ཐོས་དག་ལྟར་ཞི་བ་དང་གྱ་ནོམ་པ་ལ་སོགས་པ་རྟོག་པ་ནི་མ་ཡིན་གྱི་མ་རིག་པ་ལ་སོགས་པ་བག་ལ་ཉལ་རྣམས་ཐོག་མ་ནས་མ་སྐྱེས་པས་མཛའ་འགག་པ་ཡང་མེད ་པར་ཤེས་པ་ནི་འགོག་པ་ཞེས་བྱའོ། །ལམ་ཤེས་པ་བསྟན་པའི་ཕྱིར། ལམ་ཤེས་བ་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པ་སྟེ་ཞེས་བྱ་བ་སྨོས་ཏེ། ལམ་གྱི་བདེན་པ་ལ་ཡང་འཕགས་པ་ཉན་ཐོས་པ་དག་ལྟར་ཉོན་མོངས ་པའི་ཕྱོགས་སྤོང་བ་དང། རྣམ་པར་བྱང་བའི་ཕྱོགས་སྒྲུབ་པར་རྟོག་པ་ནི་མ་ཡིན་གྱི། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉི་ག་ཡང་མཉམ་པ་ཉིད་དུ་རྟོག་པས་དེ་གཉིས་ལ་སྒྲོ་འདོགས་པ་མེད་པ་ནི་ལམ་ཤེས་པར་ཞེས་བྱའོ། །ཡང་ན་ཆོས་ཐམས་ཅད? ་ནི་ནམ་མཁའ་དང་འདྲ་བར་རོ་གཅིག་པར་མཉམ་པ་ཉིད་དུ་གྱུར་པའོ། །མཉམ་པ་ཉིད་དུ་གྱུར་པར་ཆོས་དེ་དག་ལས་སྤང་པ་དང། བླང་པ་དང་རྟག་པ་དང་མི་རྟག་པ་དང་ཡོད་པ་དང་མེད་པ་དང་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པར་འདོགས་པ་ནི་ལམ་ཤེས་པའོ།། ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་བཤེས་པའོ་ཞེས་བྱ་བ་ལ་བདེན་པ་བཞི་པོ་གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ཤེས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བདེན་པ་ཤེས་པ་དེ་དག་ཀྱང་ཤེས་རབ་དང་ཐབས ་ཀྱིས་ཡོངས་སུ་ཟིན་པ་ཡིན་པར་བསྟན་པའི་ཕྱིར་དེ་ལ་བྱང་ཆུབ་སེམས་དཔའ་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་དེ་ལྟ་བུར་ཤེས་རབ་དང་ཡེ་ཤེས་ཀྱིས་རབ་ཏུ་ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པར ་འགྱུར་བའི་བདེན་པ་ཡིན་པས་ན་འཕགས་པའི་བདེན་པ་འམ། འཕགས་པ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱི་བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བཞིན་དུ་མི་ཤེས་མི ་མཐོང་བས་ན། དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །ཡང་ན་འཕགས་པ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བཤད་པའི་བདེན་པ་ཡིན་པས་ན་འཕགས་པའི་བདེན་པ་སྟེ། འཕགས་པ་མ་ཡིན་པས་བཤད་པ་རྣམས ་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱི་འཆད་པ་དང། བཅོམ་ལྡན་འདས་ཀྱིས་བསྟན་པ་འཛིན་པ་དང། འཕགས་པར་འགྱུར་བའི་རྒྱུ་བྱེད་པས་ན་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལྟ་བུར་ཞེས་བྱ་བ་ནི་གོང་དུ་བསྟན་པ་ལྟ ་བུར་རོ། །རང་གི་མཚན་ཉིད་རྟོགས་པ་ནི་ཤེས་རབ་ཡིན་ལ་སྤྱིའི་མཚན་ཉིད་རྟོགས་པ་ནི་ཡེ་ཤེས་སོ། །ཡང་ན་སྐབས་འདིར་ཤེས་རབ་བཤད་པས་ཤེས་རབ་ཉིད་གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་སྟོང་པར་རྟོགས་པ་ལ་ཡེ་ཤེས་ཞེས་བྱ་སྟེ། འདི་ནི ་ཤེས་རབ་ཀྱིས་ཟིན་པ་བསྟན་ཏོ། །སེམས་ཅན་ལ་ལྟ་བའི་ཕྱིར་མངོན་སུམ་དུ་མི་བྱེད་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ནི་དེ་ལྟར་བདེན་པ་བཞི་རྟོགས་ཀྱང་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་གྱི་ཕྱིར་ཉན་ཐོས་བཞིན་དུ་ཞི་བ ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་ཅིང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་སྨིན་པར་ཡང་བྱེད་དོ། །འདིས་ནི་ཐབས་ཀྱིས་ཟིན་པར་བསྟན་ཏོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས་པའོ་ཞེས་བྱ ་པ་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གོང་དུ་བཤད་པ་ལྟ་བུར་བདེན་པ་བཞི་པོ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས་པའོ། །བདེན་པའི་མཚན་ཉིད་གཞན་ཡང་བསྟན་པའི་བཞེད་ནས་གཞན་ཡང་བྱང་ཆུབ་སེམས ་དཔའ་ཨི་བདེན་པ་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་གོང་དུ་བདེན་པ་བཞི་བཤད་པ་ཙམ་དུ་ཡང་མ་ཟད་ཀྱི། བདེན་པ་རྣམ་པ་གསུམ་ཡང་ཡོད་དེ་ཞེས་བྱ་བར་དགོངས་པའོ། །འདིར་ཡང་བསྟན་པ་དང་བཤད ་པའི་ཚུལ་དུ་རིག་པར་བྱ་སྟེ། གང་འདི་ཀུན་རྫོབ་ཀྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའི་ཚུལ་ལོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའི་ཚུལ་ལོ། །ཀུན་རྫོབ་ཉིད་བདེན་པ་ཡིན་པས་ཀུན་རྫོབ་ཀྱི ་བདེན་པ་སྟེ། སྒྱུ་མ་དང་སྨིག་རྒྱུ་ཙམ་དུ་ཇི་ལྟར་སྣང་བ་རྣམས་དེ་བཞིན་དུ་བྱ་བ་བྱེད་པའི་ཕྱིར་རོ། །དོན་དམ་པ་ཉིད་བདེན་པ་ཡིན་པས་དོན་དམ་པའི་བདེན་པ་སྟེ། མི་བསླུ་བའི་བདག་ཉིད་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །མཚན་ཉིད་བདེན་པ་ཡིན་པས་ན ་མཚན་ཉིད་ཀྱི་བདེན་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པར་མནོར་བའི་ཕྱིར་རོ། །ཅིའི་ཕྱིར་བདེན་པ་རྣམ་གསུམ་བཤད་ཅེ་ན། སེམས་ཅན་རྣམ་པ་གསུམ་གྱི་དོན་དུ་དགོངས་ནས་བདེན་པ་རྣམ་གསུམ་བཤད་དེ། སེམས་ཅན་རྣམ་པ་གསུམ་ནི་ཡོངས་སུ་མ ་སྨིན་པའི་སེམས་ཅན་དང། ཡོངས་སུ་སྨིན་པའི་སེམས་ཅན་དང། ཆོས་ཉིད་ཟབ་མོ་ལ་ཀུན་ཏུ་མགོ་རྨོངས་པའི་སེམས་ཅན་ནོ། །དེ་ལ་ཡོངས་སུ་མ་སྨིན་པའི་སེམས་ཅན་གྱི་དོན་དུ་ཀུན་རྫོབ་ཀྱི་བདེན་པ་བསྟན་ཏོ། །ཡོངས་སུ་སྨིན་པའི་སེམས་ཅན་གྱི་དོན་དུ་དོན་དམ ་པའི་བདེན་པ་བསྟན་ཏོ། །ཆོས་ཉིད་ཟབ་མོ་ལ་ཀུན་ཏུ་མགོ་རྨོངས་པའི་སེམས་ཅན་གྱི་དོན་དུ་མཚན་ཉིད་ཀྱི་བདེན་པ་བསྟན་ཏོ། །དེ་བས་ན་འཕགས་པས་བཅུ་པའི་མདོ་ལས་ཀྱང། སེམས་ཅན་གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད ་བས་ཀུན་རྫོབ་ཀྱི་བདེན་པ་རབ་ཏུ་ཤེས་སོ། །བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །རང་དང་སྤྱིའི་མཚན་ཉིད་རྟོག་པས་མཚན་ཉིད་ཀྱི་བདེན་པ་རབ་ཏུ་ཤེས་སོ་ཞེས་སུ ་གསུངས་སོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་བཤད་པར་བཞེད་ནས། འཇིག་རྟེན་གྱི་ཐ་སྙད་དང་ཡི་གེ་དང་སྒྲ་དང་བརྔས་བསྟན་པ་ཇི་སྙེད་པ་ཞེས་གསུངས་ཏེ། ཇི་སྙེད་པ་ཞེས་བྱ་བའི་སྒྲ་ཐམས་ཅད་དང་སྦྱར་ཏེ། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང ་ཡི་གེས་བསྟན་པ་ཇི་སྙེད་པ་དང། སྒྲས་བསྟན་པ་ཇི་སྙེད་པ་དང། བརྔས་བསྟན་པ་ཇི་སྙེད་པ་ཞེས་བྱ་བར་སྦྱར་རོ། །ཇི་སྙེད་ཀྱི་སྒྲ་ནི་ཇི་ཙམ་ཡོད་པའི་དོན་དུ་དྲངས་ཏེ། འཇིག་རྟེན་གྱི་ཐ་སྙད་ཇི་ཙམ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་འཇིག ་རྟེན་གྱི་ཐ་སྙད་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པ་སྟེ། ཡི་གེ་ནི་ཨ་དང་ཀ་ལ་སོགས་པ་གསུང་རབ་ཀྱི་ལུང་དང་འབྲེལ་བ་རྣམས་སོ། །སྒྲ་ནི་གསུང་རབ་ཀྱི་ལུང་དང་འབྲེལ་བ་འདུ་བྱེད་མི་རྟག་ཅེས་བྱ་བ་ལ་སོགས་པའི་ཚིག་གི་རྐང་པ ་རྣམས་སོ། །བརྔ་ནི་དོན་སྟོན་པར་ནུས་ཤིང་ཁོང་དུ་ཆུད་པར་ནུས་པའི་ཚིག་གི་རྣམས་སོ། །ཇི་སྙེད་ཅེས་བྱ་བའི་ཚིག་གི་ལུང་འབའ་ཞིག་གི་མ་ཡིན་གྱི། འཇིག་རྟེན་གྱི་ཡི་གེ་དང་སྒྲ་ལ་སོགས་པ་ཅི་ཙམ་ཡོད་པ་རྣམས་ཀྱང་སྡུད་དེ། དེ་ཡང་ཡིད་ཀྱི་དང ་དག་གི་སྒོ་ནས་སྟོན་པ་རྣམ་པ་གཉིས་སོ། །དེ་ལ་ཡིད་ཀྱི་སྟོན་པ་ནི་ཇི་ལྟར་བརྒྱ་བྱིན་ལ་ཡིད་ཀྱིས་ཆོས་མངོན་པར་བཤད་པ་དང། དེ་དག་གིས་ཀྱང་རང་གི་ཐེ་ཚོམ་ཡིད་ལ་བཏགས་པ་དང་ལན་ཀྱང་ཡིད་ཀྱི་ཚིགས་སུ་བཅད་པས་བླ་ན་ནོ་མདོ་དེ ་དང་དེ་དག་ལས་འབྱུང་བ་ལྟ་བུའོ། །དག་གིས་བསྟན་པ་ནི་ཚིག་གི་རིག་བྱེད་རྣམ་པ་སྣ་ཚོགས་ཉན་པའི་གང་ཟག་རྣམས་ཀྱི་རྣ་བར་སོང་བ་རྣམས་སོ་དེ་དག་གིས་ནི་མདོར་ན་འདི་སྐད་དུ། གདུལ་བར་བྱ་བའི་སེམས་ཅན་རྣམས་ཀྱི་དབང་དུ་ཇི་ཙམ་དུ ་ཐ་སྙད་བརྗོད་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བསྟན་ཏེ། འདི་ལྟར་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ་གཟུགས ་སུ་འང་འདོགས་ལ། དོན་དམ་པར་ན་གཟུགས་སུ་འང་མི་དམིགས་ཤིང་མི་འཆགས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པར་ཀྱང་འདོགས་ལ། དོན་དམ་པར་ན་རྣམ་པར་ཤེས་པར་ཀྱང་མི་དམིགས་ཤིང་མངོན་པར ་མི་ཆགས་སོ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་སུ་འང་འདོགས་ལ། དོན་དམ་པར་ན་སངས་རྒྱས་ཀྱི་ཆོས་སུ་ཡང་མི་དམིགས་ཤིང་མངོན་པར་མི་འཆགས་སོ། །བྱང་ཆུབ་ཏུ་འང་འདོགས་ལ་བྱང་ཆུབ་སེམས་དཔར་ཡང་མི་དམིགས་ཤིང་དེ་ལ་མངོན ་པར་མི་འཆགས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་མིང་དང་འདོགས་པ་དང། ཐ་སྙད་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། ཀུན་རྫོབ་ཀྱི་ཆོས་རྣམས་ལ་དོན་དམ་པ་མེད་ཀྱི། ཀུན་རྫོབ་ཀྱི་ཆོས་མེད་པར་ཡང་དོན་དམ་པ་བསྟན་མི་ནུས་ཞེས་གསུངས་སོ། །དེ་ལས་ཟློག ་བ་ནི་དོན་དམ་པ་བ་སྟེ། དེ་བསྟན་པར་བཞེད་ནས། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་པ་སྟེ། ཡི་གེ་ལྟ་ཅི་སྨོས་ཞེས་བྱ་བ་གསུངས་སོ། །དོན་དམ་པ་ནི་སྐྱེ་བ་དང་མི་སྐྱེ་བ་དང་བསམ་དུ་མེད་པ་དང་རྟག་པ་དང་མི་རྟག་པ་དང་བརྗོད་དུ་ཡོད ་པ་དང་བརྗོད་དུ་མེད་པ་དང། འགོག་པ་དང་མི་འགོག་པ་དང་ཤེས་པར་རླང་བ་དང་ཤེས་པར་མི་རླང་བ་དང་རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་པས་སེམས་ཀྱི་རྒྱུ་བ་མེད་པ་ཞེས་བྱ་སྟེ། སེམས་དཔའ་ ་སེམས་ལས་བྱུང་བའི་སྤྱོད་ཡུལ་ལས་འདས་ཏེ། དོན་དམ་པ་དང་དེ་རིག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཕྱིར་སེམས་ཀྱི་ཡུལ་དུ་ཡང་མི་འགྱུར་ན། ཡི་གེ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་རིགས་ཀྱི་བུ ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། མི་སྐྱེ་བའི་ཆོས་ཉིད་དང་ལྡན་པ་རྣམས་ཡིན། མི་དགག་པའི་ཆོས་ཉིད་དང་མི་འཇིག་པའི་ཆོས་ཉིད་དང ་མི་ལེན་མི་འདོར་བའི་ཆོས་ཉིད་དང། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཆོས་ཉིད་དང་སྨྲར་མེད་པའི་ཆོས་ཉིད་དང་སྤྲོས་པ་མེད་པའི་ཆོས་ཉིད་དང། བརྗོད་དུ་མེད་པའི་ཆོས་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མཚན ་ཉིད་ཀྱི་བདེན་པ་བཤད་པར་བཞེད་ནས་མཚན་ཉིད་ཀྱི་བདེན་པ་གང་ཞེན་ཞེས་ཁོ་ནས་དྲིས་པ་དང། མཚན་ཉིད་ཀྱི་བདེན་པ་ནི་གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་སའི་མཚན་ཉིད་སྲ་བ ་དང། ཆུའི་མཚན་ཉིད་གཤེར་བ་དང་ཞེས་བྱ་བ་ནས་གཟུགས་ཀྱི་མཚན་ཉིད་ཐོགས་པ་དང་བཅས་པ་དང། ཚོར་བའི་མཚན་ཉིད་མྱོང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་མཚན་ཉིད་གཅིག་པ་སྟེ་དེ་བཞིན་ཉིད་ཀྱི་མཚན ་ཉིད་དུ་འདྲ་བའི་ཕྱིར་རོ། །མཚན་ཉིད་གཅིག་པོ་དེའི་མཚན་ཉིད་ཀྱང་གང་ཡིན་ཞེ་ན་དེའི་ཕྱིར་མཚན་ཉིད་གཅིག་པོ་ཡང་མཚན་ཉིད་མེད་པའོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་དེ་ནི་མཚན་ཉིད་དུ་བགྲང་བ་ཐམས་ཅད་ལས་འདས་པ་སྟེ། སྐྱེ ་བ་དང་འགག་པ་དང་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་ལ་སོགས་པ་གང་གི་མཚན་ཉིད་ཀྱང་མ་ཡིན་པས་ན་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པའི་བདེན་པ་འདི་ཡང་དོན་དམ་པའི་བདེན་པ་ཉིད། དེ་ལས་གཞན་མ་ཡིན་ན་ཅིའི་ཕྱིར ་དོན་དམ་པའི་བདེན་པ་ཞེས་བྱ་བ་དང། མཚན་ཉིད་ཀྱི་བདེན་པ་ཞེས་བྱ་བ་གཉིས་སུ་བཤད་དེ། དེ་ནི་བདེན་ཏེ། དེ་ལས་གཞན་མ་ཡིན་མོད་ཀྱིས་འདིས་དོན་དམ་པ་མཚོན་པར་བྱེད། ཁོང་དུ་ཆུད་པར་བྱེད་པས་ན་མཚན་ཉིད་ཀྱི་བདེན་པ་སྟེ། དེ་བས་ན ་མཚན་ཉིད་ཀྱི་བདེན་པ་ནི་དོན་དམ་པ་ལ་འཇུག་པའི་སྒོ་ལྟ་བུར་བཞག་གོ་།ཡང་ན་སེམས་ཅན་རྣམ་པ་གསུམ་གྱི་ཕྱིར་བདེན་པ་རྣམས་བཤད་དེ། ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཨི་བདེན་པ་རྣམ་པ་གསུམ་ཡང་ཐབས་དང་ཤེས་རབ་ཀྱིས ་ཡོངས་སུ་ཟིན་པ་ཡིན་ཏེ། དེ་བསྟན་པའི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་ཡོངས་སུ་མ་སྐྱོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་ཐ་སྙེད་ཡི་གེ་དང ་བརྔ་ལ་སོགས་པ་གཞན་ལ་བསྟན་ཀྱང་ཀུན་རྫོབ་ཀྱི་བདེན་པ་ལ་ཡིད་འབྱུང་ཞིང་སྐྱོ་བ་མེད། ཤེས་རབ་ཀྱིས་ཟིན་པས་དེ་དག་སྒྱུ་མ་དང་རྨི་ལམ་དང། གཟུགས་བརྙན་ལྟ་བུར་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་མངོན ་དུ་བྱེད་པར་ཡང་མི་ལྟུང་ཞེས་བྱ་བ་ནི་ཐབས་ཀྱིས་ཡོངས་སུ་ཟིན་པས་ཇི་ལྟར་འཕགས་པ་ཉན་ཐོས་རྣམས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་བུར་དེ་བཞིན་ཉིད་འབའ་ཞིག་གི་ཕྱོགས་ཡང་གནས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ།། ་མཚན་ཉིད་ཀྱི་བདེན་པས་བདེན་པ་ཅིག་ཏུ་རྟོགས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ་ཞེས་པ་ནི་མཚན་ཉིད་ཀྱི་བདེན་པ་ཁོང་དུ་ཆུད་པས་དོན་དམ་པ་དང། ཀུན་རྫོབ་ཀྱི་བདེན་པ་དང་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་སོགས ་པའི་བདེན་པ་རྣམས་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་རོ་གཅིག་པར་རྟོགས་ཀྱང་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཐེག་པ་རྣམ་པ་གསུམ་དུ་གར་རིགས་རིགས་སུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟ་བུར་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི ་བདེན་པ་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་སྨིན་པ་གང་ཞེ་ན་དེ་ཡང་མདོར་རྣམ་པ་གསུམ་སྟེ། ཡོངས་སུ་སྨིན་པའི་རང་བཞིན་དང། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་དང། ཡོངས་སུ་སྨིན་པའི་རྣམ་པ་རབ་ཏུ ་དབྱེ་བའོ། །ཡོངས་སུ་སྨིན་པའི་རང་བཞིན་ནི་དཔེར་ན་འབྲས་སྨིན་པར་གྱུར་ན་བརྡོལ་བར་འོང་བ་དང། འབྲས་བུ་སྨིན་ནས་ནམ་ཀུན་ཏུ་བཟའ་བར་ངོས་པའི་དུས་ན་ཡོངས་སུ་སྨིན་པ་ཞེས་བྱ་བ་དེ་བཞིན་དུ་དགེ་བའི་ཚོ་མ ་རྣམས་ཀྱི་ས་བོན་ཡང་ནས་ཡང་དུ་བརྟེན་པ་དང་ལྡུན་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་ནུས་པ་དང་རྗེས་སུ་མི་མཐུན་པའི་ལུས་དང་སེམས་ལས་སུ་རུང་བརྙེད་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མཐུ་དང་ལྡན ་པ་ནི་ཡོངས་སུ་སྨིན་པའི་རང་བཞིན་ཞེས་བྱའོ། །ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ནི་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཅན་དང། རང་སངས་རྒྱས་ཀྱི་རིགས་ཅན་དང། སངས་རྒྱས་ཀྱི་རིགས་ཅན་དང། རིགས་མེད་པའི་གང་ཟག་གོ་།དེ་ལ ་རིགས་ཅན་གསུམ་ནི་ཐེག་པ་གསུམ་དུ་ཡོངས་སུ་སྨིན་པར་བྱའོ། །རིགས་མེད་པའི་གང་ཟག་ཀྱང་ལྷ་དང་མིའི་བདེ་འགྲོར་ཡོངས་སུ་སྨིན་པར་བྱའོ། །ཡོངས་སུ་སྨིན་པའི་རྣམ་པ་རབ་ཏུ་དབྱེ་བ་ཡང་མདོར་ན་གསུམ་སྟེ། དབང་པོ་ཡོངས་སུ་སྨིན་པ་དང་དགེ་བའི་རྩ ་ཡོངས་སུ་སྨིན་པ་དང། ཤེས་པ་ཡོངས་སུ་སྨིན་པའོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི་ཚེ་དང། མདོག་དང་རིགས་དང་དབང་ཕྱུག་ཕུན་སུམ་ཚོགས་པ་དང། ཚིག་བཙུན་པ་དང། དབང་ཆེ་བར་གྲགས་པ་དང་མིར་གྱུར་པ་དང་རིག་པའི་གནས་རྣམས་ལ་མཁས ་པའོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ནི་གང་རང་བཞིན་གྱི་ཉོན་མོངས་པ་ཤེས་ཆུང་བ་ལས་ན་རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་ལ་སེམས་མི་འཇུག་ཅིང་སྒྲིབ་པ་ཆུང་བ་དང། རྟོག་པ་ཉུང་བ་དང། དྲང་ཞིང་མཐུན་པར་འཛིན་པ་ཡིན། །ཤེས ་པ་ཡོངས་སུ་སྨིན་པ་ནི་དྲན་པ་དང་ལྡན་པ། ཡིད་གཞུངས་པ་དང་ལྡན་པ། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་ཤིང་ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་རང་གི་སེམས་ལ་ཡོད་པའི་ཉོན་མོངས་པ ་སེལ་ནུས་པའི་མཐུ་དང་ལྡན་པའོ། །ཡོངས་སུ་སྨིན་པར་བྱེད་པ་ནི་ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་ཟག་རྣམས་སོ་སོའི་ཐེག་པའི་ཆོས་རྣམས་དང་པོ་བསྟན་པ་དང། དེ་ནས་བསམ་པ་དང་སྒོམ་པ་ལ་སོགས་པའི་རིམ་པས་ཁད་ཀྱི་ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་སྤོང་དུ་བཙུད་དེ། རང་རང་གི་འབྲས་བུ་ལ་འགོད་པའོ། །བདེན་པའི་རྣམ་པ་གཞན་ཡང་བསྟན་པར་བཞེས་ནས། གཞན་ཡང་བདེན་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་སྔར་བཤད་པའི་དོན་དུ ་ལྟའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རྣམ་པ་གཉིས་པོ་གང་ཞེ་ན། གང་འདི་ཐ་སྙད་ཀྱི་བདེན་པ་དང། དོན་དམ་པའི་བདེན་པ་ཞེས་བྱ་བ་བསྟན་པའི་ཚུལ་བཤད་དོ། །དེ་ལ་ཐ་སྙད་ཀྱི་བདེན་པ་ནི་གང་དུས་སུ ་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཚུལ་བསྟན་ཏོ། །འཇིག་རྟེན་གྱི་ཐ་སྙད་རྣམས་བདེན་པས་ན་ཐ་སྙད་ཀྱི་བདེན་པ་སྟེ། ཇི་ལྟར་སྣང་བ་ཙམ་དུ་བདེན་པའི་ཕྱིར་རོ་དེ་བས་ན་མདོ་ལས་ཀྱང། འཇིག་རྟེན་རྣམས་ལས་གང་ཡོད་པར་བདེན་པ་ལ་ཡང ་དེ་བདེན་ཞེས་གསུངས་སོ། །དོན་དམ་པ་ཉིད་བདེན་པས་ན་དོན་དམ་པའི་བདེན་པ་སྟེ། ཇི་ལྟར་གནས་པ་ལས་གཞན་དུ་མི་འགྱུར་བའི་ཕྱིར། དེ་བས་ན་མདོ་ལས་ཀྱང། འདུས་བྱས་རྣམས་ནི་བསླུ་བས་ན་བརྫུན་པ་ཡིན་གྱི། འདུས་མ་བྱས་ནི་བདེན་པའོ་ཞེས ་གསུངས་སོ། །ཅིའི་ཕྱིར་བདེན་པ་གཉིས་ནི་བཤད་ཅེ་ན། འཕགས་པའི་ལམ་དང། ལམ་གྱི་འབྲས་བུ་བསྟན་པར་བྱ་བའི་ཕྱི་བདེན་པ་གཉིས་བཤད་དེ། འཕགས་པའི་ལམ་བསྟན་པའི་ཕྱིར་ཐ་སྙད་ཀྱི་བདེན་པ་བཤད་དོ། །ལམ་དེའི་འབྲས་བུ་བསྟན་པར་བྱ་བའི ་ཕྱིར་དོན་དམ་པའི་བདེན་པ་བཤད་དོ། །ཡང་ན་འཇིག་རྟེན་པའི་ཤེས་པའི་ཡུལ་དང། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་བཤད་དེ། འཇིག་རྟེན་པའི་ཤེས་པའི་ཡུལ་ལ་དགོངས་ནས་ཐ་སྙད་ཀྱི་བདེན་པ་བཤད་དོ། །འཇིག ་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་དོན་དམ་པའི་བདེན་པ་བཤད་དོ། །དེ་ལ་ཐ་སྙད་ཀྱི་བདེན་པ་བསྟན་པའི་ཕྱིར། ཐ་སྙད་ཀྱི་བདེན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་མངོན་པར ་བརྗོད་པ་མང་པོ་ནི་ཐ་སྙད་དོ། །བརྗོད་པ་དེས་ཁོང་དུ་ཆུད་པར་འགྱུར་བའི་བདེན་པ་ནི་ཐ་སྙད་ཀྱི་བདེན་པའོ། །ཐ་སྙད་ཀྱི་བདེན་པ་དེའང་རྣམ་པ་གཉིས་སྟེ། མ་འཁྲུལ་པའི་འཇིག་རྟེན་པའི་ཤེས་པའི་ཡུལ་དང། འཁྲུལ་པའི་འཇིག་རྟེན་པའི་ཡུལ་ལོ།། ་དེ་ལ་མ་འཁྲུལ་བའི་འཇིག་རྟེན་པའི་ཤེས་པ་ནི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེའི་ཡུལ་བསྟན་པའི་ཕྱིར་གང་དུས་སུ་བདེན་པ་སྨྲ་བ་སྟེ། གང་འདི་སྡུག་བསྔལ་གྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་ལ་གང ་དུས་སུ་བདེན་པར་སྨྲ་བ་ཞེས་བྱ་བ་ནི་དེ་བཞིན་ཁོང་དུ་ཆུད་པ་དང་ལྡན་པའི་གང་ཟག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་ལངས་ནས་བདག་གིས་ཇི་ལྟར་མྱོང་བའི་དོན་འདུལ་བ་རྣམས་ཡོངས་སུ་སྨིན་པའི་དུས་དང་སྦྱར་ཏེ། རྗེས་ལས་ཐོབ་པ་དག་པ ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་བའི་བདེན་པའོ་ཞེས་ཕྱིན་ཅི་མ་ལོག་པར་འཆད་ཅིང་སྟོན་པ་ནི་དུས་སུ་བདེན་པར་སྨྲ་བ་ཞེས་བྱའོ། །འཁྲུལ་པའི་འཇིག་རྟེན་པའི་ཤེས་པའི་ཡུལ་བསྟན་པའི་ཕྱིར། འཇིག ་རྟེན་གྱི་ཐ་སྙད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇིག་རྟེན་གྱི་ཐ་སྙད་ཡི་གེ་དང་འབྲེལ་པའི་སྒྲས་བསྟན་པའི་བརྡ་ནི། འཇིག་རྟེན་གྱི་ཐ་སྙད་དང་ཡི་གེ་དང་སྒྲ་དང་བརྡས་བསྟན་པ་ཞེས་བྱ་སྟེ། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ནི་བརྫུན་པ་ཡིན ་པས་ན་འཁྲུལ་པའོ། །ཡང་ན་གདུལ་བའི་དུས་སུ་བདེན་པར་སྨྲ་བ་ནི་ཐ་སྙད་ཀྱི་བདེན་པ་ཞེས་བྱ་སྟེ། དེ་ལ་བདེན་པ་གང་ཞེ་ན། གང་སྡུག་བསྔལ་གྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྨྲ་བ་གང་ཞེ་ན་འཇིག་རྟེན་གི་ཐ་སྙད་དང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དོན་དུ་ན་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པའི་ཡི་གེ་དང་སྒྲ་དང་བརྡས་སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་བསྟན་པ་ནི་ཐ་སྙད་ཀྱི་བདེན་པ་ཞེས་བྱའོ། །དོན་དམ་པའི་བདེན་པ་བདེན་པར་བྱ་བའི་ཕྱིར། དོན་དམ་པའི་བདེན་པ་ནི་གང ་འདི་བརྗོད་པ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པའི་ཡུལ་ལམ་འབྲས་བུ་ཡིན་པས་ན་དོན་དམ་པའོ། །དོན་དམ་པའི་བདེན་པ་བསྟན་གང་རྗེད་པ་མེད་པའི་ཆོས་དང་ལྡན་པ་ནི་བརྗེད་པ་མེད ་པའི་ཆོས་ཅན་ཏེ། སྐྱེ་བ་དང་འཇིག་པ་མེད་པའི་རང་བཞིན་ཐོགས་མ་ནས་ངོ་བོ་ཉིད་ཀྱི་འོད་གསལ་བ་དེ་བཞིན་ཉིད་སླུ་བ་མེད་པའི་ཆོས་ཅན་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཅིའི་ཕྱིར་སླུ་བ་མེད་པའི་ཆོས་ཅན ་ཞེས་བྱ་ཞེ་ན། ཞེས་བྱ་བའི་ཐ་ཚིག་གོ་།སླུ་བ་མེད་པའི་ཆོས་ཅན་ནི་རྒྱུ་བསྟན་པའི་ཕྱིར། རྟག་ཏུ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་དེའི་རིགས་ནི་རྟག་པའི་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ་དེའི་རིགས་ཞེས་བྱ་བ་ནི་དེ་བཞིན་ཉིད་དེའི་རང་བཞིན་ནོ། །དེ་བཞིན་ཉིད་དེའི་རང་བཞིན་ ་ནི། སྐྱེ་བ་དང་འཇིག་པ་མེད་པའི་རང་བཞིན་ལས་གཞན་དུ་མི་འགྱུར་བས་རྟག་པ་སྟེ། དེ་བས་ན་མི་སླུ་བ་ཞེས་བྱ་བ་ཇི་ལྟར་རྟག་ཅི་ན་རྟག་ཏུ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་ཏེ། ཆོས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ལ་ནི་སོ་སོའི་སྐྱེ་བོ་དང། འཕགས་པའི་དུས་ན་ཡང་དེ་ལ ་མཚན་ཉིད་ཐ་དད་དུ་གྱུར་པ་མེད་པའི་ཕྱིར་རོ། །དེ་ལ་མི་བསླུ་བའི་དོན་ཅི་རང་བཞིན་གཞན་དུ་གནས་ལ་གཞན་དུ་མི་སྟོང་པ་ནི་མི་བསླུ་བ་སྟེ་ཇི་ལྟར་འདུས་བྱས་འདུས་བྱས་ཀྱི་ངོ་བོ་ཉིད་དུ་མེད་ན། དེ་ནི་དེའི་ངོ་བོ་ཉིད་དུ་སྣང་བས་ན་མི་སླུ་བ་ཞེས་བྱ་བའི་དོན་དམ་པ་ནི ་རང་བཞིན་གཞན་དུ་མི་འགྱུར་ཏེ། དེ་ལ་དེ་བཞིན་དུ་སྟོན་པར་བྱེད་པས་ན་མི་སླུ་བ་ཞེས་བྱའོ། །དེ་བས་ན་མདོ་ལས་ཀྱང། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ནི་བདེན་པ་?གཅིག་པུའོ། །འདུ་བྱེད་ཐམས་ཅད་སྣོད་ཀྱི་འཇིག་རྟེན་ནི་རྫུན་པ་བསླུ་བའི་ཆོས་ཅན་ནོ། ་ཞེས་གསུངས་སོ། །འདིར་ཡང་ཐབས་དང་ཤེས་རབ་ཀྱི་ཡོངས་སུ་ཟིན་པ་བསྟན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐ་སྙད་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐ་སྙད་ཀྱི་བདེན་པ ་བསྟན་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་བདག་གིས་གཞན་ལ་བཤད་པ་འམ་གཞན་གྱིས་བདག་ལ་བསྟན་པ་སྟེ། ཡོངས་སུ་མི་སྐྱོ་བ་ནི་ཤེས་རབ་ཀྱི་ཐ་སྙད་ཀྱི་བདེན་པ་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་ཁོང་དུ་ཆུད་པས་དེ་དག ་ལས་ཡིད་བྱུང་ཞིང་སྐྲག་པ་དང། དངོས་པོར་འཛིན་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་ལ་ཞེས་པ་ནི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཁོང་དུ་ཆུད་དེ་དེ་ཡང་མ་བརྟགས་ན་གཅིག་ཏུ ་དགའ་བ་ཙམ་མེད་པ་མ་ཡིན་ཞེས་རིག་པའི་ཐབས་ཀྱིས་ཡོངས་སུ་ཟིན་པས་ནི། དེ་ཁོ་ན་ཉིད་འབའ་ཞིག་ལ་ཡང་གནས་པར་མི་བྱེད་ལ། ཐབས་དང་ཤེས་རབ་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པ་ལ་མཁས ་བ་ཞེས་བྱ་བའི་དོན་ཏོ། །ཆོས་འདི་བ་དང་ཕྱི་རོལ་པ་རྣམས་ལྟ་བ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པའི་གཉེན་པོར་གཞན་ཡང་བདེན་པ་ནི་གཅིག་སྟེ། གཉིས་སུ་མེད་དོ་ཞེས་བྱ་བ་གསུངས་སོ། །གཉིས་སུ་མེད་དོ་ཞེས་བྱ་བས་ནི་འདིར་བདེན་པ་གཅིག་བསྟན ་པ་ལ་མ་གཏོགས་པ་རྣམས་ཡང་དག་པ་མ་ཡིན་པར་སྟོན་པའོ། །བདེན་པ་གཅིག་པོ་གང་ཞེ་ན་ཞེས་ཁོང་ནས་དྲིས་པ་དང། དེ་ལ་བདེན་པ་གཅིག་ནི་གང་འདི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་མེད་ཅིང་སྒྲོ་འདོགས་པར་ལྷུང་བའི་སེམས་ཅན ་རྣམས་ཀྱང་བདེན་པ་ལ་རབ་ཏུ་གཟུང་པའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཡིན་པ་ལ། གལ་ཏེ་མིང་དང་ཚིག་དང་ཡི་གེ་དག་གིས་གང་ཟག་དང་ཆོས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་འདོགས་པ་དེ་ནི་སྒྲོ་འདོགས་པ ་ཡིན་ཏེ། ཆོས་རྣམས་ཀྱི་རང་བཞིན་ཇི་སྐད་དུ་བཏགས་པ་དེ་ཏདག་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་རྣམས་ལ་སྒྲོ་མི་འདོགས་ཤིང། དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཡང་ཤེས་པར་བྱེད་ལ། སྒྲོ་འདོགས་པར་ལྷུང་བ་སྤྲོས་པ་སྣ་ཚོགས་ལ་མངོན་པར ་ཞེན་པའི་སེམས་ཅན་རྣམས་ཀྱང་བརྗོད་དུ་མེད་པའི་བདེན་པ་དེ་ལ་རབ་ཏུ་འདོར་བ་ནི་བདེན་པ་གཅིག་ཅེས་བྱའོ། །འདིར་ཡང་ཐབས་དང་ཤེས་རབ་ཀྱིས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་སྒྲོ་འདོགས་པའི་བདེན་པ་བསྟན་པས་མི་སྐྱོ་ལ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བདེན་པ་གཅིག་པ་དེ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་ཡང་སེམས་ཅན་དེ་ལ་གཟུང་བའི་ཐབས་གཞན་མེད་པས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སྒྲོ་བཏགས་ནས་སྟོན ་པ་ནི་སྒྲོ་འདོགས་པའི་བདེན་པ་སྟེ། དེ་དག་བསྟན་པས་ཀྱང་མི་སྐྱོ་ཞེས་བྱ་བའི་དོན་ཏོ། །བཤད་པ་གཞན་ནི་སྔ་མ་བཞིན་དུ་བལྟའོ། །གོང་དུ་བདེན་པ་བཞི་བཤད་པའི་རྣམ་གྲངས་བསྟན་པར་བཞེད་དེ་སྡུག་བསྔལ་གང་ཡིན་པ་བསྟན་པའི་ཕྱིར། གཞན་ཡང ་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། གང་ཕུང་པོ་ལྔ་རྣམས་ཀྱི་མཚན་ཉིད་འདི་ནི་སྡུག་བསྔལ་ཞེས་བྱའོ་ཞེས་གསུངས་ཏེ། དེ་ལ་དང་པོ་དང་བར་མ་དང་ཐ་མའི་སྡུག་བསྔལ་རྣམས་བསྡུས་པའི་དོན་གྱིས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་སྡུག ་བསྔལ་བ་ཞེས་བྱ་སྟེ། དེ་ལ་དང་པོའི་སྡུག་བསྔལ་ནི་སྐྱེ་བའོ། །བར་གྱི་སྡུག་བསྔལ་ན་ནི་བ་དང་རྒ་བ་དང། འདོད་པ་མི་རྙེད་པ་ལ་སོགས་པའོ།། །།ཐ་མའི་སྡུག་བསྔལ་ནི་འཆི་བ་སྟེ། སྡུག་བསྔལ་དེ་དག་ཉེ་བར་ལེན་པའི་ཕུང་པོ་ལྔའི ་གནས་དེར་འདུས་པས་ན་ཕུང་པོ་ལྔ་ནི་སྡུག་བསྔལ་བ་ཞེས་བྱ་སྟེ། དེ་ལ་ཕུང་པོ་ལྔ་རྣམས་ཀྱི་སྡུག་བསྔལ་གྱི་མཚན་ཉིད་གང་ཡིན་པ་སྡུག་བསྔལ་ཡིན་པར་སྟོན་ཏོ། །ཇི་ལྟར་སྡུག་བསྔལ་ཤེས་པ་བསྟན་པའི་ཕྱིར། གང་གིས་མཚན་ཉིད་དེ་སྟོང་པར ་རྟོགས་པ་འདི་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པའོ་ཞེས་གསུངས་ཏེ། འཕགས་པ་ཉན་ཐོས་དག་ལྟར་སྡུག་བསྔལ་གྱི་དངོས་པོ་ཡོད་པར་ལྟ་བ་མ་ཡིན་གྱི། གང་ཟག་གང་གིས་གོང་དུ ་བཤད་པའི་སྡུག་བསྔལ་ཉིད་ཀྱང་རང་བཞིན་མེད་ཅིང་མི་དམིགས་པར་རྟོག་པ་དེ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཀུན་འབྱུང་བ་གང་ཡིན་པ་བསྟན་པའི་ཕྱིར། གང་ཕུང་པོ་ལྔའི་སྲིད་པའི་རྒྱུ་དང་ལྟ་བའི་རྒྱུ་བག ་ལ་ཉལ་འདི་ནི་ཀུན་འབྱུང་པ་ཞེས་གསུངས་ཏེ་ཕུང་པོ་ལྔ་པོ་དེ་དག་སྐྱེད་པའི་རྒྱུ་ནི་ཕུང་པོའི་ལྔའི་རྒྱུ་སྟེ། དེ་ཡང་གྲིང་བའི་རྒྱུ་དང་ལྟ་བའི་རྒྱུ་ལས་ཕུང་པོ་ལ་ལ་སྐྱེའོ། །དེ་ལ་སྲིད་པ་དང་བ་ནི་སྔར་བཤད་པར་ཟད་དོ། །སྲེད་པ་དང་ལྟ་བ་དེ་དག་ཉིད་རྒྱུ་ཡིན ་པས། སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་ཞེས་བྱ་སྟེ། བག་ལ་ཉལ་ཡང་དེ་གཉིས་ལ་བྱའོ། །ཇི་ལྟར་ཀུན་འབྱུང་བ་ཤེས་པ་བསྟན་པའི་ཕྱིར། གང་གིས་སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་དེ་དག་མི་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལེན་པ་ནི་སྲེད་པ་དང་ལྟ ་བ་ལ་མཚན་མར་མི་འཛིན་པའོ། །སྒྲོ་མི་འདོགས་པ་ནི་དེ་དག་ལ་མེད་པ་དང། ཡོད་པར་མི་ལྟ་བའོ། །རེག་པར་མི་བྱེད་པ་ནི་དེ་དག་གི་རང་བཞིན་ལ་རྟོག་པར་མི་བྱེད་པའམ། སྲེད་པ་དང་ལྟ་བ་ལ?་སྤྱད?་པར་མི་བྱེད་པའོ། །དེ་ནི་འདི་སྐད་སྟོན་ཏོ། ་ཕུང་པོ་ལྔའི་རྒྱུ་སྲེད་པ་དང་ལྟ་བ་རྣམས་རང་བཞིན་གྱིས་མི་དམིགས་ཤིང་དངོས་པོ་མེད་པར་རྟོགས་ན། ཀུན་འབྱུང་བ་ལ་ཀུན་འབྱུང་བར་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །འགོག་པའི་བདེན་པའི་རང་བཞིན་གང་ཡིན་པ་བསྟན་པའི ་ཕྱིར་གང་ཕུང་པོ་ལྔ་རྣམས་ཤིན་ཏུ་ཟད་དེ་འགག་ནས་སྔོན་གྱི་མཐར་མི་འབྱུང་བ་དང་ཞེས་བྱ་བ་ལ་སོགས་གསུངས་སོ། །ཤིན་ཏུ་ཟད་པ་ནི་ཕུང་པོ་ལྔ་བསྐྱེད་པའི་རྒྱུ་སྲེད་པའི་བག་ལ་ཉལ་དང་ལྟ་བའི་བག་ལ་ཉལ་སྤངས་པས་སྐྱེ་བའི་རྒྱུན་ཆད ་པའོ། །འགགས་པ་ནི་སྐྱེ་བ་གཞན་དང་མཚམས་མི་སྦྱོར་ཞིང་མ་འོངས་པ་ཕུང་པོ་སྐྱེད་པའི་རྒྱུ་མི་བྱེད་པའོ། །ཡང་ན་སྐད་ཅིག་མ་རེ་རེ་ལ་སྐྱེ་བ་མེད་པས་ན་ཤིན་དུ་ཟད་པ་ཞེས་བྱའོ། །ཚེའི་ཉིང་མཚམས་གཅིག་ན་གཅིག་ཏུ་མཚམས་སྦྱོར་ཞིང་སྐྱེ་བ་མེད་བས་ནས ་འགག་པའོ། །ཡང་ན་སྐྱེ་བའི་མཚན་ཉིད་དང་བྲལ་བའི་ཕྱིར་ཤིན་ཏུ་ཟད་པའོ། །འཇིག་པའི་ཆོས་དང་བྲལ་བའི་ཕྱིར་ཤིན་ཏུ་འགག་པའོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། སྔོན་གྱི་མཐར་མི་འཕོ་བ་དང་དེ་ལྟར་བྱུང་པར་ཕྱིན་པ་མེད་པ ་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་མཐར་མི་འབྱུང་བ་ནི་འདས་པའི་དུས་སུ་ཡང་མ་སྐྱེས་པའོ། །ཕྱི་མའི་མཐར་མི་འཕོ་བ་ནི་ད་ལྟར་གྱི་དུས་ནས་ཕུང་པོ་ལྔའི་རྒྱུ་ལས་དང་ཉོན་མོངས་པ་མ་ལུས་པར་སྤངས་ཤིང། ཕུང་པོ་ལྔ་ཡང་རང་བཞིན་མེད་པས་མ ་འོངས་པའི་དུས་ཀྱིས་ཚེ་དང་མཚམས་སྦྱོར་བ་མེད་པའོ། །ད་ལྟར་བྱུང་བར་ཕྱིན་པ་མེད་པའི་འདས་པའི་ལས་དང་ཉོན་མོངས་པས་ད་ལྟར་དུས་སུ་འང་སྐྱེས་པ་མེད་པ་སྟེ། དེ་ལྟར་དུས་གསུམ་དུ་ཡང་ཕུང་པོ་ལྔ་མ་སྐྱེས་པ་ནི་འགོག་པའི་བདེན་པའི་རང ་བཞིན་ནོ། །ཇི་ལྟར་ན་འགོག་པའི་བདེན་པ་ཤེས་པ་བསྟན་པའི་ཕྱིར། དེ་ལ་གང་གིས་དེ་ལྟར་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལྔ་པོ་སྐྱེ་བ་མེད་པའི་མཚན་ཉིད་ལ་གང་ཟག་གང་གིས་གོང་དུ་བཤད་པ་ལྟ་བུར་འགོག་པའི ་བདེན་པ་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྐྱེ་བ་དང་འགག་པ་མེད་པར་ཁོང་དུ་ཆུད་ཅིང་མི་དམིགས་པར་ཤེས་པ་ནི་འགོག་པ་ལ་འགོག་པར་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །ལམ་གྱི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། ལམ་གང་ལ་བརྟེན་ཏེ། སྡུག ་བསྔལ་ཤེས་པ་དང། ཀུན་འབྱུང་བ་ཤེས་པ་དང། འགོག་པ་ཤེས་པ་ལ་རེག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལམ་གང་ལ་བརྟེན་ཏེ་ཞེས་བྱ་བ་ལ་སྡུག་བསྔལ་དང་ཀུན་འབྱུང་བ་དང། འགོག་པ་གསུམ་རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་པའི ་ལམ་གང་ལ་གནས་ཏེ་ཞེས་བྱ་བའི་ཐ་ཚིག་གོ་།རེག་ཅེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ལ་ནག་པོའི་ཕྱོགས་སུ་འང་མི་ལྟ་བ། འགོག་པ་ལ་དཀར་པོའི་ཕྱོགས་སུ་འང་མི་ལྟ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད ་པའི་ཡེ་ཤེས་སུ་འཇོག་ཅེས་བྱ་བ་ནི་དེ་གཉིས་དབྱེར་མེད་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་འཇོག་པའི་ཡེ་ཤེས་དེ་ནི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། སྡུག་བསྔལ་འགོག་པ་འགྲོ་བ་ཞེས་བྱ་བ་ནི་སྡུག་བསྔལ་འགོག་པ་འཐོབ ་པ་འམ། ཆུད་པར་བྱེད་པའི་ལམ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་ལམ་གྱི་བདེན་པ་ཤེས་པར་གྱུར་པ་བསྟན་པའི་ཕྱིར་རོ། །གང་འདི་ལ་སྟོང་པ་ཉིད་དུ་ཤེས་པ་འདི་ནི་ལམ་ལ་ལམ་དུ་ཤེས་པ་འཕགས་པའི་བདེན་པའོ་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་ལམ་གྱི ་བདེན་བ་དེ་ཡང་སྟོང་པ་ཉིད་དུ་རྟོགས་ཏེ། མི་དམིགས་པར་ཁོང་དུ་ཆུད་པ་དེ་ནི་ལམ་ལ་ལམ་དུ་ཤེས་པའི་འཕགས་ཨའི་བདེན་པ་ཞེས་བྱའོ། །བདེན་བ་རྒྱ་ཆེར་བཤད་པའི་རྣམ་བསྡུད་ཏེ་བསྟན་པའི་ཕྱིར། གང་གིས་འཕགས་པའི་བདེན་པ་བཞི་པོ་འདི ་དག་ལ་དེ་དག་ཡེ་ཤེས་ཀྱིས་རྟོག་ཅིང་བདེན་པའི་རྟོག་པས་མི་རྟོག་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་གང་ཟག་གང་གིས་སོ། །འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་བདེན་པ་བཞི ་གོང་དུ་བཤད་པ་རྣམས་ལའོ། །དེ་ལྟར་ཡེ་ཤེས་རྟོག་ཅིང་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་བདེན་པ་བཞི་པོ་དེ་དག་ངོ་བོ་ཉིད་ཀྱི་སྟོང་པར་ཁོང་དུ་ཆུད་པའོ། །བདེན་པའི་རྟོག་པ་མི་རྟོག་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་དེ་དག་ཉིད་ངོ་བོ་ཉིད་ཀྱིས་མེད ་པའི་ཁོང་དུ་ཆུད་པས་བདེན་པ་དེ་དག་ལ་བདེན་པར་ཡང་མི་འཛིན་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ནི་འཕགས་པའི་བདེན་པ་ལ་མཁས་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞིའི་རྣམ་པ་གཞན་ཡང་བཤད་པར་བཞེད་དེ། སྡུག་བསྔལ་གྱི་བདེན་པའི་རང ་བཞིན་བསྟན་པའི་ཕྱིར། གཞན་ཡང་ཚོར་བ་ཐམས་ཅད་སྡུག་བསྔལ་ཏེ་ཞེས་བྱ་བ་གསུངས་སོ། །དེ་ལ་ཚོར་བ་ཐམས་ཅད་ནི་སྡུག་བསྔལ་གྱི་ཚོར་བ་དང། བདེ་བའི་ཚོར་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་སྡུག་བསྔལ ་གྱི་ཚོར་བ་ནི་རང་བཞིན་གྱི་སྡུག་བསྔལ་བས་སྡུག་བསྔལ་བའོ། །བདེ་བའི་ཚོར་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་མཐར་སྡུག་བསྔལ་དུ་འགྱུར་བ་དང། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པས་སྡུག་བསྔལ་བ་སྟེ། ་ཚོར་བ་ཐམས་ཅད་སྡུག་བསྔལ་བ་འདི་ནི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ནོ། །ཇི་ལྟར་ན་སྡུག་བསྔལ་གྱི་རང་བཞིན་ཤེས་པར་འགྱུར་བ་བསྟན་པའི་ཕྱིར་རོ། །ཚོར་བ་དེ་ལ་རྣམ་པར་འབྱེད་ཅིང་རིག་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚོར་བ་དེ ་ལ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚོར་བ་རྣམ་པ་གསུམ་ལའོ། །རྣམ་པར་འབྱེད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་ནི་རང་བཞིན་གྱི་སྡུག་བསྔལ་བས་ཁྱབ་པ་དང་བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་པས་ཁྱབ་པ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པར་བྱེ་བྲག་ཕྱེད་ཅིང་ཞེས་བྱ་བའི་དོན་ཏོ། །རིག་པ་ཤེས་ཞེས་བྱ་བ་ནི་ཚོར་བ་དེ་དག་ཀྱང་མི་དམིགས་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏེ། གོང་དུ་བཤད་པ་ལྟ་བུར་ཚོར་བ་ཐམས་ཅད་སྡུག ་བསྔལ་ཡིན་པར་བྱེ་བྲག་ཕྱེད་ཅིང་མི་དམིགས་པ་ཤེས་པ་དེ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །ཀུན་འབྱུང་བའི་རང་བཞིན་བསྟན་པའི་ཕྱིར། ཚོར་བ་དེ་རྒྱུ་གང་གིས་ཀུན་འབྱུང་བ་དེ་ནི་ཀུན་འབྱུང་བ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གོང་དུ་བཤད་པའི་ཚོར་བ་དེ་དག་རྒྱུ་གང་གིས་བསྐྱེད་ཅིང་ཕྱུང་བའི་རྒྱུ་དེ་ནི་ཀུན་འབྱུང་བ་ཞེས་བྱ་སྟེ། ཚོར་བ་ཀུན་འབྱུང་བའི་རྒྱུ་ནི་རེག་པ་སྟེ། རེག་པ་ལས་ཚོར་བ་འབྱུང་བས་ན་རེག་པ་ལ་ཀུན་འབྱུང་བ་ཞེས་བྱའོ། །དེ་བས་ན་མདོ་ལས་རེག་པའི་རྐྱེན་གྱི་ཚོར་བ། ཚོར ་བའི་རྐྱེན་གྱིས་སྲེད་པ་ལ་སོགས་པ་གསུངས་སོ། །ཇི་ལྟར་ན་ཀུན་འབྱུང་བ་ཞེས་པ་འགྱུར་བ་བསྟན་པའི་ཕྱིར། གང་གིས་རྒྱུ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི ་ཤེས་བྱ་བ་ནི་གང་ཟག་གང་གིས་མ། ཤེས་རབ་གང་གིས་ཤེས་བྱ་བའི་དོན་ཏོ། །རྒྱུ་དེ་ཞེས་བྱ་བ་ནི་ཚོར་བའི་རྒྱུ་རག་པའི་དེ་ཞེས་བྱ་བའི་ཐ་ཚིག་གོ་།ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་པའི་ཚོར་བ་འབྱུང་བའི་རྒྱུ་དེ་སྟོང་པ་ཉིད་དུ་ཕྱིན་ཅི ་མ་ལོག་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །འགོག་པའི་བདེན་པའི་རང་བཞིན་གང་གིས་ཡིན་པ་དང། ཇི་ལྟར་ན་འགོག་པའི་བདེན་པ་ཤེས་པར་འགྱུར་བ་བསྟན་པའི་ཕྱིར་གང་ཚོར་བ་ཐམས་ཅད་རྒྱུན་ཆད་དེ། ཚོར་བ་མེད་པ་ཡང་ཚོར་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། གོང་དུ་སྨོས་པ་ལྟ་བུའི་ཚོར་བ་རྣམ་པ་ཐམས་ཅད་རྒྱུན་ཆད་དེ་མེད་པར་གྱུར་པ་དེ་ནི་འགོག་པའི་བདེན་པའི་རང་བཞིན་ནོ། །དེ་ལྟ་བུ་ཚོར་བ་མེད་པ་འགོག་པའི་བདེན་པ་ཕྱིན་ཅི་མ་ལོག་པར་ཤེས་ཏེ་རྣམ་པར ་མི་རྟོག་པའི་ཡེ་ཤེས་ལ་ཡང་གནས་ལ། སེམས་ཅན་ལ་ལྟ་བའི་ཕྱིར་འགོག་པའི་བདེན་པ་ཡང་མངོན་དུ་མི་བྱེད་པ་དེ་ནི་འགོག་པ་ལ་འགོག་པར་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། །ལམ་གྱི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། ་ཚོར་བ་གང་གིས་བསྒྲུབས་པའི་ལམ་དེ་ནི་གཟིངས་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པའི་ལམ་ལ་གནས་ནས་ཚོར་བའི་རང་བཞིན་གོང་དུ་བཤད་པ་ལྟ་བུར་ཚོར་བ་ཐམས་ཅད་སྡུག་བསྔལ་བ་འམ། ཚོར་བ་དེ་ཉིད་ངོ་བོ་ཉིད ་སྟོང་པར་རྟོགས་པར་བྱེད་པའི་ལམ་དེ་ལ་ཚོར་བས་བསྒྲུབས་པའི་ལམ་ཞེས་བྱ་སྟེ། ལམ་དེ་ཡང་བསྒྲུབས་པར་བྱ་བའི་ཆོས་རྣམས་གྲུབ་ནས་དོར་དགོས་པའི་གཟིངས་ལྟ་བུ་ཞེས་བྱའོ། །ཡང་ན་འཕགས་པའི་ལམ་ལ་བརྟེན་ནས་སྡུག་བསྔལ་གྱི་རང ་བཞིན་དུ་གྱུར་བའི་ཚོར་བ་དེ་ལས་སྒྲོལ་ཞིང་དེ་དག་སྤོང་བར་བྱེད་པས་ན་ལམ་ནི་རྒྱ་འཚོ་ལ་སྒྲོལ་བའི་གཟིངས་དང་འདྲའོ། །ཇི་ལྟར་ལམ་གྱི་རང་བཞིན་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། གང་ཚོར་བ་འདོད་པ་དེ་ནི་ལམ་འདོད་པ་མ་ཡིན་ནོ་ཞེས་བྱ་བ་ནི ་གང་ཚོར་བ་རྣམ་པ་གསུམ་ལ་ཆགས་པ་དེ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ཡིན་པས། འཕགས་པའི་ལམ་ལ་གནས་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།བདེན་པ་རྒྱ་ཆེར་བསྟན་པའི་དོན་རྣམས་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལྟར་བདེན་པ་བཞི་པོ ་འདི་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་གང་ཟག་གང་ངོ། །དེ་ལྟར་བདེན་པ་བཞི་པོ་འདི་མཐོང་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་བདེན་པ་བཞི་མཐོང་བའོ། །རྣམ་པར་དག་པས་མཉམ་པར་རྟོགས་པ་ཞེས་བྱ་བ་ནི ་ཡེ་ཤེས་རྣམ་པར་དག་པས་ཞེས་འམ། བདེན་པ་བཞི་པོ་ཉིད་རང་བཞིན་གྱི་རྣམ་པར་དག་པས་བདེན་པ་ཐམས་ཅད་མཚན་ཉིད་གཅིག་ཅིང་རང་བཞིན་གཅིག་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །བདེན་པའི་རྣམ་གྲངས་གཞན་བསྟན་པར་བཞེད་དེ། སྡུག ་བསྔལ་ལ་སོགས་པའི་རང་བཞིན་མདོར་བསྡུས་ནས་བསྟན་པའི་ཕྱིར་གཞན་ཡང་མདོར་ན་སྐྱེ་བ་ནི་སྡུག་བསྔལ་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལྔ་མངོན་པར་སྨིན་ཏེ། སྐྱེས་པ་སྡུག་བསྔལ་སྣ་ཚོགས་དང་ལྡན་པས་ན་སྐྱེ་བ་སྡུག་བསྔལ་བ ་ཞེས་བྱའོ། །ཡང་ན་ཉིང་མཚམས་སྦྱོར་བར་བྱེད་པའི་ལས་ཀྱི་བག་ཆགས་བསགས་པའི་ཁྱད་པར་དེ་དང་དེ་དག་གིས་ལྷ་དང་མི་ལ་སོགས་པའི་འགྲོ་བ་དེ་དང་དེ་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བླངས་པར་གྱུར་པ་ནི་སྐྱེ་བ་ཞེས་བྱའོ།། ་ཡང་ན་སྐྱེ་བ་རྣམ་པ་ལྔ་སྟེ། ཆོས་རྟོགས་པ་སྐྱེ་བ་དང། མངལ་དུ་གནས་པའི་སྐྱེ་བ་དང། རིགས་ཀྱི་གནས་ཕུན་སུམ་ཚོགས་པའི་སྐྱེ་བ་དང། སེམས་ཅན་གྱི་རིགས་མཐུན་པའི་ངོ་བོ་མཐུན་པར་གྱུར་པའི་སྐྱེ་བ་དང། སོ་སོར་གྱུར་པའི་སྐྱེ་བའོ། །དེ ་ལ་ཆོས་རྟོག་པའི་སྐྱེ་བ་ནི་དེ་བཞིན་གཤེགས་པས་བཤད་པའི་གསུང་རབ་ཀྱི་དོན་རྟོགས་ནས་སྲས་སུ་གྱུར་པ་སྟེ། དེ་བས་ན་མདོ་ལས་ཀྱང་ཞལ་ནས་སྐྱེས་པ། འཕགས་པའི་ཆོས་འདུལ་བ་ལས་སྐྱེས་པ་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །མངལ་དུ་གནས་པའི་སྐྱེ་བ་ནི་ས་བོན་ལས་མྱུ་གུ་།མྱུ་གུ་ལས་འདབ་མ་བཞིན་དུ་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པའི་རིམ་པས་སྐྱེས་པའོ། །རིགས་ཀྱི་གནས་ཕུན་སུམ་ཚོགས་པས་སྐྱེ་བ་ནི་ནོར་བུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་རིགས ་དང། ཨིནྡྲ་ནཱི་ལ་ཆེན་པོའི་རིགས་ཤེས་བྱ་བ་བཞིན་དུ་རྒྱལ་རིགས་སུ་གྱུར་པ་དང། བྲམ་ཟེའི་རིགས་སུ་གྱུར་པའོ། །སེམས་ཅན་གྱི་རིས་མཐུན་པར་ངོ་བོ་མཐུན་པར་སྐྱེ་བ་ནི་དཔེར་ན་ཤིང་རྣམ་པ་སྣ་ཚོགས་ལ་ཏེ་ལ་ཏ་ལར་རིས་མཐུན་པ་དང། སེང་ལྡེང་སེང ་ལྡེང་དུ་རིས་མཐུན་པ་བཞིན་དུ་སེམས་ཅན་རྣམས་ལ་མི་དང་མིར་རིས་མཐུན་པ་ལ་སོགས་པའོ། །སོ་སོར་བྱུང་བའི་སྐྱེ་བ་ནི་མེ་ཏོག་དང་འབྲས་བྱུང་བ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བྱུང་བར་གྱུར་པ་སྟེ། དེ་ལྟར་སྐྱེ་བ ་རྣམ་པ་ལྔ་ལས་ཀྱང་འདིར་མངལ་དུ་གནས་པའི་སྐྱེ་བ་དང། སོ་སོར་འབྱུང་བའི་སྐྱེ་བ་ལ་བྱ་བར་དགོངས་སོ། །སྐྱེ་བ་དེ་དག་རྣམ་པ་གཉིས་ཀྱི་ཕྱིར་སྡུག་བསྔལ་བ་སྟེ། གནོད་པའི་རང་བཞིན་གྱིས་སྡུག་བསྔལ་དང། སྡུག་བསྔལ་གཞན་གྱི་རྟེན ་དུ་གྱུར་པའི་ཕྱིར་རོ། །དེ་ལ་གནོད་པའི་རང་བཞིན་གྱིས་སྡུག་བསྔལ་བ་ནི་མའི་མངལ་ན་ཞུ་བའི་གནས་དང། མ་ཞུ་བའི་གནས་ཀྱི་བར་ནས་གནས་པ་དང། མངལ་ནས་ཕྱིར་བྱུང་བའི་ཚེ་མི་གཙང་བའི་རྫས་རྣམ་པ་སྣ་ཚོགས་ཀྱིས་བཅིར་བ་ནི ་རིའི་ཐིམ་པར་བཅུག་པ་བཞིན་དུ་ཡན་ལག་ལ་དཔག་ཏུ་མེད་པའི་སྡུག་བསྔལ་འབྱུང་བས་ན་སྐྱེ་བ་སྡུག་བསྔལ་བའོ། །སྡུག་བསྔལ་གཞན་གྱི་རྟེན་དུ་གྱུར་པ་ནི་སྐྱེ་བར་གྱུར་ན་རྒ་ལ་སོགས་པའི་སྡུག་བསྔལ་རྣམས་ཞར་ལ་འབྱུང་བས་ན་སྐྱེ་བ་སྡུག ་བསྔལ་བ་ཞེས་བྱ་སྟེ། འདི་ནི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ནོ། །ཇི་ལྟར་ན་སྡུག་བསྔལ་གྱི་བདེན་པ་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། གང་མི་སྐྱེ་བ་ལ་རྟོག་པའི་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་དེ་ནི་དོན་དམ་པར་སྐྱེ་བ་མེད་ཅིང ་མི་དམིགས་པར་རྟོགས་པ་དེ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་བདེན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཀུན་འབྱུང་བའི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། སྲིད་པ་གང་ཡིན་པ་ཀུན་འབྱུང་བའོ་ཞེས་བྱ་བ་གསུངས་སོ། ་ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པ་ལས་རྣམ་པ་སྣ་ཚོགས་ཀྱི་བག་ཆགས་བསགས་པ་ནི་སྲིད་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལས་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་འབྱུང་སྟེ་སྲིད་པ་དེ་ལས་སྐྱེ་བ་ཀུན་ཏུ་འབྱུང་བའི ་ཕྱིར་སྲིད་པ་ལ་ཀུན་འབྱུང་བ་ཞེས་བྱའོ། །ཇི་ལྟར་ཀུན་འབྱུང་བ་ཤེས་པ་བསྟན་པའི་ཕྱིར། གང་སྲིད་པ་འཇིག་པ་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་འཇིག་པ་ཤེས་པ་ཞེས་བྱ་བ་ནི་སྲིད་པའི་རང་བཞིན་མེད་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །འགོག ་བའི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། སྐྱེ་བ་ཐམས་ཅད་ནི་སྐྱེ་བ་མེད་པ་སྟེ། མི་སྐྱེ་བ་ནི་འགོག་པའོ་ཞེས་གསུངས་ཏེ། སྐྱེ་བ་རྣམ་པ་ལྔ་བཤད་པ་ལ་སོགས་པ་ཕྱི་དང་ནང་གི་དངོས་པོ་སྐྱེ་བ་ཐམས་ཅད་ནི་དོན་དམ་པར་ན་སྐྱེ་བ་མེད་པ་སྟེ། གང་སྐྱེ་བ་མེད་པ་དེ ་ནི་མི་སྐྱེ་བ་དེ་འགོག་པའི་བདེན་པའོ། །ཇི་ལྟར་ན་འགོག་པའི་བདེན་པ་ཤེས་པ་བསྟན་པའི་ཕྱིར། གང་མི་སྐྱེ་བ་དེ་ལ་འགོག་པ་གང་ཡང་མེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་ནི་སྐྱེ་བ་ལ་བརྟེན་པ་སྟེ། སྐྱེས་པར་གྱུར་ན་འཇིག་པར་འགྱུར ་པའི་ཕྱིར་རོ། །འདི་ལྟར་མ་སྐྱེས་ན་འཇིག་པ་མེད་པས་ན་མ་སྐྱེས་པ་དེ་ལ་འགོག་པ་གང་མེད་པ་ཞེས་བྱའོ། །གང་འགོག་པ་མེད་པ་ཤེས་པ་འདི་ནི་ཟད་པའི་འགོག་པ་ཤེས་པ་ཞེས་བྱ་ལ། སྐྱེ་བ་ཐམས་ཅད་སྐྱེ་བ་མེད་ཅིང་མི་སྐྱེ་བའི་མཚན་ཉིད་ཀྱི་འགོག ་པ་གང་ཡིན་པ་དེ་ཉིད་ཀྱང་རང་བཞིན་གྱིས་མེད་པར་ཤེས་པ་ནི་མི་སྐྱེ་བའི་མཚན་ཉིད་མི་འགོག་པ་ཞེས་བྱའོ། །ལམ་གྱི་བདེན་པའི་རང་བཞིན་དང། ཇི་ལྟར་ལམ་གྱི་བདེན་པ་ཤེས་པ་བསྟན་པའི་ཕྱིར། གང་དེ་ལྟར་བགྲང་བ་འམ ་འཇམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གོང་དུ་བཤད་པ་ལྟར་སྡུག་བསྔལ་ཅི་འདྲ་བ་དང། ཀུན་འབྱུང་བ་དང། འགོག་པ་ཅི་འདྲ་བ་ངེས་པར་རྟོག་ཅིང་གཏན་ལ་འབེབས་ལ་ལམ་གྱི་བདེན་པ་ཞེས་བྱ་སྟེ། དེ་དག་ཕྱིན་ཅི་མ་ལོག་པར ་ཤེས་པ་ནི་ལམ་གྱི་བདེན་པ་ཤེས་པའོ། །བགྲང་བ་དང་འཇལ་བ་ཞེས་བྱ་བ་ནི་གཏན་ལ་འབེབས་ཤིང་ཤེས་པའི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཡང་ན་གང་གིས་འཕགས་པའི་བདེན་པ་བཞི་སྟོན་པའི་མདོ་སྡེ་ལ་སོགས་པའི་མིང་ཚིག་དང་ཡི་གེ ་རྣམས་ཀྱི་གྲང་ཇི་སྙེད་འབྱུང་བ་ལ་རྟོག་པ་ནི་འགྲང་བའི་ཤེས་པ་ཞེས་བྱའོ། །གང་གིས་གཉིས་བཟུང་ནས་གཉིས་ཀུན་ཏུ་རྟོག་པ་སྟེ། མིང་ཀུན་ཏུ་བཟུང་ནས་དོན་ཀུན་ཏུ་རྟོག་པ་དང། དོན་ཀུན་འབྱུང་ནས་མིང་ཀུན་རྟོག་པ་ནི་འཇལ་བ་ཤེས ་པའི། །གང་གིས་འཕགས་པའི་བདེན་པའི་མིང་ཀུན་འཛིན་པ་སྔོན་དུ་བྱས་ནས་དོན་རྟོག་པ་འཇུག་པ་ནི་ཚོལ་བ་ཞེས་བྱའོ། །རབ་ཏུ་རྟོགས་པའི་སྦྱོར་བ་བཅུ་གཅིག་ནི་རྟོག་པ་ཤེས་པ་སྟེ། བཅུ་གཅིག་པོ་ཤེས་པ་གང་ཞེ་ན། གློ་བུར་དུ་བྱུང་བ་རབ་ཏུ ་རྟོག་པ་དང། ཡང་དག་པར་སྣང་བའི་རྒྱུ་མཚན་རབ་ཏུ་རྟོགས་པ་དང། དོན་མི་དམིགས་པ་རབ་ཏུ་རྟོགས་པ་དང། དམིགས་པ་མི་དམིགས་པ་རབ་ཏུ་རྟོག་པ་དང། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དང། གང་ཟག་ལ་བདག་མེད་པ་རབ་ཏུ་རྟོག་པ ་དང། ཆོས་ལ་བདག་མེད་པར་རབ་ཏུ་རྟོག་པ་དང། བསམ་པ་ཆུང་ངུ་རབ་ཏུ་རྟོག་པ་དང། རྒྱ་ཆེན་པོའི་བདག་ཉིད་ཆེན་པོའི་བསམ་པ་རབ་ཏུ་རྟོག་པ་དང། ཇི་ལྟར་ཆོས་ཁོང་དུ་ཆུད་པའི་ཆོས་རྣམ་པར་བཞིག་པ་རབ་ཏུ་རྟོག་པ་དང་རྣམ་པར་བཞག་པའི ་ཆོས་རབ་ཏུ་རྟོག་པའོ། །འཕགས་པའི་བདེན་པ་བཞི་མིང་དོན་དུ་རྟག་པ་དེ་དག་ཐམས་ཅད་ནི་ཡང་དག་པར་མ་ཡིན་པ་ལ་གློ་བུར་དུ་བཏུགས་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པ་ནི་གློ་བུར་དུ་བྱུང་བ་རབ་ཏུ་རྟོག་པ་ཞེས་བྱའོ། །དེ་ནི་དྲོད་ཀྱི་རུས་ནའོ། །དངོས་པོ ་ཐམས་ཅད་ཡོད་པ་མ་ཡིན་པ་ལ་བཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་ནི་ཡང་དག་པར་སྣང་བའོ། །སྣང་བ་དེ་དག་གིས་རྒྱུ་ཡང་སེམས་དང་སེམས་ལས་བྱུང་བ་ཡིན་པས་ན་སེམས་དང་སེམས་ལས་བྱུང་བ་ནི་སྣང་བའི་རྒྱུ་མཚན་ནོ། །གཟུང་བ་དང་འཛིན་པ་དེ ་དག་སྣང་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་སྣང་ཏེ་ཞེས་རྟོགས་པ་ནི་ཡང་དག་པར་སྣང་བའི་རྒྱུ་མཚན་རབ་ཏུ་རྟོག་པ་སྟེ། འདི་ནི་སྤྱི་བོའི་མཚེ་ནའོ། །དོན་ནི་གཟུགས་ལ་སོགས་པ་ཕྱིའི་ཡུལ་རྣམས་ཏེ། དེ་དག་མེད་པར་རྟོག་པ་ནི་མི་དམིགས་པར་རྟོག ་པ་སྟེ། འདི་ནི་བཟོད་པའི་དུས་སོ། །དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡང་མི་འཇུག་པས་ཕྱིའི་ཡུལ་ལ་འཛིན་པའི་སེམས་མེད་པར་རྟོགས་པ་ནི་དམིགས་པ་མི་དམིགས་པ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དུས་ནའོ། །དེ་ལྟར་གཟུང ་པ་དང་འཛིན་པ་མི་དམིགས་པར་གྱུར་ནས་ཐམས་ཅད་དུ་འགྲོ་བའི་དོན་གྱི་དེ་བཞིན་ཉིད་རྟོག་པ་ནི་ཆོས་ཀྱིས་དབྱིངས་རབ་ཏུ་རྟོགས་པ་སྟེ། འདི་ནི་མཐོང་བའི་ལམ་གྱི་ཚེའོ། །དེ་ལྟར་མཐོང་བའི་ལམ་གྱི་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་མཐོང་བས་སྤང་བར ་བྱ་བའི་ཉན་མོངས་པའི་སྒྲིབ་པ་སྤངས་ནས་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་སོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེ་ལོང་སྤངས་ནས་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་སོ། ་དེ་ལྟ་བས་ན་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་པ་ཙམ་རྟོག་པ་དང། བདག་གི་དོན་གྱི་ཕྱིར་ཞུགས་པས་ན་བསམ་པ་ཆུང་ངུ་རབ་ཏུ་རྟོག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་ལས ་བདག་དང་གཞན་གྱི་དོན་གྱི་ཕྱིར་ཞུགས་པས་ན་དེ་དག་གི་རྟོག་པ་ནི་རྒྱ་ཆེན་པོའི་བདག་ཉིད་ཀྱི་བསམ?་རབ་ཏུ་རྟོག་པ་ཞེས་བྱའོ། །ས་དང་པོའི་ཚེ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པ་ནི་ཇི་ལྟར་ཆོས་ཁོང་དུ ་ཆུད་པའོ། །དེ་ལྟར་ཁོང་དུ་ཆུད་ནས་ཁོང་དུ་ཆུད་པའི་ཆོས་ཀྱི་ཡོན་ཏན་རྣམས་རྟོགས་པ་ནི་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམ་པར་བཞག་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །དེ་ནས་བསྒོམ་པའི་ཆོས་རྣམས་སེམས་ལ་ཡང་དག་པར་འཇོག་ཅིང། བསྒོམ ་པའི་ལམ་གྱི་དུས་ན་བསྒོམ་པར་བྱ་བའི་ཆོས་དང་ཡོན་ཏན་རྣམས་རྟོགས་པ་ནི་རྣམ་པར་བཞག་པའི་ཆོས་རབ་ཏུ་རྟོག་པ་ཞེས་བྱའོ། །གང་གིས་རྣམ་པ་གཉིས་ལ་ཉེ་བར་འཇུག་སྟེ། ཡི་གེ་རྣམས་ཚད་ཡོད་པ་ལ་འཇུག་པ་དང། མིང་དང་ཚིག་གི་ཆད ་མེད་པ་ལ་འཇུག་སྟེ། དེ་ལྟར་འཇུག་པ་ནི་འཇུག་པ་ཤེས་པའོ། །འདི་ལྟར་བགྲང་བ་དང་འཇལ་བ་དང། ཚོལ་བ་དང་རྟོག་པ་དང་འཇུག་པ་རྣམ་པ་ལྔ་ནི་འཕགས་པའི་ལམ་སྟེ། དེ་ལྟར་ཤེས་ན་ལམ་ལ་ལམ་དུ་ཤེས་པའི་འཕགས་པའི་བདེན་པ་ཞེས ་བྱའོ། །ཇི་ལྟར་བཤད་པའི་དོན་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་བདེན་པའི་ཤེས་པ་འདི་ལ་འཇུག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བའི་ཤེས་པ་ལ་འཇུག་པ་ནི་བདེན་པ་བཞི་པོ་གོང་དུ་བཤད་པ་རྣམས་སྟོང་པར་རྟོག་པའོ། །བདེན་པའི ་ཤེས་པ་ལ་ཡང་མི་གནས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་ལྟ་བས་ཇི་ལྟར་སྟོང་པར་རྟོགས་པ་དེ་འབའ་ཞིག་གི་ཕྱོགས་ལ་ཡང་གནས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །བདེན་པ་ལ་མཁས་པ་བཤད་པའི་འོག་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས ་པ་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །དེ་ལ་ཞེས་བྱ་བའི་དོན་ནི་གོང་དུ་སྨོས་པ་དང་འདྲའོ། །རྒྱུ་དང་རྐྱེན་ལ་བརྟེན་ནས་དུས ་མཉམ་དུ་འབྲས་བུ་འབྱུང་བ་རྟེན་ཅིང་འབྲེལ་པས་འབྱུང་བ་སྟེ། དེ་ལ་མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །དེ་ནི་འདི་སྐད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང ་བ་ལ་མཁས་པ་ཡིན་པར་སྟོན་ཏོ། །དེ་བས་ན་རྟེན་ཅེས་བྱ་བ་དང་འབྲེལ་ཞེས་བྱ་བ་དང། འབྱུང་ཞེས་བྱ་བའི་ཚིག་གསུམ་གྱིས་རྣམ་པ་གསུམ་འགོག་པར་བྱེད་དེ། རྣམ་པ་གསུམ་ནི་རྒྱུ་མེད་པར་སྨྲ་བ་དང། མེད་པར་སྨྲ་བའོ། །དེ་ལ་རྟེན་ཅེས་བྱ་བ་ནི ་རྒྱུ་དང་རྐྱེན་ལ་རྟེན་ཏེ་འབྱུང་བའི་ཡིན་པས་ན་འདིས་ནི་རྒྱུ་མེད་པར་སྨྲ་བ་འགོག་པར་བྱེད་དོ། །འབྲེལ་ཅེས་བྱ་བའི་སྒྲ་ནི་མཐུན་པ་ལ་བྱ་སྟེ། རྒྱུ་དང་འབྲས་བུ་མཐུན་པ་ལས་སྐྱེའི་མི་མཐུན་པ་ལས་མ་ཡིན་ཏེ། དཔེར་ན་མ་རིག་པ་ལས་འདུ་བྱེད་འབྱུང་གི། ་དབང་ཕྱུག་དང་བྱེད་པ་པོ་ལས་མི་འབྱུང་བས་འདིས་ནི་མི་མཐུན་པའི་རྒྱུར་སྨྲ་བ་འགོག་པར་བྱེད་དེ། འབྱུང་བའི་སྒྲ་ནི་རྒྱུ་དང་འབྲས་བུ་བར་ཆད་མེད་པར་སྐྱེ་བ་ལ་བྱ་སྟེ། འདི་ནི་མེད་བར་སྨྲ་བ་འགོག་པར་བྱེད་དོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཤད ་ཅེ་ན། འགྲོ་བ་འདི་དག་མ་རིག་པའི་རྐྱེན་ལས་སྐྱེའི། མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་ལས་མི་སྐྱེའོ་ཞེས་བསྟན་པའི་ཕྱིར་བཤད་དོ། །ཡང་ན་འཁོར་བར་འཇུག་པ་ལ་རྨོངས་པ་དང་འཁོར་བ་ལས་ལྡོག་པ་རྨོངས་པ་བསལ་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས ་དང་མཐུན་པར་འབྱུང་བ་དང་ལུགས་ལས་བཟློག་པའི་མཚན་ཉིད་རྣམ་པ་གཉིས་བཤད་དོ། །དེ་ལ་འཁོར་བར་འཇུག་པ་ལ་རྨོངས་པ་ནི་རྒྱུ་གང་གིས་འཁོར་བར་སྐྱེ་བར་འགྱུར་བའི་རྒྱུ་མི་ཤེས་པ་སྟེ། མི་ཤེས་པ་དེ་བསལ་བའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཀུན ་འབྱུང་བ་ལས་མ་རིགས་པ་ཀུན་འབྱུང་ངོ་ཞེས་བྱ་བ་གསུངས་སོ། །འཁོར་བ་ལས་འདས་པ་སྟེ། རྒྱུ་གང་གིས་འཁོར་བ་ལས་འགྲོལ་ཞིང་མྱ་ངན་ལས་འདས་པར་འགྱུར་བ་མི་ཤེས་པ་དེ་བསལ་བའི་ཕྱིར། ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་པ་འགག་ཅིས? ་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པར་འབྲུད་བ་ཡང་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། ཡན་ལག་རྣམ་པར་དབྱེ་བའི་མཚན་ཉིད་དང། ཡན་ལག་བསྡུ་བའི་མཚན་ཉིད ་དང། ཡན་ལག་ཀུན་ནས་ཉོན་མོངས་པ་བསྡུ་པའི་མཚན་ཉིད་དང། བདག་མེད་པ་རྒྱེན་ལས་འབྱུང་བའི་མཚན་ཉིད་དོ། །ཡན་ལག་རྣམ་པར་དབྱེ་བའི་མཚན་ཉིད་ལས་བརྩམས་ཏེ་གསུངས་པ། འདི་ལྟ་སྟེ། ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ ་རིག་པ་ཀུན་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ། ཞེས་བྱ་བ་ནི་ཚིག་གི་མགོ་དྲང་བའི་ཚིག་གི་རྐྱེན་དུ་བཞག་པའོ། །དེ་ལ་མི་རྟག་པ་ལ་རྟག་པའི་འདུ་ཤེས་དང། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང། མི་གཙང་བ་ལ་གཙང་བར་འདུ་ཤེས ་པ་དང། བདག་མེད་པ་ལ་བདག་ཏུ་ཤེས་པ་ནི་ཚུལ་བཞིན་མ་ཡིན་པ་སྟེ། ཀུན་འབྱུང་བ་ལས་ཤེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཀུན་ཏུ་སྐྱེས་པར་གྱུར་པ་ལས་མ་རིག་པ་ཀུན་འབྱུང་བར་འགྱུར་ཏེ། མ་རིག་པ་ཀུན་ཏུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན ་ཏོ། འདིར་ཚུལ་བཞིན་མ་ཡིན་པ་སྨོས་པ་ནི་མ་རིག་པའི་རྒྱུ་བསྟན་པའི་ཕྱིར་སྨོས་པ་ཡིན་ཏེ། འབྱུང་བའི་དོན་ནི་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་གཅིག་པུར་འདུ་ཤེས་པ་དང། རིལ་པོར་འདུ་ཤེས་པ་དང། རྟག་པར་འདུ་ཤེས ་བ་དང་བརྟན་པར་འདུ་ཤེས་པ་དང། ཐེར་ཟུག་དུ་འདུ་ཤེས་པ་དང། བདེ་བར་འདུ་ཤེས་པ་ནི་མ་རིག་པ་ཞེས་བྱའོ། །ས་དང་ཆུ་དང་མེ་དང་རླུང་དང། ནམ་མཁའ་ལ་སོགས་པ་ཐ་དད་པ་མི་འདྲ་བ་དུ་མ་འདུས་པས་བསྐྱེད་ན་འདི་ལ་གཅིག་པུར་སེམས་པ་ནི ་གཅིག་པུར་འདུ་ཤེས་པའོ། །ས་ལ་སོགས་པ་དེ་དག་ཀྱང་རྡུལ་ཕྲ་རབ་ཐ་དད་པ་ལས་བྱུང་ང་ཡིན་ན་དེ་ལ་གཅིག་པུར་སེམས་པ་ནི་རིལ་པོར་འདུ་ཤེས་པའོ། །སྐད་གཅིག་མ་རེ་རེ་ལ་ཡང་མི་རྟག་པར་གྱུར་ནས་གཞན་དང་གཞན་དུ་གྱུར་ན། གནས་ནས ་ཀྱང་བདག་ཅེས་འཛིན། ཕྱིས་ཀྱང་བདག་ཉིད་དུ་འདུག་གོ་སྙམ་དུ་སེམས་པ་ནི་རྟག་པར་འདུ་ཤེས་པའོ། །མེད་པ་ལས་བྱུང་བ་ལ་གང་ཡོད་པ་ལས་སྐྱེ་བར་འཛིན་པ་ནི་བསྟན་པར་འདུ་ཤེས་པའོ། །ཡང་ན་འདི་དག་ཐམས་ཅད་དངོས་པོ་མེད་པ་སྒྱུ?་མ?། ལྟ་བུ་ཡིན ་ན། བདག་ཉིད་ཅན་དུ་དངོས་པོར་སེམས་པ་ནི་བརྟན་པར་འདུ་ཤེས་པའོ། བྱུང་ནས་མེད་པར་འགྱུར་བ་ལ་ཡང་རྫ་མའི་བྱིའུ་ལྟར་བདག་མ་འོངས་པའི་དུས་སུ་འཕོ་བར་འཛིན་པ་ནི་ཐེར་ཟུག་ཏུ་འདུ་ཤེས་པའོ། །འཇིག་རྟེན་གསུམ་དང་འདུ་བྱེད་ཐམས་ཅད་ནི་སྡུག ་བསྔལ་གསུམ་གྱི་མེས་གདུངས་པས་སྡུག་བསྔལ་དང་ལྡན་པ་ཡིན་ན། གང་གཅིག་པུ་བཟང་པོའི་ངོ་བོ་འཛིན་པ་དེ་ནི་བདེ་བར་འདུ་ཤེས་པའོ། །དེ་ལྟར་ཀུན་དུ་གཏི་མུག་པའི་རྒྱུས་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་སྣ་ཚོགས་བྱེད་པའི་འདུ་བྱེད་དོ། །ཡང ་ན་འདུ་བྱེད་རྣམ་པ་གསུམ་སྟེ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དང། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང། མི་གཡོ་བར་ཉེ་པར་འགྲོ་བའི་འདུ་བྱེད་དོ། །དེ་ལ་སྡིག་པའི་ལས་བྱེད་པ་ལ་མངོན་པར་ཆགས་པ་ཚེ་རབ་གཞན་དང ་ལས་ཀྱིས་འབྲས་བུ་ལ་ཀུན་གཏི་མུག་པས་མེད་པར་ལྟ་བ་རྣམས་ནི་བསོད་ནམས་མ་ཡིན་པའི་ལས་མངོན་པར་འདུ་བྱེད་དོ། །མ་རིག་པ་རྨོངས་པར་གྱུར་པ་སྲིད་པ་དང། སྲིད་པའི་ལོངས་སྤྱོད་ལ་ཡོན་ཏན་དུ་ལྟ་ཞིང་བདེ་བར་འདུ་ཤེས་པ་རྣམས་ནི་བསོད ་ནམས་ཀྱི་ལས་མངོན་པར་འདུ་བྱེད་དོ། །མ་རིག་པའི་རྐྱེན་གྱིས་སྙོམས་པར་འཇུག་པའི་རོ་ལ་ཆགས་པར་ལྟ་བས་སྲེད་པ་དང་ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་རྣམས་ནི་མི་གཡོ་བའི་ལས་མངོན་པར་འདུ་བྱེད་དེ། དེ་བས་ན་མ་རིག་པར་ཀུན ་འབྱུང་བ་ལས་འདུ་བྱེད་ཀུན་འབྱུང་བ་ཞེས་བྱའོ། །དེ་ལ་མའི་མངལ་དུ་དང་པོ་ཉིད་དུ་སྐད་ཅིག་མ་གཅིག་ལ་ཞུགས་པའི་སེམས། ཕུང་པོ་དང་ཁམས་དང། སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོམ་པ། སྔོན་གྱི་ལས་ཀྱིས་འཕགས་པའི་ས་བོན་ཐམས་ཅད ་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་འདིར་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པ་ཡིན་པར་དགོངས་སོ། །དེ་ནས་སྐད་ཅིག་མ་གཉིས་ཕན་ཆད་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་མིང ་དང་གཟུགས་སོ། །དེ་ལ་མིང་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ནི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་བསྟན་དུ་མེད་པ་ལ་ཐོགས་པ་དང་བཅས་པ་དང། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད ་པ་སྟེ། དེ་གཉིས་གཅིག་ཏུ་བསྡོམས་ནས་མིང་དང་གཟུགས་ཞེས་བྱའོ། །མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་བར་དུ་དྲུག་ནི་སྐྱེ་མཆེད་དྲུག་གོ་།དེ་ལ་མིག་གི་སྐྱེ་མཆེད་ནི་ལྟ་བའི་བདག་ཉིད་ཅན་དང་བའི་རང་བཞིན་གཟུགས་ལ་དམིགས་པར་རྣམ་པར་ཤེས ་པ་སྐྱེ་བས་ན་བྱེད་པའི་སྟེ། ལྷག་མ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡུལ་དང་དབང་པོ་དང། རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་དུས་མཉམ་པ་ཉིད་དུ་ཚོགས་པ་ནི་རེག་པའོ། །དེ་ལ་དབང་པོ་དང་ཡུལ་ནི་རྒྱུའི་མཚན་ཉིད་དོ། །དེ་གཉིས་ལ་བརྟེན ་ནས་དེ་ལ་ཐག་ཏུ་རྣམ་པར་ཤེས་པ་ནི་འབྲས་བུའི་མཚན་ཉིད་དོ། །བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་མྱོང་བ་ནི་ཚོར་བའོ་དེ་ལ་ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་ཕན་པར་བྱེད་པའི་བདག་ཉིད་ནི་བདེ་བའི ་ཚོར་བ་ཞེས་བྱའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་གནོད་པ་བྱེད་པའི་བདག་ཉིད་ནི་སྡུག་བསྔལ་གྱི་ཚོར་བའོ། །ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་ཕན་གནོད་གཉི་ག་མི་བྱེད་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི ་ཚོར་བའོ། །སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང་ཚྭ་ཆུ་འཐུངས་པ་དང་འདྲ་བར་ངོམས་པ་དང་ཚིམ་པ་མེད་པ་ནི་སྲེད་པ་ཞེས་བྱའོ། །དེའང་དུས་གསུམ་ཐ་དད་པའི་དབྱེ་བས་སྲེད་པ་རྣམ་པ་གསུམ་དུ་འགྱུར་ཏེ། ལྟ་བའི་སྲེད་པ་དང། མངོན་པར་དགའ་བའི ་སྲེད་པ་དང། མངོན་པར་ཆགས་པའི་སྲེད་པའོ། །དེ་ལ་འདས་པའི་དུས་སུ་མཐོང་བའི་སྲེད་པ་དང། ཐོས་པ་དང་རིགས་པའི་དངོས་པོ་འགགས་བར་གྱུར་བ་རྣམས་དང་ཡང་ཕྲད་བར་འདོད་པ་ནི་ལྟ་བའི་སྲིད་པ་ཞེས་བྱའོ། །མ་འོངས་པའི་དུས་ན་རང་གི་ལུས་རྣམ་པ ་སྣ་ཚོགས་དང། ཡོ་བྱད་རྣམ་པ་མང་པོ་དང་ལྡན་པར་སྨོན་པ་ནི་མངོན་པར་དགའ་བའི་སྲེད་པའོ། །ད་ལྟར་གྱི་དུས་ཀྱི་ཕུང་པོ་དང་ཡོ་བྱད་ལ་ཆགས་པས་མི་གཏོང་བ་ནི། མངོན་པར་ཆགས་བའི་སྲེད་པ་ཞེས་བྱའོ། །ཡང་ན་འདོར་བའི་སྲེད་པ་དང། སྲིད་པའི་སྲེད་པ ་དང། མི་སྲིད་པར་སྲེད་པ་དང། ལྟ་བའི་སྲིད་བ་སྟེ་བཞིའོ། །དེ་ལ་འདོད་པའི་སྲེད་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་འདོད་པའི་ཁམས་ཀྱི་འདོད་ཆགས་སོ། །སྲིད་པའི་སྲེད་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུགས་དང་གཟུགས་མེད་བའི ་སྒོམས་ཀྱི་འདོད་ཆགས་སོ། །མི་སྲིད་བར་སྲེད་བ་ནི་ཐར་བ་ལ་མངོན་པར་ཆགས་པའོ། །ལྟ་བའི་སྲིད་པ་ནི་འཇིག་ཚོགས་ལ་སོགས་པ་ལྟ་བ་ལྔ་ལ་ཆགས་པའོ། །དེ་ལ་ལེན་པ་ཡང་རྣམ་པ་བཞི་སྟེ། འདོད་པ་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པ ་དང། ལྟ་བ་ལེན་པ་དང་བདག་ཏུ་སྨྲ་བ་ལེན་པའོ། །དེ་ལ་འདོད་ཆགས་རྣམ་པ་གསུམ་ནི་འདོད་པ་ལེན་པ་ཞེས་བྱ་སྟེ། འདོད་པའི་འདོད་ཆགས་དང་ཆོས་ཀྱི་འདོད་ཆགས་དང། ཡུལ་གྱི་འདོད་ཆགས་སོ། །འདོད་པའི་འདོད་ཆགས་ནི་སྐྱེས་པ་དང་བུད་མེད་ཀྱི་གཉིས་ཀྱི ་གཉིས་སྤྲོད་པ་ལས་ཆགས་པའོ། །མུ་སྟེགས་ཅན་གྱི་ཆོས་ལ་ཆགས་པ་ནི་ཆོས་ཀྱི་འདོད་ཆགས་སོ། །འདོད་བ་ལྔའི་ཡོན་ཏན་ལ་ཆགས་པ་ནི་ཡུལ་གྱི་འདོད་ཆགས་སོ། །ཁྱི་དང་བ་ལང་ལ་སོགས་པའི་དཀའ་ཐུབ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པ་ཞེས་བྱའོ། །ཆད ་བ་དང་རྟག་པ་ལ་སོགས་པ་ལྟ་བ་སྣ་ཚོགས་ལ་ཞུགས་པ་ནི་ལྟ་བ་ལེན་པའོ། །བདག་ཡོད་པར་ལྟ་ཞིང་ཆགས་པ་ནི་བདག་ཏུ་སྨྲ་བ་ལེན་པ་ཞེས་བྱའོ། །ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་བའི་ལས་རྣམ་པ་སྣ་ཚོགས་ཀྱི་བདག་ཆགས་བསགས་པ་ནི་སྲིད་པ་ཞེས་བྱ ་སྟེ། དེ་ཡང་འདོད་བའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲིད་པ་སྟེ། རྣམ་པ་གསུམ་མོ། ལས་ཀྱི་བག་ཆགས་རྣམ་པ་སྣ་ཚོགས་པ་བསགས་པའི་ཁྱད་པར་ལ་ཉིང་མཚམ་སྦྱོར་བ་དེ་དང་དེ་དག་ཕུང ་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མངོན་པར་གྲུབ་པ་ནི་སྐྱེ་བ་ཞེས་བྱའོ། །མེར་མེར་པོ་དང་ནུར་ནུར་པོ་དང་མཁྲད་གྱུར་དང། རྐང་ལག་འགྱུས་པ་ནས་གཞོན་ནུ་དང། ལང་ཚོ་དར་ལ་བབ་པའི་བར་གྱི་སྟོབས་དང། མཐུ་དང་གཟི་བརྗིད་དང། ་མདངས་ལ་སོགས་བ་གཞན་དུ་འགྱུར་ཏེ་ཉམས་པ་ནི་རྒ་བའོ། །ཡང་ན་ལང་ཚོ་བཅོམ་པ་དང། ན་ཚོད་ཉམས་པ་དང། འབྱུང་བ་ཆེན་པོ་རྣམས་བྲི་བ་དང། འདུ་བྱེད་རྣམས་རྙིངས་པར་གྱུར་པ་དང། ལུས་ལྷོད་པར་གྱུར་བ་དང། ཡན་ལག་རྣམས ་ཤིག་ཤིག་པར་གྱུར་པ་དང། ཁ་དོག་དང་དབྱིབས་མི་མཛེས་པ་དང། དབང་པོ་རྣམས་ཉམ་ཆུང་བ་དང། དྲན་པ་དང་རྟོགས་པ་དང། བློ་གྲོས་རྣམས་རབ་ཏུ་ཉམས་པ་དང། འཇིག་པ་ལ་མངོན་དུ་བལྟས་པ་ནི་རྒ་བའོ། །དེ་ལ་ལང་ཚོ་བཅོམ་པ་ནི་ངར ་ལ་བབ་པ་མེད་པར་གྱུར་པའོ། །ན་ཚོད་ཉམས་པ་ནི་བྱིས་པ་དང་གཞོན་ནུའི་སྤྱོད་པ་དང་ཚུལ་རྣམས་བྲལ་བའོ། །འབྱུང་བ་ཆེན་པོ་རྣམས་བྲི་བ་ནི་ས་ལ་སོགས་པ་འབྱུང་བ་རྣམས་ཞུམ་པར་གྱུར་པ་སྟེ། ཤ་སླ་བ་དང་གཉེར་མ་ཅན་དུ་གྱུར་པའོ། །འདུ་ ་བྱེད་རྣམས་རྙིངས་པར་གྱུར་པ་ནི་དར་ལ་བབ་པ་ལ་ལང་ཚོའི་བྱད་གཟུགས་སར་བ་དང་བྲལ་བར་གྱུར་པའོ། །ལུས་ལྷོད་པར་གྱུར་པ་ནི་ལྡང་བ་དང་འདུག་པ་ལ་ལུས་ལྕི་བའོ། །ཡན་ལག་ཤིག་ཤིག་པོར་གྱུར་པ་ནི་རྐང་པ་དང་ལག་པ་ལ་སོགས་པ་རྣམས ་ཚིགས་ཚིགས་སུ་སོ་སོར་གྱེས་ཤིང་ཉམས་དང་མཐུ་མེད་པར་གྱུར་བའོ། །ཁ་དོག་དང་དབྱིབས་མི་སྡུག་བ་ཤ་དང་ཁྲག་སྐམས་ལ་རུས་པ་ཕྱིར་སྣང་བ་དང། ཁབས་ནག་པོས་ཁེབས་པ་དང། གཉེར་མ་སྐྲ་དཀར་གྱིས་གང་བའོ། །དབང་པོ་རྣམས་ཉམས ་ཆུང་བ་ནི་མིང་ལ་སོགས་པའི་དབང་པོ་རྣམས་མཐོང་བ་དང། ཐོས་པ་མ་གསལ་བའོ། །དྲན་པ་དང་རྟོགས་པ་དང། བློ་གྲོས་རབ་ཏུ་ཉམས་བ་ནི་སྔོན་སྨྲས་པ་དང་ཐོས་པ་རྣམས་མི་དྲན་ཞིང་བརྗེད་པའོ། །འཇིག་པ་ལ་སྔོན་དུ་བལྟས་པ་ནི་འཆི་བའི་དུས ་དང་ཁས་ཉེ་བའོ། །ཡང་ན་རྒ་བ་རྣམ་པར་གཉིས་ཏེ། རྟེན་ཉམས་པ་དང། རྟེན་པ་ཉམས་པའོ། །དེ་ལ་བརྟེན་ཉམས་པ་ནི་འདི་ལྟར་འབྱུང་བ་ཆེན་པོ་ལས་གྱུར་བ། ཁྲག་དང་ཤ་དང་ཚིལ་དང་རྐང་དང་རུས་པ་ལ་སོགས་པ་བྲི་བས་དེའི་རྒྱུས་ན་རྒྱུག་བ ་དང་བརྒལ་བ་དང། མཆོང་པ་དང་བསྐུམ་པ་དང་སྨྱང་བ་དང། འོང་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་ནི་མི་ནུས་ཤིང། ལུས་ཀྱི་བརྩོན་འགྲུས་དང་སྟོབས་མཐུ་ཆུང་བའོ། །དེ་ལ་བརྟེན་པ་ཉམས་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་བལྟ་བ་དང ་ཉན་པ་ལ་སོགས་པ་ལ་མི་གསལ་བར་འཇུག་ཅིང་དེའི་རྒྱུས་ན་དྲན་པ་དང། རྟོག་པ་དང་བློ་གྲོས་ལ་སོགས་པ་ཉམས་ཤིང་སེམས་ཀྱི་སྟོབས་དང་བརྩོན་འགྲུས་བྲི་བའོ། །དབང་པོ་རྣམས་ཉམས་པ་ལས་དེའི་རྒྱུས་སེམས་དང་སེམས་ལས་བྱུང ་བ་རྣམས་མི་མཐུན་པ་ནི་འཆི་བ་སྟེ། སེམས་དང་སེམས་ལས་བྱུང་བ་རྒྱུ་བ་མེད་པར་གྱུར་པ་ན་གང་ཟག་དེ་ཤི་བ་ཞེས་བྱའོ། །དེ་ལ་འཆི་བ་ཡང་རྣམ་པ་གཉིས་ཏེ། རང་གི་དང་གིས་འཆི་བ་དང་ཉེ་བར་བཅོམ་བས་འཆི་བའོ། །རང་གི་དང་གི་འཆི་བ་ནི་ཚེ ་ཟད་བ་དང། བསོད་ནམས་ཟད་ནས་འཆི་བའོ། །ཉེ་བར་བཅོམ་བ་ནི་མཚོན་ཆ་དང་དབྱིག་པ་ལ་སོགས་པ་རྐྱེན་གྱིས་ཤི་བའོ། །ཡང་ན་འཆི་བ་རྣམ་པ་གསུམ་སྟེ། རྗེས་སུ་སྐད་ཅིག་མས་འཆི་བ་དང། ཉེ་བར་བཅོམ་པས་འཆི་བ་དང་རྒྱུ་ཟད་བས་འཆི་བའོ། དེ་ལྟ་རྗེས་སུ་སྐད་ཅིག་ནས ་འཆི་བ་ནི་སྐད་ཅིག་མ་རེ་རེ་ལ་ཡང་འཆི་བ་ཞེས་བྱའོ། །ཉེ་བར་བཅོམ་པས་འཆི་བ་ནི་དུག་དང། མཚོན་ལ་སོགས་པ་ཕོགས་ནས་འཆི་བའོ། །རྒྱུ་ཟད་ནས་འཆི་བ་ནི་ཚེ་རིང་པོ་གྱུར་བའི་ལས་ཟང་ནས་གང་འཆི་བར་གྱུར་བའོ། །མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས ་བ་ནི་རྒ་ཤིའི་ཡན་ལག་ཏུ་གཏོགས་ཏེ། དེ་ལ་མཛའ་བ་དང་བྲལ་བ་དང། མི་མཛའ་བ་དང་ཕྲད་པའི་རྣམ་པར་རྟོགས་པ་ལས་སྐྱེས་པའི་སེམས་ཀྱི་གདུང་བ་ནི་མྱ་ངན་ཅེས་བྱའོ། །སེམས་ཀྱི་གདུང་བའི་རྒྱུ་ལས་ཚིག་ཏུ་སྨྲ་བ ་རྣམ་པ་སྣ་ཚོགས་འབྱིན་བ་ནི་སྨྲེ་སྔགས་འདོན་པའོ། །ཁམས་རྣམས་འཁྲུགས་པས་ཡུལ་མངོན་དུ་གྱུར་བ་ལ་ཡང་དབང་པོས་འཛིན་པར་མི་ནུས་ཤིང་རྨོངས་པའི་གནོད་པས་རེག་པར་གྱུར་པ་ནི་སྡུག་བསྔལ་བ་ཞེས་བྱའོ། །ཡུལ་མངོན་དུ་མ་གྱུར་བ ་རྣམ་ས་དབང་པོས་གཟུང་པར་ཆགས་པ་སྐྱེ་བ་ནི་ཡིད་མི་བདེ་བའོ་ཞེ་སྡང་ལས་བྱུང་བའི་རྒྱུ་ལུས་དང་སེམས་ཉོན་མོངས་པར་གྱུར་བ་ནི་འཁྲུག་པ་ཞེས་བྱའོ། །ཡང་ན་བུ་སྨད་ལ་སོགས་པ་དང། ཡོ་བྱད་རྣམས་ལ་གཏོང་མི་ནུས་ཤིང་ཆགས་པ་ནི་མྱ་ངན་ཅེས ་བྱའོ། །མྱ་ངན་ལས་ལངས་པའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་དེ་ལ་སོགས ་བ་སྔོན་རྒྱལ་པོའི་ཞམ་འབྲིང་བྱེད་བྱེད་པ་ལས་དབེན་པ་དང། ཚོང་བྱེད་བྱེད་པ་ལས་ཁེ་མེད་པ་ལ་སོགས་པ་ཉེས་པ་བྱེད་པ་རྣམས་དྲན་ནས་མི་དགའ་བ་ནི་འཁྲུག་པ་ཞེས་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱས་པ་བཤད་ནས་དེའི་དོན་བསྡུས་ཏེ། ་བསྟན་པའི་ཕྱིར་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ནའོ། །སྡུག་བསྔལ་གྱི་ཕུང་པོ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག་བསྔལ་མང ་པོ་དང་ལྡན་པས་སོ། །ཆེན་པོ་ནི་འཁོར་བ་ཐོག་མ་མེད་པ་ནས་རྒྱུན་དུ་སྡུག་བསྔལ་བར་གྱུར་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བྱའོ། །འབའ་ཞིག་ནི་བདག་དང་བདག་གི་དང་བྲལ་བའི་ཕྱིར་རོ། །འབྱུང་བར་འགྱུར་ཞེས་བྱ ་པ་ནི་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡན་ལག་བསྡུ་བ་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་སུ་ཕྱེ་བ་དེ་ཡང་བསྡུ་ན་ཡན་ལག་གཉིས་སུ་བལྟ་སྟེ། རིང་བའི་རྒྱུ་དང་ཉེ་བའི་རྒྱུའོ། །དེ་ལ་རིང་བའི་རྒྱུ་ནི་དཔེར་ན་ས་བོན་དང ་མྱུ་གུ་ལྟ་བུ་སྟེ། འབྲས་བུ་དང་ཐག་རིང་པོའི་ཕྱིར་རོ། །ཉེ་བའི་རྒྱུ་ནི་མེ་ཏོག་ལ་སོགས་པ་ལྟ་བུ་སྟེ། འབྲས་བུ་དང་ཐག་ཉེ་བའི་ཕྱིར་རོ། །དེ་ལ་རིང་བའི་རྒྱུ་ཡང་རྣམ་པ་གསུམ་དུ་བལྟ་སྟེ། ཇིས་འདེབས་ཇི་འདེབས་ཇི་ལྟར་འདེབས་པའོ། །ཇིས ་འདེབས་ཞེན་མ་རིག་པ་དང། འདུ་བྱེད་དང་རྣམ་པར་ཤེས་པས་འདེབས་སོ། །ཇི་འདེབས་ཞེ་ན་མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་རྣམས་འདེབས་སོ། །ཇི་ལྟར་འདེབས་ཤེ་ན། མ་རིག་པ་ལས་བྱུང་བའི་འདུ་བྱེད་ཀྱི་ཇི་བསྒྲུབས་པའི ་བག་ཆགས་ཀུན་གཞི་ལ་འདེབས་སོ། །ཉེ་བའི་རྒྱུ་ཡང་རྣམ་པ་གསུམ་དུ་བལྟ་སྟེ། ཇིས་མངོན་དུ་ཕྱུང། ཇི་མངོན་དུ་ཕྱུང། ཇི་ལྟར་མངོན་དུ་ཕྱུང་བའོ། །དེ་ལ་ཇིས་མངོན་དུ་ཕྱུང་བ་ནི། སྲེད་པ་དང་ལེན་པ་དང། སྲིད་པས་མངོན་དུ་ཕྱུང་ངོ། །ཇི་མངོན་དུ་ཕྱུང་བ་ནི་སྐྱེ་བའོ།། ་ཇི་ལྟར་མངོན་དུ་ཕྱུང་བ་ནི་སྲིད་པ་དང་ལེན་པས་ཀུན་གཞི་ལ་བཏབ་པའི་ས་བོན་སྲིད་པ་མེ་ཏོག་ལྟ་བུར་ཁ་འབྱེ་ཞིང་འབུ་བར་འབྱིན་ཏེ། དེ་དག་གི་ཉེས་དམིགས་བསྟན་པ་ནི་རྒ་ཤིའོ། །ཡན་ལག་གི་ཀུན་ནས་ཉོན་མོངས་པ་བསྡུ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང ་བ་ཡན་ལག་བཅུ་གཉིས་པོ་འདི་དག་ཉོན་མོངས་པ་རྣམ་པ་གསུམ་དུ་བསྡུ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུ་བ་དང། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་སྐྱི་བའི་ཀུན་ནས་ཉོན་མོངས་པར་བསྡུ་བའོ། །དེ་ལ་མ་རིག་པ་དང། སྲེད་པ་དང། ལེན ་པ་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུའོ། །འདུ་བྱེད་དང་རྣམ་པར་ཤེས་པ་དང་སྲིད་པ་གསུམ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུ་སྟེ། རྣམ་པར་ཤེས་པ་ཡང་ལས་ཀྱིས་བག་ཆགས་ཀྱི་རྟེན་ཡིན་པས་དེར་བསྡུ་རོ། །ལྷག་མ་རྣམས་ནི ་སྐྱེ་བའི་ཀུན་ནས་ཉོན་མོངས་པར་བསྡུའོ། །བདག་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་པའི་ཕྱིར་གཡོ་བ་མེད་པ། བྱེད་བ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོ་བ་མེད་པ་ནི་མ་རིག་པ་ཡང་འདི་ལྟར ་བདག་གིས་འདུ་བྱེད་པ་སྐྱེད་དོ་སྙམ་དུ་མི་སེམས་ལ། འདུ་བྱེད་ཀྱང་འདི་ལྟར་བདག་ནི་མ་རིག་པར་སྐྱེད་དོ་སྙམ་དུ་སེམས་པ་མོད་པའི་ཕྱིར་རོ། །བྱེད་པ་མེད་པ་ནི་མ་རིག་པ་ལ་སོགས་པ་སྐྱེད་པའི་རྐྱེན་ཙམ་བྱེད་པ་ཡིན་ཡང་འདུ་བྱེད་སྐྱེད་བ་ལ་བྱེད་པ་པོའི ་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །བདག་པོ་མེད་པ་ཞེས་བྱ་བ་ནི་དེ་དག་ལ་དབང་ཕྱུག་ལ་སོགས་པ་དབང་བྱེད་པར་གྱུར་པའི་མཚན་ཉིད་ཀྱི་བདག་པོ་གང་ཡང་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་དང་སེམས་ཅན་དང་གང་ཟག ་ལ་སོགས་པ་སྙིང་པོར་གྱུར་པ་གང་གིས་ཀྱང་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །ཆོས་ཇི་ལྟར་གནས་པ་བཞིན་དུ་འབྱུང་སྟེ། ཞེས་བྱ་བ་ནི་རྒྱུ་གང་ཡིན་པ་ལས་འབྲས་བུ་གང་འབྱུང་བ་ནི་ཆོས་ཇི་ལྟར་གནས་པ་བཞིན་དུ་འབྱུང་བ་ཞེས་བྱ་སྟེ། དབང་ཕྱུག ་ལ་སོགས་པ་ལས་འདུ་བྱེད་མི་འབྱུང་གི་མ་རིག་པའི་རྒྱུ་ལས་འདུ་བྱེད་འབྱུང་བའོ། །གང་འདི་ལ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་འདི་ལ་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་སྒྲ་དྲངས་ཏེ། གང་ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ་རིག་པ་ཀུན་འབྱུང་བ ་ནས་སྐྱེ་བ་ཀུན་འབྱུང་བ་ལས་རྒ་ཤི་ལ་སོགས་པ་ཀུན་འབྱུང་བར་ཟད་ཀྱི་དེ་ལས་གཞན་པའི་གཡོ་བ་པོ་དང། བྱེད་པ་པོ་ལ་སོགས་པ་མེད་པར་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཞེས་བྱའོ། །རྟེན་ཅིང་འབྲེལ ་པར་འབྱུང་བ་ལ་མཁས་པའི་རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་གང་དགེ་བའི་རྒྱུ་ལས་བྱུང་བའམ་མི་དགེ་བའི་རྒྱུ་ལས་བྱུང་བ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བ་ནི་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ལ་སོགས་པ་དགེ་བ ་བཅུའི་ལས་ཀྱི་ལམ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་འདོད་པའི་ཁམས་སུ་ལྷ་དང་མིར་སྐྱེ་བའོ། །མི་དགེ་བ་ནི་སྲོག་གཅོད་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་འདོད་པའི་ཁམས་སུ་ངན་སོང་གསུམ་དུ་སྐྱེ་བའོ། །མི་གཡོ་བ་ནི་བསམ་གཏན་དང ་སྙོམས་པར་འཇུག་པ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བའོ། །ཁམས་གཉིས་ཀྱི་ལས་ལ་ཅིའི་ཕྱིར་མི་གཡོ་བའོ། །ལམ་ཤེས་བྱ་ཞེ་ན། དེ་དག་གི་ལས་སེམས་རྩེ་གཅིག་པའི་མཚན་ཉིད་ལ་རྣམ་པར་རྟོག་པའི་རླུང་གིས ་བསྐྱོད་པར་མི་ནུས་པས་ན་མི་གཡོ་བ་ཞེས་བྱའོ། །ཡང་ན་ཇི་ལྟར་འདོད་པ་ནི་སྤྱོད་པའི་ལས་འགྲོ་བ་གཞན་དུ་འགྲོ་བ་ཡིན་ཡང་དེ་མ་ཡིན་པ་རྐྱེན་གཞན་གྱི་དབང་གིས་བསྐྱོད་དེ། འགྲོ་བ་དེ་རྣམ་པར་སྨིན་པ་བཞིན་དུ་རྣམ་པར་སྨིན་ལ་གཡོ་བ་མེད་པས་ན་མི་གཡོ་བ ་ཞེས་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་ལས་བྱས་པས་སྦྱིན་པ་ཡོངས་སུ་བཏང་ནས་མིའི་ནང་དུ་མིའི་ལོངས་སྤྱོད་མྱོང་བར་འགྱུར་བ་ལས་མི་དེ་ཉིད་ཀྱི་ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་ལས་བྱས་པའི་དབང་གིས་མིར་སྐྱེ་བའི་རྣམ ་པར་སྨིན་པ་བསྐྱོད་ནས་རྒྱལ་པོ་འམ་བློན་པོའི་བ་ལང་ངམ་རྟར་སྐྱེ་བ་ལྟ་བུར་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལས་ལ་རྣམ་པར་སྨིན་པ་གཡོ་བ་མེད་པས་ན་མི་གཡོ་བ་ཞེས་བྱའོ། །འཁོར་བར་སྐྱེ་བའི་རྒྱུ་ནི་འཁོར་བའི་རྒྱུ་སྟེ། འདི་ལྟར་དགེ་བ་དང ་མི་དགེ་བ་དང་མི་གཡོ་བའི་ལས་ཟག་པ་དང་བཅས་པ་རྣམས་སོ། །རྒྱུ་དེ་ལས་བྱུང་བ་ནི་འཁོར་བ་ཉིད་དེ། །མྱ་ངན་ལས་འདས་པར་གྱུར་བའི་རྒྱུ་ནི་མྱ་ངན་ལས་འདས་པའི་རྒྱུ་སྟེ། འཕགས་པའི་ལམ་རྣམས་སོ། །དེ་ལས་བྱུང་བ་ནི་མྱ་ངན་ལས་འདས་པའོ། །དེ་ལས ་མྱ་ངན་ལས་འདས་པ་འདི་རྣམ་པ་གཉིས་ཏེ། ཆ་གཅིག་སྤངས་པའི་མྱ་ངན་ལས་འདས་པ་དང། ཆ་གཉིས་སྤངས་པའི་མྱ་ངན་ལས་འདས་པའོ། །དེ་ལ་ཆ་གཅིག་སྤངས་པའི་མྱ་ངན་ལས་འདས་པ་ནི་མཐོང་བ་དང་བསྒོམས་པས་སྤངས་པར་བྱ་བའི་ཉོན་མོངས ་པའི་ཆ་སྤངས་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ཆ་གཉིས་སྤངས་པའི་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཉོན་མོངས་པའི་ཆ་སྤངས་པ་བཞིན་དུ་ཕུང་པོའི་ཆ་ཡང་སྤངས་པ་སྟེ། ཕུང་པོའི་ལྷག ་ཡང་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་གོང་དུ་བཤད་པའི་དགེ་བའི་རྒྱུ་དང། མི་དགེ་བའི་རྒྱུ་དང། མི་གཡོ་བའི་རྒྱུ་དང། འཁོར་བའི་རྒྱུ་དང། མྱ་ངན་ལས་འདས་པའི་རྒྱུ་ལས་བྱུང་བ་དེ་དག་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །སེམས ་ཅན་གང་དབང་པོའི་རྒྱུ་ལ་འཇུག་པ་ཚད་མར་བྱེད་པ་དེ་ན་དབང་པོའི་རྒྱུ་ལས་བྱུང་ཞིང། ལས་ཀྱི་རྒྱུ་ལས་བྱུང་བ་སྟེ། འབྲས་བུའི་རྒྱུ་གྲུབ་པར་བྱེད་དོ་ཞེས་བྱ་བ་ལ་དབང་པོ་ཉིད་དགེ་བ་དང་མི་དགེ་བ་དང་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་བྱེད་པ ་དང་འགྲུབ་པའི་རྒྱུ་ཡིན་པས་དབང་པོའི་རྒྱུ་སྟེ། དེ་ལྟར་དབང་པོའི་རྒྱུ་ལས་ཆོས་དེ་དག་འབྱུང་གི་།བྱེད་པ་པོ་ལ་སོགས་པས་བྱས་པ་མ་ཡིན་པར་ཤེས་པ་ནི་དབང་པོ་རྒྱུ་ལས་འཇུག་པ་ཚད་མར་བྱེད་པ་སྟེ། དེ་དག་ནི་དགེ་བ?་དོད་མི་དགེ་བ་དང། འཁོར་བ་དང་མྱ ་ངན་ལས་འདས་པ་ཀུན་ཀྱང་དབང་པོ་དང་ལས་ཀྱི་རྒྱུ་ལས་བྱུང་ཞིང་དགེ་བ་ལ་སོགས་པ་འབྲས་བུའི་རྒྱུ་དབང་པོ་ལས་གྲུབ་པར་བྱེད་དེ་ཞེས་ཟིན་པའི་ཆོས་རྣམས་ལ་ཡང་ཤེས་ལ་མ་ཟིན་པའང་ལས་ཀྱི་རྒྱུ་ལས་འབྱུང་བར་ཤེས་ན་རྟེན་ཅིང་འབྲེལ་པར་འབྱུང ་བ་ལ་མཁས་པ་ཡིན་པར་སྦྱར་རོ། །གང་དེ་ལྟར་རྒྱུ་ཀུན་འབྱུང་བ་ལས་སྐྱེ་བ་ལ་མཁས་པ་ཞེས་བྱ་བ་ནི་གང་གོང་དུ་བཤད་པ་ལྟར་རྒྱུ་སྨིན་པར་གྱུར་བ་ལས་འབྲས་བུ་སྐྱེ་བར་ཤེས་པ་འདི་ནི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུགས་དང་མཐུན་པའི་མཚན་ཉིད་བསྟན་ནས། ་ལུགས་ལས་བཟློག་པའི་མཚན་ཉིད་བསྟན་པའི་ཕྱིར། གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ལ་མཁས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འདི་ལྟ་སྟེ། ཤིང་མེད་ན་མེ་དང་དུ་བ་མི་འབྱུང་བ་དང། ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན ་དུ་ཉོན་མོངས་པ་འགོགས་ན་དེ་ལས་སྐྱེས་པའི་འབྲས་བུ་མི་འབྱུང་བའི་ཕྱིར་ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་པ་འགག་ཅེས་བྱ་བའོ། །ཇི་ལྟར་མ་རིག་པ་ལ་སོགས་པ་འགགས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ན། སྨྲས་པ་ཉེས་པ་མེད། ་འདི་ལ་གཏན་མེད་པར་དགག་པ་ལ་ནི་མ་རིག་པ་ལ་སོགས་པ་འགག་གོ་ཞེས་མི་བྱའི་དཔེར་ན་མར་མེའི་རྐྱེན་གྱིས་མུན་པ་འགགས་ན་སྣང་རབ་ཉིད་སྐྱེ་བ་དང། སྨན་བཅུད་ཀྱི་ལན་ཟོས་ན་ནད་མེད་ལ་བདེ་བ་སྐྱེ་བ་དེ་བཞིན་དུ་ལམ་བསྒོམས་པའི་མཐུས་མ་རིག་པ་དང ་མི་མཐུན་པ་གང་རིག་པ་སྐྱེ་བར་གྱུར་བ་དེ་ནི་མ་རིག་པ་འགགས་པ་ཞེས་བྱ་སྟེ། དེ་ལྟར་གོང་ནས་གོང་དུ་འདུ་བྱེད་ལ་སོགས་པ་དང་མི་མཐུན་པའི་གནས་འབྱུང་བ་ལ་འདུ་བྱེད་ལ་སོགས་པ་འགག་པར་བལྟའོ། །གཞན་ཡང་ཆོས་རྣམས་མཐུན་པའི་རྒྱུ ་ལས་འབྱུང་བ་དང། མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལུས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས ་ཅད་ནི་ནང་གི་ཆོས་དང་ཕྱིའི་ཆོས་རྣམས་སོ། །དེ་ལ་ནང་གི་ཆོས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའོ། །ཕྱིའི་ཆོས་ནི་ས་བོན་དང། མྱུ་གུ་ལ་སོགས་པའོ། །རྒྱུ་ལ་རག་ལུས་པ་ནི་ཆོས་དེ་དག་རྒྱུ་དྲུག་ལ་བརྟེན་ནས་སྐྱེའོ་ཞེས་བྱ་བའི་དོན ་ཏོ། དེ་ལ་རྒྱུ་དྲུག་པ་གང་ཞེ་ན་བྱེད་པའི་རྒྱུ་དང། ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་པ་མཉམ་པའི་རྒྱུ་དང། མཚུངས་པའི་རྒྱུ་དང། ཀུན་ཏུ་འགྲོ་བའི་རྒྱུ་དང། རྣམ་པར་སྨིན་པའི་རྒྱུའོ། །དེ་ལ་བྱེད་པའི་རྒྱུ་ནི་ཆོས་དེ་དག་སྐྱེ་བ་ནི་གཟུགས་དང་སེམས་ལ ་སོགས་པ་མཚན་ཉིད་དེ་དག་བདག་ཉིད་མ་གཏོགས་པར་ཆོས་གཞན་ཐམས་ཅད་ནི་བྱེད་པའི་རྒྱུ་སྟེ། སྐྱེ་བ་ལ་འགགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཆོས་གང་དག་གཅིག་ལ་གཅིག་གི་འབྲས་བུར་གྱུར་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ ་སྟེ། འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་རྣམས་ལྷན་ཅིག་སྐྱེ་བ་མ་ཕན་ཚུན་བསྐྱེད་པར་བྱེད་པས་གཅིག་ལ་གཅིག་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་དང། འདོད་པ་ན་སྤྱོད་པའི ་སྡུག་བསྔལ་མཐང་པས་སྤང་བར་བྱ་བའི་ཆོས་སྔར་སྐྱེས་པ་རྣམས་ཕྱིར་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་སྐོལ་བ་མཉམ་པའི་རྒྱུའོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་དང་ཡང་སྦྱར་རོ། །མཚུངས་པར་ལྡན་པའི་རྒྱུ་ནི ་སེམས་དང་སེམས་ལས་བྱུང་བ་གང་དག་སྐད་ཅིག་མ་གང་ལ་བརྟེན་ནས་གནས་པའི་དབང་པོ་རྣམས་སོ། །སྔར་སྐྱེས་པའི་ཉོན་མོངས་པ་རྣམས་ཕྱིས་སྐྱེས་པ་དང་མ་སྐྱེས་པ་དང་མ་སྐྱེས་པའི་རང་གིས་ས་པ་རྣམས་ཀྱིས་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར ་ཀུན་ཏུ་འགྲོ་བའི་རྒྱུའོ། །མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་རྣམ་པར་སྨིན་པའི་རྒྱུའོ། །རྐྱེན་ལ་རག་ལུས་ཞེས་བྱ་བ་ནི་རྐྱེན་བཞི་ལ་བརྟེན་ནས་ཀྱི་ཞེས་བྱ་བའི་དོན་ཏོ། །རྐྱེན་བཞི་ནི་རྒྱུའི་རྐྱེན་དང་དམིགས་པའི་རྐྱེན་དང་མཚུངས? ་པ་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་ཏོ། །དེ་ལ་རྒྱུའི་རྐྱེན་ནི་གང་འབྲས་བུ་སྐྱེད་པ་ལ་རྒྱུའི་དངོས་པོར་གནས་པ་སྟེ། ས་བོན་ལ་སོགས་པ་དང་ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པའོ། །གཞན་དག་ནི་གཞན་དུ་འཆད་དེ། བྱེད?་པའི ་མ་གཏོགས་པར་རྒྱུ་རྣམ་པ་ལྔ་རྣམས་ནི་རྒྱུའི་རྐྱེན་ཏེ་ཞེའོ། །དམིགས་པ་གང་ལ་སེམས་དང་སེམས་ལས་བྱུང་བ་གང་དམིགས་ནས་སྐྱེ་བར་འགྱུར་བའི་དམིགས་པ་དེ་དག་ནི་ངའི་དམིགས་པའི་རྐྱེན་ཏེ། དེ་འང་ཅི་རིགས་པར་ཆོས་ཐམས་ཅད་རྣམ་པར ་ཤེས་པ་དྲུག་གི་དམིགས་པའི་རྐྱེན་ཏོ། །མྱ་ངན་ལས་འདས་པར་འཇུག་པའི་ཐ་མའི་སེམས་མ་གཏོགས་པར་སེམས་དང་སེམས་ལས་བྱུང་བའི་རྒྱུ་རྣམས་ནི་མཚུངས་བ་དེ་མ་ཐག་པའི་རྐྱེན་ཏོ། །བྱེད་པའི་རྒྱུ་ཉིད་བདག་པོ་རྐྱེན་ཏོ། །ཚོགས་པ་ལ་རགས ་ལུས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་འདུས་ནས་འབྲས་བུ་བསྐྱེད་ནུས་པའི་མཐུ་དང་ལྡན་པར་གནས་པ་ལ་བརྟེན་ནས། འབྲས་བུ་སྐྱེ་ཞེས་བྱ་བའི་དོན་ཏོ། །མཐུན་པའི་རྒྱུ་ལས་འབྱུང་བ་བསྟན་ནས་མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་བསྟན་པའི་ཕྱིར་ཆོས་གང་རྒྱུ་དང ་རྐྱེན་དང་ཚེགས་པ་ལ་རག་ལུས་པ་དེ་དག་ལ་རག་མ་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དག་གིས་བཏགས་པའི་བདག་ལ་སོགས་པའི་བརྟེན་ཏེ་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་འདི་ན་ཞེ་འམ་སྔ་མ་ཞེ་འམ། གཞན་ཞེས་བགྲང་བ་ཅི་མང་མེད་ཞེས ་བྱ་བ་ནི་བདག་ལ་ཇི་ལྟར་རག་མ་ལུས་པ་དང། སེམས་ཅན་ལ་སོགས་པ་ལ་རག་མ་ལུས་བས་ན་ད་ལྟའི་དུས་སུ་ཡང་འདི་ན་ཞེས་བགྲང་དུ་མེད། འདས་པའི་དུས་སུ་ཡང་འདི་འདྲ་བ་ཞིག་ཅེས་བགྲང་དུ་མེད་མ་འོངས་པའི་དུས་སུ་ཡང་འདི་ལྟར་འགྱུར་ཞེས་བགྲང་དུ་མེད་པའི ་དོན་ཏོ། །ཡང་ན་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལུས་ཞེས་བྱ་བ་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་རྒྱུ་དང་འབྲེལ་བ་ལ་སྐྱེ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་དང་འབྲེལ་བ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས ་མྱུ་གུ་མྱུ་གུ་ལས་འདབ་མ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བ་གང་ཞེ་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །རྐྱེན་ལ་རག་ལུས་ཞེས་བྱ་བ་ནི་ཕྱི་དང ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་རྐྱེན་དང་འབྲེལ་པ་ལ་སྐྱེ་ཞེས་བྱ་བའི་དོན་ཏོ། །ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་གང་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཀྱི་ཁམས་རྣམས་ཤེས་གང་གསུངས་པའོ། །ནང་གི ་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་གང་ཞེ་ན་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་རྣམས་ཞེས་གང་གསུངས་པའོ། །ཚོགས་པ་ལ་རག་ལུས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མ་ཚང་བར་མ་གྱུར་བ་ལ་རྟེན་ཞེས་བྱ་བའི་དོན་ཏོ།། ་དེ་བས་ན་ས་ལུ་ལྗང་བའི་མདོ་ལས་ཀྱང། རྒྱུའི་སྐབས་སུ་ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུའི་བར་དུ་ཡང་མི་འགྱུར་རོ་ཞེས་གསུངས་པ་དང་རྐྱེན་གྱིས་སྐབས་སུ་རྐྱེན་འདི་རྣམས་མེད་པར་ས་བོན་ལས ་མྱུ་གུ་སྐྱེ་པར་མི་འགྱུར་གྱི། ནམ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་གྱུར་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་རྒྱུའི་སྐབས་སུ་གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་ཀྱང་མི་འབྱུང་བ་ཞིག་ནས ་དེ་བཞིན་དུ་སྐྱེ་པ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན། འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང། རྐྱེན་གྱི་སྐབས་སུ་ཡང་རྐྱེན་འདི་དག་མེད་པར ་ལུས་སྐྱེ་བར་མི་འགྱུར་གྱི་ནམ་མཁའ་ཨི་ཁམས་ཆང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཆོས་གང་རྒྱུ་དང་རྐྱེན་དང་ཚོགས་པ་ལ་རག་ལུས་པ་དེ་ཞེས་བྱ་བ་ནི་ཕྱི་དང་ནང་གང་གི་ཆོས་གང་རྒྱུ་དང་རྐྱེན་དང། རྒྱུ་རྐྱེན་འབྲེལ་བ་ལས་སྐྱེས་པའི་ཆོས ་དེ་དག་ནི་བདག་ལས་མི་སྐྱེ། སེམས་ཅན་ལས་མ་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མདོ་སྡེ་དེ་ཉིད་ལས་ཕྱིའི་རྟེན་ཅིང་འབྲེལ་པ་འབྱུང་བའི་སྐབས་སུ་དེ་ལ་སའི་ཁམས་ཀྱང་འདི་ལྟར་བདག་གི་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས་མྱུ ་གུ་དེ་ཡང་བདག་གིས་མ་བྱས། ཕ་རོལ་གྱི་མ་བྱས། གཉི་གས་མ་བྱས་དབང་པོས་མ་སྤྲུལ། དུས་ཀྱི་མ་བསྒྱུར། རང་བཞིན་ལས་མ་བྱུང། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། ཞེས་གསུངས་པ་དང། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ཡང་མ་རིག ་པ་ཡང་འདི་ལྟར་བདག་གི་འདུ་བྱེད་སྐྱེད་དོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས་བདག་མ་ཡིན་ནོ། །སེམས་ཅན་མ་ཡིན་སྲོག་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ན་འདི་ན་ཞེ་འམ་སྔ་མ་ན་ཞེ་འམ། གཞན་ན་ཞེས་བགྲང ་བ་ཅི་ཡང་མེད་དེ་ཞེས་བྱ་བ་ནི་ཆོས་གང་རྒྱུ་དང་རྐྱེན་དང་ཚོགས་པ་ལ་རག་ལུས་པས་བདག་དང་སེམས་ཅན་ལ་རག་མ་ལུས་པའི་ཆོས་དེ་ནི་ད་ལྟར་ཅི་ཡིན་ཞེས་རྟག་ཏུ་མེད་པ་དང་སྔོན་གྱི་དུས་ན་ནི་འདྲ་ཞེས་རྟག་ཏུ་མེད་པ་དང། མ་འོངས་པའི་དུས་ན་ཅི ་ལྟ་བུར་འགྱུར་ཞེས་བརྟགས་ཏུ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ས་ལུ་ལྗང་པའི་མདོ་ལས་ཀྱང། ཇི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་མ་བྱུང་བ་ཞིག་སྙམ་དུ་སྔོན་གྱི་མཛའ་ལ་མི་རྟོགས་མ་འོངས་པའི་དུས་ན་ཇི་འགྱུར། ཇི་ལྟ་བུར ་འགྱུར་ཞེས་མ་འོངས་པའི་དུས་ལ་མི་རྟོག་གི་འདི་ཇི་ཞིག་ཅི་ཞིག་ཡོད་ཅིར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་མི་རྟོག་གོ་ཞེས་གསུངས་སོ། །གཞན་ཡང་རྟན་ཅིང་འབྲེལ ་པར་འབྱུང་བ་མཛའ་གཉིས་དང་བྲལ་བ་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ནོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་རྟེན་ཐམས་ཅད་ཀྱང་ཉེ་བར་གཞོག་ལ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་དང། སྤངས་པ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་ཅེས་བྱ་སྟེ། བྱང་ཆུབ་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ཐམས་ཅད་ཤེས་པ་དང། རྣམ ་པ་ཐམས་ཅད་དུ་ཤེས་པ་དང། འབད་པ་མེད་པར་ཤེས་པ་དང། མ་བསྟན་པར་ཤེས་པ་དང། ཐམས་ཅད་ཤེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཤེས་བྱའི་དངོས་པོ་མ་ལུས་པར་ཤེས་པའོ། །རྣམ་པ་ཐམས་ཅད་དུ་ཤེས་པ་ནི་དེ་དག་ཀྱང་མི ་རྟག་པ་འམ། །བདག་མེད་པའི་རྣམ་པར་ཤེས་པ་འམ། དུས་གསུམ་ཐམས་ཅད་དུ་ཤེས་པ་སྟེ། ནམ་ཡང་ཤེས་པ་དེ་ལ་ཉམས་པ་མེད་པའོ། །འབད་པ་མེད་པར་ཤེས་པ་ནི་ཏིང་ངེ་འཛིན་ལ་སོགས་པའི་རྒྱུ་ལ་མི་བལྟོས་ཤིང་རྩོལ་བ་མེད་པར་ལྷུན་གྱི་གྲུབ་པར ་ཤེས་པའོ། །མ་བསྟན་པ་ཞེས་པ་ནི་མཁན་པོ་དང་སློབ་དཔོན་གྱི་མན་ངག་མེད་པར་རང་འབྱུང་གི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་དང་ཉིད་ཀྱིས་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པར་ལྔ་སྟེ། ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དང། ཤིན་ཏུ་སྤངས་པ་དང། བག་ཆགས་དང་བཅས་པ་སྤངས་པ་དང། སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤང་བའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་འདོད ་ཆགས་ལ་སོགས་པ་མཐོང་བ་དང་བསྒོམ་པའི་ལམ་གྱིས་སྤངས་པར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །ཤེས་བྱའི་སྒྲིབ་པ་སྤངས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་གཟུང་བ་དང་འཛིན་པའི་མངོན་པར་ཆགས་པའི་བག་ཆགས ་ཉོན་མོངས་པ་ཅན་མ་ཡིན་པ་མི་ཤེས་པ་སྤངས་པའོ། །ཤིན་ཏུ་སྤངས་པ་ནི་སྒྲིབ་པ་དེ་གཉིས་ཕྱིས་སེམས་ཀྱིས་རྒྱུད་ལ་འབྱུང་ཞིང་སྐྱེ་བ་མེད་པར་སྤངས་པའོ། །བག་ཆགས་དང་བཅས་པར་སྤངས་པ་ནི་སྒྲིབ་པ་དེ་གཉིས་ཀྱི་བག་ལ་ཉལ་ནས་བཏོན ་པའོ་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པ་ནི་མཐར་གྱིས་སྙོམས་པར་འཇུག་པ་དགུ་དང། ཟད་པར་གྱི་སྐྱེ་མཆེད་དང། ཟིལ་གྱི་གནོན་པའི་སྐྱེ་མཆེད་རྣམས་ཐོབ་པར་བྱ་བ་ལ་བར་དུ་གཅོད་པ་རྣམས་སྤངས་པའོ། །རྒྱུ་དང་རྐྱེན་གང་གིས་བླ་ན ་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་དང་རྐྱེན་དེ་རྣམས་ཉེ་བར་བསྒྲུབ་པ་ལ་བྱང་ཆུབ་ཀྱི་རྐྱེན་རྣམས་ཀྱང་ཉེ་བར་གཞོག་ལ་ཞེས་བྱ་བའི་རྒྱུ་དང་རྐྱེན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །རྐྱེན་དེ་དག་ཀྱང་ཟད་ཅིང་འགོག་པར་རྟོགས ་ཏེ། ཞེས་བྱ་བ་ན་བྱང་ཆུབ་ཀྱི་རྒྱུ་དང། རྐྱེན་རྣམས་ངོ་བོ་ཉིད་མེད་པར་ཤེས་པ་འམ། མ་རིགས་པའི་རྐྱེན་ཀྱིས་འདུ་བྱེད་འབྱུང་བ་ལ་སོགས་པ་རྐྱེན་གོང་དུ་སྨོས་པ་རྣམས་ངོ་བོ་ཉིད་མེད་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན ་ལ་ལྟ་བའི་ཕྱིར་ཟད་ཅིང་འགོག་པའི་ཡེ་ཤེས་སུ་མི་འཇོག་ཅེས་བྱ་བ་ནི་དེ་ལྟར་དེ་བཞིན་མྱ་ངན་ལས་འདས་པ་སྟོང་པའི་མཚན་ཉིད་རྟོགས་ཀྱང་སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་འབའ་ཞིག་ལ་གནས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། ། ་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པའི་འོག་ཏུ་དུས་གསུམ་ལ་མཁས་པ་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལྟ་བྱང་ཆུབ་སེམས་དཔའ་ཨི་དུས་གསུམ་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །དུས་གསུམ་པོ་དེ་ཡང་དུས་ཉིད་ལ ་རྣམ་པ་གསུམ་ཡོད་པ་ནི་མ་ཡིན་གྱི། སེམས་དང་སེམས་ལས་བྱུང་བ་ལ་དུས་གསུམ་དུ་གཞག་སྟེ། སེམས་དང་སེམས་ལས་བྱུང་བའི་དངོས་པོ་ལ་སོགས་པའི་དངོས་པོ་དེ་དག་ཉིད་རྒྱུ་དང་འབྲས་བུ་བཅས་པར་འདས་ཏེ། ཞིག་པ་ནི་འདས་པའི་དུས ་ཞེས་བྱ་བ། རྒྱུ་དང་འབྲས་བུ་ད་དུང་མ་སྐྱེས་པ་ལ་ནི་མ་འོངས་པའི་དུས་ཞེས་བྱ། རྒྱུ་དང་འབྲས་བུ་སྐྱེས་ནས་མ་ཞིག་གི་བར་དུ་ནི་དེ་ལྟར་བྱུང་བའི་དུས་ཞེས་བྱ་སྟེ། དངོས་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཅི་འདྲ་བ་ལ་མཁས་པ་ནི་དུས ་གསུམ་ལ་མཁས་པ་ཞེས་བྱའོ། །འདས་པའི་དུས་ལ་མཁས་པ་བསྟན་པའི་ཕྱིར། གང་བདག་དང་སེམས་ཅན་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་དང་མི་དགེ་བ་དང་འབྲེལ་བའི་སེམས་དང་སེམས་ལས་བྱུང་བ་གང་ཡིན་པ་ནི་སེམས ་དང་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་རྣམས་ཞེས་བྱའོ། །བདག་དང་སེམས་ཅན་གཞན་གྱིས་འདས་པའི་དུས་ན་དགེ་བ་ནི་འདི་ལྟ་བུ་ཞིག་བྱས། མི་དགེ་བ་ནི་འདི་ལྟ་བུ་ཞིག་བྱས་ཞེས་བདག་གཞན་གྱིས་དགེ་བ་དང་མི་དགེ་བྱས་པ་མ་བརྗེད་པ་ནི ་རྗེས་སུ་དྲན་པའོ། །དེ་ཙམ་གྱིས་འདས་པའི་དུས་ལ་མཁས་པ་ཡིན་ནམ་ཞེ་ན་མ་ཡིན་པར་བསྟན་པའི་ཕྱིར། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བདག་དང་གཞན་གྱི་མི་དགེ་བ་དང་འབྲེལ་བའི་སེམས ་དང་སེམས་ལས་བྱུང་བ་དྲན་ནས་ཞེས་བྱ་བ་དང་སྦྱར་རོ། །བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་བ་ནི་དགེ་བ་བྱས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་པ་ཅེས་སྨོན་པའོ། །མ་འོངས་པའི་དུས་ལ་མཁས་པ་བསྟན་པའི ་ཕྱིར། གང་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འོངས་པ་ན་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་བདག་དང་གཞན་ལ་ཕན་པར་བྱེད་པའི་རྐྱེན་དུ་གྱུར་པ ་དགེ་བའི་རྩ་བ་རྣམས་གདོན་མི་ཟ་བར་བྱའོ་ཞེས་སེམས་པ་ནི་དགེ་བའི་རྩ་བའི་ཚོགས་ལ་ངེས་པར་སེམས་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་མངོན་དུ་གྱུར་པའི་ལས་སེམས་ཏེ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཐོབ་པར་གྱུར་པའི ་དགེ་བའི་ལས་བྱ་བའི་སེམས་པ་ནི་བྱང་ཆུབ་མངོན་དུ་འགྱུར་བའི་ལས་སེམས་པ་ཞེས་བྱའོ། །དོན་དེ་ཉིད་ཇི་ལྟ་བུ་ཡིན་པས་གསལ་བར་བསྟན་པའི་ཕྱིར། བདག་གི་དགེ་བའི་སེམས་བསྐྱེད་པ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་དང་འབྲེལ ་བའི་སེམས་ནི་དགེ་བའི་སེམས་སོ། །བསྐྱེད་པ་ནི་ད་ལྟར་གྱིས་དུས་ན་དགེ་བའི་སེམས་སྐྱེས་ཟིན་པའོ། །སྐྱེ་བར་འགྱུར་བ་ནི་མ་འོངས་པའི་དུས་ན་དགེ་བ་དང་འབྲེལ་བའི་སེམས་གདོན་མི་ཟ་བར་སྐྱེ་བར་འགྱུར་བའོ། །དེ་དག་ཅེས་བྱ་བ་ནི་དུས་གཉིས་ཀྱི་དགེ་བའི ་སེམས་ཉིད་ལ་སྙེགས་ཏེ། ད་ལྟར་གྱི་དུས་ན་དགེ་བའི་སེམས་བསྐྱེད་པ་དང། མ་འོངས་པའི་དུས་ན་སྐྱེ་བར་འགྱུར་བ་དེ་དག་ཅེས་བྱ་བའི་དོན་ཏོ། །ནི་ཞེས་བྱ་བས་དགེ་བ་དེ་དག་ཐེག་པ་གཉིས་དང། ལྷ་དང་མིའི་བདེ་བགྲོར་མི་བསྔོ་ཞེས་བྱ་བར ་སྟོན་ཏེ། བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།སྐབས་ནི་མི་དབྱེ་ཞེས་བྱ་བ་ནི་མ་འོངས་པའི་མི་དགེ་བའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྐྱེ་བས་མི་དབྱེ་ཞེས་བྱ་བར་སྟོན་ཏོ། །གོང་དུ་བཤད་པའི་དོན ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་དེ་ལྟ་བུར་སེམས་ལ་སྒོ་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུར་སེམས་ལ་བསྒོ་ཞེས་བྱ་བ་ནི་ཇི་ནས་ད་ལྟར་གྱི་དུས་ནས་དགེ་བའི་སེམས་སྐྱེད་པ་དང། མ་འོངས་པའི་དུས་ན་དགེ་བའི་སེམས་སྐྱེ་བར་འགྱུར་བ་དེ ་དག་ངེས་པར་བྱང་ཆུབ་ཏུ་བསྔོ་ལ། མ་འོངས་པའི་མི་དགེ་བའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྐབས་མི་དབྱེའོ་ཞེས་དེ་ལྟ་བུར་དེ་ནས་སེམས་ལ་བསྒོ་ཞིང་སེམས་ལ་འཇོག་པར་བྱེད་པ་དེ་ནི་ཞེས་བྱ་བའི་དོན་ཏོ། །ད་ལྟར་བྱུང་བའི་དུས་ལ་མཁས ་པ་བསྟན་པའི་ཕྱིར། ད་ལྟར་བྱུང་བ་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད?