| Wylie | e-texts based on the ACIP/ALL Input |
གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང། ཞུས་ཆེན་གྱི་ལོ་ཙ་བ་བནདེ་ཡེ་ཤེས་སྡེས་སྒྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །།འཕགས་པ་གཡ་མགོའི་རི་མདོ་དང་སྤེལ ་མར་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདག་མེད་ཡེ་ཤེས་རྡོ་རྗེ་བཟང། །སྒྲིབ་པའི་རི་བོ་བཅོམ་པ་ལ། །ཕྱག་འཚལ་མདོ་དང་བཤད་པ་གཉིས། །སྤེལ་མར་རབ་ཏུ་བཤད་པར་བྱ། །གཡ་མགོའི ་རིའི་མདོ་བཤད་པར་འདོད་པས་སློབ་དཔོན་དབྱིག་གཉེན་གྱིས་མདོའི་ལུས་རྣམ་པར་བཞག་པའི་ཕྱིར་ཐོག་མར་མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོར་བསྡུས་པའི་དོན་བཟླུམས་པ་གང་ཡིན་པ་དེ་མདོར་བསྡུས་པའོ། །དེ་ཡང ་གླེང་བཞི་ལ་སོགས་པ་ཐ་དད་པས་རྣམ་པ་དགུའོ། །དེ་ལ་གླེང་བཞི་ནི་མདོ་འབྱུང་བའི་རྒྱུ་ཡིན་ནོ། །དེ་ཡང་དག་པར་སྡུད་པར་བྱེད་པ་དང། སྟོན་པ་པོ་དང། གནས་དང། ཉན་པ་པོར་དབྱེ་བས་རྣམ་པ་བཞིར་འགྱུར་ཏེ། གང་གིས་གང་ན། གང་དག་ལ་བཤད་ཅིང། གང་གིས ་ཕྱིས་ཡང་དག་པར་བསྡུ་བ་བྱས་པའོ། །དེ་ཡང་འདི་སྐད་བདག་གིས་ཞེས་བྱ་བ་ནས་བཟུང་སྟེ། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བའི་བར་འདིས་བརྗོད་དོ། །ཉན་པ་ལ་ཞུགས?་པ་དག་ནི་ཉན་པ་པོ་རྣམས་སོ། །དེ་དག་གི་མཐུན་པའི་ཡོན་ཏན་འབྱོར་པ་སྟེ། མཐུན་པའི ་ཉན་པ་པོ་ཕུན་སུམ་ཚོགས་པའོ། །དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །རྟོག་པ་པོ་ནི་སྟོན་པ་སྟེ། དེའི་རྣམ་པར་དག་པ་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །གང་གིས་རྟོགས་པ་དང། གང་རྟོགས ་པ་དང། ཇི་ལྟར་རྟོགས་པར་བྱ་བ་དེ་ནི་བརྟགས་པར་བྱ་བའི་དངོས་པོའོ། །བཞེངས་པ་ནི་ཏིང་ངེ་འཛིན་ལས་བཞེངས་པའོ། །བསྟན་པ་ནི་གདགས་པའི་དོན་བརྗོད་པ་ཀུན་རྫོབ་རབ་ཏུ་བཤད་པའོ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་མཐུ་དང། སྤྱོད་པ ་རྣམ་པར་དབྱེ་བ་དང། །རྣམ་པ་དགུ་ཡིན་ནོ། །ད་ནི་མདོའི་ཚིག་རྣམ་པར་བཤད་པར་བྱའོ། །འདི་སྐད་ཅེས་བྱ་བའི་སྒྲ་ནི་དམ་བཅས་པ་ལ་བྱ་སྟེ། ཁོ་བོ་ཅག་ལ་ཆོས་སྟོན་ཅིག་ཙམ་འཁོར་གྱིས་ཡང་དག་པར་སྡུད་པར་བྱེད་པ་ལ་གསོལ་བ་བཏབ་པ་དང ་དེ་ནས་དེ་བཞིན་ནོ་ཞེས་དམ་བཅས་པ་སྟེ། ཁྱེད་ཅག་གིས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་འདོད་པས་བྱས་པ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པས་སོ། །ཡང་ན་འདི་སྐད་ཅེས་བྱ་བའི་སྒྲ་ནི ་དྲིས་པའི་དོན་དག་གཞན་དུ་མི་འགྱུར་བ་ལ་བྱ་སྟེ། ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་དུ་སྨོས་ཤིག་ཅེས་བྱས་པ་དང། འདི་སྐད་བདག་གི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་གིས་འདི་སྐད་ཐོས་ཀྱི་གཞན་དུ་མ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་མངོན ་སུམ་དུ་ཐོས་པར་སྟོན་ཏོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་བཟུང་བའོ། །དུས་གཅིག་ནི་དུ་།གཅིག་ཚེའོ། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་པའི་ཕྱིར་རོ། །ཡང་མ་རང་དབང་དྭང་ནི་རབ་སྦྱངས?་དང། གཟུགས་བཟང་བ་དང་གྲགས་པ་དང ་དཔལ་དང་བདག་ཉིད་ཆེ་ཚོགས་པ། །དྲུག་པོ་རྣམས་ལ་ལེགས་ཤེས་བྱ། དོན་དྲུག་གི་མཚན་ཉིད་ཀྱི་ལེགས་པ་དེ་ལ་མངའ་བས་བཅོམ་ལྡན་འདས་ཏེ། འདི་ལྟར་བཅོམ་ལྡན་འདས་རང་དབང་ཚོགས་པ་ནི་ཉོན་མོངས་པའི་འཆིང་བ་བག་ཆགས་དང་བཅས ་པ་བཅད་པའི་ཕྱིར་རོ། །རབ་ཏུ་སྦྱངས་པ་ཚོགས་པ་ནི་ཡེ་ཤེས་ཀྱི་མེས་ཤེས་བྱའི་སྒྲིབ་པའི་མུན་པ་བསལ་བའི་ཕྱིར་རོ། །གཟུགས་ཚོགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་རོ། །གྲགས་པ་ཚོགས་པ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ ་དཔལ་དང་ཚོགས་པ་ནི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་གྱུར་པའི་ཕྱིར་རོ། །བདག་ཉིད་ཆེན་པོའི་ཚོགས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པའི་ཕྱིར་རོ། །བཞུགས་པ་ནི་འདུལ་བ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་བཞི་པོ་དག་གིས་གནས་པ་ཀུན་ཏུ ་བསྟན་པའོ། །ཏེ་ཞེས་བྱ་བ་ནི་གྱུར་ཟིན་པ་སྟེ། ག་ཡ་ན་བཞུགས་པར་གྱུར་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ་།འདིས་ནི་ག་ཡ་ཞེས་བྱ་བའི་ཡུལ་སྤྱིར་མཆོད་རྟེན་དུ་གྱུར་པ་བསྟན་ཏོ། །མདོ་འདི་ཡུལ་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་པར་བརྗོད་པའི་ཕྱིར། ག ་ཡ་མགོའི་མཆོད་རྟེན་ན་ཞེས་བྱ་བ་གསུངས་ཏེ། མགོའི་སྒྲ་ནི་རྩེ་མོའི་སྒྲའི་རྣམ་གྲངས་སུ་གཏོགས་པ་སྟེ། རང་བཞིན་གཞན་ནོ། །གཙོ་བོ་ནི་རི་དེ་ལ་ག་ཡིའམ?་མགོ་ཞེས་བྱའོ། །གཙོ་བོ་ནི་དེ་བཞིན་གཤེགས་པའི་གནས་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ? ་བཞུགས་པར་བརྗོད་པ་དེ་ཉིད་ཀྱིས་མཆོད་རྟེན་དུ་གྱུར་ཏེ། མཆོད་རྟེན་སྨོས་ལ་གང་ཡིན་པ་དེ་སངས་རྒྱས་དུ་མ་བཞུགས་བཞུགས་པས་གནས་ཁྱད་ཞུགས་པ་བསྙད་པའི་ཕྱིར་རོ། །དེ་བསྙད་པ་ཡང་ཆོས་ཀྱི་རྣམ་གྲངས་འདི ་སངས་རྒྱས་དུ་མས་བྱིན་གྱིས་བརླབས་པར་ཐབས་ཀྱིས་བརྙད་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་གྱིས་དེ་ལ་གླེང་གཞི་ནི་ཟེས་བྱ་བ་ལ་སོཌ་པ་སྨོས་སོ། །གླིང་གཞིའི་ཕྱོགས་གཅིག་ལ་ཡང་གླེང་གཞི་ཞེས་བྱ་བར་བལྟ་བར་བྱའོ། །མི་སློབ་པ་དང། སློབ་པས་བསྡུས་ཞེS ་བྱ་བ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་བསྙེན་པར་རྫོགས་པའི་དགེ་སློང་སྨོས་པའི་ཕྱིར་གཉིས་སྨོས་སོ། །དགེ་སློང་སྟོང་དུ་ཁྲོང?