་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་བྱེད་ཅིང། འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ་བ་རྣམས་ལ་མི་འཇུག་པ་ནི་ཚུལ་བཞིན་སྦྱོར་བ་ཞེས་བྱ་སྟེ། དེ་ན? ་གཞན་ནི་སླ་བས་མ་བཤད་དོ། །ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ཀྱིས་དུས་གསུམ་ན་གནས་པའི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ནི་དུས་གསུམ་ལ་མཁས་པ་ཡིན་ནོ། །བསྟན་པར་བཞེད་ནས་གཞན་ཡང་གང་འདས་པའི ་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་འདས་པའི་དུས་ཀྱི་ཆོས་ཕུང་པོ་དང། སྐྱེ་མཆེད་ལ་སོགས་པ་གང་ཟག་དང་ཆོས་ཀྱི་དངོས་པོར་ཡོད་པར་མ་ཡིན་པ་ཡིད་ཆེས་པ་ནི་འདས་པའི་དུས་ཀྱི་ཆོས་རྣམས་སྟོང་པར ་མོས་པའོ། །ལྷག་མ་ཡང་དེ་བཞིན་དུ་སྦྱར་ཏེ། ཚིག་གཞན་ནི་སླ་བས་མ་བཤད་དོ། །གང་ཡང་དུས་གསུམ་གྱི་ཆོས་རྣམས་མི་འཕོ་བ་དང། མི་སྐྱེ་བ་དང་མི་གནས་པར་རྟོགས་པ་ནི་དུས་གསུམ་ལ་མཁས་པའོ་ཞེས་བསྟན་པར་བཞེད་ནས། གཞན་ཡང ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདས་པའི་དུས་ན་ཟད་པའི་ཆོས་རྣམས་ཕྱི་མའི་མཐར་འཕོངས་པར་མི་ལྟ་ཞེས་བྱ་བ་ནི་ཆོས་སྔ་མ་འདས་པ་རྣམས་ངོ་བོ་ཉིད་ཀྱིས་འདས་ཏེ། ཕྱི་མ་དང་མཚམས་མི་སྦྱོར་བར་རྟོགས་ཀྱང་ཞེས་བྱ་བའི ་དོན་ཏོ། །དགེ་བའི་མངོན་པར་འདུ་བྱེད་པ་ལ་བརྩོན་འགྲུས་ཀྱང་མི་གཏོང་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་མི་འཕོ་ཡང་ལས་དང་འབྲས་བུ་ལ་ཡིད་ཆེད་དེས་ཏེ། སྔ་མའི་རྒྱུས་ཕྱི་མའི་འབྲས་བུ་སྒྲུབ་པར་ཤེས་ན་དགེ་བ་སྤྱོད་པའི ་བརྩོན་འགྲུས་ཀྱང་མི་གཏོང་ཞེས་བྱ་བའི་དོན་ཏོ། །མི་དགེ་བ་མངོན་པར་འདུ་མི་བྱེད་ཅེས་བྱ་བ་ནི་དེ་ལྟར་དངོས་པོ་མེད་དེ། སྔ་མ་དང་ཕྱི་མར་མི་འཕོ་བས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་མི་ལྟ་སྟེ། དེའི་ཕྱིར་མི་དགེ་བ་མངོན་པར་འདུ ་མི་བྱེད་དོ། །གང་མ་འོངས་པའི་དུས་ཀྱི་ཆོས་རྣམས་མི་སྐྱེ་མི་འབྱུང་བར་རྟོག་ཅིང་བྱང་ཆུབ་ཏུ་བསྔོ་བའི་བརྩོན་འགྲུས་ཀྱང་མི་འདོད་ཞེས་བྱ་བ་ནི་དོན་དམ་པར་ན་མ་འོངས་པའི་དུས་ན་ཐོབ་པར་བྱ་བའི་བྱང་ཆུབ་ཉིད་མི་སྐྱེ་མི་འབྱུང་བར་རྟོག་ཀྱང་ཀུན ་རྫོབ་ཏུ་མེད་པར་མི་ལྟ་བས་བྱང་ཆུབ་ཏུ་སྔོ་བའི་བརྩོན་འགྲུས་ཀྱང་མི་གཏོང་ངོ། །དེ་ལྟར་བྱུང་བའི་དུས་ན་ཆོས་རྣམས་འདུག་པ་མེད་ཅིང་མི་གནས་པར་རྟོགས་ཏེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རབ་ཏུ་བསྟན་པ་ནི་བྱང་ཆུབ་ཀྱི་སེམས ་ཀྱང་མི་བརྗེད་དེ་ཞེས་བྱ་བ་ནི་དོན་དམ་པར་ད་ལྟར་བྱུང་བའི་ཆོས་རྣམས་མི་གནས་པས་བྱང་ཆུབ་ཀྱི་སེམས་ཉིད་ཀྱང་མི་གནས་ཏེ། བྱང་ཆུབ་ཀྱི་སེམས་ལ་སྨོངས་པ་འམ། བརྗོད་པར་འགྱུར་བའི་རིགས་ན། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རབ ་ཏུ་བསྟན་པ་ནི་སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་དོ་ཞེས་བྱ་བའི་དོན་ཏོ། །དུས་གསུམ་ལ་མཁས་པའི་རྣམས་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་གང་འདས་པ་དེ་ནི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདས་པའི་ཆོས་རྣམས་ནི་རྒྱུ་དང་འབྲས་བུ་བཅས་ཏེ། འགགས་པས་ན་ཟད་པ་ཞེས་བྱའོ། །མ་འོངས་པའི་ཆོས་རྣམས་ནི་རྒྱུ་དང་འབྲས་བུ་བཅས་ཏེ་མ་ཕྱིན་པས་ན་མ་ཕྱིན་པའོ། །ད་ལྟར་བྱུང་བའི་ཆོས་རྣམས་རྒྱུས་འབྲས་བུ་བསྐྱེད་ནས་དེ་མ་ཐག་ཏུ་འགགས ་པས་ན་གནས་པ་མེད་པའོ། །དེ་ལྟར་དུས་གསུམ་གྱི་མཚན་ཉིད་བསྟན་ནས། དེ་ལ་མཁས་པ་བསྟན་པའི་ཕྱིར། གང་དེ་ལྟར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོག་ཅིང་ཅེས་བྱ་བའི་སྒྲ་རེ་རེ་དང་སྦྱོར་ཏེ། སེམས་དང་སེམས ་ལས་བྱུང་བ་ཞིག་པ་རྣམས་ལ་རྟོག་པ་དང། སེམས་དང་སེམས་ལས་བྱུང་བ་ཞུ་བ་རྣམས་ལ་རྟོག་ཅེས་བྱ་བར་སྦྱར་རོ། །དེ་ལ་ད་ལྟར་གྱིས་སེམས་དང་སེམས་ལས་བྱུང་བ་རྣམས་རྒྱུས་འབྲས་བུ་བསྐྱེད་དེ་བསྐྱེད་མ་ཐག་ཏུ་རྒྱུ་དང་འབྲས་བུ་བཅས་ཏེ། འགགས ་པས་དངོས་པོ་མེད་དོ་ཞེས་རྟོགས་པ་ནི་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་རྣམས་ལ་རྟོག་པ་ཞེས་བྱའོ། །འདས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྒྱུ་དང་བཅས་ཏེ་འབྲས་བུ་འགག་པས་དངོས་པོ་མེད་དོ་ཞེས་རྟོག་པ་ནི་སེམས་དང་སེམས ་ལས་བྱུང་བའི་ཞིག་པ་རྣམས་ལ་རྟོགས་པ་ཞེས་སྦྱར་རོ། །མ་འོངས་པའི་སེམས་དང་སེམས་ལས་བྱུང་བས་ནི་རྒྱུ་དང་བཅས་ཏེ། འབྲས་བུ་མ་སྐྱེས་པས་ན་དངོས་པོ་མེད་དོ་ཞེས་རྟོགས་པ་ནི་ཞུ་བ་རྣམས་ལ་རྟོགས་པ་ཞེས་བྱའོ། །དེ་ལྟར་དུས་གསུམ་གྱི་དངོས་པོ་རྣམས ་ཡང་དག་པར་ན་དངོས་པོ་མེད་པས་དགེ་བའི་ཚོགས་རྣམས་ཀྱང་དངོས་པོ་མེད་པའི་ཕྱིར་ཚོགས་གཉིས་ཀྱང་མི་གྲུབ་བམ་སྙམ་པ་ལ་བྱང་ཆུབ་སྒྲུབ་པའི་དགེ་བའི་རྩ་བ་རྣམས་ཀྱང་ཡང་དག་པར་སྒྲུབ་པ་ཞེས་བྱ་བར་སྨོས་ཏེ། ཚོགས་གང་གིས་བྱང་ཆུབ་སྒྲུབ་པར ་བྱེད་པའི་ཚོགས་ཀྱི་མཚན་ཉིད་དགེ་བའི་རྩ་བ་ནི་བྱང་ཆུབ་སྒྲུབ་པའི་དགེ་བའི་རྩ་བ་ཞེས་བྱ་སྟེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེ་ནི་འདི་སྐད་དུ་དོན་དམ་པས་དུས་གསུམ་གྱི་དངོས་པོ་རྣམས་ཀྱང་རང་བཞིན་མེད་མོད་ཀྱི ་ཀུན་རྫོབ་ཏུ་ཇི?་ལས་བྱས་བ་དེ་ལྟ་དེ་ལྟར་འབྲས་བུ་མེད་པ་ཡིན་ཏེ། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་ཀྱང་བསྒྲུབ་པར་བྱེད་ཅེས་བྱ་བར་སྟོན་ཏོ། །གཞན་ཡང་མངོན་པར་ཤེས་པ་ལྔ་དང་ལྡན ་བས་དུས་གསུམ་གྱི་དངོས་པོ་རྣམས་ཁོང་དུ་ཆུད་ཅིང་དྲན་ཏེ། བདག་གི་དགེ་བའི་རྩ་བ་ཆུད་མི་ཟ་བར་བྱེད་བ་ནི་དུས་གསུམ་ལ་མཁས་པའོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་མངོན་པར་ཤེས་པ་ལ་མཁས ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་པར་ཤེས་པ་དང་ལྡན་པ་ནི་མངོན་པར་ཤེས་པ་ལ་མཁས་པ་འམ། ཡང་ན་མངོན་པར་ཤེས་པས་དངོས་པོ་རྣམས་ཤེས་ཤིང་དྲན་ཏེ། དགེ་བའི་རྩ་བ་བྱས་པ་རྣམས་ཆུད་མི་གསོན་པའི་མངོན་པར ་ཤེས་པ་འདས་པའི་དུས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནི་སྔོན་གྱིས་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་འདས་པའི་དུས་ན་མི་དགེ་བ་ཅི་བྱས་པ་དག་དགེ་བ་ཅི་བྱས་པ་མི་བརྗེད་པ་ནི་འདས་པའི་དུས་དྲན་པའོ། །དེ་ལྟར་དྲན་པ་ཡང་མ་ཟད་ཀྱི། སྔོན་དགེ་བའི་རྩ་བ་བསྐྱེད ་པ་རྣམས་རྗེས་སུ་དྲན་ནས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་ནི་འདས་པའི་དུས་ལ་མཁས་པ་ཞེས་བྱའོ། །གང་མ་འོངས་པའི་དུས་ན་དགེ་བའི་སེམས་བསྐྱེད་པ་རྣམས་རབ་ཏུ་ཤེས་པ་དང་ཞེས་བྱ་བ་ནི་འདིར་ཡང་སྔོན་གྱི་གནས་རྗེས་སུ་དྲན་པའི ་མངོན་པར་ཤེས་པ་དང། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པས་མ་འདས་པའི་དུས་ན་དགེ་བའི་སེམས་སྐྱེ་བར་འགྱུར་བ་རྣམས་ཤེས་ཤིང་མཐོང་ཞེས་བྱ་བར་སྦྱར་ཏེ། མ་འོངས་པ་ན་བྱང་ཆུབ་སེམས་བསྐྱེད་ནས་འདོད་མ ་ཆགས་པ་དང། ཞེ་མི་སྡང་བ་དང། གཏི་མི་མུག་པའི་དགེ་བའི་རྩ་བའི་རྒྱུ་ལས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དགེ་བ་རྣམས་གདོན་མི་ཟ་བར་སྐྱེ་བར་ཤེས་པ་ནི་མ་འོངས་པའི་དགེ་བའི་སེམས་བསྐྱེད་པ་རྣམས་རབ་ཏུ་ཤེས་པ་ཞེས་བྱའོ།། ་དེ་ལྟར་ཤེས་ནས་ཀྱང་ད་ལྟར་ཉིད་ཀྱི་དུས་ནས་དགེ་བ་དེ་དག་ཡོངས་སུ་རྫོགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་ཅིག་པར་སེམས་ལ་མངོན་པར་འདུ་བྱེད་ཅིང་རེ་བ་ནི་དེ་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལྟར་བྱུང་བའི་དུས་ལ ་མཁས་པ་ཡང་རྣམ་པ་གསུམ་སྟེ། ཕྱིན་ཅི་མ་ལོག་པར་བྱེད་པ་དང། མི་ཉམས་པར་བྱེད་པ་དང། འབྲས་བུ་གཞན་དུ་མི་འགྱུར་བར་བྱེད་པ་སྟེ། དེ་ལ་གང་ད་ལྟར་བྱུང་བའི་དུས་ལ་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་རྣམས་ཡིད་ལ་བྱེད་ཅི་ཞེས་བྱ་བས་ཕྱིན་ཅི ་མ་ལོག་པར་བྱེད་པ་ནི་བསྟན་ཏེ། དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་ལ་ཕྱིན་ཅི་མ་ལོག་པར་ཡང་དང་ཡང་ཡིད་ལ་བྱེད་པའི་ཕྱིར་རོ། །གནས་པར་བྱེད་ཅེས་བྱ་བ་ནི་མ་ཉམས་བར་བྱེད་པ་བསྟན་ཏེ། དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་གོང་ནས་གོང་དུ་ཁྱད ་པར་དུ་འབོགས་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཞེས་བྱ་བས་འབྲས་བུ་གཞན་དུ་མི་འགྱུར་བར་བྱེད་པ་བསྟན་ཏེ། །དེ་ལྟར་བྱུང་བའི་དུས་སུ་དགེ་བ་བྱས་ཏེ་གནས་པར་གྱུར་པ་རྣམས་ལྷ་དང་ཀླུ་ལ་སོགས་པའི་འབྲས་བུ་ཐོབ་པར་མི་བསྔོའི། ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསྔོ་བའི་ཕྱིར་རོ། །དུས་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཅི་བྱས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དུས་གསུམ་ལ་མཁས་པ་ཡིན་ནོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་སེམས་ཅན་ཐམས་ཅད་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བས་ནི་རིགས་ལྔ་དང་ལྡན་པའི་གང་ཟག་རྣམས་བསྡུས་ཏེ། དེ་དག་སོ་སོའི་ཐེག་པ་དང་ལྷ་དང་མིའི་བདེ་འགྲོར་འགོག་པ་ནི་ཡོངས་སུ་སྨིན་པར་བྱ་བ་སྟེ། ཕྱིར ་ཞེས་བྱ་བ་ནི་དེའི་ཆེད་དུའོ། །འདས་པའི་བསོད་ནམས་ཀྱི་དྲན་པ་ནས་ཞེས་བྱ་བ་ནི་བདག་གི་སྔོན་དགེ་བ་འདི་དང་འདི་བྱས་སོ་ཞེས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཅེས་བྱས་བ་མ་བརྗེད་པ་ནི་དྲན་པའོ། །སེམས་ཅན ་གང་དག་ཇི་ལྟ་བུར་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བས་སྔོན་བྱས་པའི་བསོད་ནམས་དེ་དག་དྲན་པ་ཙམ་དུ་མ་ཟད་ཀྱི་བསོད་ནམས་དེ་དག་གི་མཐུས་སེམས་ཇི་སྙེད་ཅིག་ཇི་ལྟར་སྨིན་པར་བྱ་བ་དེ་དག་ཐམས ་ཅད་དེ་བཞིན་དུ་སྨིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།མ་འོངས་པའི་དུས་ཀྱི་སེམས་ཅན་གང་དག་སངས་རྒྱས་མཉེས་པར་བྱ་བས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་ཅེས་བྱ ་བ་ནི་སངས་རྒྱས་མཉེས་པར་བྱ་བའི་སྒོ་ནས་མ་འོངས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་གང་དག་སངས་རྒྱས་མཉེས་པར་བྱ་བས་ཡོངས་སུ་སྨིན་པར་བྱ་བ་ཞེས་བྱ་སྟེ། དེ་ནི་འདི་སྐད་དུ། དེ་བཞིན་གཤེགས་པ ་དེ་དག་གི་དྲུང་དུ་སོང་ནས་དམ་པའི་ཆོས་མཉན་པ་དང། བསམ་པ་དང་བསྒོམ་པ་ལ་སོགས་པ་སྒྲུབ་པའི་མཆོད་པ་དང། མཉེས་པར་བྱས་ནས། དེ་ལ་བརྟེན་ཏེ་སེམས་ཅན་ཇི་སྙེད་ཅིག་ཇི་ལྟར་ཡོངས་སུ་སྨིན་པར་བྱས། དེ་སྙེད་ཅིག་དེ་བཞིན་ཡོངས་སུ་སྨིན་པར ་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་འམ། རྫུ་འཕྲུལ་གྱིས་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ལ། ཆོ་འཕྲུལ་གྱི་སྒྲ་གཉིས་ཀ་དང་སྦྱར་ཏེ། ་ཆོས་བསྟན་པའི་ཆོ་འཕྲུལ་དང། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་བསྟན་པའི་ཆོ་འཕྲུལ་ཡང་རྣམ་པ་གཉིས་ཏེ། ཀུན་བརྗོད་པའི་ཆོ་འཕྲུལ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་ལ་ཀུན་བརྗོད་པའི་ཆོ་འཕྲུལ་ནི་སེམས་ཅན་རྣམས ་ཀྱིས་ཁམས་དང་རང་བཞིན་དང་བག་ལ་ཉལ་རྣམས་བརྟགས་ནས་དེ་དག་ལ་དེ་བཞིན་དུ་བརྗོད་པའོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་དེ་ལྟར་གདུལ་བྱ་དེ་དག་བརྡ་སྤྲད་ནས་བསྟན་པ་ལ་བཙུད་དེ། འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་གི་བདེན་པ། འདི ་ནི་འགོག་པའི་བདེན་པ། འདི་ནི་ལམ་གྱི་བདེན་པའོ་ཞེས་བདེན་པ་བཞི་ལ་སོགས་པ་འཆད་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་དབང་ལྔ་དང་ལྡན་པ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང། སྣང་བ་དང ་མི་སྣང་བ་ལ་དབང་བས་སྤྲུལ་པ་ལ་དབང་བ་དང། རྩིག་པ་ལ་ཡང་ཐད་ཀར་འགྲོ་།ར་བ་ལ་ཡང་ཐད་ཀར་འགྲོ་བ་ལ་སོགས་པ་ལ་དབང་བས་འགྲོ་བ་ལ་དབང་བ་དང་ནམ་མཁའ་ལ་མངོན་དུ་འཕགས་ཏེ་སྤྱོད་ལམ་རྣམ་བཞི་བྱེད་པ་དང། ཆུ་ལ་ཡང་མི་ནུབ ་བར་འགྲོ་སྟེ། ས་ཆེན་པོ་ལ་བྱ་བ་བཞིན་བྱེད་པ་ལ་དབང་བས་གནས་པ་ལ་དབང་བ་དང། མིའི་འགྲོ་ག་འདི་ན་གནས་བཞིན་དུ་ལྷའི་འགྲོ་བར་གཏོགས་པ། ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ ་ལ་འང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་པས་ལུས་ལ་དབང་བ་དང། ཚོངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་དབང་སྒྱུར་བས་ཁམས་ཁྱད་པར་ཅན་ལ་དབང་བ་སྟེ། དེ་ལྟར་དབང་ལྔ་དང་ལྡན་པས་གདུལ་བའི་སེམས་ཅན ་འདུན་པར་བྱེད་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །ད་ལྟར་གྱི་སེམས་ཅན་ཁ་ཅིག་ཆོས་བསྟན་པའི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་ཡིན། སེམས་ཅན་ཁ་ཅིག་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས ་དཔའ་ཨི་ཆོ་འཕྲུལ་གང་གིས་སེམས་ཅན་གང་ཡོངས་སུ་སྨིན་པར་བྱ་བ་ཆོ་འཕྲུལ་དེས་སེམས་ཅན་དེ་ཡོངས་སུ་སྨིན་པར་བྱེད་དེ། དེ་བས་ན་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་སོ། །དུས་གསུམ་ལ་མཁས ་ལ་གོང་དུ་བཤད་པ་རྣམས་ཀྱི་དོན་བསྡུས་ཏེ། བསྟན་པར་བཞེད་ནས། ང?་གང?་དུས་གསུམ་འདི་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ། བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བའི་དོན་ཏོ། །དུས་གསུམ ་འདི་དག་ཅེས་བྱ་བ་ནི་གོང་དུ་བཤད་པའི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱིས་དུས་དག་ལའོ། །མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའི་ཚིག?་གོང་མའི་ཚིགས་གསུམ་པར?་དང། ཡང་སྦྱར་ཏེ་བདག་གི་དོན་ལ་མ་ཆགས་པས་ཡོངས་སུ་རྫོགས་པར ་བྱེད་པ་དང་གཞན་གྱི་དོན་ལ་མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་པ་དང། བྱང་ཆུབ་ཀྱི་དོན་ལ་མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་ཅེས་སྦྱར་རོ། །དེ་ལ་བདག་ཡོངས་སུ་སྨིན་པར་འགྱུར་བ་འམ། བདག་ལ་ཕན་པར ་འགྱུར་བའི་དོན་ནི་བདག་གི་དོན་ཏེ། དེ་ཡང་སྤངས་པ་དང་སྒྲུབ་པའི་མཚན་ཉིད་རྣམ་པ་གཉིས་སོ། །དེ་ལ་སྤངས་པ་སྤངས་པ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པ་སྤངས་པ་དང། སྡུག་བསྔལ་སྤངས་པ་དང་ཤིན་ཏུ་སྤང་པའོ། །དེ་ལ་ཉོན ་མོངས་པ་སྤངས་པ་ནི་འཇིག་རྟེན་གྱི་ལས་གོང་མ་ལ་ཞི་བར་ལྟ་ཞིང། ས་འོག་མ་ལ་སྐྱོན་དུ་ལྟ་བས་ཅུང་ཟད་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་ཉོན་མོངས་པ་ཐང་ཅིག་རྩེ་བཅིལ་བ་དང། འཇིག་རྟེན་ལས་འདས་པ་མཐོང་བ་དང་བསྒོམ་པའི་ལམ་གྱིས ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་བག་ཆགས་ཀྱང་མ་ལུས་བར་བཏོན། དེ་ལ་སྡུག་བསྔལ་སྤངས་པ་ནི་ངན་སོང་གསུམ་དུ་སྐྱེ་བའི་སྡུག་བསྔལ་དང། ཁམས་གསུམ་དུ་སྐྱེ་བའི་སྡུག་བསྔལ་མ་ལུས་པར་སྤངས་པའོ། །ཤིན་ཏུ་སྤངས ་བའི་ཉོན་མོངས་པ་དང་སྡུག་བསྔལ་སྤངས་པ་ད་དག་ལན་ཅིག་སྤངས་ནས་ཕྱིས་ཅི་ནས་ཀྱང་དེའི་སེམས་ཀྱིས་རྒྱུད་ལ་མི་སྐྱེ་བར་བྱེད་པའོ། །དེ་ལ་སྒྲུབ་པ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་བདེ་བ་སྒྲུབ་པ་དང། འཇིག་རྟེན་ལས་འདས་པའི ་བདེ་བ་སྒྲུབ་པའོ། །འཇིག་རྟེན་གྱི་བདེ་བ་སྒྲུབ་པ་ནི་ཇི་སྲིད་དུ་འཇིག་རྟེན་ལས་འདས་པའི་བདེ་བ་མཐོབ་ཀྱི་བར་དུ་ལྷ་དང་མི་བདེ་འགྲོར་སྐྱེ་བར་བྱེད་པའོ། །འཇིག་རྟེན་ལས་འདས་པའི་བདེ་བ་ཡང་རྣམ་པ་གཉིས་ཏེ། བླ་ན་ཡོད་པ་དང། བླ་ན་མེད ་བའོ། དེ་ལ་བླ་ན་ཡོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐེག་པ་ལ་བརྟེན་ནས་ཕུང་པོ་ལྷག་མ་དང་བཅས་པ་དང། ཕུང་པོའི་ལྷག་མ་ཡང་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་འཐོབ་པའོ། །བླ་ན་མེད་པ་ནི་ཐེག་པ་ཆེན་པོ་ལ་བརྟེན་ནས ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་དུ་གྱུར་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །སེམས་ཅན་གཞན་ཡོངས་སུ་སྨིན་པར་བྱས་པ་འམ། གཞན་ལ་ཕན་པར་བྱས་པའི་དོན་ནི་གཞན་གྱི་དོན་ཏེ། དེ་ཡང་སྤངས་པ་དང་སྒྲུབ་པ་ལ་བཀོད? ་པ་གོང་མ་བཞིན་དུ་རྣམ་པ་གཉིས་སུ་རིག་པར་བྱའོ། །བྱང་ཆུབ་ཉིད་དོན་དམ་པས་ན་བྱང་ཆུབ་ཀྱི་དོན་ཏེ། བྱང་ཆུབ་ཀྱི་སྒྲས་འདིར་བྱང་ཆུབ་རྣམ་པ་གསུམ་ལ་བྱ་བར་རིག་པར་བྱ་སྟེ། དེ་དག་ནི་འཕགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་སྟོབས་དང་མིག? ་འཇིག་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཕགས་པའི་ལམ་སྒོམ་པར་བྱེད་པ་ནི་བྱང་ཆུབ་ཀྱི་དོན་ཅེས་བྱའོ། །མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་བདག་དང་གཞན་དང་བྱང་ཆུབ་ཀྱི ་དོན་རྣམ་པ་གསུམ་ཆར་ལ་ཡང་དངོས་པོར་འཛིན་པ་མེད་ཅིང། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་མཐར་ཕྱིན་པར་བྱེད་པ་དེ་ནི་ཞེས་བྱ་བའི་དོན་ཏོ། །དུས་གསུམ་ལ་མཁས་པ་བཤད་པའི་འོག་ཏུ་ཐེག་པ་ཀུན་ལ་མཁས་པ་བསྟན་པས་ཇི ་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཐམས་ཅད་ལ་མཁས་པ་གང་ཞེ་ན་ཞེས་དྲིས་ཏེ། ཐེག་པ་ཐམས་ཅད་ལ་མཁས་པ་ནི་ཐེག་པ་ཀུན་ལ་མཁས་པ་སྟེ། ཐེག་པ་ཐམས་ཅད་ཀྱི་རྒྱུ་དང་རང་བཞིན་དང ་འབྲས་བུ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེ་ལ་ཐེག་པ་ཐམས་ཅད་ནི་བསྡུས་ན་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་ཐེག་པ་དང། འཇིག་རྟེན་གྱི་ཐེག་པའོ། །འཇིག་རྟེན་ལས་འདས་པའི་ཐེག་པ་བསྟན་པར་བཞེད་ནས། གསུམ་པོ ་འདི་དག་ནི་ཐེག་པ་སྟེ། ངེས་པར་འབྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་འདི་གསུམ་ནི་འཇིག་རྟེན་ལས་འདས་པའི་ཐེག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་འཁོར་བ་ལ་འབྱིན་པར ་བྱེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐེག་པ་བསྟན་པར་བཞེད་ནས། གཞན་ཡང་ཐེག་པ་གཉིས་ཏེ། གཉིས་གང་ཞེ་ན་ལྷའི་ཐེག་པ་དང་མིའི་ཐེག་པའོ་ཞེས་བྱ་བ་གསུངས་པའོ། །དེ་ལ་ལྷ་རྣམས་ཀྱི་ཐེག་པ་ཡིན་པས་ན ་ལྷའི་ཐེག་པ་དང་མི་རྣམས་ཀྱི་ཐེག་པ་ཡིན་པས་ན་མིའི་ཐེག་པ་འམ། ལྷར་འགྱུར་པའི་ཐེག་པ་དང་མིར་འགྱུར་བའི་ཐེག་པ་ནི་ལྷའི་ཐེག་པ་དང་མིའི་ཐེག་པ་ཞེས་བྱའོ། །དེ་ལ་ལྷའི་སྒྲས་ནི་རྒྱལ་ཆེན་བཞི་ལ་སོགས་པ་འདོད་པའི་ཁམས་ཀྱི་ལྷ་དྲུག་དང། ་གཟུགས་ཀྱི་ཁམས་ཀྱི་ལྷ་དང། ནམ་མཁའ་མཛའ་ཡས་ལ་སོགས་པ་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་བསྡུས་པའོ། །ཐེག་པའི་སྒྲས་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་སྲོག་གཅོད་པ་ལས་ཕྱིར་ལོག་པ་ལ་སོགས་པ་དགེ་བ་བཅུའི ་ལས་ཀྱི་ལམ་དང། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ཟག་པ་དང་བཅས་པའི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང། ནམ་མཁའ་ཨི་མཛའ་ཡས་ཞེས་བྱ་བ་ལ་སོགས་པ་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར ་འཇུག་པ་བཞི་མི་གཡོ་བ་ཉེ་བར་འགྲོ་བའི་མཚན་ཉིད་རྣམས་བསྡུས་ཏེ་འདུ་བྱེད་དེ་གཉིས་ཀྱིས་ལྷའི་གནས་དེ་དག་ཐོབ་པར་བྱེད་ཅིང་དེར་འགྲོ་བས་ན་ལྷའི་ཐེག་པ་ཞེས་བྱའོ། །མིའི་སྒྲས་ནི་གླིང་བཞི་ན་གནས་པའི་སྐྱེས་པ་དང་བུད་མེད་ཅེས་བྱ་བ ་ལ་སོགས་པ་བསྡུས་ཏེ། །ཐེག་པའི་སྒྲས་ནི་དགེ་བ་བཅུའི་ལས་ཀྱི་རང་བཞིན་བསོད་ནམས་སུ་ཉེ་བར་འགྲོ་བ་འདུ་བྱེད་ལ་བྱའོ། །ཁ་ཅིག་ན་རེ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་སྲོག་གཅོད་པ་ལ་སོགས་པ་མི་དགེ་པའི་ལས་ཀྱི་ལམ ་བཅུ་པོ་རྣམས་ཀྱིས་ཀྱང་ངན་སོང་གསུམ་དུ་འགྲོ་ཞིང་སྐྱེ་བར་བྱེད་པས་འདི་འདིས་འགྲོ་བ་དང་འདིར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཐེག་པར་བསྟན་པའི་མཚན་ཉིད་ཡོད་ན་འདིར་འཇིག་རྟེན་པའི་ཐེག་པའི་ནང་དུ་ངན་སོང་གསུམ་རྣམས་ཅིའི? ་ཕྱིར་ཐེག་པ་མ་བསྡུས་ཞེ་ན་ཐེག་པ་ཞེས་བྱ་བའི་དོན་ནི་རྒྱུས་བདེ་བ་སྐྱེད་པར་བྱེད་པ་དང་འབྲས་བུའི་ཚེ་འཕགས་པའི་བདེན་པ་རྟོགས་པའི་སྣོད་དུ་རུང་བ་ལ་བྱ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འདིས་འགྲོ་བ་དང་འདིར་འགྲོ་བ་ཞེས ་བྱ་བ་བསྟན་དུ་རུང་ཡང་མི་དགེ་བའི་ལས་ཀྱི་ལམ་གྱི་རྒྱུ་ཉིད་སྡུག་བསྔལ་སྐྱེད་པར་བྱེད་པ་དང། འབྲས་བུའི་ཚེ་ན་ཡང་འཕགས་པའི་བདེན་པ་རྟོགས་པའི་སྣོད་དུ་མི་རུང་བས་ན་ཐེག་པ་ཞེས་མི་བྱའོ། ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་བསྟན་པར ་བཞེད་ནས་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན་ཞེས་དྲིས་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁས?་པར་བྱ་བའི་ཉན་ཐོས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཉན་ཐོས་ཀྱི་ཐེག་པ ་ལ་མཁས་པ་སྟེ། ཉན་ཐོས་ཀྱི་ཐེག་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་འདིས་འགྲོ་བས་ན་ཐེག་པ་སྟེ། གང་གིས་འགྲོ་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པས་འགྲོ་བས་ཐེག་པའི་སྒྲ་ནི་བསླབ་པ་གསུམ་ལ་བྱའོ། །ཡང་ན་འདིར་འགྲོ་བས་ན་ཐེག ་པ་སྟེ། དེས་ནི་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་པའི་ཕུང་པོ་ལ་ཐེག་པ་ཞེས་བྱ་བར་རིག་པར་བྱའོ། །ཐེག་པ་དེའི་མཚན་ཉིད་དང། རྒྱུ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་རྟོག་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་སྟེ། དེའང ་འོག་ནས་འཆད་དོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ཡང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། རྟེན་དང་དམིགས་པ་དང། རྒྱུ་དང་སྒྲུབ་པ་དང་འབྲས་བུ་དང་དེ་རབ་ཏུ་རིག་པའོ། །སངས་རྒྱས་བྱུང་བ་མེད་པར་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དོ་ཞེས་བྱ་བ་ནི་དགའ་ལྡན ་གྱི་ཕོ་བྲང་ནས་བྱང་ཆུབ་སེམས་དཔའ་འཆི་འཕོ་བ་བསྟན་ཏེ། ཡུམ་གྱི་ལྷུམས་སུ་བལྟམས་པ་དང་བཅས་པ་དང། གཞོན་ནུ་ལ་སོགས་པའི་རིམ་པས་སེམས་ཅན་གྱི་དོན་དུ་ཐབས་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་མཛད་ནས་ཁབ་ནས་བྱུང་སྟེ། དཀའ་བར་སྤྱད་ ་པ་ལ་སོགས་པས་བསྟན་ནས། མངོན་པར་སངས་རྒྱས་པ་ནི་སངས་རྒྱས་འབྱུང་བ་ཞེས་བྱ་སྟེ། སངས་རྒྱས་འབྱུང་བ་ལ་བརྟེན་པ་མེད་པར་ཉན་ཐོས་ཀྱི་ཐེག་པ་འབྱུང་བ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ་།འདིས་ནི་རྟེན་བསྟན ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་འདྲི་བ་སྟེ། སངས་རྒྱས་འབྱུང་བ་མེད་པར་ཉན་ཐོས་ཀྱི་ཐེག་པ་ཡང་ཅིའི་ཕྱིར་མེད་ཅེས་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ལན་དུ་ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རྗེས་སུ་འགྲོ་བ ་ཞེས་བྱ་བ་གསུངས་ཏེ། གང་ཆོས་ཐམས་ཅད་ལ་གང་ཟག་གི་དངོས་པོ་མེད་དེ་།གང་ཟག་ལ་བདག་མེད་པ་ཡང་དག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བའོ། །ཡང་དག་པའི་ལྟ་བ་ཡང་སངས་རྒྱས་སམ། ་མཁན་པོ་འམ་སློབ་དཔོན་གྱིས་བཤད་པའི་སྒྲ་མཉན་ནས་གང་ཟག་ལ་བདག་མེད་པར་དམིགས་པར་བྱེད་པས་སོ། །ཕ་རོལ་གྱི་སྒྲའི་རྗེས་སུ་འགྲོ་བ་ཞེས་བྱ་སྟེ། འདིས་ནི་དམིགས་པར་སྨྲ་བ་ཡིན་ནོ། །ཕ་རོལ་གྱིས་བསྟན་པའི་སྒྲ་མཉན་ནས་ཞེས་བཤད་ན་ཉན ་བ་ཉིད་གང་ཞེན་དེའི་ཕྱིར་དེ་ལ་ཉན་པ་ནི་གང་འདི་ཚུལ་ཁྲིམས་སྡོམ་པ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པའི་གདུད་བ་སེལ་ཅིང་སིམ་པར་བྱེད་པས་ཚུལ་ཁྲིམས་ཏེ། དེས?་ལུས་དང་ངག་གིས་ཉེས་པ་དང་ཁ་ན་མ་ཐོ་བ་རྣམས་མི་འབྱུང་བར་སྡོམ་པར ་བྱེད་པས་ན་ཚུལ་ཁྲིམས་ཉིད་སྡོམ་པ་ཏེ། དེ་ལ་ཉན་པ་ནི་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསླབ་པ་བཅས་པའི་རྗེས་སུ་འཇུག་པ་ནི་ཞེས་བྱ་བ་ལ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་མཉན་ནས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕམ་པ་བཞི་དང། དགེ་འདུན ་ལྷག་མ་བཅུ་གསུམ་ལ་སོགས་པའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཅས་པ་བཞིན་དུ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ཡང་མེད་པར་སློབ་ཅིང་བྱེད་པ་ནི་ཇི་ལྟར་བསླབ་པ་བཅས་པའི་རྗེས་སུ་འཇུག་པ་ཞེས་བྱ་སྟེ། རྒྱུ་དེས་ཚུལ་ཁྲིམས་ཀྱི་ཕུང་པོ་རྫོགས་པར་འགྱུར ་པས་ན་འདིས་ནི་རྒྱུ་སྨྲས་པ་ཡིན་ནོ། །དེ་ལ་སྒྲུབ་པ་ཡང་རྣམ་པ་གསུམ་སྟེ། ཏིང་ངེ་འཛིན་གྱི་གནས་རབ་ཏུ་སྒྲུབ་པ་དང་ཡེ་ཤེས་ཀྱི་རྟན་རབ་ཏུ་སྒྲུབ་པ་དང་བྱ་བ་བྱས་པ་རབ་ཏུ་སྒྲུབ་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་རབ་ཏུ་རྫོགས་པར་འགྱུར་ཏེ། ཞེས་བྱ་བ་ལ ་ཚུལ་གྱི་སྒྲས་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལ་བྱ་སྟེ། ཡན་ལག་དྲུག་པོ་གང་ཞེ་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་ཡན་ལག་དང་པོ་དང་སོ་སོར་ཐར་པའི་སྡོམ་པས་བསྡོམས་པ་ཞེས་ཡན་ལག་གཉིས་པ་དང། ཆོག་ཕུན ་སུམ་ཚོགས་པ་ཞེས་ཡན་ལག་གསུམ་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་ཡན་ལག་བཞི་པ་དང། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིག་པར་ལྟ་ཞེས་ཡན་ལག་ལྔ་པ་དང། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་ཅེས་ཡན ་ལག་དྲུག་པའོ། །ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཡང་དག་པར་བླངས་པའི་བསླབ་པའི་གཞི་རྣམས་ལ་ལུས་ཀྱི་ལས་ཀྱི་མཛའ་མ་ལོག་པ་དང་དག་གི་ལས་ཀྱི་མཛའ་མ་ལོག་པར་གྱུར་ཅིང་མ་ཉམས་པར་བྱེད་པ་དང། སྐྱོན་མེད་པར་བྱེད ་པའོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། དགེ་སློང་ཕ་དང་དགེ་སློང་མ་དང་དགེ་བསྙེན་ཕ་དང་དགེ་བསྙེན་མ་དང་དགེ་སློབ་ཕ་དང་དགེ་སློབ་མ་དང་དགེ་ཚུལ་ཕ་དང་དགེ་ཚུལ་མའི་ཚུལ་ཁྲིམས་རྣམས་ལ་སོ་སོར་ཐར་པའི་སྡོམ་པ་ཞེས ་བྱ་སྟེ། དེ་དག་ཀྱང་སྡེ་ཐ་དད་བར་དབྱེ་བས་སྡོམ་པ་མང་དུ་འགྱུར་མོད་ཀྱི། འདིའི་སྐབས་སུ་དགེ་སློང་གི་སྡོམ་པ་ལ་དགོངས་ནས་སོ་སོར་ཐར་པའི་སྡོམས་པས་བསྡམས་པ་ཞེས་གསུངས་སོ། །ཇི་ལྟར་ཆོག་ཕུན་སུམ་ཚིགས་པ་ཡིན་ཞེ་ན། འདི་ལྟར་སྤྱོད་ལམ་འི། ་འཕྲལ་བྱ་བའམ། དགེ་བའི་ཕྱོགས་ལ་རབ་ཏུ་སྦྱོར་བ་ཡང་རུང་སྟེ། བྱ་བ་ཐམས་ཅད་ལ་འཇིག་རྟེན་གྱི་རྗེས་སུ་འཇུག་ཅིང། འཇིག་རྟེན་གྱི་དབྱས་པར་མི་འགྱུར་པ་དང། འདུལ་བའི་རྗེས་སུ་འཇུག་ཅིང་འདུལ་བ་དང་འགལ་བར་མི་བྱེད་པའོ། །ཇི་ལྟར་སྤྱོད ་ཡུལ་ཕུན་སུམ་པ་ཡིན་ཞེ་ན། དགེ་སློང་དག་ལྔ་པོ་འདི་དག་ནི་སྤྱོད་ཡུལ་མ་ཡིན་པ་སྟེ། གང་ཞེ་ན་སྨད་འཚོང་མ་དང་ཆང་འཚོང་དང་ཤ་འཚོང་གི་གནས་དང་རྒྱལ་པོའི་ཕོ་བྲང་དང་གདོལ་པའི་ཁྱིམ་མོ་ཞེས་གསུངས་ཏེ། གང ་དེ་བཞིན་གཤེགས་པས་མི་གནང་བའི་སྤྱོད་ཡུལ་དེ་དག་།སྤངས་ནས། སྤྱོད་ཡུལ་གཞན་དུ་འཇུག་པར་བྱེད་པའོ། །ཇི་ལྟར་ཁ་ན་མ་ཐོ་བ་ཕྲ་རབ་ཙམ?་དག་ལ་ཡང་འཇིགས་པར་ལྟ་བ་ཡིན་ཞེ་ན། ཁ་ན་མ་ཐོ་བ་ཕྲ་བ་ཞེས་བྱ་བ་ནི་གང་བསློབ་པའི་གཞི་ཕྲན་ཆོགས་སུ ་གྱུར་པ་རྣམས་ཏེ། དེ་དག་ཉམས་པར་བྱས་ནས་འབད་པ་ཆུང་ངུས་སློང་བར་བྱེད་པའོ། །དེ་ལ་འཇིགས་པར་ལྟ་བ་ནི་གལ་ཏེ་བདག་ལ་དེ་བྱུང་བར་གྱུར་ན་མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་པ་རྟོག་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན ་སུམ་དུ་བྱ་བའི་སྐལ་བ་མེད་ཅིང་ངན་སོང་དུ་ལྟུང་བར་འགྱུར་རོ་སྙམ་ནས་སྲོག་གི་ཕྱིར་ཡང་དེ་དག་ལས་ཉམས་པར་མི་བྱེད་པའོ། །ཇི་ལྟར་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་ཡིན་ཞེ་ན། དང་པོ་སོ་སོར་ཐར་བའི་སྡོམ་པ་ལེན་པའི ་དུས་ན་གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པར་བྱེད་པའི་ཚེ་བསློབ་པའི་གཞི་ཁ་ཅིག་མཁན་པོ་དང་སློབ་དཔོན་ལ་ཐོས་ནས། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོར་སོར་ཐར་པའི་མདོ་འདོན་པའི་ཚེ་ན་གང་ཡིན་པ་ཤེས་བར་གྱིས་ཤིག ་ཅེས་བསྟེན་ནས། དེ་ལྟར་སོ་སོར་ཐར་པའི་སྡོམ་པ་ཐོབ་སྟེ། དེ་ཕྱིན་ཆད་ནི་ཇི་ལྟར་བླངས་པ་དང། བླང་བར་དམ་བཅས་པ་རྣམས་ཀྱང་བླངས་ནས། ལྷག་ཆང་མེད་པར་སློབ་བར་བྱེད་པའོ། །ཡན་ལག་དྲུག་པ་ཚུལ་ཁྲིམས་ཀྱི་ཚོགས་སམ། ཚུལ་ཁྲིམས ་མང་པོ་བསྡུས་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་སྟེ། དང་པོ་ཚུལ་ཁྲིམས་ཡང་དག་བར་བླངས་པ་ནས་བརྩམས་ནས། ཐ་མར་རྣམ་བར་གྲོལ་བའི་ཡེ་ཤེས་ལ་ཐུགས་གི་བར་དུ་རྡུལ་ཙམ་ཡང་ཉམས་པ་དང་གང་བ་མེད་པའོ། །དེ་ལྟར་ཉམས་པ ་དང་གང་བ་མེད་པས་ཚུལ་ཁྲིམས་ཀྱི་མཐར་ཕྱིན་ཏེ། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་གྱུར་པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་ལྟར་ཚུལ་ཁྲིམས་ཀྱི་བུར?་པ་རྒྱམ?་པར་བཤད་ན་ཡ་དེ་ཡང་མདོར་བསྡུས་ན ་ཚུལ་ཁྲིམས་ཀྱི་ཕུང་པོའི་མཚན་ཉིད་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆུད་མི་ཟ་བའི་མཚན་ཉིད་དང། རང་བཞིན་གྱི་མཚན་ཉིད་དང། རང་བཞིན་གྱི་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ལ་ཐར་ཅིག་ཚུལ་ཁྲིམས་དང་ལྡན་ཞེས་བྱ་བས་ཚུལ ་ཁྲིམས་ཀྱི་སྡོམ་པ་ཆུང་མི་ཟ་བའི་མཚན་ཉིད་བསྟན་པ་ཡིན་ནོ། །གང་སོ་སོར་ཐར་པའི་སྡོམས་པས་བསྡམས?་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མཚན་ཉིད་སྨྲས་སོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བས་ཕ་རོལ་ལས་བརྟེན་ནས་དེ་ལྟར ་ཡང་དག་པར་བླངས་པའི་སོ་སོར་ཐར་པའི་སྡོམ་པའི་ཡོན་ཏན་བསྟན་པ་ཡིན་ཏེ། འདི་ལྟར་གཞན་དག་གི་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་མ་ཐོད་ན་མ་དད་པ་རྣམས་ནི་དད་པར་འགྱུར། དད་པ་རྣམས་ནི་དང་བ་ཕྱིར་ཞིང་འཕེལ་བར་འགྱུར་རོ། ་གང་ཡང་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིག་པར་ལྟ་བ་དང། བསླབ་བའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་གཉིས་ཀྱིས་རང་གི་དབང་དུ་བྱས་ནས་ཚུལ་ཁྲིམས་ཀྱི་ཡོན་ཏན་སྨྲས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་ཡང་དག་པར་བླངས ་པ་ལ་རྡུལ་ཙམ་ཡང་ཉམས་པ་མེད་པ་དང་བསླབ་བའི་གཞི་ཆེན་པོ་དག་བླངས་ཤིང་སློབ་པའི་རྒྱས་ངན་སོང་དུ་སྐྱེ་བའི་སྐལ་བ་མེད་ཅིང་མ་ཐོབ་པ་ལ་སོགས་པ་ཡང་འཐོབ་པར་འགྱུར་བས་སོ། །འདིས་ནི་ཏིང་ངེ་འཛིན་གྱི་གནས་རབ་ཏུ་བསྒྲུབ་པ ་བསྟན་ཏེ། འདི་ལྟར་ཚུལ་ཁྲིམས་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རབ་ཏུ་རེག་པར་འགྱུར་བའི་ཕྱིར་རོ། །དེ་བས་གཞུང་ཉིད་ལས་ཀྱང། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་བ་ཞེས་གསུངས་སོ། །དེ ་ལ་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་དགེ་སློང་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན ་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་སྤྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན ་གཉིས་པ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ནོ། །བདེ་བ་ལུས་ཀྱི་མྱོང་ལ་འཕགས་པ་རྣམས་ཀྱི་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་བདེ་བ་ཡང་སྤངས། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པས། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ནས་གནས་སོ། །ཞེས་གསུངས་པ་ནི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བསམ་གཏན་རྣམས་ནི་རྣམ་པ་བཞིས་རྣམ་པར ་བཞག་སྟེ། མི་མཐུན་པའི་ཕྱོགས་ཉམས་པར་བྱེད་པ་དང། གཉེན་པོ་བསྒོམ་པ་དང། བསྒོམ་པའི་ཕན་ཡོན་དང། དེ་གཉི་གའི་གནས་སོ་དེ་ལ་བསམ་གཏན་དང་པོ་ལ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པ་དང། དངོས། པོའི་འདོད་པ་དག་ལས་དབེན་པ་སྟེ། མཚུངས་པར་ལྡན་པ་ལས་དབེན་པ་དང། དམིགས་པ་ལ་དབེན་པའི་ཕྱིར་རོ། ། ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་གང་དག་ཉོན་མོངས་པའི་འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད?་པར་གཏོགས་པ་ཆད་པས་གཅོད་པ་དང། མཚོན་འདེབས་པ་དང་འཐབ་པ་དང་རྩོད་པ་དང། ་འགྱེད་པ་དང་གཡོའི་ཚིག་དང་གནོད་པ་དང་བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་ལས་དབེན་པའོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་སྐྱོན་དུ་མ་མཐོང་བས་འདོད་པའི་གཉེན་པོ་དེ་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་པ་དང་བཅས་པ ་དཔྱོད་པ་དང་བཅས་པ་ཞེས་བྱ་བས་གཉེན་པོ་བསྒོམས་པ་བསྟན་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས་འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་འཇོམས་པར་བྱེད་པས་སོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་བྱ་བས་བསྒོམ་པའི་ཕན་ཡོན ་བསྟན་ཏེ། འདོད་པ་ལས་དབེན་པ་དང། སྒྲིབ་པ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་སྟེ། འདོད་པའི་དོན་རྙེད་ནས་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ལུས་དང་སེམས་ཤིན་ཏུ ་སྦྱངས་ཏེ་ལས་སུ་རུང་བའི་ཕྱིར་རོ། །བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་ཞེས་བྱ་བས་དེ་གཉིས་ཀའི་གནས་བསྟན་ཏེ། གཉེན་པོ་བསྒོམ་པ་དང། བསྒོམས་པའི་ཕན་ཡོན་གཉིས་ནི་བསམ་གཏན་དང་པོའི་སེམས་རྩེ་གཅིག་པ་ལས་གྲུབ་པའི་ཕྱིར ་ཏེ། འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞེས་བྱ་བས་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། བསམ་གཏན་དང་པོའི་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པའི ་ཏིང་ངེ་འཛིན་གྱིས་མཚན་མ་དག་ལ་སྐྱོན་དུ་མཐོང་ནས་དེ་ལས་སེམས་བཟློག་སྟེ། རྣམ་པར་རྟོག་པ་མེད་པ་དང། རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མ་ལས་སེམས་ཉེ་བར་འདོགས་པར་བྱེད་པའོ། །ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ ་གྱུར་ཅེས་བྱ་བས་གཉེན་པོ་བསྒོམ་པ་བསྟན་ཏེ། དེ་ལྟར་རྟོག་པ་དང་དཔྱོད་པ་དང་བཅས་པའི་དམིགས་པ་དང་བྲལ་བར་བྱས་ནས་རྩེ་གཅིག་ཏུ་དཔྱོད་བའི་དམིགས་པ་ལ་དང་གཅིག་བས་ཞི་བ་དང། རབ་ཏུ་དང་པའི་སེམས་སུ ་འཇོག་པས་ན་ཡོངས་སུ་དད་བ་ཡིན་ལ། དེ་དེ་ལྟར་སེམས་ཉེ་བར་འཇོག་པས་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པས་གླགས་དང་བཅས་ཤིང། བར་ཆད་དང་བཅས་པའི་གནས་སྐབས་ལས་འདས་ནས་བསྒོམ་པ་གོམས་པས ་གླགས་མེད་ཅིང་བར་ཆད་མེད་པའི་གནས་སྐབས་ཐོབ་པར་འགྱུར་བས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་བྱ་བས་བསྒོམ་པའི་ཕན་ཡོན་བསྟན་ཏེ། བསམ་གཏན་དང་པོའི་དབེན ་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ། །བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ནས་གནས་ཞེས་བྱ་བས་དེ་གཉི་གའི་གནས་བསྟན་ཏོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བས་བསམ ་གཏན་གསུམ་པའི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པའི་སེམས་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཏང་སྙོམས་ལ་གནས་ཤིང་དྲན་པ་དང། ཤེས་བཞིན་ཅན་ཡིན་ཞེས་བྱ་བས་གཉེན་པོ་བསྒོམ ་པ་བསྟན་ཏེ། རྣམ་པར་རྟོག་པ་དང་བཅས་རྣམ་པར་དཔྱོད་པ་དང་བཅས་པ་དེ་དག་དང་དགའ་བ་ཡང་སྤངས་པར་བར་ཆད་མེད་པར་བཏང་སྙོམས་དང་ལྡན་པར་གནས་སོ། །དེ་ཡང་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་རྣམས་ཀྱི་གོ་སྐབས་མི ་དབྱེ་བའི་ཕྱིར་དྲན་པ་ཉེ་བར་གནས་པ་ཡིན་ལ། སྐྱེས་པ་རྣམས་ཀྱང་ནམ་ཡང་ཇི་ལྟར་ཡང་དང་ཡང་དུ་མི་གླང་བའི་ཕྱིར་ཤེས་རབ་ཀྱིས་ནང་དུ་གནས་བས་ན་དྲན་པ་ལྡན་ཞིང་ཤེས་བཞིན་ཅན་ཞེས་བྱའོ། །བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས ་ཀྱི་གྲང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། ཞེས་བྱ་བས་བསྒོམ་པའི་ཕན་ཡོན་བསྟན་ཏེ། དེ་ལྟར་བཏང་སྙོམས་ལ་མང་དུ་གནས་པ་དེ་སེམས་གཡེང་བར་མེད་པའི་དགའ་བ་དང་ལྡན་པའི་ཚོར་བ་སྤངས་ནས་དགེ ་བ་མེད་པའི་ཞི་བ་རབ་ཏུ་ཞི་བའི་ཚོར་བ་འབྱུང་སྟེ། དེ་ཡང་དེའི་ཚེ་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་ཀྱིས་ཚོར་བའི་བདེ་བ་དང། ཤིན་ཏུ་སྦྱངས་བའི་བདེ་བ་མྱོང་བར་བྱེད་པས་ན་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱའོ། །བསམ་གཏན་འོག་མ་གཉིས་ལ་མི་དེ་ལྟ ་བུའི་བདེ་བ་དང་བཏང་སྙོམས་མེད་ལ། གོང་མ་ལ་ནི་གཏང་སྙོམས་ཡོད་ཀྱང་བདེ་བ་མེད་ཀྱི། བསམ་གཏན་གསུམ་པ་འདི་ཉིད་བདེ་བ་དང། བཏང་སྙོམས་ཀྱི་གནས་ཡིན་པས་འཕགས་པ་སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས ་ཀྱིས་བསམ་གཏན་པ་འདི་ཉིད་ལ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་གཙོ་བོར་བསྔགས་པས་ན་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་ཞེས་གསུངས་སོ། ། ་དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བས་བསམ་གཏན་བཞི་བའི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། བདེ་བ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང ་ལྡན་པའི་བདེ་བ་བསམ་གཏན་བཞི་པ་འདིས་སྤངས་པར་བསྟན་པའོ། །སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་སྤངས་བ་ཡང་བསྡུས་ཏེ་བསྟན་བའོ། །ཡིད་བདེ་བ་ནུབ་པས་ཤེས་བྱ་བ་ནི་བསམ་གཏན་གསུམ་པས་དགའ་བ་སྤངས ་ལ་བསྟན་པའོ། །ཡིད་མི་བདེ་བ་ནུབ་པས་ཞེས་བྱ་བས་ནི་བསམ་གཏན་གཉིས་པས་སྤངས་པ་བསྟན་པའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བས་བསྒོམ་པའི་ཕན་ཡོན་བསྟན ་ཏེ། ཚོར་བ་གོང་མ་བཞི་པོ་སྤངས་པས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པ་དང། བསམ་གཏན་གསུམ་པའི་ཚེ་བཏང་སྙོམས་དང་དྲན་པ་ཡོད་ཀྱང་ཡོངས་སུ་མ་དག་པ་འདིའི་ཚེ་ཡོངས་སུ་དག་པ་དང་སྔོན ་བར་བསྟན་པའོ། །བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་ཞེས་བྱ་བས་དེ་གཉི་གའི་གནས་བསྟན་ཏོ། །འདི་ནི་ཡེ་ཤེས་ཀྱི་བརྟེན་དུ་རབ་ཏུ་བསྒྲུབས་པ་བསྟན་ཏེ། སེམས་རྩེ་གཅིག་ཏུ་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར ་བའི་ཕྱིར་རོ། །དེ་བས་ན་མདོ་ལས་ཀྱང་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་ཞེས་གསུངས་ཏེ། དེ་ལ་ཤེས་རབ་ཀྱི་ཕུང་པོ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པར་ཇི ་ལྟ་བ་བཞིན་དུ་ཤེས་པ་དང། འདི་ནི་སྡུག་བསྔལ་ཀུན་འབྱུང་བའི་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས ་པ་དང། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བར་བྱེད་པའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར ་བྱེད་བ་ཞེས་པའོ། །འདི་ནི་བྱ་བ་བྱས་པ་རབ་ཏུ་བསྒྲུབས་པ་བསྟན་ཏེ། འདི་ལྟར་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པས་ནི་ཉོན་མོངས་པ་སྤངས་པ་མངོན་སུམ་དུ་བྱེད་བའི་ཕྱིར་རོ། །དེ་བས་ན་མདོ་ལས་ཀྱང། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས ་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་ཏེ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ནི་འགྱོད་པ་མེད་པར་འགྱུར་རོ། །འགྱོད་བ་མེད་ན་དགའ་བ་དང་མཆོག་ཏུ་དགའ་བ་དང་ཤིན་ཏུ་རྣམ་པར་སྦྱངས་པ་དང་བདེ་བར ་འགྱུར་རོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ་།སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས་སྐྱེ་བར ་འགྱུར་རོ། །སྐྱེ་བར་གྱུར་ན་འདོད་པའི་ཟག་པ་ལས་སེམས་རྣམ་བར་གྲོལ་བ་དང། སྲིད་པའི་ཟག་པ་དང་མ་རིག་པའི་ཟབ་ལས་སེམས་རྣམ་པར་གྲོལ་ཏེ། རྒྱུད་ལ་དྲི་མ་མེད་བ་འཐོབ་པར་འགྱུར་བས་ན་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་བར ་བྱེད་པ་ཞེས་བྱའོ། །འདིས་ནི་འབྲས་བུ་བསྟན་ཏེ། རྣམ་བར་གྲོལ་བའི་ཕུང་པོ་ནི་བསླབ་པ་གསུམ་ལ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཁམས་གསུམ་གྱི་ཉོན་མོངས་པ་ལས་སེམས་རྣམ་པར་གྲོལ་ནས་དེའི་འོག་ཏུ་རྣམ་པར་གྲོལ ་བ་ཉིད་དུ་ཤེས་ཤིང་རིག་པའི་ཡེ་ཤེས་སྐྱེས་ཏེ་དེ་བས་ན་མདོ་ལས་ཀྱང། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་ཅེས་གསུངས་སོ། །འདིས་ནི་དེ་རབ་ཏུ་རིག་པ་བསྟན་ཏེ། ་རྣམ་པར་གྲོལ་བའི་འོག་ཏུ་བདག་གི་སྡུག་བསྔལ་ནི་ཤེས་པར་བྱས། ཀུན་འབྱུང་བ་ནི་སྦངས་འགོག་པ་ནི་མངོན་དུ་བྱས། ལམ་ནི་བསྒོམ་པས་དེ་སྡུག་བསྔལ་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤངས་མི་དགོས། འགོག་པ་མངོན་སུམ་དུ་བྱ་མི་དགོས ་ལམ་བསྒོམ་མི་དགོས་ཏེ་།སྐྱེ་བ་ཟད་དོ། །ཚངས་པར་སྤང་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ནི་ཞེས་བྱ་བས་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ ་རྣམ་གྲངས་གཞན་དུ་སྟོན་ཏེ། མཁན་པོ་དང་སློབ་དཔོན་གྱིས་བཤད་བའི་སྒྲ་ལས་རྟེན་ནས་གང་ཟག་ལ་བདག་མེད་པར་དམིགས་པ་ནི་ཉན་ཐོས་ཏེ། ཉན་ཐོས་དེ་དག་གི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པའོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ་མི་མཐུན་པའི་ཕྱོགས་ལ་སུན་འབྱིན་པ་དང། གཉེན་པོའི་ས་ལ་ཡོན་ཏན་དུ་ལྟ་བའོ། །དེ་ལ་མི་མཐུན་པའི་ཕྱོགས་ལ་སུན་འབྱིན་པ་ནི། གང་བསོད་ནམས་དང་བསོད་ནམས་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། སྐྱེ་བ། ་གནས་ཐམས་ཅད་ལ་མི་སྨིན་ཅེས་བྱ་བ་ཡན་ཆད་ཀྱི་བསྟན་ཏོ། །གཉེན་པོའི་ས་ལ་ཡོན་ཏན་དུ་ལྟ་བ་ནི་མྱ་ངན་ལས་འདས་པ་ལ་གནས་དང་སྐྱབས་སུ་འདུ་ཤེས་བ་ཞེས་བྱ་བས་བསྟན་ཏོ། །དེ་བས་ན་གང་གི་འགྲོ་བ་དང་གང་དུ་འགྲོ་བའི་ཕྱིར ་དེ་གཉིས་ནི་ཉན་ཐོས་ཀྱི་ཐེག་པ་སྟེ། གང་གིས་འགྲོ་བ་ནི་མི་མཐུན་པའི་ཕྱོགས་སུན་འབྱིན་པའི་དུས་ཤེས་ཀྱིས་འགྲོ་བའོ། །གང་དུ་འགྲོ་བ་ནི་མྱ་ངན་ལས་འདས་པའི་སར་འགྲོའོ། །མི་མཐུན་པའི་སུན་འབྱིན་པ་ཡང་རྣམ་པ་གཉིས་ཏེ། ་རྒྱུ་སྤོང་བ་དང་འབྲས་བུ་སྤོང་བའོ། །རྒྱུ་སྤོང་བ་ཡང་རྣམ་པ་གཉིས་ཏེ། ལས་སྤོང་བ་དང་ཉོན་མོངས་པ་སྤོངས་པའོ། །ལས་སྤོང་བའི་དབང་དུ་བྱས་ནས་བསོད་ནམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་བྱེད་གསུམ་ནི་ཁམས་གསུམ་དུ ་སྐྱེ་བའི་རྒྱུ་བྱེད་པར་མཐོང་ནས་དེ་རྣམས་ལ་རྣམ་པར་སྨོད་པར་བྱེད་དེ། རྣམ་པ་སྣ་ཚོགས་སུ་སྨོད་པ་ནི་རྣམ་པར་སྨོད་པ་སྟེ། སུན་འབྱིན་པར་བྱེད་པའོ། །དེ་འང་རྣམ་པ་གཉིས་ཏེ། སྔོན་བྱས་པ་སྤོང་བ་དང། ཕྱིས་མི་བྱེད་པའོ། །དེ་ལ་སྔོན་བྱས ་པ་སྤོང་བ་ནི་འདུ་བྱེད་རྣམ་པ་གསུམ་སྔོན་སྤྱད་པའི་བག་ཆགས་སྦྱོད་པ་ལ་འཕགས་པའི་ལམ་གྱིས་སྦྱོང་བའོ། །ཕྱིས་མི་བྱེད་པ་ནི་ཕྱིན་ཅད་འདུ་བྱེད་རྣམ་གསུམ་གྱིས་ལས་ལ་མི་འཇུག་པའོ། །ཉོན་མོངས་པ་སྤོང་བ་ཡང་རྣམ་པ་གཉིས་ཏེ། ་དེའི་འབྲས་བུ་སྡུག་བསྔལ་གྱི་བདག་ཉིད་དུ་མཐོང་བས་དེ་ལ་མི་དགའ་བ་དང། དེའི་རྒྱུས་སྡུག་བསྔལ་སྐྱེད་པར་མཐོང་བས་སྤོང་བར་འདོད་པའོ། །ཁམས་གསུམ་ཐམས་ཅད་ལ་ཡིད་བྱུང་ཞིང་ཞེས་བྱ་བས་དེའི་འབྲས་བུ་སྡུག་བསྔལ་གྱི་བདག་ཉིད ་དུ་མཐོང་བས་དེ་ལ་མི་དགའ་བ་བསྟན་ཏེ། ཁམས་གསུམ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དག་གོ་།དེ་ལ་འདོད་པའི་ཁམས་ནི་གླིང་གཞི་དང། འདོད་པའི་ཁམས་ཀྱི་ལྷ་དྲུག་དང། སེམས་ཅན་དམྱལ་བ་དང ་དུད་འགྲོ་དང་ཡི་དགས་རྣམས་སོ། །གཟུགས་ཀྱི་ཁམས་ནི་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་ཚངས་ཆེན་ཞེས་བྱ་བ་ལ་སོགས་པ་གནས་བཅུ་དྲུག་དག་གོ་།གཟུགས་མེད་པའི་ཁམས་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ ་སོགས་པ་བཞིའོ། །ཡིད་བྱུང་བ་ནི་ཁམས་གསུམ་ལ་སྐྱོ་བའོ། །འདོད་ཆགས་དང་བྲལ་ཞེས་བྱ་བས་དེའི་རྒྱུས་སྡུག་བསྔལ་བསྐྱེད་པར་མཐོང་བས་སྤོང་བར་འདོད་པ་བསྟན་ཏེ། ཁམས་གསུམ་ནི་ཉོན་མོངས་པ་སྤངས་པ་ནི་འདོད་ཆགས་དང་བྲེལ་བའོ། ། ་འབྲས་བུ་སྤོང་བའི་དབང་དུ་བྱས་ནས། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཐམས་ཅད་ཀྱི་སྒྲ་དང་རྟོག་པའི་སྒྲ་གཉི་ག་དང་སྦྱར་ཏེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྟོག་པ་དང་འདུ་བྱེད་ཐམས་ཅད་ལ་སྡུག ་བསྔལ་བར་རྟོག་པ་ཞེས་བྱ་བར་སྦྱར་རོ། །རྒྱུ་དང་རྐྱེན་གྱིས་བསྐྲེད་པའི་ཕུང་པོ་དང་ཁམས་དང། སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ནི་འདུ་བྱེད་ཐམས་ཅད་དེ། དེ་དག་མི་རྟག་པ་རྣམ་པ་གཉིས་ཀྱིས་འཇིག་པར་བྱེད་པ་ནི་འདུ་བྱེད་ཐམས་ཅད་ལོ་མི ་རྟག་པར་རྟོག་པ་ཞེས་བྱའོ། །དེ་ལ་མི་རྟོག་པ་རྣམ་པ་གཉིས་ནི་འཇིག་པས་མི་རྟག་པ་དང། སྐད་ཅིག་མས་འཇོམས་པས་མི་རྟག་པའོ། །དེ་ལ་འཇིག་པས་མི་རྟག་པ་ནི་མཐར་འཆི་བར་གྱུར་བ་སྟེ། མནར་མེད་པ་ནས་བརྩམས་ནས་སྲིད་པའི་རྩེ ་མོའི་བར་དུ་དེ་ན་གནས་པའི་སེམས་ཅན་རྣམས་རང་གི་གནས་ནས་འཕོས་པས་སོ། །སྐད་ཅིག་མས་འཇོམས་པས་མི་རྟག་པ་ནི་སྐད་ཅིག་མ་རེ་རེ་ལ་ཡང་འཇིག་ཅིང་སྐྱེ་བའི་ཕྱིར་རོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་རྣམ་བ་བརྒྱད་དང་ལྡན་པར་ཤེས་པ་ནི་སྡུག ་བསྔལ་བར་རྟོག་པ་ཞེས་བྱ་སྟེ། སྡུག་བསྔལ་རྣམ་པ་བརྒྱད་ནི་སྐྱེ་བའི་སྡུག་བསྔལ་དང། རྒ་བའི་སྡུག་བསྔལ་དང། ན་བའི་སྡུག་བསྔལ་དང། ཤི་བའི་སྡུག་བསྔལ་དང། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང། སྡུག་པ་དང ་བྲལ་བའི་སྡུག་བསྔལ་དང། གང་འདོད་པ་དེ་བཙལ་ཏེ་མི་རྙེད་པའི་སྡུག་བསྔལ་དང། མདོར་ན་ཉེ་བར་ལན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །དེ་ལ་སྐྱེ་བའི་ནི་མི་དང་ལྷ་ལ་སོགས་པའི་འགྲོ་བ་དེ་དང་དེ་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མངོན ་པར་འགྲུབ་པའོ། །ཅིའི་ཕྱིར་སྐྱེ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། རང་བཞིན་གྱིས་སྡུག་བསྔལ་བ་དང། སྡུག་བསྔལ་གཞན་གྱིས་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལ་རྒས་པ་ནི་ཕུང་པོ་གཞན་དུ་གྱུར་པ་སྟེ། ལང་ཙོ་བཅོ་མ ་པ་དང། ན་ཚོད་ཉམས་པ་ལ་སོགས་པ་ལའོ། །ཅིའི་ཕྱིར་རྒ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། ཉེ་བུ་འཁོར་རྣམས་ཀྱིས་ཤིན་ཏུ་བྱམས་ཤིང་ཡིད་དུ་འོང་བར་བྱ་བ་དང། འགྲོ་བ་བཟང་མོའི་མིག་དང། ཡིད་ཀྱིས་རྗེས་སུ་མཐུན་པར་བྱེད་པའི་ཁ་དོག་དང ་དབྱིབས་ཤིན་ཏུ་མཛེས་པ་དེ་རྒ་བའི་སེར་བས་ལོག?་ནས་མི་མཛེས་པ་དང། འཁུམ་པ་དང་ཞིགས་པར་སྣང་བས་ཉེ་དུའི་ཕྱོགས་རྣམས་ཀྱང་ཤིན་ཏུ་མི་དགའ་བར་བྱེད་ཀྱི། འགྲོ་བ་བཟང་མོས་ཀྱང་སྤོང་བར་བྱེད་པས་རྒ་བ་སྡུག་བསྔལ་བའོ། །དེ་ལ ་ཁམས་མི་མཐུན་བ་འཕེལ་བར་གྱུར་པ་ནི་ན་བ་སྟེ། ས་ལ་སོགས་པའི་ཁམས་ཤས་ཆེ་ཆུང་དུ་གྱུར་པའོ། །ཅིའི་ཕྱིར་ན་སྡུག་བསྔལ་བ་ཞེས་བ་ཞེ་ན། རབ་ཏུ་མི་ཟད་པའི་ནད་ཀྱི་ཁྱད་པར་གྱི་ཐབས་ནགས་ཆེན་པོ་མེས་ཚིག་པའི་ནང་དུ་ཆུད་པ་རབ་ཏུ ་ཚ་བའི་མེ་ལྕེས་རེག་པ་སྐད་ཆེན་པོ་འབྱིན་པ་བཞིན་སྡུག་བསྔལ་བའི་མེས་རེག་པ་ན་མ་ཟད་པའི་སྐད་ཆེར་འབྱིན་པས་ན་སྡུག་བསྔལ་བ་ཞེས་བྱའོ། །དེ་ལ་འཆི་བ་ནི་དབང་པོ་རྣམས་ཉམས་པ་ལས་དེའི་རྒྱུས་སེམས་དང་སེམས་ལས་བྱུང་བ་རྣམས ་མི་རྒྱུ་བའོ། །སེམས་དང་སེམས་ལས་བྱུང་བ་རྣམས་མི་རྒྱུ་བར་གྱུར་པ་ན་གང་དག་དེ་ཤིང་ཞེས་བྱའོ། །ཅིའི་ཕྱིར་ཤི་བ་སྡུག་བསྔལ་ཞེས་བྱ་བ་ཞེ་ན། འདི་ལྟར་ཤི་བར་གྱུར་ན་ཡིད་དུ་འོང་ཞིང་སེམས་ལ་གཅགས་པའི་ཕ་མ་དང་ཉེ་དུ་དང་གྲོགས་ལ ་སོགས་པ་དང་བྲལ་ཞིང་ནོར་དང་འབྲུ་དང། བྲན་དང་བུ་ཚ་ལ་སོགས་པ་བཏང་བར་དཀའ་བ་རྣམས་དང་བྲེལ་ཏེ། མི་འདོད་བཞིན་དུ་གསང?་སར་བཀྲི་བའི་བརྩོན་དང་འདྲ་བར་སྡུག་བསྔལ་དཔག་ཏུ་མེད་པར་སྐྱེད་པར་བྱེད་པས་ན་འདི་བས་སྡུག ་བསྔལ་གཞན་མེད་པའི་ཕྱིར་འཆི་བ་སྡུག་བསྔལ་བའོ། །མི་སྡུག་པ་དང་ཕྲད་པ་ནི་མི་དགེ་བའི་ལས་བྱས་པའི་རྒྱུ་སེམས་ཅན་དམྱལ་བ་ལ་སོགས་པ་འབྲས་བུ་ཡི་དུ་མི་འོང་བ་དང་ཕྲད་པའོ། །ཅིའི་ཕྱིར་མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། ་ཁྱིམ་ཚེས་མི་འགྲུབ་པ་དང། དྲ་བར་གནོད་པ་བྱེད་པའི་བདག་ཉིད་ཡིན་པ་དང། དུག་གི་ཤིང་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ་བྱེད་པ་དང། ཟུག་རྔུ?་ཟུག་པ་བཞིན་དུ་ལུས་དང་སེམས་ལ་གནོད་པ་བྱེད་པ་དང་སྐྱེ་བ་མེད་བ་གྲུངས?་པ་དང་དགྲ་བ་དང་ཕྲད་ན ་ཞེ་སྡང་སྐྱེ་བར་བྱེད་པ་བཞིན་དུ་ཞེ་སྡང་སྐྱེད་པོའི་གནས་སུ་གྱུར་པའི་ཕྱིར་སྡུག་བསྔལ་བ་ཞེས་བྱའོ། །སྡུག་བ་དང་བྲལ་བ་ནི་སེམས་གྱི་གངས་སུ་གཏོགས་པའི། སེམས་ཀྱི་གྲངས་སུ་གཏོགས་པ་ཡང་རུང། ཡིད་དུ་འོང་བའི་དངོས་པོ་དང་བྲལ་བའོ། །ཅིའི་ཕྱིར་སྡུག་པ་དང་བྲལ་བ་སྡུག་བསྔལ་པ། ་ཞེས་བྱ་ཞེ་ན་སྡུག་པ་དང་བྲལ་བར་དོགས་པ་འམ་མཐོང་བ་འམ་རྗེས་སུ་དྲན་པས་ཀྱང་མྱ་ངན་དང་མ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང་འཁྲུག་པའི་སྡུག་བསྔལ་འབྱུང་བར་བྱེད་པས་ན་སྡུག་པ་དང་བྲལ་བའི་སྡུག་བསྔལ་བའོ། །འདོད་པ་བཙལ་ཏེ་མ་རྙེད ་བ་ནི་སྡུག་བསྔལ་བ་དང་བྲལ་བ་ལ་ཡང་མི་ཕྲད་པར་འདོད་པ་དང། བདེ་བ་དང་ཕྲད་པ་ཡང་མི་འབྲལ་བར་འདོད་པ་དེ་བདག་ནི་མ་གྲུབ་པའོ། །ཡང་ན་སྡུག་པ་དང་ཕྲད་པར་འདོད་པ་དང། མི་སྡུག་པ་དང་བྲལ་བར་འདོད་པ་ལས་སྡུག་པ་དང་མ་ཕྲད་པ། མི་སྡུག་པ་དང ་ཕྲད་པར་གྱུར་པ་ནི་གང་འདོད་པ་བཙལ་དེ་མི་རྙེད་པ་ཞེས་བྱའོ། །ཅིའི་ཕྱིར་གང་འདོད་པ་ཙམ་དེ་མ་རྙེད་པ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། སྡུག་བསྔལ་སྐྱེ་བའི་རྒྱུར་གྱུར་པའི་ཕྱིར་ཏེ། དུས་གསུམ་དཱུང་བདག་གི་གང ་བཙལ་པ་དེ་མ་རྙེད་དོ་ཞེས་སྡུག་བསྔལ་སྐྱེ་བའི་ཕྱིར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔར་སྡུག་བསྔལ་ཐམས་ཅད་འདུས་ཏེ། སྡུག ་བསྔལ་གྱི་རྟེན་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཐམས་ཅད་ལ་བདག་མེད་པར་རྟོག་པ་དང་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་འདུས་བྱས་དང། འདུས་མ་བྱས་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པའོ། །གང་ན་གང་མེད་པར་ཤེས་པ ་ཆོས་ཐམས་ཅད་ལ་བདག་མེད་པར་རྟོག་པ་སྟེ། ཆོས་དག་ལ་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྟོག་པ་མེད་པར་ཁོང་དུ་ཆུད་པའོ། །མྱ་ངན་ལས་འདས་པ་ཞི་བ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་སྡུག ་བསྔལ་སྤངས་པ་དང། འདོད་ཆགས་ལ་སོགས་པ་སྤངས་པའི་ཕྱིར་ཞི་བའོ། །ཡང་ན་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཏེ། ཕུང་པོ་ལྷག་མ་བཅས་པའི་མྱ་ངན་ལས་འདས་པ་དང། ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས ་པའོ། །དེ་ལའི་བ་ཞེས་བྱ་བས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་ཕུང་པོ་ཙམ་ཡོད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བས་ཕུང་པོའི་ལྷག་མ་མ་ལུས་པ་སྤངས ་པའི་མྱ་ངན་ལས་འདས་པ་བསྟན་ཏེ། ཉོན་མོངས་པ་དང་ཕུང་པོ་གཉི་ག་ཡང་སྤངས་པའི་ཕྱིར་རོ། །མངོན་པར་དགའ་བ་ནི་དེ་ཐོབ་པར་མོས་པ་དང། དེ་འཐོབ་པར་འདོད་པའོ། །སྐད་ཅིག་ཀྱང་སྲེད་པར་སྐྱེ་བ་ལ་འདོད་པ་ཞེས་བྱ་བ་ལ། ཅུང་ཟད་ཀྱང ་ཁམས་གསུམ་དུ་སྐྱེད་པར་མ་མོས་ཞེས་བྱ་བའི་ཐ་ཚིག་སྟེ། ཅིའི་ཕྱིར་ཞེ་ན་ཁམས་གསུམ་མཛའ་དག་རྟག་ཏུ་འདུ་བྱེད་ཀྱི་སྡུག་བསྔལ་དང་རྗེས་སུ་འབྲེལ་ཅིང་དེས་ཁྱབ་པར་མཐོང་བས་སོ། །རྟག་ཏུ་འཇིག་པ་ལྟ་ཞེས་བྱ་བ་འདིར་ཡང་སྲིད་པ་ལ་ཞེས་བྱ ་བར་སྦྱར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པ་འམ། ཉོན་མོངས་པ་འབྱུང་བ་གནས་ཡིན་པར་མཐོང་བས་ན་རྟག་ཏུ་འཇིག་པར་ལྟའོ། །རྟག་ཏུ་ཡིད་མི་རྟེན་ཅེས་བྱ་བ་འདིར་ཡང་སྲིད་པ་ལ་ཞེས་བྱ་པར་སྦྱར་ཏེ། ཐད་ཅིག་བདེ་བ་རྣམས་ཀྱང ་ཕྱིས་སྡུག་བསྔལ་བའི་རྒྱུར་གྱུར་པར་འགྱུར་བའི་སྡུག་བསྔལ་དང་ལྡན་པའི་ཕྱིར་རྟག་ཏུ་ཡིད་མི་རྟོན་པའོ། །ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་དང་ཞེས་བྱ་བ་ལ་དཔེར་ན་གཤེད་པོས་གསོད་ཅིང་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་བཞིན་དུ་ཕུང་པོ ་ལ་བདག་ཏུ་དམིགས་ན་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྐྱེ་བར་མཐོང་བས་དེ་དག་ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་སོ། །ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི་འདུ་ཤེས་ཞེས་བྱ་བ། ཇི་ལྟ་སྦྲུལ་གདུག་པས་སྡུག་བསྔལ་དང་ཉོན ་མོངས་པ་སྐྱེད་པ་དེ་བཞིན་དུ་མིག་ལ་སོགས་པའི་ཁམས་བླ་རྟེན་ནས་གཟུགས་ལ་སོགས་པའི་ཁམས་ལ་དམིགས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་འབྱུང་བར་ཁོང་དུ་ཆུད་པས་ན་ཁམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི ་འདུ་ཤེས་བ་ཞེས་བྱའོ། །སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་འདུ་ཤེས་པ་དང་ཞེས་བྱ་བ་ལ། ཇི་ལྟར་གྲོང་སྟོང་པ་ན་སྐྱེ་བོ་དག་རྒྱུ་བ་མི་གནས་པས་སྟོང་པ་དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ཀྱང་མིང་དང་གཟུགས་ཙམ་དུ་ཟད་ཀྱི། བདག་དང་བདག་གིས་མེད ་ལྟོག་པས་ན་སྐྱེ་མཆེད་རྣམས་གྲོང་སྟོང་ལྟ་བུར་འདུ་ཤེས་པ་ཞེས་བྱའོ། །སྐྱེ་བའི་གནས་ཐམས་ཅད་ལ་མི་སྨོན་པའི་འདུ་ཤེས་ཞེས་བྱ་བ་ལ་སྐྱེ་བའི་གནས་ནི་གཞི་སྟེ། མངལ་ནས་སྐྱེ་བ་དང། རྫུས་ཏེ་སྐྱེ་བ་དང་སྒོ་ང་ལས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བ་དང ་སྐྱེས་ན་དེའི་རྒྱུས་སྐྱེ་བ་དང། རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་མཐོང་བས་སྐྱེ་གནས་དེ་དག་ཏུ་སྐྱེ་བར་མི་འདོད་ཅིང་སྐྱེ་བ་ནི་ཚོལ་བས་ན་མི་སྨོན་པའི་འདུ་ཤེས་ཞེས་བྱའོ། །གཉེན་པོའི་ས? ་ལ་ཡོན་ཏན་དུ་ལྟ་བ་ཡང་རྣམ་པ་གཉིས་ཏེ། རྣམ་པར་གྲོལ་བའི་བདེ་བའི་རྟེན་དུ་གྱུར་པ་དང། འཁོར་བ་ལ་རྒལ་ཞིང་སྡུག་བསྔལ་ཀུན་སྤངས་པར་ལྟ་བའོ། །འདི་ལྟ་སྟེ་མྱ་ངན་ལས་འདས་པ་ནི་འཁོར་བའི་གཉེན་པོ་ཡིན་ཏེ། མྱ་ངན་ལས་འདས་པ ་ལ་རྣམ་པར་གྲོལ་བའི་བདེ་བ་ཐམས་ཅད་ཀྱི་རྟེན་དུ་ལྟ་བས་མྱ་ངན་ལས་འདས་པ་ལ་གནས་སུ་འདུ་ཤེས་པ་ཞེས་བྱའོ། །དེ་ཉིད་ལ་འཁོར་བ་ལ་རྒལ་ཅིང་སྡུག་བསྔལ་ཐམས་ཅད་སྤངས་པར་ལྟ་བས་ན་སྐྱབས་སུ་འདུ་ཤེས་པའོ། །ཉན་ཐོས་ཀྱི་ཐེག་པ ་ལ་མཁས་པ་བསྟན་ནས་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་བསྟན་པའི་ཕྱིར། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས ་པར་བྱ་བའི་རང་སངས་རྒྱས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའ་ཨི་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་སྟེ། གང་དག་བསྐལ་པ་གཅིག་གི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྐངས་ཏེ། གཞན་གྱིས་མན་ངག་མེད་པར་འཕགས་པའི་ལམ་ཐོབ་ནས་ཁམས ་གསུམ་པའི་འདོད་ཆགས་དང་བྲལ་བར་ཞུགས་པ་དེ་དག་ནི་སྙིང་རྗེ་ཆེན་པོ་མེད་པས་གཞན་ལ་ལུང་འབོག་པའི་བྱ་བ་མེད་པ་དང། བདག་གཅིག་པུ་སངས་རྒྱས་པར་བྱེད་པས་རང་སངས་རྒྱས་སོ། །རང་སངས་རྒྱས་དེ་དག་རྣམ་པར་གྲོལ་བའི་སར་ཕྱིན་པར ་བྱེད་པའི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པ་སྟེ། གང་ཞེ་ན་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དྲིས་པའོ། །དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། སྒྱུ་དང་རྐྱེན་དང་འབྲས་བུའོ། །དེ་རྣམ་པ་གང་ཞེས་བྱ་བས་རྒྱུ ་བསྟན་པ་ཡིན་ཏེ། རྒྱུ་གང་དག་གིས་བྱ་བའི་ཐ་ཚིག་གོ་།རྐྱེན་གང་ཞེས་བྱ་བས་རྐྱེན་བསྟན་པ་ཡིན་ནོ། །རང་སངས་རྒྱས་འབྱུང་ཞེས་འབྲས་བུ་བསྟན་པ་ཡིན་ཏེ། ཁམས་གསུམ་ལས་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། མྱ་ངན་ལས ་འདས་པར་གྱུར་པ་ནི་རང་སངས་རྒྱས་རྣམས་འབྱུང་བར་འགྱུར་ཞེས་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་དང་འབྲས་བུ་རྣམས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏེ། དེ་ལྟར་ཁོང་དུ་ཆུད་པ་ནི་རང ་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་དག་གང་ཞེ་ན་རྒྱུ་དང་རྐྱེན་དང་འབྲས་བུ་དེ་དག་གང་ཞེ་ན་ཞེས་བྱ་བའི་དོན་ཏེ། དེ་གསུམ་བསྟན་པའི་ཕྱིར་འདི་ལྟ་སྟེ། ཞེས་གསུངས་སོ། །དེ་ལ་འདུན་པ་དང་བརྩོན་འགྲུས་ཞེས་བྱ་བ་ནས ་བརྩམས་ཏེ། རབ་ཏུ་དབེན་པར་གནས་མལ་འཆའ་བ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་བསྟན་པ་ཡིན་ནོ། །བརྙེན་པོ་དཀའ་ཞེས་བྱ་བ་ནས་བརྩམས་ཏེ་རང་འབྱུང་ནི་ཡེ་ཤེས་ཀྱི་རབ་ཏུ་བརྒལ་ཞེས་བྱ་བ་ཡན་ཆད་ཀྱིས་རྐྱེན་བསྟན་ཏོ། །དམིགས་པ་ལ་གནས་པ་ཐོབ་ཅེས ་བྱ་བ་ནས་བརྩམས་ཏེ། དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱིས་ཡེ་ཤེས་རྟོག་པ་ཞེས་བྱ་བ་ཡན་ཆད་ཀྱི་འབྲས་བུ་བསྟན་ཏོ། །དེ་ལ་རྒྱུ་རྣམ་པ་གསུམ་སྟེ། བསགས་པའི་རྒྱུ་དང་སངས་རྒྱས་མཉེས་པར་བྱེད་པའི་རྒྱུ་དང། རིགས་སོ་དེ་ལ་བསགས་པ་ཡང་རྣམ་པ ་གཉིས་ཏེ། གང་གིས་བསགས་པ་དང། གང་བསགས་པའོ། །དེ་ལ་གང་གིས་བསགས་པ་ནི་འདུན་པ་དང་བག་ཡོད་པ་དང་བརྩོན་འགྲུས་ཆེན་པོ་གསུམ་གྱིས་བསགས་སོ། །གང་བསགས་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་ཐོས་པ་གསུམ་བསགས་སོ། །གང ་གིས་བསགས་པ་ཡང་རྣམ་པ་གསུམ་སྟེ། རྒྱུ་དང་རྐྱེན་དང་སྒྲུབ་པའོ། །དེ་ལ་ཆེན་པོའི་སྒྲ་ནི་འདུན་པ་ལ་སོགས་པའི་ཚིག་གསུམ་པོ་སོ་སོ་དང་ཡང་སྦྱར་ཏེ། འདུན་པ་ཆེན་པོ་དང་བརྩོན་འགྲུས་ཆེན་པོ་དང། བག་ཡོད་པ་ཆེན་པོ་དང་ཞེས་བྱ་བར་སྦྱར་རོ། །དེ་ལ ་འདུན་པ་ནི་དཀོན་མཆོག་དང་བདེན་པ་དང་ལས་ལ་ཡིད་ཆེས་ནས་འདི་ཁོ་ན་བདེན་གྱི་གཞན་དུ་མ་ཡིན་ཞེས་འཛིན་པའོ། །འདིས་ནི་རྒྱུ་སྨྲས་པ་ཡིན་ཏེ། ཡིད་ཆེས་པར་གྱུར་ན་བརྩོན་འགྲུས་རྩོམ་པས་སོ། །བརྩོན ་འགྲུས་ཞེས་བྱ་བ་ལ། སྤང་བར་བྱ་བ་མ་ལུས་པར་སྤོང་བ་དང། ཐོབ་པར་བྱ་བ་ཐོབ་པར་བྱེད་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་ཏེ། འདིས་ནི་རྐྱེན་བསྟན་པ་ཡིན་ཏེ། དགེ་བ་སྒྲུབ་པ་རྣམས་བརྩོན་འགྲུས་ལ་བརྟེན་པའི་ཕྱིར་རོ། །བག་ཡོད་པ་ཞེས་བྱ་བ་ལ། ་གཅིག་པུ་དགོན་པ་ན་གནས་ཤིང་འདུ་འཛི་དང་མི་འདྲེ་བ་ནི་བག་ཡོད་པ་སྟེ། འདིས་ནི་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྤང་བར་བྱ་བ་དང་སྒྲུབ་པར་བྱ་བ་གཉིས་ནི་བག་ཡོད་པས་བསྒྲུབས་སོ། །གང་བསགས་པ་ཡང་རྣམ་པ་གསུམ ་སྟེ། ལོངས་སྤྱོད་ཀྱི་རྒྱུ་བསགས་པ་དང། བདེ་འགྲོའི་རྒྱུ་བསགས་པ་དང། རྣམ་པར་གྲོལ་བའི་རྒྱུ་བསགས་པའོ། །ཡང་ན་སེར་སྣའི་གཉེན་པོ་བསགས་པ་དང། འདོད་པ་ལ་ཆགས་པའི་གཉེན་པོ་བསགས་པ་དང། ཉོན་མོངས་པའི་གཉེན་པོ་བསགས ་པའོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་སྡུད་པ་དང་བརྩོན་འགྲུས་ལ་སོགས་ཉན་ཐོས་དག་པས་ལྟག་པས་ཆེན་པོ་ཞེས་བྱའོ། ཉན་ཐོས་ལྟ་བུ་མ་ཡིན་པའི་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བས་ཤས་ཆེ་ཞེས་བྱ་བའི་དོན་ཏོ། །སྦྱིན་པའི་བསོད་ནམས་ཀྱི་ཚོགས་ལ་སོགས་པ ་ཞེས་བྱ་བས་སེར་སྣའི་གཉེན་པོ་སྤངས་པ་བསྟན་ཏེ། སྦྱིན་པ་རྣམ་པར་གྲོལ་བ་ཐོབ་པའི་རྒྱུར་གྱུར་པ་རྣམས་ནི་ཚོགས་བསགས་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་བསགས་པ་ཞེས་བྱ་བ་འདོད་པ་ལ་ཆགས་པའི་གཉེན་པོ་བསགས ་པ་བསྟན་ཏོ། །གང་གིས་གང་གང་གི་ཕྱིར་ཚུལ་བསྲུངས་པ་ནི་ཚུལ་ཁྲིམས་ཏེ། གང་གིས་བསྲུངས་པ་ནི་མི་དགེ་བ་བཅུ་ལས་ལྡོག་ཅིང་རྣམ་པར་གྲོལ་བ་འདོད་པའི་སེམས་ཀྱིས་སོ། །བསྲུངས་པ་ནི་ཡན་ལག་དྲུག་པའི་ཚུལ་ཁྲིམས་བསྲུང་བའོ། །གང་གི་ཕྱིར ་བསྲུང་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བསྲུང་བའོ། །ཐོས་པ་ཉུང་བ་ལ་ཆོས་ཀྱི་ནན་ཏན་བྱེད་པ་ཅེས་བྱ་བས་ཉོན་མོངས་པའི་གཉེན་བསགས་པ་བསྟན་ཏེ། ཐོབ་པ་ལ་མི་དགའ་བས་ཅུང་ཟད་བོས?་བསྲུང?་བའོ། །ཆོས་ཀྱི་ནན་ཏན་བྱེད་ཅེས་བྱ་བ་ནི་བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་ཤིང་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་དུ་ཉན་ཐོས་ལྟར་ཐོས་པ་ཅུང་ཟད་ཅིག་གིས་ཆོས་ཀྱི་ནན་ཏན་བྱེད་དོ་ཞེས་བསྟན་པའོ། །སངས་རྒྱས་མཉེས་པར་བྱེད་པས་ཡང་རྣམ་པ་གཉིས་ཏེ། ཆོས་ཉིད་ཀྱིས ་མཉེས་པར་བྱེད་པ་དང། ཟང་ཟིང་གིས་མཉེས་པར་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རིམ་གྲོ་དང་ཞེས་བྱ་བས་ཆོས་ཉིད་ཀྱི་མཉེས་པར་བྱེད་པ་བསྟན་ཏེ། མ་རིག་པའི་གཉིད་ལས་སད་ཅིང་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ན ་སངས་རྒྱས་སོ། །བདུད་བཞི་བཅོམ་པས་བཅོམ་ལྡན་འདས་ཏེ། དེས་ཇི་སྐད་དུ་བསྟན་པའི་བཀའ་ལུང་དང་བསླབ་པའི་ཚིག་ལས་འདའ་བར་མི་བྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་རིམ་གྲོར་བྱེད་པ་དང། བསྙེན་བཀུར་བྱེད་པ་ཞེས་བྱ་བས་ཟང་ཟིང་གིས་མཉེས ་པས་བྱེད་པ་བསྟན་ཏེ། བསྐལ་པ་བརྒྱའི་བར་དུ་ཕྱག་འཚལ་བ་དང་བསྐོར་བ་དང་ཆོས་གོས་ལ་སོགས་པས་བསྙེན་བཀར་བྱེད་པའི་ཕྱིར་རོ། །ཞུམ་པ་མེད་ཅེས་བྱ་བ་ནི་མཉེས་པ་རྣམ་པ་གཉིས་བྱེད་པ་ལ་སེམས་སྤྲོ་ཞིང། སྤ་བཀོད་བ་མེད་ཅེས་བྱ་བའི་དོན་ཏོ།། ཨ་དེས་ནི་མདོར་ན་གང་ལ་གང་གིས་མཉེས་པར་བྱེད་པ་བསྟན་ཏེ། གང་ལ་མཉེས་པར་བྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལའོ། །གང་ན་རིམ་གྲོ་བྱེད་པ་དང་བཀུར་སྟིས་སོ། །གང་གིས་ན་ཞུམ་པ་མེད་པའི་སེམས་ཀྱིས་སོ། །མདོ་གཞན་དག་ལས་རང་སངས་རྒྱས ་གཞན་ལ་མ་མཉེན་པར་རང་གི་བློས་ཆོས་རྟོག་པ་རང་སངས་རྒྱས་འཇིག་རྟེན་དུ་མ་འབྱུང་བའི་ཚེ་རང་སངས་རྒྱས་འབྱུང་ངོ་ཞེས་བཤད་པ་ཡང་རང་སངས་རྒྱས་ཟག་པ་མེད་པའི་ཆོས་མངོན་པར་རྟོག་པའི་ཚེ་གཞན་གྱི་ལུང་ལ་མི་བརྟེན་པ་དང། རང་སངས ་རྒྱས་ཀྱི་འབྲས་བུ་ཐོབ་ནས། གདོད་སངས་རྒྱས་མི་བཞུགས་པ་ན་འབྱུང་བ་ལ་བྱའི། འདིར་ནི་དང་པོ་སློབ་ཅིང་ཚོགས་བསོགས་པ་ལ་བྱ་བས་ཉེས་པ་མེད་དོ། །རིགས་ཀྱང་རྣམ་པ་གསུམ་སྟེ་ང་རྒྱལ་སྤྱོད་པའི་རིགས་དང་སྙིང་རྗེ ་ཆུང་བའི་རིགས་དང། ཉོན་མོངས་པ་ཆུང་པའི་རིགས་སོ། །ང་རྒྱལ་སྤྱོད་པའི་རིགས་ཀྱང་རྣམ་པ་གཉིས་ཏོ། དབང་པོ་འབྲིང་དང་སྦྱོར་བ་དམ་པ་ལ་གནས་པའོ། །དབང་པོ་བར་མ་ཞེས་བྱ་བས་དབང་པོ་འབྲིང་བརྟེན་ཏེ། དེ་དབང་པོ་རྣམ་པ་གསུམ་ཏེ། ་རབ་དང་བར་མ་དང་ཐ་མའོ། །རང་སངས་རྒྱས་རྣམས་ནི་དབང་པོ་བར་མ་སྟེ། དབང་པོ་འབྲིང་གི་རིགས་ཅན་ནོ། །རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་ཞེས་བྱ་བས་སྦྱོར་བ་དམ་པ་ལ་གནས་པ་བསྟན་ཏེ། རྟག་ཏུ་ནི་དུས་ཐམས་ཅད་དོ་འདི་སྐད་དུ ་བཅོམ་ལྡན་འདས་ཀྱི་བཤད་པ། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་གསུངས་པས་ནི་རབ་ཏུ་བྱུང་བ་ལ་གཞོལ་བའོ། །འདིས་དགེ་སློང་གི་ཕུན་སུམ་ཚོགས ་པ་རྣམ་པ་བཞི་བསྟན་ཏེ། ཆ་ལུགས་ཕུན་སུམ་ཚོགས་པ་དང། ལས་ཕུན་སུམ་ཚོགས་པ་དང། བསམ་པ་ཕུན་སུམ་ཚོགས་པ་དང། གནས་ཕུན་སུམ་ཚོགས་པའོ། །དེ་ལ་སྐྲ་དང་ཁུ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ཞེས ་བྱ་བས་ཆ་ལུགས་ཕུན་སུམ་ཚོགས་པ་བསྟན་ཏེ། ཆ་ལུགས་འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་མི་མཐུན་པ་ཡིན་པས་ཁྱིམ་ན་གནས་པའི་ཆ་ལུགས་ལས་ཕུན་སུམ་ཚོགས་པའོ། །ཡང་དག་པར་ཞེས་བྱ་བས་ལས་ཕུན ་སུམ་ཚོགས་པ་བསྟན་ཏེ། གསོལ་བ་དང་བཞིའི་ལས་ཀྱི་རབ་ཏུ་བྱུང་བའི་ཕྱིར་རོ། །དད་པས་ཞེས་བྱ་བས་བསམས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། རྒྱལ་པོ་དང་རྐུན་པོའི་འཇིགས་པས་རབ་ཏུ་བྱུང་བ་ནི་མ་ཡིན་གྱི། དད་པས་རབ་ཏུ་བྱུང ་བའི་ཕྱིར་རོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་བྱ་བས་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། །ཁྱིམ་ན་གནས་པ་རྣམས་ཀྱི་གནས་རབ་ཏུ་མི་བཟད་པ་དེ་བཏང་ནས་ཁྱིམ་མེད་པའི་ཤིང་དྲུང་ལ་སོགས་པ་ལ་གནས་པས་སོ། །སྙིང་རྗེ་ཆུང ་བའི་རིགས་ཀྱང་རྣམ་པ་གཉིས་ཏེ། བདག་འབའ་ཞིག་གི་དོན་ལ་འཇུག་པ་དང། གཞན་གྱི་དོན་མི་བྱེད་པའོ། །དེ་ལ་དོན་ཉུང་ཞེས་བྱ་བས་བདགས་འབའ་ཞིག་གི་དོན་ལ་འཇུག་པ་བསྟན་ཏེ། བདག་ཞི་བར་བྱ་བ་དང། གྲོལ་བར་བྱ་བ་དང། མྱ་ངན ་ལས་འདས་པར་བྱ་བ་ཙམ་ལས་བྱ་བ་གཞན་མི་བྱེད་པའི་ཕྱིར་རོ། །བྱེད་པ་ཉུང་ཞེས་བྱ་བས་གཞན་གྱི་དོན་མི་བྱེད་པ་བསྟན་ཏེ། གཞན་ཞི་བར་བྱ་བ་དང། མྱ་ངན་ལས་འདས་པར་བྱ་བ་ལ་མི་འབད་པས་སོ། །ཉོན་མོངས་པ་ཆུང་བའི་རིགས་ཀྱང་རྣམ་པ ་གསུམ་ཏེ། ལུས་དབེན་པའི་དགའ་བ་དང། སེམས་དབེན་པ་ལ་དགའ་བ་དང། གནས་དབེན་པ་ལ་དགའ་བའོ། །འདུ་འཛི་ལ་མི་དགའ་ཞིང་ཞེས་བྱ་བས་ལུས་དབེན་པ་ལ་འགའ་བ་བསྟན་ཏེ། རང་བཞིན་གྱིས་འགྲོ་བ་མང་པོར་དང་འདྲེ་བར་མ་མོས། ་ཤིང་བསེ་རུ་བཞིན་དུ་གཅིག་པུར་གནས་པར་མོས་པའི་ཕྱིར་རོ། །དབེན་པ་ལ་དགའ་བ་ཞེས་བྱ་བས་སེམས་དབེན་པ་ལ་དགའ་བ་བསྟན་ཏེ། དེ་དག་འདོད་པ་ཁོང་ཁྲོ་བའི་རྣམ་པར་རྟོག་པ་རིང་དུ་སྤང་པར་མོས་པས་སོ། །རབ་ཏུ་དབེན་པར་གནས་མལ་འཆའ་བ ་ཞེས་བྱ་བས་གནས་དབེན་པ་ལ་དགའ་བ་བསྟན་ཏོ། །ཤིང་དྲུང་དང་རི་སུལ་ན?་གནས་འཆའ་བའ་ཨི་ཕྱིར་རོ། །རྐྱེན་ཀྱང་རྣམ་པ་བཞི་སྟེ། ཡོན་ཏན་དང་གནས་པ་དང་རྟོགས་པ་དང་འབྱུང་བའོ། །ཡོན་ཏན་ཡང་རྣམ་པ་གསུམ་ཏེ། ཉོན་མོངས་པ་ཆུང་ཞིང ་དགེ་བ་ཆེ་བ་དང། རྫུ་འཕྲུལ་ཆེ་བ་དང་འབྲས་བུ་ས་ལ་མངོན་པར་དགའ་བའོ། །བསྙེན་པར་བཀའ་ཞེས་བྱ་བས་ཉོན་མོངས་པ་ཆུང་ཞིང་དགེ་བ་ཆེ་བ་བསྟན་ཏེ། མཐུ་དང་གཟི་བརྗིད་དང་བྱིན་རྣམས་ལ་གཞན་གྱི་ཟིལ་གྱིས་མི་ནོན་ཞིང་དེས་གཞན་ཟིལ་གྱིས ་གནོན་པའི་ཕྱིར་རོ། །མཐུ་ཆེ་བ་ཞེས་བྱ་བས་རྫུ་འཕྲུལ་ཆེ་བ་བསྟན་ཏེ། སྟོད་ནས་མེ་འབར་བ་དང། སྨད་ནས་ཆུ་དྲང་མོའི་རྒྱུན་འབབ་པ་དང། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང། མང་པོར་གྱུར་ནས་གཅིག་ཏུ ་འགྱུར་བ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་རོ། །སྦྱིན་པའི་གནས་ཀྱིས་ལ་མངོན་པར་དགའ་བ་ཞེས་བྱ་བས་འབྲས་བུའི་ས་ལ་དགའ་བ་བསྟན་ཏེ། སྦྱིན་པའི་གནས་ཀྱིས་ནི་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར ་པའི་དུས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། མངོན་པར་དགའ་བ་ནི་འབྲས་བུ་དེ་ཐོབ་པར་བྱ་བར་སེམས་མོས་པའོ། །རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བ་ཞེས་གནས་པ་བསྟན་ཏེ། རྒྱུན་མི་འཆད་པ་ཞེས་བྱ་བས ་ནི་རྟག་ཏུ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་རྐྱེན་ལ་བརྟེན་ནས་དུས་མཉམ་དུ་འབྲས་བུ་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ཡང་ཕྱི་ནང་ནང་གི་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ས་བོན་གྱི་མྱུ་གུ ་ལ་སོགས་པའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པའོ། །ལྟ་བ་ནི་ཕྱི་ནང་གི་ཆོས་འདི་རྒྱུ་རྐྱེན་ལས་བྱུང་བ་ཙམ་དུ་ཟད་ཀྱི་བདག་དང་བྱེད་པ་པོ་མེད་པར་རྟོག་པའོ། །ངེས་པར ་འབྱུང་བའི་དབྱིངས་གཅིག་ལ་རྟོག་པ་ཞེས་བྱ་བས་རྟོག་པ་བསྟན་ཏེ། ངེས་པར་འབྱུང་བའི་དབྱིངས་ནི་མྱ་ངན་ལས་འདས་པའི་དབྱིས་སོ། །མྱ་ངན་འདས་པ་འབའ་ཞིག་ཏུ་གནས་པ་དང་འགྲོ་བ་སེམས་པ་ནི་ངེས་པར་འབྱུང་བའི་དབྱིངས་གཅིག་ལ ་རྟོག་པ་ཞེས་བྱའོ། །རང་འབྱུང་གི་ཡེ་ཤེས་ཀྱི་རབ་ཏུ་བརྒལ་བ་ཞེས་བྱ་བས་འབྱུང་བ་བསྟན་ཏོ། བདག་ཉིད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་གང་ཟག་ལ་བདག་མེད་པར་རྟོག་ནས་ཉོན་མོངས་པ་སྤངས་ཏེ། ཁམས་གསུམ་ལ་བརྒལ་བར་གྱུར་པ ་ནི་རང་འབྱུང་གི་ཡེ་ཤེས་ཀྱི་རབ་ཏུ་བརྒལ་བ་ཞེས་བྱའོ། །འབྲས་བུ་ཐོབ་པ་ཡང་རྣམ་པ་གཉིས་ཏེ། ཏིང་འཛིན་ཐོབ་པ་དང་མངོན་པར་བྱང་ཆུབ་པ་ཐོབ་པའོ། །ཏིང་ངེ་འཛིན་ཐོབ་པ་ཡང་རྣམ་པ་གཉིས་ཏེ། མི་གཡོ་བ་ཐོབ་པ་དང་རྒྱུན་དུ་ཡིད་ལ་བྱེད་པ ་ཐོབ་པའོ། །དམིགས་པ་ལ་འཇུག་པ་འཐོབ་པ་དང་ཞེས་བྱ་བས་མི་གཡོ་བ་ཐོབ་པ་བསྟན་ཏེ། དམིགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་ཡུལ་རྣམས་སོ། །འདུག་པ་ཐོབ་པ་ནི་ཡུལ་ལ་དམིགས་པའི་ཚེ་སེམས་རྩེ་གཅིག་པ ་ལ་གནས་པ་ཐོབ་སྟེ། ཕྱི་རོལ་དུ་མི་གཡེང་བར་ནུས་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྒྱུན་མ་ཆད་ཅེས་བྱ་བས་རྒྱུན་ཏུ་ཡིད་ལ་བྱེད་པ་ཐོབ་པ་བསྟན་ཏེ། རྒྱུན་མ་ཆད་པ་ནི་དེ་དག་ལ་རྒྱན་དུ་ཡིད་ལ ་བྱེད་པའོ། །མངོན་པར་བྱང་ཆུབ་པ་ཡང་རྣམ་པ་གཉིས་ཏེ། སྟོན་པ་དང་རྗེས་སུ་སྟོན་པར་བྱེད་པར་མངོན་པར་བྱང་ཆུབ་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་བྱང་ཆུབ་པའོ། །གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་སྐྱེད་པ་དང། ་ཞེས་བྱ་བས་སྟོན་པ་དང་རྗེས་སུ་སྟོན་པ་མེད་པར་མངོན་པར་བྱང་ཆུབ་པ་བསྟན་ཏེ། མཁན་པོ་དང་སློབ་དཔོན་གྱི་མན་ངག་ལ་མི་བརྟེན་པར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་སྐྱེས་པར་བྱེད་ཅེས་བྱ་བའི་དོན་ཏོ་དམིགས་པ་དང་གང་ཡང་རུང་བ་ལ་རྐྱེན་གྱི་ཡེ་ཤེས ་རྟག་པ་སྟེ། ཞེས་བྱ་བས་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་བྱང་ཆུབ་པར་བསྟན་ཏེ། དམིགས་པའི་ཡུལ་གང་ཡང་རུང་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དུ་ཤེས་ཤིང་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །ད་ལྟར་ཞེས་བྱ ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་རོ། །འཆད་པ་ནི་དོན་ཏོ་སྟོན་པ་ནི་ཚིག་གོ་།རབ་ཏུ་སྟོན་པ་ནི་དོན་དང་ཚིག་གོ་།ཡང་ན་རྒྱུ་སྟོན་པ་ནི་འཆད་པའོ། །རྐྱེན་འཆད་པ་ནི་སྟོན་པའོ། །འབྲས་བུ་འཆད་པ་ནི་རབ་ཏུ་སྟོན་པའོ། །བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ ་མཁས་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁོང་དུ་ཆུད་པར་བྱ་བའི་ཐེག་པ་འམ། བྱང་ཆུབ ་སེམས་དཔའ་རྣམས་མི་གནས་པའི་མྱ་ངན་འདའ་བར་ཕྱིན་པའི་བྱེད་པའི་ཐེག་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་སྟེ། འདིས་འགྲོ་བས་ཐེག་པའོ། །དེ་ལ་འདིས་འགྲོ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང། ས་རྣམས་ཀྱི་འགྲོ་བས་ན་དེ་དག་ལ་ཐེག ་པ་ཞེས་བྱའོ། །འདིར་འགྲོ་བ་ནི་སངས་རྒྱས་ཀྱི་སར་འགྲོ་བ་སྟེ། དེ་ལ་ཐེག་པ་ཞེས་བྱའོ། །ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ། ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་རོ། །ཆེན་པོ་རྣམ་པ་བདུན་ནི་ཆོས་ཆེ་བ་དང། ་སེམས་སྐྱེད་བ་ཆེ་བ་དང། བསམ་པ་ཆེ་བ་དང་མོས་པ་ཆེ་བ་དང་ཚོགས་ཆེ་བ་དང། དུས་ཆེ་བ་དང་ཐོབ་པ་ཆེ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་ཚད་མེད་པའི་ཕྱིར་ཆོས་ཆེ་བ་དང། སེམས་ཅན་ཐམས་ཅད ་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་སྐྱེད་པས་སེམས་བསྐྱེད་པ་ཆེ་བའོ། །ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་ལ་མོས་པའི་ཕྱིར་མོས་པ་ཆེའོ། །བདག་དང་གཞན་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པས་ན་བསམ་པ ་ཆེ་བའོ། །སྐད་ཅིག་མ་རེ་རེ་ལ་ཡང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་སོགས་པས་ནི་ཚོགས་ཆེ་བའོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་བར་དུ་རྒྱུན་དུ་སྦྱོར་བས་ན་དུས་ཆེ་བའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ ་ཐོབ་པས་ན་ཐོབ་པ་ཆེ་བའོ། །ཐེག་པ་དེའི་རང་བཞིན་དང་རྒྱུ་དང་འབྲས་བུ་ལ་སོགས་པ་རྟོག་པ་ནི་ཐེག་པ་ཆེན་པོ་ལ་མཁས་པའོ། །གང་ཞེ་ན་ཞེས་བྱ་བ་ནི་དྲིས་བའོ། །བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ལ་མཁས་པ་ནི ་དཔག་ཏུ་མེད་དེ་ཞེས་བྱ་བ་ལ། ཐེག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིན་པར་བྱེད་པ་སྟེ། ཐེག་པ་དེ་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ཀྱི་སེམས་ཅན་གྲངས་དང་ཚད་མེད་པ་རྣམས་འཚང་རྒྱ་བའི་ཕྱིར་ཐེག་པ་དེ་ཚད་མེད་དོ། ། ་ཐེག་པ་ཚད་མེད་པས་དེ་ལ་མཁས་པའི་ཤེས་རབ་ཀྱང་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་མཁས་པ་ནི་དཔག་ཏུ་མེད་དོ་ཞེས་གསུངས་སོ། །དེ་ལྟར་ཐེག་པ་ཆེན་པོ་ཚད་མེད་པས་ན་ཐམས་ཅད་བསྟན་པར་མི་ནུས་ཏེ། དེ་བས་ན་དེ་ལས ་ཕྱོགས་ཙམ་ཞིག་བསྟན་ཏོ་ཞེས་གསུངས་ཏེ། མདོ་ཙམ་ཞིག་བསྟན་ཏོ། །ཞེས་བྱ་བའི་དོན་ཏེ། ཚད་མེད་པ་དེ་ཡང་ཡོན་ཏན་བཅུ་གཅིག་ཏུ་རིག་པར་བྱ་སྟེ། སེམས་བསྐྱེད་པའི་ཡོན་ཏན་དང། ཤེས་བྱའི་སྒྲིབ་པ་སྤངས་ཏེ། ཤེས་པ་ཁོང་དུ ་ཆུད་པའི་ཡོན་ཏན་དང་རྒྱུ་བསགས་པའི་ཡོན་ཏན་དང་སྤྱོད་པ་དག་པའི་ཡོན་ཏན་དང། མངོན་པར་བྱང་ཆུབ་པའི་ཡོན་ཏན་དང། མཉམ་པར་ཕན་འདོགས་པའི་ཡོན་ཏན་དང། ཉན་ཐོས་དང་སོ་སོའི་སྐྱེ་བོའི་ལམ་ལས་བརྒལ་བའི་ཡོན་ཏན་དང ་བགེགས་བཞོམ?་པའི་ཡོན་ཏན་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤོང་བའི་ཡོན་ཏན་དང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་འབྲས་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་ནོ། །ཐེག་པ་དེ་ནི་སེམས་ཅན ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་དཔག་ཏུ་མེད་པའོ། ཞེས་བྱ་བས་སེམས་བསྐྱེད་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཚད་མེད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་ཅིང་མངོན་པར་འཚང་རྒྱ་བའི་སྐབས་འབྱེད་པས་ན་གོ་སྐབས་འབྱེད ་པ་ཞེས་བྱ་སྟེ། ཐེག་པ་དེ་ཡང་དེའི་རྒྱུར་གྱུར་པའི་ཕྱིར་རོ། སེམས་ཅན་དཔག་ཏུ་མེད་པས་དེ་ཡང་དཔག་ཏུ་མེད་པའོ། །རྣམ་པ་གཉིས་ཀྱི་དཔག་ཏུ་མེད་པ་སྟེ། རྒྱ་ཆེ་བ་དང་ཚད་མེད་པའོ། །ཅི་ཙམ་དུ་བསྒྲུབ་པར་བྱ་བའི་དགེ་བའི་རྩ་བ་འཇིག་རྟེན་དང། ་འཇིག་རྟེན་ལས་འདས་པ་ཐམས་ཅད་སྒྲུབ་པར་བྱེད་པས་རྒྱ་ཆེ་བའོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་སྒྲུབ་པར་བྱེད་པའི་ཕྱིར་ཚད་མེད་པའོ། །ཡང་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ ་སེམས་ཅན་འགའ་ཡང་མ་བསྐོལ་བར་སེམས་ཅན་ཚད་མེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་སེམས་བསྐྱེད་པས་ན། སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་ཞེས་བྱ་སྟེ། སེམས་ཅན ་དཔག་ཏུ་མེད་པའི་ཕྱིར་ཐེག་པ་དེ་ཡང་དཔག་ཏུ་མེད་པའོ། །ཐེག་པ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བ་སྟེ། སྒྲིབ་པ་མེད་པའོ། །ཞེས་བྱ་བས་ཤེས་བྱའི་སྒྲིབ་སྤངས་ཏེ། ཤེས་པ་ཁོང་དུ་ཆུད་པའི་ཡོན་ཏན་བསྟན་ཏེ། ཤེས་བྱའི་སྒྲིབ ་པ་ཐམས་ཅད་སྤངས་ནས་ཤེས་བར་བྱ་བའི་དངོས་པོ་རྣམས་སྐྱུ་རུ་རང་ལག་མཐིལ་དུ་གཞག་པ་བཞིན་དུ་གསལ་བར་མཁྱེན་པའི་ཡེ་ཤེས་ནི་ཆགས་པ་མེད་པའི་ཡེ་ཤེས་ཏེ། ཐེག་པ་དེའི་ཡེ་ཤེས་རྒྱུར་གྱུར་བ་འམ། ཐེག་པ་དེས་ཡེ་ཤེས་ཐོབ་པར ་བྱེད་པས་ན་ཐེག་པ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བ་ཞེས་བྱའོ། །དེ་ལྟར་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པས་ཐེག་པ་དེ་ཡང་སྒྲིབ་པ་མེད་པ་ཞེས་བྱའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་སྟེ། ། ་བསོད་ནམས་ཀྱི་ཚོགས་དང་དགེ་བའི་རྩ་བ་ཐམས་ཅད་བསག་པའོ། །ཞེས་བྱ་བས་རྒྱུ་བསགས་པའི་ཡོན་ཏན་བསྟན་ཏེ། ཚོགས་ཇི་ལྟ་བ་བསགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གསོས་སུ་འགྱུར་བའི་མཐུ་དང་ལྡན་པས་སེམས་ཅན ་ཐམས་ཅད་ཉེ་བར་འཚོ་བ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །དགེ་བའི་རྩ་བ་ནི་འདོད་མ་ཆགས་པ་དང། ཞེ་མི་སྡང་བ་ལ་སོགས་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད ་པ་ལས་སུ་རུང་བའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྦྱང་བར་བྱས་པའོ། །ཞེས་བྱ་བས་སྤྱོད་པ་དག་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་གནས་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་དང ་འཚལ་པའི་ཚུལ་ཁྲིམས་ལ་སོགས་པ་ཐེག་པ་དེས་སྤངས་པས་ན་སེམས་ཅན་གྱི་སེམས་ཀྱིས་སྤྱོད་པ་ལ་ལས་སུ་རུང་བ་ཞེས་བྱའོ། །དེ་ལྟར་སེར་སྣ་ལ་སོགས་པ་སྤངས་པ་དང་སྦྱིན་མ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་བ ་བྱས་པར་འགྱུར་ཏེ། ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཐེག་པ་དེ་ནི་ཐོགས་པ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་ཉམས་སུ་ལེན་པར་བྱེད་པའོ་ཞེས་བྱ་བས་མངོན་པར་བྱང ་ཆུབ་པའི་ཡོན་ཏན་བསྟན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་སྒྲིབ་པ་གཉིས་སྤངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་འབྲས་བུར་གྱུར་པ་ན་བྱང་ཆུབ་ཀྱི་སྙིང་པོ་སྟེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་བྱང ་ཆུབ་ནི་སྦྱིན་པའི་སྙིང་པོ། །བྱང་ཆུབ་ནི་ཚུལ་ཁྲིམས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཐེག་པ་དེ་ལ་ཞུགས་པས་བདུད་དང་བགེགས་ཀྱི་བར་ཆད་མེད་པར་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་འགྱུར་བས་ན་ཐེག་པ་དེ་ནི་ཐོགས་པ་མེད ་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའོ། །དེ་བས་ན་ཐེག་པ་ངེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་མཐར་འབྱིན་པར་བྱེད་པས་ན་ཚོགས་གཉིས་ཉམས་སུ་ལེན་པར་བྱེད་པ ་ཞེས་བྱའོ། །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བ་ཞེས་བྱ་བས་མཉམ་པར་ཕན་འདོགས་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི ་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་བསོད་ནམས་ཀྱི་ཞིང་སྦྱིན་པའི་གནས་སུ་འགྱུར་བར་བྱ་བའི་ཕྱིར་མཐོན་དམན་དང་ཉེ་རིང་མེད་པ་བྱམས་པ་དང་ཡེ་ཤེས་ཀྱི་སྣང་བའི་འོད་ཟེར་སྙོམས་པར་གཏོང་ངོ་ཞེས་བྱ་བའི་དོན ་ཏོ། ཐེག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར་ལམ་ངན་པའི་འཇིགས་པ་ཐམས་ཅད་ལས་འདས་པའོ་ཞེས་བྱ་བས་ཉན་ཐོས་དང་སོ་སོའི་སྐྱེ་བོའི་ལམ་ལས་བརྒལ་བའི་ཡོན་ཏན་བསྟན་ཏེ། སངས་རྒྱས་ཀྱི་ཆོས ་ཐམས་ཅད་ནི་སྤངས་པར་བྱ་བ་དང། ཤེས་པར་བྱ་བ་དང་བསྒྲུབ་པར་བྱ་བ་དང་རྫོགས་པར་བྱ་བ་དང་ཐོབ་པར་བྱ་བ་རྣམས་ཏེ། དེ་དག་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་པས་ན་མངོན་དུ་གྱུར་པའོ། །དེ་ལ་སྤངས་པར་བྱ་བ་ནི་ཉོན་མོངས་པའི ་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའོ། །ཤེས་པར་བྱ་བ་ནི་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པའོ། །བསྒྲུབ་པར་བྱ་བ་ནི་བདག་དང་གཞན་གྱི་དོན་ཏོ། །རྫོགས་པར་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའོ། །ཐོབ་པར་བྱ་བ་ནི་མི་གནས་པའི ་མྱ་ངན་ལས་འདས་པའོ། །ཆོས་དེ་དག་མངོན་སུམ་དུ་གྱུར་པས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ཡང་མི་ལྷུང། འཁོར་བར་ཡང་མི་ལྷུང་བས་ན་ལམ་ངན་པའི་འཇིགས་པ་ཐམས་ཅད་ལས་འདས་པ་ཞེས་བྱའོ། །ཡང་ན་ཐེག་པ་དེས་གང་ཟག་ལ ་བདག་མེད་པར་མངོན་སུམ་དུ་བྱས་པས་ངན་སོང་གསུམ་དུ་སྐྱེ་བའི་འཇིགས་པ་མེད་པས་ན་འཇིགས་པ་ཐམས་ཅད་ལས་འདས་པ་ཞེས་བྱའོ། །ཐེག་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་བགེགས ་འཇོམས་པ་ཡོན་ཏན་བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་སོ། །རྟེན་ཅིང ་འབྲེལ་པར་འབྱུང་བ་ནི་ཆོས་རྣམས་བྱེད་པ་པོས་མ་བྱས་ཤིང་རྟག་པ་དང་ཆད་པ་ལས་འདས་པ་རྒྱུ་དང་རྐྱེན་ལས་སྐྱེས་པས་རང་བཞིན་གྱི་མ་སྐྱེས་པ་སྟེ། ནམ་མཁའ་བཞིན་ནོ། །ཆོས་དེ་དག་ཉིད་ཐམས་ཅད་ལས་འཕགས་པར་གནས་ཞིང་མུ་སྟེགས ་དང་བདུད་ལ་སོགས་པ་ལས་རྒྱལ་བར་བྱེད་པས་རྒྱལ་མཚན་དང་བ་དན་ཞེས་བྱའོ། །ཆོས་དེ་དག་གི་སྒྲ་གསང་མཐོན་པོར་བསྒྲགས་པ་ནི་རྒྱལ་མཚན་དང་བ་ངན་བསྒྲེང་བའོ། །དེ་ལྟར་མུ་སྟེགས་ཅན་ཐམས་ཅད་ལས་རྒྱལ་བའི་རྒྱལ་མཚན?