་པ་ཞེས་འབྱུང་བ་ནི་མི་སློབ་པ་རྣམས་ཀུན་ཏུ་བསྟན་པའི་ཕྱིར་རོ། །ཉོན་མོངས་པ་བཅོམ་པས་དགེ ་སློང་ཞེས་བྱ་བའི་ཕྱིར་རོ། །བྱ་བ་བྱས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་བྱེ་བྲག་གོ་།དེ་ལ་ཚིག་དང་པོའི་བཤད་པ་ནི་ལྷག་མཐོང་གི་བྱ་བ་ཤིན་ཏུ་རྫོགས་པའི་ཕྱིར་བྱ་བ་རྫོགས་པ་ཞེས་བྱ་བ་སྟེ། ལྷག་མཐོང་ནི་ཤེས་རབ་ཀྱི་རྣམ་གྲངས་སུ་གཏོགས་པར་བལྟའོ།། ་བྱེད་པ་བྱས་པ་ནི་ཏིང་ངེ་འཛིན་གྱི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ནི་བྱ་བ་ཟིན་པ་ཞེས་བྱ་བ་བཤད་དོ། །ལྷག་མཐོང་གི་བྱ་བ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྤངས་པ་སྟེ། དེ་ནི་ཁུར་བོར་བཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་སྟོན་ཏོ། །བོར ་བ་ཞེས་བྱ་བ་ནི་གང་གིས་ཕུང་པོ་ལྔའི་ཁུར་བོར་བ་སྟེ། མ་འོངས་པའི་དུས་ན་སྐྱེ་བ་མེད་པས་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་བཤད་པ་ནི་ཁུར་བླངས་པ་བོར་བསྟེ་ཁུར་དེ་ཡང་ཉེ་པར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་ཞེས་བྱ་བ་སྟེ། འདིས་ནི་ཚེའི་ཀུན་ནས་ཉོན ་མོངས་པ་སྤངས་པར་བསྟན་ཏོ། །བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་བ་ནི་ཉོན་མོངས་བའི་ཀུན་ནས་ཉོན་མོངས་པ་སྤངས་པ་སྟེ། དེའི་བཤད་པ་ནི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པ་ཞེས་བྱ་བའོ། །སྲིད་པ་ཀུན་ཏུ་སྤོང་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ནི་གང ་དག་གིས་ལས་གང་དག་ཡིན་པ་དེ་དག་ཡོངས་སུ་ཟང་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱོར་རོ། །དེའི་བཤད་པ་ནི་ཁམས་གསུམ་ནས་བྱུང་བ་ཞེས་བྱ་བ་སྟེ། འདིར་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པར་བསྟན་ཏོ། །ཡང་དག་པའི་ཤེས་པས་སེམས ་ཤིན་ཏུ་རྣམ་པར་གྲོལ་བ་ནི་རྣམ་པ་གང་གིས་ཤེས་རབ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ཟད་པའི་རྒྱུར་གྱུར་པ་སྟེ། དེ་དག་གི་དེ་བསྟན་ཏོ། །ཡང་དག་པའི་ཤེས་པ་ནི་ཡང་དག་པའི་གདམས་ངག་བསྒོམས་པ་སྟེ། དེས་ཉོན་མོངས་པ ་དང། ལས་དང། ཚེ་དག་ལས་གང་དག་གིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་བཤད་པ་ནི་མ་ནོར་པའི་གདམས་ངག་བསྒོམས་ཏེ་དེ་ལ་གནས་ནས་ཉོན་མོངས་པ་ཤིན་ཏུ་སྤངས་པ་ཞེས་བྱ་པའོ། །ཉོན་མོངས་པ ་ཞེས་བྱ་བ་འདིར་ཉོན་མོངས་པ་དང་ལས་དང། ཆོལ་བྱ་བར་འདོད་དེ། འདིས་ཉོན་མོངས་པར་བྱེད་པ་དང། འདིར་ཉོན་མོངས་པར་བྱེད་པ་སྟེ། སྒྲུབ་པ་གཉིས་སོ། །སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་བྱ ་བ་རབ་ཏུ་སྟོན་ཏེ། སེམས་རྩེ་གཅིག་ཏུ་གྱུར་པས་དབང་བསྒྱུར་བ་ནི་སེམས་ལ་དབང་བ་དག་སྟེ། ཏིང་ངེ་འཛིན་རྣམས་སོ། །སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མཆོག་སྟེ། དེ་ཐོབ་པ་དག་གོ་།དེའི་བཤད་པ་ནི་རྫུ་འཕྲུལ ་གྱི་རྐང་པ་ཤིན་ཏུ་བསྒོམས་པ་ཞེས་བྱ་བ་སྟེ། རྫུ་འཕྲུལ་གྱི་རྐང་པ་དག་ནི་ཏིང་ངེ་འཛིན་རྣམས་སོ། །དེ་དག་ཤིན་ཏུ་བསྒོམས་པས་དང་པས་བྱིན་པ་ཡོངས་སུ་སྤྱོད་པའི་འོས་སུ་གྱུར་པའི་ཕྱིར་དགྲ་བཅོམ་པ་རྣམས་སོ། །དེ་ནི་དད་པས་བྱིན་པ་ཡོངས་སུ་སྤྱོད་པའི་འོས་སུ ་གྱུར་པས་ཞེས་བྱ་བས་བཤད་དོ། །སློབ་པ་རྣམས་ཀྱི་ཆད་ནི་མདོ་ལས་མི་འབྱུང་སྟེ། བཤད་པ་བྱེད་པས་སློབ་པའི་སྒྲ་དོན་གྱི་སྒོ་ནས་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་མ་རྫོགས་པ་ཞེས་བྱ་བས་ནི་རྒྱུ་ཡོངས་སུ་མ ་རྫོགས་པ་བསྟན་ཏོ། །ཇི་ལྟར་འདོད་པའི་དོན་ཡོངས་སུ་མ་རྫོགས་པས་ཞེས་བྱ་བ་ནི་འབྲས་བུ་ཡོངས་སུ་མ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ཞེས་བྱ་བ་ནི་དེ་དག་པས་གྲངས་མང་བའོ། །བྱང་ཆུབ་ཏུ ་སྨོན་ལམ་བཏབ་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དག་གོ་།སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ཕྱིར་སེམས་དཔའ་ཆེན་པོ་དག་གོ་།དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་ཡོངས་སུ་བརྗོད་དོ། །དེ་ལ་དེ་ནས་ཞེས་བྱ་བ་ནི་བར་ཆད་པའོ། །གཅིག་པུ ་ནི་སྐུ་དབེན་པའོ། །དབེན་པར་གཤེགས་པ་ནི་ཐུགས་དབེན་པའོ། །ནང་དུ་ཡང་དག་བཞག་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཏིང་ངེ་འཛིན་དེ་ནི་དེ་བཞིན་ཉིད་ལ་དམིགས་པ་སྟེ། ཆོས་ཀྱི་དབྱིངས་ཉིད་ལ་བཏགས་ཏེ་ཞེས་བྱ་བས་བསྟན་ཏོ། །སྤྲོས་པ་ཐམས ་ཅད་དང་བྲལ་བའི་ཡེ་ཤེས་རང་གིས་རིག་པ་ཉིད་ཆོས་ཀྱི་དབྱིངས་ལ་རྟོག་པ་སྟེ། དེ་ཉིད་དམིགས་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་བརྗོད་ཅེ་ན། བཤད་པ་བྱེད་པས་དེ་ལ་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་འདིར་དགོས་པ་བསྟན་ཏོ། ། ་བརྟག་བར་བྱ་བའི་དངོས་པོ་སྟེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་ཏིང་ངེ་འཛིན་སོ་སོ་རང་གིས་རིག་པ་ཉིད་དེ། ཆོས་ཀྱི་དབྱིངས་ནི་རྟོག་གེའི་ཡུལ་མ་ཡིན་ཞེས་དེ་སྐད་སྨོས་པའི་ཕྱིར་རོ། །དོན་འདི་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་དོན་གྱི་སྐབས་འདིར ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་བྱ་སྟེ། དེ་བཞིན་ཉིད་ནི་ཆོས་ཐམས་ཅད་བདག་མེད་པའི་རྣམ་པས་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིས་ནི་ཞེས་བྱ་བས་ནི་སྟོང་པ་ཉིད་ཀུན་ཏུ་བརྗོད་པས་སོ། །དོན་འདི་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱའོ ་དེ་དག་གི་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དེ་དག་གིའོ། །སྟོང་པ་ཉིད་མ་མཐོང་བར་ཉོན་མོངས་པ་སྤོང་བ་མེད་དེ། གང་ཟག་ལ་བདག་མེད་པའི་རྣམ་པས་སྟོང་པ་ཉིད་ནི་དེ་དག་གི་ཡུལ་ཡང་ཡིན་ཏེ། ཆོས་ལ་བདག་མེད་པའི་རྣམ་པས་ནི་མ་ཡིན་ནོ། །བདག ་གིས་བྱང་ཆུབ་ནི་ཐོབ་ཅེས་བྱ་བ་ནས་བཟུང་སྟེ་རྟོག་བ་པོ་རྣམ་པར་དག་པ་སྟོན་ཏོ། །དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ལ་གནས་པ་ལ་འདི་སྲིད་ཀྱི། དེ་ལས་བཞེངས་པ་ལ་འདིར་རིགས་ཏེ་འོག་ཏུ་སྒྲུབ་པར་བྱའོ། །གལ་ཏེ་བཅོམ་ལྡན་འདས་ནི་རྟག་ཏུ་གཉིས་སུ ་མེད་བའི་ཡེ་ཤེས་ཀྱིས་བདག་ཉིད་ཡིན་ན་ཇི་ལྟར་མཉམ་བར་འཇོག་པ་དང། ཇི་ལྟར་བཞེངས་ཞེ་ན། དེ་འང་འོག་ཏུ་བརྗོད་པར་བྱའོ། །བྱང་ཆུབ་བརྙེས་པར་བསྟན་པ་ཞེས་བྱ་བ་ནི་བདག་གི་བྱང་ཆུབ་ནི། ཐོབ་ཅེས་མདོ་ལས་འབྱུང་བའི་ཕྱིར་རོ། །ཡེ་ཤེས་ཐུགས་སུ་ཆུད ་པས?་ཞེས་བྱ་བ་ནི་བདག་གིས་ཡེ་ཤེས་ནི་ཁོང་དུ་ཆུད་ཅེས་འབྱུང་བའི་ཕྱིར་རོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབ་སྟེ། དེའི་ཕྱིར་དེ་ལྟར་གྱུར་པའི་ཡེ་ཤེས་ཁོང་དུ་ཆུད་པ་ཉིད་བྱང་ཆུབ་བརྙེས་པར་རིག་པར་བྱའོ། །དེའི་ཕྱིར་དམིགས ་བར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོ་མཚུངས་མཉམ་པས་ཐུབ་པའི་བྱང་ཆུབ་བརྙེས་པ་ཁྱད་པར་དུ་འཕགས་ཏེ་།དེ་ནི་ཡེ་ཤེས་ཐུགས་སུ་ཆུད་པས་བྱེ་བྲག་ཏུ་གྱུར་ཏོ་ཞེས་བྱ་བས་བཤད་དོ། །བདག་གི་དོན་དང་གཞན་གྱི་དོན་ཐབས་དང་བཅས་པའི་ཕྱིར་བྱ་བ་ནི་བྱས ་པའོ། །དེའི་བཤད་པ་ནི་དམ། བཅས་པ་ཉམས་སུ་ལེན་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་ནི་བྱས་ཞེས་པའི་ཚིག་གིས་ནི་དེའི་བསྟན་པའོ། །མདོའི་ཚིག་ལྷག་མ་རྣམས་ནི་དེའི་བཤད་པའོ། །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་བསྡུས་པ་ནི་བདག་གི་དོན་ཕུན་སུམ ་ཚོགས་པ་སྟེ། དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི་བདག་གིས་ཁུང་ནི་བོང?