་དང? ་བ་དན་བསྒྲེངས་པས་ཕ་རོལ་རྒོལ་བ་མང་པོ་དང་ལོག་པའི་ཚོགས་པ་མང་པོ་ཚར་གཅོད་པར་བྱེད་པས་ན་བདུད་དང་ཕས་ཀྱི་རྒོལ་བ་དང་ངན་པའི་ཚོགས་ཅན་གྱི་ཚོགས་རབ་ཏུ་འཇོམས་པ་ཞེས་བྱ་སྟེ། བདུད་ནི་བདུད་ཉིད་དོ། །ཕས་ཀྱི་རྒོལ་བ་ནི་མུ ་སྟེགས་ཅན་རྣམས་སོ། །ངན་པའི་ཚོགས་ཅན་གྱི་ཚོགས་ནི་བདུད་ཀྱི་འཁོར་སྟོབས་དང་བཅས་པ་འམ། མུ་སྟེགས་ཅན་འཁོར་དང་བཅས་པ་ལ་བྱའོ། །ཐེག་པ་དེ་ནི་སངས་རྒྱས་ཀྱི་ཐེག་པ་སྒྲིབ་པ་མེད་པར་གྱུར་པ་སྟེ་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ ་དང། ཉེ་བའི་ཉོན་མོངས་པ་སྤོང་བའི་ཡོན་ཏན་བསྟན་ཏེ། སངས་རྒྱས་སུ་འགྲོ་བའི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པ་སྟེ། སངས་རྒྱས་སུ་འགྲོ་བར་བྱེད་པའི་ཐེག་པ་ཡང་ཡིན་ལ་ཐེག་པ་དེས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་ཡང་སེལ་བར་བྱེད ་པས་ན། ཐེག་པ་དེ་ནི་སངས་རྒྱས་ཀྱི་ཐེག་པ་སྒྲིབ་པ་མེད་པར་གྱུར་པ་ཞེས་བྱའོ། །དེ་ལྟར་སྒྲིབ་པ་མེད་པར་འགྱུར་བས་མཛའ་དང་མཛའ་མེད་པར་ལྟ་བ་ལ་སོགས་པ་ལྟ་བའི་ཉོན་མོངས་པ་རྣམས་སེལ་བར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ལྟ་བ་ཞེས་བྱ་བའི་སྒྲ ་མཐར་ལྟ་བ་དང། མཛའ་མེད་པར་ལྟ་བ་དང་རྟག་པར་ལྟ་བ་དང་ཆད་པར་ལྟ་བ་དང་འབྱུང་བར་ལྟ་བ་དང། འཇིག་པར་ལྟ་བ་ཞེས་ཚིག་རེ་རེ་དང་སྦྱར་རོ། །དེ་ལ་མཛའ་དང་མཛའ་མེད་པར་ལྟ་བ་ནི་འདི་ལྟར་འདི་ནི་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འཇིག་རྟེན ་པའི་བསམ་གཏན་ལ་བརྟེན་ནས་འཇིག་རྟེན་གྱི་མཛའ་ཡོད་པར་འདུ་ཤེས་པ་དང། མཛའ་མེད་པར་འདུ་ཤེས་པ་སྟེ། དེ་ཡང་ཇི་ལྟར་ལྟ་ཞེ་ན། འཇིག་རྟེན་གྱི་མཛའ་ཐ་མར་ཆད་པར་འགྱུར་རམ་མི་འགྱུར ་སྙམ་དུ་ཡང་དག་པར་ཚོལ་བར་བྱེད་དེ། གང་གི་ཚེ་འཇིག་པའི་བསྐལ་པ་རྗེས་སུ་དྲན་པ་དེའི་ཚེ་ནི་མཛའ་ཡོད་པར་འདུ་ཤེས་འབྱུང་བས་མཛའ་ཡོད་པར་ལྟ་བའོ། །གང་གི་ཚེ་ཆགས་པའི་བསྐལ་པ་དྲན་པ་དེའི་ཚེ་མཛའ་མེད་པའི་འདུ ་ཤེས་འབྱུང་བས་མཛའ་མེད་པར་བལྟའོ། །རྟག་པར་ལྟ་བ་ནི་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་བདག་དང་འཇིག་རྟེན་ནི་རྟག་པ་སྟེ། བྱིས་པ་མ་ཡིན་པ་དང་བྱས་པས་བྱས་པ་མ་ཡིན་པ་དང་སྤྲུལ་པ་མ་ཡིན་པ་དང་སྤྲུལ་པས་བྱས་པ་མ་ཡིན་པ་དང་གསང་དུ ་མེད་པ་དང་ཐེར་ཟུག་ཏུ་གནས་པ་དང་སྲོག་ཤིང་ལྟར་བརྟན་པར་གནས་པའོ་སྙམ་དུ་འཛིན་པའོ། །ཆད་པར་ལྟ་བ་ནི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟ་སྟེ། བདག་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཇི་སྲིད་དུ ་འདུག་ཅིང་སྡོད་ལ་འཚོ་བ་དེ་སྲིད་དུ་ནད་དང་བཅས་པ་འབྲས་དང་བཅས་པ་ཟུག་རྔུ་དང་བཅས་པ་རིམས་དང་བཅས་པ་ཡོངས་སུ་གདུང་བ་དང་བཅས་པ་ཡིན་ཏེ། ནམ་ཤི་བའི་འོག་ཏུ་བདག་ཆད་དེ་ཞིག་ཅིང་མེད་པར་གྱུར་པ་དེ་ནི་བདག་གཏན ་ཆད་བར་འགྱུར་རོ། ཞེས་སྨྲ་བའོ། །འབྱུང་བར་ལྟ་བ་ནི་དངོས་པོ་སྐྱེ་བར་ལྟ་བའོ། །འཇིག་པར་ལྟ་བ་ནི་དངོས་པོ་འགག་པར་ལྟ་བའོ། །ལྟ་བར་གྱུར་པ་ཐམས་ཅད་ཅེས་སྨོས་པ་ནི་མིང་གིས་སྨོས་པ་ལས་མ་གཏོགས་པ་བདག་ཏུ་ལྟ་བ་ལ ་སོགས་པ་ཀུན་བསྡུ་བའོ། །ཀུན་ནས་ལྡང་བ་ནི་ཉོན་མོངས་པ་མངོན་སུམ་དུ་འབྱུང་བའོ། །སྒྲིབ་བ་ནི་སྒྲིབ་པ་ལྔ་རྣམས་སོ། ཆོད་པ་ནི་དགེ་བའི་བར་དུ་གཅོད་པའི་ཆོས་དག་གོ་།ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་མི་ཆེས་པའོ། །འགྱོད ་པ་ནི་དགེ་བ་དང་མི་དགེ་བ་བྱས་ཀྱང་རུང་བ་མ་བྱས་ཀྱང་རུང་ཕྱིས་སེམས་ལ་གདུང་བ་སྐྱེ་བའོ། །སེལ་བ་ནི་དེ་དག་ཐེག་པ་འདིས་སྤོང་བར་བྱེད་པའོ། །ཐེག་པ་ད་ནི་ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོས་ཕྱེ་བས་ན་ཞེས་བྱ་བ་ལ་སོགས་པས་བདག ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་ཏེ། ལྷག་པའི་བསམ་པ་དང། སྙིང་རྗེ་ཆེན་པོས་ཆེ་བས་ཞེས་བྱ་བ་ནི་ལྷག་པའི་བསམ་པ་ཆེན་པོ་དང། སྙིང་རྗེ་ཆེན་པོས་རྒྱུ་ལས་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་སེམས་ཅན་རྣམས ་བདེ་བ་ལ་བཞག་པར་སེམས་པ་ནི་ལྷག་པའི་བསམ་པ་ཆེན་པོའོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པར་བྱེད་པར་སེམས་པ་ནི་སྙིང་རྗེ་ཆེན་པོའོ། །རྒྱུ་དེ་གཉིས་ལས་བྱུང་བས་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར ་ཏེ། བདག་གི་ཕུན་སུམ་ཚོགས་པ་འང་རྣམ་པ་བཞིའོ། །གང་ཞེ་ན་ཆོས་ཕུན་སུམ་ཚོགས་པ་དང་ཐེག་པ་ཕུན་སུམ་ཚོགས་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་བ་ཕུན་སུམ་ཚོགས་པ་དང། མི་གནས་པའི་མྱ་ངན་ལས ་འདས་པའི་ལམ་ཕུན་སུམ་ཚོགས་པའོ། །དེ་ལ་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ཞེས་བྱ་བས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། ཆོས་ཀྱང་རྣམ་པ་གསུམ་མོ། །གང་ཞེ་ན་ཞེས་པར་བྱ་བའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དང་ཐོབ་བར ་བྱ་བའི་ཆོས། །དེ་ལ་ཤེས་པར་བྱ་བའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །བསྒྲུབ་བར་བྱ་བའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །ཐོབ་པར་བྱ་བའི་ཆོས་ནི་མྱ་ངན་ལས་འདས་པ་སྟེ། དེ་དག་དང་ལྡན་པས་ན་ཆོས ་ཐམས་ཅད་ཕུན་སུམ་ཚོགས་པ་ཞེས་བྱའོ། །རིན་པོ་ཆེ་ཐམས་ཅད་དང་ལྡན་པ་ཞེས་བྱ་བས་ཐེག་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཐེག་པ་དེར་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་དང་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཐམས་ཅད་ ་འདུས་པས་ན་རིན་པོ་ཆེ་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ་ཞེས་བྱ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཐེག་པ་དེ་ལ་རྟེན? ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བས། ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ་ཞེས་བྱའོ། །མི་བསླུ་བའི་ལམ་དུ་འགྲོ་བ་ཞེས་བྱ་བས་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཕུན ་སུམ་ཚོགས་པ་བསྟན་ཏེ། མི་བསླུ་བའི་ལམ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་མོ། །ཐེག་པ་འདིས་ཀྱང་ལམ་དེར་འགྲོ་བ་འམ། ལམ་དེ་དང་མཐུན་པའི་ཕྱིར་མི་བསླུ་བའི་ལམ་དུ་འགྲོ་བའོ། །སེམས་ཅན་ཐམས་ཅད་ཉེ་བར་འགྲོ ་བ་ཞེས་བྱ་བས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། ཐེག་པ་དེ་ལ་ཞུགས་ན་སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བ་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཞེས་བྱའོ། །ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན ་མ་ཐོ་བ་མེད་ཅེས་བྱ་བ་ལ་སོགས་པས་འབྲས་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་ཏོ། རྣམ་པ་ཐམས་ཅད་དུ་དུས་ཐམས་ཅད་དུ་གནས་ཐམས་ཅད་དུ་ཕྱོགས་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་ན་ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ ་མེད་པ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་ནི་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་མི་བྱེད་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ནི་དུས་གསུམ་དུ་ཡང་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པས་སོ། གནས་ཐམས་ཅད་ནི་ལྷ་དང་མིའི་གནས་གང་དུ ་ཕྱིན་ཀྱང་སྡིག་པ་མི་བྱེད་པའི་ཕྱིར་རོ། །ཕྱོགས་ཐམས་ཅད་ནི་ཕྱོགས་བཅུ་ཀུན་ཏུ་སྡིག་པ་མི་བྱེད་པས་སོ། །ཆོས་འོ་གནས་སྨོས་པ་རྣམས་ཀྱི་རྒྱན་གྱིས་བརྒྱན་པ་ཞེས་བྱ་སྟེ། དེ་དག་ནི་གོང་དུ་བཤད་པར་ཟད་དོ། །གོང་དུ་བཤད་པ་རྣམས ་མཇུག་བསྡུ་བའི་ཕྱིར། གང་འདི་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་འདི་ལ་མཁས་པ་ཞེས་བྱ་བ་ནི་གང་དུ་བཤད་པ་རྣམས་ལའོ། །ཆོས་ཐམས་ཅད་ལ་མཁས་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་ཐམས ་ཅད་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །དྲིས་པའི་ལན་གདགས་པའི། ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་གསུངས་ཏེ། འདུས་བྱས་པ་འདུས་མ་བྱས་སུ་ཆོས་ཐམས་ཅད་འདུས་པས་འདུས་པའི་དོན་གྱིས ་དེ་གཉིས་ལ་ཆོས་ཐམས་ཅད་ཅེས་བྱའོ། །དེ་ལ་གང་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཟག་པ་དང་བཅས་པའི་ཆོས་དང། ཟག་པ་མེད་པའི་ཆོས་ནི་འདུས་བྱས་སོ། །གང་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་དེ་བཞིན་ཉིད་དང་ཡང་དག་པའི་དོན་མཛའ་དང་སྟོང་པ་ཉིད་དང ་ཆོས་ཀྱི་དབྱིངས་ནི་འདུས་མ་བྱས་སོ་དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་དང། འདུས་མ་བྱས་ལ་མཁས་པར་བྱ་སྟེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་བྱ་སྟེ ་ཞེས་བྱ་བའི་དོན་ཏོ། །གང་དེ་དག་ལུས་ཀྱིས་འདུ་བྱེད་དགེ་བ་དང་ངག་གི་འདུ་བྱེད་དམ་པ་དང་ཡིད་ཀྱི་འདུ་བྱེད་དགེ་བ་ཞེས་བྱ་བ་ལ། སྲོག་མི་གཅོད་པ་དང་མ་བྱིན་པར་མི་ལེན་པ་དང་འདོད་པས་ལོག་པར་མི་གཡེམ་པ་ནི་ལུས་ཀྱི་འདུ་བྱེད་དགེ་བའོ། །བརྫུན ་དང་ཕྲ་མོ་དང་ངག་རྩུག་པོ་དང་ཚིག་ཀྱལ་པའི་ཚིག་མི་སྨྲ་བ་ནི་ངག་གི་འདུ་བྱེད་དགེ་བའོ། །རྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་སྤངས་པ་ནི་ཡིད་ཀྱི་འདུ་བྱེད་དགེ་བ་ཞེས་བྱའོ། །དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སྔོ་བ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་གོང་དུ་སྨོས་མ་ཐག་པའི་འདུ་བྱེད་རྣམ་པ་གསུམ་མངོན་པར་འདུས་བྱས་པའོ། །ཟླ་ན་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་དེ་སྡོང་བ་དང། ཡེ་ཤེས་དང་སྒྲུབ་པ་དང་དུས་རྔ་རྔ?་འཐོབ་པ་དང་ལྡན་པ་དང ་སྤྱོད་པ་ལ་སོགས་པས་ཉན་ཐོས་ཀྱི་བྱང་ཆུབ་ལས་ཁྱད་ཞུགས་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །དེ་ལ་སྤོང་བ་ཁྱད་ཞུགས་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་བར་ཟད་ཀྱི་འདིས་ནི་ཉོན་མོངས ་པ་དང། ཤེས་བྱའི་སྒྲིབ་པ་གཉིས་སྤོང་བས་སྤོང་བར་ཁྱད་ཞུགས་སོ། །ཡེ་ཤེས་ནི་གང་ཟག་ལ་བདག་མེད་པ་ཙམ་ཁོང་དུ་ཆུད་པར་ཟད་ཀྱི། འདིས་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པས་སོ། །སྒྲུབ་པ་ནི་ཉན་ཐོས་ལ་སོགས ་པ་བདག་གི་དོན་བསྒྲུབ་པ་ཙམ་དུ་ཟད་ཀྱི་འདིས་ནི་བདག་དང་གཞན་གྱི་དོན་གྲུབ་པར་བྱེད་པས་ན་སྒྲུབ་པ་ཁྱད་ཞུགས་སོ། །དུས་ནི་ཉན་ཐོས་ལ་སོགས་ཚེ་གསུམ་འམ་བདུན་གྱི་བར་དུ་སྦྱོར་བ་ཙམ་དུ་ཟད་ཀྱི་འདི་ནི་བསྐལ་པ་གྲངས་མེད་པ ་གསུམ་གྱི་བར་དུ་སྦྱོར་བས་ན་དུས་ཁྱད་ཞུགས་སོ། །ཐོབ་པ་ནི་ཉན་ཐོས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཟད་ཀྱི། འདིས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པས་ན་ཐོབ་པ་ཁྱད་ཞུགས་སོ། །ལྡན་པ་ནི་ཉན་ཐོས་དག་ཟད་པར་སྐྱེ ་མཆེད་ལ་སོགས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཟད་ཀྱི། འདི་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་ལྡན་པ་ཁྱད་ཞུགས་སོ། །སྤྱོད་པ་ནི་ཉན་ཐོས་ལ་སོགས་པ་ས ་དང་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི། འདིས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ན་སྤྱོད་པ་ཁྱད་ཞུགས་སོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ ་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་སྟེ། སྔར་བཤད་པ་བཞིན་ནོ་བྱང་ཆུབ་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར་དགེ་བ་མངོན་པར་འདུས་བྱས་པ་རྣམས་བསྔོ་བ་དེ་ནི་བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་སྟེ། དེ་ནི་འདུས་བྱས་ལ ་མཁས་པའོ། །གང་ཡང་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་རྟོག་པས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་ཞེས་བྱ་བ་ལ། གོང་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བཤད་པ་ལ ་བྱང་ཆུབ་ལ་རྟོག་པ་ཞེས་བྱ་བའི་ཚིག་མ་སྨོས་པས་འདུས་བྱས་སུ་རིག་པར་བྱའོ། །འདིར་ནི་བྱང་ཆུབ་ལ་རྟོག་པ་ཞེས་སྨོས་པས། ལུས་དང་ངག་དང་ཡིད་ཀྱི་དགེ་བ་ཇི་སྤྱད་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་མཚན་ཉིད་དང་དབྱེར་མེད་པར་སྟོང་པ་ཉིད་དུ ་བརྟགས་ནས་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་བསྔོ་སྟེ། བྱང་ཆུབ་ཀྱང་འདུས་མ་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གཞན་ཡང་འདུས་མ་བྱས་པ་ལ་མཁས་པ་ནི་ཞེས་བྱ་བས་འདུས་བྱས་དང་འདུས་མ ་བྱས་ལ་མཁས་པའི་རྣམ་གྲངས་གཞན་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་སྒྲུབ་པ་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་པ་ལ་མཁས་པར ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་འདུས་མ་བྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་མི་སྨོད་ཅིང་ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ནི་འདུས་མ་བྱས་ཀྱི་ཡེ་ཤེས་ཏེ། དངོས་སུ་ན ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི་འཁོར་བའི་སྐྱེ་བའི་རྒྱུ་ཡིན་པས་སྨད་པ་ཡིན་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་ལ་སུན་འབྱིན་པར་མི་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་མི་སྨོད་པ་ཞེས་བྱའོ། །ཕ ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་སོ། །དགེ་བའི་རྩ་བ་འདོད་མ་ཆགས་པ་ལ་སོགས་པའོ། །ཕྱིར་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང། དགེ་བའི་རྩ་བའི་ཚོགས་བསགས་པར་བྱ ་བའི་དོན་དུ་འམ་ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་ཨི་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པའི་མི་གནས་པའི་མྱ་ངན་ལས་འདས་པའོ། །བྱང་ཆུབ་སེམས་དཔའ་ཨི་ཐམས ་ཅད་མཁྱེན་པ་ནི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱའོ། སྔོ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་ཡེ་ཤེས་དེ་ཐོབ་པར་བྱ་བའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་བསྔོ་བའོ། །དེ་དག་གིས་ནི་འདི་སྐད ་བསྟན་པ་ཡིན་ཏེ། གོང་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ནི་འདུས་མ་བྱས་ཀྱི་ཆོས་རྟོགས་པའི་རང་བཞིན་མ་ཡིན་པས་འདུས་བྱས་ལ་མཁས་པར་བཤད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་རྟོགས ་པའི་རང་བཞིན་ཡིན་པས་འདུས་མ་བྱས་ལ་མཁས་པར་བཤད་དོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་འདུས་བྱས་དང་འདུས་མ་བྱས་ལ་མཁས་པའི་རྣམ་གྲངས་སྟོན་ཏོ། །ཡེ་ཤེས་དང་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་བལྟས་ནས་ཅི ་ཚིགས་པར་ཕན་འདོགས་པར་བྱེད་པ་ནི་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བ་ཞེས་བྱའོ། །དེ་ལྟར་ཕན་གདགས་པར་བྱ་བའི་ཕྱིར་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱོད་པ་དང་དོན་མཐུན་པར་སྤྱོད་པ ་བཞི་སེམས་ཅན་སྡུད་པར་བྱེད་པ་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །མི་འཛིན་མི་ལེན་མཆོག་ཏུ་འཛིན་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ལ་དེ་ལྟར་མོད་ཀྱི། དོན་དམ་པར་སྟོང་པ་ཡིན་པས་ཕྱིའི་ཡུལ་ལ་དངོས་པོར་མི་འཛིན། ནང་གི ་དངོས་པ་ལ་བདག་ཏུ་མི་ལེན་ལ། དེ་ལྟར་དངོས་པོ་དང་བདག་ཏུ་མ་གྲུབ་པས་ཕན་གཏགས་སོ་ཞེས་མཆོག་ཏུ་འཛིན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བསྡུ་བའི་དངོས་པོ་ལ་མཁས་པ་དེ་ཡང་འདུས་མ་བྱས་ལས་མོས་པས་ཞེས་བྱ་བ་ནི ་བསྡུ་བའི་དངོས་པོ་རྣམས་ཀྱང་སྟོང་པ་ཉིད་ཀྱི་རང་བཞིན་དུ་མོས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་ཞེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་དུ་མོས་པས་བསྡུ་བའི་དངོས་པོ་ལ་མཁས་པ་དེ་དེ་བཞིན་ཉིད་ཐུགས་སུ་ཆུད ་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོ་བ་ནི་བྱང་ཆུབ་སེམས་དཔའ་ཨི་འདུས་མ་བྱས་ལ་མཁས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདུས་བྱས་དང་འདུས་མ་བྱས་ལ་མཁས་པ་རྣམ་གྲངས་གཞན་ཡང་བསྟན་བར་བཞེད་ནས ་གཞན་ཡང་འདུས་བྱས་ལ་མཁས་པ་ནི་གང་འཁོར་པའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདུས་བྱས་ལ་མཁས་པ་རྣམས་པ་གཉིས་ཏེ། འཇིག་རྟེན་པའི་རྒྱུ་ལ་མཁས་པ་དང། འཇིག་རྟེན ་ལས་འདས་པའི་རྒྱུ་ལ་མཁས་པའོ། །འཇིག་རྟེན་པའི་རྒྱུ་ལ་མཁས་པ་ཡང་རྣམ་པ་གཉིས་ཏེ། སྡུག་བསྔལ་གྱི་རྒྱུ་སྤོང་བ་ལ་མཁས་པ་དང། བདེ་བའི་རྒྱུ་སྐྱེད་པ་ལ་མཁས་པའོ། །གང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་པ་དང ་ཞེས་བྱ་བས་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་སྤོང་བ་ལ་མཁས་པ་བསྟན་ཏོ། འཁོར་བར་རྒྱུན་དུ་སྐྱེ་བར་སྐྱེད་བའི་རྒྱུ་འདོད་ཆགས་ལ་སོགས་པ་ཀུན་ཏུ་སྦྱོར་བའི་ཚོགས་ནི་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་ཞེས་བྱའོ། །དེ་རྣམས་སྤོང་བར་བྱེད་པ་ནི་ཉོན་མོངས ་པ་རྣམས་གཅོད་པ་ཞེས་བྱའོ། །འཁོར་བ་རྒྱུན་གྱི་དགེ་བའི་རྩ་བ་རྣམས་མི་གཅོད་པ་དང་ཞེས་བྱ་བས་བདེ་བའི་རྒྱུ་བསྐྱེད་པ་ལ་མཁས་བ་བསྟན་ཏེ། གང་འཁོར་བ་རྒྱུན་དུ་ལྷ་དང་མིར་སྐྱེ་བར་བྱེད་པའི་རྒྱུ་དགེ་བ་བཅུ་དང་འདོད་མ་ཆགས་པ་དང ་ཞེ་མི་སྡང་བ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་བྱེད་པས་ནི། འཁོར་བའི་རྒྱུན་མི་དགེ་བའི་རྩ་བ་མི་གཅོད་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་རྒྱུ་ལ་མཁས་པ་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ ་ཆེན་པོའི་རྒྱུ་རྒྱུན་མི་གཅོད་པ་དང། ཞི་བ་ཕྱོགས་གཅིག་པའི་རྒྱུ་སྒྲུབ་པར་མི་བྱེད་པའོ། །བྱང་ཆུབ་སྒྲུབ་པའི་ཀུན་ཏུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་བ་ཞེས་བྱ་བས་བྱང་ཆུབ་ཆེན་པོའི་རྒྱུ་རྒྱུན་མི་གཅོད་པ་བསྟན་ཏེ། ་བྱང་ཆུབ་ཀྱི་དོན་ནི་གོང་དུ་སྨྲས་པར་ཟད་དོ། །ཀུན་ཏུ་སྦྱོར་བ་ནི་ཞི་གནས་དང་ལྷག་མཐོང་སྒྲུབ་པར་བྱེད་པའོ། །ཞི་གནས་དང་ལྷག་མཐོང་སྒོམ་པ་གང་གིས་བྱང་ཆུབ་འཐོབ་པར་བྱེད་པ་དེ་ནི་བྱང་ཆུབ་སྒྲུབ་པའི་ཀུན་ཏུ་སྦྱོར་བ་ཞེས་བྱ་སྟེ། དེ་ལྟར ་བསྒོམ་པ་རྒྱུན་མི་གཅོད་པ་ནི་ཀུན་ཏུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་བའོ། །ཉི་ཚེ་བའི་ཀུན་ཏུ་སྦྱོར་བ་རྣམས་མི་བཅད་པ་ཞེས་བྱ་བས་ཞི་བ་ཕྱོགས་གཅིག་པའི་རྒྱུ་སྒྲུབ་པར་མི་བདེ་བ་བསྟན་ཏེ། ཉི་ཚེ་བའི་ཀུན་ཏུ་སྦྱོར་བ་ནི་ཞི་བ་ཕྱོགས་གཅིག་པའི་མྱ ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རྒྱུ་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱེད་པའོ། །མི་སྤྱད་པ་ནི་དེ་ལྟ་བུའི་རྒྱུ་ལ་མི་འཇུག་པའོ། །ཡང་ན་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ ་རྒྱུན་མི་གཅོད་པས་ན་བྱང་ཆུབ་སྒྲུབ་པའི་ཀུན་ཏུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་བ་ཞེས་བྱའོ། །འཁོར་བར་སྐྱེ་བའི་དགེ་བའི་རྩ་བ་རྣམས་རྒྱུན་མི་གཅོད་པས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་མ་ལྷུང་བའི་ཕྱིར་ཉི་ཚེ་བའི་ཀུན་ཏུ་སྦྱོར་བ ་རྣམས་མི་སྤྱད་པ་ཞེས་བྱའོ། །གང་ཡང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པས་འདུས་མ་བྱས་ལ་མཁས་པ་བསྟན་ཏེ། དེ་ཡང་ཏིང་ངེ་འཛིན་གསུམ་ལ་དབང་ཐོབ་པ། གདམས་ངག་དང་རྗེས་སུ་བསྟན་པ་ལ་མི་བརྟེན་པར་དེ་བཞིན་ཉིད་ཁོང་དུ་ཆུད་པ ་དང་དེ་བཞིན་ཉིད་ཁོང་དུ་ཆུད་ཀྱང་དེའི་ཕྱོགས་ལ་མི་གནས་པའོ། །གང་སྟོང་པ་ཉིད་དང་མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གསུམ་ལ་དབང་ཐོབ་པ་བསྟན་ཏེ། སྟོང་པ་ཉིད་ལ་སོགས་པ་ནི་གོང་དུ་བཤད་པར་ཟད་དོ། །ཡེ་ཤེས ་གང་གིས་ཏིང་ངེ་འཛིན་དེ་གསུམ་ལ་དབང་བྱེད་པར་འགྱུར་བ་དེ་ལ་ནི་འདྲིས་པར་བྱེད་པའི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེ་མངོན་སུམ་དུ་གྱུར་བ་འམ། ཡེ་ཤེས་དེ་རྟོགས་པ་ནི་རྟོགས་པ་ལ་མཁས་པའོ། །བྱང་ཆུབ་ཏུ་གཞན་གྱི་དྲིང་ལ་མི་འཇོག་ཅིང ་ཞེས་བྱ་བས་གདམས་ངག་དང་རྗེས་སུ་བསྟན་པ་ལ་མི་བརྟེན་པར་དེ་བཞིན་ཉིད་ཁོང་དུ་ཆུད་པ་བསྟན་ཏེ། དེ་བཞིན་གཤེགས་པ་དང་མཁན་པོ་དང་སློབ་དཔོན་གྱིས་བསྟན་པའི་མན་ངག་ལ་མི་བརྟེན་པར་སྟོང་པ་གཉིས་སུ་མེད་པའི་མཚན་ཉིད་ཁོང ་དུ་ཆུད་པ་ནི་བྱང་ཆུབ་གཞན་གྱི་དྲིང་ལ་མི་འཇོག་པ་ཞེས་བྱའོ། །འདུས་མ་བྱས་མངོན་སུམ་དུ་མི་བྱེད་ཅེས་བྱ་བས་དེ་བཞིན་ཉིད་ཁོང་དུ་ཆུད་ཀྱང་དེའི་ཕྱོགས་ལ་མི་གནས་པ་བསྟན་ཏེ། འདུས་མ་བྱས་ནི་མྱ་ངན་ལས་འདས་པ་འམ་སྟོང་པ་ཉིད་དོ།། ་མངོན་སུམ་དུ་མི་བྱེད་པ་ནི་དེ་དག་ཁོང་དུ་ཆུད་ཅིང་ཐོབ་ཀྱང་དེའི་ཕྱོགས་ལ་མི་གནས་པའོ། །འདུས་བྱས་དང་འདུས་མ་བྱས་ལ་མཁས་པས་རྣམ་པ་གཞན་ཡང་བསྟན་པའི་ཕྱིར་གཞན་ཡང་འདུས་བྱས་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །ཁམས་གསུམ་ན་ཡང་སྤྱོད་ལ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པས་ཀྱང་མི་གོས་ཞེས་བྱ་བས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁམས་གསུམ་ན་ཡང་གནས་ལ། །པདམོ་འདམ་ལས་སྐྱེ་ཀྱང་འདམ་གྱི་ཉེས་པས་མི ་དགོས?་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་འདོད་ཆགས་ལ་སོགས་པས་མི་གོས་པ་འདི་ནི། འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་ཁམས་གསུམ་ནས་ངེ་སྤར་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་ཞེས་བྱ་བ་ལ། ཁམས་གསུམ་ནས་ངེས ་བར་འབྱུང་བའི་ཡེ་ཤེས་ན་ཉོན་མོངས་པ་སྤོང་བར་བྱེད་པ་དང། སྤངས་པ་མངོན་དུ་གྱུར་བ་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་བྱའོ། །རབ་ཏུ་ཤེས་ཀྱང་ཞེས་བྱ་བ་ནི་དེ་མངོན་སུམ་དུ་གྱུར་ཀྱང་ཞེས་བྱ་བའི་ཐ་ཚིག་གོ་།ངེས་པར་འབྱུང་བའི་དབྱིངས་སུ་མི་ལྷུང་ཞེས་ ་བྱ་བ་ལ་ངེས་པར་འབྱུང་བའི་དབྱིངས་ནི་མྱ་ངན་ལས་འདས་པ་ལ་བྱའོ། །མི་ལྷུང་བ་ནི་དེ་འབའ་ཤིག་གི་ཕྱོགས་ལ་མི་གནས་པའོ། །མཁས་པ་བརྒྱད་བོ་རྣམས་རྒྱ་ཆེར་བཤད་པའི་ངེས་པའི་ཚིག་དང། རྒྱུ་དང་འབྲས ་བུ་བསྡུས་ཏེ་བསྟན་པའི་ཕྱིར། གང་ཆོས་ཐམས་ཅད་ལ་མཁས་བ་ཞེས་སྨོས་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་སོ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ལ་མཁས་པ་ཞེས་ཀྱང་བྱ། ཐམས་ཅད་མཁྱེན་པ་ཞེས་ཀྱང་བྱ་བས། ཆོས་ཐམས་ཅད་ལ་མཁས་པ ་ཞེས་སྨྲས་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་ཏེ། འདིས་ནི་ངེས་པའི་ཚིག་བསྟན་ཏོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་འདྲི་བ་སྟེ། ཆོས་ཐམས་ཅད་ལ་མཁས་པ་དེ་ཅིའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་། ་རྒྱུ་བསྟན་པའི་ཕྱིར། རྟག་ཏུ་དྲན་པ་དང་བློ་གྲོས་དང་ཤེས་རབ་ལ་མཁས་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ལ་མཁས་པ་དེ་ནི་རྟག་ཏུ་དྲན་པ་ལ་མཁས་པ་དང་རྟག་ཏུ་བློ་གྲོས་ལ་མཁས་པ་དང་རྟག་ཏུ་ཤེས་རབ་ལ་མཁས་པས ་དེ་ལ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་གསུམ་གྱིས་ཆོས་ཐམས་ཅད་ལ་རྟོག་པས་ནམ་མཁས་པ་སྟེ། དྲན་པ་ལ་མཁས་པ་ནི་ཆོས་རྣམས་ཀྱི་དོན་དང་ཚིག་མི་བརྗེད་པར་བྱེད་དོ། །བློ་གྲོས་ལ་མཁས་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོག་པར ་བྱེད་དོ། །ཤེས་རབ་ལ་མཁས་པ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོག་པར་བྱེད་དོ། །འབྲས་བུ་བསྟན་པའི་ཕྱིར་སྨྲས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་ཅིང་མི་ཆགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྟེ། ཤེས ་བྱ་ཐམས་ཅད་ལ་དམིགས་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་པ་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱ་བར་འདོད་དོ། །ཡེ་ཤེས་དེ་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས ་པར་སྤངས་ན་མི་ཆགས་པའོ། །ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་དྲན་པ་ལ་སོགས་པ་གསུམ་གྱིས་ཡེ་ཤེས་དེ་འཐོབ་ཅིང་མཐར་ཕྱིན་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བ་ནི་གང་གིས་ཕྱིར་གོང་དུ ་བཤད་བ་ལྟར་ན་ཆོས་ཐམས་ཅད་ལ་རྟོགས་ཤིང་ཁོང་དུ་ཆུད་པ་དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱའོ། །མཁས་པ་བརྒྱད་པ་དེ་དག་གིས་ཟིན་པ་ཞེས་བྱ་བ་ནི་མཁས་པ་བརྒྱད་པོ་འདི་དག་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། ཤེས་རབ་ཀྱི ་ལས་བསྟན་པའི་ཕྱིར་གཞན་ཡང་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞར་ལ་ཤེས་རབ་ཀྱི་སྒྲའི་དོན་ཀྱང་འཆད་དོ། །ཤེས་རབ་ཀྱི་ཚིག་ལ་དོན་ཁ་ཅིག་ལས་ནི་རབ་དང་ཤེས་པ་གཉིས་ཀ་འབྱུང། །བ་ཅིག་ལས་གཅིག ་འབྱུང་སྟེ། དེ་དང་ལྡན་པའི་ཕྱིར་ཤེས་རབ་ཅེས་བྱའོ། །ཡང་ན་གཞན་གྱི་བསྟན་པ་ཤེས་པ་དང། སོ་སོ་རང་ཉིད་ཤེས་པ་དང་རྣམ་པར་ཤེས་པ་དང། རབ་ཏུ་ཞི་བ་ཤེས་པ་དང། ཡོན་ཏན་གྱི་མཆོག་ཤེས་པས་ཤེས་རབ་བོ། །དེ་ལ་གཞན་གྱི་བསྟན་པ་ཤེས ་པ་ནི་གཞན་གྱིས་བསྟན་པའི་སྒྲའི་རྗེས་སུ་འགྲོ་བ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པར་ལྟ་བ་སྐྱེས་པའོ། །སོ་སོར་ཤེས་པ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པའོ། །རྣམ་པར་ཤེས་པ་ནི་འཇིག ་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ཆོས་ཀྱི་མཚན་ཉིད་རྟོག་པའོ། །རབ་ཏུ་ཞི་བ་ཞེས་པ་ནི་བསྒོམ་པའི་ལམ་ན་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཡེ་ཤེས་སོ། །ཡོན་ཏན་གྱི་མཆོག་ཤེས་པ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་རྣམས ་ཏུ་སྒྲུབ་བར་བྱེད་པའི་ཤེས་རབ་བོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་བ་ནི་ཤེས་རབ་པོ་ཞེས་བྱ་བ་ལ་དགེ་བ་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཟག་དང་བཅས་པ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང ་མི་གཡོ་བར་ཉེ་བར་འདུ་བྱེད་དོ། །ཟག་པ་མེད་པ་ནི་འཕགས་པའི་ལམ་ལ་སོགས་པའོ། །མི་དགེ་བ་ནི་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས ་པའོ། །ཆོས་དེ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་ཤེས་པ་ནི་ཤེས་རབ་ཅེས་བྱའོ། །ངེས་པར་འབྱེད་བའི་ཆ་དང་མཐུན་པའི་ཆོས་རྣམས་ལ་རྟོག་པ་ཞེས་བྱ་བ་ལ་ངེས་པར་འབྱེད་བ་ནི་དྲོད་དང་སྤྱི་བོ་དང་བཟོད་བ་དང་འཇིག་རྟེན་པའི་ཆོས་ཀྱི ་མཆོག་སྟེ། མོས་པས་སྦྱང་བའི་སའི་ཏིང་ངེ་འཛིན་རྣམས་སོ། །དེའི་ཆ་དང་མཐུན་པའི་ཆོས་ནི་ཏིང་ངེ་འཛིན་དེ་འཐོབ་པའི་རྒྱུར་གྱུར་བའི་ཆོས་ཏེ། དང་པོ་དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་པ་དང་སེམས་པ་དང་དེ་ནས་དྲན་པ་ཉེ ་བར་བཞག་པ་བཞི་སྒོམ་པ་དང། ཡང་དག་པར་སྤོང་བ་བཞི་སྒོམ་བ་ལ་སོགས་པའོ། །ཆོས་དེ་རྣམས་ཁོང་དུ་ཆུད་པ་རྟོག་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཁོང་དུ་ཆུད་པས་ན་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་ལ་རྟོག་པ་ཞེས་བྱའོ།། ་འཕགས་པའི་ཆོས་མངོན་དུ་གྱུར་པར་ཤེས་རབ་ནི་ཚད་མར་གྱུར་པའོ་ཞེས་བྱ་བ་ལ། འཕགས་པ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའོ། །དེ་དག་གི་ཆོས་ནི་གང་ཟག་ལ་། ་བདག་མེད་པ་དང། ཆོས་ལ་བདག་མེད་པའི་ཆོས་ཏེ། དེ་ཡང་ཤེས་རབ་ཀྱིས་མངོན་སུམ་དུ་གྱུར་པས་ཤེས་རབ་ནི་ཚད་མར་གྱུར་པ་སྟེ། བརྩན་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། ཤེས་རབ་ནི་ལྟ་བར་གྱུར་པ་དང་ཀུན་ནས་ལྡང་བ་ཞེས་བྱ ་བ་ལ་སོགས་པ་ལ་ལྟ་བར་གྱུར་པ་ལ་སོགས་པ་ནི་གོང་དུ་བཤད་པར་ཟད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པའོ་ཞེས་བྱ་བ་ནི་མིང་གིས་སྨོས་པའི་ཆོས་དེ་དག་གིས་རང་བཞིན་སྟོང་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་བ ་སྟེ། དེ་ཡང་ཤེས་རབ་ཀྱིས་ཁོང་དུ་ཆུད་པས་ན་ཤེས་རབ་ནི་ལྟ་བ་ལ་སོགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པའོ། །ཤེས་རབ་ནི་འདོད་པ་དང་རེ་བ་དང་སྨོན་བ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའོ། ཞེས་བྱ་བ་ལ། འདོད་པའི ་ཁམས་སུ་སྐྱེ་པར་མོས་པ་ནི་འདོད་པའོ། །གཟུགས་ཀྱི་ཁམས་སུ་སྐྱེ་བར་མོས་པ་ནི་རེ་བའོ། །གཟུགས་མེད་པའི་ཁམས་སུ་སྐྱེ་བར་མོས་པ་ནི་སྨོན་པའོ། །ཡང་ན་དངོས་པོ་ཡིད་དུ་འོང་བ་འདས་པ་རྣམས་དང་ཕྲད་པར་འདོད་པ་ནི་འདོད་པའོ། །དེ་དང ་འདྲ་བའི་དངོས་པོ་མ་འོངས་པ་རྣམས་དང་ཕྲད་པར་འདོད་པ་རེ་བའོ། །ད་ལྟར་གྱི་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་བྲལ་བར་མི་འདོད་པ་ནི་སྨོན་པ་སྟེ། སྨོན་ལམ་ནི་དུས་གསུམ་གྱི་དངོས་པོ་དེ་དག་ལ་ཆགས་པའོ། །ཤེས་རབ་ཀྱི་དུས་གསུམ་གྱི ་དངོས་པོ་དེ་དག་ལ་མི་རྟག་བ་དང་སྡུག་བསྔལ་བར་མཐོང་སྟེ། དེ་ལ་ཆགས་བ་མེད་པའི་ཕྱིར་ཤེས་རབ་ཀྱི་སྨོན་ལམ་དང་བྲལ་བ་ཞེས་བྱའོ། །ཤེས་རབ་ནི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་ཡོངས་སུ་ཞི་བས་ན་སིམ་པར་བྱེད་པའོ། ཞེས་བྱ་བ ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་དག་ཉིད་ལུས་དང་སེམས་ལ་གནོད་པ་ཡིན་པས་ན་ཡོངས་སུ་གདུང་བ་ཞེས་བྱའོ། །ཤེས་རབ་ལ་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་གནོད་པ་དེ་མེད་པ་འམ། ཤེས་རབ་ཀྱི་ཉོན་མོངས་པའི་རྒྱུ་ལས ་བྱུང་བའི་གནོད་པ་དེ་སེལ་བར་བྱེད་བས་ན་ཤེས་རབ་དེ་ནི་སེམ་པར་བྱེད་བ་འོ་།ཤེས་རབ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བའི་རྒྱུན་མ་གཅད་པས་ན་མཆོག་ཏུ་དགའ་བར་བྱེད་པའོ་ཞེས་བྱ་བ་ལ། དེ་ཁོ་ན་སྟོང་བའི་མཚན་ཉིད་རྟོགས་ནས་དགའ་ ་བ་རྒྱུན་མི་འཆད་པར་འབྱུང་བ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བ་རྒྱུན་མ་བཅད་པ་ཞེས་བྱ་སྟེ། དེ་འང་ཤེས་རབ་ལས་བྱུང་བས་ཤེས་རབ་ནི་མཆོག་ཏུ་དགའ་བར་བྱེད་པའོ། །ཤེས་རབ་ནི་དོན་ཤེས་པ་མངོན་སུམ་དུ་གྱུར་པས་ནི་རབ་ཏུ་སྟོན་པའོ ་ཞེས་བྱ་བ་ལ། དོན་ནི་ཡང་དག་པའི་མཛའ་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དོན་དེ་ཁོང་དུ་ཆུད་པའི་དོན་ཤེས་པ་མངོན་སུམ་དུ་གྱུར་པ་སྟེ། དེ་འང་ཤེས་རབ་ཀྱི་མངོན་སུམ་དུ་གྱུར་པས་ན་ཤེས་རབ་དེ ་དོན་ལ་རྟོག་བའི་ཕྱིར་རབ་ཏུ་སྟོན་པ་ཞེས་བྱའོ། །ཡང་ན་ཤེས་རབ་ལ་དོན་སྟོན་ཏེ། ཤེས་རབ་མེད་ན་དོན་མི་རྟོག་པའི་ཕྱིར་རོ། །ཤེས་རབ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་གི་བརྟེན་ཏེ་ཞེས་བྱ་བ་ལ། བྱང་ཆུབ་ནི་སྤངས ་པ་དང་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་ལ་སྤངས་པའི་མཚན་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཡེ་ཤེས་ནི་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང་སོ་སོར་ཀུན་ཏུ་རྟོག་པ་དང། བྱ་བ་སྒྲུབ་པའོ། །བྱང་ཆུབ་དེ་ཐོབ ་པར་བྱ་བའི་རྒྱུ་འམ། གཞི་ལ་བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་སྟེ། དེ་འང་དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་ལ་སོགས་པ་སུམ་ཅུ་རྩ་བདུན་ནོ། །ཤེས་རབ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན ་སོ་སོའི་སེམས་ཀྱི་རྒྱུན་ལ་སྐྱེ་བས་ན། ཤེས་རབ་ནི་ཆོས་དེ་རྣམས་ཀྱི་རྟེན་ཅེས་བྱའོ། །ཤེས་རབ་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་འགྱུར་བས་ན་ཐོབ་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། ཐེག་པ་གང་དང་གང་གི་འབྲས་བུ ་གང་དང་གང་ཡིན་པའི་འབྲས་བུ་དེ་དག་འཐོབ་པར་བྱེད་པ་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་འཐོབ་པར་འགྱུར་བ་ཞེས་བྱ་སྟེ། ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ཐོབ་པ་དང། རང་སངས་རྒྱས་ཀྱི་ཐེག་པས་རང་སངས་རྒྱས ་ཀྱི་རྣམ་པར་གྲོལ་བ་ཐེག་པ་དང། ཐེག་པ་ཆེན་པོས་རང་གི་རྣམ་པར་གྲོལ་བ་ཐེག་པའོ། །ཐེག་པ་དེ་དང་དེ་དག་གིས་རང་རང་གིས་འབྲས་བུ་ཐོབ་པས་ཤེས་རབ་ལ་རྟེན་ནས་ཐོབ་པས་ཤེས་རབ་ནི་ཐོབ་པའི་མཚན་ཉིད་དེ། འབྲས་བུ་ཐོབ་པར་བྱེད་པའི ་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ་།ཤེས་རབ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བས་ན་རབ་ཏུ་ཤེས་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གསལ་བར་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་རང་བཞིན་གྱིས ་ཡེ་ཤེས་སྣང་བའོ། །ཤེས་རབ་ནི་རང་བཞིན་གྱིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་མཚན་ཉིད་ཡིན་པས་རབ་ཏུ་ཤེས་པའི་མཚན་ཉིད་ཅེས་བྱ་སྟེ། རབ་ཏུ་ཤེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཤེས ་རབ་ནི་ཆུ་བོ་ཐམས་ཅད་ལས་སྒྲོལ་བས་ན་ཡང་དག་པར་སྒྲོལ་བའོ། ཞེས་བྱ་བ་ལ་ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་ལྟ་བའི་ཆུ་བོ་?དང་མ་རིག་པའི་ཆུ་བོ་དང་སྲིད་པའི་ཆུ་བོ་དང་དེ་དག་གི་མཐར་ཕྱུང་སྟེ། སྤངས་ནས་མྱ་ངན་ལས་འདས་པའི ་སྐབས་ལ་གཞག་པའི་ཆུ་བོ་ཐམས་ཅད་ལས་སྒྲོལ་བའོ། །དེ་ཡང་ཤེས་རབ་ཀྱི་སྒྲོལ་བར་བྱེད་པས་ན་ཤེས་རབ་ནི་ཡང་དག་པར་རབ་ཏུ་སྒྲོལ་བ་ཞེས་བྱའོ། །ཤེས་རབ་ནི་ཡང་དག་པ་སྐྱོན་མེད་པ་འདྲེན་པའི་ཞེས་བྱ་བ་ལ། ཡང་དག་བ་སྐྱོན་མེད་པ ་ནི་མཐོང་བའི་ལམ་རབ་ཏུ་སྐྱེས་ནས་ས་དང་པོ་ཐོབ་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་དོན་རྟོགས་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་བའོ། །དེ་ཐོབ་པར་བྱེད་པ་ནི་འདྲེན་པ་སྟེ། མཐོང་པའི་ལམ་དེ་འང་ཤེས་རབ་ཀྱི ་ཐོབ་པར་བྱེད་པས། ཤེས་རབ་ནི་ཡང་དག་པ་སྐྱོན་མེད་པར་འདྲེན་པ་ཞེས་བྱའོ། །ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྡུད་པའོ་ཞེས་བྱ་བ་ལ། དགེ་བའི་ཆོས་ནི་དད་པ་དང། བརྩོན་འགྲུས་མོས་པ་ལ་སོགས་པ་སྟེ། ཆོས་དེ་དག་ཀྱང་ཤེས་རབ ་ལས་འབྱུང་བས་ན། ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྡུད་པའོ། །ཤེས་རབ་ནི་སྔོན་གྱི་ཉོན་མོངས་པ་དང། བག་ལ་ཉལ་ཐམས་ཅད་དང་བར་བྱེད་པའི་ཞེས་བྱ་བ་ལ། འདས་པའི་དུས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང། ཉོན་མོངས ་བ་དེ་དག་གི་བག་ཆགས་ནི་སྔོན་གྱིས་ཉོན་མོངས་པ་དང། བག་ལ་ཉལ་ཐམས་ཅད་ཅེས་བྱའོ། །དང་བར་བྱེད་པ་ནི་དེ་དག་རྩ་ནས་སྤོང་བ་སྟེ། དེ་ཡང་ཤེས་རབ་ཀྱིས་སྤོང་བས་ན་ཤེས་རབ་ནི་སྔོན་གྱི་ཉོན་མོངས་པ་དང། ་བག་ལ་ཉལ་ཐམས་ཅད་དང་བར་བྱེད་པའོ། །ཤེས་རབ་ནི་རྩེ་མོར་གྱུར་པའི་ཆོས་རྣམས་ཀྱི་མཆོག་གོ་ཞེས་བྱ་བ་ལ། སྦྱིན་པའི་མཐར་ཕྱིན་པ་དང། ཚུལ་ཁྲིམས་མཐར་ཕྱིན་པ་དང། བཟོད་པ་མཐར་ཕྱིན་པ་དང། བརྩོན་འགྲུས་མཐར་ཕྱིན ་པ་དང། བསམ་གཏན་མཐར་ཕྱིན་པ་དང། གཞན་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་སྟོབས་དང། མ་འདྲེས་པ་དང་མི་འཇིགས་པ་ལ་སོགས་པ་ནི་རྩེ་མོར་གྱུར་པའི་ཆོས་རྣམས་སོ། །དེ་དག་གི་ནང་ན་ཡང་ཤེས་རབ་དམ་པ་ཡིན་པས ་ཤེས་རབ་ནི་ཆོས་རྣམས་ཀྱི་མཆོག་གོ་།ཤེས་རབ་ནི་རང་འབྱུང་གི་ཡེ་ཤེས་རྟོག་པའི་ཕྱིར་གྱ་ནོམ་པ་ཞེས་བྱ་བ་ལ། མཁན་པོ་དང་སློབ་དཔོན་གྱིས་བསྟན་པ་ལ་བརྟེན་པ་མེད་པར་རང་ཉིད་ཀྱི་ཉོན་མོངས་པ་སྤངས་ནས་དེ་བཞིན་ཉིད་ཁོང་དུ་ཆུད་པ ་ནི་རང་འབྱུང་གི་ཡེ་ཤེས་ཏེ། ཡེ་ཤེས་འབྲས་བུ་དམ་པར་གྱུར་པ་དེ་ཡང་ཤེས་རབ་ལས་འབྱུང་བས་ན་ཤེས་རབ་ནི་གྱ་ནོམ་པའོ། །ཤེས་རབ་ནི་ཁམས་གསུམ་ཐམས་ཅད་དང་མ་འདྲེས་པའི་ཕྱིར་རྒྱུ་བ་དང་བྲལ་བའོ་ཞེས་བྱ་བ་ལ། འདོད་པ ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཡང་ནས་ཡང་དུ་སྐྱེ་ཞིང་འབྱུང་བ་ནི་ཁམས་གསུམ་ཐམས་ཅད་དང་འདྲེས་པ་སྟེ། ཤེས་རབ་དེ་ཁམས་གསུམ་དུ་སྐྱེ་བ་མེད་པས་ན་མ་འདྲེས་པའོ། །དེ་ལྟར་མ་འདྲེས་པའི་ཕྱིར་རྒྱུ་པ་དང་བྲལ་བ་སྟེ། ་ཁམས་གསུམ་དུ་སྐྱེ་བ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་ཐབས་ཀུན་གྱིས་ཟིན་པའོ་ཞེས་བྱ་བ་ནི་དེ་ལྟར་ཁམས་གསུམ་དུ་སྐྱེ་བ་དང་བྲལ་ཡང་ཤེས་རབ་ཀྱི་དབང་གིས་གཅིག་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཐབས་སྙིང་རྗེ་ཆེན ་པོ་ལ་སོགས་པ་སྔར་སྨོས་པའི་ཐབས་རྣམས་ཀྱི་ཟིན་པས་ན་ཤེས་རབ་ནི་ཐབས་ཀུན་གྱིས་ཟིན་པའོ། །ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱི་ཡོངས་སུ་བཟུང་བའོ་ཞེས་བྱ་བ་ལ། འཕགས་པ་རྣམས་ཤེས་རབ་དེ་དང་ལྡན། འཕགས་པ་རྣམས་ལ་ཤེས་རབ་དེ ་མངལ་ཞིང་འཕགས་པ་རྣམས་ཀྱི་བདག་གིར་བྱས་པས་ན། ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱི་ཡོངས་སུ་བཟུང་བའོ། །ཤེས་རབ་མཚན་མ་དང་ཡོངས་སུ་བརྟོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཚད་གཟུང་དུ་མེད་པའོ་ཞེས་བྱ་བ་ལ། འདི་ཙམ་མོ་ཞེས་??། ་གཅོད་པ་ནི་ཚང་གཟུང་དུ་ཡོད་པའོ། །མཚན་མ་ནི་གཟུགས་དང་སྒྲ་དང་དཀར་པོ་དང་དམར་པོ་ལ་སོགས་པ་གཟུང་པར་གྱུར་པའི་ཡུལ་རྣམས་སོ། །རྟོག་པ་ནི་འདི་ནི་དཀར་པོ་འདི་ནི་དམར་པོ་ཞེས་འཛིན་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ།། ་བཟུང་པ་དང་འཛིན་པ་གཉིས་ཤེས་རབ་ངེས་སྤངས་པས་ན་མཚན་མ་དང་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །དེ་ལྟར་གཟུང་བ་དང་འཛིན་པ་དང་བྲལ་བས། དེ་ལ་འདི་འདྲ་ཞེ་འམ། འདི་ཙམ་ཞེས་ཚད་གཟུང་ཞིང་བཅད་པར་མི་ནུས་པའི་ཕྱིར། ་ཤེས་རབ་ནི་ཚད་གཟུང་དུ་མེད་པ་ཞེས་བྱའོ། ཤེས་རབ་ནི་མ་རིག་པ་དང་གཏི་མུག་གི་མུན་པ་ཐམས་ཅད་དང་བྲལ་བས་ན་དཔག་ཏུ་མེད་པའི་གཉེན་པོའོ་ཞེས་བྱ་ལ། མི་ཤེས་པ་ལས་ཉོན་མོངས་པ་ལྷག་མ་དང་སྡིག་པ་མི་དགེ་བའི་ཆོས ་ཐམས་ཅད་འབྱུང་བར་འགྱུར་བས། མི་ཤེས་པ་ནི་བདག་མེད་པའི་རྒྱུའོ། །ཤེས་རབ་ལ་ནི་མི་ཤེས་པ་ཐམས་ཅད་མེད་ལ། དེས་མི་ཤེས་པ་ཐམས་ཅད་སེལ་བར་བྱེད་པས་ན། ཤེས་རབ་ནི་བག་མེད་པའི་གཉེན་པོ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ ་དང་ལམ་མི་ཤེས་པ་ནི་མ་རིག་པའི་མུན་པའོ། །སྡུག་བསྔལ་དང་འགོག་པ་མི་ཤེས་པ་ནི་གཏི་མུག་གི་མུན་པའོ། །ཡང་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་དང་འབྲས་བུ་མི་ཤེས་པ་ནི་མ་རིག་པའི་མུན་པའོ། །རྣམ་པར་བྱད་བའི་ཕྱོགས་ཀྱི ་རྒྱུ་དང་འབྲས་བུ་ནི་མི་ཤེས་པ་ནི་གཏི་མུག་གི་མུན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་ནི་ཀུན་འབྱུང་བའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་འབྲས་བུ་ནི་སྡུག་བསྔལ་བའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི ་རྒྱུ་ནི་ལམ་མོ། རྣམ་པར་བྱང་བའི་ཕྱོགས་ཀྱི་འབྲས་བུ་འགོག་པའོ། །ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ་ཞེས་བྱ་བ་ལ། མ་གཙང་བ་འམ་བྱམས་པ་འམ་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། སྟོང་པ་ཉིད ་དང། མཚན་མ་མེད་པ་དང་སྨོན་པའི་ཏིང་ངེ་འཛིན་བསྒོམ་པ་ནི་རྣལ་འབྱོར་སྤྱོད་པའོ། །ཏིང་ངེ་འཛིན་དེ་དག་བསྒོམ་པའི་རྒྱུ་འམ། གཞི་ལ་རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་སྟེ། ཤེས་རབ་དེ་རྣལ་འབྱོར་སྤྱོད་པའི་ལམ་ཡིན་པས་སྦྱོར་བའོ། །དེ་ཡང་ཇི ་ལྟར་ལམ་ཞེ་ན། མཉན་པའི་ཤེས་རབ་དང་བསམ་པའི་ཤེས་རབ་ལམ་བརྟེན་པར་གང་ཡང་བསྒོམ་པར་མི་ནུས་སོ། །ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་གང་བར་ཞུགས་པ་རྣམས་ཀྱི་འདྲེན་པའོ་ཞེས་བྱ་བ་ལ། ཐེག་པ་ཐམས་ཅད ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའོ། །ཐེག་པ་དེ་དག་ལ་གནས་པ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་སྟེ། དེ་དག་ཁམས་གསུམ་ནས་བཏོན་ནས་སོ་སོའི་རྣམ་པར་གྲོལ་བ་ལ་འགོད ་པར་བྱེད་པས་ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་འདྲེན་པའོ། །ཤེས་རབ་ནི་མ་རིགས་པ་དང་ཤེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱིས་མི་ཤེས་པ་དང། མུན་པ་དང་མི་གསལ་བ་རྣམས་སེལ་བར་བྱེད ་པས་ཤེས་རབ་ནི་སྣང་བར་བྱེད་པ་སྟེ། དོན་གཞན་ནི་གོང་དུ་བཤད་པར་ཟད་དོ། །ཤེས་རབ་ནི་མིག་ལ་ཇི་ལྟར་མོས་པ་རྣམས་ལ་མིག་ཐམས་ཅད་སྦྱིན་པར་བྱེད་པ་ཞེས་བྱ་ལ། མིག་གསུམ་སྟེ། ཤེས་རབ་ཀྱི་མིག་དང་སངས་རྒྱས་ཀྱི་མིག་དང ་ཆོས་ཀྱི་མིག་གོ་།མིག་གང་ལ་གང་དད་པ་ནི་ཇི་ལྟར་མོས་པ་རྣམས་དེ་ཤེས་རབ་ཀྱི་གང་ཟག་དེ་དག་ལ་མིག་དེ་དང་དེ་སྦྱིན་པར་བྱེད་པས་ན། མིག་ལ་ཇི་ལྟར་མོས་པ་རྣམས་ཀྱི་མིག་ཐམས་ཅད་སྦྱིན་པར་བྱེད་པའོ། །ཤེས་རབ་ནི་མིག་དང་གཟུགས ་ཀྱི་མ་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་བྱ་བ་ལ། མིག་གི་ལམ་མིག་གི་ཡུལ་དེ་གཟུགས་སོ། །ཤེས་རབ་ནི་མིག་གི་ཡུལ་མ་ཡིན་པས་མིག་དང་གཟུགས་ཀྱི་ལམ་ལས་འདས་པའོ། །ཡང་ནི་ཤེས་རབ་དེ་མིག་ལ་ཡང་མི་གནས། ་གཟུགས་ལ་ཡང་མི་གནས་པས་ནི་མིག་དང་གཟུགས་ཀྱི་ལམ་ལས་འདས་པ་སྟེ། དེ་བས་ན་གནས་མེད་པའོ། ཞེས་ཚིག་འོག་མ་དང་སྦྱར་རོ། །དེ་བཞིན་དུ་རྣ་བ་དང་སྒྲ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་རོ། །ཤེས་རབ་ནི་བདེན་པ་ལས ་ངེས་པར་འབྱུང་བས་ན་དོན་དམ་པའོ་ཞེས་བྱ་བ་ལ། འཕགས་པ་རྣམས་ཀྱི་ཤེས་རབ་ནི་དོན་དམ་པའི་བདེན་པ་རྟོག་པ་ལས་བྱུང་ཞིང་སྐྱེས་པས་ན་ཡུལ་དོན་དམ་པ་ཡིན་པས་དེ་ལ་དམིགས་པའི་ཤེས་རབ་ཀྱི་དོན་དམ་པ་ཞེས་བྱའོ། །ཤེས ་རབ་ནི་ཤིན་ཏུ་དུལ་བ་རྣམས་ཀྱི་མི་འཁྲུགས་པའོ་ཞེས་བྱ་བ་ལ། མི་འཁྲུགས་པ་ནི་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང་ཉོན་མོངས་པས་བསྐྱོད་པར་མི་ནུས་པའོ། །དེ་ལ་གང་གིས་བསྡམས་པ། གང་བསྡམས་ཇི་ལྟར་བསྡམས་ནས ་འཕགས་པའི་ས་ལ་གནས་པ་རྣམས་ནི་ཤིན་ཏུ་དུལ་བ་རྣམས་སོ། །དེ་ལ་གང་གིས་བསྡམས་ཞེ་ན་ཀུན་ཏུ་བསྲུང་བའི་བསམ་པས་སོ། །གང་བསྡམས་ཞེ་ན་མིག་གིས་དབང་པོ་དགའ་བ་དང་མི་དགའ་བའི་གཟུགས་ལ་འཕྲོ་བ་ལས་བསྡམས་པས ་ན་ཡིད་ཀྱི་དབང་པོ་ཆོས་ལ་འཕྲོ་བའི་བར་ལས་བསྡམས་པའོ། །གང་ལ་བསྡམས་ཞེ་ན་ཆོས་དེ་དག་ཉིད་ལས་བསྡམས་ཏེ། ཡུལ་དེ་དག་ལ་མི་འཇུག་པར་བྱས་པའི་ཕྱིར་རོ། །ཇི་ལྟར་བསྡམས་ཤེ་ན་གང་གིས་དབང་གི་སྡིག་པ་མི་དགེ་བའི ་ཆོས་སེམས་ལས་བྱུང་བར་འགྱུར་བའི་ཡུལ་དེ་དག་ལ་མཚོན་མར་མི་འཛིན། མངོན་བརྟགས་སུ་མི་འཛིན་པར་བསྡམས་པའོ། །དེ་ལྟར་བསྡམས་པ་ལས་རྣམ་པར་གྲོལ་བའི་ས་ཐོབ་པ་ནི་ཤིན་ཏུ་དུལ ་བ་སྟེ། ཤེས་རབ་ཀྱིས་དུལ་བ་དེ་དག་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱེད་པས་ཤེས་རབ་ནི་ཤིན་ཏུ་དུལ་བ་རྣམས་ཀྱི་མི་འཁྲུག་པའོ། །ཤེས་རབ་ནི་ཡེ་ཤེས་ཀྱི་སྒོ་རྣམས་ཀྱི་སྣང་བའོ། ཞེས་བྱ་བ་ལ། ཡེ་ཤེས་ནི་གཉིས་སུ་མེད ་པའི་དེ་བཞིན་ཉིད་ཤེས་བྱ་ཐམས་ཅད་ལ་དམིགས་པའི་མཚན་ཉིད་ཀྱི་སྒོ་ནི་ཡེ་ཤེས་དེའི་རྒྱུ་སྟེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་འབྱེད་པར་བྱེད་པའོ། །དེ་ཡང་ཤེས་རབ་ཀྱིས་འབྱེད་པར་བྱེད་པས་ཤེས་རབ་ནི་ཡེ་ཤེས་ཀྱི ་སྒོ་རྣམས་ཀྱི་སྣང་བའོ། །ཤེས་རབ་ནི་ཐམས་ཅད་དུ་རྒྱུ་བ་སྟེ་མི་ཟད་པའོ། །ཞེས་བྱ་བ་ལ། ཤེས་རབ་ཐམས་ཅད་དང་དུས་ཐམས་ཅད་དུ་འཇུག་པ་ནི་ཐམས་ཅད་རྒྱུ་བ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་དམིགས་པར་བྱ་བའི་ཡུལ་དང ་དུས་ལ་ཟད་པ་མེད་པས་དེ་ལ་དམིགས་པར་བྱེད་པའི་ཤེས་རབ་ལ་མང་ཟད་པ་མེད་པའི་ཕྱིར་མི་ཟད་པའོ། །དེ་ལ་ཤེས་བྱ་ཐམས་ཅད་ལ་འཇུག་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཐམས་ཅད་རྟོག་པར་བྱེད་པའི་ཕྱིར་རོ། །དུས ་ཐམས་ཅད་དུ་འཇུག་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ཐམས་ཅད་དུ་དམིགས་པས་སོ། །ཤེས་རབ་ཀྱི་བརྟེན་པ་ལ་འཇུག་པ་མཐོང་བ་སྟེ། མི་འགལ་བའོ་ཞེས་བྱ་བ་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ ་པར་འབྱུང་བའི་མཚན་ཉིད་དུ་མཐོང་བ་རྟེན་པ་ལ་འཇུག་པ་མཐོང་བ་ཞེས་བྱ་སྟེ། དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དང་མཐུན་པའི་ཕྱིར་མི་འགལ་བའོ། ཤེས་རབ་ནི་འཛིན་པ་དང་ཉོན་མོངས་པས་བཅིངས་པ་ཐམས ་ཅད་གཅོད་པའི་ཕྱིར་རྣམ་པར་ཐར་པའི་ལམ་མོ་ཞེས་བྱ་བ་ལ། རྣམ་པར་ཐར་པ་ནི་མྱ་ངན་ལས་འདས་པའོ། །དེ་ཐོབ་པར་བྱེད་པའི་ལམ་ནི་རྣམ་པར་ཐར་པའི་ལམ་མོ། །བཅིངས་པའི་སྒྲ་འཛིན་པས་བཅིང་བ་དང་ཉོན་མོངས་པས་བཅིངས་པ་ཞེས ་ཚིག་གཉི་ཀ་དང་སྦྱར་ཏེ། འཛིན་པ་ཉིད་བཅིངས་པ་དང་ཉོན་མོངས་པ་ཉིད་བཅིངས་པ་ཡིན་པས་འཛིན་པ་དང་ཉོན་མོངས་པ་བཅིངས་པའོ། །དེ་ལ་འཛིན་པ་ནི་བཟུང་བ་དང་མངོན་པར་ཆགས་པ་དང་བདག་ཏུ་འཛིན་པ་དང། སེམས་ཅན་དུ་འཛིན་པ་ལ ་སོགས་པའོ། །ཉོན་མོངས་པ་ནི་འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པའོ། །བཅིངས་པ་དེ་དག་ཤེས་རབ་ཀྱིས་གཅོད་དེ། བཅིངས་པ་བཅད་ན་མྱ་ངན་ལས་འདས་པར་འགྱུར་བས། ཤེས་རབ་ནི་རྣམ་པར་ཐར་པའི་ལམ་མོ། །ཤེས་རབ་ནི་ཉོན་མོངས་པ ་ཐམས་ཅད་དང་མ་འདྲེས་པའོ། ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་ཤིང་དེ་དག་དང་མི་འགྲོག་པའི་ཕྱིར་རོ། །ཤེས་རབ་ནི་འགྲོགས་པ་དང་སྒྲིབ་པ་དང་སྒྲིབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལས་ལྷན ་ཅིག་མི་གནས་པ་ནི་ཆོས་དེ་རྣམས་དང་མི་འགྲོགས་ཤིང་མ་འདྲེས་པའོ། །འགྲོགས་པ་ནི་འགྲོགས་པ་བཅུ་དྲུག་ཅེས་གོང་དུ་བཤད་པར་ཟད་དོ། །ཞེས་སྒྲིབ་པ་དང་སྒྲིབ་པར་འགྱུར་བ་ཡང་རྣམ་པ་བཅོ་བརྒྱད་དེ། ཞེས་གོང་དུ་བཤད་དེ། དུས ་གསུམ་གྱི་དབྱེ་བས་ན་སྒྲིབ་པ་ལ་སྒྲིབ་པ་སྒྲིབ་པར་འགྱུར་བ་ཞེས་རྣམ་པ་གཉིས་སུ་དབྱེའོ། །དེ་ལ་ད་ལྟར་གྱི་དུས་ཀྱི་དགེ་བ་ལ་བར་དུ་གཅོད་པ་ནི་སྒྲིབ་པའོ། །མ་འོངས་པའི་དུས་ན་དགེ་བ་ལ་བར་དུ་གཅོད་པ་ནི་སྒྲིབ་པར་འགྱུར་བའོ། །སེམས ་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཇི་སྙེད་པར་ཤེས་རབ་དང་ཡེ་ཤེས་ཀྱི་ལམ་ཀྱང་དེ་སྙེད་དོ། ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཇི་སྙེད་པ་དང། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཇི་སྙེད་པར་ཞེས་དེ་སྙེད་ཀྱི་སྒྲ་ཚིག་རེ་རེ་དང ་སྦྱར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ནི་སེམས་ཅན་རྣམས་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བ་སྐྱེས་ཤིང་བྱུང་བ་ཇི་སྙེད་པའོ། །སེམས་ཅན་ཐམས་ཅད ་ཀྱི་སྤྱོད་པ་ཇི་སྙེད་པ་ནི་སེམས་ཅན་འདོད་ཆགས་ལ་སྦྱོད་པ་ཉི་ཁྲི་ཆིག་སྟོང། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དག་གོ་།སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་ཇི་སྙེད ་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཤེས་པར་བྱ་བ་ཡིན་པས། ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ། །དེ་ནི་འདི་སྐད་དུ་སེམས་ཅན་ཉིད་ཀྱང་ནམ་མཁའ་བཞིན་དུ་མཛའ་ཡས་བ་ནི་དེ་དག་གི་སེམས་དང་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ་མཛའ་ཡས་པས་དེ་ལ་དམིགས་པར་བྱེད་པའི་ཤེས་རབ་དང་ཡེ་ཤེས་ཀྱང་མཛའ་ཡས་སོ། །ཞེས་བྱ་བར་འདོད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་དང་བག་ལ་ཉལ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཉོན་མོངས་པ ་བསལ་ནས་འབྲས་བུ་ཡེ་ཤེས་ཐོབ་པ་ནི་ཤེས་རབ་ཀྱིས་སྤྱོད་པའི་ཡེ་ཤེས་ཏེ། ཤེས་རབ་ཀྱི་རྒྱུ་ལས་བྱུང་བའི་ཡེ་ཤེས་ཤེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །བག་ལ་ཉལ་ནི་ཉོན་མོངས་པ་དེ་དག་གི་ས ་བོན་ནོ། །སེམས་ཅན་གྱི་ཉོན་མོངས་པ་དང་བག་ལ་ཉལ་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱིས་སྤངས་དགོས་པས་དེ་དག་སྤངས་པའི་ཡེ་ཤེས་ཀྱི་དེ་སྙེད་དོ། །ཞེས་བྱ་བའི་དོན་ཏོ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི ་སྒོ་ཇི་སྙེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུ་ཇི་སྙེད་པ་ཞེས་བྱ་བའི་ཐ་ཚིག་གོ་།ཤེས་རབ་ལ་འཇུག་པའི་སྒོ་འང་དེ་སྙེད་དོ། །ཞེས་བྱ་བ་ནི་ཉོན་མོངས་པའི་སྒོ་ཇི་སྙེད་ཡོད་པ་དེ་དག་རེ་རེ་བཞིན་ཡང་ཤེས་པར ་བྱེད་པའི་ཤེས་རབ་སྐྱེད་པར་བྱེད་པའི་སྒོ་འང་དེ་སྙེད་དོ། ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་མེད?་གས?་སྨས་པའི་འཕགས་པ་དེ་རྣམས་ཀྱི་ཤེས་རབ་ཀྱང་འཕགས་པ་དེ་དག་གི་ཡེ་ཤེས་ཀྱི་གཞི་ལ་གནས ་པས་འཕགས་པ་དེ་དག་གི་ཤེས་རབ་ཇི་སྙེད་པར་འཕགས་པ་དེ་དག་གི་ཡེ་ཤེས་དང་རྟེན་ཀྱང་དེ་སྙེད་དོ། ཞེས་བྱའོ། །གོང་དུ་ཤེས་རབ་མི་ཟད་པ་རྒྱ་ཆེར་བསྟན་པའི་དོན་རྣམས་བསྡུ་ཞིང་དེའི་འབྲས་བུ་ཡང་བསྟེན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི ་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་གོང་དུ་བཤད་པ་ལ་སྙེགས་སོ། །ཤེས་རབ་མི་ཟད་པ་འདིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་གོང་དུ་སྨོས་པའི་ཤེས ་རབ་ཀྱི་རྒྱུ་འདིས་སོ། །དེ་བས་ན་འབྲས་བུ་ཡེ་ཤེས་མི་ཟད་པ་ཐོབ་པར་འགྱུར་ཏེ། གཟུང་བ་དང་འཛིན་པ་གཉིས་སྤངས་པ། གཉིས་སུ་མེད་པའི་ཡེ་ཤེས་ནི་མི་ཟད་པའོ། །བསྟན་པའི་བདག་ཉིད་ཆེན་པོ་བསྟན་པའི་ཕྱིར། ཤེས་རབ་མི་ཟད་པ་བསྟན་པའི ་ཆོས་ཀྱི་ལེའུ་འདི་བཤད་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དུས་དང་གྲངས་དང་ཡོན་ཏན་གྱི་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཨི་སྔོན་ཡོངས་སུ་སྤྱད་པ་བྱས་པ་ཞེས་བྱ་བས་དུས་བསྟན་ཏེ། མོས་པས་སྤྱད་པའི་སར་མཉན་པ་དང་བསྒོམ་པ་ལ ་སོགས་པའི་སྒོ་ནས་ལུས་དང་སེམས་ལས་སུ་རུང་བ་བྱས་པ་ནི་སྔོན་ཡོངས་སུ་སྦྱང་བ་བྱས་པའོ། །སུམ་ཁྲི་ཉིས་སྟོང་ཞེས་བྱ་བས་གྲངས་བསྟན་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་རོ། །ཞེས་བྱ་བས་ཡོན་ཏན་བསྟན་ཏེ། འཇིག་རྟེན་པའི ་ཆོས་ཀྱི་མཆོག་ལས་འདས་ནས་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་པའི་མཚན་ཉིད་རྟོགས་ཏེ། མཐོང་བས་སྤངས་པར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས་ས་རབ་ཏུ་དགའ་བ་ཐོབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། ་དོན་དུ་ན་ཤེས་རབ་མི་ཟད་པའི་ལེའུ་འདི་བསྟན་པའི་ཚེ་མོས་པས་སྤྱོད་པའི་སལ་གནས་པའི་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གི་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཏོ། ཞེས་བྱ་བའི་ཐ་ཚིག་གོ ་ཤེས་རབ་མི་ཟད་པ་བཤད་ཟིན་ཏོ།། །།ཚད་མེད་པ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་བྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་རྣམ་བཞི་སྟེ། བཞི་གང་ཞེ་ན། བདེ་བ་འདོད་པ་དང། སྡུག ་བསྔལ་གྱིས་གདུངས་པ་དང། བདེ་བ་ལ་རྗེས་སུ་ཡི་རང་བ་དང། མཉམ་པར་གནས་པའོ། །ཚད་མེད་པ་བཞི་ནི་སེམས་ཅན་རྣམས་ཀྱི་དོན་བྱེད་པས་ན་དེ་དག་ཉིད་ཀྱིས་བསྡུས་པའི་དོན་སྙིང་བརྩེ་བ་བསྟན་ཏོ། །དེ་ལ་བདེ་བ་འདོད་པའི་དབང་དུ ་བྱས་ནས་དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཚེ་དང་ལྡན་པ་ཤ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའང་རྣམ་པ་དྲུག་སྟེ། དམིགས་པར་བྱ་བ་ཚད་མེད་པས་དམིགས་པར་བྱ་བ་ཚད ་མེད་པ་དང། ལས་དང་འབྲས་བུ་དང་རང་བཞིན་དང་ཁྱད་པར་དང་རབ་ཏུ་དབྱེ་བ་བསྟན་ཏོ། །བཙུན་པ་ཤ་རདྭཱ་ཏིའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ཀྱང་བྱམས་པ་མི ་ཟད་པར་འཕགས་པར་འགྱུར་རོ། །ཞེས་བྱ་བ་ཡན་ཆད་ཀྱིས་དམིགས་པ་ཚད་མེད་པས་དམིགས་པར་བྱེད་པ་ཚད་མེད་པ་བསྟན་ཏོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་རདྭཱ་ཏིའི་བུ་བྱམས་པ་ནི་ཞེས་བྱ་བ་ན་ས་བརྩམས་ཏེ། ་ཚུལ་འཆོས་པ་དང་ཁ་གསག་དང་ཐོབ་ཀྱིས་འཇལ་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཡན་ཆད་ཀྱི་བསྟན་ཏོ། །རྙེད་པ་དང་བཀུར་སྟི་ཞེས་བྱ་བ་ནས་བརྩམས་ཏེ། ངན་སོང་ཐམས་ཅད་དང་མི་ཁམ་པ་བརྒྱད་ལས་འདས་པ་ཞེས་བྱ་བ ་ཡན་ཆད་ཀྱིས་འབྲས་བུ་བསྟན་ཏོ། །ཆོས་ཀྱི་ཀུན་དགའ་ལ་མོས་པ་ཞེས་བྱ་བ་ནས་བརྩམས་ཏེ། བག་ཆགས་དང་མཚམས་སྦྱོར་བ་དང་ཉོན་མོངས་པའི་དྲི་ང་བ་སྦྱོང་བ་ཞེས་བྱ་བ་ཡན་ཆད་ཀྱིས་རང་བཞིན་བསྟན་ཏོ། །བཙུན་པ་ཤ་རདྭཱ་ཏིའི ་བུ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ། བྱམས་པ་ཆུ་བོ་ལས་སྒྲོ?་བའོ། །ཞེས་བྱ་བ་ཡན་ཆད་ཀྱི་ཁྱད་པར་བསྟན་ཏེ། །འདི་ལ་བཙུན་པ་ཤ་རདྭཱ་ཏིའི་བུ་གསུམ་པོ་འདི་དག་བྱམས་པ་སྟེ་ཞེས ་བྱ་བ་ནས་བརྩམས་ཏེ། འདི་ནི་བཙུན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱི་རབ་ཏུ་དབྱེ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱི་རབ ་ཏུ་དབྱེ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་མི་ཟད་པའི ་རྒྱུ་འདྲི་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་བྱམས་པ་དེ་ཅིའི་ཕྱིར་མི་ཟད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཐུག་པ་མེད་པའི་ཕྱིར་རོ། ཞེས་བྱ་བས་ནི་རྒྱུ་བསྟན་ཏེ། འདི་ཙམ་ཞིག་ཅེས་བྱ་བ་ནི་ཐུག་པའོ། །འདི་ཙམ་ཞིག་ཅེས་གཙང་མེད་པས ་ཐུག་པ་མེད་པ་སྟེ། དེ་བས་ན་མི་ཟད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཞེས་བྱ་བ་ལ་སོགས་པས་བྱམས་པ་མི་ཟད་པ་མི་ཟད་པའི་གཏན་ཚིགས་བསྟན་ཏོ། །དེ་དག་གི་བྱམས་པ་ཉེ་བར་བསྒྲུབ་པ་ཡོངས་སུ་ཆུད ་པ་མེད་དོ། ཞེས་བྱ་བ་ལ། འདི་ཙམ་ཞིག་ཆུན་ཆང་ནི་དམིགས་པར་བྱེད་ཀྱི། དེ་ཕན་ཆད་དམིགས་པར་མི་བྱེད་པ་ནི་བྱམས་པ་ཉེ་བར་སྒྲུབ་པ་ཡོངས་སུ་ཚད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་བྱམས་པས་སེམས་ཅན་ཐམས་ཅད ་ལ་དམིགས་པར་བྱེད་པས་ན་བྱམས་པ་ཉེ་བར་བསྒྲུབ་པ་ཆད་པ་མེད་པའོ། །འདི་ལྟར་སེམས་ཅན་གྱི་ཁམས་ཇི་ཙམ་པ་ཞེས་བྱ་བ་ལ་སོགས་པས་བྱམས་པས་ཉེ་བར་བསྒྲུབ་པ་ཡོངས་སུ་ཆད་པ་མེད ་པའི་གཏན་ཚིགས་བསྒྲུབས་ཏེ་བསྟན་པ། བྱམས་པའི་སེམས་སྐྱེད་པ་ཞེས་བྱ་བ་ལ། བྱམས་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱའོ། ཞེས་སེམས་བསྐྱེད་པ་ནི་བྱམས་པའི་སེམས་བསྐྱེད་པའོ། །བཙུན་པ་ཤ་རདྭཱ་ཏིའི་བུ ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་བྱམས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དང་མི་ཟད་པའི་དཔེ་སྟོན་པའོ། །རྒྱུ་ཆུང་ངུ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་ཤེས་པ་ཆུང་ངུ་དང་དཔེ་ཆུང་ངུས་ནི་བསྟན་པར་མི་ནུས ་ཞེས་བྱ་བའི་དོན་ཏོ། །མཚན་མ་བཞག་པ་འདི་དང་ཞེས་བྱ་བ་ཕྱོགས་ཐམས་ཅད་རྒྱ་མཚོའི་ཆུས་གང་བར་གྱུར་པ་ལ་གོང་དུ་སྨོས་པའི་གྲངས་ཇི་སྙེད་ཀྱི་སེམས་ཅན་འདུས་ནས། སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་ཆུའི་ཐིགས་པ ་གཅིག་བླངས་པའོ། །བགྲང་བ་འདི་ལྟ་བུ་ཞེས་བྱ་བ་ནི་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་འདུས་ཏེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་འདས་པ་དང། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆས་ཆུའི་ཐིག་པ ་གཉིས་བླངས་པ་ནས་གསུམ་བཞི་ཡན་ཆད་གོང་བླངས་པ་བཞིན་དུ་བསྒྲེ་བའོ། །དེ་དག་ཀྱང་བྱམ་པ་མི་ཟད་པར་འཕགས་པར་འགྱུར་རོ། ཞེས་བྱ་བ་ནི་དེ་ལྟར་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སོ་སོའི་སྐྱེ་བོ་དང་འཕགས ་པ་ཉན་ཐོས་ལ་སོགས་པ་ཀུན་ལས་འཕགས་པའི་བྱམས་པ་མི་ཟད་པར་ལྡན་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།དམིགས་པ་ཚད་མེད་པས་དམིག་པར་བྱེད་པ་ཚད་མེད་པ་བཤད་ཟིན་ཏོ།། །།ལས་བསྟན་པའི་ཕྱིར།། ་བློ་གྲོས་མི་ཟད་པས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱམས་པ་ནི་བདག་གསུང་ཞིང་གཞན་ལ་ཕན་པར་གནས་པ་ཞེས་བྱ་བ་ལ། བྱམས་པ་དང་ལྡན་པ་ལ་གནོད་པར་བྱེད་པའི་དགྲ་མི་འབྱུང་བས་ན་བདག་བསྲུང་བའོ། །སེམས་ཅན ་གཞན་ལ་ཕན་པ་སྟོབས་པར་བྱེད་པའི་གཞན་ལ་ཕན་པར་གནས་པའོ། །ཡང་ན་བྱམས་པ་དང་ལྡན་པ་དང། དེ་ལ་ཞེ་སྡང་མེད་པའི་ཕྱིར་བདག་བསྲུང་བའོ། །གཞན་ལ་གནོད་པར་མི་བྱེད་པའི་ཕྱིར་གཞན་ལ་ཕན་པར་གནས་པའོ། །མཆོག་ཏུ་རྩོད ་པ་མེད་པ་ཞེས་བྱ་བ་ནི་དོན་དང་དགོས་པ་གང་གི་ཕྱིར་ཡང་གཞན་དང་མི་རྩོད་པས་སོ། །རབ་ཏུ་འཇོམས་ཞེས་བྱ་བ་ནི་དེ་དག་སྤོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།གཞན་ནི་གོང་དུ་བཤད་པར་ཟད་དོ། །བྲལ་བ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པ ་ལ་ཞེ་སྡང་གི་བག་ལ་ཉལ་དང་ཀུན་ནས་སྡང་བ་མེད་པའི་ཕྱིར་རོ། །དད་པ་སྐྱེད་ཅིང་ཅེས་བྱ་བ་ནི་བྱམས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་གཞན་གྱི་གནོད་པ་བྱས་ཀྱང་དེ་ལ་སླར་གནོད་པ་མི་བྱེད་དོ། །དེའི་རྒྱུས་སེམས་ཅན་དགའ་བ ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་དུ་གྱུར་ནས་མི་དགེ་བ་ལ་འཇུག་པ་ནི་འཁྲུལ་པ་སྟེ། དེ་ཡང་གཞན་གྱི་རྐྱེན་ལས་བྱུང་བར་གྱུར་པ་ཤེས་ནས་དེ་ལ་སྐྱོན་དུ ་མི་ལྟ་ཞེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་གདུང་བར་བྱེད་ཅེས་བྱ་བ་ནི་བྱམས་པ་དང་ལྡན་པའང་དེ་ལ་ཞེ་སྡང་གི་འཁྲུལ་པའི་སེམས་དང་ལུས་ལ་མི་བདེ་བ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ལུས་དང་སེམས་བདེ་བ་སྐྱེད་པ་ཞེས་བྱ་བ ་གསུངས་སོ། །ལུས་བདེ་བ་སྐྱེད་པ་ནི་ལུས་སིམ་པར་བྱེད་པས་སོ། །སེམས་བདེ་བ་སྐྱེད་པ་ནི་སེམས་སིམ་པས་སོ་གཞན་གྱིས་གནོད་པར་བྱ་བ་ལས་ཤིན་ཏུ་འདས་ཤེས་བྱ་བ་ནི་བྱམས་པ་དང་ལྡན་པ་ལ་སུ་ཡང་གནོད་པར་མི་བྱེད་པས་སོ། ། ་ཉེས་པ་ཐམས་ཅད་ཀྱི་འཇིག་པ་དང་བྲལ་བ་སྟེ། ཞེས་བྱ་བ་ནི་བྱམས་པ་ཅན་གྱི་གང་ཟག་དེ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པའི་ལས་ལ་མི་འཇུག་པས་དེ་ལ་ཉེས་པ་བྱས་པ་ནི་རྒྱུ་ལས་མི ་འབྱུང་བའི་ཚེ་འདི་ལ་བཅིང་བ་དང་གསང་པ་དང་ཚེ་རབས་གཞན་དུ་ངན་སོང་དུ་སྐྱེ་བའི་འཇིགས་པ་མེད་པའི་ཕྱིར་རོ། །འཕགས་པའི་ལམ་དང་མཐུན་ཞེས་བྱ་བ་ནི་བྱམས་པ་དེ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་མི་འགལ ་ཞེས་བྱ་བའི་དོན་ཏོ། །གཤེ་པ་དང་སྡང་བའི་སེམས་དང་ལྡན་པའི་སེམས་ཅན་རྣམས་དང་བར་བྱེད་པ་ཞེས་བྱ་བ་ལ། ཞེ་སྡང་གི་རྒྱུས་ཚིག་རྩུབ་པོ་སྨྲ་བ་ནི་གཤེ་བའོ། །སེམས་ཅན་གསད་པ་ལ་སོགས་པས་ཕུང་པར་བྱའི་བསམ་པ ་རྩུབ་པ་ནི་སྡང་བའི་སེམས་དང་ལྡན་སྟེ། དེ་ལྟ་བུ་དག་ཀྱང་བྱམས་པ་དང་ལྡན་པའི་གང་ཟག་ལ་དད་པ་སྐྱེ་བ་བར་འགྱུར་པས་ན་བྱམས་པ་ནི་གཤེ་བ་དང་སྡང་བའི་སེམས་དང་ལྡན་པའི་སེམས་ཅན་རྣམས་དད་པར་བྱེད་པའོ། །གཡུལ་ཐམས ་ཅད་ལས་སྒྲོལ་བས་སྟེ། ཞེས་བྱ་བ་ནི་མཚོན་ཆ་མོད་པར་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཐམས་ཅད་ལས་རྒྱལ་བར་བྱེད་དེ་བས་ན་དབྱིག་པ་དང་མཚོན་ཆ་འཆང་བ་མ་ཡིན་ཞེས་བྱ་བ་གསུངས་སོ། ། ་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དགའ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པར་བྱ་བ་ལ་མོས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཚུལ་འཆོས་པ་དང་ཁ་གསག་ཅེས་བྱ་བ་ལ་སོགས་པ་ལ། ཁེ་དང ་བཀུར་བསྟི་ལ་སོགས་པའི་བསམ་པ་ཉོན་མོངས་པ་ཅན་གྱི་སྤྱོད་ལམ་འཆོས་པ་ཐམས་ཅད་ནི་ཚུལ་འཆོས་པའོ། །ཐོབ་པ་ལ་ཆགས་པའི་ཕྱིར་ཚིག་སྙན་པར་སྨྲ་བ་ཐམས་ཅད་ནི་ཁ་གསག་གོ་།རྙེད་པ་ལ་ཆགས་པའི་སེམས་ཀྱིས ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་ཡད་ནན?་གྱིས་སློང་བ་ནི། ཐོབ་ཀྱིས་འཇལ་བའོ། །བྱམས་པ་དང་ལྡན་པ་ལ་ལོག་པའི་འཚོ་བ་དེ་དག་མེད་པས་ན་བྲལ་བ་ཞེས་བྱ་བ་སྟེ། ལས་བཤད་ཟིན་ཏོ།། །།འབྲས་བུ་བསྟན་པའི ་ཕྱིར་རྙེད་པ་དང་བཀུར་སྟི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྙེད་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ནི་བསྟོད་པ་སྟེ། དེ་ལྟ་བུ་དག་དང་ལྡན་པར་འགྱུར་བས་ནི་འབྱུང་བར་བྱང་པ ་ཞེས་བྱའོ། །ཕྱག་བྱས་པ་ནི་འཇིག་རྟེན་གྱི་གཙོ་བོ་དེ་དག་གིས་བྱམས་པ་དང་ལྡན་པ་ལ་ཕྱག་བྱེད་པའི་ཕྱིར་རོ། །གང་གི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་པ་ནི་བྱམས་པ་གཟི་བརྗིད་ཀྱི་རྒྱུན་གྱིས་བརྒྱན་པའི་ཕྱིར་རོ། །མཁས་པས་རབ་ཏུ་བསྔགས ་པ་ནི་བྱམས་པ་དང་ལྡན་པའི་གང་ཟག་ལ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པར་མཛད་པས་སོ། །བྱིས་པ་ཐམས་ཅད་བསྲུང་བ་ནི་བྱམས་པ་དེས་སོ་སོའི་སྐྱེ་བོ་རྣམས་ཞེ ་དང་གི་ལམ་དུ་མི་སྟོང་པར་བྱེད་པའི་ཕྱིར་རོ། །ཚངས་པའི་ལམ་དང་མཐུན་པ་ནི་མྱ་ངན་ལས་འདས་པའི་ལམ་དང་མཐུན་པའམ་ཚད་མེད་པ་བཞི་དང་མཐུན་པའོ། །འདོད་པའི་ཁམས་དང་མ་འདྲེས་པ་ནི་འདོད་པའི་ཁམས་ནི་བྱམས་པ ་མེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཐར་བའི་ལམ་གྱི་མཆོག་ཅེས་བྱ་བ་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པར་འགྲོ་བའི་ལམ་གྱི་ནང་ན་ལམ་གྱི་དམ་པ་བྱམས་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།ཐེག་པ་ཐམས ་ཅད་ཡང་དག་པར་བསྡུས་པ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱང་བྱམས་པར་འདུས་ཏེ། ཐེག་པ་གསུམ་ཅན་གྱི་རྩ་བ་བཅུ། །ཡིན་པའི་ཕྱིར་རོ། །ཟང་ཟིང་མེད་པའི་བསོད་ནམས་ཀྱིས་བཟང་བ་ཞེས་བྱ་བ་ལ་བསོད་ནམས་ཀྱི་དངོས་པོ་རྣམ་པ ་གསུམ་སྟེ། སྦྱིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་ཚུལ་ཁྲིམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་དང། བསྒོམ་པའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ནི་ཟང་ཟིང་དང ་བཅས་པའི་བསོད་ནམས་ཀྱི་དངོས་པོ་སྟེ། སྦྱིན་པས་ལོངས་སྤྱོད་ཀྱི་རྒྱུར་འགྱུར་ལ། ཚུལ་ཁྲིམས་ཀྱི་མཐོ་རིས་ཀྱི་རྒྱུར་འགྱུར་བས་འཁོར་བའི་རྒྱུར་ཡིན་པའི་ཕྱིར་རོ། །བསྒོམ་པའི་བསོད་ནམས་བྱ་བའི་དངོས་པོ་ནི་ཟང་ཟིང་མེད་པ་སྟེ། ཐར་པའི ་རྒྱུ་ཡིན་པའི་ཕྱིར་རོ། །བྱམས་པ་ཡང་བསོད་ནམས་བྱ་བའི་དངོས་པོར་གཏོགས་པས་ན་ཟང་ཟིང་མེད་པའི་བསོད་ནམས་ཀྱི་བཟུང་བ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ཐམས་ཅད་རྩོགས་པ་ཞེས་བྱ་བ་ནི་བྱམས་པ་བསྒོམ་པའི ་མཐུ་ལས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པའི་སྩོགས་པས། རྫས་ལས་བྱུང་བས་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱི་ཟིལ་གྱི་མི་ནོན་པ་ཞེས་བྱ་བ་ལ། རྫས་ནི་ལོངས་སྤྱོད་ཀྱི་ནོར་ལ་བྱའོ། །ནོར་བཏང་བའི་གཞི་ལས ་བྱུང་བའི་བསོད་ནམས་ནི་རྫས་ལས་བྱུང་བའི་བསོད་ནམས་ཏེ། དེ་ཡང་གཙུག་ལག་ཁང་དང་དེའི་ས་བཞི་དང་མལ་སྟན་དང་འཚོ་བའི་ཡོ་བྱད་དང་བསོད་སྙོམས་ལ་སོགས་པའོ། །བྱམས་པ་བསྒོམས་པའི་བསོད་ནམས་ལ་རྫས་ལས ་བྱུང་བའི་བསོད་ནམས་ཐམས་ཅད་ཀྱི་ཟིལ་གྱིས་གནོན་པར་མི་ནུས་པས་ན་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ཏེ། བསོད་ནམས་དེ་དག་པས་བྱམས་པའི་བསོད་ནམས་འབྲས་བུ་ཆེ་ཞེས་བྱ་བའི་དོན་ཏོ། །བརྒྱན་ཅེས་བྱ་བ་ནི་བྱམས་པ་དང ་ལྡན་པ་ནི་མིང་གིས་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་པའི་ཕྱིར་རོ། །དབང་པོ་ཉམས་པ་དང་མ་ཚང་བ་ཐམས་ཅད་སྤངས་པ་ཞེས་བྱ་བ་ལ་མིག་དང་རྣ་བ་ལ་སོགས་པའི་དབང་པོ་ཡོད་ཀྱང་གཟུགས་ལྟ་བ་ལ་མི་གསལ་བ་དང། ་སྒྲ་མཉན་པ་ལ་མི་གསལ་བ་ན་དབང་པོ་ཉམས་པའོ། །རྣ་བ་རྡུམ་པོ་དང་མིག་ཞར་བ་དང། ལག་པ་རྡུམ་པོར་འགྱུར་བ་ནི་དབང་པོ་མ་ཚང་བའོ། །བྱམས་པ་དང་ལྡན་པ་ནི། གར་སྐྱེས་ཀྱང་དབང་པོ་གསལ་ཞིང་དབང་པོ་ཆེད་བར་སྐྱེ་བར་འགྱུར ་བས་ན། དབང་པོ་ཉམས་པ་དང་མ་ཚང་བ་ཐམས་ཅད་སྤངས་ཞེས་བྱའོ། །བདེ་འགྲོ་ཐམས་ཅད་དང་མྱ་ངན་ལས་འདས་པའི་ལམ་དང་མཐུན་པ་ཞེས་བྱ་བ་ལ། ཇི་ལྟར་ཚུལ་ཁྲིམས་དང་སྦྱིན་པ་ལ་སོགས་པས་ལྷ་དང་མིའི་སྐྱེ་བོ་དང། འཕགས ་པའི་ལམ་ཡན་ལག་བརྒྱད་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་བཞིན་དུ་བྱམས་པ་ལ་གནས་པས་ཀྱང་རྟག་ཏུ་ལྷ་དང་མིར་སྐྱེ་བ་དང། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་ན་བདེ་བགྲོ་ཐམས་ཅད་དང་མྱ་ངན་ལས་འདས་པའི ་ལམ་དང་མཐུན་པ་ཞེས་བྱའོ། །ངན་སོང་ཐམས་ཅད་དང་མི་ཁོམ་པ་བརྒྱད་ལས་འདས་པ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པ་དེ་ནམས་ཀྱང་ཉམས་ང་བའི་གནས་དག་ཏུ་མི་སྐྱེ་བའི་ཕྱིར་རོ། །འབྲས་བུ་བཤད་ཟིན་ཏོ།། །།རང ་བཞིན་བསྟན་པའི་ཕྱིར། ཆོས་ཀུན་དགའ་ལ་དགའ་མོས་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ལ་དང་པ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བའོ། །དེ་སྟོན་པར་བྱེད་པའི་གཞུང་ལ་དད་པ་ནི་ཆོས་ཀུན་དགའ་ལ་མོས་པའོ། །ཡང་ན ་ཆོས་སྤྱོད་པར་འདོད་པ་ནི་ཆོས་ཀྱི་ཀུན་དགའ་བ་ལ་དགའ་བའོ། །དེ་སྒྲུབ་པར་བྱེད་པ་ནི་ཆོས་ཀྱི་ཀུན་དགའ་ལ་མོས་པ་སྟེ། དེ་བས་ན་འདོད་པ་དང་ལོངས་སྤྱོད་ལ་མི་འདོད་ཅེས་པར་སྦྱར་རོ། །འདོད་པ་ནི་གཟུགས་དང་སྒྲ་ལ་སོགས་པའོ། ། ་ལོངས་སྤྱོད་པ་ནི་བཟའ་བ་དང། བཏུང་བ་ལ་སོགས་པའོ། །དབང་ཕྱུག་ནི་རྒྱལ་པོའི་སྲིད་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བ་ནི་བྱམས་པ་དེ་ས་ཕྱོགས་དད་དུས་ཚད་བ་མེད་དེ། ཕྱོགས་བཅུ་དང ་དུས་གསུམ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ལ་འདྲ་བར་དམིགས་པའི་ཕྱིར་རོ། །སྦྱིན་པའི་སྦྱོར་བ་ཐ་དད་པ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལ་ནི་སྦྱིན། འདི་ལ་ནི་མིའི་སྦྱིན་ཞེས་བྱ་བ་དང། འདི་ནི་བྱིན་འདི་ནི ་མི་སྦྱིན་ཞེས་བྱ་བ་མེད་ཀྱི། སེམས་ཅན་ཐམས་ཅད་ལ་དངོས་པོ་ཐམས་ཅད་སྦྱིན་པར་བྱེད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་ན་སེམས་ཅན་གྱི་སྲོག་གཅོད་པ་དང། ལོངས ་སྤྱོད་ལས་མ་བྱིན་པར་ལེན་པ་ལ་སོགས་པ་མི་བྱེད་ཚུལ་ཁྲིམས་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པའི་ཕྱིར་ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་ཞེས་བྱའོ། །ཚུལ་ཁྲིམས་འཆལ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས ་ཉམས་པའི་རྣམས་མི་དགེ་བའི་གནས་ནས་བསྐྱོད་དེ་དགེ་བའི་གནས་སུ་འགོད་པར་བྱེད་པའི་ཕྱིར་རོ། །བཟོད་པའི་སྟོབས་སྟོན་པ་ཞེས་བྱ་བ་ནི་སེམས་ཅན་མཐུ་ཆུང་ངུ་རྣམས་ཀྱིས་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་པའི་ཕྱིར་ཏེ། དེ ་བས་ན་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་ཐམས་ཅད་དང་བྲལ་བའོ། །དེ་ལ་ང་རྒྱལ་ནི་ང་རྒྱལ་རྣམ་པ་བདུན་ནོ། །རྒྱགས་པ་ནི་ལོངས་སྤྱོད་སྙེམས་པའོ། །དྲེགས་པ་ནི་བྱེད་ལག་དང་ཤེས་པ་སྙེམས་པ་སྟེ། བྱམས་པ་དང་ལྡན་པ་ལ་ཉེས་པ་དེ་ལྟ ་བུ་མེད་པས་ན་བྲལ་བ་ཞེས་བྱའོ། །རྩ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་རྣམས་ཀྱི་རྒྱུ་བྱམས་པ་ཡིན་པས་སོ། །མི་འཁྲུགས་པའི་བརྩོན་འགྲུས་བརྩམས་ཤིང་ཡང་དག་པར་སྦྱོར་བ་བྱ་བ་ཐམས་ཅད་ལས་སྒྲོལ་བ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་བྱ་བ ་འདི་ལྟ་བུ་ཡང་བྱམས་པས་མཐར་འབྱིན་པར་བྱེད་དེ་ཞེས་བྱ་བར་སྦྱར་ཏེ། ལེ་ལོའི་དབང་དུ་མི་འགྱུར་ཞིང་གྲང་དང་ཚ་བ་ལ་སོགས་པ་དད?་པར?་དད?་པ?་མུ་སྟེགས་ཅན་ལ་སོགས་པས་མི་ཟློག་པའི་བརྩོན་འགྲུས་བརྩམས་པ་ནི་མི་འཁྲུགས་པའི་བརྩོན ་འགྲུས་བརྩམས་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་སྦྱོར་བ་ནི་ཡང་དག་པར་སྦྱོར་བ་ཞེས་བྱའོ། །བྱ་བ་དེ་དག་ཐམས་ཅད་མཐར་འབྱིན་པར་བྱེད་པ་ནི་ཡང་དག་པར་སྒྲོལ་བ་ཞེས་བྱའོ། །ཉོན་མོངས ་པ་ཐམས་ཅད་ལས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་པས་ཉོན་མོངས་པ་ཐམས་ཅད་ཀྱང་སྤོང?་བར་བྱེད་ཅེས་བྱ་བའི་དོན་ཏོ། །གསང་སྔགས་དང་ཐོས་པ་འཛིན་པས་དག་པར་སེམས་པའི་ཤེས་རབ་ཀྱི་རྒྱུ་སྐྱེད་པ ་ཞེས་བྱ་བ་ལ། ཆོས་ཀྱི་དོན་ཟབ་མོ་འམ། བསམ་གཏན་གྱི་མན་ངག་ཐོབ་པ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་གསང་སྔགས་དང་ཐོས་པ་འཛིན་པ་ཞེས་བྱའོ། །དེ་ལྟར་བཟུང་ནས་སེམས་ལ་བསམ་གཏན་དུ་བྱ་ཞིང་ངེས་པར་རྟོག་ནུས་པ་ཤེས ་རབ་ཀྱང་བྱམས་པ་ལས་བྱུང་བས་ཤེས་རབ་ཀྱི་རྒྱུ་སྐྱེད་པ་ཞེས་བྱའོ། །རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ངེས་པ་ཞེས་བྱ་བ་ལ་རང་གི་ཕྱོགས་ནི་རྣམ་པར་བྱང་བའི་ཆོས་སོ། །གཞན་གྱི་ཕྱོགས་ནི་བདུད་དང་ཉོན་མོངས་པའི་ཕྱོགས་ཏེ། ངེས་པ་ནི་དེ ་གཉིས་ལ་མཁས་ཤིང་དེ་གཉིས་བྱེ་བྲག་ཕྱེད་པའོ། །དེ་ལྟར་བྱེ་བྲག་ཕྱེད་ནས་བདུད་ཀྱི་ཕྱོགས་དང་ཉོན་མོངས་པ་ནི་སྤོང་བར་བྱེད། རྣམ་པར་བྱང་བའི་ཕྱོགས་རྣམས་ནི་འཕེལ་བར་བྱེད་པའི་ཕྱིར། བདུད་ཀྱི་ཕྱོགས་དང་ཉོན་མོངས་པ་རྣམས་བསལ ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྙེན་བཀུར་དང་འཇུག་པའི་རྒྱུ་མཐུན་པ་ལ་སེམས་ཞེས་བྱ་བ་ལ། བསྙན་བཀུར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་བསྙེན་བཀུར་བྱེད་པའོ། །འཇུག་པས་ནི་ས་དང་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་རྣམས་སྤྱོད་པ་ལ་ཞུགས་པ་ཏེ། བྱམས་པ་ནི་རྒྱུ་དེ་ལྟ་བུ་དག་དང་འདྲ་བ་ལས་བྱུང་བའི་འབྲས་བུ་ལ་སེམས་པས་ནི་རྒྱུ་མཐུན་པ་ལ་སེམས་དཔའ་ཨོ། །སྤྱོད་ལམ་སྲུང་བར་བྱེད་ཅེས་བྱ་བ་ནི་བྱམས་པས་སྤྱོད་ལམ་ཐམས་ཅད་དུ་ཉོན་མོངས ་པ་མི་འབྱུང་བར་བསྲུང་ཞིང་སྤྱོད་ལམ་མི་མཛེས་པ་རྣམས་མེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྒོད་བ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནི་དབང་པོ་དང། རྣམ་པར་ཤེས་པ་ཡུལ་ལ་མི་འཇུག་ཅིང་ཞི་བར་གནས ་ཞེས་བྱ་བའི་ཐ་ཚིག་གོ་།ང་རྒྱལ་གྱིས་ལས་སེལ་བ་ཞེས་བྱ་བ་ནི་བྱམས་པས་ང་རྒྱལ་གྱི་རྒྱུ་ལས་བྱུང་བའི་ལས་མགོ་འཕང་སྟོང་པ་དང། ལག་བ་བརྐྱང་བ་ལ་སོགས་པ་ཁེངས་པའི་མཚན་མ་རྣམས་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ངོ་ཚ ་ཤེས་པ་དང་ཁྲེལ་ཡོད་བས་བྱུགས་ཤིང་ཞེས་བྱ་བ་ལ། བདག་ལ་ལྟོས་ནས་སྡིག་བ་མི་དགེ་བའི་ཆོས་མི་བྱེད་བ་ནི་ངོ་ཚ་ཤེས་པའོ། །གཞན་ལ་ལྟོས་ནས་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པ་ནི་ཁྲེལ་ཡོད་པ་སྟེ། ཆོས་དེ་དག་གཉིས་དང་ལྡན ་པ་ནི་བྱུགས་པ་ཞེས་བྱའོ། །དྲི་ཞིམ་པོ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པ་ཁ་ན་མ་ཐོ་བ་དང་ལྡན་པ་མི་རིག་པའི་ཆོས་དེ་ལ་མེད་པའི་ཕྱིར་ཏེ། དེ་བས་ན་དྲིང་བ་སྦྱང་བ་ཞེས་བྱ་བར་སྦྱར་རོ། །ལས་བཤད་ཟིན་ཏོ།། །། ་ཁྱད་པར་བསྟན་པའི་ཕྱིར། བཙུན་བ་ཤ་རདྭཱ་ཏིའི་བུ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་སྐྱོབ་པ་ཞེས་བྱ་བའི་ཚིག་འདི་ནི་བསྟན་པའོ། ལྷག་མ་རྣམས་ནི་ཇི་ལྟར ་བྱམས་པ་སེམས་ཅན་ཐམས་ཅད་སྐྱོབ་པར་བྱེད་པའི་བཤད་པའོ། །བདག་གི་བདེ་བ་གཏོང་ཞེས་བྱ་བ་ནི་བྱམས་པ་ཆེན་པོ་དང་ལྡན་པ་རྣམས་རྟག་བར་བདག་བདེ་བ་དང་ལྡན་པར་མི་འདོད་ཅེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་རྣམས་ལ ་བདེ་བ་སྦྱིན་པའོ། ཞེས་བྱ་བ་ནི་སེམས་ཅན་རྣམས་ཚེ་འདི་དང་ཚེ་རབས་གཞན་ན་ཡང་བདེ་བ་ལ་འཇོག་པར་བྱེད་པའི་ཕྱིར་ཏེ། དེ་བས་ན་བྱམས་པ་ཆེན་པོར་འགྱུར་རོ། །སེམས་ཅན་རྣམས་ཚེ་འདིར་བདེ་བ་ལ་འཇོག་པ་ནི་ཁ་ན་མ་ཐོ་བ་མེད་པའི ་ཟང་ཟིང་གི་བདེ་བ་ཐམས་ཅད་དང་ལྡན་པར་བྱས་བས་སོ། །སེམས་ཅན་རྣམས་ཚེ་རབས་གཞན་དུ་བདེ་བ་ལ་འཇོག་པ་ནི་སེམས་ཅན་རྣམས་ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་འགྲོ་བྱས་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་བྱམས་པ་ནི་བདག་སྐྱོབ ་བའོ། ཞེས་བྱ་བ་ལ། དེ་དག་གི་བྱམས་པ་ནི་བདག་འཁོར་བ་ལས་ཐར་པར་བྱེད་པ་ཙམ་ལས་གཞན་མི་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་བ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བྱམས་པས་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་ངན་སོང་གི་སྡུག་བསྔལ་ལས་འབྱིན་པར་བྱེད་བའི་ཕྱིར་རོ། །བཙུན་པ་ཤ་རདྭཱ་ཏིའི་བུ་བྱམས་པ་ནི་ཆུ་བོ་ལས་སོལ་བའོ། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་བྱམས་པ་ནི་ཞེས་བྱ་བར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ཐམས་ཅད་ཆུ་བོ་བཞི་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་།ནས་འདོག་པར་བྱེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ་།ཁྱད་པར་བཤད་ཟིན་ཏོ།། །། ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདི་ལྟར་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཨི་བྱམས་པ་ཕྱེ་ནས་རྣམ་པ་གསུམ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་བྱམས་པ་གང་གིས་དམིགས་པའི་ཡུལ་གང་ལ་དམིགས ་པ་བསྟན་པའི་ཕྱིར་དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་པོ་སྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་དང་པོ་སོ་སོའི་སྐྱེ་བོའི་དུས་ན་བླ་ན ་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡན་ཆད་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་སོ། །དེའི་ཚེ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་དགོད་པར་བྱའོ། ཞེས་སེམས་ཅན་གྱི་དངོས་པོ་ཡོད་པར་ལྟ་བའི་ཕྱིར་སེམས་ཅན་ལ་དམིགས་པ ་ཞེས་བྱའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ། ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ ་རྣམས་ཞེས་བྱ་སྟེ། དེའི་ཚེ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཐམས་ཅད་སྤྱོད་ཞིང་སྤྱོད་པས་སྤྱོད་པ་ལ་ཞུགས་པ་ཞེས་བྱའོ། །དེ་དག་གི་བྱམས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་དམིགས་པའི་ཕྱིར ་ཆོས་ལ་དམིགས་པའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ས་བརྒྱད་པ་ཡན་ཆད་ལ་བྱ་སྟེ། དེ་དག་གི་མཚན་མ་མེད་པ་ལ ་ལྷུན་གྱིས་གྲུབ་པར་འཇུག་པས་དེ་དག་གི་བྱམས་པ་ནི་གོང་དུ་སྨོས་པའི་སེམས་ཅན་དང་ཆོས་གཉི་ག་ཡང་དོན་དམ་པར་མ་བྱུང་མ་སྐྱེས་པས་རྟོགས་པས་དེ་དག་ལ་མ་དམིགས་པའི་ཕྱིར་དམིགས་པ་མེད་པའོ། །གལ་ཏེ་དེ་ལྟར་གཉི་གར ་མི་དམིགས་ན་ཇི་ལྟར་བྱམས་པར་འགྱུར་ཞེ་ན། དོན་དམ་པར་དེ་ལྟར་མི་དམིགས་ཀྱང་ཀུན་རྫོབ་ཏུ་སེམས་ཅན་ལ་དམིགས་པར་འདྲ་བར་སྣང་བས་བྱམས་པ་ཞེས་བཏགས་པ་ལ་ཉེས་པ་མེད་དོ། །བྱམས་པ་མི་ཟད་པ་བཤད་ཟིན་ཏོ།། །། ་སྡུག་བསྔལ་གྱིས་གདུང་པའི་བྱང་ཆུབ་སེམས་དཔའ་ཨི་དབང་དུ་བྱས་ནས། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྣམ་པ་བཞིར་རིག་པར་བྱའོ། །བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཆོག་ཏུ ་གྱུར་པ་དང། ངེས་པའི་ཚིག་དང། རྒྱུ་དང་རང་བཞིན་དང་ལས་སོ་དེ་ན་བཙུན་པ་ཤ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པ་འཛིན་པ་ཡིན་ནོ། ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་ཐམས་ཅད་ཀྱི་མཆོག་ཏུ ་གྱུར་ལ་བསྟན་ཏོ། །བཙུན་པ་ཤ་རདྭཱ་ཏིའི་བུ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱི་སྐབས་མི་རྙེད་པས་ན་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ཡན་ཆད་ཀྱི་ངེས་པའི་ཚིག་བསྟན་ཏོ། །གཡོ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ནས ་བརྩམས་ཏེ། ཚུལ་ཁྲིམས་འཚེལ་པའི་སེམས་ཅན་རྣམས་ལ་བལྟའོ། །ཞེས་བྱ་བ་ཡན་ཆད་ཀྱི་རྒྱུ་དང་རང་བཞིན་བསྟན་ཏེ། བཙུན་པ་ཤ་རདྭཱ་ཏིའི་བུ་དེ་ལྟར་ཞེས་བྱ་བ་ནས་བརྩམས་ཏེ། སོ་སོའི་ཉེ་བར་གནས་པ་ལས་གྱུར་བས་ན་དེའི་ཕྱིར་སྙིང་རྗེ ་ཆེན་པོ་ཞེས་བྱ་བ་ཡན་ཆད་ཀྱིས་ལས་བསྟན་ཏོ། །བྱམས་པ་དང་སྙིང་རྗེ་གཉིས་ལ་ཐ་དད་པར་བྱ་བ་ཅི་ཡོད་བྱམས་པ་དང་སེམས་ཅན་བདེ་བ་ལ་འགོད་པའོ། །སྙིང་རྗེ་ནི་སེམས་ཅན་གྱི་སྡུག་བསྔལ་སེལ་བ་སྟེ། དེ་བས་ན་མདོ་ལས་ཀྱང་བྱང་ཆུབ་སེམས ་དཔའ་སྙིང་རྗེ་དང་ལྡན་པ་ནི་གཞན་སྡུག་བསྔལ་བས་སྡུག་བསྔལ་བའོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་མི་ཟད་པ་ཡིན་པའི་རྒྱུ་འདྲི་བའི་ཚིག་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅིའི་ཕྱིར་མི་ཟད་པ་ཡིན་ཞེ་ན་ཞེས་བྱ་བའི་དོན་ཏོ། ། ་ལན་དུ་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་བྱེད་དོ་ཅོག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེ་དག་གི་དོན་སྒྲུབ་པའི་ཕྱིར་མ་ཡིན་གྱི་མཛའ་ཡས་པའི་སེམས་ཅན་རྣམས་འཁོར་བའི་དགོན་པ་ན་འཁྱམས་པའི་རྣམས་ལ ་ཐུགས་བརྩེ་སྟེ། དེ་དག་བསྐྲལ་བའི་ཕྱིར་སངས་རྒྱས་སུ་བསྒྲུབ་པས་དེ་དག་གི་རྒྱུ་སྙིང་རྗེ་ཆེན་པོ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བ་ཞེས་བྱ་བ་སྟེ། དེ་བས་ན་འབྲས་བུ་མི་ཟད་པས་རྒྱུ་ཡང་མི་ཟད་པའོ། །གཉིས་སུ་ན་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ནོ། །ཚོགས་ཀྱི ་ནང་ན་སྙིང་རྗེ་གཙོ་བོ་ཡིན་པས་ཐོག་མར་འགྲོ་བའི་ཞེས་བྱ་བ་སྟེ། སྲོག་གི་དབང་པོ་ལ་སོགས་པའི་དཔེས་བསྟན་པ་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བཤད་ཟིན་ཏོ། །དེས་པའི་ཚིག་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ཉིད་ཀྱིས་བྱ་བས་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། ཞེས་བྱ་བ་ལ། སྙིང་རྗེ་དེའི་ཚིག་གི་དོན་ནི་བྱ་བ་ཞེས་བྱ་བའི་སྒྲར་འགྲོ་བས་དགེ་བའི་རྩ་བ་ཐམས་ཅད ་བདག་ཉིད་ཀྱི་བྱ་བ་ཡིན་པས་ངེས་པའི་ཚིག་ཏུ་དེའི་ཕྱིར་སྙིང་རྗེ་ཞེས་བྱའོ། །རང་གི་བྱ་བས་ན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཀྱང་རང་ཉིད་ཀྱི་བྱ་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །གཞན་གྱི་སྐབས་མི་རྙེད་པས་ན་ཞེས་བྱ་བ་ནི ་དགེ་པ་དང་ལས་སུ་བྱ་བ་ཐམས་ཅད་གཞན་གྱིས་བྱ་ཞིང་གཞན་ལ་བཅོལ་ཏེ། བྱེད་དུ་གཞུག་པ་མེད་པས་གཞན་གྱི་སྐབས་མི་རྙེད་པ་ཞེས་བྱ་སྟེ། དེ་བས་ན་སྙིང་རྗེ་ཆེན་པོའི། །ངེས་པའི་ཚིག་བཤད་ཟིན་ཏོ།། ། ་རྒྱུ་དང་རང་བཞིན་བསྟན་པའི་ཕྱིར་གཡོ་བ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་སྔ་མ་སྔ་མ་ནི་རྒྱུའོ། །ཕྱི་མ་ཕྱི་མ་ནི་རང་བཞིན་ནོ། །དེ་ལ་སེམས་ཅན་རྣམས་ལ་བྲིད་ཅིང་བསླུ་བ་སེམས་པ་འམ། བྱ་བ་ཐམས་ཅད ་ལ་སྙིང་ཐག་པ་ནས་བྱེད་པ་མ་ཡིན་གྱི་ངན་དོན་ཙམ་གསོག་སྙིང་པོ་མེད་པ་བྱེད་པ་ནི་གཡོ་སྟེ། དེ་ལྟ་བུ་མེད་པའི་རྒྱུ་ལས་སྙིང་རྗེ་ཆེན་པོ་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བསམ་པ་ཐག་པ་ནས་བྱ་བ་སྟེ། སྙིང་རྗེ་དང་ལྡན་པ་ལ་སེམས་ཅན་བྲིད ་ཅིང་བསླུ་བ་མེད་ལ། བྱ་བ་ཐམས་ཅད་སྙིང་པོར་གྱུར་པར་ཤ་སྟག་བྱེད་པའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། རྒྱུ་ནི་ཚིག་ཏུ་སྨྲས་ཀྱང་དོན་དུ་མི་སྒྲུབ་བ་སྟེ། དེ་ལྟ་བུ་མེད་པའི་སེམས་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི ་སྤྱོད་བ་བྱ་བ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་ལྡོག་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དང་སེམས་ཅན་གྱི་དོན་བྱ་བ་ལ་སླར་ནུར་བ་མེད་པའི་སེམས་ཀྱི་རྒྱུ་ལས་བྱུང་བས་ན། ་སྙིང་རྗེ་ཆེན་པོ་ནི་ལྷག་པའི་བསམ་པས་བྱ་བ་སྟེ། ལྷག་པའི་བསམ་པ་དང་ལྡན་པ་རྣམས་ཀྱི་བྱ་བ་ཡིན་ནོ། ཞེས་བྱ་བའི་ཐ་ཚིག་གོ་།མ་བཅོས་པ་ལས་བྱུང་བས་ན་ཞེས་བྱ་བ་ན་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གཞན་དུ་གནས་ལ་གཞན ་དུ་སྟོན་པ་ནི་བཅོས་པ་སྟེ། དེ་ལྟ་བུ་མེད་པར་རང་བཞིན་ཇི་ལྟར་གནས་པ་དེ་བཞིན་དུ་སྟོན་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་རིག་པ་སྟེ། བདག་གིས་རང་བཞིན་ཇི་ལྟ་བ་ཉིད་ལས་གཞན་དུ་སྟོན་པར་མི་བྱེད་ཅེས་བྱ་བའི ་དོན་ཏོ། །ལམ་དྲང་པོ་ལས་བྱུང་བས་ན་ཞེས་བྱ་བ་ནི་རྟག་པ་དང་ཆད་པར་ལྟ་བ་དང་ཡོད་པ་དང་མེད་པར་ལྟ་བའི་ལམ་ངན་པའི་དྲི་མ་ཐམས་ཅད་སྤངས་པ་མྱ་ངན་ལས་འདས་པར་འགྲོ་བར་བྱེད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པའི ་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ལམ་ངན་པའི་སྐྱོན་དང་མ་འདྲེས་ཞེས་བྱ་བའི་ཐ་ཚིག་གོ་།གསལ་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། སྨྲས་པའི་དོན་རླུང་སྐུར་ཏེ་གསལ་བར་མི་སྟོན་པ་ནི་གྱ་གྱུར ་ཞེས་བྱ་སྟེ། དེ་ལྟ་བུ་མེད་པའི་མཚན་ཉིད་གསལ་བའི་རྒྱུ་ལས་འབྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་གྱ་གྱུ་མེད་པའོ། །སེམས་ཅན་ཐམས་ཅད་ལ་འདུད་བ་ལས་བྱུང་བ་ཞེས་བྱ་བ་ནི་སྙིང་རྗེ་ཅན་དེ་འཕགས་པ་མ་ཡིན་པའི་སེམས ་ཅན་དང་སེམས་ཅན་བཙུན་པ་དང་མི་བཙུན་པ་ཐམས་ཅད་ལ་རྟག་ཏུ་ཕྱག་འཚལ་བར་བྱེད་པས་སྙིང་རྗེ་ཆེན་པོ་ནི་ང་རྒྱལ་མེད་པའོ། །སེམས་ཅན་ཚད་མེད་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། འདི་ཙམ་ཞེས་བཅད་བར ་མི་ནུས་སོ། །དེ་ལྟར་སེམས་ཅན་ཚད་མེད་པ་ལ་སྙིང་རྗེ་ཆེན་པོས་དམིགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པས་ན། སྙིང་རྗེ་ཆེན་པོ་ནི་ཚད་མེད་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་སྐུ་འཐོབ་པ་ལས་བྱུང་བས་ཞེས་བྱ་བ་ནི་བདག་གི ་ལུས་ལས་དང་ཉོན་མོངས་པས་བསྐྱེད་པ་འདི་ལ་མ་ཆགས་པར་དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་བྱའོ། །ཞེས་དམིགས་པའི་རྒྱུ་ལས་བྱུང་བས་སྙིང་རྗེ་ཆེན་པོ་ནི་བདག་གི་ལུས་ལ་མི་ལྟ་བ ་སྟེ། དོན་ཆེན་པོའི་ཕྱིར་བདག་གི་ལུས་ལ་གཅེས་པར་མི་འཛིན་པའོ། །སྡིག་པ་ཐམས་ཅད་མི་བྱ་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་བདག་གི་དོན་དུ་སྲོག་གི་ཕྱིར་ཡང་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པའི ་སྡིག་པ་ཐམས་ཅད་མི་བྱའོ། ཞེས་དམིགས་པའི་རྒྱུ་ལས་བྱུང་བ་ནི་སྙིང་རྗེ་ཆེན་པོ་ནི་སྲོག་ལ་ཡིད་མི་རྟོན་པ་སྟེ། སྲོག་གི་ཕྱིར་སྡིག་པ་མི་བྱེད་པའོ། །བྱང་ཆུབ་ཀྱི་སེམས་ལས་བྱུང་བས་ན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མི་དགེ ་བའི་གནས་ནས་བསྐྱེད་དེ། དགེ་པའི་གནས་སུ་བགོད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་ལོ། ཞེས་སེམས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཕ་རོལ་བསྲུང་བ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་གནས་སུ་མི ་གཏོང་བར་བྱེད་པའོ། །རང་གི་སེམས་ཡོངས་སུ་དག་པ་ལས་བྱུང་བས་ན་ཞེས་བྱ་བ། གཞན་གྱི་སྲོག་ལ་མི་གནོད་པ་དང། ལོངས་སྤྱོད་ལ་སོགས་པ་ལ་མི་གནོད་པའི་སེམས་ནི་སེམས་ཡོངས་སུ་དག་པའོ། །དེ་ལྟར་ཡོངས་སུ་དག་པའི། སེམས་ཀྱི་རྒྱུ ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་བསྲུང་བ་སྟེ། སེམས་ཅན་གྱི་སྲོག་དང། ལོངས་སྤྱོད་གང་ལ་ཡང་གནོད་པ་མི་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། སེམས ་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ནི་མདོར་ན་གསུམ་སྟེ། ལོངས་སྤྱོད་ཀྱིས་ཕོངས་པའི་སྡུག་བསྔལ་དང། བདེ་འགྲོར་སྐྱེས་ནས་ཀྱང་ན་བ་དང་ཚ་བའི་སྡུག་བསྔལ་དང་ངན་སོང་དུ་སྐྱེས་པའི་སྡུག་བསྔལ་དང། ཐར་བ་འདོད་པས་ཀྱང་དེའི ་ལམ་སྟོན་པ་མེད་པའི་སྡུག་བསྔལ་ལོ། །སྡུག་བསྔལ་དེ་གསུམ་བསལ་བར་བྱའོ། །ཞེས་དམིགས་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་དབུལ་པོ་ལ་སོགས་པ་ལ་ལྟ་བ་སྟེ། ལོངས་སྤྱོད་ཀྱིས་ཕོངས་པའི་སྡུག་བསྔལ་བསལ་བར་བྱའོ་སྙམ་པའི་ ་དམིགས་པའི་རྒྱུ་ལས་བྱུང་བས་ན། དབུལ་པོ་ལ་ལྟ་བའོ། །བདེ་འགྲོར་སྐྱེས་ནས་ཀྱང་ན་བ་དང་ཚ་བའི་སྡུག་བསྔལ་དང་ངན་སོང་དུ་སྐྱེས་པའི་སྡུག་བསྔལ་བསལ་བར་བྱའོ་སྙམ་པའི་དམིགས་པའི་རྒྱུ་ལས་བྱུང་བས་ན་སྡུག་བསྔལ་བ་ལ་ལྟ?་བའོ། །ཐར ་པ་འདོད་ཀྱང་དེའི་ལམ་སྟོན་པ་མེད་པའི་སྡུག་བསྔལ་བསལ་བར་བྱའོ་སྙམ་པའི་དམིགས་པའི་རྒྱུ་ལས་བྱུང་བས་ན་མགོན་མེད་པ་ལ་ལྟ་བའོ། །བློ་མི་འགྱུར་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་ཇི་ལྟར་ཁས་བླང་ཤིང་དམ་བཅས་པ་ལས་འགྱུར་བ་མེད ་པའི་སེམས་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་དམ་བཅས་པ་བརྟན་པ་སྟེ། དམ་བཅས་པ་ལས་གཞན་དུ་མི་འགྱུར་བའོ། །བདག་དང་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ལ། བདག་ནི་དགེ་བ་བྱེད་པའི་གང་ཟག་གམ། ཚུལ་ཁྲིམས་བླངས ་པའི་གང་ཟག་གོ་།སངས་རྒྱས་ནི་སྟོན་པ་དེ་བཞིན་གཤེགས་པའོ། །ལྷ་ནི་ཚུལ་ཁྲིམས་ལེན་པའི་ཚེ་ན་དཔང་དང། སྲུང་མར་གྱུར་པའི་ལྷ་རྣམས་སོ། །ཚུལ་ཁྲིམས་ཉམས་པར་བྱས་སམ་སྡིག་པ་བྱས་པ་ནི་དེ་གསུམ་ཆར་བསླུས་པ་ཡིན་ཏེ། ་སྙིང་རྗེ་ནི་ཚུལ་ཁྲིམས་རྣམ་པར་དག་ལ་བདག་དང་སངས་རྒྱས་དང། ལྷ་གསུམ་མི་བསླུ་བའི་རྒྱུ་ལས་བྱུང་བས་ན་བདེན་པ་ལ་ལྟ་སྟེ། བདེན་པར་བྱེད་པའོ། །ལེགས་པར་བྱས་པའི་ལས་ལས་བྱུང་བ་ཞེས་བྱ་བ་ནི་ལུས་ཀྱིས་སྲོག་མི་གཅོད། ་མ་བྱིན་པར་མི་ལེན། འདོད་པས་ལོག་པར་མི་གཡེམ་པ་ལ་སོགས་པ་དགེ་བ་བཅུའི་ལས་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྤྱོད་པ་དག་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་སྐྱོན་མེད་པའོ། །ཕ་རོལ་བདེ་བ་རབ་ཏུ་སྦྱིན་པ་ལས་བྱུང་ ་བ་ཞེས་བྱ་བ་ནི་བདག་གི་བདེ་བ་དང་ལོངས་སྤྱོད་ཐམས་ཅད་ཀྱང་སེམས་ཅན་ལ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བདག་གི་བདེ་བ་གཏོང་བ་སྟེ། བདག་བདེ་བ་ལ་གནས་པར ་མི་བྱེད་པའོ། །སྲེད་པ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་མི་བདེ་བར་འགྱུར་བ་གཞན་གྱི་ལུས་དང་ལོངས་སྤྱོད་ལ་ཆགས་པ་མེད་པའི་ཚུལ་ཁྲིམས་ཀྱི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་གཞན་གྱི་བདེ་བ་བསྐྱེད་པ་སྟེ། ་གཞན་གྱི་ལུས་དང་ལོངས་སྤྱོད་འཕྲོག་པ་ལ་སོགས་པའི་མི་བདེ་བ་སྐྱེ་བར་མི་བྱེད་པའོ། །བརྩོན་འགྲུས་བརྟན་པ་རྩོམ་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བའི་བརྩོན་འགྲུས་ལྡོག་པ ་མེད་པ་བརྩམས་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་འཁོར་བའི་སྡུག་བསྔལ་གྱི་ཁུར་ལེན་པའོ། །སེམས་ཅན་མཐུ་ཆུང་བའི་ཉེ་བ་དང ་དུ་ལེན་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་རྡོལ་བ་དང་རིགས་ངན་པ་ལ་སོགས་པ་སེམས་ཅན་ཁོ་རེ་ཆུང་བ་རྣམས་ཀྱི་གནོད་པ་བྱས་པའི་ཉེས་པ་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བླ་མའི་བཟོད་པ་ཡང ་དག་པར་བླངས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་ཀྱི་བཟོད་པ་ཡང་དག་པར་བླངས་པ་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ཅན་ན་བ་རྣམས་ལ་རིམ་གྲོ་བྱེད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་སེམས་ཅན ་འབྱུང་བ་ཆེན་པོ་གཞིའི་ཁམས་མི་མཉམ་པར་ནས། ནང་དུ་གྱུར་པ་རྣམས་ལ་སྨན་དང་ཡོ་བྱད་ཀྱིས་རིམ་གྲོ་བྱེད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཆགས་པ་དང་སྨད་པ་སེལ་བ་སྟེ། ནད་པ་ལ་སོགས་པ་ལ་གྲོགས་མ་བྱས་པའི ་ཁ་ན་མ་ཐོ་བའི་སྐྱོན་གྱིས་མ་གོས་ཤིང་གཞན་གྱིས་དཔྱས་གདགས་པས་སྨད་པའོ། །སེམས་ཅན་དམན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་བས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་དེས་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་སྨིན་པར ་བྱེད་པ་ཡང་མ་ཟད་ཀྱི། ཐེག་པ་ཆུང་ངུ་ལ་མོས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པ་སྟེ། ཐེག་པ་སུམ་ཆར་ལ་ཡང་ཅི་རིགས་པར་རྒྱུ ་དབང་བསྒྱུར་བའོ། །ཕ་རོལ་གྱི་ཡོན་ཏན་བརྗོད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། བདག་གི་ཡོན་ཏན་ལ་ནི་ངོ་མཚར་དུ་མི་འཛིན་གྱི། སེམས་ཅན་གཞན་གྱི་ཡོན་ཏན་ལ་ངོ་མཚར་དུ་འཛིན་པར་རྒྱུན་དུ་གཞན་གྱི་ཡོན་ཏན་བསྔགས་བར ་བྱེད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་རང་གི་ཡོན་ཏན་མི་སྦྱོམས་བ་སྟེ། བདག་གི་ཡོན་ཏན་གཞན་ལ་མི་སྒྲོགས་པའོ། །ཟག་པ་མེད་པའི་བདེ་བ་འདོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི ་མཚན་ཉིད་འཇིག་རྟེན་ལས་འདས་བའི་བདེ་བ་ཐོབ་བར་བྱ་བའི་ཕྱིར་དཀའ་བར་སྤྱད་པའི་སྡུག་བསྔལ་སྣ་ཚོགས་ཀྱང་བཟོད་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་དཀའ་བར་སྤྱད་པའི་སྡུག་བསྔལ་ཐམས་ཅད་ལས་ཇི་མི་སྙམ་བའོ། ། ་ལས་ལེགས་པར་བྱས་ཏེ་མི་འགྱོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་ལས་དགེ་བ་བྱས་ཏེ། བུ་དང། ཆུང་མ་དང་ནོར་ལ་སོགས་པ་ལ་ཆགས་པའི་རྒྱུ་ལས་སྡིག་བ་བྱས་པའི་འགྱོད་པ་མེད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སྡུག་ཅིང་ཕངས ་པའི་དངོས་པོ་ཡོངས་སུ་གཏོང་བ་སྟེ། ཕངས་པའི་ནོར་དང་འབྲུ་རྣམས་སོ། །སྡུག་པའི་དངོས་པོ་ནི་བུ་དང་ཆུང་མ་ལ་སོགས་པའོ། །ཚུལ་ཁྲིམས་འཚལ་པའི་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཚུལ་ཁྲིམས་ཉམས་པ ་རྣམས་ཚེ་འདིར་ཡང་མི་དགེ་བའི་ཆོས་ལ་མི་གཏོང་ཞིང་ཚེ་རབས་གཞན་དུ་ཡང་ངན་སོང་དུ་མི་སྐྱེ་བར་བསྲུང་བར་བྱེད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་ལེགས་པར་བསྲུང་བས་ཕྱུང་བ ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་མ་ཉམས་པའི་རྒྱུས་བསྐྱེད་པའོ། །རྡོ་རྗེའི་ལུས་འཐོབ་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་ཕྱིའི་གནོད་པ་རླུང་དང་ཚ་བ་ལ་སོགས་པ་དང་མཚོན་ཆ་ལ་སོགས ་པས་ཀྱང་མི་ཚུགས་པ་དང། ནང་གི་གནོད་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང། ན་བ་དང་ཚ་བ་ལ་སོགས་པས་མི་ཚུགས་པར་བྱེད་པའི་སྐུ་དེ་འཐོབ་པར་བྱ་བའི་ཕྱིར་བདག་གི་ལུས་ཉེ་བར་ལེན་པའི་ཕུང་པོ་རྣག་ཅན་འདི་ལ ་གནོད་པ་བྱས་པ་ཐམས་ཅད་བཟོད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ལུས་ལ་གནོད་པ་བྱས་པ་དང་དུ་ལེན་པ་སྟེ། ཕྱི་དང་ནང་གི་གནོད་པ་ཐམས་ཅད་ཉམས་སུ་ལེན་པའོ། །ལུས་དང་སྲོག་ལ་མི་ལྟ་བ་ལས་བྱུང་བས་ན་ཞེས་བྱ་བ ་ནི་བདག་གི་ལུས་དང་སྲོག་ལ་ཡང་ཕངས་པར་མི་འཛིན་པར་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་ནས་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ།། ་དེ་ལ་ལུས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །སྲོག་ནི་ཚེ་སྟེ་སྲོག་གི་དབང་པོའོ། །ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། ཡན་ལག་ནི་མགོ་དང་རྐང་ལག་ལ་སོགས་པའོ། །ཉིང་ལག་ནི་ཁ་དང་མིག་དང ་འཐེ་བོ་དང་མཛུབ་མོ་ལ་སོགས་པའོ། །ཡན་ལག་དང་ཉིང་ལག་ལ་ཕངས་པར་མི་འཛིན་པར་སེམས་ཅན་གཞན་ལ་གཏོང་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་མི་ལྟ་བ་སྟེ། ཡན་ལག་དང་ཉིང་ལག་ལ་གཅེས་པར་མི་བྱེད་པའོ།། ་རང་གི་དགེ་བའི་རྩ་བ་མི་འདོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་བདག་གིས་དགེ་བའི་རྩ་བ་ཅི་བསགས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོས་ཏེ། བདག་གི་དོན་དུ་དགེ་བའི་རྩ་བ་སོགས་པར་མི་བྱེད་པའི་རྒྱུ་ལས་བྱུང ་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཕ་རོལ་པོའི་དགེ་བའི་རྩ་བ་སྐྱེད་པའོ། །ཕྱིར་ཡང་འདོད་པའི་ཁམས་སུ་དམིགས་པ་ལས་བྱུང་བས་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གྱི་བདེ་བ་ཡོང་བོར?་ནས་སེམས་ཅན་གྱི་དོན་དུ་འདོད ་པའི་ཁམས་སུ་སྐྱེ་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བསམས་གཏན་གྱི་རོ་མི་མྱང་བ་སྟེ། བསམ་གཏན་གྱི་རོ་ལ་མ་ཆགས་པའོ། །ཆགས་པ་མེད་པའི་ཡེ་ཤེས་སྣང་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་སྤངས་པའི་ཡེ་ཤེས་གཉིས་སུ་མེད་པ། དེས་ཤེས་བྱ་ཐམས་ཅད་ལ་ཤེས་པས་ཁྱབ་པར་བྱེད་པས་ན་ཆགས་པ་མེད་པའི་ཡེ་ཤེས་སྣང་བའོ། །ཡེ་ཤེས་དེའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཀུན་ནས་སྣང་བ་སྟེ། ཤེས་བྱ ་ཀུན་ལ་དམིགས་པའོ། །དགེ་བའི་རྩ་བ་དང་ཚོགས་ཀུན་ལ་མི་སྨོན་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། དགེ་བའི་རྩ་བ་ནི་འཇིག་རྟེན་པའི་དགེ་བ་ཟག་པ་དང་བཅས་པ་རྣམས་སོ།། །།ཚོགས་ནི་འཁོར ་གསུམ་ཡོངས་སུ་དག་པའི་ཚུལ་སྦྱིན་པ་ལ་སོགས་པའི་ཚོགས་རྣམས་ལ་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བའོ། །ཚོགས་དེ་རྣམས་ལ་མི་སྨོད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཤེས་རབ་ལ་མི་བལྟོས ་པ་སྟེ། ཤེས་རབ་ལ་མི་བརྟེན་པའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱ་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་འདི་ལྟར་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུས་སེམས་ཅན་རྣམས་ཀྱི་བསམ་པ་རྫོགས་པར་བྱེད་པ་དེ ་བཞིན་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱའོ། །ཞེས་དམིགས་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཀུན་ཏུ་བཀྱེ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཁྱབ་པར་དམིགས ་པའོ། །སྔོན་གྱི་སྨོན་ལམ་མི་གཏོང་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་དང་པོ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་ཐམས་ཅད་འཁོར་བའི་འབྲོག་དགོན་པ་ལས་བསྒྲལ་བས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བགྲོད ་པར་བྱའོ། །ཞེས་སྨོན་ལམ་བཏབ་བའི་སྨོན་ལམ་མངོན་པར་བྱང་ཆུབ་ཀྱང་མི་འདོར་པར་བྱེད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པ་སྟེ། སེམས་ཅན་ཐམས་ཅད་མྱ་ངན་ལས ་འདས་པ་ལ་འཇོག་པར་བྱེད་པའོ། །འདུས་བྱས་ལ་སེམས་ཅན་ཡོངས་སུ་སྨོན་པར་བྱ་བ་ལས་བྱུང་པས་ན་ཞེས་བྱ་བ་ལ་འདུས་བྱས་ནི་སྦྱིན་པ་དང། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ལ་སོགས་མི་གནས་པའི་མྱ་ངན ་ལས་འདས་པའི་རྒྱུར་གྱུར་པའི་ཆོས་རྣམས་ལ་བྱ་སྟེ། གནས་དེ་དག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་དམིགས་པར་བྱ་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་འདུས་མ་བྱས་ལ་མི་དགེ་པ་སྟེ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས ་འདས་བ་མི་ལན་པའོ། །སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སེམས་ཅན་རྣམས་རབ་ཏུ་དགོང་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་སྡིག་པ་ཐམས་ཅད་བྱེད་ལས་ལོག་པའི་རང་བཞིན་སེམས་ཅན་ཐམས་ཅད ་ལ་ཕན་འདོགས་པར་བྱེད་པ། དངོས་པོ་གང་ལ་ཡང་མི་ཆགས་མི་གནས་པ་སྟེ། ཚུལ་ཁྲིམས་དེ་ལ་སེམས་ཅན་རྣམས་དགོང་ཅིང། ཚུལ་ཁྲིམས་དེ་སེམས་ཅན་རྣམས་ཀྱིས་ཐོབ་པར་བྱའོ། ཞེས་དམིགས་པའི་རྒྱུ་ལས ་བྱུང་བས་ནི་སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་ལྟ་བ་སྟེ། སེམས་ཅན་འཆལ་པའི་ཚུལ་ཁྲིམས་ཅན་རྣམས་བསྲུང་བར་བྱེད་པའོ། །རྒྱུ་དང་རང་བཞིན་བཤད་ཟིན་ཏོ།། །།ལས་བསྟན་པའི ་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བ་གང་ཅི་ཡང་རུང་སྟེ། ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་འམ། ཁམས་གསུམ་ལས་ངེས ་པར་འབྱུང་པའི་ཚོགས་གང་ཡང་རུང་སྟེ། དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོ་ལས་སྐྱེའོ། །དེ་ལྟར་སྙིང་རྗེས་བསྐྱེད་པར་བྱེད་པས་ན། འདི་ལྟར་བྱ་བ་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །གང་བྱེད་ཅེ་ན། འདི་ལྟར་སྦྱིན་པར་བྱེད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ནི་སླ་བས་མ་བཤད་དོ། །གདོན་མི་ཟ་བར་བྱེད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་འམ། ཆུད་མི་ཟ་བར་བྱེད་ཅེས་བ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཇི་སྙེད་ཡོད་ཅེས་སོ་སོར་ཉེ་བར་གནས ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་སུ་བྱ་བ་དང་ཕན་པ་དང་བདེ་བར་བྱ་པའི་ཡོད་རྟག་ཏུ་རྟོག་པར་བྱེད་པ་གནས་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་མི་ཟད་པ་བཤད་ཟིན་ཏོ།། །།བདེ་བ་ལ་རྗེས་སུ་ཡི་རང་བ་བསྟན་པའི ་ཕྱིར། བཙུན་བ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགའ་བ་ཆེན་པོ་ཡང་མི་ཟད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་མི་ཟད་པ་ཡང་དམིགས་པའི་ཡུལ་ཆོས་དང། སེམས་ཅན་མི་ཟད་པས ་དེ་ལ་དམིགས་བར་བྱེད་བའི་དགའ་བ་ཡང་མི་ཟད་པ་སྟེ། བྱམས་པ་དང་སྙིང་རྗེ་མི་ཟད་པ་བཞིན་ནོ། །ཆེན་པོ་ནི་དེ་དགེ་གི་དགའ་བ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལས་ཀྱང་ཁྱད་ཞུགས་པའི་ཕྱིར་རོ། །དགའ་བ་ཆེན་པོ་གང་ཡིན ་པ་དང་ཇི་ལྟར་མི་ཟད་པ་བསྟན་པའི་ཕྱིར། དེ་ལ་དགའ་བ་ཆེན་པོ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ནི་ལུང་གི་ཆོས་གསུང་རབ ་ཡན་ལག་བཅུ་གཉིས་དང། རྟོགས་པའི་ཆོས་འཕགས་པའི་ལམ་མྱ་ངན་ལས་འདས་པའོ། །དེ་དག་གི་ཡོན་ཏན་སེམས་པའི་དུས་ནམ་བརྗེད་བ་ནི་རན་པའོ། །བསྒོམ་པའི་དུས་ན་མ་བརྗེད་བ་ནི་རྗེས་སུ་དྲན་བའོ། །ཆོས་དེ་ཡང་དུས་གསུམ་གྱི ་དབྱེ་བས་དགའ་པ་རྣམ་པ་གསུམ་དུ་འགྱུར་ཏེ། འདས་པའི་ཆོས་ལ་དམིགས་ནས་དགའ་བར་འགྱུར་བ་དང། ད་ལྟར་བྱུང་བའི་ཆོས་ལ་དམིགས་ནས་དགའ་བར་འགྱུར་བ་དང། མ་འོངས་པའི་ཆོས་ལ་དམིགས་ནས་དགའ་པར ་འགྱུར་བའོ། །དེ་ལ་འདས་བའི་དུས་སུ་ལུང་དང་རྟོགས་པའི་ཆོས་རྟོགས་པ་རྣམས་དྲན་ནས་སེམས་ལ་སྤྲོ་བ་སྐྱེ་བ་ནི་དགའ་བ་ཞེས་བྱའོ། །ད་ལྟར་གྱི་དུས་སུ་ལུད་དང་རྟོག་པའི་ཆོས་རྣམས་བདག་གིས་རྟོགས་པར་ནུས་སོ་སྙམ་དུ ་སེམས་ལ་སྤྲོ་བ་སྐྱེ་བ་ནི་མོས་པའོ། །མ་འོངས་པའི་དུས་སུ་ལུང་དང་རྟོགས་པའི་ཆོས་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཐོབ་པར་འགྱུར་རོ་སྙམ་དུ་སེམས་ལ་དགའ་ཞིང་སྤྲོ་བ་སྐྱེ་བ་ནི་མཆོག་ཏུ་དགའ་བའོ།། ་སེམས་མི་གོང་ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་ཆོས་ཀྱི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆུང་ངུར་སེམས་མི་སྐྱེ་བའམ། བདག་གིས་མི་ནུས་སོ་སྙམ་དུ་སེམས་ཞུམ་པ་མེད་པའི་ཕྱིར་མ་གོང་བའོ། །མི་རྫི་བ་ནི་དགའ་བའི་མི་མཐུན ་པའི་ཕྱོགས་མི་དགའ་བས་ཟིལ་གྱི་མི་ནོན་པའོ། །སྲེད་པ་མེད་པ་ནི་སྲེད་པ་ལས་མྱ་ངན་དང་མི་དགའ་བ་སྐྱེའི་ཆགས་ཤིང་སྲེད་པ་མེད་པ་དང་མི་དགའ་བ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རྟག་ཏུ་དགའ་བ་ཉིད་ལ་གནས་སོ། །འདོད་པའི་དགའ་བ་ཐམས ་ཅད་གཏོང་བ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་དགའ་བའི་དགའ་བ་ཐམས་ཅད་འདོར་པའོ། །ཆོས་ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་ཞེས་བྱ་བ་ནི་དགའ་པ་མི་ཟད་པ་ཉིད་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་སྤྱད་པར་དགའ་ཞིང ་སྤྲོ་པའི་གཞི་དང་རྟེན་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།སེམས་མཆོག་ཏུ་དགའ་བ་དང་ཞེས་བྱ་བ་ནི་དགའ་བ་ཆེན་པོ་ལ་གནས་པའི་རྒྱུས་སེམས་ལས་སུ་རུང་བ་སྐྱེ་བས་ན་སེམས་མཆོག་ཏུ་དགའ་བའོ། །དེ་ཉིད་ཀྱི་རྒྱུས་ལུས་ལས་སུ་རུང་བ་སྐྱེ་བའི ་ཕྱིར་ལུས་རབ་ཏུ་སིམ་པའོ། །སངས་རྒྱས་ལ་དགའ་ཞིང་ཡི་རང་བ་དང་ཞེས་བྱ་བ་ལ། སངས་རྒྱས་ལ་མོས་པ་ནི་སངས་རྒྱས་ལ་དགའ་བའོ། །དགའ་བ་དེ་ཉིད་ཆུའི་རྦ་བདོ་བ་བཞིན་དུ་ཤས་ཆེར་གྱུར་ཅིང་སེམས་སྤྲོ་བ་གོང་ནས་གོང་དུ་འཕེལ ་པར་གྱུར་པ་ནི་ཡི་རངས་པའོ། །དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་དགའ་ཞིང་མོས་པས་ཞེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་མཚན་དང་དཔེ་བྱད་བཟང་པོའི་རྒྱན ་ཚོལ་པ་ལ་མཁས་པ་སྟེ། དེ་དག་ཐོབ་པར་བྱ་པའི་ཐབས་ལ་མཁས་ཞེས་བྱ་པའི་ཐ་ཚིག་གོ་།དགེ་བའི་ཆོས་མཉན་པས་མི་སྐྱེ་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཉིད་ཐོག་མར་ཡང་དགེ་བར་དུ ་ཡང་དགེ་ཐ་མར་ཡང་དག་པ་ཡིན་པས་དགེ་པའི་ཆོས་ཏེ། དེ་མཉན་པ་ལ་ཆོག་པ་མེད་ཅིང་མི་སྐྱོ་བ་ཉིད་དགའ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཁོ་ནའི་ཆོས་ལ་བརྟེན་པའི་ནན་ཏན་དང་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་ཁོ་ན་རྟོག་པར་བྱ ་པའི་ཕྱིར་ལམ་ལ་སོགས་པ་སྒྲུབ་པའི་ནན་ཏན་བྱེད་པ་ལ་སེམས་སྤྲོ་ཞེས་བྱ་བའི་དོན་ཏོ། །དཀོན་མཆོག་གསུམ་དང་དེའི་ཡོན་ཏན་ལ་དང་བའི་སྒོ་ནས་དགའ་བ་སྐྱེ་བ་ནི་དགའ་བའོ། །དེའི་ཡོན་ཏན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནས་ ་སེམས་དང་བར་གྱུར་པ་ནི་དད་པའོ། །ཆོས་ཀྱི་དབྱིངས་ལ་དམིགས་པའི་སྒོ་ནས་དགའ་བ་འམ་ཚིམ་པར་གྱུར་པ་ནི་མཆོག་ཏུ་དགའ་བའོ། །བདག་གི་ཆོས་འདི་རྟོགས་ཤིང་ཆོས་ཉིད་ཁོང་དུ་ཆུད་པའི ་ཁྱད་པར་ལས་སྐྱེས་པའི་དགའ་བས་སེམས་གཟེང་མཐོ་བ་འམ། སྤྲོ་བ་སྐྱེས་པ་ནི་རབ་ཏུ་དགའ་བ་སྟེ། རྣམ་པ་དེ་བཞི་ལྟ་བུས་ཆོས་ལ་དགའ་བ་ནི་མོས་པའོ། །ཁོང་ཁྲོ་བ་མེད་པའི་བློ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཞེ་སྡང ་མེད་པའི་སེམས་ཞེས་བྱ་སྟེ། སེམས་ཅན་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་དགའ་བར་དམིགས་པའི་སེམས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་ཤིན་ཏུ་འདུས་བ་དང་ཞེས་བྱ་བ་ལ་སོགས་པས ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཚོལ་ཞིང་ཐོབ་པར་བྱ་བ་ལ་འདུན་པ་ཡང་དགའ་བ་ཡིན་ལ། དེ་ལྟར་ཡོན་ཏན་གྱི་ཆོས་སྒྲུབ་པའི་ཆོས་ལ་འདུན་པ་དེ་མི་འདོར་བ་ཡང་དགའ་བ་ཡིན་པར ་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་ཤིང་རྣམ་པར་གྲོལ་བ་དང་ཉེ་ཚེ་བའི་ཐེག་པ་བསལ་ཏེ། སེམས་བསྐྱེད་པ་དང་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་དད་པས་ཐེག་པ་ཆུང་ངུ་ལ ་སེམས་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ། སེར་སྣའི་དབང་གིས་དངོས་པོ་གཏོང་བར་མི་ནུས་པ་འམ། ཅུང་ཟད་གཏོང་གི་ཐམས་ཅད་མི་གཏོང་བ་ནི་ཞུམ་པར་སེམས་ ་བསྐྱེད་པ་སྟེ། དགའ་བ་དང་ལྡན་པ་ལ་སེར་སྣ་མེད་པར་དངོས་པོ་ཐམས་ཅད་གཏོང་བའི་ཕྱིར་མ་ཞུམ་པར་སེམས་བསྐྱེད་པའོ། །སློང་བ་ལ་སྦྱིན་བར་བྱིན་ནས་ཞེས་བྱ་བ་ལ། དེ་ལྟར་མ་ཞུམ་པའི་སེམས་ཀྱི་སློང་བ་པོའི་གང ་ཟག་རྣམས་ལ་ཕྱི་དང་ནང་གི་དངོས་པོའི་སྦྱིན་པ་བྱིན་ནས་བདག་དང་སློང་བ་པོ་དང། སྦྱིན་པ་གསུམ་ཆར་ཡང་སྟོང་པའི་རང་བཞིན་དུ་ལྟ་བ་ནི་འཁོར་གསུམ་ཡོངས་སུ་དག་པར་སྦྱངས་པ་སྟེ། དེ་བས་ན་སྦྱིན་པ་ལ་མཆོག་ཏུ་དག་བ་ཞེས་བྱའོ། །ཚུལ ་ཁྲིམས་དང་ལྡན་པ་རྣམ་ས་ལ་དད་པ་ནི་གང་ཟག་ཚུལ་ཁྲིམས་དང་ལྡན་བ་རྣམས་ལ་སེམས་དང་པའོ། །ཚུལ་ཁྲིམས་འཆལ་བ་རྣམས་ལ་རྗེས་སུ་འཛིན་ཅིང་བྱམས་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་ཞིག་པའི་གང་ཟག་རྣམས་ནི་འཆལ་བ ་རྣམས་སོ། །དེ་དག་མི་དགེ་བའི་ཆོས་ལ་ཕྱིས་མི་གཏོང་བ་ནི་རྗེས་སུ་འཛིན་པའོ། །དགེ་བའི་གནས་སུ་བཀོད་ཅིང་ཕན་བཏགས་པ་ནི་བྱམས་པའོ། །རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་ཚུལ་ཁྲིམས ་ལེགས་པར་བསྲུངས་པས་ཚུལ་ཁྲིམས་ཀྱི་སྐྱོན་མེད་པའི་ཕྱིར་དེའི་རྒྱུས་ངན་སོང་གསུམ་དུ་མི་སྐྱེ་བས་ན་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བས་དབུགས་འབྱིན་པའོ། །དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡོངས་སུ ་བསྔོ་བ་དང་ཞེས་བྱ་བ་ལ། བདག་གི་ཚུལ་ཁྲིམས་ཡོངས་སུ་དག་པར་བྱེད་པས་དེ་ཡང་སངས་རྒྱས་ཀྱི་ཚུལ་ཁྲིམས་ཐོབ་པར་བྱ་བའི་ཕྱིར་བསྔོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །སྡིག་པའི་ཆོས་ཀྱི་དབང་དུ་མི་འགྱུར་བས་ན་བརྟན་པའོ། །ངོར་རུས་དང་རིགས་སྨོས་པའི ་ཚིག་སྨྲ་བ་ནི་ངན་དུ་བརྗོད་པའོ། །ལྐོག་ནས་ངན་དུ་སྨྲ་བ་སྟེ། དེ་དག་སྨྲས་ཀྱང་སེམས་མི་འཁྲུགས་པ་མི་བཟོད་པའོ། །ལན་དུ་ཚིག་ངན་པ་མི་སྨྲ་བ་ནི་ངེས་པའོ། །བསམ་པ་དག་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པ་མེད་པའོ། །སེམས ་ལ་བརླངས་པ་མེད་པ་ནི་སེམས་ཅན་ལ་བརྡོག་པ་དང་བསད་པར་བྱ་པའི་བསམ་པ་མེད་པའོ། །གྱ་གྱུ་མེད་པ་ནི་སེམས་ཅན་ལ་གནོད་པ་བྱ་བའི་ཐབས་མི་ཚོལ་ཞིང་ཕྱི་རོལ་དགའ་བར་འདྲ་བར་སྟོན་ཀྱང་ནང་དུ་མི་དགའ་བར་གནས་པའི་སེམས ་པའོ། །ཐམས་ཅད་ལ་ཕན་ཡོན་དུ་བལྟ་བ་ནི་སེམས་ཅན་ལ་ཕན་པར་ལྟ་བ་འམ། ཡང་ན་མཐོང་བ་དང་ཐོས་པ་ལ་སོགས་པའི་ཆོས་ཀུན་ཀྱང་དགེ་བའི་བསམ་པས་ཕན་ཡོན་དུ་མཐོང་གིས། འཁྲུག་པའི་གནས་སུ་མི ་ལྟ་སྟེ། འཁྲུག་པའི་གནས་ཉིད་དུ་སྣང་བ་ཡང་རང་གི་བསམ་པ་ལས་གྱུར་བར་ཤེས་པའི་ཕྱིར་རོ། །སྐྱོན་མེད་པར་ལྟ་བ་ནི་སེམས་ཅན་ལ་ཉེས་པར་བྱ་བར་མི་སེམས་པའོ། །ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་ཞེས་བྱ ་བ་ལ་ཡང་དག་པར་དགའ་བར་འགྱུར་བའི་ཆོས་དྲུག་པོ་སྟོན་པ་དང་ཆགས་པ་དང་ཚངས་པ་མཚུངས་པར་སྤྱད་པའི་མཁས་པ་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང། བྱམས་པའི་ངག་གི་ལས་དང། བྱམས་པའི་ཡིད་ཀྱི ་ལས་དང་ལྡན་པ་དང་ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པའི་རྙེད་བ་ལྷུང་བཟེད་དུ་བླུགས་ཤིང། ལྷུང་བཟེད་དུ་ཆུད་ཟིན་པ་རྣམས་ཀྱང་ཐུན་མོང་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་ཟས་མི་སྲི་བ་དང། ཚུལ་ཁྲིམས་མཐུན་པར་ཞུགས་པ་དང། ལྟབ ་མཐུན་པར་ཞུགས་པ་སྟེ། དེ་ཡང་དག་པར་དགའ་བར་འགྱུར་བ། སྡུག་པར་བྱེད་པ། བླ་མར་བྱེད་བ་རྩོད་པ་མེད་པར་བྱེད་པའི་ཆོས་དྲུག་པོ་དེ་དག་གི་རྗེས་སུ་འཇུག་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་འཕངས་སུ་འཛིན་པ ་ཞེས་བྱ་བ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ནི་ལམ་སྟོན་པ། མིག་སྦྱིན་པར་བྱེད་པ་ཡིན་པས་ཕངས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྟོན་པར་འཛིན་ཅེས་བྱ་བའི་ཐ་ཚིག་གོ་།ཆོས་རྣམས་བདག་བཞིན་དུ་ཕངས ་པས་སུ་འཛིན་པ་ཞེས་བྱ་བ་ནི་བདག་ལ་བདག་ཕངས་པ་བཞིན། གསུང་རབ་ཡན་ལག་བཅུ་གཉིས་ལ་ཡང་ཕངས་པར་འཛིན་ཅེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་གཤེགས་པ་རྣམས་ལ་སྲོག་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི། ཇི ་ལྟར་སྲོག་ནི་ལུས་གནས་པའི་རྒྱུའི་གཙོ་བོ་ཡིན་པས་གཅེས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ཡང་གཅེས་སུ་འཛིན་ཅེས་བྱ་བའི་ཐ་ཚིག་གོ་།བླ་མ་རྣམས་ལ་ཕ་མ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་བདག་པས་ནི་རྒན་ཞིང་ཡོན་ཏན་དང་ ་ལྡན་པའི་གང་ཟག་ནི་བླ་མ་སྟེ། ཇི་ལྟར་ཕ་མ་ནི་འཛམ་བུའི་གླིང་སྟོན་པ་སྐྱེད་པ་གསོ་བར་བྱེད་པ་ཡིན་པས་གཅེས་པ་ཡིན་དེ་བཞིན་དུ་དེ་དག་ལ་ཡང་གཅེས་སུ་འཛིན་པ་སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་བུ ་གཅིག་པ་གཅེས་ཤིང་ཕངས་པས་མི་བདེ་བར་མི་འགྱུར་བ་དང། བདེ་བ་ལ་འཇོག་པ་བཞིན་དུ་སེམས་ཅན་རྣམས་ཀྱང་མི་བདེ་བར་མི་འགྱུར་ཞིང་བདེ་བ་ལ་འཇོག་པར་བྱེད་པའོ། །མཁན་པོ་དང་སློབ་དཔོན་རྣམས་ལ་སངས་རྒྱས་བཞིན་དུ་ཕངས་སུ་འཛིན ་པ་ཞེས་བྱ་བ་ནི་ཇི་ལྟར་སངས་རྒྱས་ཀྱིས་འཇིག་རྟེན་དུ་བདེན་པ་བཞི་ལ་སོགས་པ་བཤད་ནས་སྡུག་བསྔལ་གྱི་གནས་ཐམས་ཅད་ལས་བཏོན་པ་བཞིན་མཁན་པོ་དང་སློབ་དཔོན་གྱིས་ཀྱང་ཆོས་བསྟན་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་ལས་འདོན ་པར་བྱེད་པའི་ཕྱིར་རོ། །ནན་ཏན་རྣམས་ལ་ཡན་ལག་གི་དམ་པ་མགོ་བོ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་ཡན་ལག་གི་དམ་པ་མགོ་ཡིན་པ་བཞིན་ནན་ཏན་གྱིས་བསྒྲུབ་པར་བྱ་བའི་ཆོས་འཕགས་པའི་ལམ་ལ་སོགས་པ་ལའང ་གཅེས་སུ་འཛིན་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་རྐང་པས་མེད་ན་གང་དུ་ཡང་མི་ཕྱིན་པས་བགྲོད་པར་བྱ་བའི་གནས་སུ་འདོད་པ་རྣམས་ལ་རྐང་ལག་གཅེས་པ་བཞིན་མྱ་ངན་ལས་འདས་པར་འགྲོ ་འདོད་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་མེད་ན་མི་ཕྱིན་པ་རྐང་ལག་དང་འདྲ་བས་གཅེས་སུ་འཛིན་པའོ། །ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཕངས་པ ་བཞིན་དུ་ཆོས་སྨྲ་བ་རྣམས་ཀྱང་ཆོས་རིན་པོ་ཆེ་སྟོན་པའི་ཕྱིར་ཕངས་པར་འཛིན་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་ཡིད་བཞིན་གྱི ་ནོར་བུས་རེ་བ་ཡོངས་སུ་རྫོགས་པར་བྱེད་པས་གཅེས་པ་བཞིན་དུ་སྟོབས་དང་མི་འཇིགས་པ་ལ་སོགས་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཀྱང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །རྗེས་སུ་བསྟན་པ ་རྣམས་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་ལོངས་སྤྱོད་ཅན་དག་ལ་དགའ་བའི་རྩེད་མོ་རོལ་མོ་རྣམ་པ་སྣ་ཚོགས་གཅེས་པ་བཞིན་དུ་རྣལ་འབྱོར་པ་ཉོན་མོངས་པ་འདུལ་བ་ལ་ཞུགས་པ་དག ་ལ་ཡང་ཉོན་མོངས་པ་གང་གིས་རང་དབང་མེད་པར་གྱུར་བ་དེའི་གཉེན་པོ་མི་གཙང་བ་ལ་སོགས་པས་ཅིང་དགར་ཉོན་མོངས་པ་སྤོང་བར་བྱེད་པས་ཉོན་མོངས་པའི་གཉེན་པོ་རྗེས་སུ་བསྟན་པ་དེ་དག་ལ་གཅེས་སུ་འཛིན་པའོ། །ཆོག་ཤེས་པ ་རྣམས་ལ་ནད་མེད་པ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་ནད་མེད་པ་གཅེས་པ་ལྟར་ལྷུང་བཟེད་དང་ཆོས་གོས་ལ་སོགས་བས་ཆོག་ཤེས་པ་ལ་ཡང་གཅེས་སུ་འཛིན་ཏེ། ཆོག་མི་ཤེས་པའི་དབང་གི་ནི་ཚོལ་བ་དང་སྲུང་བ་ལ ་སོགས་པའི་ཚེ་ལུས་དང་སེམས་ལ་མི་བདེ་བ་ཐམས་ཅད་སྐྱེད་པའི་ཕྱིར་རོ། །ཆོས་བཙལ་བ་རྣམས་ལ་སྨན་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་སྨན་གྱིས་ནད་སེལ་བ་བཞིན་ཆོས་བཙལ་བས་ཀྱང་ཉོན་མོངས་པའི་ནད་སེལ་བའི་ཕྱིར་རོ། ། ་བསྐུལ་ཞིང་དྲན་པ་རྣམས་ལ་སྨན་པ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་སྨན་བས་ནད་མེད་པར་འགྱུར་བའི་ཐབས་དང། སྨན་སྟོན་པ་བཞིན་དུ་སྐུལ་ཞིང་དྲན་པར་བྱེད་པས་ཀྱང་ཉོན་མོངས་བའི་ནད་སེལ་བས་སྟོན་པས་ཕངས་པའོ། །དགའ་ ་བ་ཆེན་པོ་རྒྱ་ཆེར་བཤད་པའི་དོན་བསྡུ་ཞིང་དེའི་རང་བཞིན་མདོར་བསྟན་པར་བྱ་བའི་ཕྱིར། གང་དབང་པོ་ཐམས་ཅད་ལ་དབང་པོ་མ་གོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ཐམས་ཅད་དད་པ་ལ་སོགས་པའི་དབང་པོ་ལྔ་དང ་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དབང་པོ་མ་གོང་བ་ནི་དབང་པོ་དེ་རྣམས་མ་ཉམས་ཤིང་མ་གོང་པ་སྟེ། དེ་ནི་དགའ་བ་ཆེན་པོ་ཞེས་བྱ་བ། རྟོག་བའི་ཡེ་ཤེས་ཀྱི་ཕྱིར་ཞི་བའི་རྣམ་བའོ། ཞེས་བྱ་བ་ནི་དབང་པོ་མ་ཞི་ཞིང་ཆགས་པར ་འགྱུར་བའི་རྒྱུའི་ཆོས་རྣམས་རང་བཞིན་གྱིས་མ་བྱུང་མ་སྐྱེས་པར་རྟོག་པས་དེ་ལ་མ་གཡེངས་པའི་ཕྱིར་ཞི་བའི་རྣམ་པ་སྟེ། ཞི་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །མི་རྒོད་བའི་ཕྱིར་རབ་ཏུ་ཞི་བའི་རྣམ་པ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར ་རྒོད་པར་བྱ་བའི་ཡུལ་མེད་པས་ན་རབ་ཏུ་ཞི་བའི་རྣམ་པའོ། །ཁེངས་པ་མ་ཡིན་པའི་ཕྱིར་ཤིན་ཏུ་སྦྱངས་པའི་རྣམ་པའོ། །ཉོན་མོངས་པ་རྣམས་མ་སྤྲངས་པ་ནི་ཁེངས་པ་སྟེ། ཉོན་མོངས་པ་མ་སྤངས་པ་མ་ཡིན་པ་ནི་ཁེངས་པ་མ་ཡིན ་པའོ། །དེ་བས་ན་ཤིན་ཏུ་སྦྱངས་བའི་རྣམ་པ་སྟེ། ཉོན་མོངས་པ་དག་པ་འམ། ཉོན་མོངས་པ་དུལ་བའི་རྣམ་བ་ཞེས་པ་ཞེས་བྱ་བའི་ཐ་ཚིག་གོ་།རྣམ་པར་མི་གཡེངས་པའི་ཕྱིར་དབང་པོ་དགའ་བའི་རྣམ་པ་ཞེས་བྱ་བ་ནི་སེམས་གཡེངས་པ་ལས ་དབང་པོ་འཁྲུགས་པར་འགྱུར་གྱི། སེམས་ཡུལ་ལ་སོགས་པ་ལ་མ་གཡེངས་ཏེ། ཏིང་ངེ་འཛིན་དུ་གྱུར་བ་ལས་ཞི་ཞིང་དགའ་བར་འགྱུར་བས་ན་དབང་པོ་དགའ་བའི་རྣམ་པའོ། །མི་ཉམས་པའི་ཕྱིར་བརྟུལ་ཞུགས་ཀྱི་རྣམ་པ་ཞེས་བྱ་བ ་ནི་བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་གང་བླངས་པ་དེ་མ་ཞིག་མ་ཉམས་ཏེ། རང་བཞིན་གཞན་དུ་མ་གྱུར་པས་ན་བརྟུལ་ཞུགས་ཀྱི་རྣམ་པ་ཞེས་བྱའོ། །འདོད་པའི་ཕྱིར་ངེས་བའི་རྣམ་པའོ། །ཞེས་བྱ་བ་ནི་དགའ་བ་དང་ལྡན་པ་དེ་ཐམས ་ཅད་ཀྱིས་ཡིད་དུ་འོང་ཞིང་འདོད་པས་འགྱུར་པས་ན་ངེས་པའི་རྣམ་པ་སྟེ། ཡིད་དུ་འོང་བའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །བཀའ་བློ་བདེ་བའི་ཕྱིར་ཐོས་པའི་རྣམ་པ་ཞེས་བྱ་བ་ནི་ཇི་སྐད་བསྒོ་བ་བཞིན་ཉིན ་དུ་བཏུབ་པ་ནི་བཀའ་བློ་བདེ་བ་སྟེ། དེ་བས་ན་ཐོས་པའི་རྣམ་པའོ། །ཐོས་པའི་རྣམ་པ་ཞེས་བྱ་བ་ནི་ཇི་སྐད་བསྒོ་བ་བཞིན་དུ་ཉན་དུ་བཏུབ་པའི་རང་བཞིན་ནོ། ཞེས་བྱ་བའི་དོན་ཏོ། །སེམས་ལས་སུ་རུང་བའི་ཕྱིར་ཉེ་བར་ཞི་བའི་རྣམ་པའོ། ཞེས་ ་བྱ་བ་ལ། ཞུམ་པ་དང་རྒོད་པ་སྤངས་པ་ནི་སེམས་ལས་སུ་རུང་བའི་རྣམ་པའོ། །དེ་བས་ན་ཉེ་བར་ཞི་བའི་རྣམ་པ་སྟེ། ཞུམ་པ་དང་རྒོད་པ་མེད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ལས་ལེགས་བར་བྱས་པའི་ཕྱིར་དགའ་བའི་རྣམ ་པའོ། །ཞེས་བྱ་བ་ནི་ལས་དགེ་བ་བྱས་པའི་ཕྱིར་རྣམ་པ་སྟེ། སེམས་མི་དགའ་བ་མེད་པའི་རྣམ་པའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་མི་འགྱོད་བའི་རྣམ་བ་ཞེས་བྱ་བ་ནི་སྡིག་པ་མ་བྱས་པའི་ཕྱིར་མི་འགྱོད་པའི་རྣམ་པ་སྟེ། སྡིག་པའི ་རྒྱུས་མ་འོངས་པ་ན་འདི་འདྲ་བར་འགྱུར་རོ། ཞེས་གདུང་བ་མེད་པའོ། །མ་གཡོས་པའི་ཕྱིར་ཤིན་ཏུ་གནས་པའི་རྣམ་པའོ། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་སོགས་པས་མ་གཡོས་པའི་ཕྱིར་ཤིན་ཏུ་གནས་པའི་རྣམ་པ་སྟེ། ་བརྟན་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །མི་གནས་པའི་ཕྱིར་མ་གཡོས་པའི་རྣམ་པའོ། ཞེས་བྱ་བ་ནི་མཚན་མ་དང་དངོས་པོ་ལ་མི་གནས་པས་མ་གཡོས་པའི་རྣམ་པ་སྟེ། མཚན་མ་རྣམས་ཀྱི་དབང་དུ་མི་འགྱུར་བའི་རང་བཞིན་ཞེས ་བྱ་བའི་ཐ་ཚིག་གོ་།ཐུལ་བར་བཀའ་བས་བསྙེན་པ་དཀའ་བ་ཞེས་བྱ་བ་ནི་བདུད་དང་ཕས་ཀྱི་རྒོལ་བ་རྣམས་ཀྱིས་ཐུལ་བར་དཀའ་བས་བསྙེན་དཀའ་བའི་རྣམ་པ་སྟེ། དེ་དག་གིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའི་དོན་ཏོ། །ཆུད་མི་ཟ ་བའི་ཕྱིར་དོན་གྱི་རྣམ་པའོ། །ཞེས་བྱ་བ་ནི་དོན་རྟོགས་ཤིང་ཐོབ་པའི་དངོས་པོ་ཉམས་པར་མི་འགྱུར་བས་ན་དོན་གྱི་རྣམ་པའོ། །མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་བདེན་པའི་རྣམ་པའོ། ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དང ་མཐུན་པའི་ཕྱིར་བདེན་པའི་རྣམ་པའོ། །དེ་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་དེ་ཁོ་ན་ཉིད་ལ་བྱ་སྟེ། དེ་ཁོ་ན་ཉིད་སྒྲུབ་པ་འམ་རྟོག་པར་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ། །སྟོབས་ཀྱི་ཕྱིར་སྤྲོ་བའི ་རྣམ་པའོ། །ཞེས་བྱ་བ་ལ། སྤྲོ་བ་ཉིད་དུ་ཐུ་དང་ལྡན་ཏེ་མི་མཐུན་པའི་ཕྱོགས་ཀྱིས་ཉམས་པར་མི་འགྱུར་བ་ལ་སྟེ?་བས་ཞེས་བྱ་སྟེ། དེ་ལྟར་སྟོབས་ཀྱི་ཕྱིར་སྤྲོ་བའི་རྣམ་པ་སྟེ་སྤྲོ་བའི་མཐུ་དང་ལྡན་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །མི་རྫི ་བའི་ཕྱིར་སྟོབས་ཀྱི་རྣམ་པའོ། །ཞེས་བྱ་བ་ནི་དད་པའི་སྟོབས་ལ་སོགས་པ་ལ། མ་དད་པ་ལ་སོགས་པས་མི་རྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟོབས་དང་མི་འཇིགས་པ་ལ་སོགས ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བ་ཚོལ་བས་མི་སྐྱོ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པའོ། །དགའ་བ་མི་ཟད་པ་བཤད་ཟིན་ཏོ།། །།མཉམ་པ་ཉིད་ལ་གནས་པར་བསྟན ་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཏང་སྙོམས་མི་ཟད་པ་ཡང་དགའ་བ་མི་ཟད་པ་ལ་སོགས་པ་བཤད་པའི་ཚུལ་དང་འདྲ་བར་རིག་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཀྱིས་ཚུལ་དུ ་ཤེས་བར་བྱ་སྟེ། བསྟན་པའི་ཚུལ་དང་བཤད་པའི་ཚུལ་ལོ། །དེ་ལ་བསྟན་པའི་ཚུལ་ནི་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་ཨིསྙོམས་རྣམ་པ་གསུམ་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །དེ་མན་ལྷག་མ་ཐམས་ཅད་ཀྱི་བཤད་པའི་ཚུལ་བསྟན་ཏོ། །ཉོན་མོངས་པ་ལ་བཏང་སྙོམས་པ་ནི་ཆགས་པར་འགྱུར་བ་དང། ཁྲོ་བར་འགྱུར་བའི་ཡུལ་གཉི་ག་ལ ་མཚུངས་པར་ལྟ་བའོ། །བདག་དང་གཞན་བསྲུང་བའི་བཏང་སྙོམས་ནི་བདག་གི་སེམས་ཀྱི་རྒྱུད་འཁྲུག་ཅིང་གདུག་པར་མི་འགྱུར་བ་དང། གཞན་གྱི་སེམས་ཀྱི་རྒྱུད་འཁྲུག་པར་མི་འགྱུར་བར་བཏང་སྙོམས་པའོ། །དུས་དང་དུས་མ ་ཡིན་པ་ལ་བཏང་སྙོམས་པ་ནི་བྱང་ཆུབ་སེམས་དཔའ་དུས་དང་སྣོད་དུ་སྦྱར་ལ། དུས་ཁ་ཅིག་དུ་སྣོད་ལ་ལ་ལ་ཆོས་མི་བཤད་ཅིང་མི་སྒྲུབ་པ་བཏང་སྙོམས་སུ་འདོར་བའོ། །ཉོན་མོངས་པ་ལ་བཏང་སྙོམས་པའི་མཚན་ཉིད་གང་ཡིན་པ ་རྒྱ་ཆེར་བསྟན་པའི་ཕྱིར། དེ་ལ་ཉོན་མོངས་པ་ལ་བཏང་སྙོམས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ་།བསྟི་སྟད་དུ་བྱས་པས་མཐོས་པའི་སེམས་པ་དང། བསྟི་སྟང་མ་བྱས་པས་དམས་པར་སེམས་པ་ནི་ཉོན་མོངས་པ་སྟེ། ་བསྟི་སྟང་དུ་བྱས་ཀྱང་མཐོས་བར་མི་སེམས་ལ་བསྟི་སྟང་དུ་མ་བྱས་ཀྱང་དམས་བར་མི་སེམས་པ་ནི་ཉོན་མོངས་པ་ལ་བཏང་སྙོམས་པ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །རྙེད་པ་རློམ་སེམས་མེད་ཅེས་བྱ་བ་ནི་ཆོས ་གོས་དང་ལྷུང་བཟེད་ལ་སོགས་བ་རྙེད་ཀྱང་རྙེད་དོ་ཞེས་རློམ་སེམས་མེད་པའོ། །སྙན་པ་ནི་བདག་གི་ཡོན་ཏན་ནོ། །མི་སྙན་བ་ནི་སྐྱོན་བརྗོད་པའོ། །བསྔགས་པ་ལ་ཆོས་ཉིད་རབ་ཏུ་གནས་ཤེས་བྱ་བ་ལ། བསྔགས་པ་ནི་ཡོན་ཏན ་དངོས་སུ་བརྗོད་པའོ། །ཆོས་ཉིད་རབ་ཏུ་གནས་ཞེས་བྱ་བ་ནི་རང་བཞིན་མི་འགྱུར་བར་འདུག་ཅེས་བྱའོ། །སྡུག་བསྔལ་དག་ལ་སོ་སོར་རྟོགས་པའི་སྟོབས་ཞེས་བྱ་བ་ན་སྡུག་བསྔལ་བར་འགྱུར་བའི་དངོས་པོ་རྣམས་ཤེས་རབ་ཀྱིས་དངོས ་མེད་པར་རྟོག་པས་དེ་ལ་ཇི་མི་སྙམ་ཞེས་བྱ་བའི་དོན་ཏོ། །བདེ་བ་དག་ལ་མི་རྟག་པ་དང་སྡུག་བསྔལ་བའི་རྟོག་པའི་སྟོབས་ཞེས་བྱ་བ་ནི་བདེ་བ་ཉིད་དུ་འགྱུར་ཞིང་མི་གནས་ཏེ། མཐར་སྡུག་བསྔལ་དུ་འགྱུར་བར་རྟོག་པའི་མཐུས་བདེ་བ་ལ་ཆགས ་ཤིང་དྲེགས་པ་མེད་བའོ། །རྗེས་སུ་ཆགས་བ་འདོར་ཞེས་པ་ལ་སོགས་པ་ལ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་སེམས་ནི་ཉོན་མོངས་པ་སྟེ། དེ་གཉིས་ནི་འཛའ་བ་དང་མི་འཛའ་བ་ལས་འབྱུང་ན། དེ་གཉི་ག་ལ་འདྲ་བར་སེམས་མཉམ་པ་ནི ་ཉོན་མོངས་པ་ལ་སེམས་བཏང་སྙོམས་པའོ། །བློ་མཉམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་གཉིས་ལ་བསྟོད་པ་དང་སྨད་བའི་བསམ་པ་མེད་པ་དང། བྱམས་པ་དང་ཁོང་ཁྲོ་བའི་བསམ་པ་མེད ་པའོ། །གཉིས་སུ་མི་བྱེད་པ་ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་གཉིས་ལ་འདིས་ནི་ཕན་བཏགས་པ་འདིས་ནི་གནོད་པར་བྱས་སོ། །ཞེས་ཐ་དད་པར་མི་སེམས་པའོ། །སྡུག་པ་དང་མི་སྡུག་པར་མི་ལྟ་ཞེས་བྱ་བ ་ནི་ཆགས་པར་འགྱུར་བའི་ཡུལ་དང། ཆགས་པར་མི་འགྱུར་བའི་ཡུལ་གཉིས་ལ་སྡུག་པ་དང་མི་སྡུག་པར་མི་ལྟ་ཞེས་བྱ་བའི་དོན་ཏོ། །ལེགས་པ་ཐོས་པ་དང་ཉེས་པ་ཐོས་པ་ཞེས་སྨོས་པ་དང། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས ་པ་ཞེས་སྨོས་པ་གཉིས་ལ། ཐོས་པ་ནི་ཉིད་ནས་རྒྱུད་དེ་སྤྱོས་ཤིང་བསྟོད་པ་ཐོས་པའོ། །སྨྲས་པ་ནི་མངོན་སུམ་དུ་སྤྱོས་ཤིང་བསྟོང་བའོ། །མི་བརྗེད་པ་དང་བག་ལ་ཉལ་བར་བྱེད་པ་གཉིས་དོན་གཅིག་སྟེ། དེ་གཉི་ག་ལ་ཡང་ཇི་སྙམ་དུ་འདོར ་བའོ། །ཁ་ཅིག་ལས་པག་ལ་ཉལ་མིང་ཅེས་འབྱུང་སྟེ། དེའི་དོན་ཀྱང་དགའ་བར་འཛིན་པ་དང། ཁོན་དུ་འཛིན་བ་མེད་ཅེས་བྱ་བའི་ཐ་ཚིག་གོ་།རོ་མྱང་བའི་ཉེས་དམིགས་རྣམས་ལ་མཚུངས་པར་ཡོངས་སུ་འཇལ། ཞེས་བྱ་བ་ནི་རོ་མྱང་བ་བདེ་བ ་དང། དེ་དང་བྲལ་བའི་ཆེ་ཉེས་དམིགས་མི་དམིགས་མི་བདེ་བ་གཉི་ག་ལ་མཚུངས་བར་རྟོག་བའོ། །སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར ་སེམས་པའོ། །ལུས་དང་སྲོག་ལ་མི་ལྟ་ཞེས་བྱ་བ་ནི་ལུས་དང་སྲོག་ལ་ཕངས་སུ་བཟུང་ན་དེའི་རྐྱེན་ཀྱི་ཚོགས་བ་དང་ཞེ་སྡང་བའི་ཉོན་མོངས་པ་འབྱུང་བས་སྲོག་ལ་ཕངས་བར་མི་འཛིན་ཅེས་བྱ་བའི་དོན་ཏོ། །རབ་དང་འབྲིང་དང་ཐ་མ ་རྣམས་ལ་འོད་ཟེར་མཉམ་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་སེམས་ཅན་ལ་ཡང་རབ་འབྲིང་དུ་མི་ལྟ་བའི་འདྲ་བར་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ་།སྔགས་པ་དང་བསྔགས་པ་མ་ཡིན་པ་རྣམས་ལ་སེམས་མཉམ་ཞེས་བྱ་བ་ནི་བསྟོད་པ ་དང་དམད་པ་གཉི་ག་ལ་ཡང་དག་པ་དང་མི་དག་འབྲ་མི་འཛིན་པའོ། །བདེ་བ་དང་མི་བདེ་བ་རྣམ་ལ་རང་གི་སེམས་ཡོངས་སུ་དགའ་བ་ཞེས་བྱ་བ་ནི་བདག་གི་སེམས་གཡོ་སྒྱུ་མེད་དེ་དེ་དག་ལ་དྲང་པོར་སྨྲས་པ་དང་དྲང་པོར་སྨྲས་པ་གཉི ་ག་ལ་ཡང་དྲང་པོ་དང་བདེན་པར་སྨྲས་པར་འཛིན་པའོ། །ཉོན་མོངས་པ་ལ་བཏང་སྙོམས་པའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་ད་ལྟར་གང་བསྟི་སྟང་དུ་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང ་བསྟི་སྟང་དུ་བྱེད་ཅིང་བསྟི་སྟང་དུ་བྱེད་པས་ཀྱང་མ་ཐོས་པར་མི་སེམས་གནོད་པར་བྱེད་ཅིང་གནོད་པར་བྱེད་པ་ལ་ཡང་དམས་པར་མི་སེམས་ཏེ། བཏང་སྙོམས་པར་འཇོག་པ་ནི་ཉོན་མོངས་པ་ལ་བཏང་སྙོམས་པ་ཞེས་བྱའོ་། ་བདག་དང་གཞན་བསྲུང་བའི་བཏང་སྙོམས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་བསྲུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁོང་ཁྲོ་བར་མི་བྱེད་ཅིང་མ་ཚོལ་ཏེ། ཞེས་བྱ་བ་ནི་གཞན་གྱི ་ཡན་ལག་དང་ཉིང་ལག་ལ་སོགས་པ་བཅད་ཀྱང་གཞན་ལ་ཞེ་སྡང་ཡང་མི་སྐྱེ། མི་བཅད་པའི་ཐབས་ཚོལ་ཞིང་གསོལ་བ་ཡང་མི་འདེབས་པ་སྟེ། དེ་ལྟར་ཞེ་སྡང་མ་སྐྱེས་ཤིས་མི་གཅོད་པའི་ཐབས་མི་ཚོལ་བས་བདག་གི་སེམས་མ ་འཁྲུགས་པ་བདག་བསྲུང་པའོ། །ཁོང་ཁྲོ་མ་སྐྱེས་ཏེ་གཞན་གྱི་སེམས་མ་མཁྲུགས་པ་ནི་གཞན་བསྲུང་བའོ། །ལུས་ཀྱིས་རྣམ་པར་འགྱུར་བ་ཞེས་བྱ་བ་ནི་གཞན་གྱི་ལུས་ཀྱི་ཉེས་པར་བྱས་པ་ཞེས་བྱ་བའི་ཚིག་སྟེ། དེ་བཞིན་དུ་དག་གི་རྣམ? ་པར་འགྱུར་པ་འང་རིག་པར་བྱའོ། །མིག་གི་རྣམས་ཀྱང་རྨ་མི་ཕྱིན་ཅེས་བྱ་བ་ལ་སོགས་པ་ནི། མིག་ལ་སོགས་པའི་དབང་པོ་རྣམས་དང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་དབང་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །རྨ་མི་བྱིན་ཞིང ་ཉམས་པ་མེད་པ་ཞེས་བྱ་བ་ནི་ཞེ་སྡང་གི་མི་ཚུགས་ཤིང་ཞེ་སྡང་གི་དབང་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །རྨ་ཕྱུང་བ་ལ་རྨ་མི་འབྱིན་ཅིས་བྱ་བ་ནི་ཕས་གནོད་པར་བྱས་ཀྱང་སྨར་གནོད་བ་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཕན་པར་བྱེད་པ་དང ་གནོད་པར་བྱེད་པ་ལ་མཉམ་ཞེས་བྱ་བ་ནི་ཕན་འདོགས་པར་སེམས་པ་དང། གནོད་བར་བྱ་བར་སེམས་བ་གཉིས་ལ་བྱམས་པར་བྱ་བ་དང་གནོད་པར་བྱ་བ་མེད་ཅེས་བྱ་བའི་དོན་ཏོ། །བཏང་སྙོམས་ནི་མཆོག་ཏུ་རྩོད་པ་མེད་པ་ཞེས་བྱ ་བ་ནི་ཉེས་པ་བྱས་ཤིང་མི་སྙན་བར་སྨྲས་པ་ལ་ཇི་མི་སྙམ་ཏེ། མི་རྩོད་པས་མཆོག་ཏུ་རྩོད་པ་མེད་པའོ། །བཏང་སྙོམས་ནི་རང་གི་སེམས་ལ་ངེས་པར་རྟོག་པའོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་སེམས་ལས་བྱུང་བར་ཡང་དག་པར་རྟོགས ་ཤིང་གཏན་ལ་འབེབས་པས་ཕྱི་རོལ་ཏུ་མི་འབྲང་ཞེས་བྱ་བའི་དོན་ཏེ། །ཡང་ན་རང་གི་སེམས་ལ་ངེས་པར་རྟོག་ཅེས་བྱ་བ་ནི་བདག་གི་སེམས་ཞེ་སྡང་གི་དབང་དུ་མི་གཏོང་ཞེས་བྱ་བའི་ཐ་ཚིག་གོ་།བཏང་སྙོམས་ནི་གཞན་གྱིས་མས ་བསྲུང་བའོ། །ཞེས་བྱ་བ་ནི་གཞན་གྱི་སེམས་འཁྲུགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།བཏང་སྙོམས་ནི་བདག་ལ་རྟོག་པའོ། ཞེས་བྱ་བ་ནི་གཞན་གྱི་གནོད་པ་བྱས་ཀྱང་བདག་གི་ལས་ལ་རྟོག་གི་གཞན ་ལ་ཁོན་དུ་མི་འཛིན་པའོ། །བཏང་སྙོམས་ནི་སེམས་ཅན་གཞན་དག་ལ་གནོད་པ་མེད་པའི་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་བདག་གི་ལས་ལས་བྱུང་བར་རྟོག་པས་སེམས་ཅན་གྱི་མ་ཉེས་པར་ཤེས་པའི་ཕྱིར་སེམས་ཅན་གྱི ་གནོད་པར་བྱེད་པས་སེམས་ལ་གནོད་པ་མི་བྱེད་པའོ། །བདག་དང་གཞན་བསྲུང་བའི་བཏང་སྙོམས་བསྡུས་ཏེ། བསྟན་པའི་ཕྱིར། བཏང་སྙོམས་ནི་བྱང་ཆུབ་སེམས་དཔའ་ཨི་མཉམ་པར་བཞག་པའི་སྐབས་ཡིན་ཏེ་ཞེས་བྱ་བ ་གསུངས་ཏེ། མཉམ་པར་བཞག་པ་ནི་ཆགས་པ་དང་ཁོང་ཁྲོ་བ་མེད་པར་བྱའོ། །དེ་ལྟར་མཉམ་བར་བཞག་བའི་གནས་སྐབས་ནི་བཏང་སྙོམས་ཡིན་པས་དེ་བས་ན་བཏང་སྙོམས་ནི་མཉམ་པར་བཞག་པའི་གནས་སྐབས་སོ། །ཡང ་ན་མཉམ་པར་བཞག་བ་ནི་ཏིང་ངེ་འཛིན་དུ་སེམས་རྩེ་གཅིག་བར་བཞག་པ་སྟེ། དེའི་གནས་སྐབས་ནི་བཏང་སྙོམས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་ཡང་ཆགས་པ་དང་ཞེ་སྡང་མེད་ན་འདོད་སེམས་རྩེ་གཅིག་པར་ནུས་བས་སོ། །དུས་དང ་དུས་མ་ཡིན་པའི་བཏང་སྙོམས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་ཨི་དུས་དང་དུས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ ་བཏང་སྙོམས་བྱ་བར་བཀའ་མི་སྩོལ་ཏོ་ཞེས་བྱ་བ་ནི་གོང་དུ་རྣམ་པ་ཐམས་ཅད་དུ་བཏང་སྙོམས་པ་བཤད་པ་སྟེ། སྐབས་ཁ་ཅིག་ཏུ་དེ་ལྟར་བཏང་སྙོམས་སུ་བྱར་མི་རུང་གི་དུས་དང་སྦྱར་རོ་ཞེས་བྱ་བའི་དོན་ཏོ། དེ་ཅིའི་ཕྱིར་ཞེ་ན། ཞེས ་བྱ་བ་ནི་འདྲི་བའི་ཚིག་སྟེ། དུས་ཐམས་ཅད་དུ་ཅིའི་ཕྱིར་བཏང་སྙོམས་སུ་བཞག་དུ་མི་རུང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་རྟག་ཏུ་བདག་དང་གཞན་གྱི་དགེ་བའི་ཆོས་བཙལ་བ་ལ་བརྩོན་ཞིང་འབད་པར་བྱ་བའི ་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་བདག་དང་གཞན་གྱི་ཆོས་བཙལ་བ་ལ་འབད་པར་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་དོན་དང་སྦྱར་ཏེ། ཁ་ཅིག་བཏང་སྙམས་སུ་འང་འདོར། ཁ་ཅིག ་ཏུ་བཙལ་ཞིང་འབད་པར་བྱས་ཞིང་བཏང་སྙོམས་སུ་མི་བཞག་གོ་ཞེས་བའི་དོན་ཏོ། །སྣོད་མ་ཡིན་པ་དང་མཉམ་པར་མི་འདོད་པའི་སེམས་ཅན་ལ་བཏང་སྙོམས་ཞེས་བྱ་བ་ནི་དུས་ལ་བབ་པའི་སེམས་ཅན་ཏེ། ཆོས་ཟབ་མོ་བཤད་པའི ་སྣོད་མ་ཡིན་པ་དང། ཆོས་ཉན་པར་མི་འདོད་པ་ལ་མི་འཆད་པར་འཇོག་པ་སྟེ། སྐབས་འདིར་བཏང་སྙོམས་ཞེས་བྱ་བ་ནི་མི་བྱ་བར་བཞག་པ་ལ་བྱའོ། །མ་རྙེད་པ་ལ་སོགས་པའི་དུས་ན་ཡང་མི་དགའ་ཨི་སེམས་འབྱུང་བ་རྣམས་བཏང ་སྙོམས་སུ་བཞག་པའོ། །སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་སུ་རིགས་ངེས་པའི་གང་ཟག་དྲོང་དང་སྤྱི་བོ་ལ་སོགས་པ་ངེས་པར་འབྱིན་པའི་ས་ལ་བཞུགས་པ་འམ། མཐོང་བའི་ལམ་ལ་ཞུགས་པ ་རྣམས་ནི་ཐེག་པ་ཆེན་པོ་ལ་བསྒྱུར་དུ་མི་བཏུབ་པས་དེ་བཞིན་དུ་བཏང་སྙོམས་སུ་བཞག་པའོ། །སྦྱིན་པའི་དུས་ན་ཚུལ་ཁྲིམས་བཏུལ་བའི་བཏང་སྙོམས་ནི་སྦྱིན་པ་དང་ཚུལ་ཁྲིམས་གཉིས་སྤྱད་པའི་སྒོ་ཐ་དད་པས་སྦྱིན་པ་སྤྱད་པ་འམ ་སྦྱིན་པའི་ཡོན་བསྔགས་པའི་དུས་སུ་ཚུལ་ཁྲིམས་སྤྱད་པ་འམ། ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་བཏང་སྙོམས་སུ་བཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་ལ་ཡང་སྦྱར་རོ། །གང་གདོན་མི་ཟ་བར་བྱ་བའི ་ཆོས་རྣམས་ལ་མི་འཇུག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་མི་བྱ་བའི་ཆོས་རྣམས་ལ་བཏང་སྙོམས་པར་བསྟན་པར་ཟད་ཀྱི་བྱང་ཆུབ་ཆེན་པོའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ངེས ་པར་བསྒྲུབ་དགོས་པ་ཀུན་ལ་འཇུག་ཅིང་བཏང་སྙོམས་སུ་མི་བྱ་བར་སྟོན་ཏོ། །སྟོབས་ནི་ལེ་ལོས་ཟིལ་གྱི་མི་ནོན་པའོ། །མོས་པ་ནི་དགེ་བར་སྤྱད་པ་ལ་དད་པའོ། །མཐུན་པ་ནི་བདུད་ལ་སོགས་པས་མི་ཚུགས་པའོ། །བརྩོན་པ་མི་འདོར ་བ་ནི་བརྩོན་འགྲུས་རྒྱུན་དུ་སྤྱོད་པ་མི་གཏོང་བའོ། །བཏང་སྙོམས་མི་ཟད་པ་བཤད་ཟིན་ཏོ།། །།མངོན་སུམ་གྱུར་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཡང་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཤེས་པ་ལ་གནས་པ་རྣམས་ནི་མངོན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་མི་ཟད་པ་ཡང་ཤེས་པར་བྱ ་བའི་དངོས་པོ་སེམས་ཅན་དང་ཆོས་རྣམས་ལ་མཛའ་མེད་པེ་མི་ཟད་པས་ལྷའི་མིག་ལ་སོགས་པ་ཤེས་པར་བྱེད་པ་རྣམས་ཀྱང་མི་ཟད་དོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་བལྟ་སྟེ། ལྔ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས ་ཏེ། རྫུ་འཕྲུལ་བྱ་བ་ཤེས་པ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པའི་ཚུལ་བསྟན་ཏོ། །དེ་མན་ཆད་ལྷག་མ་ཐམས་ཅད་ཀྱིས་བཤད་པའི་ཚུལ་བསྟན་ཏོ། མངོན་སུམ་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་དྲུག་སྟེ། གཟུགས ་མངོན་སུམ་པ་དང། ཚིག་མངོན་སུམ་པ་དང། སེམས་མངོན་སུམ་པ་དང། འཕགས་པ་མངོན་སུམ་པ་དང་མཉམ་པ་ཉིད་མངོན་སུམ་པ་དང་འབྱུང་བ་མངོན་སུམ་པར་གྱུར་བའོ། །དེ་ལ་གཟུགས་མངོན་སུམ་བསྟན་པའི་ཕྱིར། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་ལ་སོགས་པ་གསུངས་སོ། །གཟུགས་མངོན་སུམ་པ་དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་དང། གཟུགས་ཐམས་ཅད་མཐོང་བ་དང་མི ་མཐུན་པའི་དྲི་མས་མ་གོས་པ་དང། རྒྱུ་རྣམ་པར་དག་པའོ། །དེ་ལ་གང་ལྷ་ཐམས་ཅད་ཀྱི་ལྷའི་མིག་ཅེས་བྱ་བ་ནས་བརྩམ་ཏེ། ཆོས་འོད་བསལ་ཏེ?་བྱ་བ་ཡན་ཆད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལས་ཁྱད་ཞུགས་པ ་བསྟན་ཏོ། །ལྷའི་མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་བྱ་བ་ཡན་ཆད་ཀྱིས་གཟུགས་ཐམས་ཅད་མཐོང་བ་བསྟན་ཏོ། །དེ་དག་གི་མིག་དེ་ནི་གཟུགས ་ཐམས་ཅད་མཐོང་བས་ཞེས་བྱ་བ་ནས་བརྩམས་ཏེ། ལམ་ལ་མ་ཆགས་པར་སྤྱོད་པའོ། །ཞེས་བྱ་བ་ཡན་ཆད་ཀྱིས་མི་མཐུན་པའི་དྲི་མས་མ་གོས་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་ཤེས་པ་མཉམས ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་རྣམ་པར་དག་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་བྱུང་བ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོས་པས་ལྷའི་མིག་དེ་ལྟ་བུ་ཐོབ་བོ ་ཞེས་བྱ་བའི་དོན་ཏོ། །རྒྱ་ཆེན་པོ་ལས་ངེས་པར་གྱུར་པ་རྣམས་ཀྱིས་ལྷའི་མིག་ནི་ཆོས?་མཆོག་གོ་།ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཨི་སྦྱོར་པ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྒྱ་ཆེན་པོ་འམ། ལམ་གྱི་ཡེ་ཤེས་རྒྱ་ཆེན་པོ་སྤྱོད་པ་ལས་ཐོབ ་པའི་ལྷའི་མིག་ནི་ཆོས་མཆོག་གོ་།ཞེས་བྱ་བའི་དོན་ཏོ། །ཆོས་མཆོག་ཅེས་བྱ་བ་ནི་ལྷ་དང་ཀླུ་ལ་སོགས་པ་འཇིག་རྟེན་པ་འཕགས་པ་མ་ཡིན་པ་རྣམས་ཀྱི་ལྷའི་མིག་བས་ཉན་ཐོས་དང་རང་སངས་རྒྱས་འཕགས་པ་རྣམས་ཀྱིས་ལྷའི་ ་མིག་མཆོག་གོ་།འཕགས་པ་དེ་དག་གི་ལྷའི་མིག་པས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ལྷའི་མིག་མཆོག་པས་ན་དེ་གཉིས་ལས་ཟླ་བའི་ཕྱིར་ཆེས་མཆོག་ཅེས་བྱའོ། །ཅིའི་ཕྱིར་ཆེས་མཆོག་ཅེ་ན། འཇིག ་རྟེན་པ་རྣམས་ཀྱིས་ཟག་པ་དང་བཅས་པ་དང། འཕགས་པ་ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པ་རྣམས་ཀྱི་མངོན་པར་ཤེས་པ་ཡང་འདས་པ་དང་མ་འོངས་པ་དང་དབང་པོས་ལྷག་པ་དང་ཁམས་ཀྱི་ལྷག་པ་ལ་སོགས་པ ་གོང་མ་རྣམས་ཤེས་པ་མི་ནུས་ལ་ཅུང་ཟད་ཤེས་ཤིང་ཚད་ཡོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ལྟ་མ་ཡིན་ཏེ། ཚད་དང་མཛའ་མེད་པའི་ཕྱིར་ཆེས་མཆོག་གོ་དེ་ལ་མཆོག་ནི་བཀྲ་ཤིས་པའི་ཕྱིར་རོ། །ཆོས་དམ་པ་ནི་གོང ་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །ཆེས་རབ་ནི་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་ཕྱིར་རོ། །ཆེས་ཕུལ་ནི་གཟུགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཆེས་གསལ་བ་ནི་དྲི་མ་མེད་ཅིང་རབ་ཏུ་དང་བའི་ཕྱིར་རོ། །ཆེས་བཟང ་བ་ནི་མ་སྨད་ཅིང་མྱ་ངན་ལས་འདས་པ་དང་མཐུན་པའི་ཕྱིར་རོ། །ཆེས་སྟོབས་དང་ལྡན་པ་ནི་ཐོགས་པ་མེད་པར་གཟུགས་ཀུན་མཐོང་བའི་མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ཆེས་འོད་གསལ་བ་ནི་ཡེ་ཤེས་དྲི་མ་མེད་པའི་མཐུ་མཆོག་དང ་ལྡན་པའི་ཕྱིར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་བཤད་ཟིན་ཏོ། །གཟུགས་ཐམས་ཅད་མཐོང་བ་བསྟན་པའི་ཕྱིར་རོ། །ལྷའི་མིག་དེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷའི་མིག་དེས་ཤེས་བྱ་བའི ་གོང་དུ་བཤད་པ་འཇིག་རྟེན་དང་འཇིག་རྟེན་ལས་དས་པའི་ལྷའི་མིག་ཐམས་ཅད་ལས་འདས་པར་འགྱུར་བའི་ལྷའི་མིག་དེས་ཤེས་བྱ་བའི་དོན་ཏོ། །གཟུགས་སུ་སྣང་བ་ཞེས་བྱ་བ་ནི་གཟུགས་སུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།རགས ་པ་འམ། ཞེས་བྱ་བ་ནི་ཆེན་པོར་གཏོགས་པ་ཐམས་ཅད་བསྡུས་པ་སྟེ། གང་རི་དང་རི་རབ་ལ་སོགས་པའོ། །ཕྲ་མོ་ཞེས་བྱ་བས་ཆུང་ངུར་གཏོགས་པ་ཐམས་ཅད་བསྡུས་པ་སྟེ། རྡུལ་དང་རྡུལ་ཕྲན་ལ་སོགས་པའོ། །བཟང་པོ་འམ་ཞེས་བྱ་བས ་བཟང་པོ་ཐམས་ཅད་བསྡུས་པ་སྟེ། གང་འཕགས་པ་སློབ་པ་དང་མི་སློབ་པ་ལ་སོགས་པའི་གཟུགས་སོ། །ངན་པ་འམ་ཞེས་བྱ་བས་ངན་པ་ཐམས་ཅད་བསྡུས་པ་སྟེ། གང་སོ་སོའི་སྐྱེ་བོའི་གཟུགས་རྣམས་སོ། །རྒྱང་རིང་པོ་འམ་ཞེས་བྱ་བས་རྒྱང ་རིང་པོར་གཏོགས་པ་ཐམས་ཅད་བསྡུས་པ་སྟེ། གང་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་མའི་ཕ་རོལ་ན་གནས་པའོ། །ཐག་པ་གང་ཅི་ཡང་རུང་ཞེས་བྱ་བས་ཉེ་བ་ཐམས་ཅད་བསྡུས་པ་སྟེ། གང་ཐག་ཉེ་བ་ན་འདུག་པའི་གཟུགས་ཐམས་ཅད་དོ། ། ་ཡང་ན་རགས་པ་ནི་འབྱུང་བ་ཆེན་པོ་བཞི་རྣམས་སོ་ཕྲ་བ་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་རྣམས་སོ། །ཡང་ན་རགས་པ་ནི་འཇིག་རྟེན་པའི་གཟུགས་རྣམས་སོ། །ཕྲ་བ་ནི་འཇིག་རྟེན་ལས་འདས་པའི ་གཟུགས་རྣམས་སོ། །ཡང་ན་རགས་པ་ནི་འདོད་པའི་ཁམས་སུ་གཏོགས་པའི་གཟུགས་སོ། །ཕྲ་བ་ནི་གཟུགས་ཀྱི་ཁམས་སུ་གཏོགས་པའི་གཟུགས་སོ། །བཟང་པོ་ནི་བདེ་བགྲོ་རྣམས་ཀྱི་གཟུགས་སོ། །ངན་པ་ནི་ངན་སོང་རྣམས་ཀྱི་གཟུགས་སོ། །ཡང་ན ་བཟང་པོ་ནི་དབྱིབས་དང་ཁ་དོག་ཏུ་ལྡན་པའོ། །ངན་པ་ནི་དབྱིབས་དང་ཁ་དོག་ཏུ་མི་ལྡན་པའོ། །རྒྱང་རིང་པོ་ནི་འདས་པ་དང་མ་འོངས་པའི་གཟུགས་སོ། །ཐག་ཉེ་བ་ནི་ད་ལྟར་གྱི་གཟུགས་རྣམས་སོ། །ཡང་ན་རྒྱང་རིང་པོ་ནི་གཞན་གྱི་རྒྱུད་དུ་གཏོགས ་པའི་གཟུགས་སོ། །ཐེག་ཉེ་བ་ནི་བདག་གི་རྒྱུད་དུ་གཏོགས་པའི་གཟུགས་སོ། །དེ་དག་ཐམས་ཅད་ནི་གོང་དུ་བཤད་པའི་གཟུགས་དེ་དག་ཐམས་ཅད་དོ། །དེ་དག་གི་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་ལྷའི་མིག་གིས་སོ། །རིག་ཅིང་སྣང་བ་ལ་སོགས་པ ་ནི་མཐོང་བའི་རྣམ་གྲངས་ཀྱི་ཚིག་གོ་།ཡང་ན་འདས་པའི་གཟུགས་མཐོང་བ་ནི་སྣང་བའོ། །ད་ལྟར་གྱི་གཟུགས་མཐོང་བ་ནི་སྣང་བའོ། །མ་འོངས་པའི་གཟུགས་མཐོང་བ་ནི་ཤིན་ཏུ་རྟོགས་པའོ། །སྦོམ་པོས ་རྣམས་མཐོང་བ་ནི་ཤིན་ཏུ་མཐོང་བའོ། །ཡང་ན་མོས་པའི་སྤྱོད་པའི་ཏིང་ངེ་འཛིན་དྲོད་ཀྱི་རྒྱུ་ལས་བྱུང་བས་ན་རིག་པའོ། །སྤྱི་བོའི་རྒྱུ་ལས་བྱུང་བས་ན་སྣང་བའོ། །བཟོད་པའི་རྒྱུ་ལས་བྱུང་བས་ནི་རྟོགས་པའོ། ། ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྒྱུ་ལས་བྱུང་བས་ན་ཤིན་ཏུ་རིག་པའོ། །མཐོང་བའི་ལམ་གྱི་རྒྱུ་ལས་བྱུང་བས་ན་ཤིན་ཏུ་མཐོང་བའོ། །འཆི་ཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ཞེས་བྱ་བ་ནི་འཆི་བ་དང ་འཕོ་བ་གཉིས་ཀྱང་ཕུང་པོ་འདོར་ཞིང་ལེན་པ་ལ་བྱ་སྟེ། གཟུགས་ཀྱི་ཕུང་པོ་ལེན་ཅིང་འདོར་བ་མིག་གི་སྤྱོད་ཡུལ་ཡིན་པས་ལྷའི་མིག་གིས་ཤེས་པར་བྱའོ། །དེ་དག་གི་ལས་ཀྱི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ་ཞེས་བྱ་བ་ནི་སེམས་ཅན་དེ་དག་གི་ལུས་དང་ངག་གི་སྒོ་ནས་ཅི་སྤྱོད་པའི་དེའི་རྒྱུ་བསྟན་ཇི་སྤྱོད་སྤྱོད་པ་ལས་བྱུང་བ་ཡང་རབ་ཏུ་ཤེས་སོ། །ཞེས་བྱ་བའི་དོན་ཏོ། །ལས་ཀྱི་འབྲས་བུ་ཤེས་པ་ནི་ད་ལྟའི་ལུས་དང་ངག་གི་སྒོ་ནས་ལས་ཅི ་བྱས་པའི་འབྲས་བུ་ཅིར་འགྱུར་པ་ཤེས་པའོ། །དབང་པོའི་རིམ་པ་ཤེས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་དང། ངད་པ་ལ་སོགས་པའི་དབང་པོ་རྣོ་བརྟུལ་གྱི་རིམ་བཤེས་པ་སྟེ། ལས་ཀྱི་རྒྱུ་དང་འབྲས་བུ་དང་དད་པ་ལ ་སོགས་པའི་དབང་པོ་འདི་དག་གཟུགས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ལྷའི་མིག་གི་སྤྱོད་ཡུལ་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ས་གཞི་བཻ་ཌཱུརྱའི་ཁ་དོག་དང་དཔག ་བསམ་གྱི་ཤིང་གི་ཕྲེང་བ་དང། བདུད་རྩིའི་རྫིང་ལ་སོགས་པ་དང་ལྡན་པའོ། །རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་རང་གི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པར་བྱ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཡོངས་སུ ་སྔོ་སྟེ། ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་གི་ཡོན་ཏན་མཐོང་ནས་བདག་ཀྱང་ནམ་སངས་རྒྱས་སུ་འགྱུར་བའི་ཚེ་ཞིང་གི་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བ་དག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི ་བསགས་པ་རྣམས་ཚུལ་ཁྲིམས་ཡོངས་སུ་དག་པའི་མཐུས་བསྔོ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ཀྱི་མཐས་བསྔོས་པ་ཇི་བཞིན་འགྲུབ་པར་གྱུར་རམ་སྙམ་པ་ལ། ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་གནས་པ་དེ་དག་གི་བསྔོ་བ་ཡོངས་སུ་འགྲུབ་པར ་འགྱུར་རོ། ཞེས་བྱ་བ་སྨོས་ཏེ། ཆོས་ཉིད་ཀྱི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཅི་བསགས་པ་འམ། སྨོན་ལ་བཞིན་དུ་འགྲུབ་པས་ཇི་ལྟར་བསྔོས་པ་བཞིན་དུ་ཡོངས་སུ་འགྲུབ་བྱ་བའི་དོན་ཏོ། །ཆོ་ག་དང་ཞེས་བྱ་བ་ལ། བྱ་བ་དང་མི་བྱ་བ ་རྣམས་ནི་ཆོ་གའོ། །ཆོས་གོས་བགོ་བ་དང། ལྷུང་བཟེད་བཟུང་བ་ལ་སོགས་པ་ཆོས་བཞིན་དུ་བྱེད་པ་ནི་སྤྱོད་པའོ། །ཆང་འཚོང་དང་སྨད་འཚོང་ལ་སོགས་པ་སྤྱོད་ཡུལ་ལྔར་མི་འཇུག་པ་ནི་སྤྱོད་ཡུལ་ལོ། །ལྟུང་བ་དང་མི་ལྟུང་བ་མ། རྗེད་པ་ནི་ཕྲན ་པའོ། །ལྟུང་བ་དང་མི་ལྟུང་བ་ཤེས་པ་ནི་ཤེས་བཞིན་ནོ། །འགྲོ་བ་དང་འདུག་པ་དང་ཉལ་བ་དང་འཆག་པ་ལ་སོགས་པ་མཛེས་པ་ནི་སྤྱོད་པ་ལམ་མོ། །བཙུག་ལག་ཁང་དང་རི་དང་བྲག་ཕུག་ལ་སོགས་པ་ནི་གནས་སོ། །མངོན་པར་ཤེས་པ་ལྔ་དང་ལྡན ་པ་དང། བདུད་དང་མུ་སྟེགས་ཅན་གྱིས་མི་ཕྱེད་པ་ནི་མཐུའོ། །བྱང་ཆུབ་སེམས་དཔའ་ཨི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ནི་ཆོས་སོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་རྣམ་པར་ཐར་པའོ། །མེ་ལོང་ལྟ་བུའི་དང་མཉམ་པ་ཉིད ་དང། སོ་སོར་ཀུན་ཀུ་རྟོགས་པ་དང། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་ཡེ་ཤེས་སོ། །མཁས་པའི་ཚིག་རེ་རེ་དང་ཡང་སྦྱར་ཏེ། དོན་དང་ཆོས་དང་ཡེ་ཤེས་དང་ངེས་པའི་དོན་གྱི་མདོ་སྡེ་ལ་བརྟེན་པ་ནི་བརྟེན་པ་ལ ་མཁས་པའོ། །དོན་དང་ཚིག་མི་བརྗེད་པའི་གཟུངས་དང་ལྡན་པ་ནི་གཟུགས་ལ་མཁས་པའོ། །འཁོར་བའི་མཛའ་ཨི་བར་དུ་ཆོས་བཤད་ཀྱང་སྤོབས་པ་ཟད་པར་མི་འགྱུར་བ་ནི་སྤོབས་པ་ལ་མཁས་པའོ། །རང་དང་སྤྱིའི་མཚན་ཉིད་རྣམ་པ ་འབྱེད་པ་ནི་ཤེས་རབ་པོ། །ཆོས་ཐམས་ཅད་སྟོང་པ་ཁོང་དུ་ཆུད་པ་ནི་ཡེ་ཤེས་སོ། །དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་ལ་སོགས་པ་སྟོན་པ་ནི་ཐབས་ལ་མཁས་པ་ལ་འཇུག་པའོ། །དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། ། ་ཞེས་བྱ་བ་ནི་ལྷའི་མིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས། འཇིག་རྟེན་གྱི་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་དེ་དག་མཐོང་ནས་བདག་ཉིད་ཀྱིས་ཀྱང་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས ་ཐམས་ཅད་མཐོང་བ་བཤད་ཟིན་ཏོ།། །།མི་མཐུན་པའི་ཕྱོགས་ཀྱི་མ་གོས་པ་བསྟན་པའི་ཕྱིར་དེ་དག་གི་མིག་དེ་ནི་གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི ་མིག་ཅེས་བྱ་བ་ནི་ལྷའི་མིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མིག་གོ་།ཅིས་ཀྱང་མ་སྒྲིབས་མ་ཆོད་པར་ཉེ་བ་དང་རིར་བ་ལ་སོགས་པའི་གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་པའོ། །གཟུགས་ཐམས ་ཅད་ལ་མི་ཆགས་པའོ། ཞེས་བྱ་བ་ནི་གཟུགས་ཐམས་ཅད་མཐོང་བ་ནི་གཟུགས་མཛེས་པ་རྣམས་ལ་འདོད་ཆགས་མི་སྐྱེ་བའོ། །རྣམ་པར་གྲོལ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་དང་ལྟ་བ་ཐམས་ཅད་ཀྱི་བག་ལ་ཉལ་དང ་ཉོན་མོངས་པ་དངོས་སུ་འབྱུང་བ་ཐམས་ཅད་སྤངས་པའོ། །རང་བཞིན་གྱི་འོད་གསལ་བས་ན་ཞེས་བྱ་བ་ནི་རང་བཞིན་གྱིས་དྲི་མ་མེད་ཅིང་གཟུགས་གསལ་བར་མཐོང་བའི་མཚན་ཉིད་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །ཡུལ་ཐམས་ཅད་ལ་མི ་གནས་པའོ། ཞེས་བྱ་བ་ནི་གཟུགས་ཐམས་ཅད་ལ་མི་བརྟེན་པའོ། །ཉོན་མོངས་པ་དང་བག་ལ་ཉལ་ཐམས་ཅད་ལ་མི་སྐྱེ་བའོ། ཞེས་བྱ་བ་ནི་མིག་གི་གཟུགས་ཐམས་ཅད་མཐོང་དུ་ཟིན་ཀྱང་གཟུགས་མཐོང་བའི་སྒོ་ནས་འདོད ་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་ཡང་མི་འགྱུར་ལ་ཉོན་མོངས་པའི་བག་ཆགས་ལ་སོགས་པར་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཐེ་ཙོམ་མེད་པས་ཞེས་བྱ་བ་ནི་བདེན་པ་དང། དཀོན་མཆོག་ལ་ཡིད་གཉིས་མེད ་པས་ན་ཞེས་བྱ་བའི་དོན་ཏོ། །སྒྲིབ་པར་གྱུར་པའི་ཆོས་ཐམས་ཅད་ལས་ཀུན་ནས་མ་ལངས་ཞེས་བྱ་བའི་བར་དུ་གཅོད་པ་འམ། སྒྲིབ་པར་འགྱུར་བའི་ཆོས་འདོད་པ་ལ་འདུན་པ་ལ་སོགས་པའི་རྒྱུ་བྱེད་ཅེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད ་སྣང་བ་ལ་གསལ་བ་ཐོབ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཐོང་བར་བྱ་བ་ལ་གསལ་བར་མཐོང་བ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡེ་ཤེས་ལ་རྟོན་པ་སྟེ། ཞེས་བྱ་བ་ནི་ཡེ་ཤེས་ལ་རྟོན་པ་ཡིན་པས་དབང་པོའི་འབྱུང་བ་ཆེན་པོ་ལ་མི་རྟོན་པ ་སྟེ། དེ་བས་ན་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མ་ཆགས་མི་སྡང། མ་རྨོངས་པ་ཞེས་བྱ་བ་ནི་འདོད་ཆགས་དང། ཞེ་སྡང་དང་གཏི་མུག་གིས་མ་གོས་ཞེས་བྱ་བའི་དོན་ཏོ། །དེ་དག་གི ་མིག་དེ་ནི་འཕགས་པའི་དབང་པོ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། ཞེས་བྱ་བ་ལས་འཕགས་པའི་དབང་པོ་ནི་དད་པ་དང་དྲན་པ་ལ་སོགས་པའི་དབང་པོ་སྟེ་དབང་པོ་དེ་དག་དང་ལྡན་པའི་མིག་དེས་སྣང་བ ་མཆེད་ལ་སོགས་པའི་ཆོས་རྣམས་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །འོད་ཟེར་མཉམ་པར་གཏོང་བས་ན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་མཉམ་པར་ལྟ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱིས ་མི་དགེ་བའི་ཆོས་དང་བྲལ་བས་ན་ཞེས་བྱ་བ་ནི་འདོད་ཆགས་པ་དང་ཞེ་སྡང་དེར་བྲལ་བས་ན་ཞེས་བྱ་བའི་ཐ་ཚིག་གོ་།རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ན་ཞེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པའི་དྲི་མ ་དང་མ་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གི་མིག་དེ་ནི་བསམ་པ་མ་བརྟན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་བསམ་པ་དང་མ་བྲལ་བས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་ཐམས་ཅད ་མཁྱེན་པའི་རང་བཞིན་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་བྲལ་བས་ན་མ་ཆགས་པའོ། །དེ་དག་གི་མིག་དེ་ནི་དོན་གྱི་སྤྱོད་ཡུལ་བདེན་པས་ཉེ་བར་བསྒྲུབས ་ཤིང་ཆོས་རྣམ་པར་དག་པ་ཞེས་པའི་ལམ་ལ་མ་ཆགས་པར་སྤྱོད་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་ལ་དམིགས་པ་ལས་བྱུང་བ་ནི་མ་ཡིན་གྱི། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་ལས་བྱུང་བས་ན ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་པར་བྱ་བ་ལ་ཐག་ཐོགས་མེད་པར་སྤྱོད་དོ། ཞེས་བྱ་བའི་དོན་ནོ། །མི་མཐུན་པའི་ཕྱོགས་ཀྱིས་མ་གོས་པ་བཤད་ཟིན་ཏོ། །རྒྱུ་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་ལྷའི་མིག་དེ་ཅིའི་ཕྱིར་གོང་དུ་བཤད་པ་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་དམ་པ་དེ་དག་ནི་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ཆེན་པོ་ལ ་གནས་པའི་རྒྱུ་ལས་བྱུང་བས་ན་དེ་དག་གི་ལྷའི་མིག་ཀྱང་གོང་དུ་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། ཚིག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཆོས་རྣམས་རིག་པ་ནི་བཤད་པར་བྱ་བའི་ཆོས་ཐམས ་ཅད་རིག་པའོ། །དོན་ཤིན་ཏུ་རྟོག་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོང་དུ་ཆུད་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པས་སོ། །ཇི་ལྟར་མཐོང་བ་དང་ཐོས་པ་བཞིན་དུ་ཆོས་སྨྲ་བ་ནི་ཇི་ལྟར་མཐོང་བ་དང་ཐོས་པ་ལས་སྐྱེད ་སྐུར་བྱས་ཏེ། སྒྲོ་མི་འདོགས་པ་དང་སྐུར་མི་བྱེད་པས་སོ། །མི་དགེ་བ་བསྙིལ་བ་ནི་མི་དགེ་བའི་སྤྱོད་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ཐོབ ་པར་བྱ་བ་ལ་གཅིག་ཏུ་མོས་ཤིང་སྒྲུབ་པར་བྱེད་པའི་དོན་ཏོ། །སེམས་གང་དུ་ཡང་ཐོགས་པ་མེད་ཅེས་བྱ་བ་ནི་དེའི་སེམས་ཀྱི་དངོས་པོ་ཐམས་ཅད་མ་ལུས་པར་ཤེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །བརྩོན་འགྲུས་སྒྲུབ་པར་བྱེད་པ་ཞེས ་བྱ་བ་ནི་བརྩོན་འགྲུས་ལ་འཇོག་པར་བྱེད་པའོ། །བསམ་གཏན་གྱི་ཡན་ལག་སྟོན་བཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས་པ་བསྒོམ་པའི་ཐབས་སྟོན་པའོ། །ཤེས་རབ་ཀྱི་མིག་སྦྱིན་པ་ཞེས་བྱ་བ་ནི་ཆོས་རྣམས་ཕྱིན ་ཅི་མ་ལོག་པར་རྟོག་པའི་ཤེས་རབ་ཀྱི་མིག་སྦྱིན་པའོ། །ལམ་ངན་པ་ལ་ཞུས་པ་ནི་མུ་སྟེགས་ཅན་རྣམས་སོ། །ལམ་སྟོན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པའོ། །དམན་པ་ལ་མོས་པ་ནི་ཉན་ཐོས་དང་རང་སངས ་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་སོ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་རྟོས་པར་བྱེད་ཅེས་བྱ་བ་ནི་དེ་དག་ལས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་པ་ལ་སོགས་པ་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་ཅེས ་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་མཚན་ཉིད་ཐོབ་པ་ལ་འཇོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ནི་བདག་ཉིད་བླ་ན་མེད ་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དེའི་རྒྱུར་གྱུར་པའི་ལྷའི་མིག་མ་ཉམས་པ་ཟིན་ཏེ་ཞེས་བྱ་བའི་དོན་ཏོ། །ལྷའི་མིག་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ།། །།ཚིག་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང ་ཆུབ་སེམས་དཔའ་ཨི་རྣམས་ཀྱི་ལྷའི་རྣ་བ་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་རྣ་བ་དེས་དམིགས་པར་བྱ་བའི་སྒྲ་ཟད་མི་ཤེས་པས་དེ་ལ་དམིགས་པར་བྱེད་པའི་ལྷའི་རྣ་བ་ཡང ་ཟད་མི་ཤེས་པའི་ཕྱིར་མི་ཟད་པའོ། །ཡང་ན་འོག་ནས་དེའི་རྣ་བའི་ཁམས་དེ་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚུལ་གྱི་ལྷའི་རྣ་བ་དེའི་རང་བཞིན་དག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན ་ཡིན་པས་ཆོས་ཀྱི་དབྱིངས་དེ་ལ་ཟད་པ་མེད་པའི་ཕྱིར་ལྷའི་རྣ་བ་ཡང་མི་ཟད་པའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་དང། སྒྲ་ཐམས་ཅད་ལ་དམིགས ་པ་དང། རྒྱུ་གང་ལས་བྱུང་བ་ཤེས་པ་དང། འབྲས་བུ་གང་ལས་བྱུང་བ་ཤེས་པ་དང། རྒྱུ་དང་འབྲས་བུ་མི་མཐུན་པ་ཤེས་པ་དང། གཉིས་ཀའི་ཆ་ལ་ཉོན་མོངས་པ་མེད་པ་དང། དུས་གསུམ་མ་འདྲེས་པར་ཤེས་པ་དང། ལས་དང་རྒྱུའོ། ། ་ལྷ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་འོད་གསལ་ཞེས་བྱ་བ་ཡན་ཆད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་བསྟན་ཏོ། །ལྷའི་རྣ་བ་དེས་ཞེས་བྱ་བ་ནས་བརྩམས་ཏེ། སྒྲ་དེ་དག་ཐམས་ཅད ་ཀྱང་ཐོས་སོ། །ཞེས་བྱ་བ་ཡན་ཆད་ཀྱིས་སྒྲ་ཐམས་ཅད་དམིགས་པ་བསྟན་ཏོ། །སེམས་ཀྱི་དམིགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལས་འབྱུང་བ་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་བྱ་བ་ཡན ་ཆད་ཀྱི་རྒྱུ་གང་ལས་འབྱུང་བ་ཤེས་པ་བསྟན་ཏོ། །གང་གི་ལས་དགེ་བའི་རྒྱུ་ཞེས་བྱ་བ་ནས་བརྩམས་ཏེ། ལུང་དུ་མི་སྟོན་པའི་རྒྱུ་ཡོངས་སུ་འཛིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་བྱ་བ་ཡན་ཆད ་ཀྱིས་འབྲས་བུ་གང་འབྱུང་བ་ཤེས་པ་བསྟན་ཏོ། །འདོད་ཆགས་བག་ལ་ཉལ་ཞེས་བྱ་བ་བརྩམས་ཏེ། ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཐོགས་པ་མེད་པས་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་བྱ་བ་ཡན་ཆད་ཀྱིས ་རྒྱུ་དང་འབྲས་བུའི་མི་མཐུན་པ་ཤེས་པ་བསྟན་ཏེ། དེ་དག་གིས་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་འཕགས་པ་ཞེས་བྱ་བ་ནས་བརྩམས་ཏེ། འཕགས་པ་མ་ཡིན་པའི་སྒྲ་ལ་སྙིང་རྗེ་ཆེན་པོ་འཐོབ་བོ་ཞེས་བྱ་བ་ཡན་ཆད་ཀྱིས ་གཉིས་ཀའི་ཆ་ལ་ཉོན་མོངས་པ་མེད་པ་བསྟན་ཏོ། །སྒྲ་ཐམས་ཅད་ལ་ཡང་སྔོན་གྱི་མཛའ་དང་ཞེས་བྱ་བ་ལ་སོགས་པས་དུས་སུ་མ་འདྲེས་པ་ཤེས་པ་བསྟན་ཏོ། །དེ་དག་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་ཞེས་བྱ་བ ་ནས་བརྩམས་ཏེ། །སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་མ་ཡིན་པ་དེ་དག་ནི་མི་ཐོས་སོ། ཞེས་བྱ་བ་ཡན་ཆད་ཀྱིས་ལས་བསྟན་ཏོ། །དེ་དག་གི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནས་བརྩམས་ཏེ། ལྷའི་སྙན་དུ་བསྔོས་པ ་ཞེས་བྱ་བ་ཡན་ཆད་ཀྱི་རྒྱུ་བསྟན་ཏོ། །གོང་དུ་ལྷའི་མིག་གི་སྐབས་སུ་བཤད་པ་དང་དོན་མཐུན་པའི་ཚིག་རྣམས་འདིར་མ་བཤད་དོ། །སེམས་ཀྱིས་དམིགས་པ་དགེ་བ་དང་མི་དགེ་བ་དང། ལུང་དུ་མི་སྟོན་པ་གང་དག་གིས་སེམས་ཅན་དེ་དག་གི་ནི ་ལས་བྱུང་བ་ཐམས་ཅད་ཀྱང་ཡང་དག་པའི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་དེ་དག་གི་ཚིག་རབ་ཏུ་སྨྲ་བ་དེའི་རྒྱུ་ནི་སེམས་ཀྱི་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཆོས་ལ་དམིགས ་པ་ཡིན་ཏེ། དེ་དག་གི་སེམས་ཀྱི་ཆོས་གང་ལ་དམིགས་ནས་གང་གི་ལས་ཚིག་ཏུ་སྨྲ་བ་ནི་སྒྲ་གང་བྱུང་པའི་རྒྱུ་རྣམས་ཀྱང་རབ་ཏུ་ཤེས་སོ། ཞེས་བྱ་བའི་དོན་ཏོ། །རྒྱུ་གང་ལས་བྱུང་བ་ཤེས་པ་བཤད་ཟིན་ཏོ། །ངག་གི་ལས་གང་དགེ་བའི ་རྒྱུ་ཡོངས་སུ་འཛིན་པ་ལ་སོགས་པ་ནི་སེམས་ཅན་དེ་དག་གིས་ཚིག་ཏུ་སྨྲ་བ་དེ་དག་ཐོས་ནས་ཚིག་དེ་དག་སྨྲས་པའི་རྒྱུས་འབྲས་བུ་ཅི་དང་ཅིར་འགྱུར་བ་བྱིན་ཅི་མ་ལོག་པར་ཤེས་པའི་དོན་ཏོ། །འབྲས་བུ་གང་བྱུང་བ་ཡང་བཤད་ཟིན་ཏོ། ། ་འདོད་ཆགས་བག་ལ་ཉལ་བའི་དག་གི་ལས་གང་སྡང་བས་འབྱིན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ལས་གཅིག་ནི་ཚིག་མངོན་པར་སྨྲ་བའི་རྒྱུའི་གཙོ་བོ་ཡིན་པར་སྟོན། གཅིག་ནི་གྲོགས ་ཡིན་པར་སྟོན་ཏེ། འདོད་ཆགས་བག་ལ་ཉལ་ལ་སྡང་བས་འབྱིན་པ་ནི་ཚིག་འབྱུང་བའི་གཞི་འདོད་ཆགས་ལས་གླངས་ལ། འདོད་ཆགས་དངོས་སུ་མ་བྱུང་བར་བག་ལ་ཉལ་ཏེ། ཞེ་སྡང་དངོས་སུ་བྱང་བས་ཚིག་ཏུ་སྨྲས་པས་ཤེས་སོ། །ཞེས་བྱ ་བའི་དོན་ཏོ། །དེ་བཞིན་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ངག་གི་ལས་གང་བསམ་པ་དག་ལ་སྦྱོར་བ་ཉམས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་མ་ནོར་ལ་ཚིག་ཏུ་སྨྲ་བའི་སྦྱོར་བ་འཁྲུལ་ཅིང་ནོར་བ་དང། ཚིག་ཏུ་སྨྲ་བའི ་སྦྱོར་བ་མ་ནོར་མ་འཁྲུལ་ལ། བསམ་པ་འཁྲུལ་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་བྱའོ། །རྒྱུ་དང་འབྲས་བུ་མི་མཐུན་པར་ཤེས་པ་བཤད་ཟིན་ཏོ། །འཕགས་པའི་སྒྲ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་དང། དེ་བཞིན་གཤེགས་པ་རྣམས་གསུངས་པ་དང་ཆོས་འཆད་པའི་སྒྲའོ། །འཕགས་པ་མ་ཡིན་པའི་སྒྲ་ནི་སོ་སོའི་སྐྱེ་བོ་རྣམས་འོངས་པ་དང་འགྲོ་བ་ལ་སོགས་པ་ཐ་སྙད་སྣ་ཚོགས་ཀྱི་སྒྲ་འབྱིན་པའི། །འཕགས་པའི་སྒྲ་ལ་བྱམས་པ་ཆེན་པོ ་འཐོབ་ཅིང་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་སྒྲ་ཐོས་ནས་ཆོས་བཤད་པའི་སྒྲ་འདིས་སེམས་ཅན་ཐམས་ཅད་ལ་ཕན་བཏགས་སོ་ཞེས་སྒྲ་དེ་ལ་བདག་ཉིད་བྱམས་པ་ཆེན་པོའི་སེམས་སྐྱེད་པའོ། །འཕགས་པ་མ་ཡིན་པའི་སྒྲ་ལ་སྙིང་རྗེ་ཆེན ་པོ་འཐོབ་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྨྲས་པའི་སྒྲ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྒྱུ་ལས་བྱུང་བས་ན་སྡུག་བསྔལ་སྣ་ཚོགས་སྐྱེད་པའི་སྒྱུ་ཡིན་ནོ། ཞེས་སྙིང་རྗེ་ཆེན་པོའི་སེམས་སྐྱེའོ། །གཉི་ཀའི་ཆ་ལ་ཉོན་མོངས་པ་མེད་པ ་བཤད་ཟིན་ཏོ། །སྒྲ་ཐམས་ཅད་ལ་ཡང་སྟོན་གྱི་མཛའ་དང། ཕྱི་མའི་མཛའ་ཞེས་བྱ་བ་ལ་སོགས་པ་ན་འདས་པའི་སྒྲ་དང་མ་འོངས་པའི་སྒྲ་གང་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པ་ནི་སྔོན་གྱི་མཛའ་དང་ཕྱི་མའི་བར་བྱེ་བྲག་འབྱེས་བཤེས་པ ་ཞེས་བྱ་སྟེ། ཞེས?་པ་དེས་སྒྲ་འདི་དག་ནི་འདས་པའི་ཚིག་ཡིན་ནོ། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དེ་ལྟར་དུས་གཉིས་ཀྱི་སྒྲ་བྱེ་བྲག་ཕྱེད་བར་ཤེས་ན། ད་ལྟར་བྱང་བའི་དུས་ཀྱིས་ཚིག་ཀྱང་ཤེས་པར་སྔོན་པོའི་ཕྱིར་མདོ་ལས་མ ་གསུངས་ཏེ། དུས་གསུམ་འདྲེས་པ་བཤད་ཟིན་ཏོ། །དྲན་པ་ནི་ཐོས་པའི་ཆོས་རྣམས་ཀྱི་ཚིག་དང་དོན་མ་བརྗེད་པའོ། །ཤེས་བཞིན་ནི་ཆོས་དེ་རྣམས་ཀྱི་རང་དང་སྤྱིའི་མཚང་ཉིད་བྱེ་བྲག་ཕྱེད་པའོ། །དེ་གཉིས་མི་བརྗེད་པ་དང། བྱེ་བྲག ་ཕྱེད་བར་བྱེད་པས་ན་དྲན་པ་དང་ཤེས་བཞིན་གཉིས་ལ་མི་བརྗེད་པའི་ཆོས་ཉིད་ཅེས་བྱའོ། །སེམས་ཅན་རྣམས་ལ་དྲན་པར?་མེད་ཅེས་བྱ་བ་ནི་ཐོས་པའི་ཆོས་དེ་དག་སེམས་ཅན་ལ་སྟོན་ཅིང་སེམས་ཅན་རྣམས་ཀྱང་མི་བརྗེད་པའི་ཆོས་ཉིད ་ལ་འཇོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྙིང་པོ་དང་སྙིང་པོ་མ་ཡིན་པའི་ཆོས་རྣམ་ཞེས་བྱ་བ་ལ་སོགས་པ་ལ། དོན་དམ་པ་བསྟན་པའི་ཆོས་རྣམས་ནི་སྙིང་པོའི་ཆོས་སོ། །ཀུན་རྫོབ་ཏུ་ཆོས་བསྟན་པ་ཐམས ་ཅད་ནི་སྙིང་པོ་མ་ཡིན་པའི་ཆོས་ཏེ། སེམས་ཅན་རྣམས་མི་བརྗེད་པའི་ཆོས་ཉིད་ལ་བཀོད་པས་སྙིང་པོ་དང་སྙིང་པོ་མ་ཡིན་པའི་ཆོས་རྣམས་ཀྱང་སེམས་ཅན་དེ་དག་གིས་རབ་ཏུ་ཤེས་སོ། ཞེས་བྱ་བར་སྦྱར་རོ། །གང་དགེ་བ་དང་མི་དགེ་བ་དང་ལུང ་དུ་མ་སྟན་པའི་སྒྲ་གང་དག་ཐོས་པ་དེ་དག་ཀྱང་དྲན་པ་དང་ཤེས་བཞིན་གྱིས་དུས་དུས་སུ་བརྗོད་དོ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་སྔོན་གཞན་ལས་དགེ་བའི་སྒྲ་ཐོས་པ་དང། མི་དགེ་བའི་སྒྲ་ཐོས་པ་དང། ལུང་དུ་མ་བསྟན་པའི ་སྒྲ་ཐོས་པ་རྣམས་ཀྱང་སྨྲ་བར་བྱ་བའི་སྣོད་དང་དུས་སུ་སྦྱར་ཏེ་སྨྲའོ། ཞེས་བྱ་བའི་དོན་ཏོ། །སྣོད་དང་སྦྱར་བ་ནི་གལ་ཏེ་སེམས་ཅན་དེ་དག་ཆོས་བཤད་པའི་སྣོད་ཡིན་ན་ནི་སྨྲའོ། མ་ཡིན་ན་མི་སྨྲའོ། །དུས་སུ་སྦྱར་བ་ནི་ཆོས་བཤད་པའི་དུས་སུ ་ལ་བབ་ན་སྨྲའི། དུས་སུ་ལ་མ་བབ་ན་མི་སྨྲའོ། །དེ་ཉིད་ཀྱི་དོན་གལ་ཏེ་འཁོར་གྱི་དུས་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་ཚིག་འོག་མ་རྣམས་ཀྱིས་གསལ་བར་བཤད་དེ། འཁོར་རྣམས་ཚོགས་སུ་ཟིན་ཀྱང་ཆོས་བཤད་པའི་དུས་དང ་སྐབས་སུ་མ་བབ་ན་ཆོས་ཐོས་པ་རྣམས་ཀྱང་མི་སྟོན་པར་འཇོག་གོ་།ཆོས་བསྟན་པའི་དུས་ལ་བབ་ན་ནི་འཁོར་མང་པོ་མ་ཚོགས་ཀྱང་གདུལ་བྱ་འགའ་ཙམ་ལ་ཡང་ཆོས་སྟོན་ཏོ། ཞེས་བྱ་བའི་དོན་ཏོ། །དཔང་གཅིག་གིས་ཞེས་བྱ་བ་ནི ་ཕ་རོལ་པོ་ཉན་པ་གཅིག་པུ་ཞིག་ཡོད་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །བདེན་པར་ལུང་བསྟན་པ་ཡང་གཞན་ལ་གནོད་ན་ལུང་མི་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དགེ་བ་དང་མི་དགེ་བ་ལ་སོགས་པའི་དངོས ་པོ་སྒྲའི་སྒྲོ་ནས་ཐོས་ཏེ་ལུང་བསྟན་དུ་ཡོད་ཀྱང་སེམས་ཅན་ལ་གནོད་ན་བདེན་ཞིང་ཐོག་ཏུ་བབ་ཀྱང་རུང་མི་སྟོན་ལ། སེམས་ཅན་ལ་ཕན་ན་མི་བདེན་ཞིང་ཐོག་དུ་མ་བབ་ཀྱང་ལུང་སྟོན་ཏེ། ཐབས་མཁས་པ་དང། བདག་གི་སེམས་ལ་གཡོ་མེད་པའི་སྒོ།། ་ནས་ཡོངས་སུ་དག་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་མི་འགལ་བའི་ཕྱིར་བརྫུན་དུ་སྨྲ་བར་ཡང་མི་འགྱུར་རོ། །སྒྲ་ཇི་ལྟ་བུ་ཉན་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཉན་པའི་སེམས་ཅན་རྣམས་ཀྱང་ཆོས་གང་དང་སྒྲ་ཇི་ལྟ་བུ ་ཉན་ཅིང་ཐོས་པས་འདོད་པའི་ཆོས་དེ་དང་སྒྲ་དེ་ལྟ་བུ་ཐོས་ཀྱང་སྒྲ་གང་དང་ཆོས་ཉན་པར་མི་འདོད་པའི་སྒྲ་དེ་དང་ཆོས་དེ་ནི་མི་ཐོས་སོ། ཞེས་བྱ་བའི་དོན་ཏོ། །འཁོར་གང་ན་ཆོས་སྟོན་པ་དེའི་སེམས་ཅན་རྣམས་ཀྱི་རྣ་བའི་གནས་ཀྱི་ཤེས་པ་ཡང ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་བ་ན་ཆོས་ཉན་པའི་སེམས་ཅན་རྣམས་ཀྱི་རྣ་བའི་དབང་པོ་ཡིས་ཆོས་ཐོས་ནས་གང་ལ་དང་མིང་མོས་པ་འམ། ཅི་དང་ཅིའི་སྣོད་དུ་འགྱུར་བ་ཤེས་ན་དེ་དག་དང་རྗེས་སུ་མཐུན་པའི་ཆོས་རྣམས་སྟོན་ཏོ། །དེ ་ལ་སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་དེ་དག་གིས་ན་དེའི་ཆོས་ཐོས་སོ། ཞེས་བྱ་བ་ལ། སྒྲ་ཕར་སྨྲ་བ་ལ་དབང་དུ་གྱུར་པ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེས་འཁོར་གཅིག་གི་ནང་དུ་ཆོས་བཤད་པ་ལས། འཁོར་དེ་དག་གི་ནང ་ན་གང་ཆོས་དེའི་སྣོད་དུ་གྱུར་པའི་ཤེས་པར་ནུས་པ་རྣམས་ལ་ནི་ཆོས་འཆད་པའི་སྒྲ་དེ་དག་གྲགས་པར་འགྱུར་གྱི། སྣོད་མ་ཡིན་ཞིང་ཕན?་པར་མི་འགྱུར་བ་ལ་ནི་སྒྲ་ཡང་གྲགས་པར་མི་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་།ལས་བཤད་ཟིན་ཏོ། །དེ་དག་ནི་རྣ་བའི་ཁམས་དེ་ཆོས ་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པར་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་བསྒོམས་པ་ལས་བྱུང་བས་ན་ཆོས་ཀྱི་དབྱིངས་བཞིན་དུ་རྣམ་པར་དག་ཅེས་བྱ་བའི་དོན་ཏོ། །དེ་དག་གི་རྣ་བའི་ཁམས་དེ་ཡེ་ཤེས ་རྣམ་པར་དག་བ་ཡིན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ལ་དམིགས་ཤིང་བསྒོམས་པ་ལས་བྱུང་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་བཞིན་དུ་དེའི་རྣ་བའི་སེམས ་ཀྱི་རང་བཞིན་ཡང་དག་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གི་རྣ་བའི་ཁམས་དེ་བདག་གི་ཁམས་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་ལ་སོགས་པ ་མིང་གིས་སྨོས་ཀྱི་ལྟ་བ་དང་བྲལ་བས་རྣམ་པར་དག་པ་ཞེས་བྱའོ། །དེ་དག་གི་རྣ་བའི་ཁམས་དེ་སྒྲ་དང་ཡི་གེ་དང་ངེས་པའི་ཚིག་ཇི་ལྟ་བ་བཞིན་དུ་ཐོས་པ་ཤིན་ཏུ་བརྟགས་ཞེས་བྱ་བ་ནི་སྒྲ་དང་ཡི་གེ་ལ་སོགས་པ་ཕྱིན་ཅི་མ་ལོག་པར ་ཐོས་ནས་དེ་དག་གི་མཚན་ཉིད་ཁོང་དུ་ཆུད་པ་ལས་སྐྱེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་སྒྲ་ནི་གདགས་སོ། །ཡི་གེ་ཨ་དང་ཀ་ལ་སོགས་པའོ། །ངེས་པའི་ཚིགས་ནི་གཏན་ལ་འབེབས་པའི་ཚིག་ཏེ། ཐོགས་པ་དང ་བཅས་པས་ན་གཟུགས་ཞེས་བྱ་བ་ལ་སོགས་པའོ། །སྐད་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་ཅེས་བྱ་བ་ནི་སོ་སོའི་སྒྲ་དང་སྐད་ལ་སོགས་པ་དང་མཐུན་པར་བྱས་ནས་ཆོས་སྟོན་ཅེས་བྱ་བའི་ཐ་ཚིག་གོ་།ཐེག་པ་གཞན་མི་ཉན་པའི་ཕྱིར ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་མི་ཉན་ཞིང་དེར་མི་བསྔོ་ཞེས་བྱ་བའི་ཐ་ཚིག་གོ་།ལྷའི་རྣ་བ་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ། །སེམས་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔོན་གྱི་མཛའ་ཨི་སེམས་ཤེས་པ་དང་ཞེས་པ་ནི་འདས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཅི་དང་ཅི་ལྟ་བུར ་གྱུར་པ་ཞེས་པའོ། །ཕྱི་མའི་མཛའ་ཨི་སེམས་ཤེས་ཞེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཅི་དང་ཇི་ལྟ་བུར་འགྱུར་ཤེས་པའོ། །ད་ལྟར་བྱུང་བའི་སེམས་ཤེས་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་སེམས་ཅན་རྣམས ་ཀྱི་སེམས་ཅི་དང་ཇི་ལྟ་བུ་ཤེས་པའོ། །འདས་པའི་དུས་ཀྱི་སེམས་ཤེས་པ་རྒྱས་པར་བསྟན་པའི་ཕྱིར། དེ་འདས་པའི་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་སོང་ན?