་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་བསྙད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གནས་དང་བཅས་པ་སྤངས་པར་བསྟན་པའི་ཕྱིར་རོ། །ཁམས་གསུམ་དུ་སྐྱེ་བས་བསྡུས་པའི ་རྣམ་པར་སྨིན་པའི་བདག་ཉིད་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་མཚན་ཉིད་ཕུང་པོ་དག་ནི་ཁུར་བླངས་པ་སྟེ། དེ་དག་སྤངས་པའི་ཕྱིར་ཁུར་བོར་བའོ། །འདིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གནས་སྐྱེ་བ་སྤངས་པར་བསྟན་ཏོ། །དེའི་བཤད་པ་ནི ་ཁུར་བླངས་པ་བོར་ཞེས་བྱའོ། །ཁུར་གྱི་དོན་ནི་སྔ་མ་བཞིན་ཞེས་བྱ་བ་ནི་ཁུར་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་ཞེས་བཤད་པའི་ཕྱིར་རོ། །བདག་གིས་འཁོར་བའི་འབྲོག་དགོན་པ་ལས་ནི་བརྒལ་ཞེས་བྱ་བ་ནི་ཉོན ་མོངས་པའི་སྒྲིབ་པ་སྤངས་པར་བསྟན་ཏོ། །འདིས་འཁོར་བར་བྱེད་པས་འཁོར་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་སོ། །དེ་ཉིད་འབྲོག་དགོན་པ་སྟེ། དེའི་བཤད་པ་ནི་ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་སྤངས་པ་ཞེས་བྱའོ། །བདག་གིས་མ་རིགS ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། དེ་བསལ་བ་ན་སྤངས་པའོ། །འདིས་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་བསྟན་ཏེ། དེའི་བཤད་པ་ནི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་སྤངས་པ་ཞེས་བྱའོ། །བདག་གིས་རིག་པ་ནི་བསྒྲུབས་ཞེས་བྱ་བ་འདིས་ནི་ཡེ་ཤེས ་ཕུན་སུམ་ཚོགས་པ་བསྟན་ཏེ། ཤེས་བྱ་བ་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་ནི་རིག་པའོ། །དེའི་བཤད་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་པ་ཞེས་པའོ། །བདག་གིས་ཟུག་རྔུ་ནི་ཕྱུང་ཞེས་བྱ་བ་འདིའི་བཤད ་པ་ནི་ལྟ་བ་ཐམས་ཅད་ཀྱི་ཟུག་རྔུ་བཏོན་པ་ཞེས་བྱའོ། །བདག་གིས་སྲེད་པ་ནི་ཟད་ཅེས་བྱ་བ་འདིའི་བཤད་པ་ནི་སྨོན་ལམ་དང་བྲལ་བ་ཞེས་བྱ་བ་སྟེ། སྲེད་པའི་དོན་དུ་ཚོལ་བའི་སྨོན་ལམ་མོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཉིད་ལྟ་བ་དང་སྲེད་པ་སྤངས ་པར་གྲུབ་མོད་ཀྱི་སོ་སོར་སྨོས་པ་ནི་རྒྱུན་མི་འཆད་པར་ཀུན་ཏུ་འབྱུང་བས་ལྟ་བ་དང་སྲེད་པ་གཉིས་གཙོ་བོར་གྱུར་པའི་ཕྱིར་རོ། །འདིས་ནི་བདག་གིས་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གིས་ཆོས་ཀྱི་གྲུ་ནི་སྦྱར་ཞེས་བྱ་བ་ནི་ཆོས་ཐམས་ཅད ་བདག་མེད་པ་ལ་དམིགས་པ་?་མེད་པའི་ཤེས་རབ་ནི་ཆོས་ཀྱི་གྲུའོ། །དེའི་བཤད་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་བསྒྲུབས་པ་ཞེས་བྱ་བའོ། །བདག་གིས་ཆོས་ཀྱི་རྔ་ནི་བརྡུངས་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐབས་དེང་བཅས་པ་བསྟན་ཏོ། །དེ་ལ་ཐབས་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །དེ་ཡང་བདག་གིས་ཆོས་ཀྱི་རྔ་ནི་བརྡུངས་ཞེས་བྱ་བ་འདིས་བསྟན་ཏོ། །དེའི་བཤད་པ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བ ་སྟེ། ངེས་པར་ལེགས་པ་དང། མངོན་པར་མཐོ་བའི་རྒྱུ་རབ་ཏུ་བཤད་པས་གསུང་རབ་ཀྱི་ཆོས་ནི་རྣམ་པ་གཉིས་སོ། །དེ་ལ་ངེས་པར་ལེགས་པའི་རྒྱུ་ནི་སྟོང་པ་ཉིད་བཤད་པའོ། །དེ་ཡང་བདག་གིས་ཆོས་ཀྱི་དུང་ནི་བུས་ཞེས་བྱ་བ་འདི་བསྟན་ཏོ། །དེའི་བཤད་པ་ནི ་བདག་མེད་པའི་སྒྲ་བསྒྲགས་པ་ཞེས་བྱ་བའོ། །སྟོང་པ་ཉིད་དུ་ལྟ་བ་ནི་དངོས་པོ་སྟོབས་ཀྱིས་བྱུང་བའི་ཚད་མས་གྲོག་སུ་གྱུར་པའི་ཕྱིར་ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་པས་བདག་གིས་ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང་ཞེས་བྱ་བ་གསུངས་ཏེ། ་མུ་སྟེགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་རྒྱལ་མཚན་ཉིད་དེ། བདག་མེད་པའི་སྒྲ་གསང་བ་བསྟོད་པའི་ཕྱིར་རོ། །དེའི་བཤད་པ་ནི་ཕྱིར་རྒོལ་བ་ཤིན་ཏུ་ཚར་བཅད་པ་ཞེས་བྱ་བའོ། །བདག་གིས་འཁོར་བའི་ལུགས་ནི་བཟློག་ཅེས་བྱ་བ་ལ་སོགས་པས་ནི ་གདུལ་བ་ཐ་དད་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ཐ་དད་པར་བསྟན་ཏོ། །གདུལ་བ་ནི་རྣམ་པ་གཉིས་ཏེ། དོན་གྲུབ་པ་དང། དེ་ལས་བཟློག་པའོ། །དོན་གྲུབ་པ་ནི་ཀུན་ཏུ་སྦྱོད་པ་ཐམས་ཅད་སྤངས་པ་སྟེ། དེའི་ཆེད་དུ་བདག་གིས་འཁོར་བའི་ཞེས་བྱ་བ་ལ་སོགS ་པ་གསུངས་པ་སྟེ། འཁོར་བར་འདྲེན་པ་དང། ཐོབ་པར་བྱེད་པས་འཁོར་པའི་ལུགས་སོ། །ཀུན་ཏུ་སྦྱོར་བ་ནི་འབྲེལ་བ་སྟེ། དེ་དག་གིས་བཟློག་གོ་ཞེས་བྱ་པའི་ཐ་ཚིག་གོ་།དེའི་བཤད་པ་ནི་རྐྱེན་ཀུན་ཏུ་སྤྱོད་བ་མི་འབྱུང་བ་ཞིས་བྱ་བའོ། །ཀུན་ཏུ་སྤྱོར་བ་ཉིད་སྐྱེ་བའི ་རྐྱེན་དག་སྟེ། དེ་དག་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། དོན་མ་གྲུབ་པ་ནི་ཀུན་ཏུ་སྦྱོར་བ་མ་ལུས་པར་མ་སྤངས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་ལུང་གི་སྟོབས་ཅན་དང། ཁོང་དུ་ཆུད་པའི་སྟོབས་ཅན་དེ་ཁོ་ན་མཐོང་བའོ། །དང་པོའི་ཆེད་དུ་བདག ་གིས་ཆོས་ཀྱི་ལུགས་ནི་བརྙད་ཅེས་བྱ་བ་གསུངས་ཏེ། དེའི་ཆོས་ཀྱི་ལུགས་ནི་མང་དུ་ཐོས་པ་རྣམས་ཀྱི་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཆོས་རྣམས་ཀྱི་ལུགས་ནི་ཚུལ་ལོ། །ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས ་རྣམས་ནི་དྲུག་དང་ཇི་ལྟར་མཐུན་པར་བཞག་སྟེ། ཚུལ་དྲུག་ནི། དེ་ཁོ་ན་དོན་གྱི་ཚུལ་དང། ཐོབ་པའི་ཚུལ་དང། བསྟན་པའི་ཚུལ་དང། མཛའ་གཉིས་སྤངས་པའི་ཚུལ་དང། བསམ་གྱིས་མི་ཁྱབ་པའི་ཚུལ་དང། དགོངས་པའི་ཚུལ་ལོ། །དེའི ་བཤད་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པར་བཤད་པ་ཞེས་བྱ་བའོ། །ཁོང་དུ་ཆུད་པའི་སྟོབས་ཅན་གྱི་ཆེད་དུ་བདག་གིས་ལམ་ངན་པ་ནི་བཅད་ཅེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུངས་ཏེ། ཕྱིན་ཅི ་ལོག་ལ་མངོན་པར་ཞེན་པ་དག་ནི་ལམ་ངན་པ་དག་གོ་།འདུལ་བ་རྣམས་ཀྱིས་དེ་དག་ནི་ངས་བཅད་དེ། སེམས་ཅན་ལ་བསྟན་པས་སོ་ཞེས་བྱ་བར་དགོངས་པའོ། །དེ་བས་ན་བདག་གིས་ལམ་ནི་ཀུན་ཏུ་བསྟན་ཅེས་བྱ་བ་གསུངས་སོ། །ཚིག ་འདི་གཉིས་ཀྱི་བཤད་པ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྤངས་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་མཐུན་པ་ཞེས་བྱ་བ་སྟེ། གོ་རིམ་བཞིན་ནོ། །དེ་དག་ནི་སྐྱེ་བོ་ངེས་པར་ལེགས་པའི་སྣོད་ཀྱི་ཆེད་དུ་གཞན་གྱི ་དོན་ཕུན་སུམ་ཚོགས་པ་བསྟན་པའོ། །མངོན་པར་མཐོ་བའི་སྣོད་ཀྱི་ཆེད་དུ་བདག་གིས་ཞིང་ངན་པ་དག་ནི་རྣམ་པར་བཟློག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་དང་ཞིང་མ་ཡིན་པ་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པར་གྱུར་ན་ཞིང་མ་ཡིན ་པ་འདོད་ཏེ། ཞིང་ལ་མངོན་པར་མཐོ་བའི་ས་བོན་འདེབས་པས་མངོན་པར་མཐོ་བའི།?