་གྱི་རྒྱུ་ལས་བྱུང་བའི་སེམས་ལ་འཇུག་ཅེས་བྱ་བ་ལ་གསུངས་ཏེ། ་སེམས་ཅན་རྣམས་ཀྱི་སེམས་སྔོན་འདས་པའི་ཐམས་ཅད་ཤེས་ཏེ། སྔོན་འདས་པའི་སེམས་དེ་དག་ལས་ད་ལྟར་དང་ཕྱི་མའི་སེམས་འབྱུང་བས་སྔོན་གྱི་རྒྱུ་ལས་བྱུང་བའི་སེམས་ཤེས་བྱའོ། །དེ་ཤེས་པ་ནི་སེམས་ལ་འཇུག་པའོ།། ་དེ་ཡང་ཇི་ལྟར་ཤེས་ཞེ་ན། དེའི་ཕྱིར་སེམས་ཅན་དེའི་སེམས་འདི་ནི་རྒྱ་ཆེའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདིའི་སེམས་སྔོན་དགེ་བ་དང་མི་དགེ་བ་ལ་སོགས་པ་ཤེས་ཆེན་པོ་སྤྱོད་སྤྱོད་པའི་རྒྱུ་འམ། འབྲིང་པོ ་སྤྱོད་སྤྱོད་པ་འམ། ཆུང་ངུར་སྤྱོད་པའི་རྒྱུས་དེ་འདི་ལྟར་གྱུར་ཏོ། ཞེས་སེམས་ཀྱི་རྒྱུ་རྣམས་ཤེས་པ་ལ་བྱའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་སྦྱིན་པའི་རྣམ་པའི་རྒྱུ་དང་ལྡན་ཞེས་བྱ་བ་ལ་སེམས་ཅན་རྣམས་ཀྱི་དང་བ ་ལ་སོགས་པའི་དབང་པོ་རྣམས་སྔོན་སྦྱིན་པ་སྤྱོད་སྤྱོད་པའི་རྒྱུ་དང་ལྡན་ཏེ། སྦྱིན་པའི་རང་བཞིན་ནི་ཤེས་ཆེའོ། །ཞེས་བྱ་བའི་དོན་ཏོ། །རྣམ་པ་ནི་དེའི་རང་བཞིན་ནམ། དེའི་ཤས་ཆེ་བ་ལ་བྱ་སྟེ། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས ་བ་འོག་མ་རྣམས་ལ་ཡང་སྦྱར་རོ། །སེམས་ཅན་འདི་ནི་རྒྱུའི་སྟོབས་ཅན་ཏེ་དགེ་བའི་རྩ་བའི་རྒྱུའི་རྒྱུན་འདི་དག་ལྡན་ན་སེམས་ཅན་དེ་སྦྱོར་བའི་རྒྱུས་རིགས་དམའ་བར་སྐྱེས་སོ། ཞེས་བྱ་བ་ནི་སྔོན་གྱི་སེམས་ཀྱི་རྒྱུ་རྣམ་པ་སྣ་ཚོགས་པ ་ཤེས་པ་སྟོན་ཏེ། སྔོན་དགེ་བའི་རྒྱུ་མཐུ་ཆེན་པོ་སྤྱད་པས་དགེ་བའི་རྩ་བའི་རྒྱུའི་རྒྱན་དེ་དག་དང་ལྡན་པར་ཡང་ཤེས་སེམས་ཅན་དེ་ཉིད་ལུས་དང་ངག་གི་སྒོ་ནས་རིགས་ཆུང་ངུར་སྐྱེ་བའི་ལས་ངན་པ་སྤྱད་པའི ་རྒྱུས་རིགས་ཆུང་ངུར་སྐྱེས་པ་ཡང་ཤེས་སོ། ཞེས་བྱ་བའི་དོན་ཏོ། །མ་འོང་པའི་སེམས་ཅན་གཞན་གྱི་སེམས་ཤེས་པ་བསྟན་པའི་ཕྱིར། དེ་ལ་ཕྱི་མའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན ་འདི་ད་ལྟར་གྱི་སྦྱིན་པའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་རོ། ཞེས་བྱ་བ་ལ་སོགས་པས་རྒྱུ་དང་འབྲས་བུ་མ་གྲགས་ཤིང་མི་མཐུན་པ་རྣམས་ལས་ཀྱང་རྒྱུ་དང་འབྲས་བུ་འགྱུར་བ་ཤེས་པ་བསྟན་ཏེ། ཡོད་ནི ་སྦྱིན་པའི་རྒྱུས་མ་འོངས་པའི་དུས་ན་ཡང་སྦྱིན་པ་དང་ལྡན་པར་འགྱུར་བའི་རིག་པ་ལས་སྦྱིན་པའི་ཚེ་ཡང་མི་འཇིགས་པའི་སྦྱིན་པ་ལ་སོགས་པ་ཚུལ་ཁྲིམས་གྱི་རང་བཞིན་ཡོད་པ་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་བ་ཤེས་པ་ལ་བྱའོ། །རྣམ ་པ་གང་དག་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་དེ་དག་ལས་འབྲས་བུ་གང་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་སེམས་ལ་འཇུག་པའི་ཤེས་པའི་དང། ཆོས་ཀྱི་སྣོད་དུ་གྱུར་པ་ཇི་སྙེད་པ་དེ་སྙེད་དུ་ཆོས་སྟོན་ཏོ། ཞེས་བྱ་བ་ནི་ཕ་རོལ ་གྱི་སེམས་ཤེས་པར་བྱ་ཞིང་ཆོས་ཀྱི་སྣོད་ལ་ཆོས་བསྟན་པར་བྱ་བ་ཇི་སྙེད་པ་སེམས་ཤེས་པའི་མངོན་པར་ཤེས་པ་ཡང་དེ་སྙེད་དེ། དེ་དག་ཤེས་ནས་ཆོས་བསྟན་པའང་དེ་སྙེད་དོ། །ཞེས་བྱ་བའི་དོན་ཏོ། །མདོར་ན་ཤེས་པར་བྱ་བའི་ཡུལ་ན ་ཟད་མི་ཤེས་པས་ཕ་རོལ་གྱི་སེམས་ཤེས་པ་དེ་ཡང་ཟད་མི་ཤེས་སོ། ཞེས་བྱ་བར་བསྟན་ཏོ། །དེའི་འབྲས་བུ་ཡོད་པར་ཆོས་སྟོན་པ་ཞེས་བྱ་བ་ནི་སེམས་ཅན་གང་འདུལ་བར་བྱ་བའི་ཕྱིར་ཆོས་བསྟན་པའི་སེམས་ཅན་དེ་དག་ཀྱང་ཆོས་བསྟན ་བ་དེས་ཐུལ་བར་གྱུར་ཏེ། དོན་མེད་པར་མི་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །ད་ལྟར་གྱི་དུས་ཀྱི་སེམས་ཅན་གྱི་སེམས་ཤེས་པ་བསྟན་པའི་ཕྱིར། དེ་ལ་ད་ལྟར་བྱུང་བའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད? ་ཆགས་དང་བཅས་པའི་སེམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་འདིའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན། །སེམས་ཅན་འདིའི་སེམས་ནི་འདོད་ཆགས་དང་བྲལ་བ་ཡིན་ཞེས་ཤེས་པའོ། །ཉོན་མོངས་པ་དང་བཅས་པ ་དང། ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ནི་སྤྱིར་ཉོན་མོངས་པ་དང། ཉོན་མོངས་པ་དང་བྲལ་བར་ཤེས་པའོ། །བསྡུས་པ་དང་རྣམ་པར་གཡེངས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསྡུས་པ་དང། རྩེ་གཅིག་ཏུ་མ་བསྡུས་པས་ཏེ་གཡེངས ་པ་ཤེས་པའོ། །བྱིང་བ་དང་རབ་ཏུ་འཛིན་པ་ཞེས་བྱ་བ་ནི་གཉིད་དང་མུགས་པ་ལ་སོགས་པས་སེམས་ནོན་པ་དང་མནོན་པ་ཤེས་པའོ། །རྣམ་པར་ཞི་བ་དང་རྣམ་པར་མ་ཞི་བ་ནི་ཏིང་ངེ་འཛིན་མ་ཐོབ་པ་དང་ཐོབ་པའོ། །ཆུང་ངུ་དང་ཡངས ་པ་ཆེན་པོར་གྱུར་པ་དང་ཚད་མེད་པའི་སེམས་ཤེས་བྱ་བ་ལ། ཆུང་ངུ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་གྱི་སེམས་ལ་བྱ་སྟེ། བསམ་གཏན་ལ་སོགས་པ་བསམ་པ་རྒྱ་ཆེན་པོ་མེད་ཅིང་དམིགས་པ་ཆུང་བའི་ཕྱིར་རོ། །ཡངས་པ་དང་རྒྱ་ཆེན ་པོ་ནི་གཟུགས་ཡོད་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ལ་བྱ་སྟེ། དེ་དག་གི་བསམ་བ་རྒྱ་ཆེ་ཞིང་བསམ་གཏན་དང་པོ་ལ་སོགས་པ་དམིགས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ཚད་མེད་པ་ནི་གཟུགས ་མེད་པའི་ཁམས་ཀྱི་སེམས་ལ་བྱ་སྟེ། ནམ་མཁའ་ཡས་སྐྱེ་མཆེད་ལ་སོགས་པའི་སྙོམས་པར་འཇུག་པ་ཚང་མེད་པ་རྣམས་ལ་འཇུག་པའི་ཕྱིར་རོ། །རང་གི་སེམས་སྒྲིབ་པ་འམ་གཞན་གྱི་སེམས་བསྒྲིབས་པར་མི་འགྱུར་རོ། ཞེས་བྱ་བ་ནི་བདག ་གི་སེམས་ལ་རབ་རིབ་དང་ཐོགས་པ་མེད་པས་བསྒྲིབས་པས་མི་འགྱུར་པ་དང། གཞན་གྱི་སེམས་ཤེས་པར་བྱ་བ་ཉིད་ཀྱང་གསལ་བར་ཤེས་སོ། །ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ཅིའི་ཕྱིར ་སྒྲིབས་པར་མི་འགྱུར་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།དེའི་སེམས་ཀྱི་རྒྱུན་ནི་ཡེ་ཤེས་ཀྱིས་རིག་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཨི་ཕ་རོལ་གྱི་སེམས་ཤེས་པའི་སེམས་ཀྱི་རྒྱུན་དེ་ཡེ་ཤེས་དང་ལྡན་པ་འམ། ཡེ་ཤེས ་ཀྱིས་བསྟངས་པ་འམ། ཡེ་ཤེས་རང་བཞིན་དུ་གྱུར་པར་ཕ་རོལ་གྱི་སེམས་རིག་པའི་ཕྱིར་བསྒྲིབས་པར་མི་འགྱུར་རོ། །ཞེས་གོང་དུ་སྨོས་པ་དང་སྦྱར་རོ། །དེ་བཞིན་དུ་དྲན་པ་ལ་སོགས་པ་འོག་མ་རྣམས་དང་ཡང་སྦྱར་ཏེ། དྲན་པ ་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་དུ་ལྟའོ། །དྲི་མ་མེད་པ་ནི་གློ་བུར་གྱི་དྲི་མ་དང་མ་འདྲེས་པའི་ཕྱིར་རོ། །འོད་གསལ་བ་ནི་རང་བཞིན་གྱི་དགེ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི་སྡིག་པའི་ཆོས་དང་མ ་འདྲེས་པས་སོ། །མི་བརླང་བ་ནི་ཞེ་སྡང་སྤངས་པས་སོ། །ཉོན་མོངས་པ་མེད་པ་ནི་ཉོན་མོངས་པར་འགྱུར་བའི་ཆོས་གང་གིས་ཀྱང་སྙོན་མོངས་པར་མི་ནུས་པའི་ཕྱིར་རོ། །རྟོག་པ་མེད་པ་སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་སྤངས་པའི་ཕྱིར་རོ། ། ་ཆོས་ཐམས་ཅད་སྣང་བ་རིག་པ་ནི་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །སེམས་ཀྱི་སྤྱོད་པ་ལ་ཞུགས་ཞེས་བྱ་བ་ནི་སེམས་ཅན་འདོད་ཆགས་སྤྱོད་པ་ལ་སོགས་པའི་སྤྱོད་པ་མང་པོ་ཁོང་དུ་ཆུད་ཅེས ་བྱ་བའི་དོན་ཏོ། །སེམས་ཀྱི་རྒྱུན་གཅིག་ཏུ་རིག་ཅེས་བྱ་བ་ནི་དུས་གསུམ་གྱི་སེམས་ཅན་རྣམས་ཀྱི་རྒྱུ་ན་ཇི་ལྟ་བུ་ཡིན་པ་ཅི་འདྲ་བ་རྟོག་ཤེས་བྱ་བའི་ཐ་ཚིག་གོ་།ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པ་བཤད ་ཟིན་ཏོ།། །།བསམ་པ་མངོན་སུམ་པ་བསྟན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས ་སོ། དེ་མི་ཟད་པ་ཡང་སྔོན་གྱི་དུས་འདི་ཚུན་ཆད་དྲན་ནོ། །ཞེས་དྲན་པའི་མཛའ་ཐུག་པ་ནི་མི་ཟད་པ་འམ། ཡང་ན་བདག་གིས་སྔོན་གནས་དྲན་པ་འབའ་ཞིག་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱིས་སྔོན་གྱི་གནས་ཀྱང་དྲན་པས ་སེམས་ཅན་མི་ཟད་པའི་ཕྱིར་དེ་དག་གི་སྔོན་གྱི་གནས་དྲན་པ་ཡང་མི་ཟད་པའོ། །རྣམ་པ་གཅིག་ཏུ་ན། དྲན་པ་དེ་ནི་ཆོས་ཀྱི་དབྱིངས་གནས་ཀྱི་བྱིན་གྱིས་བརླབས་པའོ། །ཞེས་བྱ་བས་ཀྱང་མི་ཟད་པ་བསྟན་ཏེ། ཆོས་ཀྱི་དབྱིངས་རྣམ ་པར་དག་པ་ནི་མཚན་མི་དང་དངོས་པོ་ཐམས་ཅད་ལས་འདས་པས་མི་ཟད་པ་ཡིན་ཏེ། དེས་བྱིན་གྱིས་བརླབས་པ་ཡང་དེ་དང་མཐུན་པ་འམ། དེའི་རང་བཞིན་རྟོགས་པས་དེ་ལྟ་བུའི་དྲན་པ་ཡང་མཛའ་མེད་པའི་ཕྱིར་མི་ཟད་པའོ། །དེ ་ཡང་རྣམ་པར་བཞིར་རིག་པར་བྱ་སྟེ། གང་གིས་དྲན་པ་དང་གང་དྲན་པ་དང། ཇི་ལྟར་དྲན་པ་དང། དྲན་ནས་དོན་ཆེན་པོར་འགྱུར་པའོ། །དེ་དྲན་པ་ངེས་སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས ་ཅད་ཀྱིས་ཚོགས་བསགས་པའོ། ཞེས་བྱ་བ་ཡན་ཆད་ཀྱི་གང་གིས་དྲན་པ་བསྟན་ཏོ། །དེ་དྲན་པ་དེས་སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་ཡང་དྲན་ཞེས་བྱ་བ་ཡན་ཆད་ཀྱི ་གང་དྲན་པ་བསྟན་ཏོ། །སེམས་ཅན་མ་ཆེ་གོ་མོ་ཞེས་བྱ་བ་ནས་བརྩམས་ཏེ། དེས་བདག་དང་སེམས་ཅན་གཞན་གྱི་སྔོན་གྱི་མཛའ་ནས་བཟུང་སྟེ། སྔོན་གྱི་རྗེས་སུ་དྲན་ཞེས་བྱ་བ་ཡན་ཆད་ཀྱིས་ཇི་ལྟར་དྲན་པ་བསྟན་ཏོ། །དེ་བདག་གི ་དགེ་བའི་རྩ་བ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པའི་ཕྱིར་བསྔོ་སྟེ་ཞེས་བྱ་བ་ཡན་ཆད་ཀྱིས་དོན་ཆེན་པོར་འགྱུར་བ་བསྟན་ཏོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་དེ་ཞེས་བྱ་བའི་ཐ་ཚིག་གོ། ་དེས་ཞེས་བྱ་བ་སྔོན་གྱི་གནས་རྗེས་སུ་དྲན་པ་ངེས་ཞེས་བྱ་བའི་དོན་ཏོ། །དྲན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་བྱིན་གྱིས་བརླབ་པའོ། །ཞེས་བྱ་བ་ལ་བཟུང་བ་དང་འཛིན་པ་ཐམས་ཅད་ལས་འདས་པའི་ཆོས་ཀྱི་དབྱིངས་ཉིད ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་གནས་ཏེ། དྲན་པ་དེ་ཆོས་ཀྱི་གནས་དེའི་རྒྱུ་ལས་སྐྱེས་པ་འམ། ཆོས་ཀྱི་དབྱིངས་དང་རང་བཞིན་མཐུན་པའི་ཕྱིར་བྱིན་གྱིས་བརླབས་པ་ཞེས་བྱའོ། །རབ་ཏུ ་རིག་པས་ན་མི་གཡོ་བའོ། ཞེས་བྱ་བ་ནི་དྲན་པ་དེས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤིན་ཏུ་རྟོག་པས་ན་འཁྲུལ་པ་འམ་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཤིན་ཏུ་སྦྱང་བ་བྱས་པས་ན་མི་རྒོད་པའོ། ཞེས ་བྱ་བ་ནི་ཤེས་ཤིང་དྲན་པར་བྱ་བའི་དངོས་ལ་རབ་ཏུ་བྱང་བར་གྱུར་པས་ན་འཕྱར་བ་དང་རྒོད་པ་མེད་ཅེས་བྱ་བའི་ཐ་ཚིག་གོ་།ཞི་གནས་ལ་རབ་ཏུ་གནས་པས་གཅེས་པ་མེད་ཅེས་བྱ་བ་ནི་ཏིང་ངེ་འཛིན་སེམས་རྩེ་གཅིག་པའི ་མཚན་ཉིད་ལ་ལེགས་པར་འདུག་པས་ཏིང་ངེ་འཛིན་དང་མི་མཐུན་པའི་ཕྱོགས་ཕྱིན་ཅི་ལོག་ཏུ་རྟོག་ཅིང་དཔྱོད་པ་ལ་སོགས་པའི་སྐྱོན་མེད་ཅེས་བྱ་བའི་དོན་ཏོ། །ལྷག་མཐོང་གིས་ཤིན་ཏུ་ཟིན་པས་ན་ནོར་བ་མེད་ཅེས་བྱ་བ་ལ་ལྷག ་མཐོང་ནི་ཤེས་རབ་ལ་བྱ་སྟེ། དྲན་པར་བྱ་བའི་དངོས་པོ་རྣམས་ཤེས་རབ་ཀྱིས་མ་ནོར་བར་ཟིན་ཅིང་རྟོག་པས་ན་མ་འཁྲུལ་པའོ། །དྲན་ཞིང་མི་བརྗོད་པའི་ཆོས་ཅན་པས་ན་ཞེས་བྱ་བ་ལ། སྔོན་ཐོས་པའི་ཆོས་དང་དོན་རྣམས་མ་རྗེད་པ ་ནི་དྲན་པའོ། །ཕྱིས་བརྗེད་པར་མི་འགྱུར་བ་ནི་མི་བརྗེད་པ་སྟེ། དེ་ལྟ་བུའི་ཆོས་དང་ལྡན་པས་སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་པ་དེ་དྲན་པར་བྱའོ། །ཐེག་པ་ཆེན་པོ་རབ་ཏུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་དེས་ཐེག་པ ་ཆེན་པོའི་ཆོས་ཁོང་དུ་ཆུད་པའི་ཕྱིར་ཁོང་དུ་ཆུད་པའི་རྒྱུ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་དང་ལྡན་ཞེས་བྱ་བའི་དོན་ཏོ། །གཞན་ལ་རག་མ་ལུས་པས་ན་ཡེ་ཤེས་ཀྱི་ཚོགས་བསགས་པའོ། ཞེས་བྱ་བ་ནི་བསམ་གཏན་འཁོར ་གསུམ་ཡོངས་སུ་དག་པ་གཞན་གྱི་དྲིང་ལ་མི་འཇོག་པས་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བའི་ཕྱིར་ཞེས་བྱ་བ་ལ། ཕ་རོལ་ཅེས་བྱ་བ་ནི་མཐར་ཕྱིན་པ་འམ་མཆོག་ཏུ་ཕྱིན་པ་ལ་བྱ་སྟེ། ཕ་རོལ་ཏུ་ཕྱིན ་པ་ཐམས་ཅད་ཀྱི་མཆོག་གམ་མཐར་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པའོ། །ཚེ་རབས་གཅིག་ཀྱང་དྲན་ནོ། །ཞེས་བྱ་བ་ནི་སྐྱེ་བ་གཅིག་ཀྱང་དྲན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།གཞན་ནི་གོ་སླ ་བས་མ་བཤད་དེ། གང་དྲན་པ་ཡང་བཤད་ཟིན་ཏོ། །བདག་གི་མིང་ནི་འདི་ཞེས་བྱ་བ་ལ་སོགས་པ་ལ། ཚེ་རབས་གང་དུ་སྐྱེས་པའི་ཚེ་རེ་རེ་མིང་ཡང་དྲན་པ་སྟེ། དཔེར་ན་ཚེ་འདིའི་ཚེ་ན་ནི་མིང་ཡང་འདི་ཞེས་བྱ། ཚེ་འདིའི་ཚེ་ན་ནི་མིང ་འདི་ཞེས་བྱ་བ་དྲན་པའོ། །རིགས་འདི་ཞེས་བྱ་བ་ནི་ཚེ་རབས་དེ་དག་ཏུ་སྐྱེས་པས་ན་བདག་རིགས་བཞི་ལས་གང་དང་གང་དུ་སྐྱེས་པ་དྲན་པའོ། །རུས་ཞེས་བྱ་བ་ནི་རིགས་བཞི་ལས་ཀྱང་མཐོན་དམན་དུ་ཕྱེ་བ་ཤེས་པས་ཏེ། ཚེ ་རབས་དེ་དག་གི་ཕའི་རུས་ནི་འདི་ཞེས་བྱ། མའི་རུས་ནི་འདི་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་ནི་འདི་འདྲ་ཞེས་བྱ་བ་ནི་ཁ་དོག་ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བ་དང། མཛེས་པ་དང། མི་མཛེས་པ་ཅི་འདྲ་བར་གྱུར ་པ་དང་དྲན་པའོ། །ཁ་ཟས་འདི་ལྟ་བུ་ཞིག་ཟ་ཟ་ཞེས་བྱ་བ་ནི་སྟོན་པ་དྲན་པ་སྟེ། ཚེ་རབས་དེ་དང་དེ་དག་ཏུ་ཁ་ཟས་ཅི་དང་ཇི་ལྟ་བུ་ཟོས་པ་དྲན་པའོ། །ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བའི་ཚེའི་འདུ ་བྱེད་དྲན་པ་སྟེ། ཚེ་རབས་དེ་དག་ཏུ་ཆེའི་ཚད་ཇི་སྲིད་གནས་པ་ལས། ཆེ་ཟད་དེ་ལན་དུ་ཤི་ཡེ་འབྲོག་གིས་ནི་ལན་དུ་བསད་པ་དྲན་པའོ། །བདེ་བ་དང་སྡུག་བསྔལ་མྱོང་བ་ཞེས་བྱ་བ་ནི་དར་བ་དང་རྒུད་པ་དྲན་པ་བསྟན་ཏེ། ཚེ་རབས ་དེ་དང་དེ་དག་ཏུ་དར་ཅིང་བདེ་བ་ལན་མང་དུ་མྱོང་བ་དང། རྒུད་ཅིང་སྡུག་བསྔལ་བ་ལན་མང་དུ་མྱོང་བ་སོ་སོར་དྲན་པའོ། །ཇི་ལྟར་བདག་གིས་དྲན་པ་དེ་བཞིན་དུ་སེམས་ཅན་གཞན་གྱི་ཡང་དྲན་པར་སྦྱར་རོ། །རྣམ་པ་དང ་བཅས་ཞེས་བྱ་བ་ལ་རྣམ་པ་ནི་ཚེ་རབས་གཅིག་ནས་བསྐལ་པ་བྱེ་བ་ཁྲིག་ཁྲིག་མང་པོ་དྲན་པའོ། །རྒྱུ་མཚན་ནི་དུས་དང་དུས་ལ་སོགས་པ་གང་ཡིན་པ་དྲན་པའོ། །ཡུལ་ཕྱོགས་ནི་བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས ་ཞེས་དྲན་པའོ། །ཇི་ལྟར་དྲན་པ་བཤད་ཟིན་ཏོ། །སྔོན་གྱི་རྒྱུ་ལས་བྱུང་བ་དྲན་ཞེས་བྱ་བ་ནི་དགེ་བ་དང། རྩ་བ་སྔོན་ཅི་དང་ཅི་བསགས་པ་དྲན་པའོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་བྱེད་དོ། ཞེས་བྱ་བ་ནི་དགེ་བའི་རྩ་བའི་རྒྱུ་ཡོད་པར་དྲན་ཞིང ་ཤེས་ནས། དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་བསྔོ་བར་བྱེད་པའོ། །སྔོན་གྱི་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ་ནི་བདག་སྔོན་འགྱུར་པའི་སྡུག་བསྔལ་གྱི་སྡུག་བསྔལ་བར་འགྱུར་བ་འམ། སྡུག་བསྔལ་གྱི་སྡུག་བསྔལ་བར་འགྱུར་བ་འམ། ་འདུ་བྱེད་ཀྱིས་སྡུག་བསྔལ་བར་གྱུར་པ་དེ་དག་དྲན་ནས་ཞེས་བྱ་བའི་ཐ་ཚིག་གོ་།སྟོན་པར་བྱེད་དོ། །ཞེས་བྱ་བ་ནི་འདུ་བྱེད་རྣམས་མི་རྟག་པ་སོགས་པར་ལྟའོ། ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་དྲེག་པ་མེད་པ་ཡིན་ཞེས་བྱ་བ ་ནི་དེ་ལྟར་མི་རྟག་པར་ཤེས་པས་བདག་ནི་གཟུགས་བཟང་པོ་མཛེས་པའོ། སྙམ་པའི་རློམ་སེམས་མེད་པ་སྟེ། མཛེས་པ་དེ་ཡང་དེ་མ་ཐག་ཏུ་མེད་པར་འགྱུར་བར་ཁོང་དུ་ཆུད་པའི་ཕྱིར་ཏེ། ཁ་དོག་གིས་དྲེགས་པ་མེད་པ་ལ་སོགས་པ་ལ་ཡང་ཅི ་རིགས་པར་སྦྱར་རོ། །སྐྱེ་བ་ཐམས་ཅད་འདོད་པ་མ་ཡིན་ཞེས་བྱ་བ་ནི་སྐྱེ་བ་གནས་ཐམས་ཅད་དུ་སྐྱེ་བར་འདོད་པར་མི་སྐྱེ་བའི་དོན་ཏོ། །བསམས་བཞིན་དུ་སྲིད་པར་སྐྱེ་བ་འཛིན་ཅེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་ཤེས་བཞིན་དུ་ཁམས་གསུམ་དུ ་སྐྱེ་བར་བྱེད་པའོ། །སྔོན་གྱི་ཀུན་ནས་ཉོན་མོངས་པའི་སྤྱོད་པས་ངོ་ཚ་ཞིང་མཛེམ་སྟེ། ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་རྟག་པའི་མཚན་ཉིད་དུ་ཤེས་པས། དེ་ལྟ་བུ་དག་གི་ཕྱིར་སྔོན་སྡིག་པ་བྱས་པ་ནི་མི་རིག་པ་བྱས་སོ། །ཞེས་ངོ་ཚ་ཞིང ་མཛེམ་བ་སྐྱེ་བའོ། །རྒྱས་པར་བྱེད་དོ། །ཞེས་བྱ་བ་ནི་དགེ་བའི་རྩ་བ་བསགས་པ་བྱང་ཆུབ་ཏུ་བསྔོས་ནས་འཕེལ་ཞིང་རྒྱ་ཆེན་པོར་བྱེད་པའོ། །དེས་མི་མཐུན་པའི་ཕྱོགས་ཡོངས་སུ་བསྔོ་བ་སྤངས་ཏེ། ཞེས་བྱ་བ་ནི་དགེ་བའི་རྩ་བ་ཅི་བསགས་པ་དང། ་ཉན་ཐོས་སམ་རང་སངས་རྒྱས་སམ་ལྷ་འམ་མིར་སྐྱེ་བར་མི་བསྔོའི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་ཆད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོའོ། །འདིའི་དོན་ཆེན་པོར་འགྱུར་རོ། །སྔོན་གྱི་གནས་རྗེས་སུ ་དྲན་པ་ཤེས་པ་མངོན་སུམ་བྱེད་པའི་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ།། །།མཉམ་པ་ཉིད་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བ་ཤེས་པ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་རྫུ་འཕྲུལ་མངོན་པར་ཤེས་པ་དེ་ཡིད་ཆེས་ཤིང་སྨིན་པར་བྱ་བའི་སེམས་ཅན་མི་ཟད་པས་ན་སྨིན་པར་བྱེད་པའི་སེམས་ཅན་དེ་ཡང་མི་ཟད་པའོ། །དེ་ཡང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། རྒྱུ་རྣམ ་པར་དག་པས་འབྱུང་བ་དང་རྣམ་པ་སྣ་ཚོགས་སུ་སྟོན་པ་དང་དབང་དུ་བྱ་བ་དང། ཐམས་ཅད་གཟུགས་སུ་འཛུད་པ་དང། གཞན་དུ་བྱ་བ་དང། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པའོ། །དེ་ལ་གང་འདུན ་པ་དང་བརྩོན་འགྲུས་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་འཕྲུལ་རྣམས་དུ་མ་མྱོང་བ་ཞེས་བྱ་བ་ཡན་ཆད་ཀྱི་རྒྱུ་རྣམ་པར་དག་པ་ལས་བྱུང་བ་བསྟན་ཏོ། །དེའི་རྫུ་འཕྲུལ་དེ་དག་ནི་ཞེས་བྱ་བ་ནས་བསམས་ཏེ། གཟུགས་དང་ཁ་དོག་ཏུ་སྣང ་བ་དེ་དང་དེ་ཉིད་སྟོན་ཏེ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ཞེས་བྱ་བ་ཡན་ཆད་ཀྱི་རྣམ་པ་སྣ་ཚོགས་སུ་སྟོན་པ་བསྟན་ཏོ། །དེའི་སྟབས་གང་དང་གང་གིས་ཞེས་བྱ་བ་ནས་བརྩམས་ཏེ། དྲེགས་པ་འདུལ ་བའི་ཕྱིར་ཆོས་སྟོན་ཏོ། ཞེས་བྱ་བ་ཡན་ཆད་ཀྱིས་དབང་དུ་བྱ་བ་བསྟན་ཏོ། །དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་ཞེས་བྱ་བ་ནས་བརྩམས་སྟེ། རྒྱ་མཚོ་ཆེན་པོ་ཉིད་དུ་འདུག་གོ་།ཞེས་བྱ་བ་ཡན་ཆད་ཀྱིས་ཐམས་ཅད་གཟུགས་སུ་འཛུད? ་པ་བསྟན་ཏོ། །གལ་ཏེ་སྲེག་པའི་སྐལ་པ་ཞེས་བྱ་བ་ནས་བརྩམས་ཏེ། གང་དང་གང་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ་དེ་དག་གི་དེ་ཁོ་ན་བཞིན་དུ་འདུག་གོ་།ཞེས་བྱ་བ་ཡན་ཆད་ཀྱི་གཞན་དུ་བྱ་བ་བསྟན་ཏོ། །དེའི་བྱིན་གྱིས ་བརླབས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བཙོམ་ཏེ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་འཕྲོག་པ་སྟེ། ཞེས་བྱ་བ་ཡན་ཆད་ཀྱིས་རྫུ་འཕྲུལ་ཟིལ་གྱིས་གནོན་པ་བསྟན་ཏོ། །གང་འདུན་པ་དང་བརྩོན་འགྲུས་དང་སེམས ་དང་དཔྱོད་པས་ཟིན་པའི་ཆོས་རྣམས་སྒྲུབ་པ་དང་ཞེས་བྱ་བ་ལ། འདུན་པ་ལ་སོགས་པ་བཞི་པོ་མིང་གིས་སྨོས་པ་འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། རྫུ་འཕྲུལ་སྐྱེད་པའི་རྒྱུའོ། །རྫུ་འཕྲུལ་ནི་འོག་ནས་འབྱུང་བའི་གཟུགས ་དང། སྟོབས་དང་བྱིན་གྱིས་བརླབས་ལ་སོགས་པ་ལྟ་བུར་སྤྲུལ་ཅིང་འབྱོར་པ་ནུས་པར་བྱའོ། །དེ་སྤྲུལ་ཅིང་འབྱོར་པ་ནུས་པའི་རྒྱུ་འམ། གཞི་འམ། དེ་ལྟ་བུའི་གནས་སུ་ཕྱིན་པར་བྱེད་པ་ནི་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་པོ།། ་འདི་རྣམས་ཡིན་པས་འདུན་པ་ལ་སོགས་བཞི་པོ་འདི་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདུན་པས་ནི་ཐོག་མ་ཉིད་དུ་རྫུ་འཕྲུལ་ལ་མངོན་དུ་ཕྱོགས་པ་འམ་དང་པར་བྱེད་བརྩོན་འགྲུས་ནི་དེ་སྒྲུབ་པར་བྱེད། སེམས་ཀྱི ་ནི་བསྒྲུབས་པ་རྣམས་ཆུད་མི་ཟོས་པར་བཟུང་བའི་ཆོས་གཏན་ལ་ཕབ་ནས་རྟོགས་པར་བྱེད་དེ། དེ་ལྟ་བུ་ལ་རྫུ་འཕྲུལ་འབྱུང་བའི་ཕྱིར་དེ་རྣམས་ནི་རྫུ་འཕྲུལ་ཀྱི་རྐང་པའོ། །རབ་ཏུ་ཟིན་པའི་ཆོས་རྣམས་ཞེས་བྱ་བ་ལ། འདུན་པ་དང་བརྩོན ་འགྲུས་དང་སེམས་དང་དཔྱེད་པ་རྣམས་ཀྱིས་བསྒྲུབས་པ་འམ་དེ་དག་ལྡན་པའི་གཟུགས་དང་བྱིན་གྱིས་བརླབས་འོག་ནས་འབྱུང་བ་རྣམས་སྒྲུབ་ཅེས་བྱ་བའི་དོན་ཏོ། །སྒྲུབ་པ་ནི་མ་ཐོབ་པ་ལས་ཐོབ་པ་ལས་ཐོབ་པར་བྱེད་པའོ། །ལས་སུ ་རུང་བ་ནི་ཐོབ་པ་ནས་སྤྱོད་ནུས་པའོ། །དབང་བྱེད་པ་ནི་སྤྱོད་ནུས་པ་ལས་ཀྱང་རབ་ཏུ་བྱང་ནས་ཅིར་དགའ་བསྒྱུར་ནུས་པའོ། །དེས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཤིན་ཏུ་བསྒོམས་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པའི་རྫུ ་འཕྲུལ་མངོན་དུ་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་གོང་དུ་སྨོས་པ་བཞི་པོ་རབ་ཏུ་བསྒོམས་ཏེ། བྱང་བར་གྱུར་པའི་མཐུས་གཟུགས་དང་སྟོབས་དང། བྱིན་གྱིས་བརླབས་ཀྱིས་རྫུ་འཕྲུལ་འོག་ནས ་འབྱུང་བ་རྣམས་བསལ་ཞིང་འབད་མི་ཟགས?་པར་ལྷུན་གྱི་གྲུབ་པ་ཉིད་དུ་ཐོབ་པོ། ཞེས་བྱ་བའི་དོན་ཏོ། །དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་མ་མྱོང་བ་ཞེས་བྱ་བ་ནི་དེ་ལྟར་ལྷུན་གྱིས་འགྲུབ་བ་ལས། རྫུ་འཕྲུལ་མངོན་པར་ཤེས་པ་དང ་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་རྫུ་འཕྲུལ་རྣམ་པ་མང་པོ་སྤྱོད་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །གཟུགས་ཞེས་བྱ་བ་ནི་གཟུགས་བཟང་ངན་གང་གི་འདུལ་བའི་གཟུགས་དེ་སྟོན་པའོ། །སྟོབས ་ནི་ལུས་ཀྱི་མཐུ་དང་རྩལ་ལོ། །བྱིན་གྱིས་བརླབས་ས་ཆུར་སྒྱུར་བ་དང། ཆུ་མེར་སྒྱུར་བ་ལ་སོགས་པའོ། །མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་བཏུལ་ནས་ཆོས་གང་ལ་དད་པའི་ཆོས་དེ ་སྟོན་པའོ། །སྟོབས་དང་དེ་ཉིད་སྟོན་ཅེས་བྱ་བ་ནི་སེམས་ཅན་དེ་དག་པས་སྟོབས་ཆེ་བའི་སེམས་ཅན་དེ་དང་དེ་དག་གི་སྟོབས་ཉེ་བར་སྟོན་པའོ། །དེ་བཞིན་དུ་ཐ་མ་དང་འབྲིང་དང་རབ་ཅེས་བྱ་བ་ལ་ཐ་མ་རབ་ཏུ་གྱུར་ཅིག་ཅེས་བྱིན་གྱིས ་བརླབས་ན་དེ་དེ་བཞིན་དུ་འགྱུར་པ་ལ་སོགས་པ་ཅི་རིགས་པར་སྦྱར་ཏོ། །འཇིག་རྟེན་དུ་ཆོས་དང་མཐུན་པ་སུས་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་ན་བདག་དང་འདྲ་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།བྱིན་གྱིས་བརླབས་ནི་རྫུ་འཕྲུལ ་གྱིས་བྱིན་གྱིས་བརླབས་སོ། །ཡེ་ཤེས་ཀྱིས་སྟོབས་བསྐྱེད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཐུ་བསྐྱེད་པས་སོ། །བརྗོད་པ་སྣ་ཚོགས་དང་དགའ་བ་ཞེས་བྱ་བ་ནི་སེམས་ཅན་བཤད་པ་སྣ་ཚོགས་པ་དགའ་བའོ། །རྫུ་འཕྲུལ ་ཀྱི་རྐང་པ་དེ་དག་ཀྱང་མངོན་པར་འཕགས་སོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རྫུ་འཕྲུལ་གྱི་རྐང་པ་དེ་འཇིག་རྟེན་པ་དང་དྲང་སྲོང་ལ་སོགས་པའི་རྫུ་འཕྲུལ་གྱི་རྐང་པ་དང། འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པ ་ལས་ཁྱད་ཞུགས་པའི་ཕྱིར་རོ། །བདུད་དང་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཞེས་བྱ་བ་ནི་བདུད་དང་ཉོན་མོངས་པ་ཐམས་ཅད་དེ་སྤངས་ལ་བདུད་དང་ཉོན་མོངས་པ་དང་ལྡན་པ་རྣམས་ཀྱིས་ཐོབ་པར་མི་ནུས་པའི ་ཕྱིར་རོ་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བ་ནི་རྫུ་འཕྲུལ་དེས་ཆོས་ཀྱི་དབྱིངས་རྟོག་པར་བྱེད་པའི་ཕྱིར་རོ། །སེམས་ཅན་ལ་མི་གནོད་ཅེས་བྱ་བ་ནི་རྫུ་འཕྲུལ་དེས་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །དགེ ་བའི་རྩ་བ་དང་ཆོགས་ཐམས་ཅད་བསགས་པ་ཞེས་བྱ་བ་ནི་རྫུ་འཕྲུལ་བརྩམས་པ་ཐམས་ཅད་ཀྱང་དགེ་བའི་རྩ་བ་དཔག་ཏུ་མེད་པ་ལ་སོགས་པའི་རྒྱུར་འགྱུར་བས་སོ། །འདོད་པའི་ཁམས་ཀྱི་དབང་ཕྱུག་ཆེན་པོ་ཐོབ་པའི་ལྷའི་བུ་ནི ་བདུད་དོ། །བདུད་དེའི་འཁོར་དང་གཡོག་ཏུ་གཏོགས་པའི་ལྷ་རྣམས་ནི་བདུད་ཀྱི་རིགས་ཀྱི་ལྷའོ། །མི་འཕྲོགས་པ་ནི་དེ་དག་གི་བྱང་ཆུབ་སེམས་དཔའ་ཨི་རྫུ་འཕྲུལ་མེད་པར་བྱ་ཞིང་ཟིལ་གྱི་གནོན་པར་མི་ནུས་པའོ། །འདི་ནི་རྫུ་འཕྲུལ ་བྱ་བ་མངོན་པར་ཤེས་པ་སྔ་མི་ཟད་པ་བཤད་ཟིན་ཏོ།། །།འབྱུང་བ་མངོན་སུམ་དུ་གྱུར་པ་ནི་ཟག་པ་ཟད་པ་མངོན་སུམ་དུ་བྱས་པ་སྟེ། སློབ་དཔོན་ཐོགས་མེད་ཀྱིས་མངོན་སུམ་དུ་གྱུར་པ་དྲུག་ཡོད་པའི ་ཕྱིར་བསྡུས་པའི་དོན་གྱི་ནང་དུ་སྨོས་མེད་ཀྱི། དེ་བཞིན་གཤེགས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་ཟད་པ་མངོན་སུམ་དུ་མ་བྱས་པས་ན་མདོ་ལས་ནི་མ་གསུངས་སོ།། །།ཡོངས་སུ་སྨིན་པར་བྱེད་པའི་བྱང་ཆུབ ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྡུ་བའི་དངོས་པོ་ནི་དགའ་བའི་དངོས་པོ་འམ། ཕན་པར་བྱེད་པའི ་དངོས་པོ་ཞེས་བྱ་བའི་དོན་ཏོ། །དེ་མི་ཟད་པ་ཡང་དེས་བསྡུ་བར་བྱ་བའི་སེམས་ཅན་མི་ཟད་པས་སྡུད་པར་བྱེད་པའི་དངོས་པོ་ཡང་མི་ཟད་པའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ་བྱིན ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་ཚུལ་བཤད་དོ། །ལྷག་མ་རྣམས་ཀྱིས་ནི་བཤད་པའི་ཚུལ་བསྟན་ཏོ། །ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་བཞི་སྟེ་རྗེས་སུ་ཕན་འདོགས ་པ་དང། ཕན་འདོགས་བར་བྱེད་པ་དང། འཇུག་པ་དང་རྗེས་སུ་འཇུག་པར་བྱེད་པའོ། །བསྡུ་བའི་དངོས་པོ་བཞིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས། དེ་དག་ཉིད་ཀྱིས་སའི་དོན་ཡོངས་སུ་སྨིན་པར་བྱེད་པའི་མཐུ་བསྟན་ཏོ། །རྗེས་སུ ་ཕན་འདོགས་བར་བསྟན་པའི་ཕྱིར། དེ་ལ་སྦྱིན་པ་ནི་ཟང་ཟིང་སྦྱིན་པ་དང་ཆོས་སྦྱིན་བ་ཞེས་བྱ་བ་གསུངས་ཏེ། ནོར་དང་འབྲུ་ལ་སོགས་པ་སྦྱོན་པ་ནི་ཟང་ཟིང་སྦྱིན་པའོ། །ཟང་ཟིང་མེད་པའི་བསམ་པས་གསུངས་རབ་ཡན་ལག་བཅུ་གཉིས ་ཐོས་བ་གཞན་ལ་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་སྟེ། དེ་གཉིས་སྦྱིན་པ་ལ་སྦྱིན་པ་ཞེས་བྱའོ། །ཕན་འདོགས་པར་བྱེད་པ་བསྟན་པའི་ཕྱིར་དེ་ལ་སྙན་པར་སྨྲ་བ་ནི་གང་སློང་བ་དང་ཆོས་ཉན་བ་རྣམས་ཚིག་འཇམ་ཞིང་སྙན་པར་སྨྲ་བའི་ཞེས ་གསུངས་སྟེ། འདིར་ཡང་ཟང་ཟིང་སློང་བ་རྣམས་ལ་ཚིག་འཇམ་ཞིང་སྙན་པར་སྨྲ་བ་དང་ཆོས་ཉན་བ་རྣམས་ལ་ཚིགས་འཇམ་ཞིང་སྙན་པར་སྨྲ་བའོ། །དེ་ལ་ཚིག་འཇམ་བ་ནི་མིག་བཟློག་པ་དང། གཉེར་མ་བསྡུས་པ་ལ་རྡོགས་བ་མེད་པར་བྱ་སྟེ། ་བདེ་བ་འོངས་བ་དང་འདིར་འོངས་པ་ལ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། སྙན་པར་སྨྲ་བ་ནི་ཕྱིས་འོངས་ན་འང་དེ་བཞིན་དུ་སྦྱིན་བར་བྱའོ། ཞེས་སྨྲ་བའོ། །ཡང་ན་སློང་བ་དང་ཆོས་ཉན་པའི་སྐྱོན་མི་གླེང་བ་ནི་ཚིག་འཇམ་པའོ། །དེ་དག་གིས ་ཡོན་ཏན་བརྗོད་པ་ནི་སྙན་པར་སྨྲ་བ་སྟེ། འདི་ནི་སྙན་པར་སྨྲ་བ་ཞེས་བྱའོ། །འཇུག་པ་སྟན་པའི་ཕྱིར་དེ་ལ་དོན་སྤྱོད་པ་ནི་གང་བདག་དང་གཞན་གྱི་དོན་བསམས་པ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་གསུངས་ཏེ། གང་བདག ་གི་དེ་ནི་བསམས་བ་བཞིན་རྫོགས་པར་བྱེད་པ་དང། གཞན་གྱི་དོན་བསམས་པ་བཞིན་དུ་རྫོགས་པར་བྱེད་པ་ནི་དོན་སྤྱོད་པ་དེ། །དེ་ལ་བསམ་པ་བཞིན་དུ་རྫོགས་པར་བྱེད་པ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ཟང ་ཟིང་དང་ཆོས་གཏོང་པར་འདོད་པ་ལས། ཇི་ལྟར་འདོད་བ་བཞིན་དུ་ཟང་ཟིང་སློང་ཞིང་ཆོས་ཉན་པ་དང་ཕྲད་ནས་དེ་དག་ལ་ཟང་ཟིང་བཏང་ཞིང་ཆོས་བཤད་པའོ། །དེ་ལ་སེམས་ཅན་ཡང་ཚེ་འདིར་ལོངས་སྤྱོད་འདོད་པ་དང། ཆོས་ཀྱི་གཞན་དུ་རྣམ་པར ་གྲོལ་བ་འདོད་བ་རྣམ་བ་གཉིས་ཏེ། སློང་བ་རྣམས་ལ་ཡང་ཟང་ཟིང་བཏང་ནས་ཇི་ལྟར་བསམས་པ་བཞིན་དུ་བསམ་བ་རྫོགས་པར་བྱེད་པའོ། །ཚེ་རབས་གཞན་དུ་རྣམ་པར་ཐར་པ་འདོད་པ་ལ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ ་སོགས་པའི་ཆོས་བསྟན་ནས་ཇི་ལྟར་བསམས་བ་བཞིན་དུ་བསམ་པ་རྫོགས་པར་བྱད་པའོ། །རྗེས་སུ་འཇུག་པར་བྱེད་པ་བསྟན་པའི་ཕྱིར། དེ་ལ་དོན་མཐུན་པ་ནི་གང་ཐེག་པ་གང་ལ་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས ་དང་ཟང་ཟིང་ལེན་བ་རྣམས་རབ་ཏུ་འགོད་པའོ། །ཞེས་བྱ་བ་སྨོས་ཏེ། གང་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ། བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བའི་དོན་ཏོ། །ཐེག་པ་གང་ལ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི ་ཆན་ཉིད་ཐེག་པ་ཆེན་པོ་གང་ལ་ཞེས་བྱ་བའི་ཐ་ཚིག་གོ་།བདག་ནི་བྱང་ཆུབ་སེམས་དཔའ་ཉིད་དོ། །ཡོན་ཏན་དུ་འདུ་ཤེས་པ་ནི་ཐེག་པ་དེ་ལ་མཆོག་དང་གཙོ་བོར་ལྟ་བའོ། །ཐེག་པ་དེ་ཉིད་ལ་ཞེས་བྱ་བ་ནི་ཐེག་པ་གང་ལ ་ཡོན་ཏན་དང་གཙོ་བོར་བལྟས་བའི་ཐེག་པ་དེ་ཉིད་ལའོ། །རབ་ཏུ་དགོང་བ་ནི་བདག་ཞུགས་པ་བཞིན་དུ་གཞན་ཡང་འཛུད་བ་སྟེ། ཐེག་པ་གཅིག་གི་དོན་ལ་བདག་དང་གཞན་གཉིས་ཀར་གནས་པར་བྱེད་པ་འདོ?་ནི་དོན་མཐུན་པའོ། །བསྡུ ་བའི་དངོས་པོ་བཞི་རྣམ་གྲངས་གཞན་དུ་བསྟན་པའི་ཕྱིར། གཞན་ཡང་སྦྱིན་པ་ནི་གང་སློང་བ་རྣམས་ལ་ཡིད་མགུ་བར་སྦྱིན་པ་ཞེས་གསུངས་ཏེ། གོང་མ་བཞིན་དུ་འདི་མན་ཆད་བསྡུ་བའི་དངོས་པོ་འབྱུང་བ་རྣམས ་ལ་ཡང་བསྡུས་པའི་དོན་རེ་རེ་དང་སྦྱར་བའོ། །སློང་བ་རྣམས་གང་ཇི་སྙེད་ཅིག་ཇི་ལྟར་འདོད་བ་བཞིན་སྦྱིན་པ་ནི་སློང་བ་རྣམས་ལ་ཡིད་མཀུ་པར་སྦྱིན་པ་སྟེ། གང་སྦྱིན་པ་ནི་དངོས་པོ་གང་འདོད་པ་དེ་སྦྱིན་པའོ། །ཇི་སྙེད་སྦྱིན་པ་ནི་ཕྱི་དང་ནང་གི་དངོས ་པོ་ཇི་སླེང་བ་དེ་དག་ཀུན་སྦྱིན་པའོ། །ཇི་ལྟར་སྒྱིན་པ་ནི་རིམ་གྲོ་དང་བཀུར་སྟི་བྱས་ནས་སྦྱིན་པའོ། །སྙན་པར་སྨྲ་བ་ནི་སློང་བ་རྣམས་ལ་མི་སྨོད་པའོ། ཞེས་བྱ་བས་ཟང་ཟིང་སློང་བ་པོ་རྣམས་ལ་རིགས་ངན་འདི། དབུལ་པོ་འདི་ཞེས་བྱ་བ ་ལ་སོགས་པ་སེམས་གདུང་བར་འགྱུར་བའི་ཚིག་མི་སྨྲ་བ་ནི་སྙན་པའི་སྨྲ་བའོ། །དེ་ལ་དོན་སྤྱོད་པ་ནི་གང་སློང་བ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། ཞེས་བྱ་བ་ལ། སློང་བ་རྣམས་ཚེ་འདིར་ཡང་དབུལ་བ་མེད་པར་བྱ་སྟེ། ལོངས་སྤྱོད་ཀྱིས ་འབྱོར་བ་དང་ལྡན་པར་བྱས་ནས། མི་དགེ་བ་ལ་མི་འཛུད་ཅིང་དགེ་བ་ལ་འཇོག་པ་ནི་དོན་སྤྱོད་པ་ཞེས་བྱའོ། །དེ་ལ་དོན་མཐུན་པ་ནི་གང་ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་པའོ། ཞེས་བྱ་བ་ལ། གང་ཇི་སློང?་བ་པོའི་གང་ཟག་གམ། བྱང་ཆུབ ་སེམས་དཔའ་གང་དེ་ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་ཅེས་བྱ་བ་ནི་གང་ཟག་དེ་ཐེག་པ་གང་ལ་དད་པའི་ཐེག་པ་དེ་ཉིད་ལ་གང་ཟག་དེ་འཛུད་པའི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་གང་ལ་གནས་པའི་ཐེག་པ་དེ་ཉིད་ལ་སློང་བ་པོའི་གང་ཟག་དེ་འཛུད་པ་སྟེ། འདི་ནི ་མཐུན་པ་ཞེས་བྱའོ། །རྣམ་གྲངས་གཞན་བསྟན་པར་བཞེད་ནས། གཞན་ཡང་སྦྱིན་པ་ནི་བསམ་པ་ཐེག་པ་ནས་གཏོང་པའོ། ཞེས་བྱ་བ་གསུངས་ཏེ། བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་རྣམས་ལ་ཅུང་ཟད་ཀྱང་ཆགས་པའི ་སེམས་མེད་པར་གཏོང་བ་ནི་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གང་སྦྱོར་བ་ལ་ཡོངས་སུ་ཆད་པ་མེད་པའོ། ཞེས་བྱ་བ་ལ། སློང་བ་པོ་རྣམས་ལ་ཕྱིས་ཀྱང་སྦྱིན་པར་བྱ་མིས་རྒྱུན་དུ་ཤོག་ཅིག་ཅེས་སྨྲས་ནས་སྦྱིན་བ་གཏོང་བའི་ལས་རྒྱུན་མ་ཆད་པར་བྱེད་པ་ནི ་སྙན་བར་སྨྲ་བའོ། །དོན་སྤྱོད་བ་ནི་གང་ལྷག་པའི་བསམ་པས་སྦྱིན་ཏེ། འགྱོད་པ་མེད་པའོ་ཞེས་བྱ་བ་ལ། རྒྱུན་དུ་དངོས་པོ་བཏང་བར་སེམས་པའི་བསམ་པས་བྱིན་ནས་བྱིན་པ་ཉེས་སོ་སྙམ་དུ་འགྱོད་པ་མེད་པ་ནི་དོན་སྤྱོད?་པའོ། །དོན་མཐུན་པ་ནི་གང ་ཐེག་པ་ཆེན་པོ་ལ་བསྡུའོ། ཞེས་བྱ་བ་ལ། སློང་བ་པོ་རྣམས་ཟང་ཟིང་གིས་བསྡུས་ནས་ཐེག་པ་ཆེན་པོ་ལ་འཇུག་པ་ནི་དོན་མཐུན་པའོ། །རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་སྦྱིན་པ་ནི་གཙོ?་བྱམས་པའི་རྗེས་སུ་འབྲང་བའི ་སེམས་ཀྱིས་ཡོངས་སུ་གཏོང་པའོ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅད་བདེ་བ་ལ་དགོད་དོ་སྙམ་པའི་བྱམས་པ་དང་ལྡན་པའི་སེམས་ཀྱིས་བྲེལ་བ་དང་ཕངས་པ་ཕྱི་དང་ནང་གི་དངོས་པོ་གཏོང་བ་ནི་སྦྱིན་པའོ། །སྙན་པར་སྨྲ་བ་ནི ་གང་དགའ་བ་དང་མཆོག་ཏུ་དགའ་བར་གྱུར་པའི་སེམས་མི་གཏོང་པའོ། ཞེས་བྱ་བ་ལ། དེ་ལྟར་འབྲེལ་པ་དང་ཕོངས་པ་རྣམས་ལ་ཕྱི་དང་ནང་གི་དངོས་པོ་བཏང་སྟེ། དེ་དག་ལོངས་སྤྱོད་ཀྱི་འབྱོར་པ་དང་ལྡན་པར་མཐོང་ནས་དགའ་བ་དང་མཆོག་ཏུ་དགའ་ ་བའི་སེམས་རྒྱུན་དུ་འབྱུང་བ་ནི་སྙན་པར་སྨ་བའོ། །དེ་ལ་ལོངས་སྤྱོད་དང་ལྡན་བ་མཐོང་ནས་སེམས་མོས་པ་སྐྱེ་བ་ནི་དགའ་བའོ། །བྲེལ་བ་དང་ཕོངས་བའི་གང་ཟག་རྣམས་བྲེའོ། རང?་ངས་པ་མེད་པར་བྱས་ཏེ། ལོངས་སྤྱོད་ལ་བགོད་པའི་དགའ་བ་བས ་བྱང་ཆུབ་སེམས་དཔའ་བདག་གི་ལོངས་སྤྱོད་ཡོངས་སུ་གཏང་ནས་གཞན་ལོངས་སྤྱོད་དང་ལྡན་པར་མཐོང་པའི་དགའ་བ་དེ་བས་ཀྱང་ཤེས་ཆེ་བའི་མཆོག་ཏུ་ཆེར་དགའ་བ་ཞེས་བྱའོ། །དོན་སྤྱོད་པ་ནི་གང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སེམས་བསྐྱེད ་བས་ཞེས་བྱ་བ་ལ། གང་ལ་ཡང་བྱམས་པ་དང་ཞེ་སྡང་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལོ་སྙམ་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་སྡུག ་བསྔལ་སེལ་ཅིང་དེ་དག་གི་ཚེ་འདི་དང་གཞན་གྱི་ལས་སུ་བྱ་བ་ལ་འབད་ཅིང་བརྩོན་པ་ནི་དོན་སྤྱོད་པའོ། །དོན་མཐུན་པ་ནི་གང་བཏང་སྙོམས་དང་ལྡན་པའི་སེམས་མཐོན་དམན་མེད་ཅིང་ཞེས་བྱ་བ་ལ། སེམས་ཅན་འདི་ལ་ནི་ཕན་བཏགས ་འདི་ལ་ནི་ཕན་མི་གདགས་སོ་ཞེས་བྱ་བ་ནི་མཐོན་དམན་གྱི་སེམས་ཏེ། དེ་ལྟ་བུ་མེད་པར་བཏང་སྙོམས་དང་ལྡན་པའི་སེམས་ཀྱི་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་དོ་སྙམ་དུ་སེམས་པ་ནི་དོན་མཐུན་པའོ། །རྣམ ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་སྦྱིན་པ་ནི་གང་ཆོས་སྦྱིན་པ་རྩལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བབ་ཅོལ་དང་ཆོས་བཞིན་མ་ཡིན་པ་སྤངས་ཏེ། དགེ་བ་བཅུ་དང་མི་འགལ་བར་སྩལ་བའི་ལོངས་སྤྱོད་དེ་ལོངས ་སྤྱོད་དེ་རྣམས་གཞན་ལ་གཏོང་བ་ནི་སྦྱིན་པའོ། །སྙན་པར་སྨྲ་བ་ལ་གང་དག་ལ་སྦྱིན་པ་ཕྱིན་པ་དག་ཆོས་ལ་རབ་ཏུ་འཛུད་པའོ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གང་ལ་སྦྱིན་པ་བྱིན་པའི་སེམས་ཅན་དེ་དང་དེ་དགེ་བ་བཅུ ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་ཅིག་ཅེས་སྨྲས་ནས་ཆོས་དེ་དག་བྱེད་དུ་བཙུད་པ་ནི་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་གང་བདག་གིས་དོན་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། ཞེས་བྱ་བ་ནི་བདག་དང ་གཞན་མཐར་ཕྱིན་པའི་དོན་ལ་འགོད་པ་ནི་དོན་སྤྱོད་པའོ། །དེ་ལ་བདག་དང་གཞན་གྱི་དོན་ཀྱང་སྤངས་པ་དང་ཡེ་ཤེས་ཀྱིས་བསྡུས་པར་རིག་པར་བྱེད། དེ་ལ་སྤངས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་ནི་ཤེས་བྱ ་ཐམས་ཅད་ལ་གཉིས་སུ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་དོ། །དོན་མཐུན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བཞག་པའི་ཕྱིར་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ ་སེམས་བསྐྱེད་པ་ནི་དོན་མཐུན་པའོ། །རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་སྦྱིན་པ་ནི་གང་ནང་དང་ཕྱིའི་དངོས་པོ་རྣམས་ཡོངས་སུ་གཏོང་བ་ཞེས་བྱ་བ་གསུངས་ཏེ། ནང་དང་ཕྱིའི་དངོས་པོ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པའི་སྐབས་སུ་ནང་གི་དངོས་པོ་བརྒྱད་དང། ཕྱིའི་དངོས་པོ་ཉི་ཤུ་རྩ་ལྔ་གཏོང་བར་བཤད་པའོ། །སྙན་པར་སྨྲ་བ་ནི་གང་ཆོས་ཐམས་ཅད་ཀྱི་ཡོན་ཏན་ཤེས་པ་ཞེས་བྱ་བ་ལ། བཤད་པར་བྱ་བ་དང། བསྒྲུབ་པར་བྱ་བ་དང། ཐོབ་པར་བྱ་བའི་ཆོས ་རྣམས་ཀྱི་ཡོན་ཏན་ཤེས་པའི་གང་ཟག་ལ་སློབ་དཔོན་གྱིས་དཔེ་མཁྱུང་མེད་པར་ཆོས་ཐམས་ཅད་འཆད་པ་ནི་སྙན་པར་སྨྲ་བའོ། ཅ།དོན་སྤྱོད་པ་ནི་གང་བདག་གི་དོན་བཏང་སྟེ་ཞེས་བྱ་བ་ལ། བདག་གི་དོན་གཞག་ནས་གཞན་གྱི་དོན་བྱེད་པ་ནི ་དོན་སྤྱོད་པ་སྟེ། གཞན་གྱི་དོན་ཀྱང་སྤངས་པ་དང། ཡེ་ཤེས་ཀྱིས་བསྡུས་པ་གོང་དུ་བཤད་པ་བཞིན་སྦྱར་རོ། །བསྡུས་ཏེ་ཞེས་བྱ་བ་ནི་བསྒྲུབས་ཏེ་ཞེས་བྱ་བའི་དོན་ཏོ། །ལག་ཏུ་ཐོབ་པ་ཞེས་བྱ་བ་ནི་བདག་གི་དབང་དུ་གྱུར་པ་ཡང་བྱ་བའི་དོན་ཏོ།། ་སྦྱིན་པ་རྣམ་པ་གསུམ་ལས་བསྡུ་བའི་དངོས་པོ་བཞི་ཆོས་སྦྱིན་པ་འབའ་ཞིག་དང་སྦྱར་ཏེ་བསྟན་པའི་ཕྱིར། དེ་ལ་ཆོས་སྦྱིན་པ་གང་ཞེ་ན། གང་ཇི་སྐད་ཐོས་པའི་ཆོས་རྣམས་སྟོན་པའོ། །ཞེས་བྱ་བ་གསུངས་ཏེ། གང་བདག་གི་མཁན་པོ་དང ་བ་སློབ་དཔོན་ལས་ཇི་ལྟར་ཐོས་པའི་ཆོས་རྣམས་སྟོན་པ་ནི་ཆོས་སྦྱིན་པའོ། །སྙན་བར་སྨྲ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཞེས་བྱ་བ་ལ། ཆོས་བསྟན་པ་འདིས་ཟང་ཟིང་འདི་སྒྲུབ་པོ་ཞེས་ཁེ་དང་བཀུར་སྟི་ལ་མ་ཆགས་པའི་སེམས་ཀྱི་ཆོས ་ཕྱིན་ཅི་མ་ལོག་པར་སྨྲ་བ་ནི་སྙན་པར་སྨྲ་བའོ། །དེ་སྤྱད་བ་ནི་གང་གཞན་ལ་ལུང་འབོག་པ་ཞེས་བྱ་བ་ལ། གང་སེམས་ཅན་གཞན་ལ་ལུང་འབོག་བ་དང། ཁ་ཏོན་བྱེད་དུ་འཇུག་པ་ལ་མི་སྐྱོ་བ་ནི་དོན་སྤྱོད་པའོ།། ་དེ་ལ་ལུང་འབོགས་པ་ནི་བསམ་གཏན་གྱི་མན་ངག་སྟོན་པའོ། །ཁ་ཏོན་བྱེད་པ་ནི་གཞུང་གི་ཆོས་ཁ་ཏོན་བྱེད་དུ་གཞུག་པའོ། །དོན་མཐུན་པ་ནི་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་ཞེས་བྱ་བ་ལ། བདག་ཉིད ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྙེད་པ་དང། གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་བཙུད་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྙེད་པར་བྱས་པས་ནི་དོན་མཐུན ་པའོ། །ཆོས་སྦྱིན་པ་དང། བསྡུ་བའི་དངོས་པོ་བཞིར་སྦྱར་བ་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉན་པར་འོངས་ཞེས་བྱ་བ་ནི་ཆོས་ཉན་པའི་སེམས་ཅན་རྣམས་ཐེག་ཉེ་བ་ནས ་འོངས་པའོ། །ལྷགས་པ་ནི་ཆོས་ཉན་པའི་ཕྱིར་ཐག་རིང་པོ་ནས་ལྷགས་པའོ། །མི་སྐྱོ་བ་ནི་གང་ཟག་དེ་དག་ལ་ཁ་ཅིག་འཆད་ཁ་ཅིག་འཆད་པ་མ་ཡིན་གྱི་མ་ལུས་པར་འཆད་པའོ། །མི་གཡེངས་པ་ནི་འཕྲལ་གྱི་བྱ་བ་གཞན་རྣམས ་བཏང་ནས་ཆོས་འཆད་པ་འབའ་ཞིག་ལྷུར་བྱེད་པའོ། །སྙན་པར་སྨྲ་བ་ནི་དག་ཇི་སྲིད་དུ་རྒྱང་རིང་པོར་སོང་སྟེ་ཞེས་བྱ་བ་ལ། བདག་ཉིད་དཔག་ཚད་གཅིག་གམ་དཔག་ཚད་གཉིས་སོ། ཡུལ་གཅིག་གམ་ཡུལ་གཉིས་སམ ་འཛམ་བུ་གླིང་གཅིག་གམ་འཛམ་བུའི་གླིང་གཉིས་སམ་ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་ཕ་རོལ་ཏུ་ཡང་སོང་སྟེ་ཞེས་བྱ་བའི་དོན་ཏོ། །ལྷག་པའི་བསམ་པར་སོང་བའི ་སེམས་ཀྱི་རྒྱུད་ཀྱིས་ཞེས་བྱ་བ་ནི་ཡོ་བྱད་ཀྱིས་གཡེན་སྦྱོད་པ་རྣམས་ཀྱི་གདོད?་སྤྱོ་བ་མེད་པར་བྱས་ནས་ཆོས་ལ་དགོང་ངོ་སྙམ་པའི་བསམ་པས་ཤེས་པར་བྱ་བའི་དོན་ཏོ། །འཛུད་ཅིང་ཡོངས་སུ་སྔོ་བའོ། ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུ་སྒྲུབ་དུ ་འཛུད་ཅིང་བྱང་ཆུབ་ཉིད་ལ་འཇོག་པར་བྱེད་པའོ། །ཆོས་སྦྱིན་པ་དང་སྡུ་བའི་དངོས་པོར་སྦྱར་བ་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་ཆོས་ཀྱིས་སྦྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པ་ཐམས་ཅད་ཀྱི་མཆོག་ཆོས ་སྦྱིན་པ་ཡིན་པར་རིག་ནས་ཞེས་བྱ་བ་ནི་སྦྱིན་པ་རྣམ་པ་གསུམ་སྟེ། ཟང་ཟིང་སྦྱིན་པ་དང། མི་འཇིགས་པ་སྦྱིན་པ་དང་ཆོས་སྦྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་ནི་འཁོར་བར་འབྱོར་པའི་རྒྱུ་ཙམ ་དུ་ཟད་ཀྱི། ཆོས་སྦྱིན་པས་ནི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བས། ཆོས་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་དམ?་ལ་ཡིན་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །སྙན་པར་སྨྲ་བ་ནི་ཕན་པའི་དངོས་པོའི་ཕྱིར་ཆོས་སྟོན་པའོ་ཞེས་བྱ་བ་ལ། ་སེམས་ཅན་གང་དག་ལྷ་དང་མིའི་བདེ་འགྲོ་ཐོབ་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་གང་དོན་ལ་རྟོན་པའི་ཆོས་སྟོན་གྱི་ཞེས་བྱ་བ་ལ་སྟོང་པ་ཉིད་ནི་དོན་ཏོ། །དེ་ཁོང་དུ་ཆུད་པ་ནི་དོན་ལ་རྟོན་པའོ།། ་ཚིག་བཤད་པ་མང་པོ་ནི་ཡི་གེ་སྟེ། དེ་ལ་གནས་པ་ནི་ཡི་གེ་ལ་རྟོན་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་ལ་ཆོས་སྟོན་ན་གང་དོན་ལ་རྟོན་པའི་ཆོས་སྟོན་ཀྱི་ཡི་གེ་ལ་རྟོན་པའི་ཆོས་མི་སྟོན་པ་ནི་སྤྱོད་པའོ། །དོན་མཐུན་པ་ནི ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ནི་དོན་མཐུན ་པའོ། །བསྡུ་བའི་དངོས་པོའི་རྣམ་གྲངས་གཞན་བསྟན་པར་བཞེད་ནས། གཞན་ཡང་ཆོས་སྦྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་ནི་ཟང་ཟིང་སྦྱིན་པ་འམ་ཆོས་སྦྱིན་པ་ཞེས་བྱ་བ་སྟེ། སྦྱིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྙན་པར་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རང་བཞིན་གྱིས ་གཞན་ལ་གནོད་པ་མི་བྱེད་ཅིང་ཚིག་རྩུབ་མོ་མི་བྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གཞན་གྱི་གནོད་པ་བྱེད་ཀྱང་སླར་གནོད་པ་མི་བྱེད་ཅིང་ཚིག་རྩུབ་མོ་མི་འབྱིན་པས་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ནི་སྙན་པར་སྨྲ་བའོ། །དོན ་སྤྱོད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བདག་དང་གཞན་གྱི་དོན་བསྒྲུབ་པས་ན་ཕ་རོལ་ཏུ་ཕྱིན་པའི་དོན་སྤྱོད་པའོ། །དོན་མཐུན་པ་ནི་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ཀྱི་དམིགས་པའི་དངོས་པོ་རྩེ་གཅིག་ཏུ་བཞག་ནས་གཡེངས་པ་མེད་པར་བྱ་སྟེ། ཉོན་མོངས་པ་འཇིལ་བར་བྱེད་པ་དང། ཤེས་རབ་ཀྱི་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པར ་བྱས་ནས་ཉོན་མོངས་པ་རྩ་ནས་འབྱིན་པས་ན། ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ནི་དོན་མཐུན་པའོ། །ས་གང་ལས་བསྡུ་བའི་དངོས་པོ་གང་ཤེས་ཆེ་བ་རྣམ་གྲངས་སུ་བསྟན་པའི་ཕྱིར། གཞན་ཡང་ཆོས་སྦྱིན་པ་ནི་དང་པོར་སེམས་བསྐྱེད ་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆོས་སྦྱིན་པ་ནི་དང་པོའི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ་ཞེས་བྱ་སྟེ། ་དང་པོ་སེམས་བསྐྱེད་པ་ཡང་སྐེབས?་འདིར་ཟག་པ་མེད་པའི་འཇིག་རྟེན་ལས་འདས་པའི་སེམས་ཐོག་མ་སྐྱེས་པའོ་སྙན་པར་སྨྲ་བ་ལ་སྤྱོད་པ་ལ་ཞུགས་པའི་སེམས་དཔའ་རྣམས་ཀྱིའོ་ཞེས་བྱ་བ་ལ། ས་གཉིས་པ་ཡན་ཆད་ས་བདུན་པ ་མན་ཆད་བསྒོམ་པའི་ལམ་སྒྱོད་པ་ལ་ཞུགས་པ་སྟེ། དེའི་ཚེ་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་བཞི་བཟུང་བས་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་ལུས་དང་ངག་གི་སྒོ་ནས་ཉེས་པར་མི་སྨྲ་མི་བྱེད་ཅིང་བཟོད་པ་དང་ལྡན་པས ་གཞན་ལ་གནོད་པར་འགྱུར་བའི་ཚིག་སྨྲ་བའི་རྒྱུ་མེད་པའི་ཕྱིར་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ནི་ས་བརྒྱད་པ་དང་དགུ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན ་སྤྱོད་པ་ལ་སོགས་པ་ལ། ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པས་ལྷག་པར་སྤྱོད་པའི་དོན་མཐུན་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། ཞེས་བྱ་བ་ནི་ས་བཅུ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པ ་ཐམས་ཅད་མཁྱེན་པར་རོ་གཅིག་ཅིང་དབྱེར་མེད་པར་སྤྱོད་པའི་ཕྱིར་ས་དང་པོ་ལ་སོགས་པ་ལ་འདི་ལྟར་རྣམ་པ་བཞིར་ཕྱེ་བ་རེ་རེ་ལ་ཡང་བསྡུ་བའི་དངོས་པོ་བཞི་ཅར་མོ་སྤྱོད་པ་མ་ཡིན་མོད་ཀྱི་སོ་སོ་ཕྱེ་སྟེ། བཤད་པ་ནི་ས་དེ་དང་དེ་དག་ལ ་བསྡུ་བའི་དངོས་པོ་ཤོས?་ཆེ་བར་སྤྱོད་པ་ལས་དགོངས་ནས་གསུངས་སོ། །ས་དང་སྦྱར་བའི་རྣམ་གྲོངས་གཞན་སྦྱར་བས་བཞེད་ནས། གཞན་ཡང་ཆོས་སྦྱིན་བ་ནི་བྱང་ཆུབ་ཀྱི་རྩ་བ་དང་ས་བོན་གྱི་གཞིའོ། ཞེས་བྱ་བ་གསུངས་ཏེ། བཤད་པ་ནི ་ས་དེ་དང་དེ་དག་ལ་བསྡུ་བའི་དངོས་པོ་ཤས་ཆེ་བར་སྤྱོད་པ། བྱང་ཆུབ་ཀྱི་རྩ་བ་དང་ས་བོན་ནི་ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །བྱང་ཆུབ་ཀྱི་སེམས་དེའི་གཞི་ནི ་མོས་པས་སྤྱོད་པའི་སར་ཆོས་སྤྱོད་པ་བཅུ་ལ་ཞུགས་པ་སྟེ། དེ་ནི་ཆོས་སྦྱིན་པའོ། །ཡང་ན་བྱང་ཆུབ་ཀྱི་རྩ་བ་དང་ས་བོན་གྱི་གཞི་ནི་ས་དང་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དོ། །སེམས་བསྐྱེད་པས་ས་བོན་དུ་གྱུར་བ་དེ? ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐྱེ་བའི་གཞིར་གྱུར་པའི་ཕྱིར་རོ། །སྙན་པར་སྨྲ་བ་ནི་བྱང་ཆུབ་ཀྱི་མྱུ་གུ་དང་འདབ་མ་ཡོངས་སུ་རྫོགས་པའོ། ཞེས་བྱ་བ་ལ། ས་གཉིས་ནས་ས་བདུན་གྱི་བར་དུ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག ་པ་ཤེས་རབ་ཀྱི་རྒྱ་བས་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་མྱུ་གུ་དང་འདབ་མར་གྱུར་པ་ཡོངས་སུ་རྫོགས་པར་བྱེད་དེ། ལྷག་པར་སེམས་ཀྱིས་རྒྱུད་འཇམ་པས་སྙན་པར་སྨྲ་བའོ། །དོན་སྤྱད་པ་ནི་བྱང་ཆུབ་ཀྱི་མེ་ཏོག་ཡོངས་སུ་རྒྱས་པ?་ལ?་ཞེས ་བྱ་བ་ལ་ས་བརྒྱད་པ་དང་དགུ་པ་དང་བཅུ་པ་ན་མངོན་པར་འདུ་བྱེད་པ་མེད་པའི་ཤེས་རབ་ཀྱི་རྒྱུ་བས་བསྒོམ་མི་དགོས་པའི་སངས་རྒྱས་ཀྱི་ཆོས་རྣམས་མེ་ཏོག་ལྟ་བུར་ཁ་འབུས་ནས་ཡོངས་སུ་རྫོགས་པར་བྱེད་དེ། །འབྲས་བུ་ཉེ་བའི་ཆོས་ལ ་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ། །དོན་མཐུན་པ་ནི་བྱང་ཆུབ་ཀྱི་འབྲས་བུ་མངོན་པར་འགྲུབ་པ་ཞེས་བྱ་བ་ལ། རྒྱུ་མཐུན་པའི་འབྲས་བུ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་སངས་རྒྱས་པའི་མཚན་ཉིད་ཀྱི་འབྲས་བུ་གྲུབ་པ་ནི་དོན ་མཐུན་པ་ཞེས་བྱའོ། །བསྡུ་བའི་དངོས་པོ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར ་ཡང་དག་པར་རིག་པ་བཞི་མི་ཟད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཡང་དག་པར་རིག་པར་བྱ་བའི་དོན་དང་ཆོས་ལ་སོགས་པ་ལ་མཛའ་ཐུག་པ་མེད་དེ། དེ་མི་ཟད ་པའི་ཕྱིར་རོ། །འདིར་ཡང་བསྟན་པའི་ཚུལ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། གང་འདི་དོན་སོ་སོ་ཡང་དག་པར་རིག་པར་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་ཚུལ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་བཤད་པའི ་ཚུལ་བསྟན་ཏོ། །སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་བཞི་སྟེ། མཚན་ཉིད་ཤེས་པ་དང། འདུ་ཤེས་ཤེས་པ་དང། ཐ་སྙད་ཤེས་པ་དང་བརྗོད་པ་ཤེས་པའོ། །སོ་སོར་ཡང་དག་པར་རིག་པ་བཞིས་སེམས་ཅན་རྣམས་ལ ་ཅི་དགར་ཆོས་སྟོན་པར་ནུས་པས་དེ་དག་གིས་སྡུད་པའི་དོན་བསྟན་པར་བྱ་བའི་མཐུ་ཐོབ་པ་སྟོན་ཏོ། །མཚན་ཉིད་ཤེས་པ་བསྟན་པའི་དབང་དུ་བྱས་ནས། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན་ཞེས་དྲིས་སོ། །དེ་ལ་ཆོས་རྣམས་སོ་སོ ་སོ་སོའི་མཚན་ཉིད་དང། དོན་གང་ཡིན་པ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ཉིད་གང་ཡིན་པ་བསྟན་པའི་ཕྱིར་གང་ཆོས་ཐམས་ཅད་ལ་དོན་དམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུས་བྱས་དང ་འདུས་མ་བྱས་པ་ལ་སོགས་པའི་ཆོས་ཐམས་ཅད་འཕྲལ་དུ་སྣང་ཞིང་གྲགས་པ་ལྟ་བུ་མ་ཡིན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། ཚིག ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱིས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་སྡུག་བསྔལ་བ་དང་མི་རྟག་པ་ལ་སོགས་པའི་མཚན་ཉིད་དང་ཆོས་ཉིད་དུ་ཤེས་པའོ། །སོ་སོར་རྟོགས་པར་ཤེས ་པ་ཞེས་བྱ་བ་ནི་ཁམས་དེ་ཉིད་ཀྱི་འདུས་བྱས་རྣམས་སྐྱེད་པར་བྱེད་པའི་རྒྱུ་ཀུན་འབྱུང་བ་ལ་རྒྱུ་དང་རྐྱེན་ལ་སོགས་པའི་མཚན་ཉིད་དུ་ཤེས་པའོ། །རྗེས་སུ་འགྲོ་བ་ཤེས་པ་ནི་གཟུགས་ཡོད་པ་དང། གཟུགས་མེད་པའི་འདུས་བྱས་རྣམས་ལ་མི་རྟག ་པའི་མཚན་ཉིད་དང། ཆོས་ཉིད་དུ་ཤེས་པ་སྟེ། འདོད་པའི་ཁམས་ཀྱི་འདུས་བྱས་ཀྱི་ཆོས་ལ་དེ་ལྟར་ཤེས་པའི་འོག་ཏུ་ཕྱིས་ཁམས་གོང་མ་གཉིས་ཀྱི་འདུས་བྱས་ལ་དེ་ལྟར་ཤེས་པས་རྗེས་སུ་འགྲོ་བ་ཤེས་པ་ཞེས ་བྱའོ། །ཡང་ན་སོ་སོར་རྟོག་པ་ཤེས་པ་ནི་ཁམས་གསུམ་གྱི་ཆོས་རྣམས་སྤྱིར་མི་རྟག་པ་ལ་སོགས་པའི་ཆོས་ཉིད་དང། མཚན་ཉིད་དུ་སོ་སོར་རྟོག་ཅིང་ཤེས་པ་ལ་བྱའོ། །རྒྱུ་ཤེས་པ་ནི་བདེ་བའི་རྒྱུ་ལ་སོགས་པ་རྒྱུ་དྲུག་རྣམས་ཀྱི་དོན ་དང་མཚན་ཉིད་ཤེས་པའོ། །ཚོགས་པ་ཤེས་པ་ནི་རྒྱུ་རྐྱེན་དེ་རྣམས་འདུས་ཤིང་ཚོགས་ན་གདོད་འབྲས་བུ་སྐྱེ་བར་ཤེས་པའོ། །གཉིས་སུ་མེད་པར་ཤེས་པ་ནི་རྟག་ཆད་ལ་སོགས་པའི་མཛའ་གཉིས་དང་བྲལ་བའི་མཚན ་ཉིད་ཤེས་པ་འམ། རྒྱུ་དང་རྐྱེན་གཉིས་ཀྱང་དོན་དམ་པར་ན་ཡོད་པ་མ་ཡིན་པར་ཤེས་པའོ། །ཐ་མར་མི་འགྲོ་བ་ཤེས་པ་ནི་ཐོག་མའི་མཛའ་དང་ཐ་མའི་མཛའ་གཉིས་གང་ནས་ཀྱང་མ་འོངས་བར་ཡང་མི་འགྲོ་བ་ཤེས་པའོ།། ་ཡང་ན་དང་པོར་རྒྱུ་དང་རྐྱེན་ཚོགས་ནས་འབྲས་བུ་སྐྱེས་ཀྱང་རྒྱུ་འབྲས་བུར་མ་འཕོས་པར་ཤེས་པ་ནི་ཐ་མར་མི་འགྲོ་བ་ཤེས་པའོ་བར་དུ་མི་འདུག་པར་ཤེས་པ་ནི་སྐད་ཅིག་མའི་རང་བཞིན་ནམ་དངོས་པོ་མེད་པའི་ཕྱིར་མཛའ་གཉིས་ཀྱི་བར་ན ་ཡང་མི་གནས་པར་ཤེས་པའོ། །རྐྱེན་ལ་འཇུག་པ་ཤེས་པ་དེ་ལྟར་མ་འོངས་པ་མི་འགྲོ་བ་མི་གནས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཙམ་དུ་ཡོད་པར་བརྟོག་པའོ། །ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་ནི་སོ་སོའི་སྐྱེ་བོའི་དུས་ཀྱི་ཆོས ་ཀྱི་དབྱིངས་དང། འཕགས་པའི་དུས་ཀྱི་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པར་ཤེས་པའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་ཤེས་པ་ནི་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཆོས་ཐམས་ཅད་རྗེས་སུ་སོང་བར་ཤེས་པའོ། །ཡང་དག་པའི་མཛའ་ལ ་གནས་པ་ཤེས་པ་ནི་ཡང་དག་པའི་མཛའ་ནི་སྟོང་པ་ཉིད་དོ། །དེ་ལ་དམིགས་པའི་འཕགས་པའི་ལམ་ཡང་དག་པའི་མཛའ་ལ་གནས་པ་སྟེ། ཡང་དག་པའི་མཛའ་ལ་དམིགས་པའི་འཕགས་པའི་ལམ་གྱི་མཚན་ཉིད་ཤེས་པའོ། །སྟོང་པ་ཉིད་རྟོག་པའི་ཤེས་པ་ཞེས་བྱ་བ་ལ། སྟོང་པ ་ཉིད་ཡེ་ཤེས་གང་གིས་རྟོག་པར་བྱེད་པའི་ཡེ་ཤེས་དེ་ནི་སྟོང་པ་ཉིད་རྟོག་པའི་ཤེས་པ་སྟེ། སྟོང་པ་ཉིད་ནི་གོང་དུ་བཤད་པར་ཟད་དོ། །དེ་རྟོགས་པར་བྱེད་པའི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །མཚན་མ་མེད་པ་ལ་སྤྱོད་པ་ཤེས ་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཆོས་ཡེ་ཤེས་གང་གིས་དཔྱད་པ་ཁོང་དུ་ཆུད་པའི་ཡེ་ཤེས་དེ་ནི་མཚན་མ་མེད་པ་ལ་དཔྱོད་པ་ཤེས་པ་སྟེ། དེ་ཡང་མཚན་མ་ཐམས་ཅད་ལ་རྟོགས་པ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སྨོན ་པ་མེད་པ་ལ་སྨོན་ལམ་མེད་པར་ཤེས་པ་ཞེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ཡང་རང་བཞིན་མེད་པས་རང་བཞིན་མེད་པ་དེ་ལ་སྨོན་པར་བྱར་མེད་པར་ཤེས་པ་ནི་སྨོན་ལམ་མེད་པར་ཤེས་པའོ། །མངོན་པར་འདུ ་མི་བྱེད་པ་ནི་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་དེ་ནི་རྒྱུ་དང་རྐྱེན་གྱིས་སྐྱེད་པ་མ་ཡིན་པར་ཤེས་པའོ། །ཚུལ་གཅིག་ལ་འཇུག་པའི་ཤེས་པ་དང་ཞེས་བྱ་བ་ལ། ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་འཇུག ་ཅིང་མཚན་ཉིད་གཅིག་པའི་རང་བཞིན་ཤེས་པའོ། །བདག་མེད་པར་རྟོག་པའི་ཤེས་ཞེས་བྱ་བ་ལ་སོགས་པས་གང་ཟག་ལ་བདག་མེད་པར་རྟོགས་པའི་ཤེས་པ་བསྟན་ཏོ། །གང་ཟག་ལ་བདག་མེད་པ་དོན་དམ་པར་ཤེས་པ་ཞེས་བྱ་བ་ནི ་དོན་དམ་པར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གང་ཟག་གི་དངོས་པོ་མེད་པར་ཤེས་པའོ། །འདས་པའི་དུས་ལ་མ་ཆགས་པའི་ཤེས་པ་ཞེས་བྱ་བ་ནི་ལུས་དང་ལོངས་སྤྱོད་འདས་ཏེ་འགག་པའི་རྣམས་དངོས་པོ་མེད་པར ་ཁོང་དུ་ཆུད་པས་དེ་ལ་ཡང་ཕྲད་པར་སྨོན་པར་མི་སྐྱེ་བ་འམ་འདས་པའི་དངོས་པོ་ཤེས་པར་བྱ་བའི་ཡུལ་རྣམས་ལ་ཐོགས་པ་མེད་པར་ཤེས་པ་ནི་འདས་པའི་དུས་ལ་མ་ཆགས་པའི་ཤེས་པ་ཞེས་བྱའོ། །མ་འོངས ་པའི་དུས་ལ་ཐུག་པ་མེད་པར་ཤེས་པ་ཞེས་བྱ་བ་ནི་མ་འོངས་པའི་དུས་ཉིད་ལ་མཛའ་ཐུག་ཅིང་ཟད་པ་མེད་པར་ཤེས་པ་འམ། མ་འོངས་པའི་དུས་ཀྱིས་དངོས་པོ་ཤེས་པར་བྱ་བ་རྣམས་ལ་ཐོགས་པ་མེད་པར་ཤེས་པའོ། །ད་ལྟར་བྱུང་བའི ་དུས་ན་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པར་ཤེས་པ་ནི་དེ་ལྟར་བྱུང་བའི་དུས་ཀྱི་དངོས་པོ་རྣམས་རང་བཞིན་མེད་པར་ཁོང་དུ་ཆུད་པས་གང་ལ་ཡང་ཁོང་ཁྲོ་བ་དང་ཆགས་པ་མི་སྐྱེ་བའོ། །ཕུང་པོ་རྣམས་ལ་སྒྱུ་མར་ཤེས་པ་ནི་ཇི་ལྟར་སྒྱུ་མ་རྒྱུ ་རྐྱེན་གྱིས་བསྐྱེད་པས་སྣང་ཡང་རང་བཞིན་མེད་པ་བཞིན་དུ། ཕུང་པོ་ལྔ་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་སྒྱུ་མ་མཁན་དང་འདྲ་བ་ལ་བག་ཆགས་སྔགས་དང་སྨན་དང་འདྲ་བའི་མཐུ་ལས་སྐྱེས་པ་རང་བཞིན་མེད་པར་ཤེས ་པའོ། །ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་སྤྲུལ་གདུག་པས་མྱུར་དུ་གསོད་པར་བྱེད་པ་དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ཅིང་དམིགས་ནས་མིག་གི་རྣམ་པར་ཤེས་པ ་གཟུགས་ལ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྐྱེ་བའི་སྒོ་ནས་དགེ་བའི་རྩ་བ་གསོད་པར་ཤེས་པའོ། །སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་གྲོང་སྟོང་པ་ན་སེམས་ཅན་མེད་པ་དེ་བཞིན་དུ་སྐྱེ་མཆེད ་རྣམས་ལ་ཡང་བདག་དང་བདག་གིར་མེད་པར་ཤེས་པའོ། །ནང་ཉེ་བར་ཞི་བར་ཤེས་པ་ཞེས་བྱ་བ་ནི་ནང་གི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་བདག་གི་མེད་པར་ཤེས་པ་འམ། ནང་དུ་ཏིང་ངེ་འཛིན་བྱེད་པ་ན་གཉིད་དང་རྨུགས་པས ་སེམས་མི་ནོན་པའི་ཐབས་ཤེས་པའོ། །ཕྱི་རོལ་གྱི་རྒྱུ་བ་མེད་པར་ཤེས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཆོས་རྣམས་དངོས་པོ་མེད་པར་ཤེས་པའམ། ཕྱི་རོལ་གྱི་ཆོས་རྣམས་ལ་སེམས་འཕྲོ་བར་མི་འགྱུར་བའི་ཐབས་ཤེས་པའོ། །ཡུལ་རྣམས ་ལ་སྒྱུ་མ་དང་བྱེ་བྲག་མེད་པར་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་མེད་ཀྱང་འགྲོ་བ་དེའི་རང་བཞིན་ལ་མི་མཁས་པ་རྣམས་ལ་ཉོན་མོངས་པ་སྐྱེ་ཞིང་བསླུ་བར་བྱེད་པ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་དངོས་པོ་མེད་མོད་ཀྱི ་བྱིས་པ་དེའི་རང་བཞིན་ལ་མི་མཁས་པ་རྣམས་ལ་ཡོད་པ་འདྲ་བར་སྣང་ཞིང་ཉོན་མོངས་པ་སྐྱེད་པར་བྱེད་པ་ཡིན་པར་ཤེས་པའོ། དྲན་པ་ལ་གནས་པའི་ཤེས་པ་ནི་མི་བརྗོད་པའི་གཟུངས་ཀྱི་དྲན་པ་བསྟན་ཞིང་མི་ཉམས་པའི་ཐབས་ཤེས་པའོ།། ་བཟོད་པའི་རྗེས་སུ་འགྲོ་བའོ་ཤེས་པ་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ལ་བཟོད་པ་དང་སྡུག་བསྔལ་བ་ལ་ཛི་མི་སྙམ་པའི་བཟོད་པ་དང་རྗེས་སུ་མཐུན་པའི་ཆོས་གང་ཡིན་པ་ཤེས་པའོ། །བློ་གྲོས་ཀྱིས་སོ་སོར་རྟོགས་པའི་ཤེས་པ་ནི་ཤེས་རབ་ཀྱི ་རང་བཞིན་གྱི་བློས་ཆོས་རྣམས་ལ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །བདག་ལ་རྟོག་པའི་ཤེས་པ་ནི་བདག་གི་ངོ་བོ་ཉིད་ཇི་ལྟར་ཡིན་པ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །བདེན་པ་རྣམས་ལ་རབ་ཏུ་རྟོག་པར་ཤེས་པ་ནི་འཕགས་པའི་བདེན ་པ་བཞིའི་མཚན་ཉིད་མ་ནོར་པར་ཤེས་པའོ། དེ་དག་ཇི་ལྟར་མ་ནོར་བར་ཤེས་ཞེ་ན། དེའི་ཕྱིར་སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཉིད་ངོ་བོ་མེད་པའི་མ་བྱུང་མ་སྐྱེས་པར་ཤེས་པའོ། ། ་ཀུན་འབྱུང་བ་ལ་མངོན་པར་འདུ་མ་བྱེད་པར་ཤེས་པ་ནི་ཀུན་འབྱུང་བའི་ངོ་བོ་ཉིད་མེད་པར་ཤེས་པས་སྡུག་བསྔལ་གྱི་ཕུང་པོ་བསྐྱེད་པའི་བྱ་བ་མི་བྱེད་པར་ཤེས་པའོ། །འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ་ནི་རི་བོང་གི་རྭ་དང་མོ ་གཤམ་གྱི་བུ་ལ་མཚན་ཉིད་མེད་པར་བཞིན་དུ་འགོག་པའི་རང་བཞིན་མྱ་ངན་ལས་འདས་པ་ཡང་དངོས་པོ་མ་ཡིན་པས་སྐྱེ་བ་དང་གནས་པ་ལ་སོགས་པའི་མཚན་ཉིད་མེད་པར་ཤེས་པའོ། །ལམ་ལ་སྒྲོལ་བར་ཤེས ་པ་ནི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ཡིན་པར་ཤེས་པའོ། །ཆོས་རྣམས་ལ་ཚིག་རབ་ཏུ་དབྱེ་བ་ཤེས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དོན་སོ་སོར་འབྱེད་ཅིང་བཤད་པ་ལ་མཁས་པའོ། །དྲན་པ་ཉེ་བར་བཞག་པ་རྣམས ་ལ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་ཤེས་པ་ནི་ལུས་དང་ཚེ་རབ་དང་སེམས་དང་ཆོས་རྣམས་དངོས་པོ་མེད་པས་དྲན་ཞིང་ཡིད་ལ་བྱར་མེད་པར་ཤེས་པའོ། །དེ་ལ་འཕྲལ་དུ་ཡིད་ལ་མི་འཛིན་པ་ནི་དྲན་པ་ཤེས་པའོ། །ཕྱིས་ཀྱང་ཡང་ནས ་ཡང་དུ་ཡིད་ལ་མི་བྱེད་པ་ནི་ཡིད་ལ་བྱ་བ་མེད་པའོ། །ཡང་དག་པའི་སྤོང་བ་རྣམས་ལ་ཞེས་བྱ་བ་ནི་ཡང་དག་པའི་སྤོང་བ་རྣམ་པ་བཞི་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང། སྐྱེས་པ་རྣམས་འཕེལ་བར་བྱ་བ་དང་སྡིག་པ་མི ་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང། སྐྱེས་པ་རྣམས་སྤངས་པ་སྟེ། དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང། སྐྱེས་པ་རྣམས་འཕེལ་བར་བྱ་བ་ནི་དགེ་བ་ལ་འཇུག་པའི་ཤེས་པའོ། །སྡིག་པ་མི་དགེ་བའི་ཆོས ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་སྐྱེས་པ་རྣམས་སྤོང་བ་ནི་མི་དགེ་བ་ལ་འཇུག་པའི་ཤེས་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་བ་རྣམས་ལ་ཞེས་བྱ་བ་ནི་འདུན་པ་དང། བརྩོན་འགྲུས་དང་སེམས་དང་དཔྱོད་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི ་ལུས་དང་སེམས་ལས་སུ་རུང་བར་བྱེད་པ་ཡིན་པར་ཤེས་པའོ། །དབང་པོ་རྣམས་ལ་འཇུག་པ་ཤེས་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་ཆོས་ཀྱི་དོན་མཐོང་ཞིང་རྟོགས་པར་བྱེད་པ་ཡིན་པར་ཤེས་པའོ། །སྟོབས་ལ་མི་རྫི་བར ་ཤེས་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་སྟོབས་ལྔ་རྣམས་ལ་མ་དད་པ་ལ་སོགས་པས་མི་ཚུགས་པའི་རང་བཞིན་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་ཤེས་པ་ཞེས ་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་འདུན་རྣམས་ལ་ནི་དེ་དག་གི་ཆོས་ཐམས་ཅད་ཀུན་འགྲེ་བའི་མཚན་ཉིད་དུ་རྟོག་པར་བྱེད་པ་ཡིན་པར་ཤེས་པའོ། །ལམ་ལ་འགྲོ་བ་དང་འོང་བ་མེད་པར་ཤེས་པ་ཞེས་བྱ་བ་ནི་ཡང་དག་པར་ནི་ལམ་དང་ལམ་གྱི ་འབྲས་བུ་དང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱང་མེད་པ་ཡིན་པས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱིས་གང་དུ་ཡང་འགྲོ་བ་དང་འོང་བ་མེད་པར་ཤེས་པའོ། །ཞི་གནས་ལ་གནས་པར་ཤེས་པ་ཞེས་བྱ་བ་ནི་ཞི་གནས་ཐམས ་ཅད་ལ་སེམས་རྩེ་གཅིག་ཏུ་གནས་པའི་མཚན་ཉིད་ཡིན་པར་ཤེས་པའོ། །ལྷག་མཐོང་ལ་སྣང་བར་ཤེས་པ་ཞེས་བྱ་བ་ནི་ལྷག་མཐོང་ཐམས་ཅད་ལ་ཆོས་ཀྱི་མཚན་ཉིད་རྟོགས་པར་བྱེད་པའི་རང་བཞིན་ཡིན་པར་ཤེས་པའོ། །སྒྱུ་མ་ལ་བསྒྲུབས་པ་ཡིན་པར་ཤེས་པ་ནི་སྒྱུ་མའི་གླང་པོ་དང ་མི་ལ་སོགས་པ་ལ་སྨན་དང་སྔགས་ཀྱི་མཐུས་བསྒྲུབས་པ་ཡིན་པར་ཤེས་པར་བྱའོ། །སྨིག་རྒྱུ་ལ་ནོར་བར་ཤེས་པ་ཞེས་བྱ་བ་ནི་སྨིག་རྒྱུ་རྣམས་ལ་ཆུ་མ་ཡིན་གྱི། ཆུ་ལྟ་བུར་འཁྲུལ་པར་སྣང་བ་ཡིངས་ཤེས་པོ་རྨི་ལམ་ལ་ཡང་དག་པ་མ་ཡིན་པ་མཐོང་བར་ཤེས ་པ་ཞེས་བྱ་བ་ནི་རྨི་ལམ་ན་སྣང་བའི་ཆོས་ཐམས་ཅད་མེད་བཞིན་དུ་མཐོང་བར་ཤོས་པའོ། །བྲག་ཅ་ལ་རྐྱེན་དུ་དམིགས་པའི་ཤེས་པ་ཞེས་བྱ་བ་ནི་བྲག་ཅའི་སྒྲ་ཐམས་ཅད་སྒྲ་གཞན་གྱིས་རྐྱེན་ལས་བྱུང་བར་ཤེས་པའོ། །མིག་ཡོར་ལ་མི་འཕོ་བར་ཤེས་བ ་ཞེས་བྱ་བ་ནི་ཁང་པའི་ནང་གི་ཉི་ཟེར་གྱི་འོད་པས་གཟུགས་དུ་མར་སྣང་བ་སྣང་ཡང་ཆུད་འཕྲས་པ་མེད་པར་ཤེས་པའོ། །མཚན་ཉིད་ཐ་དད་པ་རྣམས་ལ་མཚན་ཉིད་གཅིག་ཏུ་ཤེས་པ་ནི་མཚན་ཉིད་ཀྱི་བདེན་པའི་སྐབས་སུ་བཤད་པ་བཞིན་དུ་ཤེས ་པ་ལ་བྱའོ། །འདུ་བ་རྣམས་ལ་འབྲལ་བར་ཤེས་པ་ཞེས་བྱ་བ་ནི་འདུས་ཤིང་ཚོགས་པའི་དངོས་པོ་ཐམས་ཅད་མཐར་བྱེ་ཞིང་འབྲལ་པར་འགྱུར་བ་ཤེས་པའོ། །མཚམས་སྦྱོར་བ་ལ་མཚམས་སྦྱོར་བ་མེད་པར་ཤེས་པ་ཞེས ་བྱ་བ་ལ། ཚེ་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བ་ནི་མཚམས་སྦྱོར་བའོ། །དོན་དམ་པར་ན་ཆོས་གང་ཡང་སྐྱེ་ཞིང་མཚམས་སྦྱོར་བ་མེད་པར་ཤེས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་གཞན་གྱི་སྒྲའི་རྗེས་སུ་འགྲོ་བས་འཇུག་པར་ཤེས་པ་ཞེས ་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་ལ་འདི་འདྲ་བར་ཤེས་ཏེ། མཁན་པོ་དང་སློབ་དཔོན་གྱིས་བཤད་པའི་སྒྲ་ལ་བརྟེན་ནས་གང་ཟག་ལ་བདག་མེད་པར་དམིགས་པར་བྱེད་པར་ཤེས་པའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞེས་བྱ་བ་ནི་རང ་སངས་རྒྱས་ཀྱི་ཐེག་པ་ལ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་ཁོང་དུ་ཆུད་པར་བྱེད་པ་དང། ལུས་དབེན་པར་གནས་པ་དང། སེམས་དབེན་པར་གནས་པ་ཡིན་པར་ཤེས་པའོ། །ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི ་ཐེག་པ་ཆེན་པོ་ལ་ནི་ཐེག་པ་དེ་འདོད་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་སོགས་པར་བྱེད་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་སོགས་པར་བྱེད་པ་ཡིན་པའོ། །དོན་སོ་སོར་ཡང་དག་པ་རིག་པའི་རྣམ ་གྲངས་གཞན་ཡང་བསྟན་པའི་ཕྱིར་རོ། །གཞན་ཡང་དོན་སོ་སོར་ཡང་དག་པར་རིག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་སོ་སོ་ཡང་དག་པར་རིག་པ། གང་གིས་ཤེས་བྱ་བ་ནི་དོན་སོ་སོར་ཡང་དག་པ་རིག་པའི་རིག་པ་གང་གིས། དོན ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གང་གིས་ཤེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་དོན་ལ་རྟོག་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དོན་གང་ཡིན་པའི་དེ་ལ་རྟོན། དོན་དེ་ཁོང་དུ་ཆུད་པར་བྱེད་པའི ་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་དོན་ལ་རྟོན་ཅེ་ན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཞེས་བྱ་བ་ནི་སྟོང་པ་སྟེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། །མི་སྐྱེ་བ་ནི་མ་འོངས་པའི་དུས་སུ་མི་སྐྱེ་བའོ། །མ་བྱུང་བ་ནི་འདས་པའི ་དུས་མ་སྐྱེས་པའོ། །དངོས་པོ་མེད་པ་ནི་ད་ལྟར་གྱི་དུས་ན་ཡང་རང་བཞིན་མེད་པའོ། །མ་ལུས་པར་དབེན་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཏེ། འདི་ཡན་ཆད་ཀྱིས་ཆོས་ཐམས་ཅད་ལ་བདག་མེད་པ་དེ་དོན་ཡིན་པར་བསྟན་ཏོ། །ཆོས ་ཐམས་ཅད་ནི་མ་ལུས་པར་བདག་མེད་ཅེས་བྱ་བ་མན་ཆད་ཀྱིས་གང་ཟག་ལ་བདག་མེད་པ་དོན་ཡིན་པར་སྟོན་ཏོ། །གང་འདི་ལྟ་བུའི་ཆོས་རྟོག་པ་ཞེས་བྱ་བ་ནི་གང་སྟོང་དུ་བསྟན་པ་ལྟ་བུ་སོ་སོ་ཐམས་ཅད་རྟོགས་པའོ། །དོན་སོ་སོ ་ཡང་དག་པར་རིག་པ་རྒྱས་པར་བཤད་པ་རྣམས་བསྡུས་ཏེ། བསྟན་པའི་ཕྱིར། གང་འདིར་བསྟན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེ་འདི་ལས་དོན་སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བཤད་པ་དེ ་དངོས་པོ་དང་མཚན་མ་ཐམས་ཅད་ལས་འདས་པའི་ཕྱིར་ཐོགས་པ་མེད་པ་བསྟན་པ་ལ་སོགས་པའོ། །ཡང་ན་ཆོས་ཐམས་ཅད་སྟོང་པའི་དོན་དུ་བསྟེན་པས་ན་ཐོགས་པ་མེད་པར་བསྟན་པའོ། །ཐམས་ཅད་སྒྲིབ་པ་གཉིས་ལས་འདས་པའི ་མཚན་ཉིད་དུ་སྟོན་པས་ན་ཆགས་པ་མེད་པར་བསྟན་པའོ། །དུས་གསུམ་དུ་ཡང་སྐྱེ་བ་དང་འགག་པ་མེད་པར་སྟོན་པས་ན་མི་ཟད་པར་བསྟན་པའོ། །ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་མཚན་ཉིད་དུ་སྟོན་པས་ནི་ཆོས་ཐམས་ཅད་ཐོབ ་པར་བསྟན་པ་ཞེས་བྱའོ། །དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་ཆོས་བསྟན་པ་ལ་མི་ཟད་པ་ཡིན་ཏེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་དེ་ལ་བསྟན་པ་མཛའ་ཡས་ཏེ། ཟད་མི ་ཤེས་པས་ན་དོན་ཐམས་ཅད་བསྟན་པ་ལ་མི་ཟད་པ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བཀའ་སྩལ་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་དེ་སྐད་དུ་འཆད་ཅེས་བྱ་བའོ་དོན ་ཏོ། །ཡང་དག་པར་རྗེས་སུ་ཐུགས་རང་བ་ཞེས་བྱ་བ་ནི་གཞན་དེ་ལྟར་འཆད་པ་རྣམས་ལ་ཡང་ཐུགས་དགྱེས་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན་དེ་ལྟར་སྟོན་པའི་དོན་ཏོ། །ཡང་དག་པ་དང་དེ་ཁོ་ན་ཉི་དང་མ་ལོག་པ་དང་གཞན་ནམ་ཡིན ་པའི་ཕྱིར་རོ། །ཇི་ལྟར་ཕྱིན་ཅི་མ་ལོག་ཅེ་ན། ཤེས་རབ་དང་ཡེ་ཤེས་ཀྱི་རྟོགས་པས་ཡིན་ལ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདུ་ཤེས་པ་ཞེས་པ་བསྟན་པའི་ཕྱིར། དེ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་གསུངས་ཏེ། འདིར་ཡང་ཆོས་སོ ་ཡང་དག་པར་རིག་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བར་སྦྱར་རོ། །དེ་ཡང་སོ་སོ་ཡང་རིག་པར་བྱ་བའི་ཆོས་རྣམས་མི་ཟད་པས་ན་མི་ཟད་པའོ། །འདིར་དོན་དང་ཆོས་ཉིད་བྱེ་བྲག་མེད་པ་འདྲ་མེད་ཀྱི་དོན་ནི་བསྟན་ཅིང་རྟོགས་པའི་ཡུལ་ལྟ་བུར ་རིག་པར་བྱའོ། །ཆོས་ནི་སྟོན་ཅིང་རྟོག་པར་བྱེད་པ་ལྟ་བུར་རིག་པར་བྱའོ། །ཡང་ན་ཆོས་ནི་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་མིང་གིས་འོག་ནས་སྨོས་པ་རྣམས་ལ་བྱའོ། །དོན་ནི་དེ་ཉིད་ཀྱི་དོན་ཡོངས་སུ་གཅོད་ཅིང་བྱེ་བྲག་ཏུ་དབྱེ ་བ་ལ་བྱའོ། །ཡང་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཆོས་དེ་དང་དེ་དག་གི་མིང་གང་དང་གང་ཡིན་པ་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །གང་ཆོས་ཐམས ་ཅད་ལ་རྗེས་སུ་འཇུག་པ་ཤེས་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་དོན་དང་མཐུན་པར་ཡང་དག་པར་ཤེས་པ་ལ་བྱའོ། །ཆོས་དེ་དག་གང་ཞེ་ན། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ ་རྣམས་སོ། །ཡང་ན་དགེ་བ་དང་མི་དགེ་བ་ལ་སོགས་པ་སྨོས་པའི་ཆོས་རྣམས་སོ་སོའི་མིང་གང་ཡིན་པ་དང་དོན་གང་ཤེས་པ་ནི་ཆོས་ཐམས་ཅད་ལ་རྗེས་སུ་ཞུགས་པ་ཤེས་པ་ཞེས་བྱའོ། །ཉེ་བར་སོང་བ་རྣམས་ལ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་དུ ་གྱུར་པ་འམ། དེ་དག་གི་ཆར་གཏོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་ཤེས་པ་ཞེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམ་པ་སྣ་ཚོགས་རྣམས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རོ་གཅིག་པའོ། །བྱང་ཆུབ་མཉམ་པ ་ཉིད་དུ་ཤེས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་དང་ཐ་དད་མི་དད་པར་ཤེས་པའོ། །ཁམས་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་ནི་མིག་གིས་ཁམས་ལ་སོགས་པ་ཁམས་ཀྱི་སྐབས་སུ་བསྟན་པ་ལྟར་ཆོས་ཀྱི་དབྱིངས་སུ་མཉམ ་པ་ཉིད་དུ་ཤེས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་རྣམ་གྲངས་གཞན་བསྟན་པའི་ཕྱིར། གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་འདོད་ཆགས་སྤྱོད་བའི་སེམས་ཅན་རྣམས་ཀྱིས་སེམས་ལ་འཇུག ་ཅིང་འབབ་པར་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་རང་བཞིན་གྱི་འདོད་ཆགས་ཅན་རྣམས་ཀྱི་སེམས་ལ་འདོད་ཆགས་ཅན་ཡིན་པར་ཤེས་པའོ། །ཡང་ན་སེམས་ཅན་འདོད་ཆགས་ལ་སྤྱོད་པའི་རྣམས་འདོད་ཆགས་སྐྱེ་བའི་ཡུལ་གང་དང་གང་ལ་དམིགས་པ་འདོད་ཆགས་སྐྱེས་པར་གྱུར་པ་ན ་ཡུལ་འདི་དང་འདི་ལ་དམིགས་ནས་འདོད་ཆགས་སྐྱེས་སོ་ཞེས་ཤེས་པ་ནི་འདོད་ཆགས་སྐྱེས་སོ་ཞེས་ཤེས་པ་ནི་འདོད་ཆགས་སྤྱོད་པའི་སེམས་ཅན་གྱི་སེམས་ལ་འཇུག་ཅིང་འབབ་པར་ཤེས་པ་ཞེས་བྱའོ། །འདོད་ཆགས་སྤྱོད་པ་གང་ཡིན་དུ་ཞིག་ཡོད་ཅེ་ན། བཅོམ་མའི་འདོད་ཆགས ་སྤྱད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཉི་ཁྲི་ཆིག་སྟོང་ཡོད་དོ། །ཞེས་བྱ་བར་སྦྱར་རོ། །བཅོས་མའི་འདོད་ཆགས་སྤྱོད་པ་ནི་རང་བཞིན་གྱིས་འདོད་ཆགས་ཤེས་ཆེ་བ་མ་ཡིན་ཡང་གཞན་གྱི་སེམས་དང་སྦྱར་ཞིང་ཕ་རོལ་གྱི་དོར? ་འདོད་ཆགས་ཆེ་བ་ལྟ་བུར་སྟོན་པའོ། །དེ་ལས་ཟློག་ནས་བཅོས་མ་མ་ཡིན་པའི་འདོད་ཆགས་སྤྱོད་པ་སྟེ་རང་བཞིན་གྱིས་འདོད་ཆགས་དང་ལྡན་པའོ། །སྣརེལ་གཞིའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཞེ་སྡང་གི་རང ་བཞིན་ཅན་ལ་འདོད་ཆགས་སྤྱོད་པ་དང་འདྲ་བར་སྣང་བ་འམ། འདོད་ཆགས་ཀྱི་ཤས་ཆེ་བ་ལ་ཆུང་པ་འདྲ་བར་སྣང་བའམ། འདོད་ཆགས་ཀྱི་ཤས་ཆུང་བ་ལས་ཆེ་བར་སྣང་བའོ། །ལྟ་བའི་འདོད་ཆགས་སྤྱོད་པ་ནི་ལྟ་བ་རྣམ་པ་སྣ་ཚོགས་ལ་ཆགས ་པའོ། །མི་ཟད་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བས་དེའི་རྐྱེན་གྱི་སེམས་ཀྱང་འཁྲུག་ཅིང་ལུས་ཀྱི་སྤྱོད་པ་རྣམས་ཀྱང་གྱུར་པར་སྣང་བའོ། །འཇམ་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་ཤས་ཆུང་བས ་དང་དེའི་རྐྱེན་གྱིས་ལུས་དང་སེམས་འཁྲུག་པ་མེད་པའི་འདོད་ཆགས་ཅན་ནོ། །ཡང་པའི་འདོད་ཆགས་སྤྱོད་པ་ནི་དེ་བས་ཀྱང་འདོད་ཆགས་ཤས་ཆུང་བས་འདོད་ཆགས་སྤངས་པར་སླབ་རྣམས་སོ། །ཀུན་རྫོབ་ཀྱི་འདོད་ཆགས་སྤྱོད་པ་ཞེས་བྱ་བ ་ནི་རྐུན་རྫོབ་ཀྱི་ཐ་སྙད་མང་པོ་ལ་ཆགས་པ་རྣམས་སོ། །སྦྱོར་བའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཆོས་ལ་ཆགས་པ་སྟེ། བསམས་པ་ལ་སོགས་པ་ཡང་དེ་བཞིན་ནོ། །མཚན་ཉིད་ཀྱི་འདོད་ཆགས་སྤྱོད་པ་ཅེས་བྱ་བ་ནི། ་ཆོས་རྣམས་ཀྱི་མཚན་ཉིད་ལ་ཆགས་པའོ། །མཚན་ཉིད་མི་མཐུན་པའི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཁ་ཅིག་ཅི་ལ་ཆགས་ཁ་ཅིག་ཅི་ལ་ཆགས་ཏེ། འདོད་ཆགས་ཡོད་པ་མི་འདྲ་བའོ། །རྣམ་པར་བཞག་པའི་འདོད་ཆགས་སྤྱོད་པ་ཞེས ་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་འཇིག་རྟེན་དུ་བཞག་པ་ལ་ཆགས་པའོ། །སྔོན་གྱི་མཛའ་ཨི་རྐྱེན་གྱི་འདོད་ཆགས་སྤྱོད་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའི་ཡུལ་འདས་པ་རྣམས་དྲན་ནས་འདོད་ཆགས་སྐྱེ་བའོ། །ཕྱི་མའི་མཛའ་རྐྱེན ་གྱིས་འདོད་ཆགས་སྤྱོད་པ་ཞེས་བྱའོ། །མ་འོངས་པ་ནི་ཡང་ཆགས་པར་གྱུར་པའི་གཟུགས་འདི་འདྲ་བའི་ཞིག་དང་ཕྲད་པར་གྱུར་ཅིག་ཅེས་དམིགས་པ་ལས་འདོད་ཆགས་འབྱུང་བའོ། །ད་ལྟར་བྱུང་བའི་རྐྱེན་གྱི་འདོད་ཆགས་པ་ཞེས ་བྱ་བ་ནི། ད་ལྟར་འདོད་ཆགས་སྐྱེ་བའི་རྐྱེན་དང་ཕྲད་ནས་འདོད་ཆགས་སྐྱེས་པའོ། །སེམས་ཅན་ནང་དུ་འདོད་ཆགས་ལ་ཞེས་བྱ་བ་ལ་སོགས་པ་ནི། བསམ་གཏན་གྱི་རོ་ལ་ཆགས་ཤིང་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་ཡོད་པའོ། ་ཡང་ན་ནང་དུ་སེམས་ལ་འདོད་ཆགས་འབྱུང་བའི་ཤས་ཆེ་ལ་ཕྱི་རོལ་ཏུ་འདོད་ཆགས་དང་འདྲ་བར་མི་སྣང་བའོ། །སེམས་ཅན་ཕྱི་རོལ་ཏུ་འདོད་ཆགས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་འདོད་པའི་ཡོན་ཏན་ལ་ཆགས་པའི་ཤས་ཆེ་ལ ་བསམ་གཏན་གྱི་རོལ་ཆགས་པ་མེད་པ་འམ། ཕྱི་རོལ་གྱི་སྤྱོད་པ་འདོད་ཆགས་ཀྱི་ཤས་ཆེ་བ་འདྲ་བར་སྣང་ལ། སེམས་ལ་འདོད་ཆགས་ཀྱི་ཤས་ཆེ་བ་མ་ཡིན་པའོ། །སེམས་ཅན་ནང་དུ་འདོད་ཆགས་ལ་ཞེས་བྱ་བ་ལ་སོགས་པ་ནི་བསམ ་གཏན་གྱི་རོ་ལ་ཡང་ཆགས་ཤིང་ཕྱིའི་ཡུལ་རྣམས་ལ་ཡང་ཆགས་པ་འམ། ནང་དུ་ཡང་འདོད་ཆགས་ཀྱི་ཤས་ཆེ་ཞིང་ཕྱི་རོལ་ཏུ་ཡང་འདོད་ཆགས་ཤས་ཆེ་བ་འདྲ་བར་སྣང་བའོ། །དེ་ལས་བཟློག་ནས་སེམས་ཅན་ནང་དུ་ཡང་འདོད་ཆགས ་མེད་ལ་ཕྱི་རོལ་ཏུ་ཡང་འདོད་ཆགས་མེད་པ་སྟེ། བསམས་གཏན་གྱི་རོ་དང་ཕྱིའི་ཡུལ་གཉི་ག་ལ་མ་ཆགས་པའོ། །འཇུག་པ་སྟེ་ཞེས་བྱ་བ་ནི་ཆགས་པའི་ཡུལ་ལ་སེམས་འཇུག་པ་འམ། འདོད་ཆགས་སྤྱོད་པ་རྣམས་ཀྱི་ཚུལ་དང་རང ་བཞིན་ན་མ་རྣམ་པར་དབྱེ་བ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་སྒོ་འདིས་ཞེས་བྱ་བ་ནི་ཚུལ་འདིས་བསྒྲེས་ན་ཞེས་བྱ་བའི་ཐ་ཚིག་གོ་ཞེ་སྡང་དང་གཏི་མུག་སྤྱོད་པ་ལ་ཡང་འདོད་ཆགས?་།བཅོས་མའི་ཞེ་སྡང་སྤྱོད་པ་ཞེས་བྱ་བ་ལ་སོགས ་པར་སྦྱར་རོ། །ཆ་མཉམ་པ་ལ་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་ཆར་ཡང་ཆེ་ཆུང་མེད་དེ་ཆ་མཉམ་པའོ། །སེམས་ཀྱི་འཇུག་པ་ཞེས་བྱ་བ་ནི་དང་པོ་ཉིད་དུ་འདོད་ཆགས་ཀྱི་སེམས ་སྐྱེས་པ་ཤེས་པའོ། །འབབ་པ་ཤེས་པ་ནི་འདོད་ཆགས་དངོས་སུ་སྤྱོད་པར་ཤེས་པའོ། །སོ་སོ་ཅི་རིག་པར་ཆོས་སྟོན་པ་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་གང་ལ་ཆོས་གང་བསྟན་པར་ཤེས་པ་སྟེ། འདོད་ཆགས་ཅན་རྣམས་ལ་མི་གཙང་བ་བསྒོམ ་པ་བསྟན་པར་བྱ་བ་ལ་སོགས་པ་ཤེས་པའོ། །དུས་ལས་མི་འདའ་བར་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་སྨིན་པའི་དུས་དང། ཆོས་བསྟན་པའི་དུས་ཤེས་ནས། དེ་བཞིན་དུ་སྨིན་པ་དང་ཆོས་སྟོན་པར་བྱེད་པའོ། །སྣོད་ཀྱི་བྱེ་བྲག་ཇི་ལྟ་བ ་བཞིན་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་གང་ཆོས་གང་དང་ཐེག་པ་གང་གི་སྣོད་ཡིན་པར་ཤེས་པའོ། འབྲས་བུ་ཡོད་པར་ཆོས་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཆོས་བསྟན་པ་རྣམས་ཀྱང་མཇུག་དུ་དོན་ཡོད་ཅིང་འབྲས་བུ་འགྱུར་བ་དེ་ལྟ ་བུའི་ཆོས་བསྟན་པར་ཤེས་པའོ། །མ་ཚང་མ་ལྷག་པར་ཆོས་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཆོས་བསྟན་པ་དེ་དག་ལ་ཡང་བསྐྱེད་སྐུར་མེད་པར་བྱ་སྟེ་བསྟན་པ་ཤེས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་བཤད་ཟིན་ཏོ།། །། ་ཐ་སྙད་ཤེས་པ་བསྟན་པའི་ཕྱིར། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་ཤེས་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སོ་སོའི་སྐད་གང་ཡིན ་པ་ཤེས་པའོ། །སྐད་ནི་སོ་སོའི་སྐད་རྣམས་སོ། །སྒྲ་ནི་གང་གིས་གདངས?་རྣམས་སོ། །དབྱངས་ནི་གདངས་དེ་ཉིད་ཀྱི་སྙན་པ་དང། མི་སྙན་པའི་བྱེ་བྲག་གོ་།ཚིག་གི་ལམ་ནི་སེམས་ཅན་སོ་སོའི་མི་གེ་རྣམས་སོ། །ངེས་པའི་ཚིག་ཐོགས་པ་དང ་བཅས་པས་གཟུགས་ཞེས་བྱ་བ་ལ་སོགས་པའོ། །བརྡ་ནི་དོན་བརྡ་ཕྲད་པར་ནུས་པའི་ཚིག་རྐང་པ་ཚང་བའོ། །སྤྱོད་པ་ནི་སེམས་ཅན་སོ་སོའི་སྤྱོད་པ་འམ་དོན་གང་ལ་མིང་གང་བཏགས་པའོ། །གཞན་ཡང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི ་སྤྱོད་པ་འདི་དག་ཅེས་བྱ་བ་ལ་སོགས་པས་ནི། ངེས་པའི་ཚིག་གི་གང་གྲངས་གདགས་པ་རྣམ་པར་བཞག་པ་དང། གང་ཟག་གདགས་པ་རྣམ་པར་གདག་པ་དང། དུས་གདགས་པ་རྣམ་པར་བཞག་པ་དང། ཡི་གེའི་བརྡ་ཤེས་པ་ཅིག་གི་ཚོགས་ཀྱང ་ཤེས་པ་མན་ཆད་མདོའི་ཚིག་གསུམ་གྱི་གོ་རིམ་བཞིན་དུ་བསྟན་པར་ཤེས་པར་བྱའོ། །ངེས་པའི་ཚིག་སོ་སོའི་ཡང་དག་པར་རིག་པ་རྣམ་གྲངས་གཞན་བསྟན་པའི་ཕྱིར། གཞན་ཡང་ངེས་པའི་ཚིག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས ་ཐམས་ཅད་འགོག་པ་ལ་ཚིག་གིས་ཆོས་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་པ་མེད་པའི་མཚན་ཉིད་ལ་ངེས་པའི་ཚིག་དེས་བསྟན་ན་སྐྱེ་བ་མེད་པའི་རང་བཞིན་ཤེས་པར་བྱེད་དེ་དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས ་བྱའོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེའི་ཞེས་བྱ་བའི་ཐ་ཚིག་གོ་།ཐོགས་པ་མེད་པ་ཞེས་བྱ་བ་ནི་བསྟན་པར་བྱ་བ་ཐམས་ཅད་སྟོན་པའི་ཕྱིར་རོ། །འཁྲུལ་བ་མེད་པ་ཞེས་བྱ་བ་ནི་མ་ནོར་ཅིང་ཕྱིན་ཅི་མ་ལོག་པར་སྟོན་པས་སོ། །ཤིན་ཏུ་རྣམ ་པར་བཞག་པ་ཞེས་བྱ་བ་ནི་གང་བསྟན་པ་དེ་ཡང་གཏན་ལ་འབེབས་པས་སོ། །ཟློས་པ་མེད་པའི་ཚིག་ནི་ཡང་ནས་ཡང་དུ་མི་བཟློས་པའི་ཕྱིར་རོ། །མི་དྲག་པ་ནི་ཉན་པ་རྣམས་ཀྱི་རྣ་བའི་དབང་པོ་ལ་གནོད་པར་མི་བྱེད་པས་སོ། །མ་བརྟབས་པ་ནི་ཚིག ་མྱུར་བ་དང། དུམ་དུམ་པོར་སྨྲ་པ་མེད་པས་སོ། །ཟུར་ཕྱིན་པ་ནི་ཚིག་དང་ཡི་གེར་གསལ་བར་སྨྲ་བས་སོ། །རྣམ་པར་གསལ་བ་ནི་ཚིག་དང་ཡི་གེ་མ་ཆད་པར་སྨྲ་བའི་ཕྱིར་རོ། །དོན་དང་ཡི་གེས་བསྐོར་བ་ནི་དོན་བཟང་པོ་དང་ཡི་གེ་བཟང་པོ་སྟོན་པའི་ཕྱིར་རོ།། ་ཇི་ལྟ་བ་བཞིན་དུ་འཁོར་ཚིམ་པར་བྱེད་པ་ནི་སོ་སོའི་སྐད་དང་སྒྲས་སོ་སོའི་བསམ་པ་ཚིམ་པར་བྱེད་པའི་ཕྱིར་རོ། །རྣམ་པ་སྣ་ཚོགས་པ་ནི་ཆོས་གཅིག་ལ་ཡང་རྣམ་གྲངས་དུ་མས་འཆད་པའི་ཕྱིར་རོ། །ཟབ་མོ་ནི་དོན ་ཟབ་མོ་རྟོགས་པར་བྱེད་པའམ། དོན་ཟབ་མོ་དང་མཐུན་པར་བྱེད་པའི་ཕྱིར་རོ། །ཟབ་པར་སྣང་བ་ནི་ངེས་པའི་ཚིག་དེ་ཉིད་གཞན་གྱིས་ཤེས་པར་དཀའ་བས་སོ། །ཀུན་རྫོབ་དང་དོན་དམ་པས་བརྒྱན་པ་ནི་ཀུན་རྫོབ་དང་དོན་དམ་པར་འཕྲུག ་པའི་ཆོས་སྟོན་པའི་ཕྱིར་རོ། །རང་གི་སེམས་རྟོགས་པ་ནི་བདག་རང་གི་སེམས་ཀྱི་དངོས་པོ་ཅི་འདྲ་བ་ཕྱིན་ཅི་མ་ལོག་པར་ཤེས་པའོ། །ཤེས་བ་རྟོགས་པ་ནི་བདག་གིས་དོན་དང་ཚིག་གི་ཤེས་པ་དེ་ཉིད་རང་གི་རྟོག་པའོ། །ལྟ་བ་རྟོགས ་པ་དང་གིས་ལྟ་བའི་གྲུབ་པའི་མཛའ་གང་ཡིན་པ་ཤེས་པའོ། །སངས་རྒྱས་ཀྱི་བཀའ་སྩལ་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱང་དེ་ཁོ་ན་སྐད་གསུངས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་མགུ་བར་བྱེད་པ་ནི། ངེས་པའི་ཚིག་དེས ་སེམས་ཅན་རྣམས་དང་པ་སྐྱེད་པའི་ཕྱིར། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་བཤད་ཟིན་ཏོ།། །།བརྗོད་པ་ཤེས་པ་བསྟན་པའི་ཕྱིར། དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་དེ་ཡང་རྣམ་པ་གསུམ་གྱིས་རིགས་པར་བྱ་སྟེ། སྤོབས་པ་གང་ཡིན་པ་དང། གང་ལ་སྤོབས་པ་དང། ཇི་ལྟར་སྤོབས་པའོ། །དེ་ལ་འདི་ལྟ་སྟེ། ཆགས་པ་མེད་པར་ལུས་བསྒོ་བ་ཞེས་བྱ་བ་ནས་བརྩམས་ཏེ། འབྲས་བུ་ཡོད་པ་ཞེས་བྱ་བ ་ཡན་ཆད་ཀྱིས་སྤོབས་པ་གང་ཡིན་པ་བསྟན་ཏོ། །ཇི་ལྟར་དྲིས་པ་བཞིན་དུ་སྤོབས་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཚིམ་པར་བྱས་ལ་སྤོབས་པ་སྟེ། ཞེས་བྱ་བ་ཡན་ཆད་ཀྱི་གང་ལ་སྤོབས་པ ་བསྟན་ཏེ། མི་འདོར་མི་ལྐུག་ཅེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡན་ཆད་ཀྱི་ཇི་ལྟར་སྤོབས་པ་བསྟན་ཏོ། །ཆགས་པ་མེད་པར་ལུང་བསྒོ་པ་བསྟན་པ་ཤེས་པ་ཞེས་བྱ་བ་ལ། དྲིས་པའི་ལན ་ལོན་པ་ལ་ལུང་བསྒོ་པ་བསྟན་པ་ཤེས་པ་ཞེས་བྱ་སྟེ། ཆོས་དང་དོན་གང་དང་གང་དྲིས་པ་དེ་དང་དེ་དག་བསྟན་པ་ལ། བསམ་མི་དགོས་པར་ཤེས་པ་ལ། ཆགས་པ་མེད་པའོ། །ཕྲད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ནི་དུས་གཅིག་དུ ་སོ་སོ་ནས་མི་མཐུན་པ་མ་དྲིས་ཀྱང་ཕྲད་པར་བསྟན་པའི་ཕྱིར་རོ། །ཐོགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཕས་ཀྱི་རྒོལ་བ་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་ཐགས་ཐོགས་མེད་པའོ། །ཡང་ན་ཆོས་ཁ་ཅིག་སྟེན་ནུས ་བ་ཁ་ཅིག་སྟོན་མི་ནུས་པ་ནི་ཆགས་པ་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་སྟོན་པའི་ཕྱིར་རོ། །ཆགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པའོ། །རྒྱུ་འགའ་ཞིག་ལ་བརྟེན་ནས་སྟེན་པ་ནི་ཐོགས་པ་སྟེ། གང་ལ་ཡང་མི་བརྟེན་པར་སྟོན་པས ་ཐོགས་བ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་ཞེས་བྱའོ། །མྱུར་པའི་སྤོབས་པ་ཞེས་བྱ་བ་ནི་གཞན་གྱི་དྲིས་ན་མགོ་རྨོངས་པ་མེད་ཅིང་མྱུར་དུ་ལ་ན་ལོན་ལ། ཆོས་ཀྱི་དོན་ལ་མྱུར་དུ་འཇུག་པའི་ཕྱིར་རོལ་གོང་དུ་སྤོབས་པ་ནི་ཟུར་ཙམ་དྲིས་པས ་ཁྱད་གོང་འདྲི་བའི་དོན་མ་ལུས་པར་སྟོན་པའི་ཕྱིར་རོ། །མགྱོགས་པའི་སྤོབས་པ་ནི་དོན་ཕྲ་ཞིང་ཟབ་པ་རྟོགས་པར་བྱེད་པས་སོ། །འབྲས་བུ་ཡོད་པའི་སྤོབས་པ་ནི་དེའི་སྤོབས་པས་དེ་ཁོ་ན་རྟོག་ཤིང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་སོ། ། ་ཇི་ལྟར་དྲིས་པ་བཞིན་དུ་སྤོབས་པ་ནི་ཆོས་གང་དང་གང་དྲིས་པ་དེ་དང་དེ་དག་སྟོན་པར་བྱེད་པའི་ཕྱིར་རོ། །མི་འཕྲོགས་པའི་སྤོབས་པ་ནི་བྱང་ཆུབ་སེམས་དཔའ་དེའི་སྤོབས་པ་གཞན་གྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཡོངས་སུ་མི་ཉམས་པའི ་སྤོབས་པ་ནི་ནམས་ཀྱང་སྤོབས་པ་དེ་ལ་ཉམས་པ་མེད་པས་སོ། །ཤིན་ཏུ་འབྲེལ་པའི་སྤོབས་པ་ནི་ཚིག་དང་དོན་དུ་འབྲེལ་པ་སྨྲ་བའི་ཕྱིར་རོ། །རྟོགས་པའི་སྤོབས་པ་དེས་ཆོས་གང་དང་གང་བསྟན་པའི་ཆོས་དེ་དང་དེ་རྟོགས་པར ་བྱེད་པས་སོ། །ཆོས་ལ་དགའ་བའི་སྤོབས་པ་ནི་ཚིག་ཀྱལ་ཕ་སྤངས་ནས་རྟག་ཏུ་ཆོས་ཀྱི་གཏམ་ཤ་སྟག་སྨྲ་བའི་ཕྱིར་རོ། །བཟོད་པའི་སྟོབས་ལ་གནས་པའི་སྤོབས་པ་ནི་ཚིག་རྩུབ་པོ་སྨྲས་ཀྱང་ཞེ་སྡང་མི་ལྡང་ཞིང་ཚིག་རྩུབ་པོ་མི་སྨྲ་བའི ་ཕྱིར་རོ། །ཟབ་པ་ལ་སྤོབས་པ་ནི་ཅིག་ཏུ་སྟོང་པ་ཉིད་ཀྱི་ཆོས་མ་ནོར་བར་སྟོན་པའི་ཕྱིར་རོ། །སྣ་ཚོགས་ཀྱི་སྤོབས་པ་ནི་ཐ་སྙད་ཀྱི་གཏམ་སྣ་ཚོགས་སྟོན་པ་ལ་མཁས་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པ་ལ་སྤོབས་པ་ནི་ཀུན་རྫོབ་དང་དོན ་དམ་པར་བཅས་པའི་ཆོས་མ་ནོར་བར་བསྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཤེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་སོ་སོར་ཕྱེ་སྟེ་བསྟན་པ་ལ་མཁས་ཤིང་ཐོགས་པ་མེད་པར་བསྟན་པའོ། །གང་ངེས་པའི ་ཚིག་ལ་རྟོག་པས་ཚིག་གི་ཆོས་ཤེས་པ་ཞེས་བྱ་བ་ནི་སྤོབས་པ་དེས་ཐོགས་པ་དང་བཅས་པའི་ཕྱིར་གཟུགས་ཤེས་བྱ་བ་ལ་སོགས་པ་ངེས་པའི་ཚིག་གི་མཚན་ཉིད་ལ་རྟགས་པས་ཚིག་ཏུ་བྱ་བའི་ཆོས་ཐམས་ཅད་ལ་མཁས་པའོ། །འཇུག་པ་ཤེས་པའི་སྤོབས་པ ་ཞེས་བྱ་བ་ནི་སྤོབས་པ་དེ་གོང་དུ་ཆོས་སྨོས་པ་དེ་དག་གི་མཚན་ཉིད་ལ་འཇུག་ཆོས་དེ་དག་གི་མཚན་ཉིད་རྟོགས་པར་བྱེད་པའི་ཕྱིར་རོ། །ཐེག་པ་ཐམས་ཅད་ལ་སྤོབས་པ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་སྟོན་པའི་ཕྱིར་རོ། །ཡང་དག ་པ་ཇི་ལྟ་བ་བཞིན་དུ་བསྟན་པས་ཞེས་བྱ་བ་ནི་སོ་སོ་གང་ལ་དད་པའི་ཆོས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པས་སོ། །མི་དོར་བ་ནི་ཚིག་ནོར་པ་མེད་པས་སོ། །མི་ལྒུག་པ་ནི་ཚིག་མི་གསལ་བ་མེད་པས་སོ། །མི་བརླང་བའི་ཚིག་ནི་ཚིག་དང་ཡི་གེ་ཡིད་ལ་མི ་འཐད་བ་མེད་པའི་ཕྱིར་རོ། །བསྟན་པ་ནི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །མི་རྩུབ་པོ་ནི་དོན་དམ་པར་ཁོང་དུ་ཆུད་པར་བྱ་བའི་ཐབས་སླ་བ་སྟོན་པའི་ཕྱིར་རོ། །ཡང་ན་མི་བརླང་བ་ནི་བསླབ་པ་ལས་འདས་ན་ཡང་དེ་ལས་གསོ་བའི ་ཐབས་སྟོན་པའི་ཕྱིར་རོ། །མི་རྩུབ་པ་ནི་མུ་སྟེགས་ཅན་གྱི་དཀའ་ཐུབ་བདག་ཉིད་ལ་དེ་མེད་པའི་ལམ་མི་སྟོན་པའི་ཕྱིར་རོ། །འཇམ་པ་ནི་ཆོས་བཤད་པའི་དུས་ན་ཡང་འགྲོ་བ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཚིམ་པར་བྱེད་པའི་ཕྱིར་རོ། །དག་པ་ནི ་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་དག་པས་བཤད་པའི་ཕྱིར་རོ། །རབ་ཏུ་འགྲོ་བ་ནི་ཉོན་མོངས་པའི་བག་ཆགས་དང་བྲལ་ནས་གསུངས་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཚིག་དང་ཡི་གེ་ཟློས་པ་མི་སྨྲ་བའི་ཕྱིར་རོ། །ཟུར་ཕྱིན་པ་ནི་ཚིག ་དང་ཡི་གེ་ཟུར་ཆགས་པ་མེད་པ་སྟོན་པའི་ཕྱིར་རོ། །དེས་པའི་ཚིག་ནི་གཞན་ལ་ཞེ་གཅོད་པའི་ཚིག་མི་སྨྲ་བའི་ཕྱིར་རོ། །མི་གཡོ་བའི་ཚིག་ནི་མུ་སྟེགས་ཅན་ལ་སོགས་པས་སྒྲ་བཀོད་པ་མི་ནུས་པའི་ཕྱིར་རོ། །ཡང་ན་འདུལ་བ་རྣམས་ཡོངས་སུ ་སྨིན་པའི་དུས་སོ་ལས་མི་འདའ་བར་སྟོན་པས་ནི་མི་གཡོ་བའོ། །བསྟོད་ཀྱང་འགྱིང་པའི་ཀུན་ནས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་མི་རྒོད་པའོ། །སྨད་ཀྱང་ཞུམ་པའི་ཀུན་ནས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་ཞི་བའོ། །སྐྱེ་བོ་ཐམས་ཅད་ཀྱིས་དེའི ་ཚིག་ལ་བརྩུན་པར་བྱེད་པའི་ཕྱིར་བཟུང་བའི་ཚིག་གོ་།དེའི་ཚིག་ཐམས་ཅད་ཉན་པའི་ཕྱིར་བཙུན་པའི་ཚིག་གོ་།ཚིག་དང་དོན་དུ་འབྲེལ་བ་འམ། མདོར་བསྟན་ནས་རྒྱས་པར་འཆད་པ་དང་བཅས་པའི་ཕྱིར་འབྲེལ་པའི་ཚིག་གོ་།སེམས་ཅན ་ཐམས་ཅད་ཀྱི་དགེ་བའི་རྩ་བ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་ཐ་བ་མེད་པའི་ཚིག་གོ་།ཚད་མ་གསུམ་དང་མི་འགལ་བའི་ཕྱིར་ཤིན་ཏུ་རིག་བའི་ཚིག་གོ་།སེམས་ཅན་དགེ་བའི་རྩ་བ་མ་སྐྱེས་བ་རྣམས་ནི་སྐྱེད་པར་བྱེད། སྐྱེས་པ ་རྣམས་ནི་འཕེལ་བར་བྱེད། །འཕེལ་བ་རྣམས་ནི་སྨིན་པར་བྱེད་པས་ན། །མ་ཚང་བ་མེད་པའི་ཚིག་གོ་།དོན་བཟང་པོ་སྟོན་པས་ན་སྙན་བའི་ཚིག་གོ་།ཡི་གེ་བཟང་པོ་སྟོན་པས་ན་མཉན་པའི་ཚིག་གོ་།ཇི་ལྟར་ཁས་བླངས་པ་ལས ་གཞན་དུ་འགྱུར་བ་མེད་པས་ན་མ་སྨད་པའི་ཚིག་གོ་།འཁོར་ཐམས་ཅད་ལ་ཕན་འདོགས་ཤིང་འཁོར་རྣམས་སྡུད་བར་བྱེད་པས་ན་ཤིན་ཏུ་སྡུད་པའི་ཚིག་གོ་།ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད ་པས་ན་འཕགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའོ། །ཞིང་མཛའ་ཡས་པར་འགྲོ་བར་བྱེད་པའི་རྗེས་སུ་སོང་བའི་དབྱངས་ཤེས་བྱ་བ་ནི་སྤོབས་པ་ལས་བྱུང་བའི་ཚིག་ངེས་སངས་རྒྱས་ཀྱི་ཞིང་མཛའ་ཡས་པར་ཁྱབ་པར་བྱེད་པའི་ཕྱིར་རོ། །ཚངས་པའི་སྒྲ ་སྐད་ལ་རྟོག་ཅིང་གོ་བར་བྱེད་པའི་དབྱིངས་ཞེས་བྱ་བ་ལ་ཚངས་པ་ནི་མྱ་ངན་འདས་པ་ལ་བྱ་སྟེ། དེ་སྟོན་པ་པའི་སྒྲ་སྐད་ལ་མཁས་པ་འམ། དེ་སྟོན་པར་བྱེད་པ་ལ་མཁས་ཤེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པས། ་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་རྣམས་ཀྱི་བཤད་པའི་སྤོབས་པ་དང་ལྡན་པས་སེམས་ཅན་རྣམས་ཀྱིས་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པར་བྱས་ནས་དབང་པོ་དང་མཐུན་མཐུན་དུ་ཆོས་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེའི ་ཆོས་སྟོན་པ་ཡང་དེ་བྱེད་པར་ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ། དེ་བྱེད་པ་ཞེས་བྱ་བ་ནི་སྡུག་བསྔལ་ཟད་པར་བྱེད་པ་ལ་བྱ་སྟེ། །བྱང་ཆུབ་སེམས་དཔའ་ཨི་ཆོས་སྟོན་པའི་ཚིག་དེ་ན་ཡང་དག་པར་སྡུག་བསྔལ ་ཟད་པར་བྱ་བའི་ཕྱིར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། །སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་བཤད་ཟིན་ཏོ།། །།སློབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་བ་ཤ ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་བཞི་ཡང་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་མི་ཟད་པ་ཡང་བརྟེན། །པར་བྱ་བའི་དོན་དང་ཡེ་ཤེས་དང་ངེས་བའི་དོན་དང། ཆོས་ཉིད་མི་ཟད་པའི་ཕྱིར་རོ། །འདིར་ཡང ་བསྟན་པ་དང་བཤད་པའི་ཚུལ་རིག་པར་བྱ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཚུལ་ལོ། །ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །རྟོན་པ་བཞི་ཡི་དོན་ཤེས་ཏེ། དོན་ལ་སོགས་པ་ལ་རྟོན་པར་གྱུར་ན། གོང་དུ་བསྟན ་པ་ལྟ་བུའི་སོ་སོ་ཡང་དག་པར་རིག་པ་འབྱུང་བས། རྟོན་པ་བཞིས་བསྡུས་པའི་དོན་དེའི་ཐབས་ཤེས་པ་བསྟན་བར་སྦྱར་རོ། །སློབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པ་སྟེ། ཆོས་ཤིན་ཏུ་ཆོལ་བ་དང་།བསམ་པ་ཤིན་ཏུ་ཚོལ་བ་དང། ནན་ཏན ་སྙིང་པོར་བྱེད་བ་དང། གཞན་གྱིས་དྲིན་ལ་ནི་འཇོག་པའོ། །ཆོས་ཤིན་ཏུ་ཚོལ་བའི་དབང་དུ་བྱས་ནས། དེ་ལ་དོན་ནི་གང་ཚིག་འབྲུ་ནི་གང་ཞེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་འཇིག་རྟེན་པའི་ཆོས་དང་བྱ་བ་ལ་འཇུག་པ་བསྟན་པའོ། ། ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་ལས་དང་འབྲས་བུ་ལ་སོགས་པ་ཐ་སྙད་དུ་གདགས་ཤིང་བརྗོད་པར་བྱ་བ་རྣམས་བསྟན་པ་ལ་ཚིག་འབྲུ་ཞེས་བྱའོ། །དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ་ཞེས་བྱ་བ་ལས་དང་འབྲས་བུ་ལ་སོགས ་པ་འཇིག་རྟེན་གྱི་ཐ་སྙད་དུ་གདགས་པའི་ཆོས་རྣམས་ལས་འདས་ཏེ་དེ་དག་གིས་མཚན་མ་རྣམས་དང་བྲལ་བ་སྟོང་པའི་དོན་རྟོགས་བ་ལ་དོན་ཅེས་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་རིག་པར་སྦྱར་ཏེ། མདོར་ན་ཇི་ཙམ་དུ་ཀུན་རྫོབ་ཀྱི་ཆོས ་རྣམས་བཤད་ཅིང་འགྲེལ་བ་ལ་ནི་ཚིག་འབྲུ་ཞེས་བྱའོ། །དེ་ལས་བཟློག་སྟེ་བཤད་པ་དང་བརྗོད་པ་ལ་སོགས་པ་ལས་འདས་ཤིང་དོན་དམ་པའི་དབྱིངས་ཉིད་དུ་རྟོགས་པ་ལ་དོན་ཅེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བྱིན་པ་དང་དུལ་བ་དང་ཞེས་བྱ་བ་ལ་སོགས ་བ་ལ་ཕྱི་དང་ནང་གི་དངོས་པོ་སྦྱིན་པ་བསྟན་ཅིང་བཤད་པ་དང། །མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལ་མི་འཇུག་པར་དུལ་བ་བསྟན་པ་དང། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་བྱེད་པར་སྡོམ་པའི ་བསྟན་པ་དང་གཞན་ལ་གནོད་པ་མི་བྱེད་པར་ངེས་པ་བསྟན་ཅིང་བཤད་པ་ནི་ཚིག་འབྲུ་ཅེས་བྱའོ། །མཉམ་པ་ཉིད་ཤེས་པའོ་ཞེས་བྱ་བ་ནི་ཆོས་དེ་དག་རང་བཞིན་མེད་པར་ཤེས་པ་འམ། ཆོས་དེ་དག་གི་སྟོང་པ་ཉིད་ཤེས་པ་ནི་དོན་ཅེས ་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འཁོར་བའི་སྐྱོན་བསྒྲགས་ཤིང་བརྗོད་པའོ་ཞེས་བྱ་བ་ལ་ཕུང་པོ་གཅིག་ནས་གཅིག་ཏུ་ཚེའི་ཉིང་མཚམས་སྦྱོར་ཞིང་སྐྱེ་བ་ནི་འཁོར་བའོ། །འཁོར་བའི་སྐྱོན་ནི་འཁོར་བའི་ཉེས་པ་སྟེ། རྒ་བ་དང་འཆི་བ ་ལ་སོགས་པའི་སྡུག་བསྔལ་མང་པོ་དང་ལྡན་པ་སྟེ། དེ་ལྟར་འཁོར་བའི་སྐྱོན་བསྒྲགས་ཤིང་འཆད་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་འཁོར་བ་ལ་མི་དམིགས་པར་རྟོག་པའོ་ཞེས་བྱ་བ་ལ་ཉེས་པ་དུ་མའི་གནས་སུ་གྱུར་པའི་འཁོར ་བ་དེ་ཡང་རང་བཞིན་གྱིས་སྟོང་ཞིང་མེད་པར་ཁོང་དུ་ཆུད་པ་ནི་དོན་ཅེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་བརྗོད་ཅེས་བྱ་བ་ལ། ཉོན་མོངས་པ་མ་ལུས་པར་སྤངས་ནས་ཚེ་གཅིག ་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བའི་རྒྱུན་འཆད་པ་ནི་མྱ་ངན་འདས་པའོ། །མྱ་ངན་ལས་འདས་པའི་ཡོན་ཏན་ནི་ཞི་བ་དང། གྱ་ནོམ་པ་དང་ངེས?་པར་འབྱུང་བ་ཅེས་བྱ་བ་ལ་སོགས་པའོ། །ཕན་ཡོན་ནི་སྡུག་བསྔལ་ཐམས་ཅད ་སྤངས་ཤིང་བདེ་བ་རྣམས་ཀྱི་རྟེན་དུ་གྱུར་པ་སྟེ། གང་མྱ་ངན་ལས་འདས་པའི་ཡོན་ཏན་དང། ཕན་ཡོན་འཆད་ཅིང་བརྗོད་པ་ནི་ཚིག་འབྲུ་ཞེས་བྱའོ། །དོན་ཅེས་བྱ་བ་ནི་རང་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་རང ་བཞིན་གྱིས་འོད་གསལ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གློ་བུར་དང་མ་འདྲེས་པ་ཡིན་པས་རང་བཞིན་གྱི་མྱ་ངན་ལས་འདས་པ་སྟེ། དེ་ལྟར་ན་རང་བཞིན་གྱི་མྱ་ངན་ལས་འདས་པའི་ཆོས་དེ་དག་ལ་ཡང་ཉེས་པ་དང་སྐྱོན་དང་ཡོན་ཏན ་དང་ཕན་ཡོན་དུ་མི་རྟོག་པ་ནི་དོན་ཅེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ཐེག་པ་ཇི་ལྟར་རྣམ་པར་བཞག་པ་བཞི་ཞེས་བྱ་བ་ལ། ཐེག་པ་གསུམ་ཇི་ལྟར་འཇིག་རྟེན་དུ་རྣམ་པར་བཞག་པ་དེ་བཞིན་དུ་སོ་སོར་མཚན་ཉིད་མ་ནོར་བར ་སྟོན་ཅིང་འཆད་པ་འམ། གསུང་རབ་ཡན་ལག་བཅུ་གཉིས་ཇི་ལྟར་འཇིག་རྟེན་དུ་བཞག་བ་དེ་བཞིན་དུ་སོ་སོར་མཚན་ཉིད་མ་ནོར་བར་འཆད་པ་ནི་ཚིག་འབྲུ་ཞེས་བྱའོ། །དོན་ཅེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས ་པ་ལ་ཐེག་པ་གསུམ་ལ་སོགས་པ་ཇི་སྙེད་ཐ་དད་པར་བཞག་པའི་རྣམ་པ་དོན་དམ་པར་ཚུལ་གཅིག་པ་སོ་སོར་དབྱེར་མེད་པར་ཁོང་དུ་ཆུད་ཅིང་ཤེས་པ་ནི་དོན་ཅེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་མདོག་པ་ཐམས་ཅད་ཡོངས་སུ་གཏོང་པ ་བསྟན་པ་ཞེས་བྱ་བ་ལ། ནོར་དང་འབྲུ་ལ་སོགས་པ་བདག་གིར་བྱས་པའི་དངོས་པོ་ཐམས་ཅད་གཞན་ལ་བཏང་བར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་འཁོར་གསུམ་ཡོངས་སུ་དག་པའི་ཞེས་བྱ་བ་ལ་གཏོངས ་པ་པོ་དང། བཏང་པའི་དངོས་པོ་དང། ལེན་པ་གསུམ་ཅར་ཡང་རང་བཞིན་མེད་པར་ཤེས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པ་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འཁོར་དུ ་རྟོགས་པ་ཆོས་མིང་གིས་སྨོས་པ་རྣམས་ཡང་དག་པ་མནོར་ཅིང་བླང་བར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དེ་ལ་ལུས་ངག་དང། ཡིད་ཀྱི་སྡོམ་པ་གསུམ་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་ལ་འཇུག་པ་དང། ངག་གིས་ལེགས་པར་སྤྱོད་པ་ལ ་འཇུག་པ་དང། ཡིད་ཀྱིས་ལེགས་པར་སྤྱོད་པ་ལ་འཇུག་པ་ནི་འཇུག་པའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ཞེས་བྱ་བའི་སྒྲས་ནི་ཡན་ལག་དྲུག་པའི་ཚུལ་ཁྲིམས་ལ་བྱ་བར་འདོད་དོ། །བསླབ་པའི་སྒྲས་ནི་སྲོག ་གཅོད་པ་ལས་ཕྱིར་ལྡོག་པ་དང། མ་བྱིན་པར་ལེན་པ་ལས་ཕྱིར་ལྡོག་པ་ལ་སོགས་པ་ལ་སློབ་པ་ལྡོག་པའི་ཚུལ་ཁྲིམས་ལ་བྱའོ། །སྦྱངས་པའི་སྟོན་ནི་སྦྱངས་པའི་ཡོན་ཏན་གྱི་བཅུ་གཉིས་རྣམས་སོ། །ཡོ་བྱད་བསྙུངས་པ་ནི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་མང་པོ ་མི་འཛིན་པའོ། །ཡོངས་སུ་དག་པར་ཤེས་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ཏུ་གཏོགས་པའི་ཆོས་དེ་དག་རང་བཞིན་གྱིས་དག་པར་ཤེས་པ་ནི་དོན་ཏོ། །ཡང་དག་པར་འཇོམས་ཞིང་བཟོད་པའི་སྟོབས་དང ་ངེས་པ་བསྟན་པ་ཞེས་བྱ་བ་རབ་ཏུ་འཇོམས་པ་ནི་གནོད་སེམས་ལ་སོགས་པ་སྤོང་བའོ། །བཟོད་པ་ནི་གཞན་གྱིས་གནོད་བ་བྱས་ཀྱང་སེམས་མི་འཁྲུགས་ཅིང་གནོད་པ་ཉམས་སུ་ལེན་པ་སྟེ། །སྟོབས་ནི་བཟོད་པ་དང་མི་མཐུན་པའི་ཆོས ་ཁོང་ཁྲོ་བ་ལ་སོགས་པའི་དབང་དུ་མི་འགྲོ་བའོ། །ངེས་པ་ནི་སེམས་ཅན་ལ་གནོད་པ་མི་བྱེད་པ་སྟེ། དེ་ལྟ་བུ་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་ལ་ཆོས་ཐམས་ཅད་མ ་བྱུང་མ་སྐྱེས་པར་ཁོང་དུ་ཆུད་ཅིང་སྟོང་པ་ཉིད་ཀྱི་ཆོས་ལ་མི་སྒྲག་པ་ཐོབ་པ་ནི་དོན་ཅེས་བྱའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་དགེ་བའི་རྩ་བ་ཐམས་ཅད་ཡང་དག ་པར་བླང་ཞིང་བསྒྲུབ་པར་བྱེད་པའི་ཕྱིར། །བརྩོན་འགྲུས་བརྩམས་པར་བྱ་བར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་བླང་བ་དང་དོར་བ་ལ་མི་གནས་ཞེས་བྱ་བ་ལ་དགེ་བའི་ཆོས་བླང་བ་ལ་ཡང་མི་གནས། མི་དགེ་བའི་ཆོས་སྤང་བ ་ལ་ཡང་མི་གནས་ཏེ། བྱ་བ་གཉིས་མཐར་ཕྱིན་པའི་བརྩོན་འགྲུས་ཀྱི་འབྲས་བུ་དང་ལྡན་པ་ལ་དོན་ཅེས་བྱའོ། །སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་ནི་མིང་གིས་སྨོས་པའི་ཆོས་དེ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་བཤད་པ་ནི་ཚིག་འབྲུའོ། ་ཆོས་དེ་དག་གི་འབྲས་བུ་འགོག་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་ཤིང། ཁོང་དུ་ཆུད་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ཐོས་པ་ཐམས་ཅད་འཛིན་པ་ཞེས་བྱ་བ་ལ་ཤེས་རབ་སྐྱེ་བའི་རྩ་བར་གྱུར་པའི་དགེ་བའི་བཤེས་གཉེན་ལ་བརྟེན ་ནས་དམ་པའི་ཆོས་ཉན་ཅིང་ཇི་ལྟར་མཉན་པའི་ཆོས་ཀྱི་དོན་དང་ཚིག་མི་བརྗེད་པར་འཛིན་པ་ནི་ཚིག་འབྲུའོ། །དོན་དམ་པར་ཆོས་ཐམས་ཅད་བཤད་པ་དང་ཉན་པ་ལས་འདས་སོ་ཞེས་གང་སྟོང་པ་བརྗོད་དུ་མེད་པ་ནི་དོན་ཏོ། །དོན་ཅེས་བྱ་བ་ནི་བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབས་པའི་འབྲས་བུ་མངོན་སུམ་དུ་བྱེད་ཅེས་བྱ་བ་ལ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒྲུབས་པའི་སོ་སོའི་འབྲས་བུ་རེ་རེ་ནས་མངོན་སུམ་དུ་བྱེད་པ་འམ། དེ་དག་སྤྱིའི་འབྲས་བུ་སངས་རྒྱས་སུ་གྲུབ་པའི་མཚན་ཉིད་མངོན ་སུམ་དུ་བྱེད་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྡུག་བསྔལ་དང་ཞེས་བྱ་བ་ལ། །སེམས་ཅན་གཞན་དག་ལ་འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་བའི་བདེན་པ། འདི་ནི་ལམ་གྱི་བདེན་པ་ཞེས་བདེན་པ་གསུམ་འཆད་ཅིང ་བསྟན་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་འགོག་པ་མངོན་སུམ་དུ་བྱེད་པ་ཅེས་བྱ་བ་ལ་དེ་ལྟར་བསྟན་ཅིང་བསྒྲུབས་པའི་འབྲས་བུ་འགོག་པའི་བདེན་པ་མངོན་དུ་བྱེད་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་མ་རིག་པ ་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པ་ནས་བརྩམས་ཏེ། རྒ་ཤིའི་བར་དུ་འཁོར་བར་འཇུག་པའི་རྒྱུ་བསྟན་ཅིང་འཆད་པ་ནི་ཚིག་འབྲུའོ། །མ་རིག་པ་འགོག་པ་ནས་རྒ་ཤི་འགོག་པའི་བར་དུ་འཁོར་བ་ལས་ལྡོག་པའི་རང་བཞིན་ནི་དོན་ཏོ།། ་ཚིག་འབྲུ་ཞེས་བྱ་བ་ནི་གང་ཞིག་གནས་དང། ལྷག་མཐོང་གི་ཚོགས་བསྟན་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཏེ་ཟས་ལ་ཚོ་ད་རིག་པ་དང་འདུ་འཇི་མང་པོའི་ནང་ན་མི་གནས་པ་དང། ་ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་མི་ཉལ་བའི་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་བརྟེན་ནས་ཞི་གནས་ནས་ལྷག་མཐོང་བསྒྲུབས་པར་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་རིགས་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས ་ཞེས་བྱ་བ་ལ་དེ་ལྟར་ཚུལ་ཁྲིམས་ལ་གནས་ནས་ཞི་གནས་དང་ལྷག་མཐོང་བསྒྲུབས་ལས་འདི་ནི་སྡུག་བསྔལ་གྱི་བདན?