་འབྲས་བུ་ཁྱད་པར་དུ་འཕགས་པ་འཐོབ་བོ། །ཚིག་འདི་གཉིས་ཀྱི་བཤད་པ་ནི་མུ་སྟེགས་ཅན་ཞིང་ངན་པ་རྣམ་པར་བཟློག་པ་དང། བསོད་ནམས་ཀྱི་ཞིང་དཀོན་མཆོག ་གསུམ་ཀུན་ཏུ་བསྟན་པས་ན་ཞེས་བྱ་བ་སྟེ། གོ་རིམ་བཞིན་ནོ། །ཆོས་དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་ཞེས་བྱ་བའོ། །གང་གིས་ཞེས་བྱ་བ་ནི་བྱེད་པའོ། །སུས་ཞེས་བྱ་བ་ནི་བྱེད་པ་པོའོ། །དེའི་བཤད་པ་ནི་དེ་ལ་བརྟག་པར་བྱ་བའི་དངོས་པོ་ནི་རིགS ་གང་ཞིག་ཇི་ལྟར་ཁོང་དུ་ཆུད་པ་ཞེས་བྱ་བའོ། །དེ་ལ་གང་གིས་ཞེས་བྱ་བས་ནི་བྱེད་པ་དང་བྱེད་པ་པོ་སྟོན་ཏོ། །གང་ཞིག་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བ་སྟེ། བྱང་ཆུབ་ཅེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་སྟེ། སུས་བྱང་ཆུབ་ལ་བྱེད་པ་པོ་དང། བྱེད་པ་ལ་སོགས་པ་ཀུན ་བརྟགས་ནས་བྱང་ཆུབ་ཁོང་དུ་ཆུད་པ་སྟོན་ཏོ། །འདི་ནི་དེའི་ཀུན་བརྟགས་པའི་རང་བཞིན་ཏེ། དེ་དག་ནི་ཀུན་བརྟགས་པ་ཡིན་པས་དུས་གསུམ་དུ་ཡང་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ལུས་དང་སེམས་ཀྱིས་ནི་ཁོང་དུ་ཆུད་པར་མི ་རིགས་སོ་ཞེས་མདོ་ལས་གསུངས་པས། བདག་ལ་སོགས་པས་ཀྱང་མ་ཡིན་ཏེ། དེ་བས་ན་ལུས་དང་སེམས་ཀྱིས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་སོགས་པ་མུ་སྟེགས་ཅན་གྱིས་ཀུན་བརྟགས་པ་རྣམས་ཤིན་ཏུ་མེད་པའི་ཕྱིར་མ་བཞག་གོ་ཞེས་བྱ་བའི ་ཐ་ཚིག་གོ། ལུས་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་མེད་དུ་ཟིན་ཀྱང་དེ་ལྟར་གྱུར་བ་རྣམ་པར་ཤེས་པ་སྣང་བའི་དབང་གིས་རྣམ་པར་བཞག་གོ་།བེམས་པོ་གཡོ་བ་མེད་པ་ཞེས་བྱ་བ་ནི་དོན་གཅིག་གོ། དེའི་བཤད་པ་ནི་སྤྱོད་པ་མེད་པ་ཞེས་བྱ་བ་སྟེ་ཡུལ་ཁོང ་དུ་ཆུད་པའི་མཚན་ཉིད་ཀྱི་སྤྱོད་པ་མེད་པའི་ཕྱིར་རོ། །རྩཝ་དང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཀུན་ཏུ་བརྟགས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་རྩཝ་ལ་སོགས་པ་ཕྱི་རོལ་ན་མེད་ཀྱང་རྣམ་པར་ཤེས་པས་ཡོངས་སུ་བརྟགས་པ་ཙམ ་གྱིས་རྣམ་པར་བཞག་པ་ལྟར་ལུས་དེ་བཞིན་ནོ། །སེམས་མེད་པ་ཞེས་བྱ་བ་འདིའི་བཤད་པ་ནི་འདུ་ཤེས་མེད་པ་ཞེས་བྱ་བ་སྟེ། འདི་ཡང་གཡོབ?་མེད་པ་སྒྲུབ་པའོ། །རྐྱེན་རྣམས་ཚོགས་པ་ལས་བྱུང་བ་ཞེས་བྱ་བ་དེ་ནི་འདིར་འབྱུང་བ་ཆེན་པོ་བཞི་ལས ་གྱུར་པ་ཞེས་བྱ་བ་འདིའི་བཤད་པ་སྟེ། དེའི་རྣམ་པར་འཁྲུལ་པའི་དབང་གིས། འབྱུང་བ་ཆེན་པོ་བཞི་པོ་དག་ལས་བྱུང་བའི་ལུས་ཞེས་རྣམ་པར་བཞག་པར་ཟང་ལ། འབྱུང་བ་ཆེན་པོ་ལ་སོགས་པ་འཁྲུལ་པ་ཡང་རྣམ་པར་རྟོག་པ ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཀྱི་གནས་སྐབས་ན་མེད་ན་ལུས་ལྟ་བྱང་ཆུབ་ཁོང་དུ་ཆུད་པའི་བྱེད་པ་པོར་ག་ལ་འགྱུར་ཞེས་དགོངས་པའོ། །ཕ་མའི་མི་གཙང་བ་ལས་བྱུང་བ་ཞེས་བྱ་བ་འདིའི་བཤད་པ་ནི་མི་གཙང་བ་ཞེས་བྱ་བ་སྟེ། འདིར་ཡང་གོང་དུ་བཤད ་མ་ཐག་པ་ཉིད་དགོངས་པའོ། །མི་རྟག་པ་ཞེས་བྱ་པ་འདིའི་བཤད་པ་ནི་ཐར་ཟུག་མ་ཡིན་པ་ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ། གཉིས་ལས་རྣམ་པར་དབེན་པའི་དེ་བཞིན་ཉིད་དོ། །དེ་ནི་འགྱུར་བ་མེད་པ་སྟེ། དེ་ཡང་འགྱུར་བ་མེད་པ་ཉིད་ཀྱི་ཡེ་ཤེས་ཀྱིས ་འཛིན་ཏེ། དེ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་དུ་ཟིན་ཀྱང་དེ་རྟག་ཏུ་འདྲ་བའི་ཕྱིར་འགྱུར་བ་མེད་པ་ཉིད་དུ་རྣམ་པར་བཞག་སྟེ། ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པའི ་ལུས་ནི་དེ་ལྟ་མ་ཡིན་ནོ། །རྟག་ཏུ་བསྐུ་བ་དང། བཀྲུ་བ་དང། མཉེད་གོས་པ་དང་ཞེས་བྱ་བ་དེའི་བཤད་པ་ནི་རང་བཞིན་གྱིས་བསྒྲིམས་ཏེ་ཡོངས་སུ་བསྐྱང་དགོས་པ་ཞེས་བྱ་བའོ། །འཇིག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་འཇིགས་པའི་ངང་ཚུལ་ཅན ་གྱིས་ཞེས་བྱ་བ་སྟེ། མི་རྟག་པ་ཉིད་ནི་སྐད་ཅིག་པ་དང་སྦྱར་ཏེ་བསྟན་ཏོ། །འཇིག་པའི་དང་ཚུལ་ཅན་ནི་རྒྱུ་དང་སྦྱར་ཏོ། །ལོག?་པར་སྣང་བས་གཉིས་སུ་མེད་པ་ལ་གཉིས་སུ་སྣང་བའི་ཕྱིར་རྣམ་པ་ངེས་བྱིས་པ་རྣམས་རྨོངས་པར་བྱེད་དེ། སེམས་ནི་སྒྱུ?་མ? ་དང་མཚུངས་པ་ཞེས་བྱ་བ་དེའི་བཤད་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསྐྱེད་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ནི་དགེ་བ་དང་མི་དགེ་པའི་རྐྱེན་ལས་བྱུང་བ་ཞེས་བྱ་བས་བཤད་དོ། །གཅིག་ལ་དམིགས ་པའི་གཞི་ནི་གནས་ཏེ། དེ་མེད་པའི་ཕྱིར་གནས་མེད་པའོ། །དེ་ནི་མི་གནས་པ་ཞེས་བྱ་བས་བཤད་དོ། །དེ་ནི་གཞན་གྱི་དབང་གི་བདག་ཉིད་ཀྱི་སེམས་ཀྱི་དབང་དུ་བྱས་ནས་ཚིག་གསུམ་གསུངས་སོ། །བྱང་ཆུབ་ཀྱི་གནས་སྐབས་ན་ནི་དེ་ལྟ་བུར་གྱུར་པའི་སེམས་མེད་ན ་གང་གིས་དེ་དེའི་ཁོང་དུ་ཆུད་པར་བྱ་བར་འགྱུར། །བརྟགས་པའི་དབང་དུ་བྱས་ནས་མཚན་ཉིད་མེད་པ་ཞེས་བྱ་བ་གསུངས་སོ། །མཚན་ཉིད་ཡོད་པ་མ་ཡིན་པ་ནི་མཚན་ཉིད་མེད་པ་སྟེ། མེད་པར་དགག་བཙམ་མོ། །དེའི་བཤད་པ་ནི་ཀུན་བརྟགས་པའི་མཚན་ཉིད་མི ་དམིགས་པ་ཞེས་བྱ་བའོ། །ཡོངས་སུ་གྲུབ་པའི་ཕྱིར་ཡུལ་མ་ཡིན་ཞེ་ན། དངོས་པོ་མེད་པ། བླ་གབ་མེད་པ་ཞེས་བྱ་བ་གསུངས་སྟེ། འདི་ལ་ཀུན་བརྟགས་པའི་དངོས་པོ་མེད་པས་དངོས་པོ་མེད་པའོ། །ཡོངས་སུ་གྲུབ་པ་ཡང་དེ་ཡིན་ཏེ། འདིར་བླ་གབ་མེད་པ་དང ་མཚུངས་པའི་ཕྱིར་རོ། །འདི་ནི་འདི་སྐད་དུ་གཟུང་བ་དང། འཛིན་པ་གཉིས་ལས་དབེན་པའི་ཡེ་ཤེས་ནི་ནམ་མཁའ་དང་མཚུངས་པ་སྟེ། བྱང་ཆུབ་ཀྱང་ཡེ་ཤེས་དེ་ཉིད་ཡིན་ནོ། །དེ་བས་ན་ཐ་དད་མེད་པའི་ཕྱིར་ཁོང་དུ་ཆུད་པ་དང། ཁོང་དུ་ཆུད་པར་བྱ་བའི་དངོས་པོ་མདོ ་ཞེས་བསྟན་པར་འགྱུར་རོ། །དེའི་བཤད་པ་ནི་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་དང། རིང་དུ་སོང་བས་ཞེས་བྱ་བའོ། །རང་བཞིན་གྱིས་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ལ་སྒྲེ་བཏགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདིས་ནི་དངོས་པོ་མེད་པའི་དོན་བསྟན་ཏོ། །རིང་དུ ་སོང་བས་ཞེས་བྱ་བས་ནི་སེམས་ནམ་མཁའ་ཨི་ངོ་བོ་ཉིད་བསྟན་ཏེ། དཔེར་ན་ནམ་མཁའ་ཆོད་པ་མེད་པར་ཐམས་ཅད་དུ་སོད་བ་ལྟན?་སེམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་བླ་གབ་མེད་པའི་དོན་བསྟན་ཏོ། །བྱང་ཆུབ་ཅེས་བྱ་བ་ལ ་སོགས་བ་ལ། བྱང་ཆུབ་ནི་རྣམ་པ་གཉིས་ཏེ། སོ་སོ་རང་གི་རིག་པ་དང། སྒྲས་བརྗོད་པར་བྱའོ། །དེ་ལ་སྒྲས་བརྗོད་པར་བྱ་བ་ནི་ཐ་སྙེད་ཙམ་མ་གཏོགས་པར་ཅི་ཡང་མེད་ན་དེ་ཁོང་དུ་ཆུད་པར་བྱ་བར་ཇི་ལྟར་འགྱུར། །སོ་སོ་རང་གིས་རིག་པ་གང་ཡིན་པ་དེ་ནི་ཡེ་ཤེས ་ཀྱི་བདག་ཉིད་དུ་གྱུར་པ་སྟེ། དེ་ལ་ཡང་ཁོང་དུ་ཆུད་པར་བྱ་བ་དང། ཁོང་དུ་ཆུད་པ་ཡོད་པར་ག་ལ་འགྱུར། །མིང་ཆམ?་ཐ་སྙད་ཙམ་ཞེས་བྱ་བ་ཅི་བྱང་ཆུབ་རྣམ་པ་གཉིས་པོ་དེ་པ་སྟོན་ཏེ། མིང་ནི་གཟུགས་མེད་པའི་ཕུང་པོ་རྣམས་སོ། །ཞེས ་འབྱུང་བའི་ཕྱིར་གཉིས་མེད་པའི་ཡེ་ཤེས་ཉིད་མིང་གི་སྒྲར་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་ཙམ་ཉིད་བྱང་ཆུབ་སྟེ། དེ་ལས་གུང་ན་མེད་དོ། །འདིས་ནི་སོ་སོ་རང་གིས་རིག་པ་བསྟན་ཏོ། །ཐ་སྙད་ཙམ་ཞེས་བྱ་བ་ནི་སྒྲས་བརྗོད་པར་བྱ་བའོ། །དེའི་བཤད་པ་ནི་ཞེས ་ཁོང་དུ་ཆུད་པར་བྱ་བའི་དོན་ནི་མིང་དང་ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བའོ། མིང་དང་ཐ་སྙད་ཙམ་ཞེས་བྱ་བ་ནི་མིང་ཙམ་ཐ་སྙད་ཙམ་ཅེས་བྱ་བའི་ཐ་ཚིག་གོ་།ནམ་མིང་ཙམ་དུ་གྱུར་པ་དེའི་ཚེ་འདི་སྐད་དུ་འདི་ལ་ནི་ཀུན ་བརྟགས་པའི་རང་བཞིན་འགྱུར་བ་མེད་དོ་ཞེས་བཤད་པར་བྱའོ། །ཀུན་བརྟགས་པའི་རང་བཞིན་མི་འབྱུང་བ་ནི་གང་གི་ཆ་ཐ་སྙད་ཙམ་དུ་ཟད་པས་དེའི་ཆེ་འབྱུང་བ་མེད་པ་ཙམ་ནི་འབྱུང་བ་མེད་པའོ། །གཅི་གནས་གཅིག་ཏུ་བརྒྱུ་དེ་སྒྲ་སྐད་ཀྱི་གནས་སུ་གྱུར་པ ་ལོག་པའི་དངོས་པོ་དེ་ལ་སྒྲ་སྐད་མེད་པས་སྒྲ་སྐད་མེད་པའོ། །དེ་ཡང་ཐ་སྙད་ཙམ་ལ་བརྟེན་ནས་བསྟན་ཏེ། དེའི་བཤད་པ་ནི་དངོས་པོ་མེད་པ་ཞེས་བྱ་པའོ། །དཔྱད་པ་ནི་རྡོག་པ་སྟེ། དེའི་ཡུལ་མ་ཡིན་པས་དཔྱད་དུ་མེད་པ་སྟེ། དེ་ནི་རྟོག་གེའི་ཡུལ་ལས་ཤིན་ཏུ་འདས ་པ་ཞེས་བྱ་བས་བཤད་དོ། །ཆོས་རང་བཞིན་གྱིས་སྟོང་བ་ཞེས་བྱ་བ་ནི་ཀུན་བརྟགས་པའི་རང་བཞིན་ལས་དབེན་པའི་ཕྱིར་ཏེ། དེ་ནི་གྲུབ་པ་མེད་པ་ཞེས་བྱ་བ་དེའི་བཤད་པ་སྟེ་དེ་ལ་གཟུང་བ་འམ?་འཛིན་པ་གྲུབ་པ་མེད་པའི་ཕྱིར་རོ། །རྒྱུ་བ་མེད་པ་ནི་མཆན ་མ་མེད་པའི་ཕྱིར་རོ། །འཇུག་པ་མེད་པ་ནི་བྱིས་པའི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་ཤེས་པ་རྣམ་པ་དང་བཅས་པ་གང་ཡིན་པ་འདི་ཡུལ་ལས་ཀྱང་ཤིན་ཏུ་འདས་པའི་ཕྱིར་རོ། །རྣམ་པར་རིག་པ་མེད་པའོ། །གང་གས་པའི་གནS ་གཟུང་བ་དང་འཛིན་པར་སྒྲོ་བཏགས་པ་མེད་པའི་ཕྱིར་གདགས་པར་བྱ་བ་མ་ཡིན་པའོ། །དེའི་ཕྱིར་གནས་མེད་པ་ཞེས་བཤད་དོ། །འོང་བ་ནི་འབྱུང་བའོ་།འགྲོ་བ་ནི་འགག་པ་སྟེ། དེ་དག་ཀུན་བརྟགས་པའི་ངོ་བོས་གང་ལ་ཆད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་བཤཌ? ་པ་ནི་མ་སྐྱེས་མ་འགགས་ཞེས་བྱའོ། །གདགས་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེའི་བཤད་པ་ནི་ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱའོ། །ཁམས་གསུམ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེའི་བཤད་པ་ནི་དགེ་བ་དང་མི་དགེ ་བ་མངོན་པར་འདུ་བྱེད་པའི་ལས་མི་དམིགས་པ་ཞེས་བྱ་བའོ། །ལས་ཀྱི་སྒྲ་ནི་བྱེད་པ་ལ་བྱ་སྟེ། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེས་ལས་གར་བྱེད་པ་ནི་སྐྱེད་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་མི་དམིགས་པའི་ཕྱིར་རོ། །མ་མཐོང་བ་ཞེས ་བྱ་བ་དེའི་བཤད་པ་ནི་ལྟེ་བ་པོ་དང་བྲལ་བ་ཞེས་བྱ་བ་སྟེ། བྱང་ཆུབ་ལས་གུང་ན་ལྟ་བ་པོ་མེད་པའི་ཕྱིར་རོ། །མཐོས་བ་ཞེས་བྱ་བ་དེའི་བཤད་བ་ནི་རྣ་བའི་རྣཾ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱ་བའོ། །བྱེ་བྲག་མ་ཕྱེད་པ་ཞེས་བྱ་བ་དེའི་བཤཌ? ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་སྟེ། གང་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བ་བྱང་ཆུབ་ཅེས་བྱ་བ་གཟུང་བར་བྱ་བ་གང་ཡང་མེད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབ་བོ། །དེ་ལ ་གཟུང་བ་དང་འཛིན་པའི་དངོས་པོ་ག་ལ་ཡོད། བག་ཆགས་ཐམས་ཅད་ཀྱི་གནས་སྐབས་ན་ལོག་པའི་ཕྱིར། གཞི་མེད་པའོ། །དེའི་བཤད་པ་ནི་རྟེན་མེད་པ་ཞེས་བྱ་བ་སྟེ། འཁོར་བའི་ས་བོན་རྣམས་ཀྱི་གནས་སུ་གྱུར་པའི་དངོས་པོ་མེད་པའི་ཕྱིར་རོ། །དམིགས ་པ་མེད་པ་ཞེས་བྱ་བའི་དེའི་བཤད་པ་ནི་ནམ་མཁའ་ལྟ་བུ་ཞེས་བྱ་བའོ། །དཔེར་ན་ཐོགས་པ་དང་བཅས་པའི་དངོས་པོ་མེད་པ་ཙམ་གྱི་མཚན་ཉིད་ན་མཁའ་ལ་དམིགས་པ་མེད་པ་ལྟར་བྱང་ཆུབ་ལ་ཡང་དེ་བཞིན་ཏེ། དེ་ལ་དམིགས་པར་བྱེད་པ་མེད་པའི་ཕྱིར་རོ། །རྣམ ་བར་སྨིན་པ་དང་རྒྱུ་མཐུན་པའི་བག་ཆགས་གཉིས་ལས་སྐྱེས་པའི་རྒྱུ་བ་དང། སྤྲོས་པ་དེ་དག་མེད་པའི་ཕྱིར། རྒྱུ་བ་མེད་པ་སྤྲོས་པ་མེད་པ་སྟེ། གོ་རིམ་བཞིན་ནོ། །ཚིག་དེ་ཉིད་ཀྱིས་བཤད་པ་ནི་འདུས་མ་བྱས་པ་ཞེས་བྱ་བ་སྟེ། རྣིར་སྨིན་པ་དཌ? ་རྒྱུ་མཐུན་པའི་བག་ཆགས་གཉིས་ཀྱིས་འདུས་མ་བྱས་པའི་ཕྱིར་རོ། །འདིས་རྒོལ་བ་ངན་བ་འཐུག་པར་བྱེད་པས་འཇུག་པ་སྟེ། སྐབས་སུ་གྱུར་པའི་ཉེས་བའོ། །དེ་མེད་པའི་ཕྱིར་འཇུག་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་སྐབས་མེད་པ་ཞེས་བྱ་བས་བཤད་དོ། །ཉི་ཚེ་བའི་ཤེS ་པ་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པ་སྟེ་དེའི་ལས་ཤིན་ཏུ་འདས་སོ། །དེ་ནི་རྟག་ཏུ་མེད་པ་ཞེས་བྱ་བ་དེའི་བཤད་པའོ། །དཔག་པ་ནི་འདི་ཙམ་མོ་ཞེས་ཡོངས་སུ་བཅད་པ་སྟེ། དེ་མེད་པའི་ཕྱིར། དཔག་ཏུ་མེད་པའོ། །དེའི་བཤད་པ་ནི་ཚད་མེད་པ་ཞེ་བྱའོ། །བསྟན་དུ་མེད་པ་ཞེS་བྱ་བ་དཱི ་བཤད་པ་ནི་གཞན་དག་ལ་བསྟན་དུ་མེད་བ་ཞེ་བྱ་བ་སྟེ་དེ་ནི་སྔོན་བོ་ལ་སོགས་བདེ་བཞིན་དུ་བསྟན་པར་མི་ནུས་སོ། །སྒྲའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་རྟོགས་པ་ལ་སྒྲ་ཞེས་བརྗོད་དེ། དེ་མེད་པའི་ཕྱིར་སྒྲ་མེད་པ་སྟེ། གཉིས་སུ་མེད་བའི་ཡེ་ཤེས་ཀྱིས་རང་གི་རིག་པའི་དེ་བཞིན་ཉིད་དོ། །རང་གིས་རིག ་པའི་དངོས་པོ་ལིན་རྣམ་བར་རྟོག་པ་མེད་དེ། དེའི་ཕྱིར་སོ་སོ་རང་གིས་རིག་པ་ཞེས་བཤད་དོ། །ཡི་གེ་མེད་པ་ཞེས་བྱ་བ་ལ། ཡི་གེ་ནི་དབང་པོས་འཛིན་ཅིང་ལེན་པ་དང་དེ་ལས་སྣང་བར་འགྱུར་བའོ། །དེ་མེད་པའི་ཡི་གེ་མེད་པ་སྟེ། དེ་ནི་སྣང་བ་མེད་པ་ཞེས་བྱ་བས ་བཤད་དོ། །ཚིག་གི་ལམ་ནི་སྤྱིའི་རྣམ་པར་སྒྲོ་བཏགས་ཏེ། དེ་གད་ལ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲ་མེད་པ་ཞེས་བྱ་བ་དེས་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་བསྟན་ཏོ། །འདིས་ནི་དག་གི་ཡུལ་མ་ཡིན་པ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་སྒྲོ་བཏགS ་པའི་རྣམ་པའི་དབང་གིས་གཟུང་བ་རྣམ་པར་བཞག་པ་སྟོན་ཏེ། རྣམ་པ་དེ་ཡང་ཆོས་ཀྱི་དབྱིངས་ལ་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཤིག་བྱེད་པ་པོ་དང། བྱེད་བ་དང། ལས་སོ་སོར་བརྟགས་པའི་ངོ་བོར་མེད་པ་བསྟན་ཏོ། །དེ་ནི་དེ་ལྟར་ན་སུ་ཞེས་བྱ་བ་ལ་སོགས་པས ་སྤྱིར་མེད་པ་བསྟན་ཏོ། །སུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ནི་ལུས་སོ། །གང་གིས་ཞེས་བྱ་བ་ནི་བྱེད་པར་འགྱུར་བ་སྟེ་སེམས་སོ། །གང་ཡིན་ཞེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བའོ། །གང་གསུངས་པ་དེ་ཡང་ཁོང་དུ་ཆུང་ཅེ་ན། རྣམ་པའི་རེག་པས་དེ་ལ་རྟོག་པ་སྟེ་བྱེད་པ ་པོ་དང། ལས་དང་བྱེད་པ་འདུས་པ་རྟོག་བས་ཁོང་དུ་ཆུད་པས་རྣམ་པར་བཞག་པ་ཉིད་རྣམ་པའོ། །འདི་དག་ནི་བྱེད་བ་པོ་ལ་སོགས་པས་ཁོང་དུ་ཆུད་པའི་དུས་ན་ཡོངས་སུ་རྟོག་པའི་རྒྱུ་རྣམས་སོ། །བདག་ཉིད་ཁོང་ན་བརྗོད་པའི་དུས་ན་མིང་ཙམ་དག་གོ་།བདག་ཉིད་ཁ་ཏོན་བྱེད ་པ་ལ་སོགས་པའི་དུས་ན་བཏགས་བ་ཙམ་དག་གོ། གཞན་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྡར་འདོགས་པའི་དུས་ན་བརྡ་ཙམ་དག་གོ། གཞན་དག་ལ་ཐ་སྙང་བཏགས་པས་བརྗོད་པས་ན་ཐ་སྙད་ཙམ་དག་སྟེ། འདི་དག་ཀྱང་ང་ནི་ཇི་ལྟར་ཁོང་དུ་ཆུད་པ་དེ་ཡང ་མིང་དང། བརྟགས་པ་དང། བརྡ་དང། ཐ་སྙད་ཙམ་དུ་ཟུད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བས་བཤད་དེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཚིག་བཞི་པོ་འདི་དག་ཀྱང་བརྟག་པ་ཞེས་བྱ་བ་ལ་སོགས་པ ་མདོའི་ཚིག་རྣམས་ཀྱིས་རབ་ཏུ་ཕྱེའོ། །དེའི་བཤད་པ་ནི་རྣམ་པ་དྲུག་གིས་ཞེས་བྱ་བ་ལ་སོགས་པའོ། །བརྟགས་པ་ཡོངས་སུ་བརྟགས་པ་ཞེས་བྱ་བ་ཡང་དོན་གཅིག་སྟེ། དེའི་བཤད་པ་ནི་ཡང་དག་པ་མ་ཡིན་བ་ཀུན་བརྟགས་པ་ཞེས་བྱ་བའོ། །སྤྲོས་པ་ཐམས ་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུ་བ་བོ། །དེ་ལས་གུང་ན་གཟུང་བ་ཡོང་པར་ཡོངས་སུ་རྟོགས་པ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་སྟེ། ཡེ་ཤེས་ཀྱང་ཁོང་དུ་ཆུང་བར་བྱ་བ་ལས་གུད་ན་བྱེད་པའི་ངོ་བོར་མད་པའི་ཕྱིར་རོ། །མ་བྱང་བ་མེད་པ་ཡང་དོན ་ཅིག་སྟེ། དེའི་བཤད་པ་ནི་གསོག་ཅེས་བྱའོ། །ཁོང་དུ་ཆུང་པར་བྱེད་པ་པོ་ཡང་བདག་ལ་སོགས་པ་བྱེད་པ་པོ་མེད་པའི་ཕྱིར། རྫས་མ་ཡིན་པ། རྫས་མེད་པ་སྟེ། དེ་ཡང་དོན་གཅིག་གོ། དེའི་བཤད་པ་ནི་བདག་མི་དམིགས་པ་ཞེས་བྱ་བའོ། །ཡོངས་སུ་དག་པའི་ཡེ ་ཤེས་གཉིས་སུ་མེད་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་པོ་ཡིན་ནོ། །དེ་ཉིད་བྱེད་པ་ཡིན་ནོ། །དེ་ཉིད་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དེ་ལ་བྱེད་པ་པོ་ལ་སོགས་པ་ཐ་དད་པར་སྒྲོ་འདོགས་པས་ཤེས་པ་འབྱུང་པ་གང་ཡིན་པ་དེ་ནི་འཁྲུལ་པ་སྟེ། ཤེས ་པ་དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་སྐབས་བླང་བར་མི་ནུས་པས་ལེན་པ་མེད་པའོ། །དེ་བསན་འཇིག་རྟེན་པའི་ཤེས་རབ་ལས་ཤིན་ཏུ་འདས་པ་ཞེས་བྱ་བས་བསྟན་ཏོ། །བསྟན་དུ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་ཡི་གེའི་ལམ་ལས་ཡང་དག ་པར་འདས་པ་ཞེས་བྱ་བའོ། །མངོན་བར་ཆགས་པ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་ངར་འཛིན་པ་དང་ད་ཡིར་འཛིན་པ་དང་བྲལ་བ་ཞེས་བྱ་བའོ། །ངར་འཛིན་པ་དང་དེ་ཡིར་འཇིན་པ་ཉིད་མངོན་པར་ཆགས་པའི་རྒྱུ་ཡིན་པའི་ཕྱིར་མངོན་པར་ཆགས ་པ་ཞེས་བྱ་བར་དགོངས་སོ། དེ་ལྟར་རེ་ཞིག་བྱེད་བ་པོ་དང། ལས་དང། བྱ་བར་སྒྲོ་བཏགས་པས་བྱང་ཆུབ་ཁོང་དུ་ཆུད་པ་བཀག་པ་ལ་ཁ་ཅིག་སྐུར་པ་འདེབས་པར་འགྱུར་ཏེ། དེ་བསན་དེ་གསལ་བའི་ཕྱིར། འདི་ལ་གང་དེ་ལྟར་ཞེས་བྱ་བ་ལ་སོགས་གསུང ་ཏེ། བྱེད་པ་པོ་དང་བྱེད་པ་ལ་སོགས་བར་སྒྲོ་བཏགས་པ་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་རང་གིས་རིག་པ་ཞེས་བྱ་བ་མདོའི་དོན་ཏོ། །འདི་ནི་སུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ལ་སོགས་པའི་བཤད་པའོ། །ཡང་དག་པ་ཇི་ལྟ ་བ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་བྱེད་པ་པོ་ལ་སོགས་པ་ཀུན་བརྟགས་པ་དེ་དག་ལས་དབེན་པ་གཉིས་སུ་མེད་པའི་ཡེ་ཤེས་རང་གི་རིག་པ། ཞེས་བྱ་བའི་ཐ་ཚིག་གོ། གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་དེ་ཉིད་སྒྲིབ་པ ་སྤངས་པས་ཐཾས་ཅད་ནས་ཤེས་པའི་ཕྱིར་ཡོངས་སུ་ཤེས་པའོ། །སོ་སོ་རང་གིས་རིག་པའི་ཕྱིར་མངོན་དུ་བྱས་བའོ། །ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར། འགྱུར་བ་མེད་པའོ། །རང་བཞིན་གྱིས་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར། མི་འགྱུར་བ་སྟེ། ་དེ་གཉིས་ཀྱི་རབ་ཏུ་དང་བ་དང། རབ་ཏུ་ཞི་བར་ཞེས་བྱ་བ་གོ་རིམ་བཞིན་དུ་བསྟན་ཏེ། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང། འགྱུར་པ་མེད་པར་ཡོངས་སུ་གྲུབ་བར་བསྟན་ཅེས་བྱ་བའི་ཐ་ཚིག་གོ། མཚན་ཉིད་མེད་མེད་པའི་དོན་ནི་སམ་བཞིན་ནོ་ཞེས་བྱ ་བ་ནི་སེམས་ཀྱི་སྐབས་སུ་མཚན་ཉིད་ཡོད་པ་མ་ཡིན་པ་ནི་མཚན་ཉིད་མེད་པ་ཞེས་བསྟན་པ་སྟེ། །དེར་མཚན་ཉིད་མེད་པའི་སྒྲ་དོན་བརྗོད་བ་གང་ཡིན་པ་དེ་འདིར་ཡང་ཞེས་བྱ་བའི་ཐ་ཚིག་གོ་།མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད ་པ་ནི་ཏིང་ངེ་འཛིན་གྱི་བྱ་བའོ། །ཁོང་དུ་ཆུད་པ་བརྗོད་པ་ཀུན་རྫོབ་ཏུ་སྤྱིའི་རྣམ་པས་ཉན་པ་པོའི་རྒྱུད་ལ་བསྐྱེད་པ་ནི་བསྟན་པའི་བྱ་བའོ། །འདིར་བཞེངས་པར་བསྟན་དུ་ཟིན་ཀྱང་འདི་ནི་ནང་དུ་ཡང་དག་བཞག་ནས་ཆོས་ཀྱི་དབྱིངས་ཉིད་ལ་རྟོག་སྟེ། ཞེས་བྱ་བའའོག་ཏུ་ལྟ ་བར་བྱའོ། །འདི་མན་ཆད་དུ་ནི་ཏིང་ངེ་འཛིན་མྱོང་བའི་དོན་འཕགས་པ་འཇམ་དཔལ་ལ་བརྩམས་ནས་བསྟན་པ་སྟེ། འདི་ལྔར་བདག་གིས་བྱང་ཆུབ་དེ་ཇི་ལྟར་ཁོང་དུ་ཆུད་ཅེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་ནི་མཚན་ཉིད་མེད་པ་ཞེས་བྱ་བའི་བར་དུའོ། །འདི་མན ་ཆད་ན་འཕགས་པ་འཇམ་དཔལ་གྱིས་ཞུས་པ་གཏན་ལ་དབབ་པ་ལས་བརྩམས་ནས་བསྟན་བ་སྟེ། དེ་བས་ན་བསྟན་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དུ་ན་གལ་ཏེ་བྱང་ཆུབ་ནི་འགྱུར་བ་མེད་པ། མི་འགྱུར་བ། མཚན་ཉིད་མེད ་པ་ཞེས་བྱ་བ་དེའི་འོག་ཏུ་བཞེངས་པར་འགྱུར་ན། འཕགས་པ་འཇམ་དཔལ་ལས་བརྩམས་ཏེ། ཐོག་མར་བསྟན་པར་ཇི་ལྟར་འགྱུར། མ་བསྟན་པའི་དོན་ལ་རྗེ་བཙུན་འཕགས་པ་འཇམ་དཔལ་གྱིས་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་མཚན་ཉི ་དེ་ལྟ་བུ་ལ་གསན་ཞེས་བྱ་བ་ལ་སོགས་པ་ཞུས་པར་ཇི་ལྟར་འགྱུར། གལ་ཏེ་སངས་རྒྱས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་ཇི་ལྟར་མཉམ་པར་གཞག། ཇི་ལྟར་བཞེངས་ཞེ་ན། མཉམ་པར་གཞག་པ་དང། བཞེངས་པ་བསྟན་བ་ནི ་འདུལ་བའི་དོན་དུ་བསྟན་པས་ཉེས་པ་མེད་དོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་ཁོ་ན་ལ་བཀའ་སྩལ་ཞེ་ན། འཇམ་དཔལ་བྱང་ཆུབ་དེ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ཀྱིས་ཞུས་བའི་ཕྱིར་དེ་ཉིད་ལ་པ་ལཱ? ་སྩལ་བར་རིག་པར་ངེས་ཏེ། ཀླན་ཀང་མི་རུང་བ་མ་ཡིན་ནམ། བཀའ་སྩལ་བས་ངེས་ཀྱང་ནི་ཞུས་པར་ནི་རིགས་ཏེ་ཉེས་པ་མེད་དོ། ཅིའི་ཕྱིར་འཕགས་པ་འཇམ་དཔལ་གྱིས་ཞུས་ཞེ་ན་ཞེས་བྱ་བ་ནི་དྲི་བ་གཉིས་པ་བཟུངས་སྟེ་གླེངས་བའོ། དེ་ཉིད་ལ་བཀའ་ ་སྩལ་ཞེས་བྱ་བ་ནི་དེའི་འོག་ཏུ་བཀའ་སྩལ་པའི་ཕྱིར། །བྱང་ཆུབ་དེ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཡང་བྱང་ཆུབ་སྟེ། མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས་དེར་འཇུག་པར་བྱའོ་ཞེས་བྱ་བའི ་ཐ་ཚིག་གོ། བཅོམ་ལྡན་འདས་ཇི་ལྟར་རབ་ཏུ་འཚལ་བར་འགྱུར་ཞེས་བྱ་བ་ནི། བསྟན་པ་ཞེས་བྱ་བ་ཁོང་ནས་འབྱུང་སྟེ། བསྟན་ཀྱང་མི་ཤེས་ན་ཇི་ལྟར་ཐོས་པ་དང། སེམས་པ་ལ་སོགས་པའི་རིམ་གྱིས་བསྒོམ་པའི་ལས་ལ་འཇུག་ཅེས་བྱ་བར་དགོངS ་པའོ། འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་འདིས་ནི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པར་བསྟན་ཏོ། །དེ་བས་ན་གཉིས་ལས་དབེན་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སོ་སོ་རང་གི་རིག་པ་བསྟན ་བའི་ཡུལ་དུ་གལ་འགྱུར་ཏེ། དེ་བསན་ཐ་སྙད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཐ་སྙད་ལས་ཡང་དག་པར་འདས་པ་ཡི་གེའི་སྒྲ་སྐད་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཚིག་གཉིས་པོ་དེ་ལ་ཚིག་དང་པོ་ནི་གོང་དུ་བསྟན་ནང་དུ་མེད་པ་ཞེས་གང ་སྨོས་པ་དེ་དང་དོན་གཅིག་སྟེ། སྔོན་པོ་ལ་སོགས་པ་ལྟར་བསྟན་པའི་ཐ་སྙད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ཡི་གེ་བརྗོད་པའི་སྒྲས་གསལ་བར་བྱེད་པ་ནི་ཡི་གེའི་སྒྲ་སྐད་དེ། དེ་ལས་ཤིན་ཏུ་འདས་པའོ། དེ་ཡང་ཚིག་གི་ལས་ཞེས་གོང་དུ་བཤད་པའི? ་ཚིག་དང་མཐུན་ནོ། །སྒྲ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི་སྒྲ་མེད་པ་ཞེས་གང་བསྟན་པ་དེ་དང་དོན་མཐུན་ནོ། དེ་བས་ན་འོག་ནས་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ལ་སོགས་པ་བཞིའི་དོན་ནི་སྔ་མ་བཞིན་ནོ་ཞས་འཆད་དེ། །ཐ་སྙད་རབ་ཏུ་བརྟགS ་ཏེ་རྣམ་ཕར་བཞག་པ་ཉིད་འཇུག་པ་སྟེ། དེ་མེད་པའི་ཕྱིར་འཇུག་པ་མེད་པའོ། །ཅིའི་ཕྱིར་བྱང་ཆུབ་ཁོང་དུ་ཆུད་པའི་དུས་ཉིད་ནི་བྱང་ཆུབ་འཇུག་བ་མེད་སྙམ་པ་ལ་དེའི་ཕྱིར། གདོད་མ་ཉིད་ནས་འཇུག་པ་མེད་པ་ཞེས་བྱེད་གསུངས་ཏེ། སྟོང་བ་ཉིད་ནི་དུས་ཐམས ་ཅད་དུ་ཐ་སྙད་ལས་ཤིན་ཏུ་འདས་སོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་བས་ནི་ཐ་སྙད་རབ་ཏུ་བརྟགས་ནས་གང་སྟོང་པ་ཉིད་རྣམ་པར་གཞག་པ་དེ་ལམ་ཤིན་ཏུ་འདས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་ཇི་ལྟར་སྟོང་པ་ཉིད ་བཤད་པ་དེ་ལྟར་དེ་ནི་མ་ཡིན་ཏེ། རང་གི་ངོ་བོ་ལས་སྤྱིའི་རྣམ་པར་སྒྲོ་བཏགས་ནས་བཤད་པ་འབྱུང་བའི་ཕྱིར་རོ། །ཞེས་བསྟན་པར་འགྱུར་རོ། བསྟན་པ་འབྲས་བུ་མེད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་བརྗོད་པས་དེ་ཉིད་ལ་འཇུག་པའི་ཕྱིར་རོ། དེ་བས་ན ་ཐོས་བ་དང་སེམས་པ་ལ་སོགས་པའི་རིམ་གྱིས་བསྒོམ་པ་ཡང་འབྲས་བུ་མེད་བ་མ་ཡིན་ནོ། གཞན་དུ་གལ་ཏེ་བཤད་པས་དེ་ཁོ་ན་མངོན་སུམ་དུ་འགྱུར་པར་བརྗོད་ན་ནི་ཐོས་བའི་དུས་ཉིད་ན་དེ་ཁོ་ན་ཁོང་དུ་ཆུད་པས་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར ་འཇུག་པ་དོན་མེད་པར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ། དེ་བསན་བྱང་ཆུབ་ཀྱི་ཕྱིར་འཇུག་བའོ་ཞེས་གསུངས་སོ། །དེ་ནི་ཞུས་བ་དེ་ཡང་འཇུག་པ་རྣམ་པར་དག་པར་རིག་པར་བྱའོ། ཞེས་བྱ་བས་བསྟན་ཏོ། འཇུག་པ་རྣམ་པར་དག་པ་ཞེས་བྱ་བ་ནི་མངོན་པར ་ཞེན་པ་ཐམས་ཅད་དང་བྲལ་བས་བྱང་ཆུབ་ལ་སྦྱོར་བ་ནི་འཇུག་པ་རྣམ་པར་དག་པའོ། །སྤྲོས་པར་བྱེད་པས་སྤྲོས་པ་སྟེ། བྱང་ཆུབ་ནི་ཁོང་དུ་ཆུད་པར་བྱ་བ་ཉིད་ཀྱི་ངོ་བོར་སྒྲོ་འདོགས་བ་སྟེ། དེ་བོར་བའི་ཕྱིར་རོ། །དེ་ནི་འཇུག་པ་མེད་པའི་འཇུག་པ་ཞེས་བྱ ་བ་ཚིག་འདིའི་བཤད་པའོ། རབ་ཏུ་བརྟགས་ནས་རྣམ་པར་བཞག་པ་མེད་པ་ནི་འཇུག་པ་མེད་པ་སྟེ། དེས་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ། །སྒོམ་པར་བྱེད། བྱང་ཆུབ་འཛིན་པར་བྱེད་བས་དངོས་པོ་སྟེ་འཛིན་པའོ། དེ་མེད་པའི་ཕྱིར ་དངོས་པོ་མེད་པ་ལ་འཇུག་པའོ། །ཚིག་སྔ་མས་ནི་གཟུང་བ་དངོས་པོ་མེད་བར་བསྟན་གྱི། འཛིན་པ་དངོས་པོ་མེད་པར་ནི་མ་ཡིན་ཏེ། དེ་ལྟར་བྱེ་བྲག་ཡོད་དེ། དེའི་བཤད་པ་ནི་ཆོས་སུ་འཛིན་པ་པོར་པ?་ཞེས་བྱ་བའོ་།ཆོས་སུ་འཛིན་པས་ཆོས་སུ་འཛིན་པའི་བདག ་ཉིད་དོ། །བླ་གབ་མེད་པའི་དོན་ནི་སྔ་མ་བཞིན་ཞེས་བྱ་བ་ལ། སེམས་ཀྱི་སྐབས་སུ་དངོས་པོ་མེད་པ། བླ་གབ་མེད་པ་ཞེས་དེར་གང་གསུངས་བའི་བླ་གབ་མེད་པའི་དོན་གང་ཡིན་པ་དེ་འདིར་ཡང་ཞེས་བྱ་བའོ། །དེར་རིང་དུ་སོང་བ་ཞེས་བྱ་བ་ནི་བྱང་ཆུབ་དེ་བཞིན ་ཀྱི་ངོ་བོ་ཐམས་ཅད་དུ་སོང་བའི་ཕྱིར་རིང་དུ་སོང་བ་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ཞི་བ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། དེའི་བཤད་པ་ནི་ཞི་བ་ཞེས་བྱ་བའོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་ནི་རྟག་པ་ཉིད་དུ ་འང་ཆད་པ་ཉིད་དུ་སྟེ། དེ་མེད་པའི་ཕྱིར་མངོན་པར་ཞན་པ་མེད་པའོ། དེ་ནི་རྟག་པར་འཛིན་པ་པོར་བ་ཞེས་བྱ་བས་བཤད་དོ། །ཡང་དག་པའི་མཛའ་དམིགས་བར་གྱུར་པ་དེ་ནི་ཡང་དག་པའི་མཛའ་སྟེ། དེ་བཞིན་ཉིད་ལ་དམིགས་པའི་ལམ་མོ། །དེའི ་དབྱེར་མེད་པ་ནི་དོར་བ་མེད་པ་འོ། །དེ་བས་ན་ལམ་ལ་སྐུར་པ་འདེབས་པ་བོར་བ་ཞེས་བཤད་དོ། །ཡང་དག་པའི་མཛའ་དམིགས་པར་གྱུར་པ་དེ་བོར་བ་ནི་གཞན་གྱི་དབང་ལ་སྐུར་བ་འདེབས་བའོ། །བཞག་པ་ནི་བྱིས་བས་ཡོངས་སུ་བརྟགས་ཏེ་ཡོད་པར ་སྒྲོ་བཏགས་པའོ། །དེ་མེད་པའི་ཕྱིར། དོར་བ་མེད་པ་དང། བཞག་པ་མེད་པའོ། །ཐ་དད་པ་མ་ཡིན་པ་ནི་གང་ཟག་ལ་བདག་མེད་པའོ། ཐ་དད་པ་མེད་པ་ནི་ཆོས་ལ་བདག་མེད་པའོ། འཇུག་པ་ན་ཞེས་བྱ་བའི་སྒྲ་ནི་དོར་བ་མེད་པ་དང། བཞག་བ་མེད་པ ་ལ་འཇུག་པ་ཐ་དད་པ་མ་ཡིན་པ་དང། ཐ་དད་པ་མེད་པ་ལ་འཇུག་པ་ཞེས་རེ?