་པ། འདི་ནི་ཀུན་འབྱུང་བའི་བདེན་པ་འདི་ནི་འགོག་པའི་བདེན་པ། འདི་ནི་ལམ་གྱི་བདེན་པ་ཞེས་རྣམ་པར་རིག་པ་སྐྱེས ་པ་དང། དེའི་འོག་ཏུ་སྡུག་བསྔལ་བ་ནི་ཤེས་པར་བྱས། ཀུན་འབྱུང་ནི་སྤངས་ལམ་ནི་བསྒོམས། འགོག་པ་ནི་མངོན་དུ་བྱས་སོ་ཞེས་རྣམ་པར་རལ་པ་སྐྱེས་པ་དང། དེ་ལས་སྡུག་བསྔལ་ཤེས་ཟིན་པས། ཤེས་པར་བྱ་མི་དགོས། །ཀུན་འབྱུང་བ ་སྤངས་པས་སྤང་མི་དགོས། ལམ་བསྒོམས་པས་བསྒོམ་མི་དགོས། །འགོག་པ་མངོན་དུ་བྱས་པས་མངོན་དུ་བྱ་མི་དགོས་ཤེས་རྣམ་པར་གྲོལ་བའི་ཡེ་ཤེས་སྐྱེས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འདོད་ཆགས་དང་ཞེ་སྡང་ཞེས ་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་མི་གཙང་བ་དང་བྱམས་པ་ལ་སོགས་པ་བསྟན་ཅིང་བཤད་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་སེམས་རྣམ་པར་གྲོལ་བ་མི་འཁྲུག་པའི་ཡེ ་ཤེས་ཞེས་བྱ་བ་ལ་ཉོན་མོངས་པ་དེ་རྣམས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མི་ཉམས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྒྲིབ་པ་དང་སྒྲིབ་པར་འགྱུར་བ་ཅེས་བྱ་བ་ལ་སོགས་པ་ལ་སྒྲིབ་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའོ། ། ་སྒྲིབ་པར་འགྱུར་བ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་ལ་སོགས་པའི་སྒྲིབ་བ་ལྔ་ལ་བྱ་སྟེ། དེ་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་སྒྲིབ་པ་སྟེ། དེ་དག་སྤང་པར་བྱའོ་ཞེས་བསྟན་ཅིང་འཆད་པ ་དེ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་གང་སྒྲིབ་པ་མེད་པའི་ཡེ་ཤེས་དང་རྣམ་པར་ཐར་པ་ཞེས་བྱ་བ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ། ། ་མྱ་ངན་ལས་འདས་པ་ནི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དཀོན་མཆོག་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པ་དང། ལྷ་དང་བཅས་པའི་འཇིག་རྟེན་གྱི ་ལས་བརྒལ་ཅེས་བྱ་བ་ལ་སོགས་པ་དང། དུལ་བར་འཛིན་མཛད་ཞི་བར་མཛད། །དབུགས་འབྱིན་པར་མཛད་ཅེས་བྱ་བ་ལ་སོགས་པ་དང། ལམ་ཤེས་པ་ལ་རིག་པ་ལམ་དང་ལམ་མ་ཡིན་པ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ཡོན་ཏན ་དང་སྔགས་པ་མཛའ་ཡས་པར་བསྟན་པ་དང། དགེ་འདུན་ལ་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་དང། སྦྱིན་པའི་གནས་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དང་བསྔགས ་པ་མཛའ་ཡས་པར་བསྟན་པ་པ་ནི་ཚིག་འབྲུའོ། །དོན་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཐོང་བ་དང་ཞེས་བྱ་བ་ལ་སོགས་པས། སངས་རྒྱས་ལ་ཇི་སྐད་བརྗོད་པའི་ཡོན་ཏན་དུ་མི་ལྟའོ། །ཆོས་ཀྱི་སྐུ་ཉིད་དུ་མཐོང་བ་དང། ཆོས་ལ ་ཇི་སྐད་བརྗོད་པའི་ཡོན་ཏན་དུ་མི་ལྟའི། དོན་དམ་པའི་ཡོན་ཏན་འདོད་ཆགས་དང་བྲལ་ཞིང་སྐྱེ་འགག་མེད་པའི་ཆོས་ཉིད་དུ་མཐོང་བ་དང། དགེ་འདུན་ལ་ཇི་སྐད་བརྗོད་པའི་ཡོན་ཏན་དུ་མི་ལྟའོ། །འདུས་མ་བྱས་ཀྱི་ཆོས་ཉིད་རྟོག་པ་ལས ་བྱུང་བར་མཐོང་བ་སྟེ། དེ་ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་དོན་དམ་པའི་ངོ་བོ་ཉིད་དུ་རྟོག་པའི་ཡེ་ཤེས་ལ་དོན་ཅེས་བྱའོ། །ཚིག་འབྲུ་མདོར་བསྡུས་ནས་བསྟན་པའི་ཕྱིར་ཚིག་འབྲུ་ཞེས་བྱ ་བ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་བྱང་ཆུབ་སེམས་སྐྱེད་པ་ནས། མཛའ་སངས་རྒྱས་སུ་གྱུར་གྱི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་མང་པོ་བསྟན་ཅིང་བཤད་པ་ཐམས ་ཅད་ནི་ཚིག་འབྲུའོ། །དོན་མདོར་བསྡུས་ནས་བསྟན་པའི་ཕྱིར་གང་སེམས་ཀྱི་སྐད་ཅིག་མ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ་ནི། སེམས་ཀྱི་སྐད་ཅིག ་མ་གཅིག་གི་བྱང་ཆུབ་མངོན་པར་རྟོག་པ་ནི་དོན་ཏོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་ཀུན་ནི་ཚིག་འབྲུ་ཡིན་ལ། ཡང་དག་པར་ན་དེ་དག་གི་རང་བཞིན་བརྗོད་དུ་མེད་པ་ནི་དོན་ཡིན་པར་བསྟན་ཏེ། འདི་ནི་དོན་ལ ་རྟོན་གྱི་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ཁོང་དུ་ཆུད་ནས་འདི་ནི་དོན་ལ་རྟོན་བ་ཡིན་གྱི། །ཚིག་འབྲུ་ལ་མི་རྟོན་བ་ཞེས་བྱའོ། །བསམ་བ་ཤིན་ཏུ་ཚོལ་བ་བསྟན་པའི་ཕྱིར། །དེ་ལ་རྣམ་པར་ཤེས་པ་གང་ཡེ་ཤེས་ནི་གང་ཞེ་ན་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །བཞི་གང་ཞེ་ན་འདི་ལྟ་སྟེ་རྣམ་པར་ཤེས་པ་གནས་པ་ནི། གཟུགས་ལ་ཉེ་བར་འགྲོ་ཞིང་གནས་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་སྲེད་པའི་སྒོ་ནས་མིག་ལ། ་སོགས་པའི་རྣམ་པར་ཤེས་པ་རྣམས་བརྟེན་པ་འམ། དམིགས་པའི་སྒོ་ནས་གནས་པ་ན་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། །ཡང་ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་པ་ནི་འདོད་པའི་ཁོངས་སུ་གཏོགས་པའི་རྣམ་པར་ཤེས་པ ་རྣམས་ཏེ། གཟུགས་གཟུགས་ལ་དམིགས་པའི་ཤས་ཆེ་བའི་ཕྱིར་གཟུགས་ལ་གནས་པ་ཞེས་བྱའོ། །ཚོར་བ་ལ་ཉེ་བར་འགྲོ་བའི་གཟུགས་ཀྱི་ཁམ་སུ་གཏོགས་པའི་རྣམ་པར་ཤེས་པ་རྣམས་ཏེ། བསམ་གཏན་གྱི་བདེ་བའི་ཚོར ་བ་ལ་དམིགས་པ་ཤས་ཆེ་བས་ཚོར་བ་ལ་ཉེ་བར་འགྲོ་བ་སྟེ་ཉེ་བར་འགྲོ་བ་ནི་དེ་ལ་གནས་པ་འམ་དམིགས་ཞེས་བྱ་བའི་དོན་ཏོ། །འདུ་ཤེས་པ་ཉེ་བར་འགྲོ་བ་ནི་གཟུགས་མེད་པའི་ཁམས་སུ་གཏོགས་པའི་རྣམ་པར་ཤེས་པ་སྟེ། ནམ ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་འདུ་ཤེས་ལ་དམིགས་པའི་ཤས་ཆེ་བས་འདུ་ཤེས་ལ་ཉེ་བར་འགྲོ་བའོ། །འདུ་བྱེད་ལ་ཉེ་བར་འགྲོ་བ་འགོག་པ་ནི་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ཐོག་མ་འགོག་པ་སྙོམས ་པར་འཇུག་པ་ན། དེའི་བྱ་བ་བྱེད་པར་དམིགས་ཤིང་རྩོལ་བའི་ཕྱིར་འདུ་བྱེད་ལ་ཉེ་བར་འགྲོ་བ་ཞེས་བྱའོ། །ཡང་ན་སྲིད་པའི་རྩེ་མོའི་རྣམ་པར་ཤེས་པ་ནི་ཚེའི་འདུ་བྱེད་ཡུན་རིང་པོར། གནས་པ་དེ་ལ་བརྟེན་ཅིང་གནས་པས་ན་འདུ་བྱེད ་ལ་ཉེ་བར་འགྲོ་ཞིང་གནས་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་ཤེས་པའོ། །དེ་ལ་ཡེ་ཤེས་གང་ཞེ་ན་གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ། ཞེས་བྱ་བ་ལ་གོང་དུ་ཕུང་པོ་བཞི་ལ་གནས་པའི་རྣམ ་པར་ཤེས་པའི་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་པར་དོན་དམ་པར་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་གྲངས་གཞན་བསྟན་པའི་ཕྱིར། །གཞན་ཡང་རྣམ་པར་ཤེས་པ་ནི་སའི་ཁམས ་རྣམ་པར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲ་བ་དང་གཤེར་བ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་མཚན་ཉིད་ཤེས་པ་ནི་རྣམ་པར་ཤེས་པའོ། །གང་ཁམས་རྣམ་པ་བཞི་པོ་འདི་དག་ལ་ཞེས་བྱ་བ་ལ་སོགས་པར་ནི ་ཁམས་བཞི་བོ་ལ་དམིགས་པའི་རྣམ་པར་ཤེས་པ་བཞི་རྣམས་ཀྱང་དོན་དམ་པར་ན་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རོ་གཅིག་བས་སོ་སོ་དབྱེར་མེད་པར་ཤེས་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ ་ཤེས་ཀྱི་རྣམ་གྲངས་གཞན་བསྟན་པར་བཞེད་ནས། །གཞན་ཡང་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་རྣམ་པར་རིག་པ་ནི་མིག་གི་རྣམ་པར་ཤེས ་པའོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་སྦྱར་ཏེ། རྣམ་པར་ཤེས་པ་ཚོགས་དྲུག་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་ཏུ་རྒྱུ་བ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གང་དུ ་རྟོག་པ་མེད་ཅིང་ཕྱི་རོལ་གྱི་ཆོས་རྣམས་ལ་ཡང་རྟོག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ལ་རྟོན་པས་ཆོས་གང་ལ་ཡང་མི་རྟོག་རྣམ་པར་མི་རྟོག?་ཅེས་བྱ་བ་ནི་རྣམ་པ། མི་རྟོག་པའི་ཡེ་ཤེས་ལ་གནས་པས། ནང་གི་ཆོས་གང་ལ་ཡང ་མི་རྟོག་ཅིང། མཚན་མར་མི་འཛིན་ལ། ཕྱིའི་ཆོས་གང་ལ་ཡང་རྣམ་པར་མི་རྟོག་ཅིང། མཚན་མར་མི་འཛིན་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་དམིགས་པ ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་ནས། རྣམ་པར་ཤེས་པ་སྐྱེ་བ་ནས། དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་སྟེ་འདིས་ནི་དམིགས་པའི་རྐྱེན་ལས་སྐྱེ ་བ་བསྟན་ཏོ། །ཡིད་ལ་བྱེད་པ་ལས་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་བ་ནི། ལྟ་བ་ལྟ་བར་འདོད་པ་ལ་སོགས་པ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །ཡོངས་སུ་རྟོགས་པ་ལས་རྣམ་པར་ཤེས ་རྣམ་པར་ཞེས་པ་སྐྱེ་ཞེས་བྱ་བ་ནི་ཡོངས་སུ་རྟོག་པ་གཞན་དབང་གི་མཚན་ཉིད་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་སྟེ་འདིས་ནི་རྒྱུའི་རྐྱེན་ལས་སྐྱེ་བར་བསྟན་ཏོ། །གང་འཇིག་པ་མེད་པ་ཞེས་བྱ་བ་ལ ་སོགས་པ་ལ་བདག་ཅེས་རྟག་པ་མེད་པས་ནི་འཛིན་པ་མེད་པའོ། །བདག་གི་ཞེས་རྟོག་པ་མེད་པས་ན་མཆོག་ཏུ་འཛིན་བ་མེད་པའོ། །འདི་ནི་གཟུགས་ཤེས་གཟུང་བའི་ངོ་བོར་རྟོགས་པ་མེད་པའི་དམིགས་པའོ། །འདི་ནི་རྣམ་པར་ཤེས་པ་སྟེ། དེ་ལ ་དམིགས་པར་བྱེད་པའོ་ཞེས་རྟོག་པ་མེད་པས་ན་རྣམ་པར་རིག་པ་མེད་པ་སྟེ། བདག་དང་ཆོས་གང་ལ་ཡང་རྟོག་པ་མེད་པ་ནི་ཡེ་ཤེས་སོ། །རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་པ་གཞན་བསྟན་པར་བཞེད་ནས་གཞན་ཡང་འདུས་རྒྱུའི་ཆོས་རྣམས་ལ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་རྐྱེན་གྱིས་བསྐྱེད་པ་ཁམས་གསུམ་དུ་གཏོགས་པའི་ཆོས་རྣམས་ལ་གནས་སམ་དམིགས་ནས་རྣམ་པར་ཤེས་པ་སྐྱེའོ། །འདུ་མ་བྱས་སྟོང་པ་ཉིད་ནི་གནས་དང་གནས་པར་བྱེད་པ་དང། དམིགས་པ་དང་དམིགས ་བར་བྱ་བ་ལས་འདས་པས་དེས་ནི་རྣམ་པར་ཤེས་པ་སྐྱེ་བར་མི་བྱེད་ཅིང་དེ་རྣམ་པར་ཤེས་པས་རྟོགས་པར་མི་ནུས་ཏེ། དེ་བས་ན་འདུས་བྱས་ལ་བརྟེན་ནས་སྐྱེ་བ་ནི་རྣམ་པར་ཞེས་པའོ། །གང་འདུས་བྱས་སུ་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན ་ཉིད་སྟོང་པའི་མཚན་ཉིད་དུ་ཤེས་པ་ནི་ཡེ་ཤེས་སོ། །རྣམ་པར་གཞན་བསྟན་པའི་ཕྱིར་གཞན་ལ་སྐྱེ་བ་དང་འཇིག་པ་ལ་གནས་པ་ཞེས་བྱ་བ་གསུངས་ཏེ། མདོར་ན་གང་སྐྱེ་བ་ཡོད་པ་དང་འཇིགས་པ་ཡོད་པའི་ཆོས་ལ་བརྟེན་པ་ནི་རྣམ་པར་ཤེས་པའོ།། ་ཆོས་གང་མི་སྐྱེ་བ་དང་མི་འགག་པ་ལ་བརྟེན་ཅིང་སྐྱེ་བ་དང་འགག་པ་མེད་པར་ཁོང་དུ་ཆུད་པ་ནི་ཡེ་ཤེས་སོ།། །།ནན་ཏན་སྙིང་པོར་བྱེད་པ་བསྟན་པའི་ཕྱིར། དེ་ལ་དེས་པའི་དོན་གྱི་མདོ་སྡེ་ནི་གང་དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེས་བྱ་བ་ལ་སོགས ་བ་གསུངས་ཏེ། མདོ་སྡེ་གང་དང་ལམ་ལ་འཇུག་པར་བསྟན་ཞེས་བྱ་བ་ལ་མདོ་སྡེ་གང་འཕགས་པའི་ལམ་གྱི་མཚན་ཉིད་བསྒོམ་པར་བྱ་བ་འམ། འཕགས་པའི་ལམ་གྱི་མཚན་ཉིད་རྟོག་པར་བྱ་བའི་ཕྱིར། བཤད་པ་རྣམས ་ནི་དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱ་སྟེ། །མྱ་ངན་ལས་འདས་པར་འདྲེན་པའི་ལམ་སྟོན་པའི་ཕྱིར་རོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པ་ཞེས་བྱ་བ་ནི་མདོ་སྡེ་གང་ལ་མ་བསྒྲུབས་པའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར་གསུངས་པ་དེ་དག་ནི་ངེས? ་པར་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པར་བསྟན་པ་ཞེས་བྱ་བ་ལ། མདོ་སྡེ་གང་ཀུན་རྫོབ་ཀྱི་ཐ་སྙད་མང་པོ་ཐ་སྙད་ཙམ་དུ་ཡོད་པར་བསྒྲུབས་པའི་ཕྱིར་གསུངས་པ་དེ་དག་ནི་དྲང་བའི་མདོ་སྡེའོ། །མདོ་སྡེ་གང་དག་དོན་དམ་པར ་བསྟན་པ་ཞེས་བྱ་བ་ལ་མདོ་སྡེ་གང་སྐྱེ་བ་མེད་པ་དང་འགག་པ་མེད་པའི་མཚན་ཉིད་དོན་དམ་པར་བསྟན་པའི་ཕྱིར་གསུངས་པ་དེ་དག་ནི་ངེས་བ། དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ལས་དང་བྱ་བ་ལ་འཇུག་པར་བསྟན་ཞེས་བྱ་བ་ནི ་མདོ་སྡེ་གང་ལས་དགེ་བ་བྱས་ན་འབྲས་བུ་ཡིད་དུ་འོངས་པ་མྱོང་བར་འགྱུར། །ལས་མི་དགེ་བ་བྱས་ན་འབྲས་བུ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བ་བསྟན་པ་དེ་དག་ནི་དྲང་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ལས་དང་ཉོན་མོངས་པ་ཟད་པར ་བྱ་བའི་ཕྱིར་བསྟན་པ་ཞེས་བྱ་བ་ལ། མདོ་སྡེ་གང་ལས་ཟད་པར་བྱ་བ་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་དེ་དག་ཟད་པར་བྱ་བའི་ཐབས་རྣམས་མང་པོ་བསྟན་པའི་དེས་པའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཀུན་ནས་ཉོན་མོངས་པ་བཤད ་པའི་ཕྱིར། །བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་གང་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམས་བཤད་པའི་ཕྱིར་བསྟན་པའི་མདོ་སྡེ་དེ་དགའ་ཨི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་རྣམ་པར་བྱང་པའི་ཡོངས་སུ་དག་པར་བྱ་བའི ་ཕྱིར་བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་གང་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱད་བའི་ཆོས་རྣམས་སྦྱང་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ་དེ་དགྲ་ནི་ངེས་པའི་མདོ་སྡེའོ། །མདོ་སྡེ་གང་དག་འཁོར་བ་ལས་ཡིད་འབྱུང་བར་བསྟན་པ ་ཞེས་བྱ་བ་ནི་མདོ་སྡེ་གང་འཁོར་བ་ལ་སྐྱོ་ཞིང་ཡིད་འབྱུང་བ་དང། འཁོར་བ་ལ་ཆགས་པ་མེད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་ལ་འཇུག ་པ་བསྟན་པ་ཞེས་བྱ་བ་ལ་མདོ་སྡེ་གང་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ཡང་རང་བཞིན་མེད་པས་འཁོར་བ་སྤངས་པར་ཡང་མི་བྱ། མྱ་ངན་ལས་འདས་པ་བླང་བར་ཡང་མི་བྱ་སྟེ། གཉི་ག་མཚན་ཉིད་གཅིག་ཏུ་འཇུག་པར་བསྟན ་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་སུ་བསྟན་པ། ཞེས་བྱ་བ་ལས་མདོ་སྡེ་གང་སྤྱོད་པ་སྣ་ཚོགས་དང། སྐྱེས་པའི་རབས་ལ་སོགས་པ་སེམས་ཅན་དྲང་བའི་དོན་དུ་ཚིག་དང་ཡི་གེ་སྣ་ཚོགས་སུ་སྙན ་པར་སྦྱར་ཏེ། བསྟན་པ་ནི་དྲང་པའི་དོན་གྱི་མདོ་སྡེའོ། །མདོ་སྡེ་གང་དག་ཟབ་མོ་མཐོང་བར་དགའ་བ་ཁོང་དུ་ཆུད་པར་དཀའ་ཞེས་བྱ་བ་ལ་མདོ་སྡེ་གང་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དམིགས་སུ་མེད ་པ་མཐོང་པར་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་བསྟན་པ་དེ་དག་དེས་པའི་དོན་གྱི་མདོ་སྡེའོ། །དེ་ལ་དམིགས་པ་ལ་གནས་པ་ཅན་རྣམས་ཀྱིས་ཤེས་པར་མི་ནུས་པ་ན་མཐོང་བར་དགའ་བའོ། །འཕགས་པ་ཉན་ཐོས་ལ་སོགས་པ་ཤེས་པ་ཕྱོགས ་གཅིག་པ་རྣམས་ཀྱིས་ཤེས་པར་མི་ནུས་པས། ཁོང་དུ་ཆུད་པར་དཀའ་བའོ། །མདོ་སྡེ་གང་དག་ཚིགས་དང་ཡི་གེ་མང་ཞིང་ཞེས་བྱ་བ་ལ་སོགས་པ་ལ་མདོ་སྡེ་གང་དག་ཚིག་དང་ཡི་གེ་མང་དུ་སྟོན་ཅིང་འཇིག་རྟེན་དགའ་བར་བྱ་བའི་ཕྱིར། འཇིག་རྟེན། ་གྱི་སྤྱོད་པ་དང་མཐུན་པར་བསྟན་པ་རྣམས་ནི་དྲན་པའི་དོན་གྱི་སྡེའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་ཉུང་ཞེས་བྱ་བ་ནི་མདོ་སྡེ་གང་ཚིག་དང་ཡི་གེའི་སྤྲོས་པ་ཉུང་དུ་བྱ་སྟེ། ཏིང་ངེ་འཛིན་དུ་བསྒོམ་པའི་མན་ངག་ཉིད? ་ཚེ་ཙམ་དུ་སྟོན་པ་ནི་ངེས་པའི་དོན་གྱི་མདོ་སྡེའོ། །སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་བཤད་ཟིན་ཏོ། །གཞན་གྱི་དྲིང་ལ་མ་འཇོག་པ་བསྟན་པའི་ཕྱིར། དེ་ལ་ཆོས་ཉིད ་ནི་གང། གང་ཟག་ནི་གང་ཞེས་བྱ་བ་ནི་སོགས་པ་གསུངས་སོ། །གང་ཟག་ཏུ་ལྟ་བ་ལ་གནས་ཏེ་གང་ཆོས་ཁ་ཅིག་ལ་རྩོམ་པ་ཞེས་བྱ་བ་ལ་གང་ཟག་རྣམ་པ་གཉིས་ཏེ། སློབ་པའི་གང་ཟག་དང་མི་སློབ་པའི་གང་ཟག་གོ། དེ་ལ་སློབ་པ་དང་མི་སློབ ་པའི་གང་ཟག་ཡོད་པར་ལྟ་བ་ལ་གནས་ནས་སློབ་པའི་གང་ཟག་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྩོམ་པ་དང། མི་སློབ་པའི་གང་ཟག་གི་ཆོས་དེ་བརྒྱད་ཀྱི་སྟེང་དུ་རྣམ་པར་གྲོལ་བ་དང། རྣམ་པར ་གྲོལ་བ་ཡེ་ཤེས་མཐོང་བ་གཉིས་ཀྱིས་བསྟན་ཏེ་ཆོས་བཅུ་ལ་བརྩོན་པ་ནི་ཆོས་ཁ་ཅིག་ལ་བརྩོན་པ་ཞེས་བྱ་སྟེ། །དེ་གཉིས་ནི་གང་ཟག་གོ་།གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གང་ཟག་གི་རྩོམ་པ་གོང་དུ་བཤད ་པའི་ཆོས་རྣམས་དང་གང་ཟག་ཉིད་དོན་དམ་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཆོས་ཉིད་དོ། །ཡང་ན་གང་ཟག་ཡོད་དོ་ཞེས་ལྟ་བ་གནས་ཏེ། གང་ཟག་དེ་ཐར་པ་དང་གྲོལ་བར་བྱ་བའི་ཕྱིར། སྦྱིན་པ་འམ་ཚུལ ་ཁྲིམས་ལ་སོགས་པའི་ཆོས་ཁ་ཅིག་ལ་རྩོམ་པ་ནི་གང་ཟག་ཅེས་བྱའོ། །གང་ཟག་དང་གང་ཟག་གི་དོན་དུ་བརྩམས་པའི་ཆོས་རྣམས་དངོས་པོ་མེད་པར་ཁོང་དུ་ཆུད་ནས། སྦྱིན་པ་དང་ཚུལ་ཁྲིམས་ལ་རྩོམ་པ་ནི་ཆོས་ཉིད་ཅེས་བྱའོ། །གང་ཟག ་དང་ཆོས་ཉིད་ཀྱི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། །གཞན་ཡང་སོ་སོའི་སྐྱེ་བོ་ཅེས་བྱ་བ་ལ་སོགས་པ་གང་ཟག་གི་རྣམ་གྲངས་སུ་གསུངས་པའོ། །དེ་ལ་སྤྱི་ཕ་དང་ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕྱོགས་ལམ་ཞུགས་པ་རྣམས་ནི་སོ ་སོའི་སྐྱེ་བོའི་གང་ཟག་གོ་།སྦྱིན་པ་དང་ཚུལ་ཁྲིམས་ལ་ཞུགས་ལ་སྤྱོད་པ་དེ་དག་མ་ཉམས་པ་རྣམས་ནི་སོ་སོའི་སྐྱེ་བོ་དགེ་བའི་གང་ཟག་གོ་།ཚོགས་བསགས་པ་དབང་པོ་ཞན་ཏེ་མི་གཞན་གྱི་བསྟན་པ་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ ་བའི་ཕྱིར་སྦྱོར་བ་ནི་དད་པས་རྗེས་སུ་འབྲང་བའི་གང་ཟག་གོ་།ཚོགས་བསགས་པ་དབང་པོ་ནོན་པ་རང་གི་ཤེས་རབ་གྱིས། བདེན་པའི་དབང་དུ་བྱ་སྟེ། གསུངས་པའི་ཆོས་རྟོག་པ་ལ་བརྟེན་ནས་བདེན་པ་རྟོགས་པར་བྱ་བ་ལ་སྦྱོར་བ་ནི་ཆོས་ཀྱི ་རྗེས་སུ་འབྲང་བའི་གང་ཟག་གོ་བརྒྱད་བའི་གང་ཟག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་སྟེ། གང་མཐོང་བའི་ལམ་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གནས་པའོ། །མཐོང་བའི་ལམ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ ་གནས་པ་ནི། རྒྱུན་དུ་ཞུགས་པའི་གང་ཟག་གོ་།གང་བསྒོམ་པའི་ལམ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་དྲུག་སྤངས་པའི་ལམ་ལ་གནས་པ་ནི་ལན་ཅིག་ཕྱིར་འོང་བའི་གང་ཟག་གོ་།གང་བསྒོམ་པའི་ལམ་འདོད་པ་ན་སྤྱོད་པའི་ཉོན ་མོངས་པའི་རྣམ་པ་ཐམས་ཅད་སྤངས་པའི་ལམ་ལ་གནས་པ་ནི་ཕྱིར་མི་འོང་བའི་གང་ཟག་གོ་།སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་ཅར་སྤངས་པའི་ལམ་ལ་གནས་པ་ནི་དགྲ་བཅོམ་པའི་གང་ཟག་གོ་།སངས་རྒྱས་འཇིག་རྟེན ་དུ་མ་བྱུང་བའི་ཚེ་འདོད་པའི་ཁམས་སུ་སྐྱེས་ནས་གཞན་གྱི་མན་ངག་མང་པར་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་རང་བྱང་ཆུབ་མངོན་སུམ་དུ་བྱས་པ་ནི་རང་སངས་རྒྱས་ཀྱི་གང་ཟག་གོ་།མོས་པས་སྤྱོད་པའི་ས་ནས་བརྩམས ་ནས་བཅུ་མན་ཆད་ལ་གནས་པ་བདག་དང་གཞན་གྱི་དོན་གྱི་ཕྱིར་ཞུགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་གང་ཟག་གོ་།གང་ཟག་གཅིག་ཅེས་བྱ་བས་དེ་བཞིན་གདེགས་པ་གཉིས་འཇིག་རྟེན་དུ་འབྱུང་བ་མི་སྲིད ་པར་སྟོན་ཏོ། །འཇིག་རྟེན་དུ་འབྱུང་བ་ན་ཞེས་བྱ་བ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་བསྟན་ཏེ། འདོད་པའི་ཁམས་སུ་སྐྱེ་ནས་ཞེས་བྱ་བའི་དོན་ཏོ། །ཕན་པ་ནི་འདོད་པའི་བསོད་སྙོམས་ཀྱི་མཛའ་ཡོངས་སུ་སྤངས་པའོ། །བདེ་བ་ནི་བདག་ཉིད ་ངལ་བའི་མཛའ་ཡོངས་སུ་སྤངས་པའོ། །འཇིག་རྟེན་ལ་སྙིང་རྩེ་བ་ནི་འཇིག་རྟེན་དུ་སྐྱེ་ཞིང་ལམ་དབུ་མ་སྟོན་པ་ཡང། སེམས་ཅན་ལ་ཐུག་རྗེའི་རྒྱུས་ཞེས་བྱ་བའི་དོན་ཏོ། །དོན་ནི་མྱ་ངན་ལས་འདས་པའི་འབྲས་བུ་ལ་བཞག་པའོ། །སྟོན་པ ་ནི་འཕགས་པའི་བདེན་པ་བཞི་འཆད་པའི་ཕྱིར་རོ། །དོན་ནི་གང་ཟག་ཅེས་བྱའོ། ཞེས་བྱ་བ་ནི་གོང་དུ་བཤད་པ་དེ་དག་ནི་གང་ཟག་ཅེས་བྱའོ། །ཀུན་རྫོབ་གྱི་ཚིག་གི་གནས་ཀྱིས་ཞེས་བྱ་བ་ནི་གང་ཟག་ཅེས་གསུངས་པ་ཡང་གང་ཟག ་གི་དངོས་པོ་ཡོད་པའི་ཕྱིར་གསུངས་པ་ནི་མ་ཡིན་གྱི། །གང་ཟག་ཅེས་གང་ཟག་གི་ཚིག་མ་བཏགས་ན། ཐ་སྙད་དུ་བྱ་ཞིང་སེམས་ཅན་རྣམ་གྲངས་མང་པོའི་ཕྱིར་ཀུན་རྫོབ་ཙམ་དུ་བཏགས་ནས་བསྟན་ཏེ། བཏགས་པ་ཙམ་ལ་གང ་ཟག་གི་དངོས་པོ་ཡོད་པར་མངོན་པར་ཆགས་པ་དེ་དག་ནི་ཆོས་ཉིད་ལ་སྟོན་པ་མ་ཡིན་ནོ། །འབྱུང་བ་མེད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ནམ་ཡང་མཚན་ཉིད་གཞན་དུ་མི་འགྱུར་བའི་ཕྱིར་རོ། །སྒྲོ་བཏགས་པ་མེད་པ་ཞེས་བྱ་བ་ནི་དེ་བཞིན ་ཉིད་སྟོང་པའི་ངོ་བོ་ལ་ཡོད་པར་སྒྲོ་གདེགས་སུ་མི་རུང་བའི་ཕྱིར་རོ། །བྱ་བ་མེད་པ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་རྣམས་མི་བྱེད་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ཞེས་བྱ་བ་ནི། དགེ་བའི་ཆོས་ཀྱང་མི་བྱེད་པའི་ཕྱིར་རོ། །མི་གནས་པ་ཞེས་བྱ་བ ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་བརྟེན་པའི་ཕྱིར་རོ། །རབ་ཏུ་མི་གནས་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལ་མི་བརྟེན་པའི་ཕྱིར་རོ། །རྩ་བ་མེད་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པས་མ་སྐྱེད་ཅིང་དེ་ལ་མི་གནས་པའི ་ཕྱིར་རོ། །ཐམས་ཅད་མཉམ་པ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཀུན་ཏུ་ཁྱབ་པའི་ཕྱིར་རོ། །མཉམ་པ་དག་ལ་མཉམ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་མཉམ་པ་སྟེ། །མཚན་ཉིད་ཅིག་བར་འདུས་པས་ན་མཉམ་པ་ལ་མཉམ ་པའོ། །མི་མཉམ་པ་དག་ལ་མཉམ་པ་ཞེས་བྱ་བ་ནི་མི་མཉམ་པའི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་དེ་དང་འདྲ་བས་ན་མི་མཉམ་པ་དག་ལས་མཉམ་པའོ། །ཆོས་ཐམས་ཅད་མཚན་ཉིད་གཅིག་པ་འདྲ་བ་དང། ཆོས་ཀྱི་སྐུ་དང་འདྲ་བས་ན། མཉམ་པ ་པ་དང་མི་མཉམ་པ་ལས་མཉམ་པའོ། །རྟོག་པ་ཐམས་ཅད་ལས་འདས་པས་ན། རྟོག་པ་མེད་པའོ། །བྱ་བ་ཐམས་ཅད་ལས་འདས་པས་ན་བརྩོམ་པ་མེད་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་དུ་མཐོང་བས་ན། ་ཆོས་ཐམས་ཅད་ལ་སྐྱོན་མེད་པ་རྙེད་པའོ། །ནམ་མཁའ་བཞིན་དུ་ངོ་བོ་མེད་པ་ཡིན་པས་ན། ཤིན་ཏུ་ནམ་མཁའ་ཨི་རང་བཞིན་གྱི་མཚན་ཉིད་དོ། །དེ་ལ་གང་དག་ཆོས་ཉིད་ལ་རྟོན་ཅིང་བྱ་བ་ནི་གང་སྟོང་པ་ཉིད་ལ་རྟོན་ཅིང་དེ་ཁོང་དུ་ཆུད་པ་དེ་དག་ནི་མིག་ལ ་སོགས་པའི་ཁམས་གང་ལ་ཡང་དངོས་པོར་མི་འཛིན་ཅིང་མི་སྟོན་པའོ། །ཆོས་ཉིད་ཀྱི་དོན་རྒྱས་པར་བཤད་པ་བསྡུས་ཏེ། བསྟན་པའི་ཕྱིར། དེ་བས་ན་ཆོས་ཀྱི་སྒོའི་ཚུལ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཆོས་ཀྱི ་དབྱིངས་སུ་རྟོག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པས་ན་ཆོས་ཀྱི་སྒོ་སྟེ་ཚུལ་ལ་འཇུག་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རྟོག་པའོ། །འདིས་ཆོས་ཐམས་ཅད་ལ་བསྟན་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཉིད་ཁོ ་ནར་འགྱུར་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཡིན་པ་འདིས་ཆོས་ཐམས་ཅད་ལ་རྟོན་པས་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ཆོས་ཉིད་ཡིན་པར་འགྱུར་བའོ།། ་འདི་ནི་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཁོང་དུ་ཆུད་པ་འདི་ནི་ཞེས་བྱ་བའི་དོན་ཏོ། རྟོན་པ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།ཡོངས་སུ་བྱང་བའི་བྱང་ཆུབ་སེམས་དཔའ་ཨི་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་མི་ཟད་པ་ཡང་བསོད་ནམས་དང་ཡེ་ཤེས་ཀྱིས་སྤྱད་པའི་ཡུལ་སྦྱིན་པ་ལ་སོགས་པ་མི་ཟད་པའི་ཕྱིར་རོ། ། ་ཡོངས་སུ་བྱང་བའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་གཉིས་ཏེ། །རྟག་པར་ཕོངས་པ་མེད་པ་དང། ཐེ་ཙོམ་ཐམས་ཅད་གཅོད་པའོ། །ཚོགས་གཉིས་ཀྱིས་བསྡུས་པའི་དོན་ཚོགས་ཀྱི་ལམ་བསྟན་པར་ཡང་སྦྱར་རོ། །དེ་ལ་རྟག ་པར་ཕོངས་པ་མེད་པ་གང་ཞེ་ན། གང་གིས་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཐེ་ཙོམ་ཐམས་ཅད་གཅོད་པ་གང་ཞེ་ན། གང་གིས་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །རྟག་པར་ཕོངས་པ་མེད་པའི་དབང་དུ་བྱས་ནས། དེ་ལ ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་ཀྱིས་ཚོགས་མི་ཟད་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཞེས་བྱ་བ་ནི་གང་གིས། གང་ལ་གང་ཇི ་ལྟར་གང་གི་ཕྱིར། སྦྱིན་བ་ནི་སྦྱིན་པའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ལ་གང་སྦྱིན་པ་ནི་ཕྱི་དང་ནང་གི་དངོས་པོ་སྦྱིན་པའོ། །གང་གི་སྦྱིན་པ་ནི་འདོད་མ་ཆགས་པ་ལ་སོགས་པའི་སེམས་ཀྱིས་སྦྱིན་པའོ། །གང་ལ་སྦྱིན་པ་ནི ་ཡོན་ཏན་གྱི་ཞིང་དང། ཕན་བཏགས་པའི་ཞིང་དང། སྡུག་བསྔལ་བའི་ཞིང་ལ་སྦྱིན་པའོ་ཇི་ལྟར་སྦྱིན་པ་ནི་རང་གི་ལག་ནས་དུས་སུ་གུས་པར་བྱས་ཏེ་སྦྱིན་པའོ། །གང་གིས་ཕྱིར་སྦྱིན་པ་ནི་མཆོད་པ་དང་ཕན་པར་འདོད་པའི་ཕྱིར་སྦྱིན་པའོ། །ཚུལ ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ་བ་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བསོད་ནམས་བྱ་བའི་དངོས་པོ་སྟེ། ཡན་ལག་དྲུག་པོ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་སོ་སོ་ཐར ་པའི་སྡོམ་པས་བསྡམས་པ་དང། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོབ་ཕྲ་རབ་ཙམ་ལ་ཡང་འཇིག་པར་ལྟ་བ་དང། །བསླབ་པའི་བཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་ཞེས་གསུངས་སོ། །བསྒོམ་པ་ལས ་བྱུང་བའི་བསོད་ནམས་ཀྱི་དངས་པོ་ནི་གང་བསམ་གཏན་དང་སྙོམས་པར་འཇུག་པའི་མཚན་ཉིད་མཉམ་པར་བཞག་པའི་དགེ་བ་རྣམས་སོ། །ཡང་ན་ཆོས་རྣམས་ཡང་ནས་ཡང་དུ་སེམས་ལ་གོམས་ཤིང་འདྲིས་པར་བྱས་པ་ལས་བྱུང་བའི་བསོད ་ནམས་བྱ་བའི་དངོས་པོའོ། །བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་ནི་བྱམས་པ་གྲུབ་པར་བྱ་བའི་ཕྱིར་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལས་བྱུང་བ་འམ། བྱམས་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ ་སྙོམས་པར་བྱེད་པ་ལས་བྱུང་བའི་བསོད་ནམས་སོ། །དེ་བཞིན་དུ་སྙིང་རྗེ་ལ་སོགས་པ་མིང་གིས་སྨོས་པ་དགེ་བ་སྤྱོད་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཞེས་བྱའོ། །སྙིང་རྗེ་ཆེན་པོ་སྦྱིན་པ་དང་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་ཐོབ་པར་བྱ ་བྱ་བའི་ཕྱིར་ཏིང་ངེ་འཛིན་དུ་ཞུགས་པ་ལས་བྱུང་བའི་བསོད་ནམས་སམ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་བསལ་བར་བྱའོ་ཞེས་དམིགས་པ་ལས་བྱུང་བའི་བསོད་ནམས་སོ། །དགེ་བ་ཐམས་ཅད་རྩོམ་པ་ཞེས་བྱ ་བ་ནི་འདོད་མ་ཆགས་པ་ལ་སོགས་པ་བྱས་ཤིང་བྱེད་པ་ལས་བྱུང་བའི་བསོད་ནམས་སོ། །བདག་དང་གཞན་གྱི་སྡིག་པ་བཤགས་པ་ཞེས་བྱ་བ་ནི་བདག་གིས་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་གི་དབང་གི ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས། སྲོག་གཅད་པ་ལ་སོགས་པ་བྱས་པ་བཤགས་པ་དང་གཞན་གྱིས་བྱས་པ་འཆགས་སུ་བཅུག་པའི་རྒྱུ་ལས་བྱུང་བའི་བསོད་ནམས་སོ།། །སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་ནི་མོས ་པས་སྤྱོད་པའི་དུས་ན་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། ས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཕྱིར་མི་ལྡོག་པའི་ས་བརྒྱད་པ་དང་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་། རྣམས་སོ། །སྐྱེ་བ ་གཅིག་གིས་ཐོགས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །དུས་གསུམ་དུ་ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་འཕགས་པ་དེ་དག་གིས་དུས་གསུམ་དུ་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་བྱས་པའོ། །དེ་དག ་གིས་བསོད་ནམས་ལ་རྗེས་སུ་ཡིད་རང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་ལ་ཡང་བསོད་ནམས་ཀྱི་ཚོགས་ཞེས་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་སྐབས་སུ་ནི་འཕགས་པ་དེ་དག་གིས་ཐེག་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར ་སོ་སོའི་སྤྱོད་པ་བརྩམས་པར་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་མངའ་བ་སྦྱིན་པ་དང་ཚུལ་ཁྲིམས་དང་སྟོབས་དང་མི་འཇིག་པ་ལ་སོགས ་པའི་དགེ་བ་རྣམས་སོ། །རྗེས་སུ་ཡི་རང་བ་དང་ལྡན་པ་ཞེས་བྱ་བ་ལ། རྗེས་སུ་ཡི་རང་བ་ནི་དེ་དག་གི་དགེ་བའི་རྩ་བ་དང་དགའ་བ་དང་མོས་བ་སྐྱེ་བའོ། །ལྡན་པ་ནི་དེའི་རྒྱུ་ལས་བྱུང་བའོ། ཆོས་ཀྱི་སྦྱིན་བར་གསོལ་བ་ནི་ཆོས་བཤད་ཅིང་ཆོས་ཀྱིས ་འཁོར་ལོ་བསྐོར་བར་གསོལ་བའོ། །སྐུ་ཚེ་སྲིད་པར་གསོལ་བ་ནི་སེམས་ཅན་གྱི་དོན་དུ་མྱ་ངན་ལས་མི་འདའ་ཞིང་ད་དུང་འཇིག་རྟེན་དུ་བཞུགས་པར་གསོལ་བའོ། །བྱང་ཆུབ་ཏུ་བསྔོ་བ་དང་ལྡན་པ་ནི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང། ཆོས ་བཤད་པར་བསྐུལ་བ་དང་བཞུགས་པར་གསོལ་བ་བཏབ་པ་ལས་བྱུང་བའི་དགེ་བའི་རྩ་བ་བསགས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྔོས་པ་ལས་སྐྱེས་པའི་བསོད་ནམས་ཀྱི་ཚོགས་སོ། །ཕ་རོལ་ཏུ་ཕྱིན་པའི་ལམ་སྟོན་པ་དང ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་ནས་དེ་ཉིད་སྤྱོད་པ་ལ་བཙུད་པའོ། །ཡང་དག་པར་སྡུད་པ་ནི་ལོངས་སྤྱོད་ཐམས་ཅད་ལ་བཀོད་པ་ནས་དགེ་བ་ལ་བཞག་པའོ། །གཡོ་བ་མེད་པར་རིམ་གྲོ་བྱེད་པ་ནི་སྙིང་ཐག་པ་ནས་གྲོགས་བྱེད་པའོ། །མཐུ་ཆུང ་བ་ལ་བཟོད་པས་སྟོན་པ་ནི་སེམས་ཅན་དམན་པ་ཞན་པ་རྣམས་ཀྱིས་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་ཅིང་ཁོང་ཁྲོ་བ་མི་སྐྱེ་བའོ། །ལྟུང་བ་མི་འཆབ་བ་ནི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལས་ཉམས་པར་གྱུར་པ་རྣམས་གཞན་ལ ་མཐོལ་བའོ། །སྡིག་པ་འཆགས་པ་ནི་མཚམས་མེད་པ་ལ་སོགས་པའི་སྡིག་པ་བྱས་པ་འགྱོད་པའི་ཡིད་ཀྱི་འཆགས་པའོ། །བཞུགས་པ་ནི་ད་དུང་འཇིག་རྟེན་དུ་བཞུགས་པའོ། །མྱ་ངན་ལས་འདས་པ་ནི་སངས་རྒྱས་ཀྱི་བྱ་བ་མཛད་ནས ་མྱ་ངན་ལས་འདས་པའོ། །མཆོད་པ་ནི་གདུགས་དང་རྒྱལ་མཚན་དང་ན་བཟའ་ལ་སོགས་པས་མཆོད་པའོ། །རིམ་གྲོ་ནི་བསྐོར་བ་དང་ཕྱག་འཚལ་བ་ལ་སོགས་པ་བྱེད་པའོ། །སྟོན་པ་བཞིན་དུ་ཕངས་པར་འཛིན་པ་ནི་འཁོར་བ་ལ་འབྱིན་པར ་བྱེད་པའི་སྟོན་པ་ཕངས་པ་བཞིན་དུ་མཁན་པོ་དང་སློབ་དཔོན་ལ་ཕངས་པར་བྱེད་པའོ། །རིན་པོ་ཆེ་ཚོལ་བ་ལྟར་བརྩོན་པ་ཞེས་བྱ་བ་ནི་ཇི་ལྟར་རིན་ཐང་མེད་པའི་རིན་པོ་ཆེ་རྒྱ་མཚོར་སྲོག་ལ་འབབ་པ་ལ་སོགས་པའི་སྡུག་བསྔལ་རྣམས། ་ཀྱང་ཉམས་སུ་བླངས་ནས་བདོག?་པ་ཐམས་ཅད་བཏང་ཏེ་རིང་དུ་སོང་ནས་ཚོལ་བ་ལ་འབད་བ་དེ་བཞིན་དུ་ཆོས་རིན་པོ་ཆེ་ཡང་ལུས་དང་སྲོག་ལ་ཡང་མི་ཕངས་པར་བྱ་སྟེ། ཤིན་ཏུ་རིང་དུ་སོང་ནས་ཀྱང་ཚོལ་བ་ལ ་འབད་པར་བྱེད་པའོ། །སངས་རྒྱས་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི་སངས་རྒྱས་དང་འདྲ་བར་ཆོས་སྟོན་པ་རྣམས་ལ་ཡང་ཕངས་པར་བྱེད་པའོ། །དཔག་ཚད་བརྒྱར་ཞེས་བྱ་བ་ནི་མཚན་པའི་ཚིག་ཙམ་དུ་ཟད་དེ་དེ་བས་ཀྱང་རིང ་དུ་སོང་ཞིང་ཆོས་ཉན་པའོ། །དཔེ་མཁྱུད་མེད་ཅེས་བྱ་བ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་གཞན་ལ་མ་ལུས་པར་སྟོན་ཅེས་བྱ་བའི་ཐ་ཚིག་གོ་།ཟང་ཟིང་མེད་པར་ཆོས་སྦྱིན་པ་ཞེས་བྱ་བ་ནི་ཁེ་དང་བཀུར་སྟི་ལ་མ་ཆགས་པར་ཆོས ་སྟོན་ཅེས་བྱ་བའི་དོན་ཏོ། །ཆོས་ལ་རིན་ཐང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རིན་ཐང་མེད་པའི་རིན་པོ་ཆེ་གཅེས་ཤིང་ཕངས་པ་དེ་བཞིན་དུ་ཆོས་རིན་པོ་ཆེ་ལ་ཡང་གཅེས་ཤིང་ཕངས་པར་བྱེད་པའོ། །ཕ་མ་ལ་བསྙེན་བཀུར་བྱེད་པ་ཞེས་བྱ་བ ་ནི་ཕན་བཏགས་པའི་གནས་ཡིན་པས་བླ་མ་དང་བཙུན་པར་འཛིན་ཅིང་བཟའ་བ་དང་བགོ་བ་ལ་སོགས་པས་ཕན་འདོགས་པར་བྱེད་པའོ། །བྱས་པ་བཟོ་བ་ཞེས་བྱ་བའི་ཕན་བཏགས་པ་རྣམས་ལ་ཡང་ཕན་འདོགས་པར་བྱེད་པའོ།། ་བྱས་པ་ཚོར་བ་ནི་ཕན་བཏགས་པ་ཤེས་ཤིང་མི་བརྗེད་པའོ། །བྱས་ནས་འགྱོད་པ་མེད་པ་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་ཕན་བཏགས་པ་དང་དགེ་བ་བྱས་པ་རྣམས་བྱས་ནས་ཕྱིས་བྱས་པ་ཉེས་སོ་ཞེས་འགྱོད་པ་མེད་པའོ། །བསོད་ནམས་ལ་སོགས་པས ་མི་ངོམས་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་མང་དུ་བསགས་པ་ལ་ཆོག་མི་ཤེས་པའོ། །ལུས་བསྡམས་པ་ཞེས་བྱ་བ་ནི་ལུས་ཀྱི་སྲོག་གཅོད་པ་ལ་སོགས་པའི་ཉེ་བར་མི་འབྱུང་བར་བསྡམས་པས་ཡོན་ཏན་དང་མི་ལྡན་ཡང ་ལྡན་པ་འདྲ་བའི་ཚུལ་མཆོས་བ་མེད་པའོ། །ངག་བསྡམས་པ་ཞེས་བྱ་བ་ནི་ངག་གི་སྒོ་ནས་བརྫུན་དང་ཚིག་ཀྱལ་པ་ལ་སོགས་པ་མི་འབྱུང་བར་བསྡམས་པས་བརྫུན་དང་གཡོ་རྒྱུའི་ཚིག་སྣ་ཚོགས་མི་སྨྲ་བའོ། །ཡིད་བསྡམས་པ་ཞེས་བྱ་བ་ནི ་ཡིད་ཀྱི་སྒོ་ནས་བརྣབ་སེམས་དང་གནོད་སེམས་ལ་སོགས་པ་མི་འབྱུང་བར་བསྡམས་པས་བརྣབ་སེམས་དང་གནོད་སེམས་ཀྱི་བསམ་པ་དང། གཡོ་སྒྱུའི་བསམ་པ་སྣ་ཚོགས་མེད་པའོ། །དེ་བཞིན་གཤེགས་པའི་ཆོས་རྟེན་རབ་ཏུ་འཇོག ་པས་ཚངས་སོ?་པའི་བསོད་ནམས་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་བརྩིགས་པ་དང་བྱས་པ་མྱ་ངན་འདས་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསགས་པའོ། །རྣམ་པ་གཅིག་ཏུ ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་བྱས་ནས་ཚངས་པའི་བསོད་ནམས་བསྐྱེད་པའི་ཕྱིར་ཏེ། མདོ་ལས་ཀྱང་སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ལ་ལ་ཞིག་གི་མི་གནས་པའི་ཕྱོགས ་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ཁབ་ཙམ། གདུགས་ནི་བ་ཀུ་ལའི་ལོ་མ་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེ་ཚངས་པའི་བསོད་ནམས་སྐྱེད་པར ་འགྱུར་ཏེ། འདི་ནི་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གཏན་པ་མེད་པའི་མཆོད་སྦྱིན་བྱེད་པས་མཚན་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་ནི་དངོས་པོ ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་གཏག་བ་ནི་གཏན་པ་མེད་པའི་མཆོད་སྦྱིན་ཏེ། དེས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྫོགས་བར་བྱེད་བའོ། །དགེ་བའི་ཚོགས་ཞེས་བྱ་བའི་གོང་དུ་བརྩོན་འགྲུས ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཅིག་ཏུ་བསྡུས་ནས། དད་པས་རྗེས་སུ་འབྲང་པའི་གང་ཟག་གི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་མི་ཕོད་ཅེས་བྱ་བ་ལ་སོགས་པ་གསུངས ་པ་ལྟ་བུའི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པས་དཔེ་བྱད་བཟང་པོ་ཀུན་རྫོགས་པར་བྱེད་པའོ། །ང་རྒྱལ་མེད་པས་ཞེས་བྱ་བ་ནི་ཆེ་བའི་ང་རྒྱལ་དང། ཆུང་བའི་ང་རྒྱལ་ལ་སོགས་པ་སྤངས་པས་འཕྲལ་དུ་ཡང་འགྱིང་པའི ་སྤྱོད་ལམ་མཛེས་པ་མེད་ཅེས་ཚེ་རབས་གཞན་དུ་ཡང་ལུས་མཛེས་པ་ཐོབ་པར་འགྱུར་བས་ན་ལུས་རྒྱས་བའོ། །ངག་གིས་ཉེས་པ་ཐམས་ཅད་སྤངས་ཤེས་བྱ་བ་ནི་རྫུན་ལ་སོགས་པའི་ཉེས་པ་སྤངས་པས། འཕྲལ་དུ་ཡང་ཚིག་སྐྱོན་ཅན་ ་མི་མཛེས་པ་མེད་པ་དང་ཚེ་རབས་གཞན་དུ་ཡང་དེ་བཞིན་གཤེགས་པའི་དབྱངས་ཡན་ལག་དུ་མ་དང་ལྡན་པ་འཐོབ་པར་འགྱུར་བས་ངག་བརྒྱན་པའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་ཞེས་བྱ་བ་ནི་ཞེས་སྡང་གི་སེམས་མེད ་པས་འཕྲལ་དུ་ཡང་གནོད་པའི་བསམ་པ་དྲི་མ་ཅན་མེད་ཅིང་ཚེ་རབས་གཞན་དུ་ཡང་ཞེ་སྡང་མེད་པའི་སེམས་འཐོབ་པར་འགྱུར་བས་སེམས་བརྒྱན་པའོ། །མངོན་པར་ཤེས་པ་རྣམ་པར་འཕྲུལ་པ་ནི་མངོན་པར་ཤེས་པ་ལྔའི་སྒོ་ནས་རྣམ་པར ་འཕྲུལ་བ་མང་པོ་བཤད་པ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་བཻ་ཌཱུརྱའི་ཁ་དོག་ལ་སོགས་པ་དང། དཔག་བསམ་གྱི་ཤིང་དང་རིན་པོ་ཆེའི་གཞལ་མེད་ཁང་ལ་སོགས་པ་མཛེས་པའི་དངོས་པོ་ཕུན་སུམ་ཚོགས་པར་བྱེད་པས་ན་སངས ་རྒྱས་ཀྱི་ཞིང་གི་རྒྱན་དུ་འགྱུར་བའོ། །འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཅེས་བྱ་བ་ལ། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ནི་མྱ་ངན་ལས་འདས་པ་འམ། དེ་བཞིན་ཉིད་ཀྱི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། དེ་ཁོང་དུ་ཆུད་པས་བདག ་གི་བཤད་པའི་ཆོས་ཐམས་ཅད་ཀྱང་བཟུང་བའི་ཕྱིར། ཆོས་ཀྱི་རྒྱན་དུ་འགྱུར་བའོ། །ཡང་ན་འདོད་ཆགས་དང་བྲལ་བ་ཉིད་ཆོས་ཀྱི་དེ་བཞིན་ཉིད་དང་མཐུན་པ་ཡིན་པས། དེ་སྐད་ཅེས་བྱའོ། །སྨྲས་པའི་ཚིག་རྣམས་ཕན་ཚུན་སྐྱེལ་བ་ནི་ཕ་མའོ། །མ་སྨྲས ་བའི་ཚིག་རྣམས་ཕན་ཚུན་སྐྱེལ་བར་བྱེད་པ་ནི་འབྱེད་པའི་ཚིག་གོ་།དེ་ལྟ་བུ་མེད་པས་བདག་གི་འཁོར་ཀྱང་གཡོ་མེད་པ་སྒྱུ་མེད་བྲང་བོ་ཡོན་ཏན་དང་ལྡན་པ་ཤ་སྟག་དང་ལྡན་པར་འགྱུར་བས་ན་འཁོར་གྱི་རྒྱན་དུ་འགྱུར་བའོ། །བརྗོད་པ་ལ་སེར་སྣ་མེད ་པར་བྱེད་པ་ཞེས་བྱ་བ་ནི་ཆོས་བསྟན་པ་ལས་སེར་སྣ་མེད་པས་ཆོས་ཀྱི་སྣོད་དང། ཆོས་བཟུང་པའི་འོས་སུ་གྱུར་བའི་ཕྱིར། ཆོས་བཟུང་བར་འགྱུར་བའོ། །ལེགས་སོ་ཞེས་བྱ་བ་བྱིན་ཞེས་བྱ་བ་ནི་འབྲས་བུ་ཡོང་བའི་ཆོས་དེ་བཞིན་གཤེགས་པའི་གསུང ་རབ་ཐོབ་པས། རབ་ཏུ་དགའ་ནས་ལེགས་སོ་ཞེས་སྨྲ་བ་ཉིད་བསོད་ནམས་ཡིན་པའི་ཕྱིར་རོ། །ལེགས་པར་བཤད་པ་ལ་རྟོག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་ཐོག་མར་ཡང་དགེ་བར་དུ་ཡང་དགེ་ཐ་མར་ཡང་དགེ་བའི་ཆོས་བཤད ་པ་རྟོག་པས་སྒྲིབ་བ་ལྔ་སྐྱེ་བའི་སྐབས་མེད་པར་བྱེད་པ་ནི་རྣམ་པར་སྤོང་བའོ། །ངེས་པར་འབྱིན་པའི་ཆོས་ནི་འཕགས་པའི་ལམ་སྟེ། ཁམས་གསུམ་ནས་ངེས་པར་འབྱིན་པའི་ཕྱིར་རོ། །དེ་སྟི་སྟང་དུ་བྱས་ཏེ་ཉན་པ་ཉིད་ཀྱི་བསོད་ནམས? ་གྱི་ཚོགས་ཡིན་ནོ། (།དཀའ་ཐུབ་བསྒོམ་པའི་ནེགས?་ཚལ་ནི་བརྟུལ་ཞུགས་ཀྱི་ནགས་ཚལ་ལོ།)་།བྱང་ཆུབ་གྱི་ཤིང་དྲུང་གི་རྒྱན་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པར་འགྱུར་བའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སམ། (མངོན་པར་བྱང་ཆུབ་ཉིད)་བྱང་ཆུབ་ཀྱི་ཤིང་གི ་བརྒྱན་ནོ། །དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བས་ཞེས་བྱ་བ་ནི་སངས་རྒྱས་པར་འགྱུར་བའི་དགེ་བའི་བསགས་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དུ་འགྱུར་བའོ། །ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་ཞེས་བྱ་བ་ནི་ཁམས་གསུམ་དུ ་སྐྱེས་ཀྱང་འཁོར་བའི་སྐྱོན་ལས་དང་ཉོན་མོངས་པས་མི་གོས་པར་འཁོར་བ་སྐྱེ་བའང་སྐྱོན་མེད་པ་འཁོར་བ་ནས་ཤི་འཕོས་པ་ཡང་སྐྱོན་མེད་པའོ། །དེ་ལ་ཤི་བ་ནི་འདིར་ཚེའི་དབང་པོ་འགག་པའོ། །འཕོ་བ་ནི་འདི་ནས ་སྲིད་པ་གཞན་དུ་སོང་བའོ། །རིན་པོ་ཆེ་དང་ཕངས་པའི་དངོས་པོ་ཞེས་བྱ་བ་ནི་གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་དང། བུ་དང་ཆུང་མ་ལ་སོགས་པ་ཕངས་པའི་དངོས་པོ་ཐམས་ཅད་ལ་མ་ཆགས་པར་གཏང་བས་རིན་པོ་ཆེ་བདུན་དང ་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་འམ། ལག་ན་རིན་པོ་ཆེ་འཐོབ་པར་འགྱུར་བའོ། །གཏེར་མི་ཟད་པ་འབྱིན་པ་ནི་ཚེ་འདིར་རོ། །ལོངས་སྤྱོད་མི་ཟད་པ་ནི་ཚེ་རབས་གཞན་དུ་མི་ཟད་པ་ཐོབ་པའོ། །འོད་ཟེར་མཉམ་པར ་གཏོང་པ་ནི་བྱམས་པ་དང་སྙིང་རྗེའི་བསམ་པས་སེམས་ཅན་ཀུན་ལ་མཉམ་པར་ལྟ་བའོ། །མཉམ་པ་ཉིད་ཀྱི་རྐྱེན་ཐོབ་པ་ནི་གང་ལ་ཡང་བྱམས་པ་དང་ཞེ་སྡང་མེད་པའི་སེམས་ཐོབ་པའོ། །མ་ལོབས་པ་ནི་བསླབས་པ་མཐར་མ་བྱིན་པའོ། །འོང ་བཀོད་པ་གཏོང་པ་ནི་དེ་དག་སྦ་བཀོད་པར་བྱེད་པ་མེད་པའོ། །སྐྱེ་བ་ཡོངས་སུ་དག་ཅེས་བྱ་བ་ནི་ཚུལ་ཁྲིམས་དག་པའི་ཚོགས་དང་ལྡན་པས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་འམ། ངན་སོང་གསུམ་དུ་སྐྱེ་བ་འམ། སྡིག་པ་བྱེད་པའི་གནས་སུ ་མི་སྐྱེ་བའོ། །མངལ་གྱི་གནས་ཡོངས་སུ་དག་ཅེས་བྱ་བ་ནི་བདག་དང་གཞན་གྱི་ལྟུང་བ་ཆོས་བཞིན་དུ་གསོ་བར་བྱེད་ཀྱི་གླེང་བར་མི་བྱེད་པས་རྟག་ཏུ་བརྫུས་ཏེ་སྐྱེ་བའི་ཕྱིར་རོ། །རྗེས་སུ་བསྟན་པ་ཐམས་ཅད་ལ་རྣམ་པར་མི་རྟོག་ཅེས་བྱ་བ་ནི་ཆོས ་བསྟན་པ་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཚུལ་དུ་གནས་པས་ལས་སུ་བྱས་པ་ཐམས་ཅད་དོན་ཡོད་ཆུང་ཟས་བར་མ་གྱུར་པའོ། །ཆོས་ཐམས་ཅད་ལ་དབང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་དབང་ཕྱུག་ཆེན་པོར ་གྱུར་བའོ། །བསམ་པ་ཡོངས་སུ་དག་པས་འཇིག་རྟེན་ཐམས་ཅད་ལ་དབང་བ་ཞེས་བྱ་བ་ནི་བསམ་པ་ཡོངས་སུ་དག་པས་ཇི་སྤྱད་དོ་ཅོག་ལ་གཡོ་སྒྱུ་མེད་པའི་ཕྱིར་འཇིག་རྟེན་ཐམས་ཅད་དེ་ལ་ཡིད་ཆེས་ཤིང་དེའི་དབང་དུ་འགྱུར་བའོ། །སེམས་ཅན་ཡོངས་སུ ་དག་པར་བྱེད་པས་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ཏུ་བདག་གིས་སྨིན་པར་བྱ་ཞིང་གདུལ་བར་བྱ་བའི་སེམས་ཅན་རྣམས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ ་དེ་དག་པར་བྱས་པས་ནམ་བདག་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་གནས་པའི་སེམས་ཅན་ཡང་སྦྱིན་པ་ལ་གནས་པ། ཚུལ་ཁྲིམས་ལ་གནས་པ་ཤ་སྟག་དང་ལྡན་པར་འགྱུར་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། ། ་ཁ་ཅིག་ལས་སེམས་ཡོངས་སུ་དག་པ་ཞེས་འབྱུང་སྟེ། དེར་སངས་རྒྱས་ཀྱི་ཞིང་གྱོ?་མོ་དང། གོང?་པ་ལ་སོགས་པ་མེད་ཅིང་མཉམ་པར་སྣང་བ་ཡང་བདག་གི་སེམས་ཡོངས་སུ་སྦྱངས་ཏེ། དེ་ལྟ་བུ་སྣང་བ་མེད་པ་གོམས་པ་ལས་བྱུང་བའི་དོན་དུ་ལྟའོ ་ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པས་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཞེས་བྱ་བ་ལ་སེམས་ཅན་ལ་གནོད་པ་མི་བྱེད་ཅིང་ཕན་པར་བྱེད་པའི་བསམ་པ་ནི་ལྷག་པའི་བསམ་པ་སྟེ། ལེགས་ཉེས་ཇི་བྱུང་ཡང་བདག་གི་ལས་ཀྱི་རྣམ་པར་སྨིན་པ ་ལས་བྱུང་བར་ཤེས་ན། ཕ་རོལ་པོ་ལ་བྱམས་པ་དང། སྤང?་བ་མེད་པའི་ཕྱིར་ལྷག་པའི་བསམ་པ་དག་པའོ། །ཉི་ཆེ་བའི་སྤྱོད་པ་མི་འདོད་ཅེས་བྱ་བ་ནི་བདག་གིས་དོན་དུ་ཞུགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ལམ་ལ་གནས་པར ་མ་མོས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་མོས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པ ་སྐྱབ་པར་བྱ་བའི་བྱང་ཆུབ་ཀྱི་སེམས་མི་གཏོང་བས་བླ་ན་མེད་པས་བྱང་ཆུབ་ཏུ་འཚང་རྒྱ་བའི་བསོད་ནམས་ཀྱི་ཚོགས་དང་ལྡན་པའོ། །དད་པ་སྔོན་དུ་འགྲོ་བས་ཞེས་བྱ་བས་ནི་དད་པ་དང་ལྡན་ཏེ། དད་པས་རྒྱུ་བྱས ་པས་ཤེས་བྱ་བའི་དོན་ཏོ། །ལུས་དང་སྲོག་ལ་མི་ལྟ་ཞེས་བྱ་བ་ནི་ལུས་དང་སྲོགས་ལ་ཡང་མི་ཕངས་པར་སངས་རྒྱས་ཀྱི་ཆོས་བཙལ་བས་ན་སྟོབས་དང་མི་འཇིགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་པའོ། །སྔོན ་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་ཞེས་བྱ་བ་ནི་དང་པོ་བྱང་ཆུབ་ཏུ་སེམས་སྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་ཁས་བླངས་པ་དེ་བཞིན་དུ་མངོན་པར་བྱང་ཆུབ་པ་ནི་སེམས་ཅན་ཐམས ་ཅད་བསྒྲལ་བས་འཇིག་རྟེན་ཐམས་ཅད་ལ་མི་བསླུ་བའོ། །དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་འམ། མཐར་འབྱིན་པར་བྱེད་པའི་རྒྱུ་དགེ་བའི་ཆོས ་བསོད་ནམས་ཡིན་ཏེ།། །།བསོད་ནམས་དང་ལྡན་ན་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་རྫོགས་པར་འགྱུར་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་བ་ཞེས་བྱའོ། །བསོད་ནམས་ཀྱི ་ཚོགས་རྒྱ་ཆེར་བཤད་པའི་དོན་བསྡུས་ཏེ་བསྟན་བའི་ཕྱིར། དེ་ལྟར་རྒྱུ་གང་དང་རྐྱེན་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་གོང་དུ་བཤད་པ་ལྟར་རོ། །མདོར་ན་དགེ་བའི་རྩ་བའི་རྒྱུ་གང་དང་གང་གིས་ས་དང་ཕ་རོལ་ཏུ་ཕྱིན ་པ་དང་མཚན་དང་དཔེ་བྱད་དང། སྟོབས་དང་མི་འཇིགས་པ་དང། སྐུ་ལ་སོགས་པ་ཐོབ་པར་བྱེད་པའི་རྒྱུ་དེ་དང་དེ་དག་བསྒྲུབས་པའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །རྒྱ་ཆེར་ནི་བསྐལ་བ་ཞེས་བྱ་བ་ལ་བསོད་ནམས་ཀྱི ་ཚོགས་ཞིབ་ཏུ་བསྟན་ཅིང་མ་ལུས་པར་བསྟན་ན་ནི། །བསྐལ་པ་འམ་བསྐལ་པ་བས་ལྷག་པར་ཡང་བཤད་དགོས་ལ་ངེས་ཀྱང་རྫོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ།། ་ཐེ་ཚོམ་ཐམས་ཅད་གཅོད་པའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྟོགས་པ་འགྱུར་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁང ་དུ་ཆུད་ཅིང་མངོན་སུམ་དུ་འགྱུར་བའོ། །དེ་ལ་ཡེ་ཤེས་ཡོངས་སུ་ཚོལ་བ་ལ་འདུན་པ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱི་རོལ་མ་ཡིན་པའི་ཆོས་སྟོན་ཏོ། ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་བསྟན་ཏོ། །དེས་ཆོས་དེ་དག་ཐོས་ནས་ཞེས་བྱ་བ་ནས ་བརྩམས་ཏེ། །ལས་ཡོངས་སུ་དག་པའི་ཡེ་ཤེས་ཞེས་བྱ་བ་ཡན་ཆད་ཀྱི་རྐྱེན་བསྟན་ཏོ། །ཡེ་ཤེས་ཡོངས་སུ་ཚོལ་བ་ལ་རབ་ཏུ་འདུན་པ་ཞེས་བྱ་བ་ནི་ཡེ་ཤེས་འགྲུབ་པར་འགྱུར་བའི་རྒྱུའི་ཚོལ་བ་ལ་འདུན་པ་སྟེ། གླེགས་བམ་འདྲི་བ་དང། ཀློག ་པ་ལ་སོགས་པ་ལ་འདུན་ཅིང་བརྩོན་པའོ། །ཡེ་ཤེས་རྟོགས་པའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་ཡེ་ཤེས་གཉིས་སུ་མེད་པ་མངོན་དུ་བྱས་པའི་དགེ་བའི་བཤེས་གཉེན་ནམ། ཡེ་ཤེས་རྟོགས་པར་འགྱུར་བའི་ཆོས་སྟོན་པའི་དགེ ་བའི་བཤེས་གཉེན་ནི་ཡེ་ཤེས་རྟོགས་པའི་དགེ་བའི་བཤེས་གཉེན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཆོས་སྟོན་པའི་མཁན་པོ་དང་སློབ་དཔོན་ལ་སོགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་རྟག་ཏུ་བསྟེན་པ་དང། རྟག་ཏུ་འགྲོགས ་པ་དང། རྟག་ཏུ་བསྙེན་བཀུར་བྱེད་པ་ཞེས་ཚིག་རེ་རེ་དང་སྦྱར་རོ། །རྟག་ཏུ་སྟེན་བ་ནི་དུས་ཐམས་ཅད་དུ་དེའི་གན་དུ་ཉེ་བར་འགྲོ་བའོ། །རྟག་ཏུ་འགྲོགས་པ་ནི་དུས་ཐམས་ཅད་དུ་དེ་དང་ལྷན་ཅིག་ཏུ་གནས་པ་མི་གཏོང་བའོ། །རྟག་ཏུ་བསྙེན་བཀུར ་བྱེད་པ་ནི་དུས་ཐམས་ཅད་དུ་དེ་དག་ལ་ཕྱག་འཚལ་བ་ལ་སོགས་པ་སྟི་སྟང་བྱེད་པའོ། །གང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་ཅིང་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྣམ་པར ་མི་རྟོག་བའི་ཡེ་ཤེས་ཐོབ་བར་བྱ་བའི་ཕྱིར་འབད་པར་བྱེད་ཀྱི་ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཐོབ་པར་བྱ་བ་ལ་འབད་པ་མེད་པའོ། །དགེ་བའི་བཤེས་གཉེན་དེ་དག་ལ་ང་རྒྱལ་མེད་ཅེས་བྱ་བ་ནི་ཆོས་སྟོན་པའི་གང་ཟག་རྣམས་ལ་ང ་རྒྱལ་མེད་ཅེས་བྱ་བ་ནི་ཆོས་སྟོན་པའི་གང་ཟག་རྣམས་ལ་ང་རྒྱལ་བ་མི་བྱེད་པའོ། །བླ་མ་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི་མཁན་པོ་དང། སློབ་དཔོན་ལ་བཙུན་ཞིང་ཕངས་པར་བྱེད་པ་བཞིན་དུ་དགེ་བའི་བཤེས ་གཉེན་ལ་ཡང་བཙུན་ཞིང་ཕངས་པར་བྱེད་པའོ། །སྟོན་པ་བཞིན་དུ་ཕངས་པར་འཛིན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བཙུན་ཞིང་ཕངས་པར་བྱེད་པ་བཞིན་དུ་དགེ་བའི་བཤེས་གཉེན་ལ་ཡང་བཙུན་ཞིང་ཕངས ་པར་བྱེད་པའོ། །དགེ་བའི་བཤེས་གཉེན་དེ་དག་གིས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དགེ་བའི་བཤེས་གཉེན་དེ་དང་དེ་དག་གིས་སོ། །འདི་བསམ་པ་ཕུན་སུམ་ཚོགས་པར་རིག་ཅེས་བྱ་བ་ནི་གང ་ཟག་ཆོས་ཚོལ་བ་དེའི་བསམ་པ་གོང་དུ་བཤད་པར་ལྟར་ན་ཁེ་དང་བཀུར་སྟི་ཙམ་འདོད་པའི་ཕྱིར་ཚོལ་བ་ནི་མ་ཡིན་གྱི་ཡེ་ཤེས་གཉིས་སུ་མེད་པ་ཚོལ་བ་ཡིན་པར་ཁོང་དུ་ཆུད་ནས་ཆོས་སྟོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས ་ཀྱང་རྣམ་པ་གསུམ་སྟོན་ཏེ། བཤད་པར་བྱ་བའི་ཆོས་སྟོན་པ་དང་བསྒྲུབས་པར་བྱ་བའི་ཆོས་སྟོན་པ་དང། ཁོང་དུ་ཆུད་པར་བྱ་བའི་ཆོས་སྟོན་པའོ། །འབྲེལ་བའི་གཏམ་ཞེས་བྱ་བས་བཤད་པར་བྱ་བའི་ཆོས་སྟོན་པ་བསྟན་ཏེ། ་གསུང་རབ་ཡན་ལག་བཅུ་གཉིས་རྣམས་ཕྱིན་ཅི་མ་ལོག་པར་འཆད་པའི་ཕྱིར། །དེ་ཡེ་ཤེས་ཀྱི་གཏམ་སྒྲུབ་པར་བྱེད་ཅེས་བྱ་བས་བསྒྲུབ་པར་བྱ་བའི་ཆོས་སྟོན་པ་བསྟན་ཏེ། །ཡེ་ཤེས་གཉིས་སུ་མེད་པ་ཐོབ་པར་བྱེད་པའི་རྒྱུ་སྟོང་བ་ཉིད་ལ་སོགས ་པ་འཆད་པའི་ཕྱིར་རོ། །སྣོད་དུ་རིག་ནས་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་པར་བྱ་བའི་ཆོས་སྟོན་པ་བསྟན་ཏེ། །ཁོང་དུ་ཆུད་པར་བྱ་བའི་ཆོས་བསྟན་པའི་སྣོད་ཡིན་པར་རིག་ནས་ཕྱི་རོལ་གྱི་གཙུག་ལག་བྱ་ཀར་ཎ་ལ་སོགས་པ་མ་ཡིན་པ ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྒྱུན་དུ་སྟོན་བའོ། །དེས་ཆོས་དེ་དག་ཐོས་ནས་ཞེས་བྱ་བ་ནི་ཆོས་ཚོལ་བའི་གང་ཟག་དེས་གོང་དུ་བཤད་པའི་ཆོས་གསུམ་པོ་དེ་དག་དགེ་བའི་གཤེས་གཉེན་ལས་ཐོས་ནས་ཞེས་བྱ་བའི་དོན་ཏོ།། ་ཆོས་ཀྱི་ཚོགས་ལ་སྦྱོར་བར་བྱེད་ཞེས་བྱ་བ་ནི་ཆོས་དེ་གསུམ་ཁོང་དུ་ཆུད་ཅིང་རྟོག་པར་འགྱུར་བའི་རྒྱུ་ལ་སྦྱོར་བར་བྱེད་ཅིང་རྒྱུ་རྩོམ་པར་བྱེད་དེ་ཞེས་བྱ་བའི་དོན་ཏོ། །གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་ཞེས་བྱ་བ་ལ་ཆོས་ཚོལ་བའི་གང ་ཟག་གསུམ་རྟོགས་པར་འགྱུར་བའི་རྒྱུ་ལ་སྦྱོར་བ་དེ་ཉིད་གང་ཟག་དེའི་ཡེ་ཤེས་ཀྱི་ཚོགས་དང་རྒྱུ་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་ལ་སྦྱོར་བ་གང་ཞེ་ན་ཞེས་བྱ་བ་ནི་ཆོས་གསུམ་རྟོགས་པའི་རྒྱུ་ལ་རྩོམ་པ་གང་ཞེ་ན་ཞེས་བྱ་བའི ་དོན་ཏོ། །དེ་ལ་དོན་ཉུང་པ་ནི་བདག་གི་དོན་དུ་ཡོ་བྱད་མང་པོ་མི་ཚོལ་བའོ། །བྱ་བ་ཉུང་བ་ནི་འཇིག་རྟེན་གྱི་བྱ་བ་ཚོང་དང་ཞིང་སྨོད་པ་ལ་སོགས་པ་ཐམས་ཅད་མི་བྱེད་པའོ། །སྨྲ་བ་ཉུང་བ་ནི་འགྲོ་བ་མང་པོ་ཚོགས་པའི་ནང་དུ་གཏམ་མི ་བྱ་བ་སྣ་ཚོགས་ཀྱི་དུས་ཆུང་ཟ་བར་མི་བྱེད་པའོ། །ཡོ་བྱད་ཉུང་བ་ནི་བདག་ལ་ཇི་ཙམ་དགོས་པའི་ལྟུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་ལས་ལྷག་པར་མང་པོ་མི་འཆད་པའོ། །ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བ་ནི ་དུས་དེ་གཉིས་སུ་ཡང་གཉིད་ཀྱིས་སྒྲིབས་པ་མེད་པར་བྱས་ནས་ཇི་ལྟར་ཐོས་པའི་ཆོས་རྣམས་སེམས་ཤིང་བསྒོམ་པ་ལ་འབད་པར་བྱེད་པའོ། །ཐོས་པའི་དོན་ལ་རྟོག་པ་ནི་དེ་ལྟར་སེམས་པའི་དུས་ན་ཆོས་གང་ཐོས ་པའི་དོན་དེ་ཉིད་ལ་རྟོག་ཅིང་སེམས་ཀྱི་ཚིག་ཙམ་ལ་མི་རྟེན་པའོ། །ཡང་དང་ཡང་ཚོལ་བ་ནི་བསམ་པའི་ཆོས་དེ་ལ་ཡང་དང་ཡང་དུ་སྤྱོད་པའོ། །སེམས་ལ་རྙོག་པ་མེད་པ་ནི་དེའི་དུས་ན་སེམས་རྨོངས་ཤིང་མི་གསལ་བར་མ་གྱུར་པའོ། ། ་ཡང་ན་སེམས་ལ་རྙོག་པ་མེད་པ་ནི་ཆོས་དེ་ཉིད་ལ་དད་ཅིང་ཡིད་ཆེས་པས་སེམས་དང་པའོ། །སྒྲིབ་པ་རྣམས་རྣམ་པར་སེལ་བ་ནི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་རྣམས་ནི་མི་ལྡང་པར་གནོད་ཅིང་སེལ་བར་བྱེད་པའོ། །ལྟུང་པ ་རྣམས་ལས་འབྱུང་བ་ཤེས་པ་ནི་ཉེས་པ་བྱུང་བ་རྣམས་ཚངས་པ་འམ། ཐར་པར་བྱ་བའི་ཐབས་ལ་མཁས་པ་འམ། གཉེན་པོ་སྤྱོད་བ་ལ་མཁས་པའོ། །འགྱོད་པ་མེད་པ་ནི་དགེ་བ་བྱས་པ་ལ་མི་འགྱོད་པའོ། །ཀུན་ནས་ལྡང་བ་མེད་པ ་ནི་ཉོན་མོངས་པ་རྣམས་སེམས་ལ་མི་སྐྱེ་བར་བྱེད་པའོ། །སྒྲུབ་པ་སྙིང་པོར་བྱེད་པ་ནི་ཚིག་ཙམ་གྱིས་ཆོག་པར་མི་འཛིན་གྱི། །ཇི་ལྟར་ཐོས་པའི་ཆོས་རྣམས་སྒྲུབ་པ་ལྷུར་བྱེད་པའོ། །ཆོས་ལ་གཞོལ་བ་ནི་ཐོས་པའི་དུས་ན་ཇི་ལྟར་བཤད་པའི་ཆོས ་རྣམས་ཀྱི་ཚིག་བཟུང་བའི་ཕྱིར་རོ། །ཆོས་ལ་འབབ་པ་ནི་སེམས་པའི་དུས་ན་ཐོས་པའི་ཆོས་ཀྱི་དོན་རྙེད་པའི་ཕྱིར་རོ། །ཆོས་ལ་འབབ་པ་ནི་སེམས་པས་རྙེད་པའི་དོན་ལ་ཡང་ནས་ཡང་དུ་བསྒོམས་པས་འབྲས་བུ་དང་ཉེ་བའི་ཕྱིར་རོ། །རྟུལ ་བ་དང་ལྡན་པ་ནི་ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱི་མི་ནོན་པའོ། །མགོ་དང་གོས་ལ་མེ་འབར་བ་ལྟ་བུ་ནི་སྒྲུབ་པ་ཐམས་ཅད་མྱུར་ཏེ་སྒྲུབ་པའོ། དེ་ལ་ཆགས་པ་ནི་གོང་དུ་སྨོས་པའི་དངོས་རྣམས་ལ་མ་ཆགས ་བར་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་འམ། ཟང་ཟིང་ལ་མ་ཆགས་པར་གནས་པའོ། །ཚུལ་ཁྲིམས་མི་ལྷོད་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཕྲན་ཚེགས་ཀྱང་མ་ཉམས་པའོ། །བརྩོན་པ་ནི་མི་གཏོང་བ་ནི་དགེ་བ་བསྒྲུབ་པའི་བརྩོན་འགྲུས ་རྣམས་ཀྱང་མི་འདོར་བའོ། །ཁྱད་པར་འགྲོ་བ་ནི་ཤེས་པ་གོང་ནས་གོང་དུ་ཕྱིར་ཞིང་ཆེར་བསྐྱེད་པའོ། །འདུ་འཛི་ལ་མི་དགའ་བ་ནི་ལའགྲོ་བ་མང་པོའི་ནང་ན་གནས་པར་མ་མོས་པའོ། །གཅིག་པུར་དགའ་བ་ནི་གཅིག་པུར་གནས་པར་མོས ་པའོ། །དགོན་པ་ལ་མངོན་དུ་ཕྱོགས་པ་ནི་དགོན་པའི་གནས་སུ་གནས་འཆའ་ཞིང་ཏིང་ངེ་འཛིན་བསྒོམས་པའོ། །འཕགས་པའི་རིགས་ཀྱི་ཆོག་ཤེས་པ་ནི་འཕགས་པའི་རིགས་ཞི་ལ་གནས་པའོ། །མི་གཡོ་བ་ནི་སྦྱངས་པའི་ཡོན་ཏན་མི ་འདོར་བའོ། །འཇིག་རྟེན་གྱི་སྔགས་དྲན་པར་མི་འཛིན་པ་ནི་འཇིག་རྟེན་གྱི་གཙུག་ལག་རྣམས་མི་སློབ་ཅིང་སྔོན་ཤེས་པ་རྣམས་ལ་ཡང་རྒྱུན་དུ་དམིགས་ཤིང་སེམས་པར་མི་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ཆོས་ཚོལ ་བ་ནི་གསུང་རབ་ཀྱི་ཆོས་རྣམས་ཉན་ཅིང་ཚོལ་བའོ། །བརྗོད་པ་མེད་པ་ནི་མཉན་ཅིང་བཙལ་བའི་ཆོས་རྣམས་བརྗོད་པར་མི་བྱེད་པའོ། །དོན་རྟོག་པའི་རྗེས་སུ་འགྲོ་བ་ནི་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་པ་དང་མཐུན་པར་སེམས་ཤིང་དཔྱོད་བའོ། །བློ ་གྲོས་ཀྱི་ལམ་དང་མཐུན་པ་ནི་བློ་འམ་ཤེས་རབ་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པར་བྱེད་པའོ། །བསྟན་པས་བསྡོམ་པ་ནི་སྡོམ་པ་གང་བླངས་པའི་དངོས་པོ་དེ་ལ་མི་འགྱུར་བས་བསྟན་པར་ལུས་དང་ངག་ཡིད་བསྡོམ་པའོ། །རྐྱེན ་རྣམས་ཀྱི་ཡེ་ཤེས་ཀྱིས་རྗེས་སུ་འགྲོ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཤེས་པ་དང་མཐུན་པའོ། །ཡང་ན་ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་ཤེས་བས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་བསགས་པའོ། །ངོ་ཚ་ཤེས་པ་དང ་ཕྲེལ?་ཡོད་པས་བརྒྱན་པ་ནི་བདག་དང་གཞན་ལ་བལྟོས་ནས་རྟག་ཏུ་སྡིག་པ་མི་བྱེད་པའོ། །ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལྷུར་བྱེད་པ་ནི་ཇི་སྤྱད་དོ་ཅོག་ཐམས་ཅད་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྤྱོད་ཅིང་སྒྲུབ ་པའོ། །ཤེས་རབ་ཀྱི་མིག་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མཁས་པའོ། །བློ་ཤིན་ཏུ་རྣམ་པར་དག་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་མེད་པའི་ཕྱིར་རོ། །བློ་རྒྱ་ཆེ་བ་ནི་ཐེག་པ་ཆེན་པོ་ལ་དམིགས་པའི ་ཕྱིར་རོ། །བློ་མ་ཞུམས་པ་ནི་ཐེག་པ་ཆུང་ངུ་ལ་མ་ཕྱོགས་པས་སོ། །བློ་མ་གྱེས་པ་ནི་ལྟ་བ་སྣ་ཚོགས་ལ་ཆགས་པ་མེད་པའི་ཕྱིར་རོ། །བློ་རབ་ཏུ་གསལ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། །མངོན་སུམ་དུ་ཤེས་པ་ནི་དུས་གསུམ་ལ་སྒྲིབ་པ ་མེད་པར་ཤེས་པའི་ཕྱིར་རོ། །ཡོན་ཏན་གཞན་ལ་རག་མ་ལུས་པ་ནི་བདག་གི་ཡོན་ཏན་རྣམས་ཐོབ་པར་བྱ་བ་གཞན་ལ་མི་བརྟེན་ཅིང་གཞན་གྱི་དྲིང་ལ་མི་འཇོག་པའོ། །བདག་གི་ཡོན་ཏན་མི་སྙེམས་པ་ནི་ཡོན་གཏན་ཕུན་སུམ་ཚོགས ་ཤིང་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཞན་གྱི་ཡོན་ཏན་བརྗོད་པ་ནི་ཕྲ་དོག་མེད་པའི་ཕྱིར་རོ། །ལེགས་པར་བྱ་བའི་ལས་བྱེད་པ་ནི་དགེ་བ་ཤ་སྟག་བྱེད་པའི་ཕྱིར་རོ། །ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་ནི་སྟོང་པ་ཉིད་ཀྱི ་ཆོས་རྟོགས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་ལྟ་བའོ། །ལས་ཡོངས་སུ་དག་པའི་ཡེ་ཤེས་ནི་ལུས་དང་ངག་དང་ཡིད་གསུམ་གྱི་ལས་ཡོངས་སུ་དག་པར་བྱེད་པ་ལ་མཁས་པའོ། །ཡེ་ཤེས་ཀྱི་ཚོགས་རྣམ་པ་གཞན་ཡང ་བསྟན་པར་བཞེས་ནས་གཞན་ཡང་ཡེ་ཤེས་ཀྱི་ཚོགས་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཡེ་ཤེས་སྐྱེ་བའི་རྒྱུ་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ། །སྟན་ནི་སེང་གེའི་ཁྲིལ་སོགས་པའོ། །བཀུར་སྟི་ནི? ་ཕྱག་འཚལ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ནི་བསྟོད་པའོ། །ཆོས་བསྡུ་བ་ནི་བདག་ཉིད་ཀྱིས་ཤེས་པར་བྱ་བའི་ཕྱིར་རོ། །གཡོ་མེད་པ་ནི་ཀུ་རེའི་བསམ་པས་མ་ཡིན་གྱི་སྙིང་ཐག་པ་ནས་དང་པའི་སེམས་ཀྱིས་སོ། །ཇོ་བོ་བཞིན་དུ ་གསུངས་པ་ནི་རྒྱལ་པོ་ལ་ཕངས་ཤིང་གཅེས་པ་བཞིན་དུ་ཆོས་སྨྲ་པ་ཡང་ཕངས་ཤིང་གཅེས་པར་བྱེད་ཅིང་ཆུང་མི་ཟ་བར་སྲུང་བར་བྱེད་པའོ། །ཡང་ན་རྒྱལ་པོའི་འཇིགས་པ་ལས་སྐྱོབ་པར་བྱེད་པའོ། དགེ་བའི་རྩ་བ་སྲུང་པ་ལས་ཇི་ནས ་ཀྱང་ཆོས་སྨྲ་བ་དེའི་དགེ་བའི་རྩ་བ་རྐྱེན་གཞན་གྱིས་བསྐལ་ནས་ཕངས་པར་མི་འགྱུར་བའི་ཐབས་སྦྱོར་ཞིང་བྱ་བ་བྱེད་པའོ། ཡུལ་དང་ལྗོངས་ཀྱི་ཕྱོགས་བསྲུངས་པ་ནི་ཇི་ཆོས་སྨྲ་བ་དེ་ཡུལ་དང་ལྗོངས་རྒྱུ་བའི་ཚེ་དེ་ཕྱིས་ཀྱི་འཇིག་པ་སྣ ་ཚོགས་ལས་སྐྱོབ་པའོ། །ཕན་པའི་དངོས་པོ་བསྲུང་བ་ནི་ཕན་ནོ་ཅོག་དང་སྦྱོར་ལ། གནོད་དོ་ཅོག་ལས་ཟློག་པའོ། །ཟང་ཟིང་གིས་ཉེ་བར་རྟོན་པ་ནི་བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་གི་ཕོངས་པ་མེད་པར་ཕན་འདོགས་པའོ།། ་ཆོས་ཀྱིས་ཉེ་བར་རྟོན་པ་ནི་ངེས་བཤད་པའི་དམ་པའི་ཆོས་རིང་དུ་གནས་པར་འགྱུར་བའི་བྱ་བ་བྱེད་པའོ། །ཤེས་རབ་ཀྱིས་ཉེ་བར་རྟོན་པ་ནི་དེའི་ཤེས་རབ་ཉམས་པར་མི་འགྱུར་བའི་ཐབས་སྣ་ཚོགས་ཤོམ་པའོ། །ཡེ་ཤེས་ཀྱིས་ཉེ་བར ་རྟོན་པ་ནི་ཡེ་ཤེས་གོང་ནས་གོང་དུ་སྐྱེ་ཞིང་ཉམས་པར་མི་འགྱུར་བའི་བྱ་བ་བྱེད་པ་སྟེ་སྟོན་པ་ཞེས་བྱ་བ་ནི་རྒྱུ་ལྟ་བུ་ལ་བྱའོ། །མོས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་དང་ཆོས་སྨྲ་བ་ལ་ཡིད་ཆེས་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ་ཐོས་པ་ཚོལ ་པ་ནི་རྒྱུན་དུ་ཆོས་མཉན་པ་ཚོལ་བའོ། །བྱང་ཆུབ་ཀྱི་སེམས་མི་རྗེད་པ་ནི་བདག་དང་གཞན་ལ་ཕན་པའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །མཉམ་པ་ཉིད་ལ་སེམས་ངེས་པར་སེམས་པ་ནི་སྟོང་པ་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་པའོ། ། ་ཐོས་པའི་སྟོབས་ནི་ཉན་པའི་དུས་ན་ཆོས་རྣམས་རྟོགས་པར་ནུས་པའི་མཐུ་དང་ལྡན་པའོ། །ཆོས་ལ་རབ་ཏུ་དགའ་བའི་ཚུལ་ཁྲིམས་ནི་དམ་པའི་ཆོས་ཉན་པར་མོས་པའི་ཚུལ་ཁྲིམས་སོ། །ཆོས་ཡོངས་སུ་ཚོལ ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཉན་པ་དང་ཀློག་པ་དང་འདྲི་བ་ལ་སོགས་པ་བྱེད་པའི་ཚུལ་ཁྲིམས་སོ། །ཆོས་ལ་ངེས་པར་སེམས་པ་ནི་ཆོས་ཇི་ལྟར་བཙལ་བ་ལ་རིགས་པ་རྣམས་ཀྱིས་འཇམ་པའི་རང་བཞིན་ནོ། །ངན་དུ་བརྗེད ་པ་དང་ངན་དུ་སྨྲ་བ་ཞེས་བྱ་བ་ནི་གཅིག་ཏུ་ཆོས་ཚོལ་བ་ལ་འབད་པས་ཆོས་ཚོལ་བའི་ཚེ་གཞན་གྱིས་འཕྱས་བཏགས་ཤིང་མི་སྙན་པར་སྨྲ་བ་རྣམས་བཟོད་པའོ། །ངན་དུ་བརྗོད་པ་ནི་ལྐོག་ནས་སྐྱོན་བརྗོད་པའོ། །ངན་དུ་སྨྲ་བ་ནི་དངོས་སུ་སྨྲ་བའོ། ་མཁན་པོ་དང་སློབ་དཔོན་དང་མཐུན་པར་འཇུག་པའི་བཟོད་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱིར་དེ་དག་གི་ཇི་སྐད་བསྒོ་བ་བཞིན་བྱེད་པའི་སྡུག་བསྔལ་བཟོད་པའོ། །ཉན་པའི་བརྩོན་འགྲུས་ནི་གཞུང་མང་དུ་ཉན་པར་བྱེད་པའི་ཕྱིར་འབད་པའོ། །འཛིན ་པའི་བརྩོན་འགྲུས་ནི་མཉན་ནས་དོན་མི་བརྗེད་པར་བྱེད་པའི་ཕྱིར་འབད་པའོ། །བསྟན་པའི་བརྩོན་འགྲུས་ནི་ཇི་ལྟར་མཉན་ཅིང་བཟུང་བའི་ཆོས་གཞན་ལ་བསྟན་པ་ལ་འབད་པར་བྱེད་པའོ། །ནན་ཏན་གྱི་བརྩོན་འགྲུས་ནི་མཉན་པ ་དང་བཟུང་བའི་ཆོས་བསྒོམ་པར་བྱ་བ་ལ་འབད་པར་བྱེད་པའོ། །དབེན་པ་ནི་ལུས་དབེན་པ་ལ་གནས་པ་ཚོལ་བའོ། །རྩེ་གཅིག་པ་ནི་སེམས་དབེན་པ་ལ་ཚོལ་བའོ། །བསམ་གཏན་དང་མངོན་པར་ཤེས་པ་ཚོལ་བ་ནི་བསམ་གཏན ་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྒོམ་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་མི་ཚོལ་བའོ། །དེ་ལ་སངས་རྒྱས་ཀྱིས ་ཡེ་ཤེས་ནི་བདག་མེད་པ་གཉིས་ཁོང་དུ་ཆུད་པའི་མཚན་ཉིད་དོ། །ཆད་པ་ལ་མི་གནས་པ་ནི་ཆད་པར་མི་ལྟ་བའོ། །རྟག་པ་ལ་མི་འཇུག་པ་ནི་རྟག་པར་མི་འཛིན་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བ་ནི་ཆོས་ཐམས ་ཅད་རྟེན་ཅིང་འདྲེལ་བར་འབྱུང་བའི་མཚན་ཉིད་དུ་ཁོང་དུ་ཆུད་པའོ། །བདག་མེད་པ་ལ་བཟོད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་སྐྲག་པ་མེད་པའོ། །འཇིག་རྟེན་གྱི་རྗེས་སུ་འཇུག་པ་ནི་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན ་གྱི་འཇིག་རྟེན་ཇི་ལྟར་གནས་པ་བཞིན་དུ་གཉི་ག་དང་མཐུན་པར་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་སྒྲས་སྣོད་ཀྱི་འཇིག་རྟེན་དང་མཐུན་པར་བྱེད་པ་བསྟན་ཏོ། །སེམས་ཅན་གྱི་རྗེས་སུ་འཇུག་པ་ནི་སེམས་ཅན་རྣམས་ཀྱི་སེམས་དང ་སྤྱོད་པ་རྣམས་དང་མཐུན་པར་བྱེད་པའོ། །ཆོས་ཀྱི་རྗེས་སུ་འཇུག་པ་ནི་དམ་པའི་ཆོས་དང་མི་འགལ་བར་བྱེད་པ་འམ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་སྣ་ཚོགས་སྒྲུབ་པའོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ནི་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཐོབ་པ་དང། མཐུན་པའི་ལམ་སྒྲུབ་པར་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།སའི་ལམ་ནི་ས་བཅུ་རྣམས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་ནི་བྱང ་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་ཏེ་དེ་དག་ཉིད་བྱང་ཆུབ་པར་བྱེད་པ་འམ། །བྱང་ཆུབ་ཏུ་ཕྱིན་པར་བྱེད་པས་ན་ལམ་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དང། ས་དང་བྱང་ཆུབ ་ཀྱི་ཕྱོགས་རྣམས་མཐར་ཕྱིན་ཏེ་ཡོངས་སུ་རྫོགས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པས་དེ་མ་ཐག་པའི་ལམ་ལ་བྱའོ། །ཐོས་པས་མི་ངོམས་པ་ནི་ཐོས་པ་མང་པོས་ཆོག་མི་ཤེས་པའོ། །བསྟེན་པས་མི་ངོམས་པ་ནི་གཞན་ལ ་ཆོས་བསྟན་པས་སྐྱོ་བ་མེད་ཅིང་ཆོག་མི་ཤེས་པའོ། །དཔྱོད་པས་མི་ངོམས་པ་ནི་ཆོས་ཀྱི་མཚན་ཉིད་ལས་ཡང་ནས་ཡང་དུ་བརྟག་ཅིང་དཔྱོད་པ་ལ་ཆོག་མི་ཤེས་པའོ། །ཤེས་པས་མི་ངོམས་པ་ནི་ཆོས་ཀྱི་དོན ་ཁོང་དུ་ཆུད་པར་བྱ་བ་དང། །བསམས་པ་དང་བསྒོམ་པ་ལ་ཆོག་མི་ཤེས་པའོ། །ཡེ་ཤེས་ཀྱི་ཚོགས་གྱི་རྣམ་གྲངས་གཞན་བསྟན་པའི་ཕྱིར་གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད ་ཀྱི་རྗེས་སུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའི་གཟུགས་ཀྱི་སེམས་ཅན་གྱི་དོན་དུ་འཁོར་བ་མ་སྤངས་པའོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ནི་དེ་ལྟར་འཁོར་བ་མ་སྤངས་ཀྱང་མྱ་ངན་འདས་པ་དང་ཡང་མི་འགལ་ཞིང་མྱ་ངན་ལས་འདས་པ་ཡང ་མ་ཉམས་པ་སྟེ། མདོར་ན་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པའོ། །སྦྱིན་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གྱིས་རྗེས་སུ་འགྲོ་བ་དང། ཆོས་ཀྱི་རྗེས་སུ་འགྲོ་བ་ཡང་གཞན་མ་ཡིན་གྱི། སྦྱིན་པ་ལ་སོགས་པ ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ཏེ། འདི་དག་སྤྱོད་པའི་ཚེ་མི་གནས་པའི་མྱ་ངན་ལས་འདས་པ་དང་མཐུན་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཚོགས་སུ་ལྟའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བྱམས་པ་ལ་སོགས་པ་ཚན་མེད་པ་བཞི་ལ ་ཡང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདྲི་བ་སྟེ་གོང་དུ་བཤད་པའི་ཆོས་དེ་རྣམས་ཅིའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཞེ་ན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་རྩོམ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་ཚོགས ་ཀྱི་གྲུབ་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཨི་རྩོམ་པ་ནི་ཡེ་ཤེས་ཀྱི་ཚོགས་དོན་ཉུང་ཞིང་བྱ་བ་ཉུང་བ་ལ་སོགས་པའི་གོང་དུ་སྨོས་པ་རྣམས་ལ་བྱ་སྟེ། དེ་རྣམས་ལས་ཀྱང་དོན་ཉུང་བ་ནས་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པའི་བར་དུ་ནི ་རྒྱུའི་རྩོམ་པའོ། །ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལྷུར་བྱེད་པ་ནས་བརྩམས་ཏེ། མངོན་སུམ་དུ་ཤེས་པའི་བར་དུ་ནི་རང་བཞིན་གྱིས་བརྩོམ་པའོ། །ཡོན་ཏན་གཞན་ལ་རག་མ་ལུས་པ་ནས་བརྩམས་ཏེ། ལས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་བར་དུ ་ནི་འབྲས་བུའི་བརྩོམ་པ་སྟ?་མིང་གིས་སྨོས་པའི་དེ་དག་ཀུན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་དམིགས་པ་ལས་བྱུང་བས་ཡེ་ཤེས་ཀྱི་གྲུབ་པ་ཞེས་བྱའོ། །གཉིས་སུ་ན་ཡེ་ཤེས་སྒྲུབ་པ་ཞེས་ཀྱང་བྱ་སྟེ། རྩོམ་པ་དེ་དག་ཐམས་ཅད་ཀྱིས ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སོ་ཡེ་ཤེས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་གཙོ་བོར་བྱེད་པའོ། །ཡེ་ཤེས་ལ་རྟོན་པ་ནི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྒྲུབ་པ་འམ། ཡེ་ཤེས་དེ་ལ་རྟོན་པ་འམ་ཡེ་ཤེས་དང་མཐུན་པར་བྱེད ་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པ་ནི་དེ་ལ་དམིགས་པའི་སྒོ་ནས་གནས་པའོ། །ཡེ་ཤེས་དང་ལྡན་པ་ཐམས་ཅད་རྟོན་པ་ཡིན་ཞེས་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། ཤེས་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི ་རྟོན་པ་ཡིན་ཏེ། དེ་ལ་བརྟེན་ཅིང་འདྲི་པར་བྱེད་པའི་གནས་ཡིན་པའི་དོན་ཏོ། །བདུད་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་ལ་བདུད་ཐམས་ཅད་ཀྱི་བར་ཆད་བྱ་བའི་སྐབས་མི་རྙེད་པར་འགྱུར་རོ། ། ་དེ་ལ་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་གང་ཟག་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་བའོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཞེས་བྱ་ནི་ཡོན་ཏན་ལས་མི་ཉམས་པར་སངས ་རྒྱས་ཀྱིས་བྱིན་གྱིས་བརླབ་པར་མཛད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་བྱེད་དེ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུར་བའི་རྒྱུ་དང་ལྡན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་མི་ཟད་པ ་བཤད་ཟིན་ཏོ།། །།བསྒོམ་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་བཞི་བཅུར་གཅིག་མེད་པས་བཤད་དེ། རང་གིས་གནས་དང་ཤིན་ཏུ་ཚེ་རབ་དང་ཤིན་ཏུ་གནས ་པ་དང། ཤིན་ཏུ་རྣམ་པར་བྱ་བ་དང་བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་བ་དང་བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང། བརྩོན་འགྲུས་ཐོབ་པ་དང། བརྩོན་འགྲུས་ཤིན་ཏུ་རྟེན་པ་དང་མོས་པ་ལ་ཤིན་ཏུ་གནས་པའི་བརྩོན་འགྲུས་དང ་བརྩོན་འགྲུས་ལ་ཤིན་ཏུ་གནས་པ་དང་སེམས་ལ་ཤིན་ཏུ་གནས་པ་དང། །དཔྱོད་པ་ལ་ཤིན་ཏུ་གནས་པ་དང། དད་པའི་མཆོག་དང། བརྩོན་འགྲུས་ཀྱི་མཆོག་དང། དྲན་པའི་མཆོག་དང་ཏིང་ངེ་འཛིན་གྱི་མཆོག་དང་ཤེས་རབ་ཀྱིས ་མཆོག་དང་དད་པ་མི་ཚུགས་པ་དང་བརྩོན་འགྲུས་མི་ཚུགས་པ་དང་དྲན་པ་མི་ཚུགས་པ་དང་ཏིང་ངེ་འཛིན་མི་ཚུགས་པ་དང། ཤེས་རབ་མི་ཚུགས་པ་དང། དྲན་པ་ཤིན་ཏུ་འབྲེལ་པ་དང་རབ་ཏུ་ཤེས་པ་ཤིན་ཏུ་འབྲེལ་བ་དང། བརྩོན་འགྲུས ་ཤིན་ཏུ་འབྲེལ་པ་དང། དགའ་བ་ཤིན་ཏུ་འབྲེལ་པ་དང་བག་ཡང་ཤིན་ཏུ་འབྲེལ་པ་དང་ཏིང་ངེ་འཛིན་ཤིན་ཏུ་འབྲེལ་བ་དང་བཏང་སྙོམས་ཤིན་ཏུ་འབྲེལ་བ་དང་རྣམ་པར་མི་རྟོག་པ་དང་ཤིན་ཏུ་རྟོག་པ་དང་དུལ་བ་དང་ཞི་བ་དང་རབ་ཏུ་ཞི ་བ་དང་ཤིན་ཏུ་འབྱུང་བ་དང་དགའ་བ་དང་ལྡན་པ་དང། མཐུ་ཆེ་བ་དང། བསྡུས་པའི་རྣལ་འབྱོར་ལ་ཞུགས་པ་དང། སྤྲོས་པའི་རྣལ་འབྱོར་ལ་ཞུགས་པའོ། །དེ་ལ་རང་གི་གནས་དང་ཤིན་ཏུ་ཚེ་རབ་དང་ཤིན་ཏུ་གནས་པ་དང། ཤིན ་ཏུ་རྣམ་པར་སྤྱད་པའི་དབང་དུ་བྱས་ནས། །བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པ་བྱ་སྟེ། དེ་ལ་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའི་ཚུལ་ལོ། །ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་དྲན ་པ་ཉེ་བར་བཞག་པ་བཞི་ནས་སྟོབས་ལྔའི་བར་གྱིས་ནི་མཐོང་བའི་ལམ་ལ་སྦྱོར་བར་བྱེད་པ་ཡིན་པས་བསྡུས་པའི་དོན་སྦྱོར་བའི་ལམ་བསྟན་པར་སྦྱོར་རོ། །གཞན་ཡང་ཞེས་བྱ་བ་ནི་གོང་དུ་བཤད་པར་ཟད་དོ། །བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་བསྒོམ་པར་བྱ་བའི་དྲན་པ་ཉེ་བར་བཞག་པ་ནི་དྲན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉེ་བར་བཞག་པ་སྟེ། དྲན་པ་ནི་ཤེས་རབ་བོ། །ཉེ་བར་བཞག་པ་ནི་ཏིང་ངེ་འཛིན་ནོ། །དེ་གཉིས་ཀྱི་བསྒོམ་པའི་ཡུལ་བཞི་ཡོད་པས་དྲན ་པ་ཉེ་བར་བཞག་པ་བསྒོམ་པའོ། །དེ་དག་བསྒོམ་པ་མི་ཟད་པ་ཡང་སེམས་ཅན་རྣམས་ཀྱི་ལུས་དང་ཚོར་བ་དང། སེམས་དང་ཆོས་རྣམས་མི་ཟད་པའི་ཕྱིར་དེ་བསྒོམ་པར་བྱེད་པའི་དྲན་པ་ཉེ་བར་བཞག་པ་ཡང་མི་ཟད་པའོ། །དེ་ལ་རང་གི ་གནས་ཀྱི་བྱང་ཆུབ་སེམས་དཔའ་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་ལ་རབ་ཏུ་ཞུགས་པ་ཡིན་ཏེ། ལུས་ཐམས་ཅད་ཡང་བྲལ་བར་གྱུར་ལ། མཚན་དང་དཔེ་བྱད་ཀྱི་ལུས་ཀྱང་རྫོགས་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་དེ ་ལ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གོང་དུ་མདོར་སྨོས་པ་དེ་ནི་འདི་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་ལུས་ནི་གང། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་གང་དྲན ་པ་ནི་གང། དྲན་པ་ཉེ་བར་བཞག་པ་ནི་གང་ཞེ་ན། སྨྲས་པ་ལུས་ནི་རྣམས་པ་སུམ་ཅུ་རྩ་ལྔ་ཡོད་དེ། འདི་ལྟ་སྟེ་ནང་གི་དང་ཕྱི་རོལ་གྱི་དང། དབང་པོས་ཟིན་པ་དང་དབང་པོས་ཟིན་པ་མ་ཡིན་པ་དང། སེམས་ཅན་དུ་བགྲང་པ་དང་སེམས་ཅན་དུ ་བགྲང་བ་མ་ཡིན་པ་དང། གནས་ངན་ལེན་དང་ལྡན་པ་དང། ཤིན་ཏུ་སྦྱངས་པ་དང་ལྡན་པ་དང། འབྱུང་བའི་ལུས་དང་འབྱུང་བ་ལས་གྱུར་པའི་ལུས་དང། མིག་གིས་ལུས་དང་གཟུགས་ཀྱི་ལུས་དང ་སེམས་ཅན་དམྱལ་བ་པ་དང། དུད་འགྲོའི་སྐྱེ་གནས་པ་དང། ཡི་དགས་ཀྱི་ཡུལ་དང་མིའི་དང་ལྷའི་དང་རྣམ་པར་ཤེས་པ་དང་བཅས་པ་དང། རྣམ་པར་ཤེས་པ་མེད་པ་དང་ནང་གི་ལུས་དང་ཕྱི་རོལ་གྱི་ལུས་དང་ཡོངས་སུ་གྱུར་པ ་དང་ཡོངས་སུ་མ་གྱུར་པ་དང། བུད་མེད་ཀྱི་ལུས་དང་སྐྱེས་པའི་ལུས་དང་མ་ནིང་གི་ལུས་དང་མཛའ་བཤེས་ཀྱི་ལུས་དང་དགྲ་བོའི་ལུས་དང་ཐ་མལ་པའི་ལུས་དང་ལུས་ངན་པ་དང་ལུས་འབྲིང་དང་ལུས་བཟང་པོའི་ལུས་དང་གཞོན་ནུའི ་ལུས་དང་ལང་ཚོའི་ལུས་དང་རྒན་པོའི་ལུས་ཏེ། དེ་ནི་རེ་ཞིག་ལུས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་རྗེས་སུ་ལྟ་བ་ནི་རྣམ་པ་གསུམ་ཏེ། ལུས་ཀྱི་དབང་དུ་བྱས་ནས་ཐོས་པ་ལས་བྱུང་བ་དང། བསམ་པ་ལས་བྱུང་བ་དང་སྒོམ་པ་ལས་བྱུང ་བའི་ཤེས་རབ་གང་ཡིན་པ་སྟེ། ཤེས་རབ་དེས་ལུས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཡང་དག་པ་ཁོ་ནར་ཉེ་བར་རྟོག་པར་བྱེད་ཅིང། ཀུན་ཏུ་རྟོག་པར་བྱེད། རྗེས་སུ་འཇུག་པར་བྱེད། རྗེས་སུ་རྟོག་པར་བྱེད། དེ་ལ་དྲན་པ་ནི་དེས ་ལུས་ཀྱི་དབང་དུ་བྱས་ནས་ཆོས་གང་དག་བཟུང་བའི་ཆོས་དེ་དག་ཁོ་ནའི་དོན་བསམས་པ་གང་ཡིན་པ་དང། གང་དག་བསྒོམ་པས་མངོན་སུམ་དུ་བྱས་པའི་ཚིག་འབྲུ་དང་དོན་དང་མངོན་སུམ་དུ་བྱས་པ་དེ་སེམས་ཀྱིས་མི་མཇེད ་པ་གང་ཡིན་པའོ། །དེ་ལ་དྲན་པ་ཉེ་བར་བཞག་པ་ནི་བདག་གིས་ཆོས་དེ་དག་ལེགས་པར་བཟུང་ངམ། འོན་ཏེ་མ་ཡིན་ཤེས་རབ་ཀྱི་དེ་དང་དེ་དག་ལེགས་པར་རྟག་སམ་འོན་ཏེ་མ་ཡིན། རྣམ་པར་གྲོལ་བ་དེ་དང་དེ་དག་ལེགས ་བར་རེག་པར་བྱས་སམ། འོན་ཏེ་མ་ཡིན་ཞེས་དྲན་པ་ཉེ་བར་བཞག་པ་ཡིན་ཏེ། དེ་ནི་དྲན་པ་ཉེ་བར་བཞག་པ་ཡིན་ནོ། །གཞན་ཡང་དྲན་པ་ཀུན་བསྲུང་བ་དང། ཡུལ་གྱི་ཀུན་ནས་ཉོན་མོངས་པ་མེད་པ་དང། དམིགས་པ་ལ་ཉེ་བར་གཏོང་པའི ་ཕྱིར་དྲན་པ་ཉེ་བར་འཇོག་པ་ཡིན་ཏེ། དེ་ལ་དྲན་པ་ཀུན་ཏུ་བསྲུང་པ་ནི་དྲན་པ་ཀུན་ཏུ་བསྲུང་བ་དང། དྲན་པ་ལ་རྟག་འགྲུས་མེད་པ་ཡིན་ནོ། །དེ་ལ་ཡུལ་གྱི་ཀུན་ནས་ཉོན་མོངས་པ་མེད་པ་ནི་ངན་པས་ཡིད་ཀུན་ཏུ་བསྲུང་པ་དང་གནས ་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་དང། (མཚན་མར་མི་འདྲིན་པ་དང། མངོན་རྟགས་སུ་མི་འཛིན་པ་དང།)་ཡིད་ཀྱི་དབང་པོ་བསྲུང་བ་དང། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་དམིགས་པ་ལ་ཉེ་བར་གཏོད་པ་ནི་དམིགས་པ ་རྣམ་པ་བཞི་པོ་འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང་སྤྱོད་པ་རྣམ་པར་སྤྱོད་བའི་དམིགས་པ་དང་མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པའི་དྲན་པ་ཉེ་བར་གཏོད་པ་ཡིན་ཏེ། རྒྱུ་གསུམ ་པོ་དེ་དག་གིས་དྲན་པ་ལེགས་པར་ཉེ་བར་བཞག་པ་ཉིད་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་ཞིང་གནས་ཤེས་ཞེས་བྱ་བ་ནི་དྲིས་པའོ། །དྲིས་པའི ་ལན་གདབ་པའི་ཕྱིར་དེ་རང་གི་ལུས་དང་གཞན་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རང་གི་ལུས་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལུས་སོ། །གཞན་གྱི་ལུས་ནི་སེམས་ཅན་རྣམས ་ཀྱི་ལུས་སོ། །ཡང་ན་རང་གི་ལུས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོས་ཟིན་པའི་གཟུགས་སོ། །གཞན་གྱི་ལུས་ནི་གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་སོ། །ལུས་ཀྱི་རྗེས་སུ་ལྟ་བ་མ་ཤེས་རབ་ཏེ་རང་དང ་གཞན་གྱི་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་གང་ཡིན་པ་ལ་རྟོག་པར་བྱེད་པའོ། །གནས་པ་ནི་ཏིང་ངེ་འཛིན་ཏེ་ཤེས་རབ་ཀྱི་བརྟགས་པའི་ཆོས་ང་ལ་རྒྱུན་དུ་དམིགས་པའོ། །དེ་ལྟར་ཤེས་རབ་ཀྱིས ་རྟོག་ཅིང་ཏིང་ངེ་འཛིན་གྱིས་དམིགས་པ་བསྟན་པའི་ཕྱིར་རོ། །ལུས་ཀྱི་སྔོན་གྱི་མཛའ་ལ་ཡང་རྟོག་ལུས་ཀྱི་ཕྱི་མའི་མཛའ་ལ་ཡང་རྟོག་ཞེས་བྱ་བ་གསུངས་ཏེ། ལུས་ཀྱི་སྔོན་གྱི་མཛའ་ནི་ལུས་དང་པོ་མའི་མངལ་དུ་བྱུང་བའི་དུས་ཏེ། ་དེ་ལ་ལུས་འདི་ལ་ཡང་ཕྱིན་ཅི་ལོག་གིས་རྒྱུ་བྱས་ཤིང་ཕ་མའི་ཁུ་བ་དང་ཁྲག་ལ་སོགས་པ་བྱུང་བ་མེར་མེར་པོ་ནུར་ནུར་པོ་ལ་སོགས་པའི་མཚན་ཉིད་དོ་ཞེས་སྔོན་ཇི་ལྟར་གྱུར་པ་ལ་རྟོགས་པའོ། །ལུས་ཀྱི་ཕྱི་མའི་མཛའ་ ་ནི་རྒ་བ་དང་འཆི་བ་སྟེ། ལུས་འདི་མཐར་རྒས་ཞེས་འཆི་བ་དང་ཀེང་རུས་ལ་སོགས་པར་འགྱུར་རོ་ཞེས་རྟོག་པའོ། །ལུས་ཀྱི་དེ་ལྟར་བྱུང་བ་ནི་ད་ལྟར་དངོས་སུ་གནས་པའི་ལུས་ཏེ། དེ་ལྟ་ཡང་བཀྲུ་བ་དང་མཉེ་བ་དང་བཟའ་བ་དང། ་བགོ་བ་ལ་སོགས་པས་བསྐྱེད་དགོས་སོ་ཞེས་རྟོག་པའོ། །དུས་གསུམ་གྱི་ལུས་ལ་རྟོག་པ་དེ་ཉིད་ཀྱི་དོན་རྒྱས་པར་བསྟན་པའི་ཕྱིར། ཀྱེ་མ་ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དབུགས་དབྱུང་དུ་མེད་པ ་དང། ལས་དང་ཉོན་མོངས་པ་ལས་བྱུང་བ་དང། གང་ཟག་གི་དངོས་པོ་མེད་པ་དང་ཆོས་ཀྱི་དངོས་པོ་མེད་པ་དང་དཔེ་དང་བཅས་པས་བསྟན་ཏོ། །དེ་ལ་ཀྱེ་མ་ཞེས་བྱ་བས་དབུགས་དབྱུང་དུ་མེད་པ་བསྟན་ཏེ། ལུས་འདི་སྡུག ་བསྔལ་རྣམ་པ་སྣ་ཚོགས་ཀྱི་འབྱུང་གནས་ཡིན་ལ་སྡུག་བསྔལ་བར་གྱུར་ན། ཡང་དེ་ལས་ཟློག་པའི་སྐབས་མེད་པས། ཀྱེ་མའོ་ཞེས་གསུངས་ཏེ། དེ་ནི་ཡི་ཆད་པ་དང་མི་དགའ་བའི་ཚིག་གོ་།ཕྱིན་ནི་ལོག་པ་ལས་བྱུང་ཞེས ་བྱ་བ་ལས་དང་ཉོན་མོངས་པ་ལས་བྱུང་བ་བསྟན་ཏེ། ལྟ་བ་ཕྱིན་ཅི་ལོག་དང། འདུ་ཤེས་ཕྱིན་ཅི་ལོག་པ་དང། སེམས་ཕྱིན་ཅི་ལོག་ལས་བྱུང་བ་དང། ལས་དང་ཉོན་མོངས་པའི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའོ། ཚོར་བ་མེད་པ་བྱེད་པ་མེད་པ ་ཞེས་བྱ་བ་ལ་སོགས་པས་གང་ཟག་གི་དངོས་པོ་མེད་པ་བསྟན་ཏེ། །ལུས་དེའི་ནང་དུ་མུ་སྟེགས་ཅན་དག་གིས་བཏགས་པའི་བདག་མེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམས་ཀྱིས་བྱུང་བ་སྟེ་ཞེས་བྱ་བས་ཆོས་ཀྱི་དངོས་པོ་མེད་པ་བསྟན་ཏེ། ལུས ་ཉིད་ཀྱང་སྒྱུ་མ་བཞིན་དུ་རྒྱུ་རྐྱེན་གྱི་མཐུ་ལས་བྱུང་ནས་རྨི་ལམ་ན་སྣང་བ་ཙམ་དུ་སྣང་བར་ཟད་ཀྱི་ཡོད་པ་མ་ཡིན་ཞེས་རྟོགས་པར་སྦྱར་རོ། །འདི་ལྟ་སྟེ་དཔེར་ན་ཕྱི་རོལ་གྱི་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་ཏེ། ་ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་འང་རྒྱུ་དང་རྐྱེན་ལས་བྱུང་ཞིང་བདག་དང་བྱེད་པ་པོ་མེད་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དང་འདྲ་བར་ཞེས་བྱ་བའི་ཐ་ཚིག་ཏེ། རྒྱུ་རྐྱེན་ལས་བྱུང་བ་དང་བདག་དང་བྱེད་པ་པོ་མེད་པར་འདྲ་བའོ། ། ་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཙམ་ཞེས་བྱ་བའི་དོན་ཏོ། །མི་གཡོ་པ་འམ། མི་གནོད་པ་འམ་མི་འགྱུར་བའི་ཆོས་ཅན་གྱིས་སྟོང་སྟེ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་བདག་མི ་གཡོས་མི་གནོང་མི་འགྱུར་ཞེས་བྱ་བ་དེ་ལྟ་བུར་དངོས་པོ་མེད་པའོ། ཞེས་བྱ་བའི་དོན་ཏོ། །ཡང་ན་རྟག་པ་ལ་སོགས་པ་ནི་བདག་ཏུ་བརྟགས་པའི་མཚན་ཉིད་དོ། །ལུས་དེ་ལྟ་བུའི་མཚན་ཉིད་མ་ཡིན་པས་ནི་ཆོས་ཅན་གྱིས་སྟོང་པའོ། ། ་དེ་ལ་བརྟག་པ་ནི་མི་རྟག་པ་མེད་པའི་ཕྱིར་རོ། །བརྟན་པ་ནི་སྐད་ཅིག་མ་འཇོག་པ་མེད་པའི་ཕྱིར་རོ། །དུས་གཞན་ཡང་གནས་པའོ། །ཐེར་ཟུག་ནི་རྒྱུད་འཇོམས་པ་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་ཕན་པའི་དངོས་པོས་ཕན་པར་གྱུར་པ ་མེད་པའོ། །མི་གནོད་པ་ནི་སྡུག་བསྔལ་གྱི་གནོད་པ་མེད་པའོ། །མི་འགྱུར་བའི་ཆོས་ཅན་ནི་མི་འདྲ་བ་དུ་མར་འགྱུར་བ་མེད་པའོ། །ཡང་ན་མི་གཡོ་བས་རྟག་པའོ། །མི་འགྱུར་བས་ན་ཐེར་ཟུག ་གོ་།ལུས་འདི་ལ་བདག་གིས་མི་བྱའོ་ཞེས་བྱ་བ་ལ་ལུས་འདི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལུས་ལ་བསྙེགས་སོ་བདག་གིར་མི་བྱ་བ་ཞེས་བྱ་བ་ནི་དེ་ལ་བདག་གི་དོན་དུ་མི་བྱའོ། །ཡང་ན་ལུས་དེ་ལ་ཆགས་པར་མི་བྱའོ། །ཡང ་ན་ལུས་དེ་ལ་བདག་ཏུ་འཛིན་པར་མི་བྱ་སྟེ། །འདི་ནི་ལུས་ཐམས་ཅད་དང་བྲལ་བར་གྱུར་པའོ། །བདག་གིས་སྙིང་པོ་མེད་པའི་ལུས་འདིས་སྙིང་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་ཞེས་བྱ་བ་ལ་བདག་གི་ལུས་སྙིང་པོ་མེད་པ་ནི ་ཕ་མའི་མི་གཙང་བ་དང་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལས་བྱུང་བ་དང་བདག་དང་སེམས་ཅན་དང་ཆོས་ཀྱི་དངོས་པོ་མེད་པས་སྙིང་པོ་མེད་པ་སྟེ། སྙིང་པོ་མེད་པ་དེ་ལ་བརྟེན་ཞེས་བྱ་བའི་དོན་ཏོ། །སྙིང་པོ་མངོན་པར་འཚང་རྒྱ ་ཞེས་བྱ་བ་ནི་སྙིང་པོའི་ཆོས་དེ་མངོན་སུམ་དུ་བྱས་ཞིང་ཐོབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་སྙིང་པོའི་ཆོས་ནི་སྐུ་སྟེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ། །གང་འདི་དེ་བཞིན་གཤེགས་པའི ་སྐུ་ཞེས་བྱས་པས་སྐུ་གསུམ་ཅར་ལ་བྱ་བར་འདོད་དོ། །བདག་གིས་དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་ནས་བརྩམས་ཏེ། བསྒྲུབ་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་ཀྱིས་ཐོབ་པར་བྱ་བ་བསྟན་ཏོ། །ཆོས་ཀྱི་སྐུ་དེ ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་གྱུར་པ་དང། །ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་འཇོམས་པར་བྱེད་པ་དང། དེ་གཉིས་ཀྱིས་མི་ཚུགས་པ་དང། དུས་ཐམས་ཅད་དུ་གནས་པ་དང། ཐམས་ཅད ་ལས་འཕགས་པར་གྱུར་པའོ། །ཆོས་ཀྱི་སྐུ་ཞེས་བྱ་བས་ས་དང་ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་གྱུར་པ་བསྟན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་དེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་བསྒྲུབས་པའི་རྒྱུ་ལས་བྱུང་བའི་སྐུ་ཡིན ་པས་སོ། །རྡོ་རྗེའི་སྐུ་ཞེས་བྱ་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཛེམ་པ་བསྟན་ཏེ། རྡོ་རྗེ་བཞིན་དུ་བདག་མེད་པའི་མཚན་ཉིད་ཀྱི་སྐུ་དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཕྱིར་རོ། །མི་ཤིགས་པའི་སྐུ་ཞེས ་བྱ་བས་དེ་གཉིས་ཀྱིས་མཚུགས་པ་བསྟན་ཏོ། །ཆོས་ཀྱི་སྐུ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བ་བློ་བུར་གྱིས་མི་གོས་པའི་ཕྱིར་རོ། །བརྟག་པའི་སྐུ་ཞེས་བྱ་བས་དུས་ཐམས་ཅད་དུ་གནས་པ་བསྟན་ཏེ། ནམས་ཀྱང་ཉམས་པ་མེད་ཅིང ་འཁོར་བ་ཇི་སྲིད་ཀྱི་བར་དུ་ཡང་གནས་པའི་ཕྱིར་རོ། །ཁམས་གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཞེས་བྱ་བས་ཐམས་ཅད་ལས་འཕགས་པར་གྱུར་པ་བསྟན་ཏོ། །ཁམས་གསུམ་ཐམས་ཅད་ལས་འཕགས་པ་ཉན་ཐོས་ཀྱི ་རྣམ་པར་གྲོལ་བའི་སྐུ་ལས་ཁྱད་པར་འཕགས་པའི་ཕྱིར་རོ། །བདག་གི་ལུས་ཉེས་པ་དུ་མ་ཞེས་བྱ་བ་ལ་སོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བ་བསྟན་ཏེ། བདག་གི་ལུས་ཉེས་པ་དུ་མའི་སྐྱོན་ཆགས་ཞེས་བྱ་བ་ནི་སྔོན་ཡང་ལས ་དང་ཉོན་མོངས་པ་དང། ཕ་མའི་མི་གཙང་བ་ལས་བྱུང་ཞིང། བྱུང་ནས་ཀྱང་འདོད་ཆགས་ལ་སོགས་ཉོན་མོངས་པ་སྐྱེ་བ་དང། སྡུག་བསྔལ་སྣ་ཚོགས་འབྱུང་བའི་རྟེན་དུ་གྱུར་པས་ཉེས་པ་དུ་མ་སྐྱོན་དང་ལྡན་མོད་གྱི་ཞེས་བྱ་བའི་དོན་ཏོ།། ་འོན་ཀྱང་ཞེས་བྱ་བ་ནི་ལུས་དེ་ལ་ཡོན་ཏན་ཡང་འགྱུར་པར་སྟོན་པ་སྟེ། ཡོན་ཏན་འབྱུང་བས་སྐྱེན་ཅན་དེ་ལ་བརྟེན་ནས་ཞེས་བྱ་བར་དྲང་ངོ། །དེ་བཞིན་གཤེགས་པའི་སྐུ་ཉེས་པ་ཐམས་ཅད་དང་བྲལ་བ་ཐོབ་པར་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཐོབ་པར་བྱའོ། །དེས་ཕན་ཡོན་མཐོང་བས་སོ་སོར་རྟོག་པའི་སྟོབས་ཀྱི་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་ཀྱི་སྤོང་? ་སྟེ་ཞེས་བྱ་བ་ནི་ལུས་སྙིང་པོ་མེད་པ་འདི་སྤྱད་ལེགས་ན་འོག་ནས་འབྱུང་བའི་ཕན་ཡོན་ནམ། །ཡོན་ཏན་འབྱུང་བར་མཐོང་བས་སོ་སོར་རྟོག་པའི་སྟོབས་ཀྱིས་ས་ཆུ་མེ་རླུང་ལ་སོགས་པ་སེམས་ཅན་གྱི་གསོས་སུ་གྱུར་པ་འོག་ནས་བཤད ་པ་བཞིན་དུ་བདག་གི་ལུས་ཀྱང་དེ་ལྟར་ཟད་པར་སྤྱད་དོ་ཞེས་བྱ་བའི་དོན་ཏོ། །བདག་གི་ལུས་འདི་ཡང་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ཇི་ཡོད་པ་རྣམས་བྱེད་པ་ལ་ལུས་འདི་ཟད་པར་བྱ། །མཐར་བྱེད་པར ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།སྒོ་སྣ་ཚོགས་ནི་སེམས་ཅན་རྣམས་མང་པོ་རྣམ་པ་དུ་མའོ་གོས་སོ། །རྣམ་པ་སྣ་ཚོགས་ནི་རྨོ་བ་དང་དཔུང་བ་ལ་སོགས་པའི་རྣམ་པས་སོ། །དམིགས་པ་སྣ་ཚོགས་ནི་སེམས་ཅན་དེ་དག་གི་ལ་ལས་ཇི ་ལྟར་དམིགས་ལ་ལས་ཇི་ལྟར་དམིགས་བར་བྱེད་པའི་ཕྱིར་རོ། །རྣམ་གྲངས་སྣ་ཚོགས་པ་ནི་རྨོ་བ་དང་བརྐོ་བ་ལ་སོགས་པ་ཡང་ལ་སོགས་ལས་ཇི་ལྟར་ལ་ལས་ཇི་ལྟར་ཏེ་མི་མཐུན་པ་དུ་མར་བྱེད་པའི་ཕྱིར་རོ། །ཡོ་བྱད་སྣ་ཚོགས་ནི་ཁ་ཅིག་གི ་གནས། ཁ་ཅིག་གིས་བགོ་བ་ལ་སོགས་པ་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་སྣ་ཚོགས་ནི་བཟའ་བ་དུ་མ་དང། བརྟུང་བེ་དུ་མའི་དངོས་པོ་བྱེད་པས་སོ། །ཡོངས་སུ་སྤྱོད་པར་གྱུར་པ་ནི་གནས་ལ་སོགས་པར་གྱུར་པས་སོ། །ལོངས་སྤྱོད་དུ་འགྱུར་བ་ནི ་བཟའ་བ་ལ་སོགས་པར་འགྱུར་བར་རོ། །དེས་དོན་གྱི་དབང་འདི་མཐོང་ནས་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་དེས་ལས་དེ་ལ་གོང་དུ་བཤད་པ་ལྟ་བུའི་དོན་གྱི་དབང་མཐོང་ནས་ཞེས་བྱ་བའི་དོན་ཏོ། །ལུས་ལ་སྡུག་བསྔལ་བར་ཡང་རྟོག ་ཅིང་ཞེས་བྱ་བ་ནི་ལུས་སྐྱེ་བ་དང། རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་དང་ལྡན་པར་ལྟོག་པའོ། །སེམས་ཅན་ལ་ལྟ་བའི་ཕྱིར་ལུས་ཀྱི་སྡུག་བསྔལ་ཀྱིས་ཀྱང་མི་སྐྱོ་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི། སེམས་ཅན་ལ་སྙིང ་རྗེ་བའི་ཕྱིར་སྡུག་བསྔལ་དང་ལྡན་པའི་ལུས་ཀྱི་ཀྱང་སྐྱོ་བ་མེད་དེ། ལུས་མདོར་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་སྡུག་བསྔལ་བར་རྟོག་པ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་གྲངས་མེད་པ་དང་ལྡན་པར་རྟོག་པའོ། །ལུས ་ལ་མི་རྟོག་པར་རྟོག་པ་ནི་ལུས་འདི་སྐྱེ་བ་དང་རྒ་བ་དང་འཆི་བ་དང་ལྡན་པར་རྟོག་པའོ། །ཤི་འཕོས་བས་ཀྱང་ཡོངས་སུ་མི་སྐྱོ་ཞེས་བྱ་བ་ནི་དེ་ལྟར་མོད་ཀྱི། སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་ཞིང་འཆི་འཕོ་བསྟན་པས་ཀྱང་མི་སྐྱོ་སྟེ། སྐྱེ་བ་དང ་འཆི་འཕོ་བ་ཡང་མི་གཏོང་བའོ། །ལུས་ལ་བདག་མེད་པར་རྟོག་ཅིང་ཞེས་བྱ་བ་ནི་ལུས་འདི་ལ་མུ་སྟེགས་ཀྱི་བརྟགས་པའི་བདག་དང། སེམས་ཅན་མེད་པ་ཡང་ཁོང་དུ་ཆུད་ཅིང་བྱ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་མི་སྐྱོ་ཞེས་བྱ་བ་ནི་དེ་ལྟར་བདག་དང། སེམས་ཅན་མེད་པར་ཡང་རྟོག་མོད་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་མི་སྐྱེ་སྟེ། །སེམས་ཅན་གྱི་དོན་ཀྱང་མི་གཏོང་ངོ། །ལུས་ལ་ཞིང ་རྟོག་ཅིང་ཞེས་བྱ་བ་ནི་ལུས་འདི་ཆོས་ཀྱི་དངོས་པོས་ཀྱང་སྟོང་པར་ཁོང་དུ་ཆུད་ཅིང་ཞེས་བྱ་བའི་དོན་ཏོ། །ལུས་ཞི་བའི་ཕྱིར་བཏང་སྙོམས་སུ་ཡང་མི་ལྷུང་ཞེས་བྱ་བ་ནི་ལུས་ཀྱི་སྟོང་པ་ཉིད་དུ་ཡང་མི་ལྟུང་བ་འམ་ལུས་དང་སེམས་སྦྱངས ་པར་བྱ་བའི་ཕྱིར་དང། དགེ་བའི་རྩ་བ་བསགས་པའི་ཕྱིར་བཏང་སྙོམས་སུ་ཡང་མི་འཇོག་པའོ། དབེན་པར་ཡང་རྟོག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཡིན་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །མི་ལྟུང་ཞེས་བྱ་བ་ནི ་དག་ལ་མི་གནས་ཤིང་དེ་དག་མངོན་སུམ་དུ་མི་བྱེད་པ་སྟེ། སླ་བ་དང་གོང་དུ་བཤད་པ་རྣམས་ནི་མ་བཤད་དོ། །ཚོར་བ་མེད་པ་ནི་དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང། །སྡུག་བསྔལ་བ་ལ་སོགས་པ་མྱོང ་བར་བྱེད་པའི་ཚོར་བ་པོ་མེད་པའོ། །བྱེད་པ་མེད་པ་ནི་དབང་ཕྱུག་ལ་སོགས་པ་ལུས་སྐྱེད་པར་བྱེད་པའི་བྱེད་པ་པོའི་མེད་པའོ། །བདག་པོ་མེད་པ་ནི་ནང་ན་གནས་པའི་སྐྱེས་བུ་མེད་པའོ། །ལུས་འཛིན་པ་མེད་པ་ནི་དེ་ལས་གཞན་པའི ་བདག་ལུས་ལ་བྱིན་གྱིས་བརླབས་པ་མེད་པ་སྟེ། ཚིག་དེ་དག་གིས་གང་ཟག་གི་དངོས་པོ་མེད་པར་བསྟན་ཏོ། །ལུས་དབྱེར་མེད་པ་ཞེས་བྱ་བ་ནི་ལུས་ཀྱི་ཆོས་ཉིད་ལ་ཐ་དད་པ་མེད་པས་སོ། །ལུས་རོ་གཅིག་པ་ནི་ལུས་ཀྱི་ཆོས་ཉིད་ཐམས ་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་སོ། །ལུས་ནམ་མཁའ་ཨི་ངོ་བོ་ཉིད་ཅེས་བྱ་བ་ནི་ཇི་ལྟར་ནམ་མཁའ་དངོས་པོ་མེད་ཅིང་ཐམས་ཅད་དུ་སོང་བ་དེ་བཞིན་དུ་ལུས་ཀྱང་དངོས་པོ་མེད་ཅིང་ཐམས་ཅད་དུ་སོང་བའི་ཕྱིར་རོ། །ལུས་རང་བཞིན་གྱིས་ཡོངས་སུ ་མྱ་ངན་ལས་འདས་ཤེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དྲི་མ་དང་མ་འདྲེས་པ་སྟེ། ཚིག་དེ་དག་གིས་ནི་ཆོས་ཀྱི་དངོས་པོ་མེད་པར་བསྟན་ཏོ། མི་ལྟུང་བ་ནི་སྟོང་པའི་ཆོས་དེ་མངོན་སུམ་དུ་མི་བྱེད ་པའོ། །དེ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་བཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའོ། །ལུས་རྫས་དང་སྙིང་པོ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ། དེ་ལྟར་ལྟ་ཞིང་གནས་པ་ན་ལུས་འདི་ལ་རྫས་ཡོད ་པ་དང། སྙིང་པོ་ཡོད་པར་མི་མཐོང་བའོ། །དེ་ལ་རྫས་ཡོད་པར་མི་མཐོང་བ་ནི་དངོས་པོ་ཡོད་པར་མི་མཐོང་བའོ། །སྙིང་པོ་ཡོད་པར་མི་མཐོང་བ་ནི་མཆོག་དང་དམ་པ་ཡིན་པར་མི་མཐོང་བའོ། །དེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ ་ལྟ་ཞིང་གནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱའི་དོན་ཏོ། །ནང་གི་ལུས་ནི་བདག་གི་རྒྱུད་རྟོགས་པའི་ལུས་སོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་གོང་དུ་བཤད་པ་ལྟར་བདག་གི་ལུས་ལ་ཤེས་རབ་ཀྱིས་སྟོང་པ་དང། བདག ་མེད་པར་ལྟ་བའོ། །གནས་པ་ནི་དེའི་འོག་ཏུ་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་འཇོག་པའོ། །གནས་པས་ཞེས་བྱ་བ་ནི་གནས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བར་སྦྱར་རོ། །ནང་ན་གནས་པའི་ཉོན་མོངས་པ་རྣམས་ཀྱིས ་སྐབས་མི་བྱེད་དོ་ཞེས་བྱ་བ་ནི་ལུས་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་སྐྱེ་བའི་སྐབས་མེད་པར་བྱེད་པའོ། །ཕྱི་རོལ་གྱིས་ནི་སེམས་གཞན་གྱི་རྒྱུད་དུ་གཏོགས་པའི་ལུས་སོ། །ལུས་ཀྱིས་རྗེས་སུ་ལྟ་བ་ནི་གོང་མ་བཞིན་དུ ་གཞན་གྱིས་ལུས་ལ་དངོས་པོ་མེད་པ་དང། སྟོང་པར་ལྟ་བའོ། ཕྱི་རོལ་གྱིས་རྗེས་སུ་སོང་བའི་ཉོན་མོངས་པ་དང་ལྷན་ཅིག་མི་གནས་པ་ནི་གནས་གྱིས་ལུས་ལ་དམིགས་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་ལ ་སོགས་པའི་ཉོན་མོངས་པ་མི་གོས་པའོ། །དེ་ལུས་ཉོན་མོངས་ཅན་མ་ཡིན་པས་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་ལྡན་ཞེས་བྱ་བ་ནི་དེ་ལྟར་ཉོན་མོངས་པའི་དབང་དུ་མ་གྱུར་པས་སྡིག་པ་མི་དགེ་བའི་ཆོས་མི་སྤྱོད་པའི་ལུས་ཀྱིས ་ལས་དང་ལྡན་པའོ། །ལྷ་དང་མིའི་ནང་ན་མཚན་གྱིས་ལེགས་པར་བརྒྱན་པའི་ལུས་ཐོབ་ཅེས་བྱ་བ་ནི་དེ་དག་གི་ནང་ན་ཡང་མཚན་ཐམས་ཅད་ཚང་བས་བརྒྱན་པའི་ལུས་སྤྲུལ་བའི་སྐུ་འཐོབ་པའོ། །མངོན་སུམ་དུ་འདོད་པར་འགྱུར ་ཞེས་བྱ་བ་ནི་དེའི་གན་དུ་འགྲོ་ཞིང་དེའི་འཁོར་དུ་ཁས་ལེན་པར་གྱུར་པའོ། །དེ་ལྟ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་རོ། །ལུས་དྲན་པ་ཉེ་བར་གཞག་པ་སྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། །།རབ་ཏུ་ཚོར་བ་གང ་གང་ཞེ་ན་གང་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་གནས་པ་སྟེ། སྡུག་བསྔལ་གསུམ་ལས་འདས་པ་ཡང་འཐོབ་ལ། ཟག་པ་མེད་པའི་ཚོར་བ་དགེ་བ་ཡང་ཚོར་བར་བྱེད་པའོ། །དེའི་དབང་དུ་བྱས་ནས ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །བྱང་ཆུབ་སེམས་དཔའ་རྣམས་ཁོང་དུ་ཆུད་ཅིང་བསྒོམ་པར་བྱ་བའི་ཚོར་བ་ནི་བྱང་ཆུབ་སེམས་དཔའ་ཚོར་བ་བོ། །ཚོར་བ ་རྣམས་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྟེ། གཞན་གྱི་དོན་དུ་བཤད་པ་བཞིན་དུ་སྦྱར་རོ། །འདི་ལ་ཞེས་བྱ་བ་ནི་ཚོར་བ་རྣམ་པ་གསུམ་ལའོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་འདི་ལྟར་རྟོག་སྟེ་ཞེས་བྱ་བའི་ཐ་ཚིག་གོ་། ་ཚོར་བ་གང་ཅི་ཡང་རུང་བ་སྟེ། དེ་ཐམས་ཅད་སྡུག་བསྔལ་ཞེས་བྱ་བ་ནི་ཚོར་བ་ཐམས་ཅད་ཀྱང་སྡུག་བསྔལ་བའི་རང་བཞིན་ཏེ། བདེ་བའི་ཚོར་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་ཀྱང་མཐར་སྡུག ་བསྔལ་དུ་འགྱུར་ཞིང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར་རོ། །སྙམ་ནས་ཞེས་བྱ་བ་ནི་དེ་ལྟར་རྟོག་ནས་ཤེས་བྱ་བའི་ཐ་ཚིག་གོ་།དེས་ཞེས་བྱ་བ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ་དེས་སོ། །ཚོར་བ་ཤིན་ཏུ་རྟོགས་པ་དང་ཞེས་བྱ་བ་ནི་ཚོར་བ་དངོས་པོ་མེད་པ་འམ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་ལེགས་པ་རྟོག་པའོ། །ཡེ་ཤེས་ཀྱི་རྟོག་པ་ནི་དེ་ལྟ་བུར་འཕགས་པའི་ཡེ་ཤེས་ཟག་པ ་པ་མེད་པས་ཁོང་དུ་ཆུད་པའོ། །ཤེས་རབ་ཀྱིས་རྟོག་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་རྟོག་པའོ། །ཉེ་བར་ཞི་བས་རྟོག་པ་ནི་ཉོན་མོངས་པ་ཞི་བའི་ཤེས་པས་རྟོག་པས་སོ་བདེ་བའི་ཚོར་བ་ཡང་བདེ་བར་བྱེད་ཅེས་བྱ་བ་ནི་ཟག་པ་མེད ་བའི་བདེ་བའི་ཚོར་བ་ཚོར་བར་བྱེད་པ་འམ། །བདེ་འགྲོའི་ཚོར་བ་ཉིད་མྱོང་བར་བྱེད་པའོ། །དེ་འདོད་ཆགས་ཀྱི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་འགྱུར་ཞེས་བྱ་བ་ལ་ཚོར་བ་ཐམས་ཅད་སྟོང་པས་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ ་དེས་གོང་དུ་བཤད་པ་ལྟར་བདེ་བའི་ཚོར་བར་ཡང་དངོས་པོ་མེད་པར་ཁོང་དུ་ཆུད་པས་བདེ་བའི་ཚོར་བས་ཀྱང་འདོད་ཆགས་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་ཚོར་བས་རེག་པ་ན་ཡང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་མྱོང་བར ་གྱུར་པ་ན་ཡང་ཤིན་ཏུ་བཟོད་པར་དཀའ་བའི་ངོ་བོ་ཡིན་པར་རིག་ནས་ངན་སོང་ལ་སོགས་པ་སྡུག་བསྔལ་གྱི་ཚོར་བ་དང་ལྡན་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སྡུག་བསྔལ་གྱི་ཚོར་བ་ཉིད་ཀྱང་རང་བཞིན་མེད་པར་རྟོགས་པས་ངའི་རྒྱུ ་ལས་ཁོང་ཁྲོ་བ་ཡང་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །བཏང་སྙོམས་ཀྱི་ཚོར་བ་ཡང་མྱོང་བ་དེ་དག་རང་བཞིན་མེད་པར་ཁོང་དུ་ཆུད་པས་དེའི་རྒྱུས་གཏི་མུག་ཀྱང ་སྐྱེ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཚོར་བ་དང་ལྡན་པའི་དྲན་པས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ཚོར་བ་གསུམ་བསྒོམ་པ་དང་ལྡན་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་དོན་ཏོ། །ཚོར་བ་དེ་དག་ཐམས་ཅད་ལས་བྱུང་བའི ་ཡེ་ཤེས་མཐོང་བ་བསྒོམ་མོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཚོར་བ་དེ་དག་དང་བྲལ་བ་ཡེ་ཤེས་དེ་རྟོགས་པར་སྒོམ་ཞེས་བྱ་བའི་ཐ་ཚིག་གོ་།དེ་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཞེས་བྱ་བ་ནི་བདག་གི་ཚོར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ ་སེམས་ཅན་ཐམས་ཅད་ཀྱི་ཚོར་བའི་རང་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་པའོ། །ཚོར་བ་ལས་ངེས་པར་འབྱུང་བ་ནི་ཚོར་བ་ལས་ཐར་པར་བྱེད་པའི་ཐབས་ཚོལ་བ་ཐམས་ཅད་སྟོང་པར་ཡིན་པར་ཤེས་པའོ། །བདག ་ནི་ཤེས་རབ་དང་ཡེ་ཤེས་ཡོངས་སུ་ལྡན་པའི་ཚོར་བས་ཞེས་བྱ་བ་ལ། ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཚོར་བས་ཚོར་བ་ཀུན་སྟོང་པ་ཉིད་དུ་རིགས་པ་ཞེས་བྱ་བའི་དོན་ཏོ། །ཚོར་བ་ཐམས་ཅད་རྒྱུན་ཆད་པའི་ཐབས ་མཁས་པ་ཞེས་བྱ་བ་ནི་ཚོར་བ་ཐམས་ཅད་སྟོང་པར་ཁོང་དུ་ཆུད་པས་བདེ་བའི་ཚོར་བ་ལ་སོགས་པ་མྱོང་ཡང་འདོད་ཆགས་དང་ཞེ་སྡང་མི་སྐྱེ་བའི་ཐབས་མཁས་པ་སོ། །སྙིང་རྗེ་ཆེན་པོས་ཟོན་པས་ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོ་དང་ལྡན་པ་ལས་བྱུང ་པའི་དགེ་བའི་རྩ་བའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར་ཡང་ཅིའི་ཕྱིར་ཚོར་བ་ཞེས་བྱ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ་།མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་དུ་འགྱུར་ཞེས་བྱ་བ་ནི་ཚོར་བ ་མྱོང་ལ་དངོས་པོ་མེད་པར་མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་སྐྱེ་བའི་རྒྱུར་འགྱུར་པའོ། །ཡེ་ཤེས་ཀྱི་རྟོགས་པའི་ཚོར་བ་ཞེས་བྱ་བ་ནི་ཚོར་བ་མྱོང་ལ་ཡེ་ཤེས་ཀྱིས་སྟོང་པར་རྟོགས་པའི་ཚོར་བ་ནི་ཟག་པ་མེད་པའི་བདེ་བ་སྐྱེ་བའི་རྒྱུར་འགྱུར ་བའོ། །གང་གིས་ཀྱང་ཚོར་བར་འགྱུར་བ་མེད་ཀྱི་ཞེས་བྱ་བ་ནི་ཚོར་བ་མྱོང་བར་བྱེད་པའི་བདག་དང་སེམས་ཅན་ལ་སོགས་པ་གོང་དུ་སྨོས་པ་རྣམས་ནི་མེད་ཀྱི། ཕྱིན་ཅི་མ་ལོག་ཏུ་རྟོག་ཅིང་མངོན་པར་ཞེ་ན་པ་ཉིད་ཚོར་བའོ་ཞེས་བྱ་བའི་དོན་ཏོ། ། ་དེ་བས་ན་མངོན་པར་ཞེན་པ་ནི་ཞེས་བྱ་བ་ནི་དངོས་སུ་གསུངས་སོ། །ཡང་ན་མངོན་པར་ཞེན་པ་ལ་སོགས་པ་ནི་ཚོར་བ་སྐྱེ་བའི་རྒྱུ་ཡིན་པས་དེ་དག་ལ་ཚོར་བ་ཞེས་གསུངས་སོ། །མངོན་པར་ཞན་པ་ནི་བདག་ཡོད་པར་མངོན་པར་ཆགས་པའོ། །ཡོངས་སུ ་འཛིན་པ་ནི་བདག་གིས་འཛིན་པའོ། །ཉེ་བར་ལེན་པ་ནི་སེམས་དང་སེམས་ལས་བྱུང་བ་ཡོད་པར་རྟོག་པའོ། །དམིགས་པ་ནི་ཕྱིའི་ཡུལ་གཟུགས་ལ་སོགས་པ་ཡོད་པར་དམིགས་པའོ། །ཕྱིན་ཅི་ལོག་ནི་བདག་མེད་པ་ལ་བདག་ཏུ ་རྟོག་པ་ལ་སོགས་པ་ལ་ཕྱིན་ཅི་ལོག་བཞིའོ། །རྣམ་པར་རྟོག་པ་ནི་བདག་དང་བདག་གི་ཡོད་པར་རྟོག་པའོ། །ལྟ་བ་ནི་བདག་ཏུ་ལྟ་བ་དང?་སེམས་ཅན་ལ་སོགས་པ་སྟེ། །དེ་དག་གིས་བག་ལ་ཉལ་ལམ། །ཉོན་མོངས་པ་གཞན་གྱི་བག་ལ་ཉལ་ལོ། །མིག ་དུ་འདུ་ཤེས་པ་ལ་སོགས་པ་ནི་དབང་པོ་རྣམས་ཡོད་པར་འདུ་ཤེས་པ་སྟེ། དེ་དག་ཀྱང་ཚོར་བ་སྐྱེ་བའི་རྒྱུར་འགྱུར་བས་མིག་ཏུ་འདུ་ཤེས་པའི་ཚོར་བའོ། ཡང་ན་ཡོངས་སུ་འཛིན་པ་ནི་ཚོར་བའོ། ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དངོས་པོར་འཛིན ་པ་ཉིད་ཚོར་བ་ཞེས་བྱ་བའི་དོན་ཏོ། །ཉེ་བར་ལེན་པའི་ཚོར་བ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཕུང་པོ་ལྔ་ལེན་པ་ཉིད་ཚོར་བའོ་ཞེས་བྱ་བའི་ཐ་ཚིག་གོ་།དམིགས་པ་ནི་ཚོར་བའོ་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་ལ་དམིགས་པ་ཉིད་ཚོར ་བའོ་ཞེས་བྱ་བའི་དོན་ཏོ། །ཚོར་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞན་ཡང་རྣམ་གྲངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་ནས་སྨོས་པའི་རྣམ་གྲངས་རྣམས་ཀྱང་མིང་དུ་ཐ་དད་ཀྱི། དོན་དུ་གཅིག་གོ་ཞེས་བྱ་བར་དགོངས ་པའོ། །ཚོར་བ་གཅིག་པུ་ཞེས་བྱ་བ་ནི་གཅིག་ཏུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ་།གང་འདི་སེམས་ཀྱི་རྣམ་པར་རིག་པ་ཞེས་བྱ་བ་ལ། གང་སེམས་ཀྱི་མཚན་ཉིད་རྣམ་པར་རིག་པའི་ངོ་བོ་ཉིད་ཚོར་བ་ཡིན་པ་འམ། སེམས་ཀྱི་རྣམ་པར་རིག་པ་ལས ་བྱུང་བའི་ཚོར་བའོ། །ནང་གི་ཉེ་བར་ལེན་པ་ལས་བྱུང་བའི་ཚོར་བ་ནི་ནང་གི་ཚོར་བའོ། ཕྱིའི་གཟུགས་ལ་སོགས་པ་ལ་དམིགས་པའི་རྒྱུ་ལས་བྱུང་བའི་ཚོར་བ་ནི་ཕྱིའི་ཚོར་བའོ། །ཚོར་བ་གསུམ་སྟེ། ཞེས་བྱ་བ་ནི་དུས་གསུམ་གྱི་དངོས་པོ་རྣམ ་པར་རིག་པ་ཉིད་ཚོར་བའོ། །དངོས་པོ་རྣམས་པར་རིག་པའི་རྒྱུ་ལས་བྱུང་བའི་ཚོར་བའོ། །ཁམས་བཞི་ནི་ས་ཆུ་མེ་རླུང་བཞི་སྟེ། དེ་དག་རིགས་པ་ཉིད་ཚོར་བའམ་དེ་དག་རིག་པའི་རྒྱུ་ལས་བྱུང་བའི་ཚོར་བ་སྟེ། ཡུལ་བཞི་ཡོད་པས་དེ་ལ་དམིགས ་བར་བྱེད་པའི་ཚོར་བ་ཡང་རྣམ་པ་བཞིར་བཞག་གོ་།ཕུང་པོ་ལྔ་ཡིད་ལ་བྱེད་ཅེས་བྱ་བ་ནི་ཕུང་པོ་ལྔ་ཡིད་ལ་བྱེད་པ་ཉིད་ཚོར་བ་འམ་དེ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བའི་ཚོར་བའོ། །སྐྱེ་མཆེད་དྲུག་ལ ་ཡོངས་སུ་རྟོག་པའོ་ཞེས་བྱ་བ་ནི་སྐྱི་མཆེད་དྲུག་ལ་ཡོངས་སུ་རྟོག་པ་ཉིད་ཚོར་བ་འམ། ཡོངས་སུ་རྟོག་པའི་རྒྱུ་ལས་བྱུང་བའི་ཚོར་བའོ། །ཚོར་བ་ནི་བདུན་ཏེ། གང་འདི་རྣམ་པར་ཤེས་པ་གནས་པ་བདུན་ནོ་ཞེས་བྱ་བ་ལ། རྣམ་པར་ཤེས ་པ་གནས་པ་བདུན་ནི་ལུས་སྣ་ཚོགས་དང། འདུ་ཤེས་སྣ་ཚོགས་པའི་རྣམ་པར་ཤེས་པ་གནས་པ་དང། ལུས་སྣ་ཚོགས་ལ་འདུ་ཤེས་གཅིག་པའི་རྣམ་པར་ཤེས་པ་གནས་པ་དང། ལུས་གཅིག་ལ་འདུ་ཤེས་སྣ་ཚོགས་པའི་རྣམ་པར ་ཤེས་པ་གནས་པ་དང་ལུས་གཅིག་ལ་འདུ་ཤེས་ཀྱང་གཅིག་པའི་རྣམ་པར་ཤེས་པ་གནས་པ་དང་གཟུགས་མེད་པའི་ས་གསུམ་རྣམས་དང་བདུན་ནོ་དེ་ལ་ལུས་སྣ་ཚོགས་ལ་འདུ་ཤེས་སྣ་ཚོགས་པའི་སེམས་ཅན་རྣམས་ནི་མི ་རྣམས་དང་འདོད་པ་ན་སྤྱོད་པ་ལྷའི་རིགས་དྲུག་དང། བསམ་གཏན་དང་པོར་སྐྱེས་པ་ཐོག་མ་བྱུང་བ་མ་གཏོགས་པ་རྣམས་ཏེ། སེམས་ཅན་དག་ལུས་ཀྱང་ཆེ་ཕྲ་བ་བཟང་ངན་རྣམ་པ་སྣ་ཚོགས་ཡོད་ལ་འདུ་ཤེས་ཀྱང་རྣམ་པ་སྣ་ཚོགས ་ཡོད་པའི་ཕྱིར་རོ། །ལུས་སྣ་ཚོགས་ལ་འདུ་ཤེས་གཅིག་པ་ནི་དཔེར་ན་ཚངས་རིས་ཀྱི་ལྷ་དག་དང་པོར་བྱུང་བ་རྣམས་ཏེ། དེ་དག་ལུས་སྣ་ཚོགས་པ་ནི་སྔ་མ་བཞིན་ལ་འདུ་ཤེས་གཅིག་པ་ནི་ཐམས་ཅད་ཚངས་པས་བསྐྱེད་པར ་འདུ་ཤེས་གཅིག་པའི་ཕྱིར་རོ། །འདུ་ཤེས་སྣ་ཚོགས་ལ་ལུས་གཅིག་པ་ནི་འོད་གསལ་གྱི་ལྷའི་རིས་སྔ་ཕྱིར་སྐྱེས་པ་སྟེ། །དེ་དག་ཐམས་ཅད་ཀྱི་ལུས་ཆེ་ཕྲ་བཟང་ངན་འདྲ་ཞིང་འོད་སྣང་པ་ཅན་དུ་གཅིག་ལ། མེའི་བསྐལ་པ ་བསམ་གཏན་དང་པོར་བྱུང་བའི་ཚེ་ཁ་ཅིག་འཇིག་ཁ་ཅིག་མི་འཇིག་པའི་ཕྱིར་འདུ་ཤེས་ཐ་དད་དོ། །ལུས་གཅིག་ལ་འདུ་ཤེས་གཅིག་པ་ནི་བསམ་གཏན་གསུམ་པ་ཡན་ཆད་དུ་སྐྱེས་པ་སྟེ། བསམ་གཏན་གསུམ་པའི་སེམས་ཅན ་རྣམས་དེ་དག་དགེ་བའི་ཚོར་བ་ལ་རྟོག་པའི་འདུ་ཤེས་གཅིག་པའི་འདུ་ཤེས་གཅིག་གོ་།ལུས་གཅིག་པ་ནི་བསམ་གཏན་གཉིས་པ་བཞིན་ནོ། །གཟུགས་མེད་པ་གསུམ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་པར ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དེ། མི་དང་ལྷའི་རིས་མིང་གིས་སྨོས་པ་དེ་དག་གིས་རྣམ་པར་ཤེས་པའི་རྒྱུད་བསྟན་པར་གནས་པའི་ཕྱིར་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། །ངན་སོང་རྒྱུད ་གསུམ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་གཡེན་སྤྱོ་བས་རྣམ་པར་ཤེས་པ་བརྟན་པར་མི་གནས་པས་དར་མི་བགྲང་ངོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་དེ་ན་གཅིག་ཏུ་ངེས་པར་རྣམ་པར་ཤེས་པ་ཀུན་ཏུ་འབྱུང་བ་མེད ་པའི་ཕྱིར་མ་ཡིན་གྱི། གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱང་འདུ་ཤེས་དང། རྣམ་པར་ཤེས་པ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པས་བརྟན་པར་མི་གནས་སོ། །ཚོར་བ་བརྒྱད་པོ་ཞེས་བྱ་བ་ནི་ཚོར་བ ་བརྒྱད་ནི་བདག་ཏུ་ལྟ་བ་དང། སེམས་ཅན་དུ་ལྟ་བ་དང། གང་ཟག་ཏུ་ལྟ་བ་དང་སྲོག་ཏུ་ལྟ་བ་དང་ཐེར་ཟུག་ཏུ་ལྟ་བ་དང་ནད་པར་ལྟ་བ་དང། སྲིད་པར་ལྟ་བ་སྲིད་པ་མེད་པར་ལྟ་བའོ། །ཡང་ན་ལོག་པ་བརྒྱད་ནི་མི་ཁོམ་བ་བརྒྱད་དེ། ་དེ་དག་གི་ཚོར་བ་ལ་བྱའོ། །སེམས་ཅན་གྱིས་གནས་དགུ་ནི་གོང་མའི་རྣམ་པར་ཤེས་པ་གནས་བདུན་གྱི་སྟེང་དུ་འདུ་ཤེས་མེད་པ་དང། སྲིད་པའི་རྩེ་མོ་གཉིས་བསྣན་པའོ། །མི་དགེ་བ་བཅུ་ཞེས་བྱ་བ་ནི་རྒྱུ་བཅུ་ཡོད་དེའི་རྒྱུ་ལས ་བྱུང་བའི་སྡུག་བསྔལ་འབྲས་བུ་ཚོར་བ་ཡང་བཅུར་བཞག་གོ་།འདི་ནི་ཚོར་བ་ཀུན་གྱི་ཚུལ་ཏེ་ཞེས་བྱ་བ་ནི་ཚོར་བ་པོའམ། ཚོར་བའི་དངོས་པོ་ནི་མེད་ཀྱི། ཀུན་རྫོབ་ཏུ་ཚོར་བ་ཐ་དད་དུ་གདགས་ཤིང་རྣམ ་གྲངས་སུ་བྱ་བ་གོང་དུ་བཤད་པའི་རིམ་པ་འདི་ལྟ་བུ་དག་གོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པས་ཚོར་བ་མི་ཟད་པ་བསྟན་ཏེ། གཟུགས་ལ་སོགས་པ་དམིགས་པའི་ཡུལ་ཇི་སྙེད་པ་དེ་ལ་དམིགས ་ཤིང་ཡིད་ལ་བྱེད་པ་དེ་སྙེད་དོ། །ཡིད་ལ་བྱེད་པ་ཇི་སྙེད་པ་སེམས་ཡོངས་སུ་རྟོག་པ་ཡང་དེ་སྙེད་དོ། །ཡོངས་སུ་རྟོག་པ་ཇི་སྙེད་པ་ཚོར་བ་ཡང་དེ་སྙེད་དོ། དེ་བས་ན་ཚོར་བ་ཚད་མེད་ཅིང་མི་ཟད་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། དེས་ཞེས་བྱ་བ་ནི་ཚོར་བ ་ཚད་མེད་པའོ། །རྗེས་སུ་ལྟ་ཞིང་གནས་པས་ཞེས་བྱ་བ་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱིས་སོ། །ཤེས་པ་སྐྱེད་ཅེས་བྱ་བ་ནི་སྐྱེ་བ་ལ་སྐྱེ་བར་ཤེས་པ་དང། འཇིག་པ་ལ་འཇིག་པར་ཤེས་པ་དང། གནས་པ་ལ་གནས་པ་ཤེས ་པ་བསྐྱེད་པར་བྱའོ། །ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་མདོར་བསྡུས་ཏེ་བསྟན་པའི་ཕྱིར་རོ། གང་སེམས་ཅན་ཐམས་ཅད་ཀྱིས་ཚོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པའི་ཚིག་སྐྱེ་བ་ལ ་སོགས་པ་ཀུན་དང་སྦྱར་རོ། །དགེ་བའི་རྒྱུ་ལས་བྱུང་བའི་ཚོར་བ་གང་ཡིན་པ་ཤེས་པ་དང། མི་དགེ་བའི་རྒྱུ་ལས་བྱུང་བའི་ཚོར་བ་གང་ཡིན་པ་ཤེས་པའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་བསྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན་གང་སེམས་དྲན་པ་ཉེ་བར་བཞག་པ་ལ་རབ་ཏུ་ཞུགས་པ་སྟེ། རྣམ་པར་ཤེས་པའི་གནས་ཐམས་ཅད་ལས་འདས་པ་ཡང་ཐོབ་ལ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་ཚད་མེད ་བ་ཡོངས་སུ་རྫོགས་པར་བྱེད་པའོ། །དེའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སེམས་ལ་སེམས་ཀྱིས་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ ་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་མ་བརྗེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་དང་རང་སངས་རྒྱས་དག་སེམས་དྲན་པ་ཉེ་བར་གཞག་པ་ན་བདག་གི་སེམས་མི་རྟག་པ་ལ་སོགས ་པ་དྲན་པ་ཉེ་བར་འཇོག་པ་ལྟ་བུ་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཐོག་མར་བྱང་ཆུབ་ཏུ་སེམས་ཇི་ལྟར་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་དེ་མི་བརྗེད་པའི་གཟུངས་ཀྱིས་དྲན་པས་མི་བརྗེད་པ་དང་དྲན་པ་ཉིད་མཉམས་པར་བསྲུངས ་པ་དང། བསྲུངས་པ་ཉིད་མི་མཐུན་པའི་ཕྱོགས་ལ་མ་གཡེང་བར་བྱེད་པ་ནི་སེམས་དྲན་པ་ཉེ་བར་འཇོག་པ་ཞེས་བྱའོ། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དེ་ཇི་རྟག་པའི་ཕྱིར་དེ་ལྟ་བུ་ཞིག་ནས་སྙམ་པ་ལ་དེའི་ཕྱིར་དེ་སེམས་ལ་འང་ཇི་ལྟར ་རྟོག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་སེམས་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འམ། བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་བྱང་ཆུབ་ཀྱི་སེམས་དཔའ་དེའོ། །སེམས་ལ་ཞེས་བྱ་བ ་ནི་བྱང་ཆུབ་ཀྱི་སེམས་ལའོ། །འདི་ལྟར་རྟོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་འོག་ནས་འབྱུང་བ་ལྟར་རྟོག་པའོ། །ཇི་ལྟར་རྟོག་ཅེ་ན། དེའི་ཕྱིར་སེམས་ནི་སྐྱེ་ནས་ཞིག་ཅིང་ཞུ་སྟེ་མི་གནས་པའོ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་སེམས་ནི་སེམས་ཉིད་དམ་བྱང་ཆུབ་ཀྱི་སེམས་སོ། །སྐྱེས་ནས་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུའོ། །ཞིག་ཅིང་ཞུས་ཏེ་ཞེས་བྱ་བ་ནི་དོན་གཅིག་སྟེ་དེ་མ་ཐག་ཏུ་ཞིག་བའོ། །མི་གནས་པ་ནི་ཅུང་ཟད་ཀྱང་འདུག་པའི་མཐུ་མེད་པ་སྟེ་དེ་བས་ན ་ཞེས་བྱ་བར?་སྦྱར་རོ། །ནད་ན་ཡང་མི་འདུག་ཕྱི་རོལ་ན་ཡང་མི་འཕྲོས། གཉི་ག་མེད་པར་ཡང་མི་དམིགས་ཤེས་བྱ་བ་ནི་སེམས་དེ་སྐད་ཅིག་མའི་རང་བཞིན་སྐྱེས་མ་ཐག་ཏུ་འཇིག་ཅིང་དེ་ངེས་པའི་ངོ་བོ་ཉིད་དེ། ་ཞིག་ནས་ཀྱང་མེད་པར་འགྱུར་བའི་ནང་གི་དངོས་པོ་རྣམས་ལ་ཡང་མི་གནས། ཕྱི་རོལ་གྱི་ཡུལ་རྣམས་ལ་ཡང་མ་འཕོས། དེ་གཉིས་ས་ཀ་མ་ཡིན་པ་གཞན་ཕྱི་ནང་གཉིས་ཀྱི་བར་ན་ཡང་མ་དམིགས་མི་གནས་ཤེས་བྱ་བའི་དོན་ཏོ། །གང་དག ་གི་བྱང་ཆུབ་ཀྱི་སེམས་དང་པོ་སྐྱེད་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། གོང་དུ་བཤད་པར་ཡང་མ་ཟད་ཀྱི། འདི་ལྟར་ཡང་ཁོང་དུ་ཆུད་དོ་ཞེས་བྱ་བར་སྦྱར་རོ། །སྐྱེས་པ་ནི་འདས་པའི་དུས་སུ་སྐྱེས་ཟིན་ཏོ། །ཟད་ཅིང་འགག་པ་ལ ་སོགས་པ་ནི་དོན་གཅིག་སྟེ་མེད་པར་གྱུར་པར་སྟོན་པའོ། །ཟད་པ་ནི་རྒྱུ་མེད་པའོ། །འགགས་པ་ནི་རང་བཞིན་གྱི་མེད་པའོ། །ཡལ་པ་ནི་མེད་པར་གྱུར་ནས་ཀྱང་གང་དུ་ཡང་གནས་པར་མ་གྱུར་ཏེ། དེ་བས་ན་མེད་པར་གྱུར་བ་ཞེས་བྱའོ། ་ཡུལ་དང་ཕྱོགས་ན་མི་གནས་ཏེ་དེ་ནི་གདགས་པར་མི་ནུས་སོ་ཞེས་བྱ་བ་ལ། ཐོག་མར་སེམས་བསྐྱེད་དེ་དེ་སྐད་ཅིག་མ་རེ་རེ་ལ་ཡང་ཟད་ཅིང་འགགས་ཏེ་གཞན་དང་གཞན་དུ་གྱུར་ལ། ཡལ་ཞིང་མེད་པར་གྱུར་བས་དངོས་པོ་མེད་པའི ་ཕྱིར་ཡུལ་དང། ཕྱོགས་ན་མི་གནས། མིང་དང་མཚན་མར་གདགས་སུ་མེད་དེ་ཞེས་བྱ་བའི་དོན་ཏོ། །སེམས་གང་གིས་བྱང་ཆུབ་ཀྱི་ཕྱིར་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབས་པ་དེ་དག་ཀྱང་ཟད་ཅིང་འགགས་ཏེ། ཡལ ་ཅིང་མེད་པར་གྱུར་པས་ཤེས་བྱ་བ་ལ། སེམས་གང་དག་གིས་ནི་དགེ་བའི་རྩ་བའི་རྒྱུར་འགྱུར་བའི་སེམས་བསྐྱེད་པ་གང་གིས་སོ། །བྱང་ཆུབ་ཀྱི་ཕྱིར་ནི་འབྲས་བུ་དེ་ཐོབ་པར་བྱ་བའི་ཕྱིར་རོ། །དགེ་བའི་རྩ་བསྒྲུབས་པ་ནི་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་བསྒྲུབ་པའོ། །བྱང་ཆུབ་ཀྱི་སེམས་ཉིད་གོང་དུ་སྨོས་པའི་ཚུལ་གྱིས་དོན་དམ་པར་ངོ་བོ་ཉིད་མེད་པས། དེ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཀྱང་ཡང་ལ་ཞིང་མེད་པར་གྱུར་པས་སེམས་བཞིན་དུ་ངོ་བོ་ཉིད་མེད་པའི་ཕྱིར་ཡུལ་དང ་ཕྱོགས་ན་མི་གནས་ཤིང་མིང་དང་མཚན་མར་གདགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །སེམས་གང་དག་གི་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་བསྒོས་པ་དེ་དག་ཀྱང་དེའི་རང་བཞིན་དེའི་མཚན་ཉིད་དེ་ཞེས་བྱ་བ་ལ་སེམས་གང་གིས་ནི་དགེ ་བའི་རྩ་བའི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པས་སོ། །བྱང་ཆུབ་ཏུ་བསྔོས་པས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་ཏུ་བསྔོས་པའི་འོག་ཏུ་འཕེལ་བར་གྱུར་(བའི་དགེ་བའི་རྩ་བ་དེ)་དག་གོ་དེ་ནི་འདི་སྐད་དུ་བྱང་ཆུབ་ཀྱི་སེམས་ཀྱིས་བསྐྱེད་པའི་དགེ་བའི་རྩ་བ ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པ་དེ་དག་ཀྱང་སེམས་དང་འདྲ་བར་ཟད་ཅིང་འགགས་ཏེ། ཡལ་ཞིང་མེད་པར་འགྱུར་བའི་མཚན་ཉིད་པས་ཡུལ་དང་ཕྱོགས་ན་མི་གནས་ཤིང་གདགས་པར་མི་ནུས་སོ་ཞེས་བྱ་བར་སྟོན་ཏོ། །སེམས་ཀྱི་སེམས་མི་ཤེས་སོ ་ཞེས་བྱ་བ་ནི། སེམས་དེ་རང་བཞིན་མེད་པས་ཤེས་པར་བྱེད་པ་དང། ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འོག་མ་ལ་ཡང་སྦྱར་རོ། །སེམས་ཀྱི་སེམས་ཀྱི་མཚམས་མི་སྦྱོར་བ་ནི་འདས་པའི་སེམས་དེ་མ་འོངས་བར་མི་འཕོ་ཞིང། མ་འོངས ་བའི་ས་སེ་དང་མཚམས་མི་སྦྱོར་བའོ། །དེ་ལ་གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་འཚང་རྒྱ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དང། དགེ ་བའི་རྩ་བའི་སེམས་ལ་སོགས་པ་གོང་དུ་སྨོས་པ་ལྟ་བུའི་ཚུལ་གྱིས་བརྟགས་ན་གང་ཡང་རང་བཞིན་དུ་གྲུབ་པ་མེད་པས་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་དགེ་བའི་རྩ་བའི་སེམས་དང་ལྷན་ཅིག་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་སེམས་ལ་རྟོག་པའི་རྣམ་པ་གཞན་བསྟན་པའི་ཕྱིར། ཡང་དེ་འདི་སྙམ་དུ་སེམས་ཏེ་རྒྱུ་དང་འབྲས་བུ་ཆུང་མི་ཟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་བྱང་ཆུབ་སེམས་དཔའ་དེའོ། །དེ་ལྟར་སེམས་ཀྱི་རང ་བཞིན་སྟོང་ཡང་ཀུན་རྫོབ་ཏུ་རྒྱུ་གང་སྤྱད་པའི་འབྲས་བུ་དེ་བཞིན་དུ་ཐོབ་པར་འགྱུར་ཏེ། ཆུད་མི་ཟ་བར་རྟེན་ཅིང་འབྲེལ་པར་འབྱུང་བ་གཅིག་ཁོ་ནར་ངེས་པར་མི་མངོན་པ་དེ་ནི་བལྟ་དཀའ་བས་ཤིན་ཏུ་ཟབ་པོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི ་ཆོས་ཉིད་དེ་ལྟ་བུ་མིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་སེམས་དེ་ངོ་བོ་ཉིད་ཀྱིས་སྟོང་དུ་ཟིན་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་རྣམས་ཚོགས་ན་མེད་པར་མི་འགྱུར་ལ། རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་དེ་དག་ཀྱང་མུ་སྟེགས ་ཅན་གྱིས་བྱེད་པ་བོ་ལ་སོགས་པ་མེད་པས་དེ་དག་གིས་ཀྱང་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཇི་ལྟར་འདོད་པ་བཞིན་རྣམ་པར་བསྒྲུབས་པ་ཞེས་བྱ་བ་ནི་དེ་ལྟར་བྱེད་པ་པོ་ལ་སོགས་པ་མེད་པར་ཡང་རྒྱུ་རྐྱེན་ཚོགས་པ་ལས་ཀུན་རྫོབ་ཏུ ་སྐྱེ་ཞིང་འབྱུང་བས་ན་རྒྱུ་གང་དང་གང་གིས་འབྲས་བུ་གང་དང་གང་སྒྲུབ་པ་དེ་དག་ཇི་ལྟར་འདོད་པ་བཞིན་དུ་གྲུབ་ཅེས་བྱ་བའི་དོན་ཏོ། །བདག་གིས་རྣམ་པར་བསྒྲུབ་པ་ལ་བརྩོན་པར་བྱ་ཞེས་བྱ་བ་ཇི་ལྟར་འདོད་པ་བཞིན་འབྲས་བུ་འགྲུབ་པས ་བདག་གིས་ཀྱང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་སོགས་པའི་འབྲས་བུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྔོ་བ་ལ་སོགས་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་ཆོས་ཉིད་འདི་ཡང་མི་སྤོང?་ཞེས་བྱ་བ ་ནི་དེ་དག་ཀུན་རྫོབ་ཏུ་བསྒྲུབས་པ་ལ་བརྩོན་པར་བྱེད་ཀྱང། དོན་དམ་པར་སེམས་ཀྱི་ཆོས་ཉིད་མ་སྐྱེས་པ་ཡང་མི་སྤོང་བ་འམ། ང་ཡང་ཉམས་པར་མི་བྱེད་པའོ། །སེམས་ནི་སྒྱུ་མ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ ་དྲུག་དོན་དམ་པར་མི་དམིགས་པ་དང། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ངེས་པར་ཡོད་པར་བསྟན་པའོ། །སྒྱུ་མ་ལྟ་བུར་ཞེས་བྱ་བ་ནི་སྒྱུ་མ་བཞིན་དུ་རང་བཞིན་མེད་པའོ། །དེ་བས་ན་གང་ཟག་འདི་ལ་བདག་གིས་དངོས་པོ་གཏོང་བར་སྣང་བ་ནི་རང ་བཞིན་མེད་པའོ། །བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་བའོ། །སངས་རྒྱས་ཀྱི་ཞིང་དག་པ་ནི་བཻ་ཌཱུརྱའི་ཁ་དོག་ལ་སོགས་པའོ། །སེམས་རྨི་ལམ་ལྟ་བུ་ཞེས་བྱ་བ་ལ། ་ཇི་ལྟར་རྨི་ལམ་ན་དངོས་པོ་རྣམ་པ་སྣ་ཚོགས་སྣང་ཡང་རང་བཞིན་སྟོང་པ་དེ་བཞིན་དུ་སེམས་ལ་གཟུང་བ་དང་འཛིན་པ་ལ་སོགས་པ་རྣམ་པ་དུ་མར་སྣང་ཡང་རང་བཞིན་གྱིས་སྟོང་པའོ། །ཡང་དག་པར་བླངས་པ་དང། ཡང་དག་པར་སློབ་པ? ་མཚུལ་ཁྲིམས་སོ། །ཡང་དག་པར་བླང་བར་བྱ་བ་དང་བསླབ་པར་བྱ་བ་ནི་བསླབ་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་རོ། །གཟོད་མ་ནས་ཡོངས་སུ་མ་གྲུབ་ཅེས་བྱ་བ་ནི་ཇི་ལྟར་མིག་ཡོར་ཕྱིས་རྟགས ་ཏེ་རང་བཞིན་མེད་པ་ལྟར་དང་པོ་སྣང་པའི་དུས་ན་ཡང་ན་རང་བཞིན་མེད་པ་ཡིན་ནོ། །དེ་དང་འདྲ་བར་སེམས་འདི་ཡང་ཐོག་མ་ནས་རང་བཞིན་མེད་ཙང་མ་སྐྱེས་པའོ། །བཟོད་པ་ནི་གཞན་གྱིས་གནོད་པ་བྱས་པ་ཉམས་སུ་ལེན་པའོ། །ངེས་པ་ནི་སླར་གནོད ་པ་མི་བྱེད་པ་སྟེ། དེ་དག་བསྒྲུབ་པ་ཞེས་བྱ་བར་སྦྱར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་མེད་པའི་ཆོས་ལ་སྐྲག་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་སྔོ་བའོ། །ཤིན་ཏུ་དབེན་པ་ཞེས་བྱ་བ ་ནི་སྨིག་རྒྱུ་ཆུས་སྟོང་སྟེ་དབེན་པ་བཞིན་དུ་སེམས་ལ་ཡང་གཟུང་བ་དང་འཛིན་པས་སྟོང་སྟེ་དབེན་པའོ། །དགེ་བའི་རྩ་བ་ཐམས་ཅད་ལ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་སྒྲུབ་པ་ལ་ཞེ་འམ། སྒྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། ། ་སངས་རྒྱས་ཀྱིས་ཆོས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་རོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི ་སྔོན་པོ་ལ་སོགས་པ་བཞིན་དུ་བཞན་ལ་བསྟན་པར་མི་ནུས་པའོ། །ཐོགས་པ་མེད་པ་ནི་ནམ་མཁའ་བཞིན་དུ་ཀུན་ཏུ་སོང་བའི་ཕྱིར་རོ། །རྣམ་པར་རིག་པ་མེད་པ་ནི་རིག་པར་བྱ་བ་དང། རིག་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ཀྱི ་ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །གཟུང་བ་མེད་པ་ནི་སེམས་དང། སེམས་ལས་བྱུང་བའི་བཟུང་བར་སྣང་བ་དངོས་པོར་མ་གྲུབ་པའི་ཕྱིར་རོ། །མཚན་མ་མེད་པ་ནི་གཟུགས་ལ་སོགས་པའི་ངོ་བོ་མ་མིན་པའི་ཕྱིར་རོ། །བསྟན ་དུ་མེད་པ་ནི་སྔ་མ་བཞིན་ནོ། །གནས་མེད་པ་ནི་གཟུགས་དང་དབང་པོ་ལ་མི་གནས་པའི་ཕྱིར་རོ། །དྲིས་པའི་ཚིག་ནི་ཕུང་པོ་དང་ཁམས་ལ་སོགས་པ་གཞན་གྱིས་དྲིས་པའོ། །དབྱེ་བ་བསྟན་པ་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའི ་ཆོས་རྣམས་སོ་སོར་ཕྱེ་སྟེ། བཤད་པའི་གནས་ཤེས་རབ་པོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །སེམས་ནི་དམིགས་པ་མེད་པར་མི་སྐྱེ་ཞེས་བྱ་བ་ལ་སོགས་པས་ཀུན་རྫོབ་ཀྱི་སེམས་ཀྱི་དམིགས་པའི ་རྒྱུ་དང་རྐྱེན་ལ་སོགས་པ་ཡོད་པར་བསྟན་པ་ལས། སྒྲུབ་པ་ཡང་ཡོད་པར་བསྟན་པ་སྟེ། དམིགས་པར་བྱ་བའི་ཡུལ་མེད་པར་སེམས་མི་སྐྱེའོ། །ཡུལ་ལ་དམིགས་ནས་སྐྱེ་བ་ནི་སེམས་ཀྱི་ཆོས་ཉིད་དོ། །གང་དགེ་བའི་རྩ་བ། ་ཐམས་ཅད་ལ་དམིགས་པ་ཞེས་བྱ་བ་ནི་སེམས་ཡུལ་དུ?་དམིགས་ནས་སྐྱེ་བ་ཡིན་པས། དམིགས་ནས་ཡང་དགེ་བའི་རྩ་བ་སྐྱེ་བར་འགྱུར་བའི་དམིགས་པ་ཐམས་ཅད་ལ་སེམས་དམིགས་པའོ། །རྒྱུ་མེད་བར་མི་སྐྱེ་བ་ནི ་ཀུན་གཞི་རྣམ་པར་ཤེས་བའི་བག་ཆགས་མེད་པར་སེམས་མི་སྐྱེ་བའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཞེས་བྱ་བ་ནི་སེམས་སྐྱེ་བའི་རྒྱུ་བསྐྱེད་ཅིང་འཇོག་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྐྱེ་བའི་རྒྱུ་སྐྱེད་བའོ། །ཡུལ་དྲུག་ལ་ཞེས་བྱ་བ ་ནི་ཡུལ་དྲུག་ལ་མ་བརྟེན་པར་སེམས་མི་སྐྱེ་བའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་དག་གི་ཡུལ་ནི་སྟོང་བ་ཉིད་དོ། །རྒྱུ་ནི་ཡུལ་བ་ཏེ་མངོན་དུ ་བྱེད་པའི་ཆོས་དེ་ཐབས་དང་ཤེས་རབ་པོ། །བསྒྲུབ་པ་ནི་ཐབས་དང་ཤེས་རབ་སྒྲུབ་པའོ། །མངོན་པར་ཤེས་པ་ནི་དྲུག་རྣམས་སོ། །སེམས་ཉེ་བར་འདོགས་པ་ནི་རྩེ་གཅིག་ཏུ་འཇོག་པའོ། །སེམས་མི་སྤྱོད་པར་རབ་ཏུ་ཤེས་པའོ། །སེམས་ཅན ་རྣམས་ཀྱི་སེམས་ཇི་ལྟ་བུ་མིན་པ་དང། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་ལ་སྤྱོད་པ་ཤེས་པའོ། །དེ་ལྟ་བུའི་རང་བཞིན་གྱིས་ཆོས་སྟོན་པ་ནི་ཉོན་མོངས་པ་གང་ལ་སྤྱོད་པ་དང་དེ་དང་མཐུན་པའི་ཆོས་མི་གཙང་བ་ལ་སོགས ་པ་སྟོན་པའོ། །མི་སྐྱེ་བ་ནི་སྙིང་རྗེ་དང་ལྡན་པས་སོ། །སེམས་ཟད་པར་བྱ་བའི་ཕྱིར་སེམས་མི་སྐྱེད་ཅེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཞི་བ་ཕྱོགས་ཅིག་པའི་མྱ་ངན་ལས་འདས་པ་ལ་གནས་པ་ནི་མ་ཡིན་གྱི། ་ཐབས་ཀྱི་ཡོངས་སུ་ཟིན་པས་འཁོར་བའི་རྒྱུན་ནི་དགེ་བའི་རྩ་བ་མི་གཅོད་ཅེས་བྱ་བའི་དོན་ཏོ། །ཟད་པ་ནི་ཉོན་མོངས་ཟད་པའི་ཕྱིར་རོ། །འགོག་པ་ནི་ཕུང་པོ་སྤང་པའི་ཕྱིར་རོ། །སེམས་ཀྱི་དྲན་པ་ཤེས་པ་དེས་ཞེས་བྱ་བ་ལ་སོགས་པས ་གོང་དུ་སྨོས་པ་ལྟ་བུའི་སེམས་དྲན་པ་ཉེ་བར་འཇོག་པ་དེ་ཁོང་དུ་ཆུད་དོ། དེས་མ་བྱུང་པ་དང་མི་སྐྱེ་བ་ལ་སོགས་པའི་མཚན་ཉིད་ལ་གནས་ཀྱང་ཆོས་ཉིད་དེའི་དབང་དུ་མ་གྱུར་པས་ཉན་ཐོས་དང་རང་སངས་རྒྱས་དག་ལྟར་འཁོར་བ་ཡོངས་སུ ་སྤོང་བར་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་མ་གྲུབ་ཀྱི་བར་དུ་ཐབས་དང་ཤེས ་རབ་ཟུང་དུ་འབྲེལ་པའི་སེམས་ཀྱི་རྒྱུན་མི་གཏོང་པའོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཅེས་བྱ་བ་ནི་མཐར་མངོན་པར་བྱང་ཆུབ་པ་ལ་འཇུག་པའི་སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པ་བདག་མེད ་པ་གཉིས་ཁོང་དུ་ཆུད་པའི་ཤེས་རབ་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པའོ། །སེམས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མི་ཟད་པ་བཤད་ཟིན་ཏོ། །རབ་ཏུ་རྣམ་པར་བྱང་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན་གང་ཆོས ་དྲན་པ་ཉེ་བར་གཞག་པ་ལ་རབ་ཏུ་ཞུགས་པ་སྟེ། སྒྲིབ་པ་དང་ཀུན་ནས་སྦྱོར་བ་དང་འཆིང་བ་དང་བག་ལ་ཉལ་བ་དང། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཐམས་ཅད་ལས་འདས་པ་ཡང་ཐོབ་ལ། ཆོས་ཐམས་ཅད་ལ་དབང་ཐོབ་པ ་ཡང་ཡོངས་སུ་རྫོགས་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་འདུས་བྱས་དང་འདུས་མ་བྱས་དང་ཟག་པ་དང་བཅས་པ་དང། ཟག་པ ་མེད་པའོ། །ཆོས་ཀྱི་རྗེས་སུ་ལྟ་བ་ནི་ཤེས་རབ་ཀྱི་ཆོས་དེ་དག་ལ་སྟོང་བར་རྟོག་པའོ། །དྲན་པ་ཉེ་བར་བཞག་པ་ནི་ཏིང་ངེ་འཛིན་གྱི་དེ་ལ་རྩེ་གཅིག་ཏུ་འཇོག་པའོ། །གང་ཞེ་ན་ཞེས་བྱ་བ་ནི་དེ་དག་དངོས་པོ་གང་ཡིན་པ་འདྲི་བའོ། ། ་དེ་དག་བསྟན་པའི་ཕྱིར། འཕགས་པའི་ཤེས་རབ་ཀྱི་མིག་གིས་མཐོང་བའི་ཆོས་དེ་དག་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པ་ཞེས་སྨོས་པ་ནི་ཟག་པ་མེད་པར་སྟོན་ཏོ། །ཤེས་རབ་ཀྱི་མིག་ཅེས་སྒོས་པས་ནི་རྣམ་པར་མི ་རྟོག་པའི་མཚན་ཉིད་ཡིན་པར་སྟོན་ཏོ། །མཐོང་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འོག་ནས་འབྱུང་བའི་ཚུལ་དུ་སྟོང་པ་ཉིད་ཀྱི་རང་བཞིན་མཐོང་བ་སྟེ། དེ་ལྟར་མཐོང་བའི་ཆོས་དེ་དག་ནི་འབྲས་བུ་ལ་གནས་ཀྱི་བར་དུ ་ཉམས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །སྟོང་པ་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་སོགས་པ་ནི་ཆུང་རབ། ཙམ་ཡང་མི་མཐོང་ཞེས་བྱ་བར་སྤྱད་ཏེ། སྟོང་པ་ཉིད་ལ་སོགས་པའི་ནང་དུ་མ་འདུས་པའི་ཆོས་གང་ཡང་མེད་དོ། དེར་མ ་འདུས་པའི་ཆོས་གང་ཡང་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པར་གྲོལ་བ་ཆུང་རབ་ཙམ་ཡང་མཐོང་ངོ་ཞེས་བྱ་བ་ནི་དོན་དམ་པར་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་མེད་པ། ཀུན་རྫོབ ་ཏུ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཆོས་གཅིག་ཀྱང་མི་མཐོང་སྟེ། དེར་མ་གཏོགས་པའི་ཆོས་གཅིག་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཁོ་ན་མཐོང་གིས་ཆོས་མ་ཡིན་པ་མི་མཐོང་ངོ་ཞེས་བྱ་བ་ལ། བདག་མེད ་པ་ལ་སོགས་པ་ནི་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཡིན་པས་ན་ཆོས་ཁོ་ན་ཞེས་བྱ་སྟེ། དེ་མཐོང་བའོ། །བདག་ཏུ་ལྟ་བ་ལ་སོགས་པ་སྨོས་པ་ནི། །ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་པས་ཆོས་མ་ཡིན་པ་སྟེ། དེ་མི་མཐོང་བའོ། །ཆོས་ཐམས་ཅད ་ནི་ཆོས་སོ་ཞེས་བྱ་བ་ལ་ཆོས་ཀྱི་སྒྲ་ནི་སྟོང་པ་ཉིད་ལ་སོགས་པ་ལ་བྱ་སྟེ། དེ་ཆོས་ཐམས་ཅད་ལ་ཡོད་པས་ན་ཆོས་ཐམས་ཅད་ནི་ཆོས་སོ། །ཆོས་ཐམས་ཅད་ནི་ཆོས་མ་ཡིན་ཞེས་བྱ་བ་ནི་ཆོས་དེ་དག་ཉིད་ལ་བདག་དང་བདག ་གིར་འཛིན་པ་ཡང་སྐྱེ་བས་ན་ཆོས་ཐམས་ཅད་ཆོས་མ་ཡིན་པས་དེ་བདག་ཏུ་འཛིན་པ་ལ་སོགས་པ་ལ་ཆོས་མ་ཡིན་པ་ཞེས་བྱའོ། །སོ་སོར་རྟོག་པས་ཞེས་བྱ་བ་ནི་སྟོང་པ་ཤེས་པས་སམ། སྟོང་པས་ཁྱབ་པས་མངོན་པར་ཞེན་པས་ཞེས་བྱ་བ ་ནི་ཆོས་དེ་དག་ཉིད་བདག་དང་བདག་གིར་ཆགས་པའི་རྒྱུ་ཡིན་པས་སོ། །སངས་རྒྱས་ཀྱི་ཆོས་མེད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རྣམས་སྟོང་པར་ཁོང་དུ་ཆུད་པ་ལས་ཐར་པ་དང་མྱ་ངན་ལས་འདས ་པར་འགྱུར་ཏེ། དེ་བས་ན་ཆོས་གང་ལས་བརྟེན་ཏེ། སངས་རྒྱས་ཀྱི་ཆོས་སུ་མི་འགྱུར་བའི་ཆོས་དེ་དག་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ནི་ལུས་དང་ཁོང་དུ་ཆུད་པར་བྱ་བའི་ཆོས་ཏེ། དེའི་རང་བཞིན་དུ་མ ་གྱུར་པའི་ཆོས་གང་ཡང་མེད་དོ། །ཞེས་བྱ་བར་དགོངས་སོ། །གང་ལས་བྱང་ཆུབ་མེད་པ་ཞེས་བྱ་བ་ལ་བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས་ཀྱི་མཚན་ཉིད་དེ། ཆོས་གང་ལས་བརྟེན་ཏེ་དེའི་རྒྱུར་མི་འགྱུར་བའི་ཆོས་གང་ཡང་མེད་དོ་ཞེས ་བྱ་བའི་ཐ་ཚིག་གོ་།ལམ་མེད་ཅེས་བྱ་བ་ལ། ལམ་ནི་ས་བཅུ་སྟེ། དེའི་རང་བཞིན་དུ་མ་གྱུར་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེས་ཆོས་ཐམས་ཅད་ངེས་པར་འབྱུང་བར་ཤེས་ཞེས་བྱ་བ་ལ། ཆོས་དྲན་པ་ཉེ ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་ཁམས་གསུམ་ལས་འབྱུང་བ་དང་འབྱུང་བའི་རྒྱུར་འགྱུར་བ་དང། ཐར་བའི་རྒྱུར་གྱུར་པ་ཤེས་པའོ། །ཡང་ན་དེས་ཆོས་ཐམས་ཅད་ངེས་པར་འབྱུང་བར་ཤེས་པས་སེམས ་ཅན་རྣམས་ལ་སྒྲིབ་པ་མེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ལས་འབྱུང་བའི་དངོས་པོ་དང་མཚན་མ་ཐམས་ཅད་ལས་ཐར་བ་འམ་བྲལ་བ་སྟེ། སྟོང་པ་ཉིད་དུ ་ཤེས་པ་ལ་བྱའོ། །དེས་ཆོས་ཐམས་ཅད་དེ་ལྟར་སྟོང་པར་ཤེས་པས་མཚན་མར་ལྟ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འབྱུང་བའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་གང་ལ་ཞུགས་ན་སྙིང་རྗེ་ཆེན་པོ ་འབྱུང་བའི་ཏིང་ངེ་འཛིན་ལ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ཅེས་བྱའོ། །དེའི་སྒོ་ནི་ཏིང་ངེ་འཛིན་དེ་ཐོབ་པར་འགྱུར་བ་འམ། དེ་ལ་འཇུག་པའི་ཐབས་ལ་བྱའོ། །སྒྲིབ་པ་མེད་པ་ནི་ཏིང་ངེ་འཛིན་ཏེ་མི་མཐུན་པའི་ཕྱོགས་སྤངས་པའོ། །དེས་ཞེས ་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་འམ། ཆོས་དྲན་པ་ཉེ་བར་བཞག་པ་ལ་གནས་བའི་བྱང་ཆུབ་སེམས་དཔའ་ངེས་སོ། །ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་ལ་སོགས་པའོ། །ཉོན་མོངས་པ ་ནི་འདོད་ཆགས་ལ་སོགས་པའོ། །བཅོས་མའི་འདུ་ཤེས་ཐོབ་ཅེས་བྱ་བ་ནི་སྒྱུ་མ་དང་འདྲ་བར་རང་བཞིན་མེད་པར་ཐོབ་པའོ། །ཇི་ལྟར་འདུ་ཤེས་ཐོབ་པ་བསྟན་པའི་ཕྱིར་ཆོས་འདི་དག་ནི་ཉོན་མོངས་པ་མེད་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཕུང་པོ་ལ་སོགས་པའི་ཆོས་འདི་དག་ནི་ཉོན་མོངས་པ་སྐྱེ་བའི་རྒྱུ་མ་ཡིན་པ་འམ། ཉོན་མོངས་པ་དང་འདྲེས་པ་མ་ཡིན་པ་སྟེ། དེ་བས་ན་ཆོས་འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་འདུ་ཤེས་ཐོབ་ཅེས་བྱ་བ་འམ་ཆོས་དེ་དག་ཅིའི་ཕྱིར་ཉོན་མོངས་པ་མ་ཡིན་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟར་དེ་དག་ནི་ངེས་པའི་དོན་གྱི་དོན་ལ་རྟོན་ཏེ་ཞེས་བྱ་བ་ལ་འདི་ལྟར ་ནི་འོག་ནས་བཤད་པ་ལྟར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་དག་གམ་ཆོས་དེ་དག་གོ་།ངེས་པའི་དོན་གྱི་དོན་ལ་རྟོན་པ་ནི་ཆོས་གང་ཉོན་མོངས་པ་གོང་དུ་སྨོས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་ལ་རྟོག?་པ་འམ། བྱང་ཆུབ་སེམས་དཔའ་ ་ཉིད་སྟོང་པ་ཉིད་ཀྱི་དོན་ལ་རྟོན་པ་སྟེ། ངེས་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་ཏོ། །ཉོན་མོངས་པའི་ཚོགས?་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྟོང་པ་ཡིན་པས་ན་ཉོན་མོངས་པ་ཉིད་ཀྱང་མེད་ལ། ཕུང་པོར་གྱུར་པའང་མེད་པའོ། །ཉོན་མོངས་པ་ ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ་ཞེས་བྱ་བ་ནི་ཉོན་མོངས་པ་གོང་དུ་སྨོས་ཚུལ་ངོ་བོ་ཉིད་མེད་པར་རྟོགས་པ་ཉིད་བྱང་ཆུབ་པོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ ་ཉིད་ཀྱང་དེ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་སྟོང་པའི་ངོ་བོ། །བྱང་ཆུབ་ཀྱི་ངོ་བོ་ཡང་སྟོང་པའི་ངོ་བོ་སྟེ། དེ་གཉིས་དོན་དམ་པ་ཉིད་དུ་རོ་གཅིག་པས་དེ་སྐད་ཅེས་བྱའོ། །ཡང་ན་ཉོན་མོངས་པའི་ངོ་བོ་སྟོང་པ་གང་ཡིན་པ་དེ་ཉིད ་བྱང་ཆུབ་སྟེ། བྱང་ཆུབ་ཀྱང་དེ་ལས་གཞན་མ་ཡིན་པས་ན་དེ་སྐད་ཅེས་བྱའོ། །འདི་ལྟར་དྲན་པ་ཉེ་བར་འཇོག་ཀྱང་ཅི་ལ་ཡང་ཉེ་བར་མི་འཇོག་ཅེས་བྱ་བ་ལ་སོགས་པ་མི་དམིགས་པའི་ཚུལ་གྱི་ཉེ་བར་འཇོག་གི་།མཚན་མའི་སྒོ་ནས་དྲན ་པ་ཉེ་བར་མི་འཇོག་གོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་རྫོབ་ཀྱི་མཚན་ཉིད་ཙམ་དུ་དེ་ལྟར་ཉེ་བར་འཇོག་ཀྱང་དོན་དམ་པར་གང་ཡང་ཉེ་བར་འཇོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་མི་འཇོག་པ་ནི་ཉན་པའི་དུས་ན་ཉེ་བར་མི་འཇོག ་བའོ། །རབ་ཏུ་མི་འཇོག་པ་ནི་སེམས་དཔའ་ཨི་དུས་ན་ཉེ་བར་མི་འཇོག་པའོ། །རྣམ་པར་མི་འཇོག་པ་ནི་བསྒོམ་པའི་དུས་ན་སེམས་ལ་མི་འཇོག་པའོ། །ཆོས་ཉིད་དེ་གནས་པ་རབ་ཏུ་ཤེས་ཞེས་བྱ་བ་ནི་སྟོང་པའི་ཆོས་ཉིད་དེ་ཡེ་ནས་དེ་བཞིན ་དུ་མི་འགྱུར་བ་ཡིན་པར་ཤེས་པ་སྟེ། དེ་བས་ན་ཆོས་ཀྱི་དབྱིངས་གནས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ལ་རྟོན་པ་ནི་ཡིན་ཏེ། ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མོས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི ་ཆོས་ལ་རྟོན་ཅིང་གནས་པ་ཡིན་ཏེ་ཇི་ལྟར་ཞེ་ན་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་མཁྱེན་པ་ལ་སྟོན་ཏེ། དེ་བཞིན་དུ་ཐ་དད་དོ་ཞེས་པའི་དོན་ཏོ། །དེ་ཟད་པ་ཤེས་པ་ཡང་སྐྱེད་དེ ་འདུ་བྱས་ཀྱང་ཟད་མི་བྱེད་དོ་ཞེས་བྱ་བ་ལ། དྲན་པ་ཉེ་བར་བཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཤེས་བྱ་བ་དང་ཉོན་མོངས་པའི་སྒྲིབ་པ་དང། ཆོས་ཐམས་ཅད་མཚན་མར་དམིགས་པ་དོན་དམ་པ་ཟད་པར་ཤེས་ཀྱང་ཀུན་རྫོགས་འདུས ་བྱས་ཀྱི་ཆོས་ལ་ཟད་པར་མི་བྱེད་པ་མེད་པར་མི་ལྟ་བའོ། །ཡང་ན་བདག་མེད་པར་ཁོང་དུ་ཆུད་པ་བྱས་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཡེ་ཤེས་ཀྱང་སྐྱེད་ལ་ཁམས་གསུམ་དུ་སྐྱེ་བར་བྱེད་པའི་རྒྱུ་དགེ་བ་མངོན་པར་འདུ་བྱེད་པ་ཡང་གཏོང་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །མི་སྐྱེ ་བ་ཤེས་པ་ཡང་མངོན་པར་སྒྲུབ་ཏེ་དེ་སེམས་ཅན་ལ་ལྟ་བ་ཡང་སྐྱེད་ཅིང་མི་སྐྱེ་བའི་མཛའ་ཡང་མི་སྤོང་ངོ་ཞེས་བྱ་བ་ནི་ཐོག་མ་ནས་མ་སྐྱེས་པར་ཤེས་པའི་ཡེ་ཤེས་ཐོབ་ཀྱང་ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་ལ་ལྟ་བ་འང་བསྐྱེད་དེ། དེ་སྐྱེད་ཀྱང་སྐྱེ ་བ་འབའ་ཞིག་ལ་མི་ཕྱོགས་ཀྱི། མི་སྐྱེ་བའི་ཆོས་ཉིད་ཀྱང་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཆོས་དྲན་པ་ཉེ་བར་བཞག་པའི་དོན་བསྡུ་ཞིང། ཇི་ལྟར་ཆོས་དྲན་པ་ཉེ་བར་བཞག་པ་ཡིན་པར་མདོར་བསྟན་པའི་ཕྱིར་ཆོས་དྲན་པ་ཉེ་བར ་གཞག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་འོག་ནས་མིག་གིས་སྨྲས་པ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་དྲན་པ་དེ་ལ་གནས་པས་ན་ཆོས་བྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །དྲན་པའི་དོན ་བསྟན་པའི་ཕྱིར། ཕྱི་མའི་མཛའ་ཨི་བར་དུ་ཡང་དྲན་པ་དེས་མི་བརྗེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་མཛའ་དང་འཁོར་བའི་མཛའ་ཨི་ཇི་སྲིད་ཡོད་ཀྱི་བར་དུ་རྟོག་པའི་དྲན་པ་དེ་ཉམས་པར་མི་འགྱུར་ཞེས་བྱ་བའི་དོན ་ཏོ། །དེ་བས་ན་ཆོས་ཐམས་ཅད་མ་ལུས་པར་ཞེས་ཚིག་ཕྱི་མ་དང་སྦྱར་རོ། །དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་དེ་ནི་ཚད་མེད་པར་ཤིན་ཏུ་བསྟན་པའི་ཚིག་སྟེ་ཞེས་བྱ་བ་ལ་ཆོས་དྲན་པ་ཉེ་བར་གཞག་པ་ཅེས་བྱ་བའི་ཚིག་དེ་ནི་ཚད་མེད་པ ་ཤིན་ཏུ་བརྟན་པའི་ཚིག་སྟེ། ཇི་ལྟར་ཚད་མེད་པ་ཤིན་ཏུ་བརྟན་པའི་ཚིག་ཡིན་པ་ནི་ཆོས་ཐམས་ཅད་ལ་དམིགས་སོ་ཞེས་སྔར་ཡང་བཤད་ལ། ཀུན་ཏུ་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པའོ་གནས་འབྱུང་བའི་ཚིག་གི ་ཀྱང་བསྟན་ཏོ། །དེ་ལྟ་མོད་ཀྱི་མདོར་ན་དྲན་པར་བྱ་བའི་ཆོས་རྣམས་ཚད་མེད་དེ་མི་ཟད་པའི་ཕྱིར་རམ། ཕྱི་མའི་མཛའ་ཨི་བར་དུ་ཡང་དྲན་པ་དེ་མི་རྗེད་ཅིང་ཉམས་པར་མི་འགྱུར་བའི་ཕྱིར་ཚད་མེད་པའི་དོན་ཏོ། །ཀུན་ཏུ་སྤྱོད་ཡུལ ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་དྲན་པ་དེའི་སྤྱོད་ཡུལ་དུ་གྱུར་པ་སྟེ། ཐམས་ཅད་དུ་ཁྱབ་པར་དམིགས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཡང་དག་པར་འདུ་བ་ནི་དྲན་པ་དེར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས ་རྒྱས་ཀྱིས་ཆོས་ཐམས་ཅད་ཡང་དག་པར་འདུ་བའི་ཕྱིར་རོ་ཚིམ་པར་བྱེད་པ་ནི་སེམས་ཅན་ལ་ཕན་འདོགས་ཤིང་སེམས་ཅན་དང་པ་སྐྱེད་པར་བྱེད་པའོ། །ཕམ་པར་བྱེད་པ་ནི་བདུད་ཐམས་ཅད་འཇོམས་པར་བྱེད་པའོ། །རྟོགས་པར ་བྱེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གིས་རིག་པར་བྱེད་པའོ། །དེ་ལྟར་ཀུན་བྱེད་པའི་ཚིག་དེ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །འདི་ནི་ཆོས་དྲན་པ་ཉེ་བར་གཞག་པ་མི་ཟད་པ་སྒོམ ་པ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་མི་ཟད་པ་བཤད་ཟིན་ཏོ།། །།བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པ་དང། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང། བརྩོན་འགྲུས་ཐོབ་པ་དང། བརྩོན་འགྲུས་ཤིན་ཏུ ་བརྟེན་པ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྤོང་བ་བཞི་ཡང་མི་ཟད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་བསྟན་པ་དང?་བཤད་པའི་ཚུལ་དུ་རིག་པར་བྱ ་སྟེ། བཞི་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་ཡན་ཆད་ནི་བསྟན་པའི་ཚུལ་ལོ། དེ་མན་ཆད་ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །བཞི་པོ་དེ་དག་མི་ཟད་པ་ཡང་སྤངས་པར ་བྱ་བ་དང་སྒྲུབ་པར་བྱ་བའི་ཆོས་རྣམས་མི་ཟད་པའི་ཕྱིར་རོ། །བརྒལ་བ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེད་པ་མི་སྐྱེད་པ་དང། །སྐྱེས་པ་སྤོང་བ་ལ་ནི་ཡང་དག་པའི་སྤོང་བ་ཞེས་བྱ་བར་འོས་ན། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ ་གནས་པར་བྱ་བ་ལ་ཡང་དག་པར་སྤོང་བ་ཞེས་ཇི་ལྟར་གདགས་ཤེ་ན། དེ་གཉིས་ལ་གདགས་པར་མི་རིགས་པ་འདྲ་མོད་ཀྱི། དགེ་བ་བསྐྱེད་པ་དང་གནས་པར་བྱ་བའི་མི་མཐུན་པའི་ཕྱོགས་སྤངས་པ་དང། བསྐྱེད་ཅིང་གནས་པར་འགྱུར་བའི ་ཕྱིར། མི་མཐུན་པའི་ཕྱོགས་སྤོང་བ་ལ་ཡང་དག་པའི་སྤོང་བ་ཞེས་བྱ་བས་ཉེས་པ་མེད་དོ། །བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་ཡང་དག་པར་སྤོང་བ་དང་པོ་ལ་ཞུགས་པ་སྟེ། མི་དགེ་བའི ་ཆོས་མ་སྐྱེས་པ་རྣམས་ཀྱིས་གཉེན་པོ་བསྒོམ་པར་བྱ་བ་ལ་སྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས། གང་སྡིག་པ་མི་དགེ་བའི་ཆོས་གང་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེ་ཅེས་བྱ་བའི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག ་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅེས་ཀྱང་བྱ་ཚུལ་བཞིན་ཡིད་ལ་བྱེད་ཀྱང་བྱ་སྟེ། འདུན་པ་སྐྱེད་ཅེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ ་དགས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་ནི་གང་འདོད་པ་ན་སྤྱོད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེས་པ་སྤྱོད་པས་ཡོངས་སུ་བསྡུས་པ་དང། དེ་སྐྱེད་པར་བྱེད་པའི་ཉོན་མོངས་པ་རྣམས་སོ། །མ་སྐྱེས་པ་ནི་ཆོས་དེ་མངོན་དུ་མ་གྱུར་ཅིང?་ཉེ་བར་མ ་གྱུར་ཅིང་ཉེ་བར་མ་གྱུར་པའོ། །མ་སྐྱེད་པ་ནི་མངོན་དུ་མི་འགྱུར་བ་དང། ཉེ་བར་མི་འགྱུར་བར་བྱའོ། །འདུན་པ་བསྐྱེད་པ་ནི་དེའི་གཉེན་པོར་གྱུར་བ་ཞིག་ནས་ལ་སོགས་པའི་མཚན་མ་ཡིད་ལ་བྱེད་པ་ལ་མི ་བརྟེན་པར་མི་གཙང་པ་ལ་སོགས་པའི་གཉེན་པོ་ཉི་ཚ?་བསྒོམ་པར་བྱེད་པ་སྟེ། དེ་བས་ན་འདུན་པ་སྐྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བློ་དགས་སོ། །འབད་པ་བརྩོན་འགྲུས་རྩོམ་ཞེས་བྱ་བ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི ་འདོར་བའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་འདིར་ཡང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་ཞེས་བྱ་བར་སྦྱར་ཏེ། འབད་བ་བརྩོན་འགྲུས་རྩོམ་ཞེས་ཀྱང་བྱ། ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་མི་གཏོང་ཞེས་ཀྱང་བྱ་སྟེ། དེ་བས་ན་འབད་པས ་བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་བའི་ཚིག་བླ་དགས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང་འདས་པའི་དངོས་པོ་ལ་དམིགས་པ་དང། མ་འོངས་པའི་དངོས་པོ་ལ་དམིགས་པ་དང། ད་ལྟར ་གྱི་ཡུལ་ལ་དམིགས་ནས་སྐྱེའོ། །དེ་ལྟར་ན་དེ་དག་ནི་ལྐོག་ཏུ་གྱུར་བའི་ཡུལ་དམིགས་པ་དང། མངོན་སུམ་དུ་གྱུར་བའི་ཡུལ་དམིགས་པ་སྟེ། །གང་འདས་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་པ་ནི་ལྐོག་ཏུ་གྱུར་བའི་ཡུལ ་ལ་དམིགས་པའོ། །ད་ལྟར་གྱི་ཡུལ་ལ་དམིགས་པ་ནི་མངོན་སུམ་གྱི་ཡུལ་ལ་དམིགས་པའོ། །དེ་ལ་ལྐོག་ཏུ་གྱུར་པའི་ཡུལ་བ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པར་ནི་འབད་དོ། །མངོན་སུམ་དུ ་གྱུར་བའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་ཚུལ་བཞིན་དུ་རྟོག་པའི་ཚིག་བླ་དགས་སོ་ཞེས ་བྱ་བ་ལ། འདིར་ཡང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བར་སྦྱར་ཏེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་ཅེས་ཀྱང་བྱ། ཚུལ་བཞིན་དུ་རྟོག་པ་ཞེས་ཀྱང་བྱ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ ་ཏུ་འཇོག་པ་ནི་ཚུལ་བཞིན་དུ་རྟོག་པའི་ཚིག་བླ་དགས་སོ། །དེ་ལ་སེམས་རབ་ཏུ་འཛིན་པ་ཞེས་བྱ་བ་ནི་གང་གིས་ཆ་ཞུམ་པའི་ཉེ་བའི་ཉོན་མོངས་པ་སྐྱེས་པར་གྱུར་པ་དེའི་ཚེ། དེ་བསལ་བར་བྱ་བའི་ཕྱིར་རབ་ཏུ་དང་བར་འགྱུར་བ་ལ་སོགས ་པའི་ཡིད་ལ་བྱེད་པ་སེམས་བཟུང་བ་སྟེ། །གཟུང་ཞེས་བྱ་བ་ནི་དེའི་གཉེན་པོ་འཕགས་པའི་ལམ་དང་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་བསམས་ནས་སེམས་གཟེངས་བསྟོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་འཇོག་རབ་ཏུ ་འཇོག་ཅེས་བྱ་བ་ནི་རྒོད་པའི་ཉེ་བའི་ཉོན་མོངས་པ་སྐྱེས་པ་ན་སེམས་ནང་དུ་བསྡུ་བའི་ཚུལ་གྱིས་རྩེ་གཅིག་ཏུ་བཞག་པ་སྟེ། དམིགས་པ་དེ་ཉིད་ལ་ཡང་ནས་ཡང་དུ་བཞག་ཅིང་འཁོར་བའི་ཉེས་པ་ལ་སོགས་པ་ཡིད་ལ་བྱེད་པས་སྐྱོ་བ་སྐྱེད་པའོ།། ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདྲི་བས་སྟེ། འདུན་བ་སྐྱེད་པ་དང། འབད་དེ་བརྩོན་འགྲུས་རྩོམ་པ་དང། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དེ་དག་ལ་ཅིའི་ཕྱིར་ཚུལ་བཞིན་ཞེས་བྱ་ཞེ་ན། ཞེས་བྱ་བའི་དོན་ཏོ། །ལན་དུ ་ཚུལ་བཞིན་རབ་ཏུ་སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་གཉེན་པོ་དང། ཞུམ་པ་དང་རྒོད་པའི་གཉེན་པོ་བསྒོམ་པ་རྣམས་ནི་དེ་དང་མཐུན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་མི་འཇུག་སྟེ། དེ ་བས་ན་དེ་དག་ནི་ཚུལ་བཞིན་གྱི་ཚིག་བླ་དགས་སོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་གང་ཞེ་ན། གང་བསླབ་པ་གསུམ་མཐར་འབྱུང་བར་བྱ་བ་དང་མི་མཐུན་པའི་ཆོས་རྣམས་སོ། །དེ་དག་དངོས་པོ་གང་ཡིན་པ་བསྟན་པའི་ཕྱིར་ཚུལ་ཁྲིམས་ཀྱི་མི ་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་ཁྲིམས་ཉམས་པ་དང་ཞེས་བྱ་བ་ནི་གང་ཡན་ལག་དྲུག་པའི་ཚུལ་ཁྲིམས་ཉམས་པ་ཉིད་སྡིག་པ་མི་དགེ་བའི་ཆོས་སོ། །གང་དག་གཞན་གྱིས ་ཚུལ་ཁྲིམས་ཀྱང་ཉམ་པར་བྱེད་པ་ཞེས་བྱ་བ་ལ། གཞན་དག་ཚུལ་ཁྲིམས་ཉམས་པར་བྱེད་པའི་རྒྱུའི་ཆོས་རྣམས་ཀྱང་སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །དེ་ཡང་གང་ཞེ་ན་རྒྱུ་བཅུ་སྟེ་དང་པོ་ནས་ལེགས་པར་མ་བླངས་པ་དང། ལྷོད་པར ་བྱེད་བ་ལོག་པར་འཛིན་པ་དང་བག་མེད་པ་དང། ལེ་ལོས་ཡོངས་སུ་ཟིན་པ་དང། འོག་པར་སྨོས་པ་དང། སྤྱོད་ལམ་ཉམས་པར་གྱུར་བ་དང། འཚོ་བ་ཉམས་པར་གྱུར་བ་དང། མཛའ་གཉིས་སུ་ལྷུང་བ་དང་འབྱུང་བར་མི་བྱེད་པ་རང་ཡིད ་དམ་བླངས་ཉམས་པའོ། །དེ་ལ་ཇི་ལྟར་དང་པོ་ནས་ལེགས་པར་མ་བླངས་ཤེས་ན། འདི་ལྟར་རྒྱལ་པོའི་འཇིག་པས་སམ། རྐུན་པོའི་འཇིགས་པས་སམ། འཚོ་བ་མེད་པ་འམ། དེ་ལ་སོགས་པའི་རྐྱེན་གཞན་གྱིས་ཕྱིར་བློབས་པའོ།། ་ཇི་ལྟར་ནི་ལྷོད་པར་བྱེད་པ་ཞེས་འདི་ལ་ཁ་ཅིག་ཚུལ་ཁྲིམས་བླངས་ནས་ཀྱང་ངོ་ཚ་མེད་པ་དང། འགྱོད་པ་ཆུང་བ་དང། བསླབ་པའི་གནས་རྣམས་ལ་ལྷོད་པར་བྱེད་པའོ། །ཇི་ལྟར་ན་ལོག་པར་འཛིན་པ་གང་ཞེ་ན། ཁ་ཅིག་ལོག ་པར་འཛིན་པ་དང་ལྡན་པ་ཡིན་ཏེ། གནས་མ་ཡིན་པ་ལ་འགྱོད་པར་གྱུར་ཅིང་འགྱོད་པ་དེས་དགེ་བའི་བར་དུ་གཅོད་པར་བྱེད་པའོ། །ཇི་ལྟར་ན་བག་མེད་པ་དང། ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། ལ་ལ་དག་དང་པོ་ནས་ཉེ་བར་མི ་འབྱུང་བར་དམ་འཆའ་བ་མེད་ཅིང་ཉེས་པ་བྱུང་ནས་ཡང་སླར་འཆོས་བཞིན་དུ་གསོ་བར་མི་བྱེད་ལ། ཉལ་བ་དང་འཕྲེས་པ་དང། གཉིས་ཀྱི་བདེ་བ་རྣམས་ལྷུར་ལེན་པར་བྱེད་པའོ། །ཇི་ལྟར་ན་ལོག་པར་སྨོན་པ་ཡིན་ཞེ་ན་ཚུལ་ཁྲིམས་སམ། ་བརྟུལ་ཞུགས་སམ། དགའ་ཐུབ་འདིས་ལྷ་འམ། ལྷ་གང་ཡང་རུང་བ་འམ། རྙེད་པ་དང་བཀུར་སྟི་དང་ལྡན་པ་གྱུར་ཅིག་ཅེས་སྨོན་པའོ། །ཇི་ལྟར་ན་སྤྱོད་པ་མ་ཉམས་པར་གྱུར་པ་ཡིན་ཞེ་ན་དེ་ལ་ཁ་ཅིག་སྤྱོད་ལམ་དང། འཕྲུལ་གྱིས་བྱ ་བ་དང། དགེ་བ་ལ་སྦྱོར་བ་རྣམས་འཇིག་རྟེན་དང་མི་མཐུན་ཞིང་འཇིག་རྟེན་དང་འགལ་བ་དང། འདུལ་བ་དང་མི་མཐུན་ཞིང་འདུལ་བ་དང་འགལ་བར་བྱེད་པའོ། །ཇི་ལྟར་འཚོ་བ་ཉམས་པར་གྱུར་པ་ཡིན་ཞེ་ན། འདི་ལ་ཁ་ཅིག་ཆོག་མི་ཤེས ་པ། འདོད་བ་མང་པོ་དང། གསོ་དཀའ་བ། དགང་དཀའ་བ་སྟེ། ཆོས་མ་ཡིན་པ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཚོལ་བར་བྱེད་པའོ། །ཇི་ལྟར་ན་མཛའ་གཉིས་སུ་ལྷུང་བ་ཞེ་ན། འདི་ལ་ཁ་ཅིག་འདོད་པ་བསོད་སྙོམས་ལ་ལྷག་པར་ཞེན ་ནས། འདོད་པའི་ཆོས་རྣམས་ལ་བག་མེད་པར་སྤྱོད་པ་དང། ལ་ལ་དག་ཚོར་མ་ལ་གནས་འཆའ་བ་དང། ཐལ་བའི་ནང་ན་གནས་པ་ལ་སོགས་པ་དགའ་ཐུབ་མི་ཟད་པར་འཛིན་པར་བྱེད་པའོ། །ཇི་ལྟར་ན་འབྱུང་བར་མི་བྱེད་པ་ཞེ་ན། ལ་ལ་དག ་ཚུལ་ཁྲིམས་དང་བརྟུལ་ཞུགས་སམ། ལྟ་བ་མཆོག་ཏུ་འཛིན་པ་སྟེ། ཚུལ་ཁྲིམས་འདི་ཉིད་དམ། བརྟུལ་ཞུགས་འདི་ཉིད་ཀྱིས་ཐར་པ་དང། གྲོལ་བར་འགྱུར་ཞེས་ལྟ་བའོ། །ཇི་ལྟར་ན་ཡི་དམ་བླངས་པ་ཉམས་བཞི་ན་ལ་ལ་དག་ཐམས ་ཅད་ནས་ཐམས་ཅད་དུ་ངོ་ཚ་མེད་ཅིང་སྡིག་པ་མི་དགེ་བའི་ཆོས་བྱེད་པ་ལ་མི་མཛེམ་པ། ཚུལ་ཁྲིམས་ཉམས་པ། ཚིག་པའི་ཆོས་ཅན་ཁོང་དུ་རུལ་བ། ལུང་བོད་ལྟར་ཀུན་ཏུ་སྤྱོད་པ། དགེ་སྤྱོད་མ་ཡིན་པར་དགེ་སྦྱོད་དུ་ཁས་འཆི་བ་དག་གོ་།ཆོ ་ག་ཉམས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཉམས་པའོ། །གང་དག་གཞན་གྱི་སེམས་ཀྱང་རྣམ་པར་གཡེངས་པར་བྱེད་པའི་ཆོས་ཅི་ཡང་རུང་སྟེ། ཞེས་བྱ་བ་ནི་གཞན་དགེ་ཏིང་ངེ་འཛིན་ལས་ཉམས་པར་བྱེད་ཅིང་སེམས་གཡེང་བར་གྱུར་བའི་ཆོས་གང ་ཡང་རུང་བ་རྣམས་ཀྱང་སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །དེ་མང་ཆོས་གོས་དང་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ལ་ཆགས་པ་མང་བ་དང། ལུས་ལ་ནད་མང་བ་དང། ཁ་ཟས་ལ་མང་དུ་བརྐམ་པ ་བ་དང། འདུ་འཛི་མང་པོའི་ནང་ན་གནས་པར་དགའ་བ། འཇིག་རྟེན་གྱི་ཁམས་ཀྱི་བྱ་བ་མང་པོ་ལ་དགའ་བ་དང་སྨྲ་བ་མང་པོ་ལ་མོས་པ་དང། ཉལ་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བའོ། །གང་འདི་ལྟར་ཉམས་པ་ཞེས་བྱ་བ ་ནི་རྟག་པ་འམ་ཆད་པར་ལྟ་བར་གྱུར་པའོ། །གང་དག་གཞན་གྱི་ལྟ་བ་ཡང་ཉམས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་ལ་ལོག་པའི་ལྟ་བ་ལ་ཞེན་པར་གྱུར་བའི་རྒྱུ་ཉོན་མོངས་པ་མངོན་དུ་འབྱུང་བ་དང། སྒྲིབ་པ་དང ་ཚོར་པར་འགྱུར་བའི་ཆོས་གོང་དུ་བཤད་པ་རྣམས་ཀྱང་སྡིག་པ་མི་དགེ་བའི་ཆོས་ཞེས་བྱའོ། །བརྩོན་འགྲུས་རབ་ཏུ་སྦྱངས་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་ཡང་དག་པའི་སྤོང་བ་གཉིས་པ་ལ་རབ་ཏུ་ཞུགས་པ་སྟེ། མི ་དགེ་བའི་ཆོས་སྐྱེས་པ་རྣམས་ཤིན་ཏུ་སྦྱང་བ་བསྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་གང་ཡང་སྡིག་པ་མི་དགེ་པའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་ནི་གོང་དུ་བཤད་པ ་རྣམས་སོ། །སྐྱེས་བ་ནི་མངོན་སུམ་དུ་གྱུར་པའོ། །གོང་དུ་བཤད་པ་དང་མཐུན་པ་རྣམས་ནི་འདིར་མ་བཤད་དེ། སྔར་བཤད་པ་བཞིན་དུ་ལྟ་བ་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས ་སྤང་བའི་ཕྱིར་འདུན་བ་སྐྱེད་པ་ལ་སོགས་པ་ལ། ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་པ་མེད་ཅེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དེ ་དག་སྐྱེས་མ་ཐག་ཏུ་འགགས་ཏེ་མེད་པར་གྱུར་པས་སེམས་བཅེར་ཅིང་ཕུང་པོར་གྱུར་པ་མ་གྱུར་པ་མེད་དེ། དེ་བས་ན་ཕྱི་ནང་གི་ཡུལ་དང་ཕྱོགས་ན་མི་གནས་ཤིང་མིང་དང་མཚན་མར་གདགས་པར་མི་ནུས་ཞེས་བྱའོ། །གལ་ཏེ་སྡིག་པ ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་མེད་པ་ཡིན་ན། དེ་དག་མེད་པས་སྤང་པའི་རྩོལ་བ་མི་དགོས་ལ། སྤང་བ་ཞེས་འབྱུང་བ་ཡང་ཇི་ལྟ་བུ་སྙམ་པ་ལ། སྡིག་པ་མི་དགེ་བའི་ཆོས་དེ་དག་སེམས་ལ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སེམས་ལ་ཀུན་ཏུ་འབྱུང་བ་ནི་ཆོས་དེ་དག་སེམས་ལ་སྐྱེས་པའོ། །ཇི་ལྟར་སྤངས་པར་ཤེས་པ་ནི་སྤང་བར་ཤེས་པའོ། །ཇི་ལྟར་སྤངས་པ་ཤེས་པ་བསྟན་པའི་ཕྱིར་རྒྱུ་དང་དམིགས་པ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འམ། ཉོན་མོངས་པའི་བག་ཆགས་སོ། །དམིགས་པ་ནི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཡུལ་རྣམས་སོ། །གང་གིས་སྡུག་པའི་རྣམ་པར་འདོད་ཆགས་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུ་དང ་དམིགས་པ་གང་གིས་རྒྱུ་དང་དམིགས་པ་བྱས་ནས་སྡུག་པར་འཛིན་པའི་རྣམ་པའི་འདོད་ཆགས་སྐྱེ་པ་འམ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་དག་ལ་ཞེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཡུལ་དང་དམིགས་པ་ལའོ། །འདི ་དག་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དག་ཡིན་ནོ། །ཐ་སྙད་བཏགས་པའི་བཟུང་གིས་ཞེས་བྱ་བ་ནི་སྡུག་པས་འདོད་ཆགས་ཞི་བར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་ཀྱིས་དོན་དམ ་བར་ན་དེ་ལ་སྤོང་བར་བྱ་བ་དང། སྤོང་བར་བྱེད་པ་གཉིས་ག་མེད་དེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པར་གནས་ཤིང། འཕགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་གྱུར་བས་ན་སྤང་བར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་ཐ་སྙད་ལ ་སྙེགས་ཏེ། གཉེན་པོས་མི་མཐུན་པའི་ཕྱོགས་སྤོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་སྤོང་བ་གསུམ་པ་ལ་རབ་ཏུ་ཞུགས་པ་སྟེ། དེ་དགེ ་བའི་ཆོས་མ་སྐྱེས་པ་རྣམས་ཐོབ་པའི་བསྒོམ་པར་བྱ་བ་ལ་སྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་གང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཆོས་ནི་ཚུལ་ཁྲིམས ་ལ་སོགས་པ་བསླབ་པ་གསུམ་མོ་མ་སྐྱེས་པ་ནི་མངོན་དུ་མ་གྱུར་པའོ། །སྐྱེད་པའི་ཕྱིར་བྱ་བ་ནི་མངོན་དུ་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་པ་ལ་སོགས ་བ་ལ་ཅིའི་ཕྱིར། ཚད་མེད་པའི་ཚིག་ཤིན་ཏུ་བསྟེན་པ་ཞེས་བྱ་བ་ཞེ་ན་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །འདུན་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱིས་རྩ་བའི་ཞེས་བྱ་བ ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་དགེ་བའི་ཆོས་ནི་ཚད་མེད་དེ། དེ་སྒྲུབ་པར་འདུན་བ་ཡང་ཚད་མེད་པས་དེ་བས་ན་དེ་ནི་ཚད་མེད་པའི་ཚིག་ཤིན་ཏུ་བསྟེན་པའོ། །དགེ་བའི་ཆོས་སྒྲུབ་པར་འདུན་པ་ལས་སྒྲུབ་པར ་འབྱུང་ཞིང་དགེ་བའི་ཆོས་སྐྱེ་བར་འགྱུར་བས་ན། འདུན་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །ཉམས་སུ་ལེན་པར་བྱེད་ཅེས་བྱ་བ་ནི་མཐར་ཕྱིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་དེ་དག་ལ་སྤྱོད་ཅིང ་རྣམ་པར་འབྱེད་ཅེས་བྱ་བ་ནི་སྨོན་ལམ་གྱི་དགེ་བའི་ཆོས་སྐྱེས་པ་དེ་དང་དེ་དག་ལ་སོ་སོའི་མཚན་ཉིད་ལ་ཏོག་ཅིང་ཕྱིར་ཀྱང་བསྐྱེད་པར་བྱ་བ་སེམས་པའོ། །བརྩོན་འགྲུས་རབ་ཏུ་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཡང་དག་པར ་སྤོང་བ་བཞི་པོ་ལ་རབ་ཏུ་ཞུགས་པ་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་བསྟེན་པའི་བསྒོམ་པར་བྱ་བ་ལ་བསྒོམ་པར་བྱེད་པའོ། །དེའི་དབང་དུ་བྱས་ནས་གང་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གནས་པ་ནི་སྔར་སྐྱེས་པའི་རྣམས་ལས་དེ་ལས་ཆུད་བར་མི་བྱའོ། །བསྒོམ་པ་ནི་སྔར་སྐྱེས་པ་ལས་ཤས་ཅུང་ཟད་སྐྱེད་པའི་ཕྱིར་དེ་དག་ལ་ཡང་ནས་ཡང་དུ་སྒོམ་པར་བྱེད་པའོ། །ཕྱིར་ཞིང་འབྱུང་བ་ནི་དེ་བས་ཀྱང་ཤས་འབྲིང་དུ་བསྐྱེད་པར་བྱ ་བའི་ཕྱིར་ཆུང་ངུ་སྐྱེད་པ་ལ་ཡང་ནས་ཡང་དུ་སྒོམ་པར་བྱེད་པའོ། །ཆུང་ཟད་དང་ཉམས་མི་འགྱུར་བ་དོན་གཅིག་སྟེ་སྐྱེས་པ་རྣམས་ཉམས་པར་མི་བྱེད་པའོ། །ཡང་ན་ཆུད་ཟད་པར་མི་འགྱུར་བ་ནི་ཉམས་པར་མི་བྱེད་པའོ། །ཉམས་བར ་མི་འགྱུར་བ་ནི་བརྗེད་པར་མི་བྱ་བའོ། །ཤིན་ཏུ་རྒྱས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་མཐར་ཐུག་ཅིང་རྫོགས་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དགེ་བའི་ཆོས་སྐྱེས་པ་རྣམས་འདུག་པ་ལ་སོགས་པར་བྱེད་པ་ལ་བྱང་ཆུབ་ཏུ ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཞེས་ཅིའི་ཕྱིར་ཞེ་ན་ཞེས་པའི་དོན་ཏོ། །མཐར་ཐུག་གི་བར་དུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་མ་ཐོབ་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །ཆུད་མི་ཟད་ཅེས་བྱ་བ་ནི་མེད་པར་མི་འགྱུར། །ཉམས་པར་མི ་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། འཕེལ་བར་འགྱུར་ཞིང་རྒྱ་ཆེར་འགྱུར་རོ་ཞེས་བྱ་བར་སྒྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་དུ་བསྔོས་པའི་དགེ་བའི་རྩ་བ་དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་མཐར་མཐུག་གི་བར་དུ་བར་མ་དོར་ཅིའི ་ཕྱིར་ཆུང་ཟ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་པ་ཐམས་ཅད་ལ་གནས་པ་ཞེས་བྱ་བ་ནི་ཁམས་གསུམ་དུ་སྐྱེ་བའི་རྒྱུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་ཟད་བར་འགྱུར་ཞེས་བྱ་བ་ནི་ཁམས་གསུམ་དུ་འགྱུར་བའི་ཆོས་དེ ་དག་ནི་འབྲས་བུ་རྣམ་པར་སྨིན་པ་མྱོང་ནས་ཟད་པར་འགྱུར་བའོ། །ཡང་དག་པའི་སྤོང་བ་བཞི་མི་ཟད་པ་བཤད་ཟིན་ཏོ།། །འདུན་པ་ལ་ཤིན་ཏུ་གནས་པ་དང། བརྩོན་འགྲུས་ལ་ཤིན་ཏུ ་གནས་པ་དང། སེམས་ལ་ཤིན་ཏུ་གནས་པ་དང། དཔྱོད་པ་ལ་ཤིན་ཏུ་གནས་པ་བསྟན་པའི་ཕྱིར་བཙུན་པ་ཤ་རདྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་རྫུ་འཕྲུལ་གྱི་རྐང་པ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །དེ་མི་ཟད་པ་ཡང་འདུན་བར་བྱ་བ་ལ་སོགས་པའི་ཆོས་རྣམས་མི་ཟད་པའི་ཕྱིར་མི་ཟད་པའོ། །དེ་ལ་རྫུ་འཕྲུལ་ནི་གང་གོང་དུ་མངོན་པར་ཤེས་པ་ལྔ་བསྟན་པ་འམ། མངོན་པར་ཤེས་པ་ལྔའི་ནང་ན་རྫུ་འཕྲུལ་མངོན་པར ་ཤེས་པ་བཤད་པའོ། །རྐང་པ་ནི་རྫུ་འཕྲུལ་དེ་དག་ཐོབ་པར་བྱེད་པའི་རྒྱུ་འམ་གཞིའོ། །དེ་ཡང་རྣམ་པ་གཞིར་རིག་པར་བྱ་སྟེ། རབ་ཏུ་དབྱེ་བ་དང། རྒྱུ་དང་གཞི་དང་འབྲས་བུ་མངོན་པར་འགྲུབ་པའོ། །དེ་ལ་འདི་ན་སྟེ། འདུན་པ ་དང་ཞེས་བྱ་བ་ནས། དཔྱོད་པའོ། ཞེས་བྱ་བ་ཡན་ཆད་ཀྱིས་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་དག་གིས་རྩ་བའི་རྟེན་ཅེས་བྱ་བ་ནས་ལས་སུ་རུང་བ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་བསྟན་ཏེ། དེ་སེམས་ལས་སུ་རུང་བ་ཐོབ་པས ་ཞེས་བྱ་བ་ནི་སེམས་ཡང་བ་མ་ཐོབ་པ་ཡན་ཆད་ཀྱིས་གཞི་བསྟན་ཏོ། །དེ་ལུས་དང་སེམས་ཡང་བ་ཞེས་བྱ་བ་ནས། ནམ་མཁའ་ཨི་མཐར་ཐུག་པ་ཞེས་བྱ་བ་ཡན་ཆད་ཀྱིས། འབྲས་བུ་མངོན་པར་འགྲུབ་པ་བསྟན་ཏོ། །དེ་ལ་འདུན ་པ་ནི་གང་གུས་པར་བྱེད་པ་དང། དད་པ་ལ་བརྟེན་ཏེ་སེམས་རྩེ་གཅིག་པ་ལ་རེག་པར་བྱེད་པའོ། །བརྩོན་འགྲུས་ནི། གང་རྒྱུན་ཏུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པར་བྱེད་པའོ། །སེམས་ནི་གང་ཚེ་རབས་གཞན་དང ་གཞན་དུ་ཏིང་ངེ་འཛིན་བསྒོམ་པ་ལ་བརྟེན་ནས། ཚེ་འདིར་སེམས་དེ་སྔོན་གྱི་སེམས་དང་རྗེས་སུ་མཐུན་པར་གྱུར་ཏེ། མྱུར་དུ་སེམས་རྩེ་གཅིག་ལ་རེག་པར་གྱུར་པའོ། །དཔྱོད་པ་ནི་བདག་གི་སེམས་ཀྱི་རྒྱུད་ལ་སྡིག་པ་མི་དགེ་བའི ་ཆོས་ཡོད་དམ་མེད་ཅེས་རྣམ་པར་དཔྱོད་པ་ལས་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པའོ། །དེ་དག་གི་རྩ་བའི་རྟེན་དང་གནས་ནི་ཞེས་བྱ་བ་ལ་དེ་དག་ནི་འདུན་པ་ལ་སོགས་པ་བཞི་དག་གམ་རྫུ་འཕྲུལ་གྱི་རྐང་པ་དག་སྟེ། དེ་དག་གི ་རྩ་བའི་གཞི་འམ། རྟེན་དུ་གྱུར་བ་ནི་ཚད་མེད་པ་བཞི་དག་གོ་།དེ་ལ་རྩ་བའི་སྒྲ་ནི་འདུན་པ་ལ་སོགས་པ་ལ་སྙེགས་ཏེ། དེ་དག་ནི་རྫུ་འཕྲུལ་སྐྱེ་བའི་རྩ་བ་ཡིན་པས་སོ། །འདུན་པ་ལ་སོགས་པའི་རྟེན་དང་གནས་ནི་ཚད་མེད་པ་བཞི་ཡིན་ཏེ། ་ཚད་མེད་པ་བཞི་དང་ལྡན་པའི་སེམས་ཀྱི་བསྒོམ?་དགོས་?། ཚད་མེད་པ་བཞི་ཇི་ལྟར་ན་རྩ་བའི་རྟེན་དང་གཞིར་འགྱུར་སྙམ་པ་ལ་དེ་ཚད་མེད་པ་གཞི་པོ་འདི་དག་ལ་བརྟེན་ཅིང་བསྒོམ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང ་བ་བཞི་ལ་བསྒོམ་པར་འདོད་པའི་བྱང་ཆུབ་སེམས་དཔའ་ངེས་སོ། །བསྟེན་བ་ནི་དང་པོ་ཉིད་དུ་ཚད་མེད་པ་བཞི་བསྒོམ་པ་ལ་བརྟེན་པའོ། །བསྒོམས་པ་ནི་དེའི་འོག་ཏུ་ཡང་ནས་ཡང་དུ་མངོན་སུམ་དུ་བྱེད་པའོ། །མང་དུ་བྱས་པ་ནི་ཚད་མེད་པ ་བཞི་མཐར་ཕྱིན་པར་བྱ་བའི་ཕྱིར་བསྒོམ་པ་རྒྱུན་མི་གཅོད་པའོ། །སེམས་ལས་སུ་རུང་བ་ཐོབ་པར་གྱུར་རོ་ཞེས་བྱ་བ་ནི་སེམས་རྩེ་གཅིག་ཏུ་གནས་སུ་བརྟུང་བ་ཐོབ་པར་འགྱུར་བའོ། །བསམ་གཏན་དང་པོ་ལ་མཉམ་པར་གཞོག་པ་ལ་སོགས་པ་སྨོས ་བ་ནི་བསམ་གཏན་བཞི་པ་ལ་བརྟེན་ནས་རྫུ་འཕྲུལ་བསྐྱེད་པའི་ཕྱིར་རོ། །ལས་དང་སེམས་དད་པ?་ཐོབ་པར་འགྱུར་ཞེས་བྱ་བ་ནི་ལུས་ཡང་བ་ཐོབ་བ། རང་གི་དོན་སྒྲུབ་པ་ལ་མྱུར་དུ་མཇུག་བཏུབ་ཅིང་གཉིས་དང་ཐུགས་པ་ལས་གོས་པ་མེད་པ ་ཐོབ་པའོ། །སེམས་ཡང་བ་ནི་དེ་བཞིན་དུ་རང་གི་བྱ་བ་མྱུར་དུ་འཇུག་ཏུ་བཏུབ་པའོ། །མངོན་པར་ཤེས་པ་ལ་འཇུག་པ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ནི་རྫུ་འཕྲུལ་མངོན་པར་ཤེས་པ་ཐོབ་པར་འགྱུར་བ་སྒྲུབ ་པའོ། །འདུན་པ་ལས་སམ་བརྩོན་འགྲུས་ལས་སམ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྒྲུབ་པ་དང་ལྡན་པ་ནི་འདུན་པ་ལ་སོགས་པ་གང་ཡང་རུང་བ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་པ་སྐྱེད་པར་བྱེད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ ་ཞེས་བྱ་བ་ནི་འདིར་རྫུ་འཕྲུལ་ཉིད་ལ་བྱ་བར་འདོད་དོ། །ཡང་ན་འདུན་པ་ལས་སམ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་དེ་བཞིན་དེ་དག་གི་འབྲས་བུའི་གནས་ཐོབ་པར་བྱེད་པའི་དོན་ཏོ། །རྐང་པ་ནི་འདིར་འབྲས་བུ་ཐོབ་པའི་གནས ་ལྟ་བུ་ལ་བྱའོ། །དེ་ལ་གང་འདུན་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གང་རྫུ་འཕྲུལ་གྱི་རྐང་པ་དང་པོ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་འདུན་བ་ནི་གང་ཆོས་དེ་དག་ལ་མངོན་དུ་ཕྱོགས་པའོ་ཞེས་བྱ ་བ་གསུངས་ཏེ། ཆོས་ཤེས་བྱ་བས་འདུན་པའི་ཏིང་ངེ་འཛིན་ཏམ། སངས་རྒྱས་ཀྱི་ཆོས་རྣམས་ལ་བྱ་སྟེ། འདུན་པ་ནི་ཆོས་དེ་རྣམས་ལ་ཕྱོགས་ཤིང་མོས་པ་དང་དད་པ་བྱེད་པའོ། །བརྩོན་འགྲུས་ལ་ཤིན་ཏུ་གནས་པ་ནི་རྫུ་འཕྲུལ་གྱི་རྐང ་པ་གཉིས་པ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། བརྩོན་འགྲུས་ནི་གང་ཆོས་དེ་དག་སྒྲུབ་བའོ་ཞེས་བྱ་བ་གསུངས་སོ། །ཆོས་དེ་དག་སྒྲུབ་བ་ནི་ཚད་མེད་པ་དང་བསམ་གཏན་དང་རྫུ་འཕྲུལ་གྱི་ཆོས་རྣམས་སྒྲུབ་པའོ། སེམས ་ལ་ཤིན་ཏུ་གནས་པ་ནི་གང་རྫུ་འཕྲུལ་གྱི་རྐང་པ་གསུམ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་སེམས་ནི་གང་ཆོས་དེ་དག་ལ་རྟོག་པའི་ཞེས་གསུངས་སོ། །ཆོས་དེ་དག་ལ་རྟོག་པ་ནི་གོང་དུ་བཤད་པའི་ཆོས་རྣམས་ལ་ཡིན ་ནམ། མ་ཡིན་ཞེས་འཇོག་པ་འམ། རྩེ་གཅིག་ཏུ་འཇོག་པའོ། །དཔྱོད་པ་ལ་ཤིན་ཏུ་གནས་པ་ནི་གང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་དཔྱོད་པ་ནི་གང་ཆོས་དེ་དག་ལ་མཁས་པ་ཞེས་གསུངས་སོ ་དཔྱོད་ན་ཤེས་རབ་སྟེ། དེ་ནི་གོང་དུ་བཤད་པའི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའོ། །ད་ལྟར་ཏིང་ངེ་འཛིན་བཞི་བསྒོམ་པ་ལ་སྤོང་བའི་འདུ་བྱེད་བརྒྱད་འབྱུང་བར་འགྱུར་ཏེ། འདུན་པ་ནི་ནམ་ཞིག་ན་བདག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས ་ཤིང། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་བག་ལ་ཉལ་སྤོང་བར་འགྱུར་ཞིག་གུ་སྙམ་དུ་སེམས་པའོ། །རྩོལ་བ་ནི་གཉེན་པོ་བསྒོམ་པ་ལ་ལ་སྦྱོར་བ་མི་གཏང་བའོ། །དད་པ་ནི་སྦྱོར་བ་མ་བཏང་པའི་གོང་དུ་རྟོགས་པར་བྱ་བ་ལ་ཡིད་ཆེས་པའོ། ་ཤིན་ཏུ་སྦྱངས་པ་ནི་དད་པ་སྔོན་དུ་བཏང་པའི་དགའ་བ་སྟེ། ཡིད་དགའ་བར་གྱུར་བའི་རིམ་གྱི་སྡིག་པ་མི་དགེ་བའི་ཆོས་གྱི་གནས་ངན་ལེན་སྦྱངས་པའོ། །དྲན་པ་ནི་ཞི་གནས་ཀྱི་སེམས་འཛིན་པའོ། །ཤེས་བཞིན་ནི་ལྷག་མཐོང་ངོ་སེམས ་པ་ནི་སྤངས་པ་དང། མ་སྤངས་པ་ལ་དཔྱོད་པ་དང། ཞི་གནས་དང་ལྷག་མཐོང་དང་མཐུན་པའི་ལུས་དང་ངག་གི་ལས་ཀུན་ནས་སློངས་པའོ། །བཏང་སྙོམས་ནི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་སྤྱོད་པའི་སེམས་ཀུན་ནས་ཉོན ་མོངས་པ་མེད་ཅེས་མཉམ་པ་ཉིད་དུ་བྱེད་པའོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པ་རྣམས་ཀྱིས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ལ་འདུན་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་སྒྲུབ་པ་རྣམས་ཀྱི་རྫུ་འཕྲུལ་ཡང་དག་པར་སྒྲུབ ་པར་བྱེད་དེ། དེ་བས་ན་འདུན་པ་ལ་སོགས་པ་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལ་འདུན་པ་དང་རྫུ་འཕྲུལ་གྱི་རྐང་པས་ནི་རྫུ་འཕྲུལ་བསྒྲུབ་པའོ། །བརྩོན་འགྲུས་རྫུ་འཕྲུལ་གྱིས་རྐང་པས་ནི་རྫུ་འཕྲུལ་མཐར་འབྱིན་པར་བྱེད་དོ། །སེམས་རྫུ་འཕྲུལ ་གྱི་རྐང་པས་ནི་མཐར་དབྱུང་པའི་རྫུ་འཕྲུལ་རྣམས་མི་ཉམས་པར་བྱེད་དོ། །དཔྱོད་པ་རྫུ་འཕྲུལ་གྱི་རྐང་པས་ནི་དེ་རྫུ་འཕྲུལ་དག་གཏན་ལ་འབེབས་ཤིང་གང་དང་གང་བྱ་བ་མངོན་པར་བྱེད་པའོ། །མོས་པ་ལས་བྱུང་བ་མངོན ་བར་འདུ་བྱེད་པ་མེད་པ་ཞེས་བྱ་བ་ལས་དང་པོ་པའི་རྫུ་འཕྲུལ་རྣམས་ནི་དེ་ཁོ་ན་མ་རྟོག་པས་དངོས་པོ་འདི་ལྟར་གྱུར་ཅིག་ཅེས། མངོན་སུམ་དུ་མ་གྱུར་པ་ལ་སེམས་ཀྱིས་མོས་པ་བསྐྱེད་ནས་རྩོལ་བ་ལས་འབྱུང་གི་།བྱང་ཆུབ་སེམས ་དཔའ་ཡོངས་སུ་སྦྱངས་པ་བྱས་པ་རྣམས་གདོད་སྨོན་ཅིང་འབད་པ་དང་རྩལ་མི་དགོས་པར་བསམ་པ་ཙམ་གྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རང་གི་སེམས་བསྐྱེད ་པས་དབང་བྱེད་པ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་མཉམ་པར་བཞག་པ་ལ་སོགས་པ་རྒྱུ་རྐྱེན་གཞན་ལ་མི་བལྟོས་པར་དངོས་པོ་འདི་འདི་ལྟར་བྱའོ་སྙམ་དུ་རང་གི་སེམས་བསྐྱེད་པ་ཙམ་གྱིས་ཇི་ལྟར་འདོད ་པ་བཞིན་དུ་དབང་དུ་འགྱུར་བའོ། །ཡོངས་སུ་སྦྱང་བ་ལེགས་པར་བྱས་པ་ནི་མཐར་ཕྱུང་ཞིང་ལས་སུ་རུང་བར་བྱས་པའོ། །རྩ་བ་ལ་ཤིན་ཏུ་གནས་པ་ནི་དད་པ་ལ་སོགས་པ་འམ། བྱམས་པ་ལ་སོགས་པའི་ཚད་མེད་པ་བཞིའི་རྩ་བ་གནས ་པའོ། །ཐམས་ཅད་དུ་རྒྱུ་བ་ནི་ཀུན་ཏུ་ཁྱབ་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའོ། །རླུང་དམར་བཞིན་དུ་ཐོགས་པ་མེད་པ་ནི་རླུང་དམར་དང་འདྲ་བར་ཐག་ཐོགས་མེད་པར་འགྲོ་བའོ། །ནམ་མཁའ་ཨི་མཐར་ཐུག་པ་ནི་ནམ ་མཁའ་དང་འདྲ་བར་ཕྱི་མའི་མཛའ་ཨི་བར་དུ་ཡང་ཉམས་པ་མེད་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།དད་པའི་མཆོག་དང་རྩོན་འགྲུས་ཀྱི་མཆོག་དང། དྲན་པའི་མཆོག་དང། ཏིང་ངེ་འཛིན་གྱིས་མཆོག ་དང། །ཤེས་རབ་ཀྱི་མཆོག་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་མི་ཟད་པ་ཡང་དག་པར་བྱ་བ་ཆོས་དང་དངོས་པོ་མི་ཟད ་པའི་ཕྱིར་དེ་ལ་དད་པར་བྱེད་པ་ལ་སོགས་པ་ཡང་མི་ཟད་པའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། དེ་ལ་དབང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་དབང་པོ་ཞེས་བྱ་བ་ཡན་ཆད་ནི་བསྟན་པའི ་ཚུལ་ལོ་ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །དད་པ་མཆོག་གིས་བྱང་ཆུབ་སེམས་དཔའ་ནི་དད་པའི་དབང་པོ་ལ་ཡང་དག་པར་ཞུགས་པ་སྟེ། འཇིག་རྟེན་པའི་དད་པའི་ནང་ན་འཇིག་རྟེན་ལས་འདས་པའི་དད་པ་མཆོག་དམ་པ། ཁྱད་ཞུགས་པ། ་བླ་མར་གྱུར་བ། བླ་ན་མེད་པ་དང་ལྡན་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་དད་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དད་པའི་མཆོག་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་མཆོག་གི་བར་དུ་སྦྱར་རོ། །དད་པ་ཉིད ་དབང་པོ་ཡིན་པས་ན་དད་པའི་དབང་པོ་སྟེ། དབང་པོའི་དོན་ནི་ཕྱིས་བཤད་དོ། །དད་པ་གང་གིས་ཞེས་བྱ་བ་ནི་དམིགས་པར་གྱུར་པ་སྟེ། སེམས་དད?་པ་དང་ཡིད་ཆེས་པར་གྱུར་པ་གང་གིས་ཞེས་བྱ་བའི་དོན་ཏོ། །ཆོས་བཞི་ལ་འདོད་པ་སྟེ་ཞེས ་བྱ་བ་ལ་དམིགས་པར་བྱ་བ་བྱ་སྟེ། དེ་དག་ལ་དེ་བཞིན་དུ་ཡིད་ཆེས་པའོ། །འདི་ལྟ་སྟེ་འཁོར་བ་ནས་ཞེས་བྱ་བ་ནས་བརྩམས་སྟེ། སྲོག་གི་ཕྱིར་ཡང་སྡིག་པ་མི་བྱེད་པ་ཡན་ཆོད་ཆོས་གཅིག་གོ་།བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་དད་པས་ཏེ་ཞེས་བྱ་བ་ནས། ཐེག་པ། ་གཞན་ལས་འདོད་པ་མི་སྐྱེད་པ་ཞེས་བྱ་བའི་བར་དུ་ཆོས་གཉིས་སོ། །ཆོས་ཐམས་ཅད་ལ་དོན་དམ་པ་ཞེས་བྱ་ནས། བག་ལ་ཉལ་བར་མི་བྱེད་པ་དང་ཞེས་བྱ་བ་ཡན་ཆད་ཆོས་གསུམ་མོ། །སྟོབས་དང་མི་འཇིགས་པ་ཞེས་བྱ་བ་ནས ་ཆོས་དེ་དག་ཡང་དག་པར་བསྒྲུབ་པ་སྟེ་ཞེས་བྱ་བ་ཡན་ཆད་ཆོས་བཞིའོ། །འཁོར་བ་ན་ཡོད་པའི་འཇིག་རྟེན་པའི་ཡང་ཡང་དག་པའི་ལྟ་བ་ལ་དད་བ་སྟེ་ཞེས་བྱ་བ་ནི་འཕགས་པ་མ་ཡིན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད ་པ་ལས་དང་འབྲས་བུ་དང། དཀོན་མཆོག་ལ་སོགས་པ་ཡོད་པར་ལྟ་བ་ལ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། ཡོད་པར་ལྟ་བ་དེ་ལ་དད་པའོ། །དེ་བས་ན་དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །དེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པའི་བྱང་ཆུབ་སེམས་དཔའ་དེའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་ལྟ་བའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ ་ལ་དད་པ་སྟེ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་དང། དེ་དག་གི་ཡོན་ཏན་ལ་དད་ཅིང་ཡིད་ཆེས་པའོ། །སྤྱོད་པ་དེ་ལ་ཞུགས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་ཞུགས་པའོ། །ནམ་ཀྱང་ཞེས་བྱ་བ་ནི་ཞུགས་ཕན ་ཆོད་དོ། །ཐེག་པ་གཞན་ལ་འདོད་པ་མི་སྐྱེད་པ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལ་མི་སྤྱོད་པའོ། །ཆོས་ཐམས་ཅད་ལ་དོན་དམ་པ་ཞེས་བྱ་བ་ནི་དང་ངོ། །ཞེས་བྱ་བར་སྦྱར་ཏེ། ཆོས་ཐམས་ཅད་ཉིད་དོན་དམ་པར་ངེས ་པའི་དོན་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པ་ལ་སོགས་པར་དད་པའོ། །དོན་དམ་པར་ནི་སྟོང་པའོ། །ངེས་པའི་དོན་ཟབ་མོ་ནི་ཕྱིན་ཅི་མ་ལོག་པའི་དོན་གཞན་གྱིས་ཁོང་དུ་ཆུད་པར་དཀའ་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བ ་ནི་རྒྱུ་རྐྱེན?་ལས་འབྱུང་བས་མ་སྐྱེད་པའོ། །དད་པ་ནི་དེ་བཞིན་དུ་ཡིན་པར་ཡིད་ཆེས་པའོ། །ལྟ་བར་གྱུར་པ་ཐམས་ཅད་ལ་བག་ལ་ཉལ་བར་མི་བྱེད་པ་ནི་ལྟ་བ་ཕྱིན་ཅི་ལོག་རྣམས་ཀྱི་བག་ཆགས་རྩོགས་པར་མི་བྱེད་པའོ། །སྟོབས་དང ་མི་འཇིགས་པ་ལ་སོགས་པ་ལ་དད་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཡོད་པར་ཡིད་ཆེས་ཤིང་དད་པའོ། །དེ་དག་ཅེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཉིད་ལ་སྙེགས་པའོ། །བརྩོན་འགྲུས་ཀྱི་མཆོག་གི་བྱང་ཆུབ་སེམས ་དཔའ་ནི་གང་བརྩོན་འགྲུས་ཀྱི་དབང་པོ་ལ་རབ་ཏུ་ཞུགས་པས་དེའི་དབང་དུ་བྱས་ནས། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དད་པར་གྱུར་པ་ན་ཡོད་པར་ཡིད་ཆེས་པར་གྱུར་པའོ། །དྲན་པའི ་མཆོག་ནི་གང་དྲན་པའི་དབང་པོ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་དྲན་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུད་མི་གསོན་པ་ཉིད་ནི་ཉམས་པ་མི་བྱེད་ཅིང་བརྗེད་པར་མི་བྱེད་པའོ། །ཏིང་ངེ ་འཛིན་གྱི་མཆོག་ནི། གང་ཏིང་འཛིན་གྱི་དབང་པོ་ལ་རབ་ཏུ་ཞུགས་པ་སྟེ་དེའི་དབང་དུ་བྱས་ནས། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩེ་གཅིག་ཏུ་བྱེད་པས་ནི་རྩེ་གཅིག་ཏུ་དམིགས་པར་བྱེད ་པའོ། །ཤེས་རབ་ཀྱི་མཆོག་ནི་གང་ཤེས་རབ་ཀྱི་དབང་པོ་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་ཏུ་རྟོགས་པ་ནི་ཆོས་དེ་དག་གི་རང་གི་མཚན? ་ཉིད་ལ་རབ་ཏུ་འབྱེད་པའོ། །ཤིན་ཏུ་རྟོགས་པ་ནི་ཆོས་དེ་དག་གི་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པའོ། །གཞན་གྱི་དྲིང་ལ་མི་འཇག་པ་གཞན་གྱིས་བསྟན་པ་ལ་བརྟེན་མི་དགོས་པར་ཤེས་པའོ། །སོ་སོ་རང་གི་ཞེས་པ་ནི་ཆོས་དེ ་དག་རང་ཉིད་ཀྱིས་མངོན་སུམ་དུ་འགྱུར་བའོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་བ་ལྟར་རོ། །ལྷན་ཅིག་འགྲོགས་ཤིང་རྗེས་སུ་འབྲེལ་བ་ནི་དད་པ་ལ་སོགས་པའི་དབང་པོ་དེ་ལྔ་པོ་གཅིག་གི་གྲོགས་གཅིག་གིས་བྱས་ནས་སངས་རྒྱས་ཀྱི་ཆོས ་ཐམས་ཅད་རྫོགས་པར་བྱེད་པའོ། །ལུང་བསྟན་པའི་སར་ཡང་གཞོག་གོ་ཞེས་བྱ་བ་ནི་དེ་རྣམས་དང་ལྡན་ན་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ལུང་བསྟན་དུ་མངོན་ཞིང། ལུང་སྟན་པར་འོས ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ལས་འདས་པའི་དབང་པོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་བྱེད་པའི་དབང་པོ་ཡིན་པའི་ཕྱིར་རོ། །དེ་ལ་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏེ། དད་པའི་དབང་པོས ་ནི་དགེ་བའི་ཆོས་རྣམས་ལ་འཇུག་པར་བྱ་བ་ལ་དབང་བྱེད་དེ། དེའི་དབང་གི་དགེ་བའི་ཆོས་ལ་འཇུག་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་དབང་པོས་ནི་དགེ་བའི་ཆོས་རྣམས་བསྐྱེད་པ་ལ་དབང་བྱེད་དེ་དེའི་མཐུས་དགེ་བའི་ཆོས་རྣམས ་སྐྱེད་པར་བྱེད་པས་སོ། །དྲན་པའི་དབང་པོས་ནི་དགེ་བའི་ཆོས་རྣམས་ཆུད་མི་ཟད་པ་ལ་དབང་བྱེད་དེ། ངེས་མི་བརྗེད་པར་བྱེད་པའི་ཕྱིར་རོ་ཏིང་ངེ་འཛིན་གྱི་དབང་པོས་ནི་གཞན་དུ་མི་གཡེང་བ་ལ་དབང་བྱེད་དེ། དེས་དམིགས་པའི ་ཡུལ་ལ་རྩེ་གཅིག་ཏུ་འཇོགས་པས་སོ། །ཤེས་རབ་ཀྱི་དབང་པོ་ནི་མཐར་འབྱིན་པ་ལ་དབང་བྱེད་དེ། དེས་དགེ་བའི་ཆོས་ཐམས་ཅད་མཐར་འབྱིན་པར་བྱེད་པས་སོ། །དབང་པོ་ལྔ་མི་ཟད་པ་བཤད་ཟིན་ཏོ།། །།དད་པ་མི་ཚུགས ་པ་དང། བརྩོན་འགྲུས་མི་ཚུགས་པ་དང། ཏིང་ངེ་འཛིན་མི་ཚུགས་པ་དང། ཤེས་རབ་མི་ཚུགས་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལྔ་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིགས་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལྔ་མི་ཟད་པ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་སྟོབས་ཤེས་བྱ་བ་ཡན་ཆད་ནི་བསྟན་པའི་ཚུལ་ལོ།། ་ལྷག་མ་རྣམས་ནི་བཤང་པའི་ཚུལ་དང་པ་ལ་སོགས་པ་ལྔ་པོ་འདི་རྣམས་སྟོབས་ཞེས་བྱ་བ་ཡང་དབང་པོའི་ཚེ་ན་ནི་དད་པར་བྱ་བ་ལ་སོགས་པ་ཆོས་རྣམས་མངོན་དུ་བྱས་པ་དང་སྒྲུབ་པར་བྱེད་པ་ལ་དབང་བྱེད་པ་རྩམ་དུ་ཟད་ཀྱི། མི་མཐུན་པའི ་ཕྱོགས་རྣམས་ཀྱི་མི་ཚུགས་པ་མ་ཡིན་ནོ། །སྟོབས་ཀྱི་དུས་ན་ནི་དང་པོ་ལ་སོགས་པ་དེ་དག་ཉིད་རབ་ཏུ་བསྒོམས་ཤིང་སྦྱངས་ཏེ་མཐུ་དང་ལྡན་པར་གྱུར་པས་མ་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཚུགས་པ་ལ ་སྟོབས་ཞེས་བྱའོ། །དེ་མི་ཟད་པ་ཡང་དེ་དག་གིས་དད་པར་བྱ་པའི་ཆོས་རྣམས་མི་ཟད་པས་དེ་ལ་དད་པས་བྱེད་པ་མི་ཟད་པ་འམ། མ་དད་པ་ལ་སོགས་པས་མེད་པར་བྱ་ཞིང་ཟབ?་པར་བྱ་བར་མི་ནུས་པས་ན་མི་ཟད་པའོ། །དད?་པ་མི་ཚུགས ་པའི་བྱང་ཆུབ་སེམས་དཔའ་ནི་དད་པའི་སྟོབས་ཤིན་ཏུ་བསྒོམས་ཤིང། མ་དད་པ་དང་མ་འདྲིས་པའི་ཆོས་ཅན་ཡིན་ཏེ། དེའི་དབང་དུ་བྱས་ནས། དེ་ལ་དད་པའི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དད་པས་མི ་ཚུགས་པ་ལ་ཇི་ལྟ་བ་བཞིན་ཤེས་རབ་མི་ཚུགས་པའི་བར་དུ་ཡང་སྦྱར་རོ། །མོས་པ་ནི་གང་བསྒྲུབ་པ་དང་བྱ་བའི་ཆོས་རྣམས་བསྒྲུབ་པར་འདོད་པ་དང་བྱ་བར་འདོད་པའོ། །དད་པ་ནི་བདེན་པ་དང་དཀོན་མཆོག་ལ་སེམས་དང་ཞིང ་ཡིད་ཆེས་པའོ། །མི་རྫི་བ་ནི་གཞན་གྱིས་མི་ཟློགས་ཤིང་མི་ཚུགས་པ་དང་དེའི་དད་པའི་སྟོབས་སོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར་རོ། །གལ་ཏེ་བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི ་གཟུགས་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཟུགས་སུ་བསྒྱབ?་ཏེ་ཞེས་བྱ་བའི་དོན་ཏོ། །ཆོས་ལ་ངེས་པར་སེམས་པའི་མོས་པ་ཞེས་བྱ་བ་ནི་ཆོས་གང་ལ་སེམས་པའི་མོས་པར་དད་པའོ། །འབྲལ་བར་བྱེད་ཅེས་བྱ་བ་ནི་གཏོང་དུ་འཇུག ་པའོ། །འདུན་པ་བཟློག་ཅེས་བྱ་བ་ནི་ཐབས་སྣ་ཚོགས་ལྟ་བ་གཞན་ལ་འཛུད་པར་བྱེད་པའོ། །བསྐྱོད་པ་ལ་སོགས་པའི་ཚིག་ནི་མོས་པ་ལས་བཟློག་པར་མི་དུས་པའི་རྣམ་གྲངས་སོ། །ཡང་ན་ཉམ་པའི ་དུས་ན་མོས་པ་བཟློག་པ་མི་ནུས་པ་ནི་བསྐྱོད་པར་མི་ནུས་པའོ། །སེམས་པའི་དུས་ན་དད་པ་བཟློག་པར་མི་ནུས་པ་ནི་བསྒུལ་བར་མི་ནུས་པའོ། །བསྒོམ་པའི་དུས་ན་དད་པ་བཟློག་པར་མི་ནུས་པ་ནི་བསླང་པར་མི་ནུས་པའོ། །བརྩོན་འགྲུས ་མི་ཚུགས་པའི་བྱང་ཆུབ་སེམས་པ་ནི་གང་བརྩོན་འགྲུས་ཀྱི་སྟོབས་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་རྩམས་པ་གང་དང་གང ་རྩོམ་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྒྱད་པོ་སྔར་བསྟན་པ་གང་གིས་དགེ་བ་གང་ལ་རྩོམ་པ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་གང་དང་གང་ལ་སྦྱོར་བ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་གང་དང་གང་བྱེད་པ ་སྟེ། རྩོམ་པ་ནི་དང་པོ་ཉིད་དུ་དགེ་བའི་ཆོས་རྩོམ་པར་བྱེད་པའོ། །སྦྱོར་བ་ནི་དེ་ཕན་ཆད་རྒྱུན་དུ་སྒྲུབ་པར་བྱེད་པའོ། །དེ་དང་དེ་ལ་ཞེས་བྱ་བ་ནི་དགེ་བའི་ཆོས་བརྩམས་ཤིང་སྦྱོར་བ་དེ་དང་དེ་ལའོ། །སྟོབས་སྐྱེད་པ་ཞེས་བྱ་བ་ནི ་བརྩོན་འགྲུས་ཀྱི་མཐུས་སྐྱེད་པའོ། །སྲ་བ་འཐོབ་སྟེ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟན་ཞིང་མི་ཟློགས་པའི་འཐོབ་ཅེས་བྱ་བའི་དོན་ཏོ། །སྟོབས་བསྐྱེད་པ་དེ་དང་ལྡན་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་མཐུ་བསྐྱེད་པ་དེ་དེ་དང་ལྡན་པ་ཞེས ་བྱ་བའི་དོན་ཏོ། །གནས་དེ་ལས་མ་བརྒལ་གྱི་བར་དུ་ཞེས་བྱ་བ་ནི་གང་སྒྲུབ་པར་བྱ་བའི་གནས་དེ་མཐར་ཕྱིར་གྱི་བར་དུ་ཞེས་བྱ་བའི་དོན་ཏོ། །ལྷར་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི་ལྷ་དང་ལྷ་ལས་གཞན་པའི་འཇིག་རྟེན་གྱིས ་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །དྲན་པ་མི་ཚུགས་པ་ནི་གང་དྲན་པའི་སྟོབས་ལས་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་དྲན་པའི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་བྱ་བ་ནི་དྲན་པའི་སྟོབས་དང་ལྡན་པའི ་བྱང་ཆུབ་སེམས་དཔའ་དེའོ། །ཆོས་ནི་ཕུང་པོ་དང་ཁམས་ལ་སོགས་པ་གང་ཡང་རུང་བའོ། །དྲན་པའི་གནས་གང་དང་གང་ལ་ཞེས་བྱ་བ་ནི་དྲན་པས་དམིགས་པར་བྱ་བའི་ཡུལ་གང་དང་གང་ལ་ཞེས་པའི་དོན་ཏོ། །སེམས་འཇོགས་པ་ནི་དེ་ལ ་དམིགས་ཤིང་མི་བརྗེད་པར་བྱེད་པའོ། །དེ་ལ་ཞེས་བྱ་བ་ནི་ཆོས་ལ་དམིགས་ཤིང་མི་བརྗེད་པར་བྱེད་པའི་དྲན་པ་དེ་ལས་སོ། །ཉོན་མོངས་པ་གང་ཡང་རུང་བས་སྟོང་པར་མི་ནུས་ཞེས་བྱ་བ་ནི་དྲན་པ་ཉམས་པ་དང། གཉིད་དང་རྨུགས་པ་དང ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་གང་ཡང་རུང་བས་མེད་པར་བྱ་ཞིང་བར་དུ་གཅོད་པར་མི་ནུས་པའོ། །དེའི་ནི་བྱང་ཆུབ་སེམས་དཔའ་དེའིའོ། །དྲན་པའི་སྟོབས་བསྐྱེད་པ་ནི་དྲན་པའི་མཐུ་དང་ལྡན་པའོ། །འཇོམས་པ་ནི ་ཉོན་མོངས་པ་སྤོང་བའོ། །མི་རྫི་པ་ནི་ཉོན་མོངས་པའི་དབང་དུ་མི་འགྱུར་པའོ། །ཏིང་ངེ་འཛིན་མི་ཚུགས་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །གང་ཞེ་ན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སྙེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བར་སྦྱར་རོ། །འདུ་འཛི་ཐམས་ཅད་ལས་དབེན་པར་གནས་ཤིང་ཞེས་བྱ་བ་ནི་འགྲོ་བ་མང ་པོའི་ནང་ནས་གནས་པ་སྤངས་ནས་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་འཇག་པ་སྟེ། འདིར་ཡང་དེ་ལྟ་མོད་ཀྱི། ཏིང་ངེ་འཛིན་གྱི་མཐུ་དང་ལྡན་པས་ཞེས་བྱ་བར་སྦྱར་རོ། །དེའི་སྒྲ་དང་ཚིག་གི་ལམ་ཐམས་ཅད་གྱི་ཞེས་བྱ་བ་ནི། །བསམ་གཏན ་དང་པ་ལ་སྒྲ་ཅ་ཅོ་རྣམས་བར་དུ་གཅོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་མཐུ་དང་ལྡན་པ་བསམ་གཏན་དང་པོ་ལ་ཞུགས་པའི་ཚེ། དེའི་བར་དུ་གཅོད་པའི་སྒྲ་ཅ་ཅོ་རྣམས་འདོན་ཀྱང། དེ ་དག་བསམ་གཏན་དེ་ལ་བར་དུ་གཅོད་ཅིང་སྒྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་མཐུན་པའི་ཕྱོགས་དག་ཀྱང་ཡོད་ཀྱང། དེ་དག་གིས་མི་ཚུགས་པ་མཐུ་དང་ལྡན་པའི་ཕྱིར་སྟོབས་ཤེས་བྱའོ། །དེ་དགེ་བ་རྟོགས་པ་དང་དཔྱོད ་པར་སྤྱོད་ཀྱང་དེའི་བསམ་གཏན་གཉིས་པ་ལ་སྒྲིབ་པར་མི་འགྱུར་རོ་ཞེས་བྱ་བ་ལ། རྟོག་པ་དང་དཔྱོད་པ་གཉིས་ནི་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་ཏེ། །དེ་བས་ན་བསམ་གཏན་གཉིས་པ་ལ་རྟོག་པ་དང་དཔྱོད་པ ་གཉིས་སྤངས་ཏེ། མེད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པ་ནི་བསམ་གཏན་གཉིས་པ་ལ་ཡང་དག་པར་ཞུགས་ལ། རྟོགས་དཔྱོད་གཉིས་སྤྱོད་ཀྱང་དེ་དེ་ལ་སྒྲིབ་པར་མི་འགྱུར་རོ་ཞེས ་བྱ་བའི་དོན་ཏོ། །དེ་དགའ་བ་དང་མགུ་བ་ཡང་སྐྱེས་བ་ཡིན་ལ། དེའི་བསམ་གཏན་གསུམ་པ་ལ་སྒྲིབ་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ལ། དགའ་བ་དང་མགུ་བ་ལ་ཆགས་པ་ནི་བསམ་གཏན་གསུམ་པའི་སྒྲིབ་པ་སྟེ། བྱང་ཆུབ ་སེམས་དཔའ་ཏིང་ངེ་འཛིན་གྱི་མཐུ་དང་ལྡན་པས་བསམ་གཏན་གསུམ་པ་ལ་ཡང་དག་པར་ཞུགས་ལ། ཆོས་ལ་དགའ་ཞིང་མགུ་བ་ལ་ཡང་སྤྱོད་མོད་ཀྱི། དགའ་ཞིང་མགུ་བ་དེ་བསམ་གཏན་དེ་ལ་སྒྲིབ་པར་མི་འགྱུར་རོ་ཞེས་བྱ་བའི ་དོན་ཏོ། །དེ་སེམས་ཅན་ཐམས་ཅད་སྨོན་པར་བྱ་བ་དང། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་བཏང་སྙོམས་སུ་འཇོག་པར་སྦྱོད་པ་དང་བྱ་བ་ཞུགས་པ་ནི་བསམ་གཏན་བཞི་པའི་སྒྲིབ་པ་སྟེ། ་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་མཐུ་དང་ལྡན་བསམ་གཏན་བཞི་པ་ལ་ཡང་ཞུགས་པ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། དམ་པའི་ཆོས་གཟུང་བ་ལ་སོགས་པ་སྤྱོད་པ་མེད་པ་སྣ་ཚོགས་བྱེད་ཀྱང་དེ་དེ་ལབ་སྒྲིབ་པར་མི ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བསམ་གཏན་བཞི་པོ་དེ་དག་གི་གནས་ཏེ། བསམ་གཏན་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཀྱང་ཐུལ་བར་མི་ནུས་སོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་གྱིས་སྟོབས་དང་ལན ་ལྡན་པས་བསམ་གཏན་དང་པོ་ལ་སོགས་པ་བཞི་པོ་རྣམས་ཀྱིས་གནས་ལ་བསམ་གཏན་དེ་དག་གི་མི་མཐུན་པའི་ཕྱོགས་སྒྲ་ཅ་ཅོ་དང་རྟོག་དཔྱོད་དང་དགའ་ཞིང་མགུ་བ་དང། བཏང་སྙོམས་མ་ཡིན་པ་རྣམས་ཀྱིས་ཀྱང་བར་དུ་གཅོད་པར ་མི་ནུས་སོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་མཉམ་པར་གཞག་པའི་གནས་ཀྱང་མི་གཏོང་ལ་ཞེས་བྱ་བ་ལ་སོགས་པ་ནི། བསམ་གཏན་དང་པོ་ལ་སོགས་པའི་མཉམ་པར་གཞག་པ་རྣམས་ལ་རྒྱུན་དུ་སྦྱོད་ཀྱང་བསམ་གཏན་དེ་དག་གི་དབང ་དུ་གྱུར་ནས། གཟུགས་ཀྱི་ཁམས་འབའ་ཞིག་ཏུ་ཡང་མི་སྐྱེ་སྟེ། སྨོན་ལམ་གྱི་དབང་གིས། སེམས་ཅན་གྱི་དོན་དུས་འོག་མ་རྣམས་སུ་ཡང་བསམ་བཞིན་ནི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་མི་ཚུགས་པ་ནི་གང་ཤེས་རབ་ཀྱི་སྟོབས་ལ ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཤེས་རབ་ཀྱི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་མི་མཐུན་པར་ཤེས་པ་ཞེས་བྱ་བ་ལ། འཇིག་རྟེན་པའི ་ཆོས་ནི་རིག་པའི་གནས་བཞིའོ། །བཟོ་བ་དང་གཏན་ཚིགས་དང་སྒྲ་རིག་པ་རྣམས་སོ། །འཇིག་རྟེན་ལས་འདས་པའི་ཆོས་ནི་ནང་རིག་པ་སྟེ། གསུང་རབས་ཡན་ལག་བཅུ་གཉིས་སོ། །མི་ཐུལ་བར་ཤེས་རབ་ཀྱི་མི་མཐུན་པའི ་ཕྱོགས་རྣམས་ཀྱིས་སྒྲིབ་ཅིང་པར་དུ་གཅོད་མི་ནུས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤེས་པའོ། །ཆོས་དེ་རྣམས་ལ་མི་ཐུལ་བར་ཤེས་པ་རྒྱས་པར་བསྟན་པའི་ཕྱིར། ཚེ་རབས་ཚེ ་རབས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལ་མངོན་དུ་འགྱུར་རོ་ཞེས་བྱ་བ་ཡན་ཆད་ནི་འཇིག་རྟེན་པའི་ཆོས་ལ་མི་ཐུལ་བར་ཤེས་པ་བསྟན་ཏོ། །གང་ཡང་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནས་བརྩམས ་ཏེ། རྗེས་སུ་རྟོགས་ཏེ་ཞེས་བྱ་བ་ཡན་ཆད་ནི་འཇིག་རྟེན་ལས་འདས་པའི་ཆས་ལ་མི་ཐུལ་བར་ཤེས་པར་བསྟན་ཏོ། །ཚེ་རབས་ཚེ་རབས་ཞེས་བྱ་བ་ནི་ལྷ་དང་མིའི་གནས་དེ་དག་ཏུ་བདག་གི་ཕུང་པོ་སྐྱེས་ཤིང་ཚེ་བླངས་པའོ། །དེ ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེའོ། །བཟོའི་ལས་ནི་དྲ་བ་དང་བཅོམ་པ་ལ་སོགས་པ་སྟེ། བཟོ་རིག་པ་རང་གི་མིང་གིས་བསྟན་ཏོ། །རིག་པ་ཞེས་སྨོས་པ་ནི་རིག་པའི་གནས་ལྷག་མ་གསུམ་བསྟན་ཏོ། །སྔགས་ནི་གཞན ་གྱི་དམག་གི་སྡེ་མནན་པ་དང། སྤྲུལ་ལ་སོགས་པའི་དུག་མེད་པར་བྱ་བའི་ཐབས་སོ། །སྟོབས་ནི་མཚོན་ཆ་འཕངས་པ་དང། གླང་པོ་ཆེ་འདེགས་པ་ལ་སོགས་པའི་རྩོལ་ལོ། །མངོན་དུ་འགྱུར་བ་ནི་ཤེས་པར་འགྱུར་བའོ་།དམ་པ ་ཞེས་བྱ་བ་ནི་ལས་སུ་བྱ་བ་དང། ཤེས་པར་བྱ་བ་གཙོ་བོར་གྱུར་པ་སྟེ། བྱ་དཀའ་བ་ནི་སྒྲུབས་ཅིང་ཤེས་པར་བྱ་བ་དཀའ་བའོ། །བཟོད་པར་དཀའ་བ་ནི་དེ་དག་བསྒྲུབ་པ་ནི་སྡུག་བསྔལ་ཉམས་སུ་བླངས་དཀའ་བའོ། །ཐོབ་པར་དཀའ་པ་ནི ་འབྲས་བུ་ཐོབ་པར་བྱ་དཀའ་བའོ། །འཇིག་རྟེན་ལས་འདས་པའི་ཆོས་གང་དང་གང་དག་གི་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གང་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ལམ་དེ་དེ་དག་ཤེས་སོ་ཞེས་བྱ ་བར་སྦྱར་རོ། །བཅས་པ་ཞེས་བྱ་བའི་སྒྲས་མི་དང་བདུད་ལ་སོགས་པ་ཡང་བསྡུས་པ་ཡིན་ནོ། །མི་རྫིབ་བ་ནི་དེ་དག་གི་ཤེས་པས་མི་ཐོབ་པའོ། །སྟོབས་ལྔ་མི་ཟད་པ་བཤད་ཟིན་ཏོ།། །།དྲན་པ་ཤིན་ཏུ་འབྲེལ་བ་དང། རབ་ཏུ ་ཤེས་པ་ཤིན་ཏུ་འབྲེལ་པ་དང། བརྩོན་འགྲུས་ཤིན་ཏུ་འབྲེལ་པ་དང། དགའ་བ་ཤིན་ཏུ་འབྲེལ་པ་དང། བག་ཡངས་ཤིན་ཏུ་འབྲེལ་པ་དང། ཏིང་ངེ་འཛིན་ཤིན་ཏུ་འབྲེལ་པ་དང། བཏང་སྙོམས་ཤིན་ཏུ་འབྲེལ་པ་བསྟན་པའི་ཕྱིར། བཙུན ་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་གསུངས་ཏེ། འདི་བསྡུས་པའི་དོན་མཐོང་བའི་ལམ་བསྟན་པར་ཡང་སྦྱར་རོ། །བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་བྱང་ཆུབ་ནི་ཟད་ལ ་མི་སྐྱེ་བར་ཡེ་ཤེས་རྣམ་པར་མི་རྟོག་པའི་རང་བཞིན་ལ་བྱའོ། །དྲན་པ་ལ་སོགས་པ་བདུན་པོ་འདི་རྣམས་ནི་བྱང་ཆུབ་དེ་ཐོབ་པར་བྱེད་པའི་རྒྱུ་འམ། གྲོགས་ཡིན་པས་ན་ཡན་ལག་ཅེས་བྱ་སྟེ། ཇི་ལྟར་ཡན་ལག་ཡིན་བར་ནི་ཕྱིས་བཤད་དོ།། ་དེ་དག་མི་ཟད་པ་ཡང་དྲན་པར་བྱ་བ་ལ་སོགས་པའི་ཆོས་རྣམས་མི་ཟད་པའི་ཕྱིར་མི་ཟད་པའོ། །དྲན་པ་ཤིན་ཏུ་འབྲེལ་པའི་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ངེས་པ་ཉམ་འོག་ཏུ་ཆུད་ཅིང་དྲན་པར་ཡང་དག་པའི་བྱང་ཆུབ་ཀྱི་ཡན ་ལག་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་དྲན་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །དྲན་པ་ཤིན་ཏུ་འབྲེལ་པ་ལ་ཇི་ལྟ་བ་དེ་བཞིན། བཏང་སྙོམས་ཤིན་ཏུ་འབྲེལ་པའི་བར་དུ་ཅི་རིགས་པར་ཤེས ་པར་བྱ་སྟེ། འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་ནི་གོང་མ་བཞིན་དུ་ལྷའོ། །དྲན་པ་གང་གིས་ཞེས་བྱ་བ་ནི་ཆོས་རྣམས་སེམས་ལ་གསལ་ཞིང་མ་རྗེད་པའི་དྲན་པ་གང་གིས་སོ། །ཆོས་རྣམས་རྟོགས་པར་འགྱུར་བ་ཞེས་བྱ་བ་ནི་མདོར ་བསྟན་པའི་ཚིག་སྟེ། ལྷག་མ་རྣམས་ནི་བཤད་པའི་ཚིག་གོ་།དྲན་པས་རྟོག་པའི་ཆོས་ཀྱང་རྣམ་པ་གསུམ་སྟེ་ཆོས་ཀྱི་དབྱིངས་རྟོགས་པ་དང། དེའི་ལམ་རྟོག་པ་དང། ལམ་དེ་སྟོན་པའི་གཞུང་རྟོག་པའོ། ། ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱ་བས་ཆོས་ཀྱི་དབྱིངས་རྟོག་པ་བསྟན་ཏེ། སོ་སོར་གྱི་སྒྲ་ཕྱིན་ཅི་མ་ལོག་པའི་སྒྲར་འགྲོ་བས་ཆོས་རྣམས་ཀྱིས་ཆོས་ཀྱི་དབྱིངས་མངོན་སུམ་དུ་གྱུར་པའོ། །ཆོས་རྣམས་ལ་སྤྱོད་པ་དང་ཞེས་བྱ ་བས་དེའི་ལམ་རྟོགས་པ་བསྟན་ཏེ། ཆོས་ཀྱི་དབྱིངས་རྟོག་པར་བྱ་བའི་ལམ་གང་ཡིན་པ་ཁོང་དུ་ཆུད་པའོ། །ཆོས་རྣམས་ལ་ཀུན་ཏུ་འགྲོ་བ་ཞེས་བྱ་བས་ལམ་དེ་རྟོན་པའི་གཞུང་རྟོགས་པ་བསྟན་ཏེ་ལམ་དེ་སྟོན་པའི་གསུང་རབ་ཀྱི་ཆོས ་རྣམས་གང་དང་གང་གིས་ཕྱོགས་སུ་རྟོགས་པ་སེམས་རྟོགས་ཤིང་གཞན་ལ་སྟོན་པ་ལ་ཡང་ནོར་པ་མེད་པའི་ཕྱིར་རོ། །དེ་ཡང་བསམས་པ་དང་བསྒོམ་པའི་ཤེས་རབ་ཀྱིས་ཏེ། ཆོས་རྣམས་ལ་བསམས་པ་དང་ཞེས་བྱ་བས་བསམས ་པའི་ཤེས་རབ་བསྟན་ཏེ། ཆོས་རྣམས་ཀྱི་དེ་ནི་ཁོང་དུ་ཆུད་པའི་ཕྱིར་རོ། །ཆོས་རྣམས་ལ་རྗེས་སུ་རྟོག་པ་ཞེས་བྱ་བས་བསྒོམས་པའི་ཤེས་རབ་བསྟན་ཏེ། བསམས་པས་རྙེད་པའི་ཆོས་ལ་ཡང་ནས་ཡང་དུ་བསྒོམ་པའི་ཕྱིར་རོ། ། ་དེ་ནི་དྲན་པའི་རབ་ཏུ་ཤེས་པ་ཤིན་ཏུ་འབྲེལ་པ་ནི་གང་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ལ་ཤིན་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་ནི་རྣམ་པར་འབྱེད་པ་ཤེས་པའི་དེ་ཉིད་ཀྱི་དོན་གང་ཡིན་པ་བསྟན་པའི་ཕྱིར་གང་དང་གང། ཇི་ལྟ་ཇི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གང་དང་གང། གང ་གི་ཆ་དང་ཕྱོགས་སུ་གཏོགས་བ་ཇི་ལྟ་ཇི་ལྟ་བུར་དེའི་ཟླ་དང་ཕྱོགས་སུ་བསླན་ཅིང། དབྱེ་བར་བྱ་བའི་ཆོས་དང་དེ་དག་ལ་འདི་ནི་ཕྱོགས་སུ་གཏོགས་ཞེས་བྱ་བ་ལ་སོགས་པས་གང་དང་གང་གི་ཟླ་ལ་གཏོགས་པ་ཤེས་ཤིང། ཆེ་ཆེར་སོ་སོར་རྣམ ་པར་འབྱེད་པ་ཤེས་པའོ། །བརྡ་དང་རྣམ་པར་ངེས་པ་ནི་ཐ་སྙད་དང་གཏན་ལ་ཕབ་པའི་དོན་ལ་བྱ་སྟེ། ངེས་པའི་དོན་ནས་རྣམ་པར་ངེས་པའི་བར་གྱི་ཆོས་གང་དང་གང་གསུངས་པ་དེ་དག་ཀྱང་དེ་དག་སོ་སོའི་སྡ་ཚན་དུ་གཏོགས་པར ་ཤེས་ཤིང། བརྩོན་འགྲུས་ཤིན་ཏུ་འབྲེལ་བ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་ཏེ། དེ་བསྟན་པའི་དབང་དུ་བྱས་ནས། དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེས་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །འདི་ཞེས་བྱ་བའི་ཚིག་གོང་དུ་བསྟན་པ་ཆོས་རྣམ་པར་འབྱེད་པ་ལ་སོགས་པ་བསྙེགས་སོ། །རབ་ཏུ་འཛིན་པ་ནི་ཆོས་དེ་དག་སེམས་ལ་མི་བརྗེད་པར་འཛིན་པའོ། །ཕྱིར་ཞེས་བྱ་བའི་སྒྲ་ཐམས་ཅད་དང་སྦྱར་རོ། །སྤྲོ་བ ་ནི་ཆོས་དེ་དག་བསྒྲུབ་པར་འདོད་པའོ། །སྟོབས་ནི་ལེ་ལོའི་དབང་དུ་མི་འགྱུར་བའོ། །རྟུལ་བ་ནི་ཉོན་མོངས་པ་གཞན་གྱིས་མི་ཚུགས་པའོ། །ཕྱིར་མི་ལྡོག་པ་ནི་དགེ་བ་བསྒྲུབ་བ་མི་འདོར་བའོ། །འདུན་པ་ནི་ཆོས་དེ་དག་ལ་དེ་བཞིན་དུ་ཡིད་ཆེས ་ནས་བྱེད་པའོ། །མཐུ་ནི་བདུད་ལ་སོགས་པས་མི་ཟློགས་པའོ། །བརྩོན་འགྲུས་མི་གཏེང?་པ་ནི་བསྒོམ་པ་རྒྱུན་དུ་བྱ་བ་མི་གཏོང་བའོ། །ལམ་མངོན་པར་རྟོགས་པར་བྱ་བ་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང། ས་བཅུའི ་ལམ་རྟོགས་པར་བྱའོ། །ཕྱིར་ནི་དེ་དག་གི་དོན་དུ་འམ། ཆོད་དུའོ། །བརྩོན་པ་འདི་ནི་ཞེས་བྱ་བ་ནི་འབད་པ་འདི་ནི་ཞེས་པའི་ཐ་ཚིག་གོ་དགའ་བ་ཤིན་ཏུ་འབྲེལ་པ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་པ་སྟེ། དེའི ་དབང་དུ་བྱས་ནས། དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དགའ་བ་ཇི་ལྟ་བུ་གང་གི་གང་བསྒྲུབས་ཤིང། །དེའི་མི་མཐུན་པ་སྤངས་པ་ནི་དགའ་ ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་དགའ་བ་ཇི་ལྟ་བུས་ནི། དུས་གསུམ་གྱི་ཆོས་ཐོབ་པར་དགའ་བའི་དགའ་བ་སྟེ། ཆོས་ལ་རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་བསྟན་ཏོ། །དེ་ལ་འདས་པའི ་ཆོས་རྣམས་ལ་དམིགས་ནས། སེམས་ལ་མོས་པ་སྐྱེད་པ་ནི་ཆོས་ལ་དགའ་བའོ། །མ་འོངས་པའི་ཆོས་ལ་དམིགས་ནས། སེམས་ལ་མོས་པ་སྐྱེས་པ་ནི་ཆོས་ལ་མོས་པའོ། །ད་ལྟར་གྱི་ཆོས་ལ་དམིགས་ནས། སེམས་ལ་མོས་པ ་སྐྱེས་པ་ནི་ཆོས་ལ་མཆོག་ཏུ་དགའ་བའོ། །དགའ་བ་གང་ཡིན་པ་དེ་ཉིད་ཀྱིས་རྒྱུ་བྱས་ནས་སེམས་ཞུམ་པ་དང་སྤྲོས་པར་གྱུར་བ་སྟེ། སེམས་མ་གོང་བ་དང་ཞེས་བྱ་བ་ལ་སོགས་པ་ཚིག་གཉིས་ཀྱི་སྟན་ཏོ། །སེམས་མ་གོང ་བ་ནི་མི་ནུས་སོ། སྙམ་དུ་སེམས་ཞུམ་ཞིང་དགའ་བ་སྲོག་ཤི་བར་མ་གྱུར་པའོ། །དང་ཅིང་འདུན་པ་ནི་དགའ་བ་ཁྱད་པར་དུ་འཕགས་པས་སྐྱེས་ཤིང་ལྷག་པར་འཇུག་པར་སེམས་མོས་པའོ། །གང་བསྒྲུབ་པ་ནི་དགའ་བ་དེས་ལུས་དང་སེམས་? ་རུང་བ། བསྒྲུབས་པ་སྟེ། དེ་ཡང་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་ཞེས་བྱ་བས་བསྟན་ཏོ། །ལུས་ལས་སུ་རུང་བ་ནི་གཟུགས་ཀྱི་ཕུང་པོ་རྟེན་དུ་གྱུར་པས་ཉོན་མོངས་པ་སྐྱེ་བའི་རྒྱུ་མི་བྱེད་ཅིང། ཉོན་མོངས་པ་སྐྱེ་བ་དང ་རྗེས་སུ་མི་མཐུན་པར་གནས་པའོ། །སེམས་ལས་སུ་རུང་བ་ནི་ཞུམ་པ་དང། རྒོད་པའི་དབང་མ་གྱུར་ལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་དེ་ནི་རྟོགས་ཤིང་རྩེ་གཅིག་ཏུ་གནས་པར་ནུས་པའོ། །དེ་མི་མཐུན་པའི ་ཕྱོགས་སྤོངས་བ་ནི་དགའ་བའི་མི་མཐུན་པའི་ཕྱོགས་སམ། མཐུན་པའི་ལམ་ལ་པར་དུ་གཅོད་པའི་མཐུན་བའི་ཕྱོགས་སྤོང་བ་སྟེ། དེ་ལ་ཡང་ཉོན་མོངས་པ་རྣམས་སེལ་པ་ཞེས་བྱ་བས་བསྟན་ཏོ། །ཤིན་ཏུ་སྦྱངས་པའི་ཤིན་ཏུ་འབྲེལ་བ ་ནི་གང་ཤིན་ཏུ་སྦྱངས་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་གང་གི ་གང་སྤངས་ནས། དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པར་ནུས་པ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །གང་གིས་སྤངས་ཤེ་ན་གང་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གོང་དུ་བཤད་བའི་ལུས་དང་སེམས་ལས་སུ་རུང་བས་སྤངས་སོ། །གང་སྤངས་པ་ནི་ཉོན་མོངས་པ་ལ་སོགས་པ་ལ་སོགས་པ་སྤངས་སོ། །དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པར་ནུས་པ་ནི་ཞི་གནས་ལ་འཇུག་པའི་དམིགས་པ ་ལ་སེམས་རྩེ་གཅིག་ཏུ་འཇུག་པར་ནུས་པའོ། །ཞི་གནས་ཀྱིས་དམིགས་པའི་དམིགས་པ་ནི། ཞི་གནས་ལ་དམིགས་པའི་དམིགས་པ་ཞེས་བྱའོ། །ཏིང་ངེ་འཛིན་ཤིན་ཏུ་འབྲེལ་བ་ནི། གང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན ་ལག་ལས་རབ་ཏུ་ཞུགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཏིང་ངེ་འཛིན་གང་གིས་དེ་བཞིན་ཉིད་ཀྱི་སོ་སོར་རང་གིས་རིག་ཅིང་དེ་བཞིན་ཉིད ་མངོན་སུམ་དུ་བྱད་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །སེམས་མཉམ་པར་བཞག་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སེམས་རྩེ་གཅིག་ཏུ་བཞག་པས་སོ། །ཆོས་ཀྱི་ཡེ་ཤེས་མངོན་པར་འཚང་རྒྱའི་ཞེས་བྱ་བ་ནི་རྣམ་པར ་མི་རྟོག་པའི་ཡེ་ཤེས་སོ་སོར་རང་གིས་རིག་པར་འགྱུར་གྱི་ཞེས་བྱ་བའི་དོན་ཏོ། །མཉམ་པར་མ་གཞག་པས་ནི་མ་ཡིན་ཞེས་བྱ་བས་ནི་སེམས་སྤྲོས་པ་དང། བཅས་པས་ནི་རང་གིས་རིག་པར་མི་ནུས་སོ་ཞེས་བྱ་བའི་དོན ་ཏོ། །ཆོས་དེ་དག་མངོན་པར་འཚང་རྒྱའི་ཞེས་བྱ་བ་ནི་སྟོང་པ་ཉིད་མངོན་སུམ་དུ་འགྱུར་གྱིས་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་དེ་དག་ནི་སོ་སོའི་སྐྱེ་བོའི་དབང་དུ་བྱས་ནས་གསུངས་བའོ། །ཉན་ཐོས་ལ་སོགས་པའི་དབང་དུ ་བྱས་ནས་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་འདོར་བ་ཙམ་གྱིས་ཡེ་ཤེས་རང་གི་རིག་ཅིང་ཆོས་ཀྱི་དབྱིངས་མངོན་སུམ་དུ་མི་འགྱུར་གྱི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དུ་སྟོང་པ ་ཉིད་དུ་མཉམ་པ་དང། ཐ་དད་མེད་པ་ཤེས་ནས་དེ་གཉིས་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཞེས་པའི་དོན་ཏོ། །བཏང་སྙོམས་ཤིན་ཏུ་འབྲེལ་བ་ནི། །གང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་ཞུགས ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་བཏང་སྙོམས་ཡང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཡོངས་སུ་མི་གཏུགས་པ་ཞེས་བྱ་བ་ནི་ཡིད་བདེ་བ་དང་མི་བདེ་བ་གང་གིས་དབང་དུ་ཡང་མི་འགྱུར་ཞིང་ཆགས་པ ་དང། ཁོང་ཁྲོ་བས་སེམས་ཀུན་ཏུ་མི་ཟིན་པའོ། །འཇིག་རྟེན་གྱི་ཆོས་རྣམས་ཀྱི་མི་འཕྲོགས་ཞེས་བྱ་བ་ནི། འཇིག་རྟེན་གྱིས་ཆོས་བརྒྱད་ཀྱི་དབང་དུ་མི་འགྱུར་བ་དང། རྙེད་པ་ལ་སོགས་པ་དང་ལྡན་ཡང་མཐོ་བར་མི ་སེམས། མ་རྙེད་པ་ལ་སོགས་བ་དང་ལྡན་ཡང་དམའ་བར་མི་སེམས་པའི་ཕྱིར། དེ་དག་གིས་མི་སྒུལ་བ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །གནོད་པ་མེད་པ་ནི་གནོད་པ་བྱས་ཀྱང་གནོད་པར་མི་ཚོར ་བའོ། །འཕྲོགས་པ་མེད་པ་ནི་མི་མཐུན་པའི་ཕྱོགས་ཀྱི་དབང་དུ་མི་འགྱུར་བའོ། །རྗེས་སུ་ཆགས་པ་དང་ཞེས་འགྲས་པ་མེད་པ་ནི་འདོད་ཆགས་དང་ཁོང་ཁྲོ་མེད་པའོ། །འཕགས་པའི་བདེན་པའི་ལམ་དང་མཐུན་པ་ནི་དེ་ལྟར་ཉོན་མོངས་པའི ་དབང་དུ་འགྱུར་པ་སྟེ། བཏང་སྙོམས་པ་ལས་འཕགས་པའི་ལམ་གྱི་ཡན་ལག་འགྲུབ་པའི་ཕྱིར་རོ། །འདི་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཞག་པ་ཡང། དེ་ལ་དྲན་པ་ནི་རྟེན་གྱི་ཡན་ལག་སྟེ། དྲན་པ་ཉེ་བར་གནས་བར་གྱུར་ན། དགེ ་བའི་ཆོས་ཐམས་ཅད་སེམས་ལ་གསལ་བའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི། རང་བཞིན་གྱི་ཡན་ལག་སྟེ། དེ་ཉིད་བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་ཇི་སྲིད་འགྲོ ་བར་བྱ་བར་ཕྱིན་པར་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་རྒྱུ་ལ་ཚིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ཡན་ལག་འོ།། དེ་ལ་ཤིན་ཏུ ་སྦྱངས་པ་ནི་ཉོན་མོངས་པ་མེད་པ་སྟེ། དེས་གནས་ངན་ལེན་སྤོང་བར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པ་སྟེ། དེ་ལ་གནས་པའི་གནས་གཞན་དུ་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པ་སྟེ། དེའི་དུས ་ན་ཆགས་སེམས་དང་ཡིད་བདེ་བ་དང་བྲལ་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་མི་ཟད་པ་བདུན་བཤད་ཟིན་ཏོ།། །།རྣམ་པར་མི་རྟོག་བ་དང། །ཤིན་ཏུ་རྟོག་པ་དང་དུལ་བ་དང་ཞི་བ་དང་རབ་ཏུ་ཞི་བ་དང་ཤིན་ཏུ་བྱུང ་བ་དང། དགའ་བ་དང་ལྡན་པ་དང་མཐུ་ཆེ་བ་དང། བསྡུས་པའི་རྣལ་འབྱོར་ལ་སྤྱོད་པ་དང་སྤྲོས་པའི་རྣལ་འབྱོར་ལས་སྤྱོད་པ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མི་ཟད་བ་སྟེ། ཞེས་བྱ་བ ་ལ་སོགས་པ་གསུངས་སོ། །དེ་དག་ལས་འཕགས་པའི་ཡན་ལག་བརྒྱད་པས་ནི་བསྡུས་པའི་དོན་བསྒོམ་པའི་ལམ་བསྟན་ལ། ཞི་གནས་དང་ལྟག?་མཐོང་གིས་ནི་སྦྱོར་བ་བསྟན་པར་སྦྱར་རོ། །དེ་མི་ཟད་པ་ཡང ་ངེས་བསྒྲུབ་པར་བྱ་བའི་ཆོས་མི་ཟད་པའི་ཕྱིར། བསྒྲུབ་པར་བྱེད་པའི་ལམ་རྣམས་ཀྱང་མི་ཟད་པའོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། ལམ་ཞེས་བྱ་བ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པའི ་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ཡན་ཆད་ནི་བསྟན་བའི་ཚུལ་ལོ། །ལྷག་མ་རྣམས་ནི་བཤད་པའི་ཚུལ་ལོ། །ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་ཞེས་བྱ་བ་ལ། འཕགས་པ་རྣམས་ཡེ་ཤེས་གང་གིས་བླ་ན ་མེད་པའི་བྱང་ཆུབ་འགྲུབ་པའི་ཡེ་ཤེས་དེ་ལ་ལམ་ཞེས་བྱའོ། །ལྟ་བ་ལ་སོགས་པ་བརྒྱད་པོ་དེ་རྣམས་ལམ་གྱི། ཡེ་ཤེས་དེའི་གྲོགས་སུ་གྱུར་བའི་ཕྱིར་རོ། །ཡན་ལག་ཅེས་བྱ་སྟེ། འཇིག་རྟེན་པའི་ལོག་པར་ལྟ་བ་ལས་བཟློགས ་པས་ནི་ཡང་དག་བའོ། །རྣམ་པར་མི་རྟོག་པའི་བྱང་ཆུབ་སེམས་དཔའ་ནི་བསྒོམས་པའི་ལམ་ན་ཡང་དག་པའི་ལྟ་བ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང ་འདི་འཕགས་པ་འཇིག་རྟེན་ལས་འདས་བ་ཞེས་བྱ་བ་ལ། ཟག་པ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་ཡང་དག་པའི་ལྟ་བའོ། །དེ་ཉིད་དེ་ཡིན་པ་རྒྱས་པར་བསྟན་པའི་ཕྱིར། །བདག་ཏུ་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཏུ་ལྟ་བ་ལས་བྱུང་ཞིང་སྐྱེས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་ལ། དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་དང་ལས་ཀྱི་འབྲས ་བུ་ཡོད་པར་ལྟ་བ་ཡང་མཆན་མར་ལྟ་བ་ཡིན་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་མ་ཡིན་ཏེ། དེ་དག་ཡོད་པར་ལྟ་བ་ལས་ཀྱང་བྱུང་བ་མ་ཡིན་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ཙམ ་དུ་མཆན་མར་ལྟ་བ་དེ་ཐམས་ཅད་ལས་བྱུང་བ་མ་ཡིན་པར་སྟོན་ཏེ། མྱ་ངན་ལས་འདས་པ་ལ་ཡང་ཡོད་པར་ལྟ་ན། དངོས་པོར་ལྟ་བ་ཡིན་ཏེ་ཡང་དག་པའི་ལྟ་བར་མི་འགྱུར་རོ། །ཤིན་ཏུ་རྣམ་པར་རྟོག་པའི་བྱང་ཆུབ་སེམས་དཔའ་ནི་གང ་བསྒོམས་པའི་ལམ་ན་ཡང་དག་པའི་རྟོག་པ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་ཡང་དག་པར་རྟོག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མི་རྟོག་ཅེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བའི་ཡུལ་དེ་དག་ལ་མི་རྟོག་པ་འམ། ་ཉོན་མོངས་པ་སྐྱེ་བའི་ཀུན་ཏུ་རྟོག་པ་མི་སྐྱེད་པའོ། །དུལ་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམས་པའི་ལམ་ནི་ཡང་དག་པའི་ངག་གིས་བསྡུས་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང ་དག་པའི་ངག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ལ་ཡང་ཡོངས་སུ་གདུང་ཞེས་བྱ་བ་ལ་སོགས་བ་ནི་བདག་དང་ཞན་གྱི་སེམས་ལ་འགྱོད་པ་སྐྱེ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པར་མི་བྱེད་པ་ནི་ཚིག་དེས་བདག ་དང་གཞན་འདོད་ཆགས་ཀྱིས་ཉོན་མོངས་པ་སྐྱེ་བར་མི་བྱེད་པའོ། །མི་གནོད་པ་ནི་བདག་དང་གཞན་གྱི་སེམས་དང་ལུས་ལ་སྡུག་བསྔལ་བསྐྱེད་པར་མི་བྱེད་པའོ། །ལམ་ལ་ལེགས་པར་འཇུག་པ་ནི་ལམ་དང་མཐུན་པའོ། །མཉམ་པར་གཞག ་པ་ལ་རྩོན་པའི་དག་དེ་དང་ལྡན་ཞེས་བྱ་བ་ནི་གོང་དུ་མོས་པ་ལྟ་བུའི་ཚུལ་གྱིས་བདག་དང་གཞན་གཉིས་ག་ལ་ཡང་མི་གནོད། འཕགས་པའི་ལམ་དེ་ཐོབ་པར་བྱེད་པའི་རྒྱུར་འགྱུར་བའི་ངག་དེ་ནི་འཁྲུག་པ་འམ། མ་སྙོམས་པ་མེད་པས་ན། མཉམ ་བར་བཞག་བ་ཞེས་བྱའོ། །ཞི་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམས་པའི་ལམ་ན་ཡང་དག་པའི་ལས་ཀྱི་མཛའ་བསྡུས་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་སྟེ། དེའི ་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་ལས་ཀྱི་མཛའ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་གནག་པ་ནི་མི་དགེ་བ་བཅུའོ། །ལས་དཀར་བ་ནི་དགེ་བ་བཅུའོ། །ལས་དཀར་གནག་ནི་དགེ་བ་བཅུ་མི་དགེ་བ་དང ་འདྲེས་པའོ། །ལས་གང་མི་གནག་མི་དཀར་ཞེས་བྱ་བ་ལ་སོགས་པ་ནི། ཟག་པ་མེད་པའི་ལས་འཁོར་བའི་རྒྱུར་མི་འགྱུར་བ་མངོན་པར་འདུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལས་ལ་རྟོན་པས་ཞེས་བྱ་བ་ནི། དེ་ལྟར་ཟག་པ་མེད ་པའི་དབྱིངས་ཉིད་དུ་རྟོག་ཀྱང། ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་མི་ལྟ་ན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཞི་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་ཡང་དག་པའི་འཚོ་བས་བསྡུས་པ། འཕགས་པ་དགྱེས ་པའི་ཚུལ་ཁྲིམས་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བཤད་ཟིན་པ་རྣམས་ནི་འདིར་མ་བཤད་དོ། །དགང་སླ་བ་ནི་ཆོས་གོས་དང་བསོད ་སྙོམས་ངན་དོན་གྱི་མགུ་བའོ། །གསོ་སླ་པ་ནི་ཆུང་ཟད་ཙམ་གྱི་ཆོག་པའོ། །ཆོ་ག་བཟང་པོའི་ངང་ཚུལ་ཅན་ཞེས་བྱ་བ་ནི་སྤྱོད་པའི་ཆོ་ག་དང་ཚུལ་ཁྲིམས་བཅོས་པ་མ་ཡིན་གྱི། རང་བཞིན་གྱི་ཤིན་ཏུ་དག་པའོ། །ཁ་ན་མ་ཐོ་བ ་མེད་པ་ནི་ཉེས་པ་ཕྲ་མོ་ཡང་མེད་བའོ། །འཕགས་པས་གནད་པ་ནི་གང་དུ་བཤད་པ་ལྟ་བུའི་འཚོ་བ་དེ་འཕགས་པས་གནད་བའི་འཚོ་བ་ཡིན་ནོ། །རབ་ཏུ་འབྱུང་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་ཡང་དག་པའི ་རྩོལ་བ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་ཚོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩོལ་བ་གང་ཡང་དག་པར་ཞེས་བྱ་བ་ལ། །རྩོལ་བ་གང་བྱས་ཤིང་བརྩལ་ན་འཕགས་པའི་ལམ་དང་རྗེས་སུ་མཐུན ་ཞིང་བདེན་པ་བཞི་དང་མཐུན་པ་ལ་མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་གཏོད་བའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་དེ་དང་མཐུན་པར་བྱེད་པ་ནི་ཡང་དག་པར་རྩོལ་བ་ཞེས་བྱའོ། །དགའ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ ་ན་ཚིག་དང་དོན་མི་བརྗེད་པ་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་ཡང་དག་པའི་དྲན་པ་གང་ཞེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་ཉེ་བར་བཞག་པ་ནི་རྟག་ཏུ་རྩེ་གཅིག་ཏུ་བཞག་པའོ། །མི་སྒུལ་བ་ནི་མི་མཐུན་པའི ་ཕྱོགས་ཀྱིས་བསྐྱེད་པ་མི་ནུས་པའོ། །དྲན་པ་ནི་གང་ཡང་དག་པར་ལྟ་བ་དང་མཐུན་པས་སོ། །གྱ་གྱུ་མེད་པ་ནི་ལོག་པའི་ལྟ་བ་སྤངས་པའོ། །ལོ་བར་བའི་སྐྱོན་གྱིས་ཉེས་དམིགས་ལ་ལྟ་བ་ནི་ཉོན་མོངས་པ་རྒ་ཤི་ལ་སོགས་པ་ལ་རྟོག ་པའོ། །འདྲེན་པ་ནི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པའོ། །དྲན་པ་ནི་བཤད་པའི་ཆོས་ཀྱི་ཚིག་མ་བརྗེད་པའོ། །གཞུངས་པ་ནི་བཤད་པའི་ཚིག་གི་དོན་མ་བརྗེད་པའོ། །འཕགས་པའི་ལམ་ཞེས་བྱ་བ་ནི་བསྒྲུབས་པའི་ཆོས ་མ་བརྗོད་པ་བསྟན་པའོ། །མཐུ་ཆེ་བའི་བྱང་ཆུབ་སེམས་དཔའ་ནི་གང་བསྒོམ་པའི་ལམ་ན་བསམས་པའི་དོན་རྫོགས་པར་ཐོབ་པ་སྟེ། དེའི་དབང་དུ་བྱས་ནས་དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་ཡང་དག་པ་ཉིད་དུ་མཉམ་བ་དང་ཆོས་ཐམས་ཅད་ཀྱིས་མཉམ་པ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་ལ་ཐ་དད་པ་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་ཅིང་མཉམ་པར་སེམས་རྩེ་གཅིག་ཏུ་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན ་ཅེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར་ཏིང་ངེ་འཛིན་གང་ལ་གནས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་དང་ཉོན་མོངས་པའི་སྒྲིབ་པ་ལས་རབ་ཏུ་ཐར་བར་བྱ་བའི ་ཕྱིར་དེ་ཁོ་ན་ཡེ་ནས་དག་པས་མི་འགྱུར་བ་ལ་རྩེ་གཅིག་ཏུ་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ངེས་པར་གྱུར་པ་ལས་འཇུག་པ་ནི་དོན་དམ་པའི་ཏིང་ངེ་འཛིན་ལ་འཇུག་པའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད ་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ཉིད་གཅོད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་རྟོགས་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་ཁོང་དུ་ཆུད་པ་སེམས་ལ་བརྟགས་ནས་ཚིག་ཏུ་སྨྲ་བའི་ཕྱིར་རོ། ། ་ཡང་དག་པའི་དག་དང། ལས་དང་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གིས་རིམ་པ་བཞིན་དུ་ལྟ་བ་ལ་སོགས་པ་རྣམ་པར་དག་པར་དེ་ལ་ཡིད་ཆེས་པས་སོ། །དེ་ལ་ཡང་དག་པའི་དག་གིས་ཇི་ལྟ ་ཁོང་དུ་ཆུད་པ་དྲིས་པ་ལ་ལུང་བསྟན་པའི་སྒོ་ནས་འདིའི་ལྟ་བ་རྣམ་པར་ག་གོ་ཞེས་གཞན་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཛའ་ནི་མ་བྱ་བ་མི་བྱེད་པ་དང། འོང་བ?་དང་ལྡོག་པ་ལ་སོགས་པ་ནི། སྤྱོད་པ་ཕུན་སུམ ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་སོ། །ཡང་དག་པའི་འཚོ་བས་ཆོས་གོས་ལ་སོགས་པ་ཆོས་བཞིན་དུ་ཚོལ་བའི་ཕྱིར། འཚོ་བ་རྣམ་པར་དག་པར་ཡིད་ཆེས་སོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི ་སྒྲིབ་པ་སྦྱངས་པའི་ཡན་ལག་སྟེ། དེས་ཀུན་ཏུ་སྦྱོར་བ་མ་ལུས་པ་སྤོང་བར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པ་སྤྱོང་བའི་ཡན་ལག་སྟེ། དེས་ཞི་གནས་དང་ལྷག་མཐོང་གི་མཚན་མི་བརྗེད་པས་ཞུམ་པ ་དང། རྒོད་པའི་ཉོན་མོངས་པ་སྐྱེ་བའི་སྐབས་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་སྒྲིབ་པ་སྦྱོང་བའི་ཡན་ལག་སྟེ། དེས་སྒྲིབ་བ་སྦྱངས་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་སྒྲུབ་པར་བྱེད་པའི ་ཕྱིར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཟད་པ་བཤད་ཟིན་ཏོ།། །།བསྡུས་པའི་རྣལ་འབྱོར་སྤྱོད་པ་དང། སྤྲོས་པའི་རྣལ་འབྱོར་སྒྱ་སྤྱོད་པ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་ཡང་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་གཉིས་མི་ཟད་པ་ཡང་དེ་གཉིས་རྩེ་གཅིག་ཏུ་བཞག་པའི་ཆོས་དང། རྟོག་པར་བྱ་བའི་ཆོས་མི་ཟད་པས་མ། ་དེ་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང། རྟོག་པར་བྱེད་པ་ཡང་མི་ཟད་པའོ། །བསྡུས་པའི་རྣལ་འབྱོར་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གང་སྦྱོར་བ་དང་མཐོང་བ་དང་བསྒོམ་པའི་ལམ་ན་ཞི་གནས་ལ་རབ་ཏུ་སྦྱོར་བ་སྟེ། དེའི་དབང་དུ ་བྱས་ནས། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་གནས་མི་ཟད་པ་ཡང་ཞི་གནས་ཀྱི་ཚོགས་མི་ཟད་པ་དང། ཞི་གནས་ཉིད་མི་ཟད་པ་སྟེ། རྣམ་པ་གཉིས་རིག་པར་བྱའོ། །དེ་ལ་གང་སེམས་ཞི་བ ་དང་ཞེས་བྱ་བ་ནས་བརྩམས་ཏེ། བཏང་སྙོམས་བསྒོམ་ཞེས་བྱ་བ་ཡན་ཆད་ནི་ཞི་གནས་ཀྱི་ཚོགས་སོ། །བསམ་གཏན་དང་པོ་ཞེས་བྱ་བ་ནས་བརྩམས་ཏེ། དགུ་པོ་འདི་དག་ནི་ཞི་གནས་ཞེས་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཞི་གནས་ཉིད ་བསྟན་ཏོ། །ཞི་གནས་ཀྱི་ཚོགས་ལ་རྣམ་པ་གཉིས་ཏེ། གཙོ་བོར་གྱུར་པ་མ་ཡིན་པའི་ཚོགས་དང། གཙོ་བོར་ཚོགས་སོ། །གཙོ་བོར་གྱུར་པ་མ་ཡིན་པའི་ཚོགས་ཀྱི་དབང་དུ་བྱས་ནས། སེམས་ཞི་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ་ནང་དུ་སེམས་རྣམ་པར་རྟོག་པ་མི་མང་བ་ནི་སེམས་ཞི་བའོ། །ཕྱི་རོལ་གྱི་ཡུལ་རྣམས་ལ་རྟོག་པར་མི་དགའ་བ་ནི་རབ་ཏུ་ཞི་བའོ། །ཕྱི་ནང་གཉིས་ལ་རྟོག་པ་མེད་པ་འམ། གཉིད་དང་རྨུགས་བ? ་མེད་པ་ནི་ཉེ་བར་ཞི་བའོ། །ནང་དུ་སེམས་རྣམ་པར་རྟོག་པ་མི་མང་བ་སྟེ་ཞི་བས་ན། རྣམ་པར་མི་གཡངས་པའོ། །ཕྱི་རོལ་ཏུ་རྟོགས་པ་མེད་དེ་རབ་ཏུ་ཞི་བས་ན། དབང་པོ་ལེགས་པར་བསྡམས་པའོ། །ཕྱི་ནང་གཉིས ་གར་རྟོག་པ་མེད་པས་ནི་མི་རྒོད་པ་དང་མི་འཕྱར་བའོ། །རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་གཏམ་མང་པོ་ལ་མི་འཇུག་པས་ན་མུ་ཚོར་མི་སྨྲ་བའོ། །ཉོན་མོངས་པའི་དབང་དུ་མི་འགྱུར་བས་ན་ཡབ་ཡབ་པོ་མ་ཡིན་པའོ། །ཏིང་ངེ ་འཛིན་གྱིས་མི་མཐུན་པའི་ཕྱོགས་ཀྱིས་བསྐྱེད་པར་མི་ནུས་པས་ན་མི་འགྱུར་བའོ། །གཞན་གྱི་རྗེས་སུ་འཇུག་ཅིང་ཞེ་སྡང་བའི་སེམས་མེད་པས་ན་ཞི་ངེས་སོ། །མིག་ལ་སོགས་པ་དབང་པོའི་ཡུལ་ལ་མི་འཇུག་པར་སྡོམ་པས་ན། ་བསྲུངས་པའོ། །ཉོན་མོངས་པ་སྤོང་བའི་ལམ་ལ་ཞུགས་པས་ན་ཅང་ཤེས་པའོ། །གཉིད་དང་རྨུགས་པ་མེད་པས་ན་ལས་སུ་རུང་བའོ། །དམིགས་པའི་ཡུལ་ལས་སེམས་གཞན་དུ་མི་འགྲོ་བས་ན་རྩེ་གཅིག་པའོ། །གཅིག་ཕུར ་གནས་པར་མོས་པ་ན་མོས་པའོ། །འགྲོ་བ་མང་པོ་དང་ལྷན་ཅིག་མི་གནས་པས་ན་འདུ་འཛི་ཡོངས་སུ་སྤོང་བའོ། །སེམས་རྩེ་གཅིག་པ་ལ་མོས་པའི་ཕྱིར་དབེན་པར་དགའ་བའོ། །གཅིག་པུ་དགའ་ཞིང་འདུ་འཛི་སྤོང་བས་ན་ལུས། ་དབེན་པའོ། །ཉོན་མོངས་པ་སེམས་དཀྲུག་པ་མེད་པས་ན་སེམས་མ་བསླད་པའོ། །རི་དང་བྲག་ཕུག་ལ་སོགས་པར་གནས་པར་སེམས་མངོན་པར་འདུ་བྱེད་པས་ན་དགོན་པར་མངོན་དུ་ཕྱོགས་པར་ཡིད་ལ་བྱེད་པའོ། །ཆོས་གོས ་དང་ལྷུང་བཟེད་ལ་སོགས་པ་ཉི་ཆེ་ཙམ་འཆད་པས་ན་འདོད་པ་ཉུང་བའོ། །དེ་ལས་ལྷག་པར་མི་འདོད་པས་ན་འདོད་པ་མེད་པའོ། །ངན་པས་ཆོག་པར་འཛིན་པས་ན་འདོད་ཆེན་མེད་པའོ། །བཟང་པོ་མི་ཚོལ་བས་ཆོག་ཤེས་པའོ། །ལོག ་བའི་འཚོ་བ་མེད་པས་ན་འཚོ་བ་ཡོངས་སུ་དག་པའོ། །ཚུལ་ཁྲིམས་རྣམ་པར་དག་པས་ན་ཆོ་ག་ཕུན་སུམ་ཚོགས་པའོ། །སྤྱོད་ལམ་ཐམས་ཅད་དུ་ཉོན་མོངས་པ་མི་སྐྱེ་ཞིང་སྤྱོད་ལམ་མཛེས་པས་སྤྱོད་ལམ་བསྲུངས་པའོ། །དུས་དང ་ཚོད་དང་དུས་མིན་ཤེས་པ་ནི་སྔར་བཤད་པ་བཞིན་དུ་བལྟའོ། །ཁ་ཟས་མང་དུ་ཡང་མི་ཟ་ཉུང་དུ་ཡང་མི་ཟ་སྟེ། རན་པར་བྱེད་པས་ན་རན་དྲོད་ཤེས་པའོ། །ཅུང་ཟད་ཙམ་གྱིས་ཆོག་ཤེས་པར་འཛིན་པས་དགང་སླ་བ་དང། གསོ་སླ་བའོ།། ་སོ་སོར་བརྟགས་པའི་སྟོབས་ཀྱིས་མི་མཐོ་མི་དམའ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དང་ལྡན་པས་ཤེས་རབ་ཀྱི་མཐུས། ཆོས་རྣམས་ཇི་ཡང་མ་ཡིན་པར་རྟོགས་པའི་ཕྱིར་བསྟོད་པ་ལ་སོགས་པས་མཛའ་?་བར་ཡང་མི་འགྱུར། སྨད་པ ་ལ་སོགས་པས་དམའ་བར་ཡང་མི་འགྱུར་བའོ། །ངན་དུ་བརྗོད་པ་ནི་སྔོན་འདས་པའི་དུས་སུའོ། །ངན་དུ་སྨྲས་པ་ནི་ད་ལྟར་གྱི་དུས་ཉིད་ནའོ། །གཙོ་བོའི་ཚོགས་བསྟན་པའི་ཕྱིར། རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་གནས་དང་ལྷག་མཐོང་བསྒོམ་པའི་སེམས་བསྐྱེད་པ་ནི་རྣལ་འབྱོར་ལ་མངོན་དུ་མཆོག་པའི་སེམས་བསྐྱེད་པའོ། །ཡང་དག་འཇོག་ལ་མངོན་པར་དགའ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཏིང་ངེ་འཛིན ་བསྒོམས་པ་ལ་མོས་པའོ། །བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་ཡན་ལག་རྟོག་དཔྱོད་དང་བཅས་པ་དང། རྟོག་དཔྱོད་མེད་པ་ལ་སོགས་པ་བསྒོམ་པ་སྔ་ནས་ཡིད་ལ་བྱེད་ཅིང་རྩོམ ་པའོ། །བྱམས་པ་བསྐྱེད་པ་དང། སྙིང་རྗེ་མངོན་པར་སྒྲུབ་པ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་རྩ་བར་གྱུར་པ་ཚད་མེད་པ་གཉིས་སྔ་ནས་སྐྱེད་ཅིང་བསྒྲུབ་པར་བྱེད་པའོ། །དགའ་བ་ལ་གཞོག་ཅེས་བྱ ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་མི་འཁྲུག་པར་བྱེད་པ་དགའ་བ་ཚད་མེད་པ་ལ་སེམས་གཞོག་ཅིང་བཏང་སྙོམས་ཚད་མེད་པ་བསྒོམས་ལ། དེ་གཉིས་ཀྱི་སེམས་དང་རྟག་པར་ལྡན་པར་བྱེད་པའོ། །ཞི་གནས་བརྟན་པའི་ཕྱིར། བསམ ་གཏན་དང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐར་གྱིས་སྙོམས་པར་འཇུག་པ་འདི་དག་གི་དོན་སྔར་བཤད་པར་ཟད་དོ། །ཞི་གནས་ཀྱི་ཚོགས་ནི་ཚད་མེད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི། ཞི་གནས་བསྒོམ་པའི ་རྒྱུའི་ཆོས་ནམ་མཁའ་དང་འདྲ་བར་ཚད་མེད་དེ། ཞི་གནས་ཀྱི་ཚོགས་དེ་དག་ལ་གང་བརྩོན་པ་རྣམས་ཀྱང་ཞི་གནས་ཚད་མེད་པར་སྐྱེ་བར་རྒྱུར་བས་ན། ཞི་གནས་མི་ཟད་པ་ཞེས་བྱའོ་ཞེས་གསུངས་སོ། །སྨོས་པའི་རྣལ་འབྱོར་ལ་ཞུགས ་པའི་བྱང་ཆུབ་སེམས་དཔའ་ནི། གང་ལམ་དེ་དག་ཉིད་ན་ལྷག་མཐོང་ལ་རབ་ཏུ་སྦྱོར་བ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས ་སོ། །གང་ཤེས་རབ་ཀྱི་ཆ་དང་མཐུན་པར་བསྒོམས་པའི་ལམ་ཞེས་བྱ་བ་ལ། ལྷག་མཐོང་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས། ཤེས་རབ་ཀྱི་ཆ་དང་ཕྱོགས་སུ་གཏོགས་པའི་ཆོས་ལ་གོམས་པར་བྱེད་པ་ཐམས་ཅད་ལྷག་མཐོང་ཞེས ་བྱའོ། །ཆོས་རྣམས་ལ་གཡོ་བ་མེད་པར་ཤེས་པ་ནི། ཆོས་ཐམས་ཅད་ལ་བྱེད་པ་པོ་མེད་པར་ཤེས་པ་སྟེ། གོང་དུ་བཤད་པ་རྣམས་ནི་འདིར་མ་བཤད་དོ། །བདེན་པ་རྣམས་ལ་ཤིན་ཏུ་རྟོགས་པར་མཐོང་བའི་ཤེས་པ་ཞེས་བྱ་བ་ནི་སྡུག ་བསྔལ་དང་ཀུན་འབྱུང་བ་དང། འགོག་པ་དང་ལམ་གྱི་བདེན་པ་རྣམས་ལ། བདེན་པ་སོ་སོའི་མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མཐོང་བ་ནི། ཤིན་ཏུ་རྟོག་པར་མཐོང་བའི་ཤེས་པ་ཞེས་བྱའོ། །རྟེན་ཅིང་འབྲལ་བར ་འབྱུང་བ་ཞེས་བྱ་བ་ལ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་མཐོང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བར་མཐོང་བའི་ཤེས་པའོ། །ལྟ་བ་ཐམས་ཅད་དང་ཞེས་བྱ་བ་ལ། ཆོས་ཐམས་ཅད་རྟག་པ་དང། ཆད་པ་དང། བདག ་དང། སེམས་ཅན་མེད་པར་མཐོང་བ་ནི་ལྟ་བ་ཐམས་ཅད་དང་བྲལ་བར་མཐོང་བའི་ཤེས་པ་ཞེས་བྱའོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ། རྒྱུ་གང་བསྐྲུན་ན་འབྲས་བུ་དེ་བཞིན་དུ་སྐྱེ་བར་འགྱུར་བ་དང་ལས་གང་བྱས་ན་རྣམ་པར་སྨིན་པ་དེ ་བཞིན་དུ་མྱོང་བར་འགྱུར་བ་མཐོང་བ་ནི། རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་ཆུང་མི་ཟ་བར་མཐོང་བའི་ཤེས་པའོ། །འབྲས་བུ་འཐོབ་པ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་འབྲས་བུ་མི་གནས་པའི་མྱ་ངན་ལས ་འདས་པ་མངོན་དུ་བྱེད་ཅིང་ཁོང་དུ་ཆུད་དོ་ཞེས་མཐོང་བ་ནི། འབྲས་བུ་འཐོབ་མངོན་སུམ་དུ་བྱ་བ་ལ་རྟོག་པར་མཐོང་བའི་ཤེས་པའོ། །ཡང་དག་པ་ཉིད་ལ་འཇུག་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ཀྱིས་སྟོང་པ་ཉིད་རྟོགས་ཞེས་མཐོང་བ་ནི། ཡང་དག ་པ་ཉིད་ལ་འཇུག་པ་མཐོང་བའི་ཤེས་པ་ཞེས་བྱའོ། །ལྷག་མཐོང་གི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། ལྷག་མཐོང་ཞེས་བྱ་བ་ནི་ཆོས་རྣམས་ཡང་དག་པར་མཐོང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་དང་ཆོས་ལ་བདག་མེད་པའི ་མཚན་ཉིད་དུ་ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་ལྷག་མཐོང་ངོ། །ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་དང། རྨིག་རྒྱུ་ཙམ་དུ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པར་མཐོང་བའོ། ། ་ཆོས་རྣམས་དེ་ཁོ་ན་ཉིད་དུ་མཐོང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་རང་བཞིན་དུ་མཐོང་བའོ། །ཆོས་རྣམས་གཞན་མ་ཡིན་པ་ཉིད་དུ་མཐོང་ཞེས་བྱ་བ་ནི ་སྟོང་པ་འབའ་ཞིག་སྟེ་ཁོ་ན་ཡིན་གྱི། དེ་ལས་དེ་ཁོ་ན་གཞན་མེད་པར་མཐོང་བའོ། །ཇི་ལྟ་བ་བཞིན་དང་རྣམ་པར་དང། དབེན་པར་མཐོང་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་ཡིན་པ་དང། གཟུང་བ་དང་འཛིན ་པའི་རྣམ་པས་སྟོང་པ་ཡིན་པར་མཐོང་བའོ། །རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། ལྷག་མཐོང་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོད་པའི་རྣམ་པ་ཡང་མི་མཐོང་ཞེས་བྱ་བ་ནི་ཡོད་པའི་རང་བཞིན་དང་ནི་ངོ་བོར ་ཡང་མི་མཐོང་བའོ། །མེད་པའི་རྣམ་པར་ཡང་མི་མཐོང་ཞེས་བྱ་བ་ནི་མེད་པའི་རང་བཞིན་དང་ངོ་བོར་ཡང་མི་མཐོང་བའོ། །དམིགས་པ་དང་མཚན་མ་ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པའི་དམིགས་པ་དང་དཀར་པོ ་དང་དམར་པོ་ལ་སོགས་པའི་མཚན་མའི་རང་བཞིན་ཡིན་པར་ཡང་མི་མཐོང་བའོ། །དེ་མཐོང་མོད་ཀྱི་ཅི་ཡང་མི་མཐོང་ངོ་ཞེས་བྱ་བ་ནི། ལྷག་མཐོང་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་གོང་དུ་མིང་གིས་སྨོས་པའི་ཆོས་རྣམས་མི ་དམིགས་པའི་ཚུལ་དུ་མཐོང་མོད་ཀྱི་དམིགས་པ་དང་ཡོད་པའི་རྣམ་པ་རྡུལ་ཙམ་ཡང་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་མཐོང་བ་མེད་པ་དེའི་ཆེ་མཐོང་སྟེ་ཞེས་བྱ་བ་ནི། དེ་ལྟར་ཅི་ཡང་མི་དམིགས་ཏེ། དོན་དམ་པར་ཅི ་ཡང་མ་མཐོང་བ་དེ་ནི། ཆོས་ཉིད་མཐོང་ཞིང་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ལྷག་མཐོང་གིས་ཀྱང་མཐོང་བ་མ་ཡིན། མ་མཐོང་བ་ཡང་མ་ཡིན་པར་མཐོང་ཞེས་བྱ་བ་ནི་ནམ་སྟོང་པར་མཐོང་བའི་དུས་ན་དངོས་པོ་རྡུལ་ཙམ་ཡང་མ ་མཐོང་བས་མཐོང་བ་ཡང་མ་ཡིན། དེ་ཁོ་ན་མཐོང་བས་ན་མ་མཐོང་བ་ཡང་མ་ཡིན་པ་འམ། དོན་དམ་པར་དངོས་པོ་གང་ཡང་མ་མཐོང་བས་ན་མཐོང་བ་ཡང་མ་ཡིན་ལ་ཀུན་རྫོབ་དུ་བཏགས་པ་ཙམ་དུ་མཐོང་བས་ཡང་མ་མཐོང་བ་མ་ཡིན ་པའོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་དོན་ཏོ། །ལྷག་མཐོང་ལ་མཁས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་ལྷག་མཐོང་ཐོབ ་པར་འགྱུར་རོ། །དེ་ལྟར་མཐོང་ཡང་མངོན་པར་འདུ་མི་བྱེད་པར་མི་ལྟུང་ཞེས་བྱ་བ་ནི། དོན་དམ་པར་གོང་དུ་བཤད་པ་ལྟ་བུར་ཆོས་རྣམས་མི་དམིགས་པར་མཐོང་ཡང་སྟོང་པ་ཉིད་ཀྱི་མཐར་ཡང་མི་ལྟུང་ཞེས་བྱ་བའི་དོན་ཏོ། །དགེ་བའི ་རྩ་བ་མངོན་པར་འདུ་བྱེད་པ་ལས་ཀྱང་མི་ལྡང་ཞེས་བྱ་བ་ནི་ཀུན་རྫོབ་དུ་ལས་དང་འབྲས་བུ་ཡོད་པར་ལྟ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་འདུ་བྱེད་པ་ཡང་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཞི་གནས་དང་ལྷག ་མཐོང་མི་ཟད་པ་བཤད་ཟིན་ཏོ།། །།སོ་སོར་རྟེན་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་གཉིས་ཀྱིས་བསྡུས་པའི་དོན་ལུང ་བསྟན་པ་ཐོབ་པར་བསྟན་ཏོ། །གཟུངས་དང་སྤོབས་པ་གཉིས་མི་ཟད་པར་ཡང་གཟུངས་ཀྱི་དྲན་པར་བྱ་བའི་ཆོས་རྣམས་དང་སྤོབས་པ་རྟོགས་པར་བྱ་ཞིང་བཤད་བར་བྱ་བའི་ཆོས་རྣམས་མི་ཟད་པས་ན་དྲན་པར་བྱེད་པ་དང། འཆད་པར ་བྱེད་པ་ཡང་མི་ཟད་པའོ། །སོ་སོར་རྟེན་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་གཉིས་ཏེ། ཐོས་པ་མི་བརྗེད་པ་དང། ཐོས་པ་འདོད་པའོ། །ཐོས་པ་མི་བརྗེད་པ་གང་ཞེ་ན། གང་གསུངས་པ་སོ་སོར་ཐོབ་པ་སྟེ། དེའི་དབང་དུ་བྱས ་ནས། དེ་ལ་གཟུངས་ནི་མི་བརྗེད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་གང་གིས་མི་བརྗེད་པ་དང། གང་མི་བརྗེད་པ་དང། མི་བརྗེད་པ་ཉམས་པ་མེད་པའོ། །དེ་ལ་གང་གིས་མི ་བརྗེད་པ་ནི་དགེ་བའི་རྩ་བའི་ཚོགས་བསགས་པའི་དྲན་པ་ཞེས་བྱ་བ་ནས་བསྟན་ཏོ། །གང་མི་བརྗེད་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བ་ནས། འདི་ནི་གཟུངས་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །མི ་བརྗེད་པ་ཉམས་པར་མི་འགྱུར་བ་ནི་གང་གི་ཚེ་བསྐལ་བ་གཞན་གྱི་རྗེས་ཞེས་བྱ་བ་ནས་བརྩམས་ཏེ་སྐྱུ་རུ་རའི་འབྲུ་འདུག་པ་བཞིན་དུ་མཐོང་ཞེས་བྱ་བ་ཡན་ཆད་ཀྱི་བསྟན་ཏོ། །སྔོན་དགེ་བའི་རྩ་བའི་ཚོགས་བསགས་པའི་དྲན་པ ་ཞེས་བྱ་བ་ནི་ཚེ་རབས་སྔ་མའི་དུས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུ་ལས་བྱུང་བའི་དྲན་པས་སོ། འཛིན་པ་ནི་ཡི་གེ་རྣམས་སོ། །ཀུན་འཛིན་པ་ནི་དོན་རྣམས་སོ། །མི་བརྗེད་པ་ནི་ཕྱིས་ཀྱང་ཡི་གེ་མི་བརྗེད ་པར་བྱེད་པའོ། །དྲན་པས་ཡང་དག་པར་འཛིན་པ་ནི་ཕྱིས་ཀྱང་མི་བརྗེད་པར་བྱེད་པ་སྟེ། དེ་དག་གི་ནི་གཟུངས་ཀྱི་གསུངས་རབ་འཇིག་རྟེན་དུ་བཤད་དེ་བཞག་པ་རྣམས་མི་བརྗེད་པར་བྱེད་པ་བསྟན་ཏོ། །སངས་རྒྱས་ཐམས་ཅད ་ཀྱིས་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་འཕྲལ་དུ་གསུངས་པའི་དོན་དང། ཚིག་མི་བརྗེད་པར་བྱད་པ་བསྟན་ཏོ། །ཆུང་ཟ་བར་མི་འགྱུར་བ་ནི་ཆོས་དང་དོན་དྲན་པའི་ཡེ་ཤེས་དེ་མེད་པར་མི་འགྱུར་བའོ། །བརྗེད་པར ་ཡང་མི་འགྱུར་བ་ནི་ཁ་ཅིག་དྲན་པ་ཁ་ཅིག་མི་དྲན་ཏེ། དྲན་པ་དྲི་མ་ཅན་དུ་མ་གྱུར་བའོ། །འཕགས་པ་ཤེས་རབ་ཀྱི་མིག་གིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་མིག་དང་འདྲ་བས་ཞེས་བྱ་བའི་དོན་ཏོ། མ་ཐོབ་པ་འདོད ་པ་གང་ཞེ་ན། གང་སྤོབས་པ་སོ་སོར་ཐོབ་ཕ་སྟེ། དེའི་དབང་དུ་བྱས་ནས། དེ་ལ་སྤོབས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་ཡང་བརྟེན་མི་དགོས་པར་བསྟན་པས་ཐོགས་པ་མེད་པའི་སྤོབས་པའོ། ། ་བསྐལ་པ་འམ་དེ་ལས་ལྷག་པར་ཡང་སྟོན་བས་ན་རྒྱུན་འཆད་མེད་པར་སྤོབས་པའོ། །བདུད་དང་མུ་སྟེགས་ཅན་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་རྣམས་ཀྱང་ཉམས་པར་འགྱུར་བ་མེད་པས་ན་མི་འཕྲོགས་པའི་སྤོབས་པའོ། །ཆོས ་དང་དོན་དེ་མི་བརྗེད་པས་ན་མ་རྨོངས་པའི་སྤོབས་པའོ། །དིས་པ་རྣམས་ལ་ལེན་གློན་པས་ན་མྱུར་བའི་སྤོབས་པའོ། །གང་དང་གང་བསྟན་པ་རྣམས་ཀྱིས་སེམས་ཀྱི་དབང་པོ་ལ་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བའི་སྤོབས་པའོ། ། ་གཞན་དག་ཟིལ་གྱིས་གནོན་པར་བྱེད་པས་ན་ལ་གོང་དུ་སྤོབས་པའོ། །ཇི་ལྟར་ཁས་བླངས་པ་ལས་བསྒྱུར་ཏེ། གཞན་དུ་འཆད་པར་བྱད་པས་ན་མི་འགྱུར་བའི་སྤོབས་པའོ། །ཆོས་ཀྱི་དོན་མྱུར་དུ་རྟོགས་པས་ན་རྣོ་བའི་སྤོབས་པའོ་ ་ཟབ་མོའི་དོན་རྟོགས་པར་བྱེད་པས་ན་མགྱོགས་པའི་སྤོབས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྤོབས་པའི་མཚན་ཉིད་དོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེའི་བོ། དེ་ཞེས་བྱ་བ་ནི་གོང་དུ་བཤད་པའི་སྤོབས་པ་དེའོ། ། ་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་སྦྱངས་པ་ཞེས་བྱ་བ་ནི་ལུས་དང། ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པས་དེའི་ཤེས་རབ་ཀྱི་རང་བཞིན་སྤོབས་པ་དེ་ཡང་ཡོངས་སུ་དག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཞེས ་བྱ་བ་ནི་སངས་རྒྱས་ཀྱི་མཐུས་བསྟད་དམ?་པ་ཞེས་བྱ་བའི་དོན་ཏོ། །ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་དྲིས་པའི་ལན་གདབ་པ་དང་བཤད་པ་ལ་སོགས་པ་རྫོགས་ཤིང་མ་ལུས་པར་སྟོན་པ་འམ། ཟུར་ཆག་ཅིང་ཉམས་པ་མེད་ ་པར་སྟོན་ནུས་པའོ། །འབྲས་བུ་ཡོད་པར་ཆོས་སྟོན་པ་ཞེས་བྱ་བ་ནི་དོན་གང་དང་གང་གི་ཕྱིར། ཆོས་བསྟན་པའི་དོན་དེ་དག་དེ་བཞིན་དུ་ཡོད་པར་འགྱུར་བའོ། །མྱ་ངན་ལས་འདས་པའི་ལམ་དུ ་འགྲོ་ཞེས་བྱ་བ་ནི་སྤོབས་པས་ཆོས་བཤད་པ་རྣམས། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་དང་མཐུན་པ་འགྱུར་བའོ། །དེ་ཞེས་བྱ་བ་ནི་སྤོབས་པ་རྣམ་པར་དག་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེའོ། །དེ ་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུར་ན། སྤོབས་པ་མཐར་ཕྱིན་པ་ཡིན་ཞེས་བྱ་བའི་དོན་ཏོ། །གཟུགས་སུ་སྣང་བ་ཇི་སྙེད་པ་ཞེས་བྱ་བ་ནི་གཟུགས་སུ་སྣང་བའི་ཆོས་ཇི་སྙེད་པ ་རྣམས་མི་རྟགས་པ་ལ་སོགས་པར་སུན་འབྱིན་པ་དང། ཆོས་དེ་དག་མཚན་ཉིད་ཚིགས་སུ་བཅད་དེ་སྦྱར་ཏེ་བསྟན་པར་ནུས་པའི་ཤེས་རབ་ཀྱང་དེ་སྙེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྒྲ་ལ་ཡང་སྦྱར་རོ། །དེ་དང་དེར ་ཞེས་བྱ་བ་ནི་འཁོར་དེ་དང་དེ་དག་ཏུའོ། །དེའི་ལྷུན་གྱིས་སྒྲུབ་པ་ཉིད་དུ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེའི་སྤོབས་བ་རྩོལ་བ་དང་འབད་པ་མེད་པར་ཞེས་བྱ་བའི་དོན་ཏོ། །དད་པ་ནི་དེ་དག་ཇི་ལྟར་འདོད་པའོ། །དབང་པོ་རྣམས ་ནི་དབང་པོ་རྣོན་པོ་དང། འབྲིང་དང་ཐ་མ་རྣམས་སོ། །ཆོས་སྤོབས་པར་འགྱུར་ཏེ། ཞེས་བྱ་བ་ནི་དད་པ་དང། དབང་པོ་དང་མཐུན་མཐུན་ཆོས་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་འདོད་ན་ཚེ་གཞན་ནམ་ཞེས་བྱ་བ་ལ་སོགས་པ་ནི ་བཞི་སྤོབས་པ་མི་ཟད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་བདག་ཉིད་འདོད་ན་ཚེ་དུ་མ་དང། བསྐལ་པ་དུ་མ་འདས་ཀྱི་བར་དུ་ཡང་འདུག་པའི་སྤྱོད་ལམ་ལས་མི་ལྡང་ཞིང་བསམ་མི་དགོས་པར་ཆོས་སྟོན་ཏོ། །ཞེས ་བྱ་བའི་དོན་ཏོ། །དེའི་ཆོས་བསྟན་པ་ངེས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དེའི་སྤོབས་པས་ཆོས་བསྟན་པ་དེས་ཀྱང་སེམས་ཅན་རྣམས་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར། ངེས་པར་འབྱུང་བར ་འགྱུར་ཏེ། དེ་བཞིན་བུ་སྡུག་བསྔལ་ཡང་དག་པར། ཟད་པར་བྱེད་ནུས་སོ་ཞེས་བྱ་བའི་དོན་ཏོ། །གཟུངས་དང་སྤོབས་བ་མི་ཟད་པ་བཤད་ཟིན་ཏོ།། །།སྟོན་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད ་ཤེས་པ་དང་ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་དང། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་དང། །ཞི་བའི་ང་རྒྱལ་མེད་པ་སྟེ། དེའི་དབང་དུ་བྱས་ནས། བཙུན་པ ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་མདོ་བཞི་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་བསྡུས་པའི་དོན་དེ་ཐོབ་པ་རྣམ་པར་གཞག་པ་བསྟན་ཏོ། །ཆོས་ཀྱི་མདོ་ཞེས་བྱ་བ་ནི ་འདུས་བྱས་དང་འདུས་ང་མ་བྱས་ཀྱི་ཆོས་རྣམས་མི་རྟག་པ་ལ་སོགས་པ་འདི་བཞིར་འདོར་བསྡུས་ཏེ་བསྟན་པའི་ཕྱིར། ཆོས་ཀྱི་མདོ་ཞེས་བྱའོ། །མི་ཟད་པ་ནི་དེས་བསྡུ་བར་བྱ་བའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཟད་མི་ཤེས་པས་མ ་མི་ཟད་པ་ཞེས་བྱའོ། འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པའོ་ཞེས་བྱ་བ་ཡན་ཆད་ནི་བསྟན་པའི་ཚུལ་ལོ། ། ་།དེ་མན་ཆད་ལྷག་མ་རྣམས་ནི་བཤད་པའི་ཚུལ་ལ། །འདུས་བྱས་ཐམས་ཅད་མི་རྟག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་ཞེས་བྱ་བ་ནི། འདུ་བྱེད་ཐམས་ཅད་མི་རྟག ་པའོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པའི་ཤེས་པ་འབྱུང་བ་སྟེ། མི་ཟད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་མི་ཟད་པ་ཡང་འདུ་བྱེད་ཀྱི་ཆོས་རྣམས་མི་ཟད་པའི་ཕྱིར། །དེ་བསྟན་པ་འམ ་ཤེས་པ་ཡང་མི་ཟད་པ་སྟེ། དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱར་རོ། །འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་བསྟན་པའི་དབང་དུ་བྱས་ནས། དེ་ལ་མི་རྟག་པའི་དོན་གང་ཞེ་ན་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །མི་རྟག་པའི་དོན་ཡང་རྣམས་པ་གཉིས་ཏེ། །མེད་པའི་དོན་དང། །འཇིག་པའི་དོན་ཏོ། །འདིར་ནི་ཆོས་ཐམས་ཅད་སྟོང་པ་ཡིན་པར་དགོངས་པས་མེད་པའི་དོན་ལ་མི་རྟག་པའི་དོན་དུ་དགོངས་ཀྱིས་འཇིག ་པའི་དོན་དུ་ནི་མ་ཡིན་ཏེ། དེ་བས་ན་མེད་པའི་དོན་དང་མི་ཆགས་པའི་དོན་ཏོ། །དངོས་པོ་རྣམ་པར་འཇིག་པའི་དོན་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་མེད་པའི་དོན་ནི་དོན་དམ་པར་གཟུང་བ་དང་འཛིན་པ་ཀུན་བཏགས་ཀྱི་ཆོས་གང། ་ཡང་རྟག་ཏུ་ཡོད་པ་མ་ཡིན་པའི་ཕྱིར་མེད་པ་སྟེ་དེ་ནི་མི་རྟག་པའི་དོན་ཏོ། །མི་ཆགས་པའི་དོན་ནི་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པ་ཆགས་པར་གྱུར་པའི་དངོས་པོ་གང་ཡང་མེད་པའི་མི་ཆགས་པ་སྟེ། དེ་ནི་མི་རྟག་པའི ་དོན་ཏོ། །དེ་བས་ན་དངོས་པོ་འཇིག་པའི་དོན་ནི་མ་ཡིན་ནོ། ཞེས་དངོས་སུ་གསུངས་ཏེ། འཇིག་རྟེན་པའི་མི་རྟག་པ་གྲགས་པ་དང། །དངོས་པོ་ཡོད་པ་ལས་ཞིག་སྟེ་མེད་པར་གྱུར་པ་ལས་མི་རྟག་ཅེས་བྱ་བ་མ་ཡིན་གྱི། ཡེ་ནས་རང་བཞིན་གྱིས ་རྟག་པར་མེད་པ་ལ་མི་རྟག་པ་ཞེས་བྱའོ། །དོན་དེ་ཉིད་གང་ཡིན་པ་བསྟན་པའི་ཕྱིར། མི་རྟག་པའི་དོན་ནི་ཆོས་ལ་བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ལ་ངོ་བོ་མེད་པ་ཉིད་མི ་རྟག་པའི་དོན་ཏོ། །ཆོས་ལ་བདག་མེད་པ་དེ་རྟག་ཏུ་བཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་སྟོང་པ་དེ་ལ་འཇིག་པ་གང་ཡང་མེད་དེ། གང་འཇིག་པ་མེད་ཅིང་རྟག་ཏུ་སྟོང་པ་དེ་ནི་མི་རྟག་པའི་དོན་ཏོ། །ཟག་པ་དང་བཅས་པ ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་བསྟན་པའི་དབང་དུ་བྱས་ནས་དེ་ལ་སྡུག་བསྔལ་གྱི་དོན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡུག་བསྔལ་གྱི་དོན་ཀྱང་རྣམ་པ་ལྔ་སྟེ། དགའ་བ་ལས་བཟློགས་པའི་དོན་དང། དགའ་བ་དང་བྲལ ་བའི་དོན་དང། དགའ་བའི་ཡུལ་མ་ཡིན་པའི་དོན་དང། སྒྲ་ཙམ་དུ་ཟད་པའི་དོན་དང། རང་བཞིན་གྱི་སྟོང་པའི་དོན་ཏོ། །དེ་ལ་དགའ་བ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བས་དགའ་བ་ལས་བཟློག་པའི་དོན་རྣམ་པར་བསྟན་ཏེ། ་སྡུག་བསྔལ་ནི་དགའ་བ་ལས་བཟློག་པ་སྟེ། གང་དགའ་བ་འམ་ཆགས་པར་འགྱུར་བའི་དངོས་པོ་མེད་ཅིང་དེ་ལས་བཟློག་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །དགའ་བ་ཟད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བས་དགའ་བ་དང་བྲལ ་བའི་དོན་བསྟན་ཏེ། དགའ་བའི་ཡུལ་དང་བྲལ་བ་ན་སྡུག་བསྔལ་སྐྱེ་བ་དགའ་བ་དང་ཆགས་པ་རྣམས་དང་བྲལ་བའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །སྨོན་པ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བ་དགའ་བའི་ཡུལ་མ་ཡིན་པའི་དོན ་བསྟན་ཏེ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེ་བའི་རྒྱུ་དང་གཞི་ཡིན་པས་དེ་ལ་སྨོན་ཅིང་དགའ་བར་བྱ་བའི་ཡུལ་མ་ཡིན་ཏེ། དེ་ནི་སྡུག་བསྔལ་གྱི་དོན་ཏོ། །སྡུག་བསྔལ་གྱི་སྒྲ་རབ་ཏུ་བསྟན་ཞེས་བྱ ་བས་སྒྲ་ཙམ་དུ་ཟད་པའི་དོན་ཏེ། །སྡུག་བསྔལ་ཞེའོ། །ཞེས་བྱ་བའི་སྒྲས་བརྗོད་པ་ཉིད་སྡུག་བསྔལ་དུ་ཟད་ཀྱི་སྡུག་བསྔལ་གྱི་དངོས་པོ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་རབ་ཏུ་བརྗོད་པའི་དོན་ནི་ཞེས་བྱ་བས་རང་བཞིན་གྱིས་སྟོང ་བའོ་དོན་བསྟན་ཏེ། གང་སྟོང་པ་དེ་ཉིད་སྡུག་བསྔལ་བ་སྟེ། ནམ་མཁའ་བཞིན་དུ་སྟོང་པར་བརྗོད་པའི་དོན་ཉིད་སྡུག་བསྔལ་བའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་མཚན་ཤེས་པའི་དབང་དུ་བྱས་ནས། དེ་ལ་བདག ་མེད་པའི་དོན་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ནི་ཤིན་ཏུ་བདག་མེད་པ་སྟེ། ཞེས་བྱ་བ་ལ་བདག་རྣམ་པ་གཉིས་ཏེ། གཞན་གྱིས་བརྟགས་པ་དང། གཟུང་བ་དང། འཛིན་པར་སྣང་བའོ། །བདག ་དེ་གཉིས་ལ་བདག་གི་དངོས་པོ་མེད་པས་ན། །བདག་མེད་པའོ། །གང་བདག་མེད་པའི་དོན་དེ་ནི་ཞེས་བྱ་བ་ནི་བདག་རྣམ་པ་གཉིས་མེད་དེ་སྟོང་པའི་དོན་དེ་ནི་གསོབ་པོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སྙིང་པོ་རང་བཞིན ་མེད་པའི་ཕྱིར་གསོབ་པོ། །ཤེས་རབ་ཀྱི་མིག་གིས་བརྟགས་མི་བཟོད་པའི་ཕྱིར་གསོག་གོ་།སྣང་བ་ཙམ་ཡང་རྒྱུ་རྐྱེན་ལ་བལྟོས་པའི་ཕྱིར་ཡང་མ་རླ་འོ། །ཇི་ལྟར་སྣང་བ་ཀུན་ཡང་སྟོང་པ་ཡིན་པའི་ཕྱིར་སྟོང་པའོ། །སྟོང་པའི་དོན་ནི ་བདག་མེད་པའི་དོན་ཞེས་བྱ་བ་ལ། དེ་བས་ན་བདག་དང་ཆོས་གཉིས་ཀྱིས་སྟོང་པའི་དོན་གང་ཡིན་པ་དེ་ཉིད་བདག་མེད་པའི་དོན་ཏོ། །ཞི་བའི་ང་རྒྱལ་མེད་པར་བསྟན་པའི་དབང་དུ་བྱས་ནས། དེ་ལ་ཞི་བའི་དོན་གང་ཞེ་ན་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །ཞི་བ་ནི་ཞི་བས་ཞི་བར་མི་འགྱུར་ཏེ། ཞི་བ་ཉིད་ཞི་བའོ་ཞེས་བྱ་བ་ལ། ཞི་བ་ཞེས་བྱ་བ་ནི་སྟོང་པ་འམ། མྱ་ངན་ལས་འདས་པ་ལ་བྱ་སྟེ། སྟོང་པ་འམ་མྱ་ངན་ལས་འདས་པའི་དེའི་རང་བཞིན་ཞི་བར་རྟོག ་བའི་ཡེ་ཤེས་ཀྱི་ཞི་བ་དང་སྟོང་པར་བྱས་པ་ནི་མ་ཡིན་གྱི། ངོ་བོ་ཉིད་ཀྱིས་ཡེ་ནས་ཞི་ཞིང་སྟོང་པའོ་ཞེས་བྱ་བའི་དོན་ཏོ། །མ་ཞི་བ་ཞི་བར་མི་འགྱུར་ཞེས་བྱ་བ་ནི་འཁོར་བའི་ཆོས་འདུས་བྱས་ཀྱི་དངོས་པོ་དེ་དག་ཀྱང་ཡེ་ཤེས་ཀྱིས་ཞི ་བ་དང་སྟོང་པར་རྟོགས་ནས་ཞི་ཞིང་མེད་པར་བྱས་པ་ནི་མ་ཡིན་གྱིས། དེ་དག་ཀྱང་ཡེ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་ཞི་བའོ་ཞེས་བྱ་བའི་དོན་ཏོ། །ཞི་བའོ་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། གང་ཞི་བའི་དེ་ནི་མཚན་མ་ཐམས ་ཅད་ཉེ་བར་ཞི་བ་ཞེས་གསུངས་ཏེ། ལས་དང་ཉོན་མོངས་པ་དང་གཟུང་བ་དང་འཛིན་པའི་མཚན་མ་ཐམས་ཅད་ཞི་སྟེ་མེད་པ་དེ་ནི་ཞི་བ་ཞེས་བྱའོ། །ཞི་བ་དངོས་གང་ཡིན་པ་བསྟན་པའི་ཕྱིར། ཞི་བ་ནི་མྱ་ངན་ལས་འདས་པ་ཞེས ་གསུངས་པ་སྟེ། ཉོན་མོངས་པ་དང་ཕུང་པོ་སྤངས་པའི་མྱ་ངན་ལས་འདས་པ་ནི་ཞི་བའོ། །ཆོས་ཀྱི་མདོ་བཞི་མི་ཟད་པ་བཤད་ཟིན་ཏོ།། །།ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་བསྟན་པའི་ཕྱིར། བཙུན་པ་ཤ་རདྭཱ་ཏིའི ་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཅིག་པུ་བགྲོད་པའི་ལམ་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བསྡུས་པའི་དོན་རང་བྱང་ཆུབ་པ་བསྟན་ཏོ། །གཞན་ལ་མི་ལྟོས་པར་བདག་གཅིག་པུས ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ནི་གཅིག་པུ་བགྲོད་པ་སྟེ། གང་དེ་ལྟར་བྱེད་པ་ཉིད་ལ་མ་ཡིན་ནོ། །མི་ཟད་པ་ཡང་བགྲོད་ཅིང་ཐོབ་པར་བྱ་བའི་ཆོས་མི་ཟད་པའི་ཕྱིར་བགྲོད་པར་བྱེད་པ་དང། ཐོབ་པར་བྱེད་པ་ཡང་མི་ཟད ་པའོ། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་བཞི་སྟེ། མི་གཡེང་བ་དང། བཟོད་པ་ཐོབ་པ་དང། མཉམ་པ་ཉིད་ལ་གནས་པ་དང། སྒྲིབ་པ་མེད་པའོ། །དེ་ལ་མི་གཡེང་བ་ནི་འཇིག་རྟེན་ལས་འདས་པ་དང། འཇིག ་རྟེན་པའི་ཡོན་ཏན་རྣམས་བདག་འབའ་ཞིག་གིས་ཐོབ་པར་བྱ་བའི་ཕྱིར་རྩོམ་པ་སྟེ། དེའི་དབང་དུ་བྱས་ནས། གཅིག་བུ་བགྲོད་པའི་ལམ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་པུ་བགྲོད་པའི་ལམ་ནི་ཐེག་པ་གཅིག་པའི་ལམ་སྟེ། ལམ་དེ ་བསྒྲུབ་པར་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་གཞན་སུ་ཡང་མི་བརྟེན་པར་བདག་གཅིག་པུས་སྒྲུབ་པར་བྱེད་པའོ། །ཐེག་པ་གཅིག་གིས་ལམ་དངོས་གང་ཡིན་པ་བསྟན་པའི་ཕྱིར། གཅིག་པུ ་བགྲོད་པའི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཏུ་གོ་ཆ་གྱོན་ཅེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བརྩོན་འགྲུས་རྩོམ་སྟེ་ཞེས་བྱ་བའི་དོན་ཏོ། ། ་བདག་གི་བརྩོན་འགྲུས་ནི་དགེ་བ་བྱེད་པ་ལ་སེམས་སྤྲོ་བའོ། །མཐུ་ཞི་བདུད་ལ་སོགས་པས་བར་ཆད་བྱེད་མི་ནུས་པའོ། །སྟོབས་ནི་ལེ་ལོ་མི་ཚུགས་པའོ། །གཞན་གྱི་གོ་སྐབས་མེད་པ་ཞེས་བྱ་བ་ནི། གཞན་གྱིས་གྲོགས་བྱ་མི་དགོས ་པར་ཞེས་བྱ་བའི་དོན་ཏོ། །བདག་གི་མཐུ་སྟོབས་ཀྱིས་འཕགས་པ་ཞེས་བྱ་བ་ནི་བདག་གིས་མཐུས་འབྱུང་ཞིང་ཀུན་ལ་ཁྱད་ཞུགས་པར་བྱ་སྟེ། ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་ཐོབ་པར་བྱ་བ་ནི་གང་རིག། ་པའི་གནས་དང། བཟོའི་གནས་དང། ལོང་སྤྱོད་ལ་སོགས་པའོ། །གང་འཕགས་པ་ཐམས་ཅད་དང་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ས་ལ་ཞུགས་པ་དང། དེ་བཞིན་གཤེགས་པ ་དག་གོ་།ཐེག་པ་ལ་གསར་དུ་ཞུགས་པ་ནི་དང་པོ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ་མོས་པས་སྤྱོད་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཐོབ་པར་བྱ་བ་ནི་དེ་དག་གི་ཐོབ་པར་བྱ་བའི་ཡོན་ཏན་དྲན་པ ་ཉེ་བར་བཞག་པ་དང། ཡང་དག་པའི་སྤོང་བ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་སུམ་ཅུ་རྩ་བདུན་དང། ས་དང། ཕ་རོལ་ཏུ་ཕྱིན་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའོ། བཟོད་པ་ཐོབ་བ་ནི་བདག་ཉིད་ཀྱིས་ཕ་རོལ་ཏུ ་ཕྱིན་པ་རྣམ་ལ་ཡོངས་སུ་སྒྱོད་པར་བྱེད་པ་སྟེ། དེའི་དབང་དུ་བྱས་ནས། སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་གྱི་ཞེས་བྱ་བ་སོགས་པ་གསུངས་སོ། །དེའི་དོན་ནི་ཕ་རོལ་ཏུ་ཕྱིན་པར་དག་གིས་བསྒྲུབ་ཅིང་ལས་སུ་རུང་བ་བྱ་བ་མ་ཡིན་གྱི། བདག ་གིས་སེམས་དེ་དག་བསྒྲུབ་ཅིང་མཐར་དབྱུང་བར་བྱའོ། ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ལ་གནས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བསྡུ་བའི་དངོས་པོ་རྣམས་བསྒྲུབས་པ་སྟེ། དེའི་དབང་དུ ་བྱས་ནས། བདག་ལ་བསྡུ་བའི་དངོས་པོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ཀྱང་སྔ་མ་བཞིན་དུ་བལྟའོ། །སྒྲིབ་པ་མེད་པ་ནི་བདག་ཅིག་པུས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བར་དུ་གཅོད་པའི་བགེགས ་རྣམས་འཇོམ་པ་སྟེ། །དེའི་དབང་དུ་བྱས་ནས། གང་འདི་ལྟ་བུའི་ཆོས་ལ་གྲོགས་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་འདི་ལྟ་བུའི་ཆོས་ནི་གོང་དུ་བཤད་པའི་འཇིག་རྟེན་པ་ཡོན་ཏན་དང་འཇིག་རྟེན་ལས་འདས ་པའི་ཡོན་ཏན་དང། ཕ་རོལ་ཏུ་ཕྱིན་པ་དང། བསྡུ་བའི་དངོས་པོ་ལ་སོགས་པ་དང། འོག་ནས་འབྱུང་བ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཆོས་རྣམས་སོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །གཅིག ་པུ་བགྲོད་པའི་ལམ་མི་ཟད་པ་བཤད་ཟིན་ཏོ།། །།བྱ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞི་སྟེ། རྟོན་པ་དང། འཇུག་པ་དང་གཅོད་པ་དང་འདོགས་པར་བྱེད་པའོ། །དེ་ལ་སྟོན་པ་ནི་སེམས་ཅན་རྣམས་ལ་སྐྱེས་བུ ་ཆེན་པོ་བཞི་མོ་ས་ཤིང་སྐྱེས་བུ་ཆེན་པོའི་ཐབས་ཤེས་པའོ། །འཇུག་པ་ནི་རྟོགས་པར་ཆུད་པའི་ཐབས་ཤེས་པའོ། །འདོགས་པར་བྱེད་པ་ནི་བསྟན་པའི་ཚུལ་གྱིས་ཡོངས་སུ་སྨིན་པའི་ཐབས་ཤེས་པ་སྟེ། དེའི་དབང་དུ་བྱས་ནས། བཙུན་པ ་ཤ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མི་ཟད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བསྡུས་པའི་དོན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བསྟན་ཏོ། །ཐབས ་མི་ཟད་པ་ཡང་ཐབས་ཀྱིས་བསྒྲུབ་པར་བྱ་པའི་ཆོས་རྣམས་མི་ཟད་པའི་ཕྱིར་དེ་སྒྲུབ་པར་བྱེད་པའི་ཐབས་ཀྱང་མི་ཟད་པའོ། །ཐབས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་ཅིང་སློང་བས་དེ ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ། །རྣམ་པར་བསྒྲུབ་པ་ནི་མ་གྲུབ་པ་འམ། མ་སྐྱེས་པ་ལ་བསྒྲུབས་པ་འམ། སྐྱེད་པར་བྱེད་པའོ། །སློང་པ་ནི་སྐྱེས་པ ་རྣམས་གོང་དུ་འཕེལ་བར་བྱེད་པ་སྐྱེས་དེས་ན་ཐབས་སོ། །ཚིག་འདི་ནི་འདོར་བསྟན་པ་སྟེ། ལྷག་མ་རྣམས་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་ཅིང་སློང་པར་བྱེད་པའི་བཤད་པའོ། །ཐབས་ནི་བྱང་ཆུབ་སེམས་དཔའ་ཨི་དགེ ་བའི་ཆོས་ཐམས་ཅད་ཉེ་བར་གཞོག་པ་ཞེས་བྱ་བ་ནི་ཐབས་ནི་ལྷ་དང་མིར་སྐྱི་པའི་དགེ་བའི་ཆོས་རྣམས་ལ་གནས་པ་འམ། དེ་ལ་གོམས་པར་བྱེད་པའི་དོན་ཏོ། །བསམ་པ་ངེས་པར་སེམས་ཞེས་བྱ་བ་ནི་སེམས་ཀྱི་ཆོས་རྣམས་ལ ་རྟོག་ཅིང་གཏན་ལ་འབེབས་པའི་དོན་ཏོ། །སྦྱོར་བ་རྒྱུན་མི་འཆད་ཅེས་བྱ་བ་ནི་ལུས་དང་ངག་གི་དགེ་བའི་ཆོས་ལ་རྒྱུན་མི་འཆད་པར་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ་།ལྷག་པའི་བསམ་པས་བྱེ་བྲག་ཏུ་འཕགས་པའི་ཆོས་འདོད་ཅེས ་བྱ་བའི་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་ལས་བྱེ་བྲག་ཏུ་འཕགས་པ་ཐེག་པ་ཆེན་པོའི་ཆོས་སེམས་ཐག་བ་ནས་དད་པའི་དོན་ཏོ། །ཐབས་ནི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐབས་ཏེ། དེ་ལ་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མི་འཇིགས་པའི་སྦྱིན་པས་ནི ་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དོ། །ཆོས་སྦྱིན་བས་ནི་བརྩོན་འགྲུས་དང། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་སྐྱེ་བ་ཐམས་ཅད ་འཛིན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་རྣམ་པར་སྨིན་པ་མཐོ་རིས་སུ་ངེས་ཀྱང་ཐབས་ཀྱི་དབང་གི་སེམས་ཅན་གྱི་དོན་སྤྱད་པའི་ཕྱིར་མཐོ་རིས་འབའ་ཞིག་ཏུ་སྐྱེ་བར་མ་ཟད་ཀྱི་སྐྱེ་བ་ཐམས་ཅད་དུ་འབྱུང་བའོ། །ཐབས་ནི་བཟོད ་པས་བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ལ། བཟོད་པ་དང་ལྡན་པས་ལུས་བཟང་བ་དང། ངག་སྙན་པ་དང་སེམས་དང་བ་འགྱུར་ཏེ། ལུས་དང་ངག་ཡིད་དང་བདེ་སེམས་ཅན་གཞན་གྱིས་མཐོང་ཞིང་ཐོས་ན་དད་ཅིང་བྱང་ཆུབ་ཏུ་སེམས ་སྐྱེད་པར་འགྱུར་བས་ཀྱང་བྱང་ཆུབ་ཀྱི་ཕྱིར། ལུས་དང་ངག་དང་སེམས་ཀྱི་རྒྱུན་ཅེས་བྱའོ། །བརྩོན་འགྲུས་ཀྱི་འཇུག་པ་དང། གནས་པ་ལ་བརྩོན་པ་ཞེས་བྱ་བ་ལ། འཇུག་པ་ལ་བརྩོན་པ་དང་གནས་ལ་བརྩོན་པ་ཞེས ་བརྩོན་པའི་ཚིག་གཉིས་ག་དང་སྦྱར་རོ། །དེ་ལ་འཇུག་པ་ལ་བརྩོན་པ་ནི་བྱང་ཆུབ་ཀྱི་རྒྱུའི་དགེ་བའི་རྩ་བ་དང་པོ་རྩོམ་པའོ། གནས་པ་ལ་བརྩོན་པ་ནི་དགེ་བའི་རྩ་བ་བརྩམས་པ་མཐར་ཕྱིན་པའོ། །བསམ་གཏན་གྱིས་བསམ་གཏན་ལས ་ཕྱིར་ལྡོག་པ་ཤེས་པ་ནི་བསམ་གཏན་གྱིས་ཁམས་གོང་མ་དག་ཏུ་སྐྱེས་ཀྱང། ཐབས་ཀྱི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་བྱེད་པའོ། །ཤེས་རབ་ཀྱིས་འདུས་མ་བྱས་སྤོང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་འདུས་མ་བྱས ་རྟོག་ཀྱང་ཐབས་ཀྱིས་ཟིན་པས་འདུས་མ་བྱས་ཀྱིས་དབྱིངས་ལ་མི་གནས་ཤིང་འདུས་བྱས་ཀྱིས་བྱ་བ་རྣམས་ཀྱང་བྱེད་པའོ། །བྱམས་པས་དཔུང་གཉེན་མེད་པ་རྣམས་ཀྱིས་སྐྱབས་ཞེས ་བྱ་བ་ན་ངན་སོང་གི་སྡུག་བསྔལ་མྱོང་བ་དང་རྣམ་པར་གྲོལ་བ་མཐོང་པ་ནི་དཔུང་གཉེན་མེད་པ་སྟེ། དེ་དག་སྐྱེ་འགྲོད་དང་རྣམ་པར་གྲོལ་བའི་བདེ་བ་ཐོབ་པའི་སྐྱབས་བྱེད་པ་ན་ཐབས་སོ། །སྙིང་རྗེས་འཁོར ་བ་ལ་མི་སྨོད་ཅེས་བྱ་བ་ལ། སེམས་ཅན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་སྙིང་རྗེས་འཁོར་བ་སྡུག་བསྔལ་གྱི་གནས་ཡིན་ཡང་སྨོད་པར་མི་བྱེད་པ་ན་ཐབས་སོ། །དགའ་བས་དགའ་བ་དང་མི་དགའ་ ་བ་མི་འབྱེད་པ་ཞེས་བྱ་བ་ལ། ཆོས་ཀྱི་ཀུན་དགའ་ལ་དགའ་པ་དང་འཁོར་བའི་རང་བཞིན་སྡུག་བསྔལ་ཞིང་མི་དགའ་བ་ཅན་ཡིན་ཡང་ཐབས་ཀྱི་དབང་གིས་དེ་ལ་ཇི་མི་སྙམ་པ་ནི་ཐབས་སོ། །བཏང་སྙོམས ་ཀྱི་དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་འཕེལ་ཞེས་བྱ་བ་ལ། བཏང་སྙོམས་ཀྱི་རང་བཞིན་ཇི་འམ་མི་སྤྱོད་པ་ཡིན་པ་ལས། ཐབས་ཀྱིས་དབང་གིས་བཏང་སྙོམས་ཀྱི་དུས་ན་བཏང་སྙོམས་ལས་ཀྱང་མ ་ཉམས་ལ། དགེ་བའི་རྩ་བ་དང་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་འཕེལ་བར་བྱེད་པའི་སྤྱོད་པ་ཡང་མི་གཏོང་བའོ། །ལྷའི་མིག་གིས་སངས་རྒྱས་ཀྱི་སྤྱན་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ལྷའི་མིག ་གིས་སངས་རྒྱས་ཀྱི་སྤྱན་ཐོབ་པ་ཡང་ཐབས་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཐབས་ནི་སེམས་ཅན་དག་གི་བསམ་པ་རྣམས་ལ་འཇུག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་བསམ་པ་དང ་བག་ལ་ཉལ་ཇི་འདྲ་བར་ཤེས་པ་ནི་ཐབས་སོ། །ཐབས་ནི་སྤྱོད་པའི་མཚན་ཉིད་རབ་ཏུ་ཤེས་པའོ་ཞེས་བྱ་བ་ལ། དེ་ལྟར་སེམས་ཅན་རྣམས་ཀྱི་བསམས་པ་ཤེས་པས་སེམས་ཅན་རྣམས་ཀྱི་འདོད ་ཆགས་ལ་སོགས་པ་ཉོན་མོངས་པ་ཆེ་ཆུང་གི་སྤྱོད་པ་རྣམས་ཤེས་པ་ནི་ཐབས་སོ། །བརྒལ་ནས་འཇུག་བ་ནི་བསམ་གཏན་ལ་སོགས་པས་གོང་མ་རྣམས་སུ་ཕྱིན་ཀྱང་ཐབས་ཀྱི་དབང་གིས་དེ་ནས་སླར་ལྡོག་ཅིངས ་འོག་མ་དག་ཏུ་འཇུག་ཅིང་སྤྱོད་པའོ། །ཉོན་མོངས་པ་མེད་པས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཤེས་བྱ་དང། ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ། ཉོན་མོངས་པ་མེད་པར་མ་གྱུར་ཀྱང། སེམས་ཅན ་གྱི་དོན་དུ་འཁོར་བ་ན་སྤྱོད་ཅིང་ཉོན་མོངས་པའོ། །ཁུར་པོར་བས་ཁྱེར་བ་ནི་ཕུང་པོ་ལྔའི་ཁུར་པོར་ཏེ། ཟག་པ་མེད་པར་གྱུར་ཀྱང་ཐབས་ཀྱི་བདག་གི་སེམས་ཅན་གྱི་དོན་སྤྱོད་ཅིང་ཕུང་པོའི་ཁུར་ལེན་བའོ། ་ཚད་ཡོད་པར་ཚད་མེད་པར་སྟོན་པ་ནི་ཆོས་ཀྱི་མདོ་བཞི་ལྟ་བུ་ལ་སོགས་པ་ཚད་ཡོད་དག་ལས་སེམས་ཀྱི་སྤྱོད་པ་དང་སྦྱར་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཚད་མེད་པར་སྟོན་ཅིང་འཚང ་བའོ། །ཚད་མེད་པ་ཚད་ཡོད་པར་སྟོན་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཡང། ཆོས་ཀྱི་མདོ་བཞིར་ཉུང་དུར་བསྡུས་ནས་འཆད་པའོ། །དབང་པོ་ཞན་པ་རྣམས་ལ་གསལ་བར་བྱེད་པ ་ནི་དབང་པོ་རྟུལ་བ་རྣམས་ལ་ཡང་སྟོན། མཁས་པའི་ཐབས་ཀྱིས་དོན་དཀའ་བ་རྣམས་གསལ་བར་གོ་བར་བྱེད་པ་འམ། དབང་པོ་རྣོ་བར་བྱེད་པའོ། །དུས་དང་དུས་མ་ཡིན་པ་ཤེས་པ་ནི་བྱ་བ་དང། མི་བྱ ་བའི་དུས་ལ་མཁས་པའོ། །ལམ་ནས་ལམ་ངན་པར་འགྲོ་བ་ནི་འཕགས་པའི་ལམ་ལ་གནས་ཀྱང་འཁོར་བའི་ལམ་དུ་ཡང་འགྲོ་བའོ། །མྱུར་དུ་ལས་མང ་པོ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་དངོས་པོ་ཆུང་ངུ་ཡང་བསམ་པ་དག་པས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་མང་པོ་དང་འབྲས་བུ་ཆེན་པོ་ཐོབ་པར་བྱེད་པའོ། །མང་པོ་ལས་ཚད་མེད་པར་བྱེད་པ་ནི་སྦྱིན་པ་ལ ་སོགས་པ་དངོས་པོ་ཆེན་པོ་བསྔོ་བ་ཡོངས་སུ་དག་པས་ཚད་མེད་པར་བྱེད་པའོ། །བྱེད་པའི་སེམས་ཅན་རྣམས་འདུམ་བར་བྱེད་བ་ནི་སེམས་ཅན་ཕན་ཚུན་བྱ་བ་དང་དགེ་བའི་རྩ་བ་དང་བྲལ་བར་གྱུར་པ ་རྣམས་འདུམ་པར་བྱེད་ཅིང་དགེ་བའི་རྩ་བ་ལ་འཇོག་པར་བྱེད་པའོ། །ཐ་མ་དང་འབྲིང་དང་རབ་བདག་ནས་པ་ནི་སེམས་ཅན་རབ་འབྲིང་གསུམ་དང་མཐུན་པར་སྤྱོད་ཅིང་སྟོན་པའོ། །མྱ་ངན་ལས་འདས་པའི ་རིགས་པ་ལས་འཁོར་བའི་རིགས་པར་ལྷུང་པ་ནི་མྱ་ངན་ལས་འདས་པར་སྦྱོར་བ་འམ། སྤྱོད་པས་མྱ་ངན་ལས་འདས་པ་ཐོབ་ཀྱང། །དེ་ན་མི་གནས་པར་འཁོར་ཡང་སྤྱོད་ཅིང་འཇུག་པ་སྟེ། རིགས་པ་ཞེས་བྱ ་བ་ནི་སྐབས་འདིར་སྦྱོར་བ་འམ་སྤྱོད་པ་ལ་བྱའོ། །ཐར་པ་ལས་བཅིངས་པ་ཚལ་བ་ནི་ཉོན་མོངས་པ་ལ་སོགས་པའི་བཅིངས་ལས་ཐར་ཀྱང་སེམས་ཅན་གྱི་དོན་སྤྱོད་པ་ལ་ཐབས་ཀྱི་ཉོན་མོངས་པ་དང་བཅས་པ་དང ་སྟོན་པའོ། །ཤེས་བྱ་ཟད་པར་བྱེད་དེ། །ཤེས་བྱ་ཟད་པར་ཡང་མི་ལྟུང་ཞེས་བྱ་བ་ནི་འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་ཤེས་པར་བྱ་བ་རྣམས་ཟད་ཅིང་སྟོང་པར་ཆུད་ཀྱང་ཐབས་ཀྱིས་ཀུན་ཏུ་སྤྱད་པ ་མི་སྟོང་པའི་ཕྱིར་སྟོང་པའི་མཐར་ཡང་མི་ལྟུང་བའོ། །སྤྱོད་ལམ་ཐམས་ཅད་འཁྲུག་པར་བྱེད་པ་ལ་སྤྱོད་ལམ་རྣམས་ལས་ཀྱང་མི་ཉམས་སོ་ཞེས་བྱ་བ་ནི་ཐབས་ཀྱིས་སེམས་ཅན་གྱིས་དོན་སྤྱོད་པའི་ཚེ་བསམ ་གཏན་དང་ཏིང་ངེ་འཛིན་ལ་སོགས་པའི་སྤྱོད་པ་ལས་ལོངས་ཀྱང་བསམ་གཏན་དང། ཏིང་ངེ་འཛིན་གྱི་དོན་ལས་ཉམས་པར་ཡང་མི་འགྱུར་བའོ། །སེམས་ཅན་ལྟ་བའི་ཚུལ་ཁྲིམས་ལ་མ་ཡིན་པ་ནི ་འཕགས་པ་ཉན་ཐོས་ལ་སོགས་པ་ལྟར་ཐབས་མེད་པ་ནི་མ་ཡིན་གྱི། སེམས་ཅན་གྱི་དོན་དུ་སྤྱོད་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཡིན་པས་སེམས་ཅན་གྱི་དོན་མཐོང་ན། སོ་སོ་ཐར་པའི་སྡོམ་པ ་ལ་མི་ལྟ་བའོ། །བསྡུ་བས་ལྟ་བ་ལ་བརྟེན་ཅིང་རྩོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྣམས་བསྡུ་ཞིང་དྲང་པའི་ཕྱིར་དོན་མཐུན་པར་སྤྱད་པ་ལ་སོགས་པའི་སྒོ་ནས་འདུལ་ཞིང་དྲང་བར་བྱ་བའི་སེམས་ཅན་དེ ་དག་གི་ལྟ་བ་ཡང་ཕྱོགས་ཤིང་རྟེན་གྱི་མུ་སྟེགས་ཅན་ལ་སོགས་པ་ལྟར་ལྟ་བ་དེས་མཆོག་ཏུ་འཛིན་ཅིང་རྩོད་པས་ནི་མ་ཡིན་པའོ། །སྒྲ་འབྱིན་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བརྗོད་དུ་མེད་པར་རྟོགས་ཀྱང། སེམས ་ཅན་གྱི་དོན་དུ་ཐབས་ཀྱི་སྒྲ་དང་ཚིག་གི་སྒོ་ནས་ཆོས་སྟོན་པའོ། །ཁམས་གསུམ་པ་སྤྱོད་ཡུལ་པ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་ཏེ་ཁམས་གསུམ་ལས་འདས་ཀྱང་སེམས་ཅན་གྱི་དོན་དུ་ཁམས ་གསུམ་ན་སྤྱོད་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པའི་མཚན་ཉིད་སྤྱོད་ཡུལ་པ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་མཚན་ཉིད་ལ་སྤྱོད་པའོ། །འཕགས་པ་མ་ཡིན་པའི་སྐྱེ་བོ?་དང་འདྲེས་ཀྱི ་འཕགས་པའི་སྐྱེ་བོ་དང་མ་འདྲེས་པ་ནི་བདག་ཉིད་འཕགས་པར་གྱུར་ཀྱང་འཕགས་པའི་ས་ནི་མི་གནས་པར་སོ་སོའི་སྐྱེ་བོའི་ས་ནས་གནས་ཤིང་སྤྱོད་པའོ། །མྱ་ངན་ལས་འདས ་པ་ལ་རྒྱབ་ཀྱིས་བལྟས་ཤིང་འཁོར་བ་ལ་མངོན་དུ་ཕྱོགས་པ་ནི་མྱ་ངན་ལས་འདས་པ་ཐོབ་ཀྱང་དེ་ལ་མི་ཕྱོགས། མི་གནས་པར་སེམས་ཅན་གྱི་དོན་དུ་འཁོར་བ་ལ་ཕྱོགས་ཤིང་སྤྱོད་པའོ། །བདུད་ཀྱིས ་སྤྱོད་ཡུལ་ན་ཉོན་མོངས་པ་མེད་པར་སྨད་པ་ནི་འདོད་པའི་ཁམས་བདུད་ཀྱི་སྤྱོད་ཡུལ་ན་འདུག་ཀྱང་འདོད་པ་དང། བདུད་ཀྱི་དབང་དུ་མི་འགྱུར་བའོ། །ཐམས་ཅད་ནས་ཐམས་ཅད་དེ་ཐམས་ཅད་ནས་ཐམས་ཅད ་པ་ཡང་མ་ཡིན་པ་ནི་ཐབས་མཁས་པས་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ལས་དངོས་པོ་ཐམས་ཅད་སྐྱེ་བར་ཤེས་ཤིང་འབྱུང་བར་ཡང་ནུས་ལ། དོན་དམ་པར་དངོས་པོ་ཐམས་ཅད་གང་ལས་ཀྱང་གཅིག་ཀྱང་མི་སྐྱེ་བར ་རྟོག་པའོ། །ཐབས་མི་ཟད་པ་བཤད་ཟིན་ཏོ།། །།དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞི་སྟེ། སྐྱེས་བུ་ཆེན་པོར་གྱུར་པ་དང། སེང་གེའི ་སྒྲ་ཆེན་པོ་ཅན་དང་ཤིན་ཏུ་དམ་བཅས་པ་ཅན་དང། མི་བརྗེད་པའི་ཆོས་ཅན་ནོ། །སེམས་ཅན་གྱི་མཆོག་དམ་པ་སྐྱེས་བུ་ཆེན་པོ་ཞེས་བྱ་བ་ནི། གང་མཆེན་དང་དཔེ་བྱད ་རྣམས་དང་ལྡན་པ་ཡོན་ནོ། །སེང་གེ་སྒྲ་ཆེན་པོ་ཅན་ནི་གང་སྟོབས་བཅུ་ཐོབ་པ་སྟེ། ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པ་དང། ཁྱུ?་མཆོག་གི་གནས་ཆེན་པོ་རབ་ཏུ་ཤེས ་ཤིང་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང། འཁོར་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་བྱེད་པའོ། །ཤིན་ཏུ་དམ་བཅས་པ་ནི་མི་འཇིགས་པ་བཞི་ཐོབ་པ་བདག་གིས་ཤེས་པ་དང། སྤོངས་པ་ཡང་ཡང་དག ་པར་རབ་ཏུ་ཤེས་ལ། གཞན་གྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡང་རབ་ཏུ་ཤེས་པའོ། །མི་བརྗེད་པའི་ཆོས་ཅན་སེམས་ཅན་མཆོག་དམ་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་སྟེ། ་སྤྱོད་པ་ཕུན་སུམ་ཚོགས་པ་དང། རྙེད་པ་ཕུན་སུམ་ཚོགས་པ་དང། ནན་ཏན་ཕུན་སུམ་ཚོགས་པའོ། །བཙུན་པ་ཤ་རདྭཱ་ཏིའི་བུ་གཞན་ཡང་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ ་བརྒྱད་ཅུ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཐབས་ཀྱི་བར་དུ་མིང་གིས་སྨོས་པ་དེ་རྣམས་མི་ཟད་བ་བརྒྱད་ཅུ་ཞེས་བྱ་སྟེ། དེ་དག་མི་ཟད་པ་ཡང་རྟག་ཏུ་དགེ་བ་དང་ངོ་བོ་ཉིད་མི་ཉམས་པ་དང། ་ངོ་བོ་ཉིད་མི་གཏོང་པ་དང། བདག་གི་ལས་བྱེད་པ་དང། རྟག་ཏུ་འབྲས་བུ་ཡོངས་སུ་འཛིན་པ་དང་རྒྱུ་ཡོངས་སུ་མི་ཟད་པ་དང། དོན་དམ་པར་མི་ཟད་པའོ། །དེ་ལ་རྟག་ཏུ་དགེ་བས་མི ་ཟད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བརྒྱད་ཅུ་པོ་དེ་རྣམས་ནམ་ཡང་མི་དགེ་བར་མི་འགྱུར་གྱི། རྟག་ཏུ་དགེ་བའི་རྒྱུན་མི་འཆད་བའི་ཕྱིར་རོ། །ངོ་བོ་ཉིད་མི་ཉམས་པ་ནི་བརྒྱད་ཅུ་པོ་དེ་རྣམས ་ཀྱི་རང་བཞིན་བྲི་བར་ཞིང་ཉམས་པར་མི་འགྱུར་བའི་ཕྱིར་རོ། །ངོ་བོ་ཉིད་མི་གཏོང་བ་ནི། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་བརྒྱད་ཅུ་པོ་དེ་རྣམས་ཀྱི་ངོ་བོ་ཉིད་མེད་པའམ། གཞན་དུ་མི་འགྱུར་བའི། ་ཕྱིར་མི་ཟད་པའོ། །བདག་གིས་ལས་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བརྒྱད་ཅུ་པོ་དེ་རྣམས་རང་རང་གི་དམིགས་པའམ་བྱ་བ་གང་ཡིན་པ་ལས་མི་འགྱུར ་པའོ། རྟག་པར་འབྲས་བུ་ཡོངས་སུ་འཛིན་པ་ནི། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་སོ་སོའི་འབྲས་བུ་གང་ཡིན་པ་ཐོབ་པར་བྱེད་དེ། འབྲས་བུ་མེད་པར་མི་འགྱུར་པའི་ཕྱིར་མི་ཟད་པའོ། །རྒྱུ ་ཡོངས་སུ་མི་ཟད་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་དེ་སྐྱེ་བའི་རྒྱུ་ནི་སེམས་ཅན་ལ་དམིགས་པ་སྟེ། དམིགས་པར་བྱ་བའི་སེམས་ཅན་རྣམས་མི་ཟད་པས་ན་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དེ་དག་ཀྱང་མི་ཟད ་པའོ། །དོན་དམ་པར་མི་ཟད་པ་ནི་དོན་དམ་པར་བརྒྱད་ཅུ་པོ་དེ་དག་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་སྟེ། དེ་བཞིན་ཉིད་ནི་ནམས་ཀྱང་འགྱུར་བ་མེད་པའི་ཕྱིར་མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱ་བ་ཡན་ཆད་བསྟན ་པ་རྫོགས་པས་དོན་བཅུ་བསྟན་ཏེ། བསྟན་པའི་བདག་ཉིད་ཆེན་པོ་དང། སྟོན་པ་ལ་མཆོད་ཅིང་བསྟོད་པ་དང། སྟོན་པས་རྗེས་སུ་ཡི་རང་བ་དང། དགེ་བའི་བཤེས་གཉེན་དང་བསྟན་པ་ལ་དྲིན ་གཟོ་ཞིང་རྗེས་སུ་ཡི་རང་བ་དང། སྟོན་པ་དང་བསྟན་པ་ཅེས་པར་བྱ་བ་དང། དེའི་རྒྱུ་བརྗོད་པ་དང། བསྟན་པ་བསྲུང་བར་དམ་བཅས་པ་དང། བསྟན་པ་གཏང་བ་དང། འགལ་བ་སྟོན་པ ་ལ་བཟོད་པར་གསོལ་བ་དང། མཚན་དྲི་བ་དང་བཙུན་དུ་བྱ་བའོ། །མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱ་བ་ནས་བརྩམས་ཏེ། བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ཡན་ཆད་ཀྱི་བསྟན་པའི་བདག་ཉིད ་ཆེན་པོ་བསྟན་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་ཞེས་བྱ་བ་ནས་བརྩམས་ཏེ། མི་ཟད་པ་འདི་དང་ལྡན་པར་འགྱུར་རོ་ཞེས་བརྗོད་པ་ཆེད་དུ་བརྗོད་དོ་ཞེས་བྱ་བ་ཡན་ཆད་ཀྱི་སྟོན་པ་ལ་མཆོད་ཅིང་བསྟོད ་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གྱི་མཆོད་རྟེན་ལགས་སོ་ཞེས་གསོལ་ཏོ་ཞེས་བྱ་བ་ཡན་ཆད་ཀྱིས་སྟོན་པ་རྗེས་སུ་ཡི་རང་བར་བསྟན་ཏོ། །དེ ་ནས་ཕྱོགས་བཅུ་ཀུན་ནས་ཞེས་བྱ་བ་ནས་བརྩམས་ཏེ་དགའ་བ་འདི་དག་གཏང་ངོ་ཞེས་བྱ་བ་ཡན་ཆད་ཀྱི་དགེ་བའི་བཤེས་གཉེན་དང་བསྟན་པ་ལ་དྲིན་གཟོ་ཞིང་རྗེས་སུ་ཡི་རང་བ་བསྟན་ཏོ། །དེ་ནས་ཐམས་ཅད་དང་ལྡན ་པའི་འཁོར་ཅེས་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡན་ཆད་ཀྱིས་སྟོན་པ་དང་བསྟན་པ་ཞེས་བྱ་བར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་ཞེས་བྱ་བ་ནས ་བརྩམས་ཏེ། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞོལ་བ་ཡིན་ནོ་ཞེས་བྱ་བ་ཡན་ཆད་ཀྱི་དེའི་རྒྱུ་བརྗོད་པ་བསྟན་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ། བག་ཙམ་གྱིས་ཀྱང་བར་ཆད ་བགྱིད་དུ་མི་མཆིའོ། །ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པ་བསྲུང་བར་དམ་བཅས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཞེས་བྱ་བ་ནས་བརྩམས་ཏེ། ལེགས་སོ་ལེགས་ཞེས་བྱ་བ ་ཡན་ཆད་ཀྱིས་བསྟན་པ་གཏད་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ཞེས་བྱ་བ་ནས་བརྩམས་ཏེ། ཁྱོད་འདྲ་བའི་སྐྱེས་བུ་དམ་པ་རྣམས་ལ་ཤིན་ཏུ་བཟོད་དོ ་ཞེས་བྱ་བ་ཡན་ཆད་ཀྱིས། འགལ་བ་སྟོན་པ་ལ་བཟོད་པར་གསོལ་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་བརྩམས་ཏེ། འདི་ཇི་ལྟ་བུར་གཟུངས ་བར་བགྱི་ཞེས་བྱ་བ་ཡན་ཆད་ཀྱིས་མཚན་དྲི་བ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་བ་རྣམས་ཏེ། སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱི་མཚན་དུ ་བྱ་བར་བསྟན་ཏོ། །མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱ་བ་ནི་མདོ་སྡེ་འདི་ལས་མི་ཟད་པར་གཏོགས་པའི་ཆོས་དཔག་ཏུ་མེད་པ་འབྱུང་བ་ནི་མི་ཟད་པའི་ཆོས་ཀྱི་སྒོ་ཞེས་བྱའོ། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅེས་བྱ ་བ་ནི་དགའ་བ་དང། གཟེངས་མཐོས་པའི་ཚིག་འདི་སྐད་དུ་སྨྲས་སོ་ཞེས་བྱ་བའི་དོན་ཏོ། །མི་ཟད་པའི་རྣམ་པས་བསྟན་ཅེས་བྱ་བ་ནི་མི་ཟད་པའི་ཚུལ་གྱིས་བསྟན་ཅེས་བྱ་བའི་དོན་ཏོ། །ཆོས་ཀྱི་དགབ་པའི་ཕྱིར ་ཞེས་བྱ་བ་ནི་ཆོས་ཕྱིན་ཅི་མ་ལོག་པར་བཤད་པས། དེའི་ཕྱིར་བྱིན་པ་ནི་ཆོས་དགབ་པའི་ཕྱིར་བྱིན་པའོ། །ལེགས་སོ་ལེགས་སོ་ཞེས་ལན། གཉིས་སུ་སྨྲས་པ་ནི་དོན་དམ་པ་གཉིས་ཀྱི་ཕྱིར་ཏེ། གདོན་མི་ཟ་བ་དང ་གཞན་མ་ཡིན་པའོ། །གདོན་མི་ཟ་བ་ནི་ངེས་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བས། ལེགས་སོ་ཞེས་བྱ་བ་དང་པོ་གསུངས་སོ། །ཕྱིན་ཅི་མ་ལོག་པར་བཤད་དེ་དོན་གཞན་མ་ཡིན་པས་ལེགས་སོ་ཞེས་བྱ ་བ་གཉིས་པ་གསུངས་སོ། །ལེགས་པར་སྨྲས་སོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་ནི་བཅོམ་ལྡན་འདས་ཀྱིས་སྐུ་ལ་གསོལ་བའོ། །མཆོད་རྟེན་ལས་གསོ་ཞེས་བྱ་བ་ནི ་མྱ་ངན་ལས་འདས་པ་འདོད་པའི་སེམས་ཅན་རྣམས་དགེ་བ་བསགས་པར་བྱ་བའི་ཕྱིར་ཕྱག་འཚལ་བ་དང་བསྐོར་བའི་གནས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ནི་བློ་གྲོས་མི་ཟད་པའིའོ། །ཡང་དག་པའི་?་? ་བརྗོད་པ་ནི་དེའི་མཐུ་དང་ལྡན་པ་བདག་ཉིད་ཆེན་པོ་བརྗོད་པའོ། །བལྟ་བ་ནི་ཤའི་མིག་གིས་སོ། །ཕྱག་འཚལ་བ་ནི་ལུས་འདུད་པའོ། །མཆོད་པ་ནི་མེ་ཏོག་ལ་སོགས་པས་སོ། །བསྙེན་བཀུར་ནི་བསྐོར་བ་ལ་སོགས་པའོ། ། ་ཉན་པ་ནི་དང་པོ་ཉིད་དུ་ཚིག་དང་ཡི་གེ་ཉན་པའོ། །མོས་པ་ནི་སེམས་དང་ཞིང་ཡིད་ཆེས་པར་བྱེད་པའོ། །ཡོངས་སུ་འདྲི་བ་ནི་གཞུང་ཐམས་ཅད་གླེགས་བམ་དུ་འདྲི་བའོ། །འཛིན་པ་ནི་ཡི་གེ་དང་དོན་གཉིས་ཀྱིས་གླངས་པའོ། །འཆང ་བ་ནི་ད་ལྟར་བཟུང་ནས་བརྗེད་པར་བྱ་བ་མ་ཡིན་གྱི། །དུས་ཐམས་ཅད་མི་བརྗོད་པར་འཆད་པའོ། །གློག་པ་ནི་དེ་ལྟར་མི་བརྗོད་པར་བཟུང་བ་དང་དེ་ཕྱིར་ཞིང་ཡི་གེ་ལྟ་ཞིང་ཀློག་པའོ། །སྟོན་པ་ནི་ཇི་ལྟར་བཟུང་བའི་ཆོས་གཞན་ལ་ཡང ་འཆད་པའོ། །ཀུན་ཆུབ་པར་བྱེད་པ་ནི་བཟུང་བ་དང། འཆང་བ་དང། ཀློག་པ་དེ་དག་གང་ཡང་རུང་བ་མགོ་འཇུག་ཏུ་ཕྱིན་པར་བྱེད་པའོ། །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ནི། དོན་དང་ཚིག་དེ་དག་སེམས་ཅན་ཀུན་ལ ་རྒྱ་ཆེར་སྤྲོས་དེ། བཤད་པའོ། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནི་རིགས་ལྔ་ལས་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་ལ་བྱ་བར་དགོངས་སོ། །བསྒོམ་པའི་རྣལ་འབྱོར་ལ་བརྩོན་པར་གནས་པ་ནི་བདག་ཉིད་མི་ཟད ་པའི་དོན་བསྒོམ་པ་ལ་རྒྱུན་དུ་བརྩོན་པའོ། །བྱང་ཆུབ་ཀྱི་སེམས་མ་བརྗེད་པ་ཞེས་བྱ་བ་ནི་གཞན་ལ་ཕན་པར་འདོད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །བསྐྱེད་པར་མི་ནུས་པ་ནི་བཟོད་པ་དེ་དཀྲུག་ཅིང་མེད་པར་བྱར ་མི་ནུས་པའོ། །ཆོས་ཐམས་ཅད་ཀྱིས་རྗེས་སུ་སོང་བའི་བཟོད་པ་ཞེས་བྱ་བ་ནི་མི་ཟད་པའི་ཆོས་རྣམས་དང་མཐུན་པར་བཟོད་པའོ། །སྦྱོར་བ་ནི་སེམས་པའོ། །ངེས་པར་སེམས་པ་ནི་ཕྱིན་ཅི ་མ་ལོག་པར་རྟོགས་པའོ། །མི་གཡེང་བ་ནི་གཡེང་བ་མེད་པའོ། །གཞན་གྱི་དྲིད་ལ་མི་འཇོག་པར་ཤེས་པ་ནི་གཞན་ལ་རྟེན་མི་དགོས་པར་ཤེས་པའོ། །རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་ནི་མི་ཟད་པ་རྣམས་ཀྱི་མཚན ་ཉིད་སོ་སོ་མ་འདྲེས་པར་དབྱེ་བ་ཤེས་པའོ། །སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །རྒྱ་ཞེས་བྱ་བ་ནི་ས་བཅུར་འདྲེས་པར་བྱེད་པར་གཞི་པ་དང་རྟེན་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །རྒྱ་འདི་ལ་ཡང ་དག་པར་གཞོལ་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདི་སྒྲུབ་ན་ཆོས་ཀྱི་རྣམ་གྲངས་ཐམས་ཅད་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་བསྲུང་བ་བགྱི་ཞེས་བྱ་བ་ནི་ཆོས་འཆད་པ་ལ་བར་ཆད་མེད་པར་བསྲུང་བའོ། ་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་བཏགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྟོབས་ནི་བདུད་ཀྱི་འཁོར་གྱི་གཡོག་རྣམས་སོ། །བསྲུང་བ་དང་སྐྱབས་པ་དང་སྦ ་བ་ནི་མི་དགེ་བའི་ལས་རྣམ་པ་གསུམ་ལས་སོ། །དེ་ལ་མཐོང་བའི་ཆོས་ལ་མྱོང་བའི་ལས་ནི་སྐྱབས་པའོ། །ཚེ་རབས་གཞན་དུ་མྱོང་བའི་ལས་ལས་ནི་སྦ་བའོ། །ཡང་ན་གནོད་པ་རྣམ་པ་གཉིས་ལས་འབྱུང་སྟེ། རང ་གི་རྐྱེན་ལས་འབྱུང་བ་དང། གཞན་གྱི་རྐྱེན་ལས་འབྱུང་བའོ། །གཞན་གྱི་རྐྱེན་ལས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་མ་ཡིན་པའི་གྲངས་ཀྱི་རྐྱེན་ལས་འབྱུང་བ་དང། སེམས་ཅན་གྱི་གྲངས་ཀྱི་རྐྱེན་ལས་འབྱུང ་བའོ། །དེ་ལ་བདག་གི་ལས་ཀྱི་རྐྱེན་ལས་འབྱུང་བ་ནི་རྒྱས་པར་ལས་ནི་བསྲུང་བའོ། །སེམས་ཅན་མ་ཡིན་པའི་གྲངས་ཀྱི་གནོད་པ་རླུང་དང་ཚ་བ་ལ་སོགས་པ་ལས་ནི་བསྐྱབ་པའོ། །སེམས་ཅན་གྱི་དྲངས་གྱི་གནོད་པ་བརྡེག་པ་དང་བཅིང་བ་ལ་སོགས་པ ་ལས་ནི་སྦ་བའོ། །སྙིང་ལས་ཆུང་ངུར་གྱིས་ཤིག་ཅེས་བྱ་བ་རྣམ་པར་དབྱེ་བའི་སྒོ་ནས་ཁྱོད་འབད་མི་དགོས་ཞེས་བྱ་བའི་དོན་ཏོ། །དམ་པའི་ཆོས་བཟུང་བ་ནི་འཇིག་རྟེན་དུ་རིང་གནས་ཤིང་མི་ནུས་པར་བྱའོ། །སླད་མའི་དུས་ལྔ་བརྒྱ ་ཐ་མ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་འཕེལ་བ་དང། འགྲིབ་པའི་ཚུལ་བསྟན་པའི་ཕྱིར་དུས་ཀྱི་ཁྱད་པར་བརྗོད་པའོ། །དེ་ཡང་དཔེར་ན་མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ཏེ། ལུས་དང ་ཤེས་རབ་དང། རྩལ་ལ་སོགས་པ་འཕེལ་ཞིང་སྐྱེ་བའོ། །དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མའི་ལྔ་བཅུ་ནི་འགྲིབ་པའི་དུས་ཏེ། ལུས་དང་ཤེས་རབ་དང་རྩལ་ལ་སོགས་པས་ཤིན་ཏུ་ཉམས་ཤིང་བྲི་ནས་ཐ་མར་རྒ་ཤི་ལ་ཐུག ་སྟེ་མེད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཤིག་འཛམ་བུའི་གླིང་ན་གནས་སོ། །དེའི་ཕྱེད་དུ་བགོས་ཏེ་ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ ་བཞག་ལ། ལྔ་བརྒྱ་ཕྱི་མ་ནི་འགྲིབ་པའི་དུས་སུ་བཞག་གོ་།འཕེལ་བ་ནི་ལོ་བརྒྱད་ཅུའི་བར་དུ་ཤཱཀྱ་ཐུབ་པ་མྱ་ངན་ལས་མི་འདའ་སྟེ། དེའི་དུས་སུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་འཕགས་པ་ཕྱོགས་བཅུ་ནས ་དགེ་བའི་རྩ་བ་སྨིན་ཏེ། ལྷག་མ་རྣམས་ཀྱང་ཤིན་ཏུ་ལྷག་པར་རྣམ་པར་འགྲེལ། གཞན་ལྷ་དང་མི་ལ་སོགས་པ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་བཀས་བསྟན་ཅིང་མངོན་སུམ་ཡོངས་སུ་སྨིན་ཏེ། ཡོངས་སུ་བཀྲོལ་བས་ལྷག་པར ་འབྲས་བུ་འཐོབ་བོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་སྔ་མ་མ་འདས་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་དག་སངས་རྒྱས་ཀྱི་བསྟན་པ་རྣམས་ཤིན་ཏུ་འཛིན་ཅིང་འཛམ་བུ ་གླིང་ན་ཁྱབ་པར་གྲངས་མང་དུ་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨན་པ་དང་ཡོངས་སུ་གྲོལ་བར་བྱས་ཏེ་འབྲས་བུ་ཐོབ་པར་གྱུར་ཏོ། །དཔེར་ན་དུས་དེའི་ཚེ་ན་གཏམ་དུ་བརྗོད་པ། འཕགས་པ་ཉན་ཐོས ་ཨུ་བ་གུཔཏ་ཞེས་བྱ་བ་ཞིག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་བཟུང་ནས་སེམས་ཅན་གྲངས་མེད་པ་བསྒྲལ་ཏེ། ཇི་སྙེད་ཅིག་བསྒྲལ་བ་དེ་དག་བྱང་བུ་ལ་བྱིས་ཤིང་བསགས་པས་རང་གི་ཁང་པ་གང་ངོ་ཞེས་བྱ་བ་དང། དགེ ་སློང་ངེས་བདུད་ཀྱང་བརྟུལ་ཏེ་དགེ་སློང་དེས་དུས་གཞན་ཞིག་ན། བསམ་གཏན་བྱེད་པའི་ཚེ་དེའི་ཐད་དུ་བདུད་ཅིག་འོངས་པས་མཆེར་བར་མགོ་ལ་མེ་ཏོག་གི་ཕྲེང་བ་བཞག་གོ་།དེ་ནས་དགེ་སློང་དེས་ཀྱང་ཚོར་ཏེ་བདུད་དེ་ལ ་གདུལ་བའི་སྐབས་སྣང་ངོ་སྙམ་ནས། །ཁྱི་རོ་འབུ་ཅན་ཞིག་ཏུ་སྤྲུལ་ཏེ་བདུད་ཀྱི་ལུས་ལ་སོ་མ་དོར་བཏབས་ནས། བདུད་ཀྱིས་དོར་དུ་མི་ནུས་པར་བྱིན་གྱིས་བརླབས་སོ། །དེ་ནས་བདུད་དེ་རང་གི་དོར་མི་ནུས་ནས་བརྒྱ་བྱིན་གྱི་ཐད་དུ ་ཕྱིན་ཏེ། གསོལ་བ་བཏབ་ན་དེས་ཀྱང་གྲོགས་མ་བྱས་སོ། །དེ་ཚངས་པའི་ཐད་དུ་ཕྱིན་ཏེ། གསོལ་བ་བཏབ་ན་ཡང་ཚངས་པས་ཀྱང་མ་བཀྲོལ་ཏེ། ཐ་མ་དགེ་སློང་གི་མགོ་ལ་མེ་ཏོག་བཞག་པས་ཉེས་སོ་ཞེས་དགེ་སློང་གི་ཐང་དུ ་བཏང་ངོ། །དེ་ནས་དགེ་སློང་ལ་ཕྱག་འཚལ་ཏེ། གསོལ་བ་བཏབ་ནས་དགེ་སློང་ཨུ་པ་གུཔཏ་སྔོན་སངས་རྒྱས་མ་མཐོང་བ་དེ་བདུད་ཀྱི་སངས་རྒྱས་མཚན་དང་ལྡན་པ་ཉན་ཐོས་ཀྱི་འཁོར་དང་བཅས་པ་ཅིག་སྤྲུལ་ཏེ་བསྟན་ན་ཁྱི་རོ ་དཀྲོལ་བར་དམ་བཅས་ཏེ་ཁྱི་རོ་བགྲེལ་ནས་སངས་རྒྱས་འཁོར་དང་བཅས་པར་སྤྲུལ་ནས་བསྟན་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་ལྔ་བརྒྱ་སྔ་མ་ནི་དུས་བཟང་པོ་སྟེ་དུས་དེ་ལ་བལྟོས་ནས་ཁྱད་པར་དུ་སྨྲས་པ་ནི་ལྔ་བརྒྱ་ཕྱི་མ་ཞེས་པའོ། དེ་ལྟ་མོད་ཀྱི་ལྔ ་བརྒྱ་ཕྱི་མའི་དུས་དེ་ན་ཡང་ལོ་ལྔ་བརྒྱའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ལ་སོགས་པ་འཕགས་པ་གྲངས་མང་འཛམ་བུའི་གླིང་ན་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨིན་པ་དང། ་ཡོངས་སུ་དཀྲོལ་ཏེ་འབྲས་བུ་ཐོབ་པར་བྱས་སོ། །དེ་ལྟར་འབྲས་བུ་ཐོབ་པ་ལ་སོགས་པར་གྱུར་ཀྱང། ལྔ་བརྒྱ་སྔ་མ་དང་སྦྱར་ན་དེའི་དུས་ངན་པའི་ཕྱིར་ལྔ་བརྒྱ་ཕྱི་མ་ཞེས་སྨོས་ཏེ། ལྔ་བརྒྱ་ཕྱི་མའི་མགོ་ནས་སངས་རྒྱས་ཀྱི་ཆོས་ནམ་འཛམ་བུའི་གླིང་ན ་མེད་པར་མ་གྱུར་གྱི་བར་དུ་ལྔ་བརྒྱ་ཕྱི་མ་ཞེས་བྱ་བའི་དུས་སུ་བསྡུའོ། །ལྔ་བརྒྱ་ཕྱི་མའི་དང་མཚུན་ཆད་དུས་ངན་པར་བཞག་མོད་ཀྱི་འོན་ཀྱང་ལོ་ལྔ་བརྒྱའི་བར་དུའི་དུས་ངན་པའི་ནང་ནས་ཀྱང་འབྲས་བུ་ཐོབ་པ་ཤིན་ཏུ་མི་དཀའ་བའི་ཕྱིར། དུས ་ངན་པའི་ཡང་ངན་པ་ཁྱད་པར་དུ་སྨོས་པའོ། །ལྔ་བརྒྱ་ཕྱི་མའི་ལོ་འདས་ཕྱིན་ཆད་ནས་ཆོས་མེད་ཀྱི་བར་དུ་དུས་ངན་པའི་ཡང་ངན་པ་བཞག་མོད་ཀྱི། །དེའི་ཚེ་ན་ཡང་བརྩོན་འགྲུས་དང་ནན་ཏན་བྱས་ནས་འབྲས་བུ་མི་འཐོབ་པ་ཡང་མ་ཡིན ་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་འགའ་ཙམ་འཇིག་རྟེན་དུ་མི་འབྱུང་བ་ཡང་མ་ཡིན། །བདག་བློ་གཞན་པས་ཞེས་བྱ་བ་ནི་བདག་གི་ཤེས་རབ་དང་ཡེ་ཤེས་ཆུངས་པས་ཞེས་བྱ་བའི་དོན་ཏོ། །འགོག་པ་ལ་ཡང་འཁྲུལ་པ་མེད་ཅེས་བྱ་བ་ནི་སྟོང་པ་ཉིད ་དུ་སྟོན་པ་ལ་ཡང་འཁྲུལ་པ་མེད་པའོ། །རྟོགས་པ་ཁོང་དུ་ཆུད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའོ། །ཡང་དག་པའི་དོན་རྣམ་པར་ངེས་པ་ཐོབ་པ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་དང། གཏན་ལ་ཕབ་པར ་ཁོང་དུ་ཆུད་ཅིང་སྟོན་ནུས་པ་ཐོབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །དམ་པ་ནི་ཉན་ཐོས་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཁྱད་པར་དུ ་འཕགས་པའོ། །མཆོག་ཐོབ་པ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་པས་ཀྱང་མཆོག་ཏུ་གྱུར་པའོ། །མིང་ཅི་ལག་ཞེས་པ་ནི་བདག་གི་དོན་དུ ་བྲིས་བོས་སྟེ། བདག་གི་མིང་ཇི་ལྟར་འཚུལ་བར་བགྱི་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་གཟུང་བར་བགྱི་ཞེས་བྱ་བ་ནི་དོན་དུ་དྲིས་པ་སྟེ། །བདག་གི་བཟུང་ནས་གཞན་པ་འཆད་ཅིང ་ཐ་སྙད་དུ་བགྱིད་པའི་ཚེ་ན་ཡང་ཇི་ལྟར་འཛིན་དུ་སྩལ་ཅེས་བྱ་བའི་དོན་ཏོ།། འཕགས་པ་བློ་གྲོས་མི་ཟད་པའི་མདོ་རིམ་གྱིས་མི་ཟད་པ་རྣམས་ཀྱི་ལུས་རྣམ ་པར་བཞག་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་ཏེ་དེར་བལྟ་བར་བྱའོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་བཤད་པ་རྫོགས་སོ།། བཀྲ་ཤིས་།། ་