་རེ་དང་སྦྱར་རོ། དང་པོའི་བཤད་པ་ནི་སྐུར་བ་དང་སྒྲོ་བཏགས་པ་རྣམ་པར་སྤངས་པ་ཞེས་བྱ་བའོ། གཉིས་པའི་བཤད་པ་ནི་ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་པ་ཞེས ་བྱ་བའོ། །ཚུལ་གཅིག་པ་ནི་བདག་མེད་པའོ། །སོ་སོ་ཡང་དག་པར་རིག་པའི་མིག་ཡོར་ལ། །མིག་ཡོར་ནི་འཁྲུལ་པའི་ཤེས་པའི་རྣམ་པ་མགལ་མེ་སྐོར་བ་ལ་སོགས་པ་སྟེ། དངོས་པོ་རྣམས་སོ་སོ་ཡང་དག་པར་རིག་པའི་མིག་ཡོར་ལ་སོགས་པ ་འདི་དག་དང་མཚུངས་པར་དེ་ལྟར་འཇུག་པའོ་ཞེས་མདོའི་ཚིག་གི་དོན་ཏོ། །དེའི་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཞེས་བྱ་བའོ། །དེ་ལྟ་བུའི་རྣམ་པར་ཞུགས་པའི་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ། །ཁམས་གསུཾ ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིའི་དོན་རྣམ་པར་དབྱེ་བ་ནི་ཞེས་བྱ་བ་ནི་འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པ། ཐ་སྙད་ལས་ཡང་དག་པར་འདས་པ། ཡི་གེའི་སྒྲ་ལས་ཡང་དག ་བར་འདས་པ། སྒྲ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེ་དག་གི་དོན་ཏོ། སྔ་མ་བཞིན་ཞེས་བྱ་བ་ནི་འདི་སྡང་སྦྱར་ཟིན་པས་ཡང་མ་བརྗོད་བོ། །དེ་ལྟར་གླེང་གཞི་ལ་སོགས་པ་ཚིག་གི་དོན་དགུའི་ནང་ནས་གླེང་གཞི་ནས་བཟུང་སྟེ་བསྟན་པ་ཞེས་བྱ་བའི་བར་དུ་ཚིག ་བདུན་གྱི་དོན་ནི་བཤད་ཟིན་ཏོ།། །།ད་ནི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་མཐུ་སྟེ། ཚིག་གི་དོན་རྒྱས་པར་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་མཐུ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཇི་ལྟར་འདོད ་པའི་དོན་ཡོངས་སུ་རྫོགས་པ་དང། སྤོབས་བ་ཐོགས་པ་མེད་པའོ། །ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པ་དེ་ཡང་གོང་ནས་གོང་དུ་རྣམ་པ་བཅུ་བཞི་མངོན་པར་སྒྲུབ་པར་རིག་པར་བྱ་སྟེ། བཅུ་བཞི་གང་ཞེ་ན། གདམས་ངག་མི་བརྗོད་པ་དང་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དེ་ནས་ལྷའི་བུ་ཟླ་བ་དྲི་མ་མེད་བའི་གཟི་བརྗིད་འོད་ཟེར་གྱི་འོད་ཅེས་བྱ་བ་ལ་སོགས་ལ་མདོའི་དུམ་བུའི་བཤད་པའོ། རྩོམ་པ་ནི་ནང་གི་རྒྱུ་སྟེ། རྩ་བར་གྱུར་བའོ། །གནས་ནི་ཕྱིའི་སྟེ་དམིགས་པར ་གྱུར་པའོ། །དེ་བས་ན་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ་ཞེས་གསུངས་སོ། །གོང་ནས་གོང་དུ་མངོན་པར་སྒྲུབ་ཅེས་བྱ་བ་ནི་སྙིང་རྗེ་ལ་སོགས་པ་སྔ་མ་སྔ་མས་གཡོ་མེད་པ་ལ་སོགས་པ་ཕྱི་མ་ཕྱི་མ་སྒྲུབ་པའོ། །ཅེས་བསྡུས་ཞེས་བྱ ་བ་ནི་འབྲས་བུ་གང་གིས་བསྡུས་བའི་སྙིང་རྗེ་ཆེན་པོའི་འབྲས་བུ་གང་ཞེས་དྲི་བའི་དོན་ཏོ། །འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། གཡོ་མེད་པས་བསྡུས་ཞེས་བྱ་བ་ནི་སྙིང་རྗེ་དང་ལྡན་ན་གཡོ་བ་མེད་པར་འགྱུར་རོ། །དེའི་བཤད་པ་ནི་གདམས་ངག ་མི་བརྗེད་པ་ཞེས་བྱ་བའོ། །གདམས་ངག་ནི་ཡང་དག་པའི་མན་ངག་གོ་།གཡོ་མེད་པར་སེམས་ཅན་གྱི་དོན་དུ་ཡང་དག་པའི་གདམས་ངག་འཛིན་ན་དེའི་ཕྱིར་མི་བརྗེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཞེས་བྱ་བ་ནི ་གཡོ་མེད་ན་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ལས་བྱུང་བའི་ཕྱིར་ཏེ། སེམས་སྙོམས་པ་ཡང་ཐམས་ཅད་འདུ་བྱེད་དུ་མཉམ་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བས་འཛིན་ཏོ་།དེའི་བཤད་པ་ནི་ལེགས་པར་གཟུང་བའི་གདམS ་ངག་འདུས་བྱས་ལ་ཉེ་བར་རྟོག་པ་ཞེས་བྱ་བའོ། །གཡོ་མེད་པའི་སྟོབས་ཀྱིས་གདམས་ངག་ལེགས་པར་བཟུང་བ་འདུས་བྱས་ལ་ཉེ་བར་རྟོག་སྟེ། སེམས་ཅན་རྣམས་ལ་ཆོས་ལ་བདག་མེད་པ་དང། གང་ཟག་ལ་བདག་མེད་པར་མཉམ་པར་རྟོག་ཅིང། ་འདུས་བྱས་ཐམས་ཅད་ལ་ཆོས་ལ་བདག་མེད་པ་དང། གང་ཟག་ལ་བདག་མེད་པར་མཉམ་པ་ཉིད་དུ་བཞུགས་ནས། ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པའི་ཡུལ་ཅི་རིགས་པར་མི་མཐོང་བ་སྟེ། དེ་བས་ན་ཐ་དད་བ་མ་ཡིན་པ་དང། ཐ་དད་པ ་མེད་པའི་སྤྱོད་པ་དང་གོ་རིམ་བཞིན་དུ་བལྟ་བར་བྱའོ། །དེ་ལྟར་དངོས་པོ་འདི་དག་ཆོས་དང་གང་ཟག་གཉིས་ཀྱིས་སྟོང་ཡང་དེ་ཁོ་ན་མ་མཐོང་བ་དག་ཆོས་དང་གང་ཟག་གི་རྣམ་པས་བསླུས་སོ་ཞེས་འདུས་བྱས་རྣམས་ལ་ཉེས་པར་བལྟ་བ་?་ཏེ། ? ་ཉེས་པར་ལྟ་བ་ཞེས་བྱ་བས་བཤད་དོ། །དེ་ལ་ཞེས་བྱ་བ་ནི་འདུས་བྱས་ལའོ། ཐ་དད་པ་མེད་བའི་སྤྱོད་པ་ལ་ཞུགས་པ་ཉོན་མོངས་པའི་སྒྲིབ་བ་དང། ཤེས་བྱའི་སྒྲིབ་པ་དེ་གཉིས་སྤངས་བའི་བསམས་པ་དང་ལྷག་པའི་བསམ་པ་དང་གོ་རིམ་བཞིན་ནོ། །དེ་བས་ན ་ཉེས་པ་དེ་དག་དང་མི་བརྟན་པ་ཞེས་བཤད་དོ། །བསམ་པ་དང། ལྷག་བའི་བསམ་པ་ཅིའི་ཕྱིར་བྱུང་ཞེས་བྱ་བ་ནི་བསམ་པ་དང། ལྷག་པའི་བསམ་པ་གཉིས་ཅི་ཞིག་གི་ཕྱིར་བྱུང་ཞེས་བྱ་བའི་ཐ་ཚིག་གོ་།ཚིག་གོང་མ་རྣམས་ལ་ཡང་དེ་བཞིན་དུ་ཕྱིར་ཞེས ་བྱ་བ་བལྟའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་འཁྲུལ་བ་རྣམས་ཀྱིས་སེམས་ཅན་འདི་དག་ཤིན་ཏུ་སྡུག་བསྔལ་བའི་གནས་སུ་ཁྲིད་དེ། དེ་བས་ན་བདག་གིས་བདག་གཞིན་དུ་གཞན་དག་ཀྱང་ཉེས་པ་ཐམS ་ཅད་སྤངས་ཏེ་བྱང་ཆུབ་ཐོབ་པར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། དེའི་བཤད་པ་ནི་དགེ་བའི་ལས་ཡང་དག་པར་འཛིན་པ་ཞེས་བྱ་བའོ། །འདིས་དགེ་བའི་ལས་ཡང་དག་པར་འཛིན་པས་དགེ་བའི་ལས་ཡང་དག་པར་འཛིན་པ་སྟེ། བྱང་ཆུབ་ཀྱི་སེམས་སོ།། ་བྱང་ཆུབ་ཀྱི་སེམས་དོན་དུ་བྱུང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་བྱུང་བའོ་ཞེས་བསྡུ་བར་བལྟའོ། འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འཇུག་གོ་། ་དེ་བས་ན་ཕ་རོལ་ཏུ་ཕྱིན་པ་དག་ནི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུའོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བས་ན་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་ཞེས་བཤད་དོ། །ཐབས་དང་ཤེས་རབ ་གཉིས་ཀྱི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འཇུག་པ་ན་ཐབས་དང་ཤེས་རབ་ལ་འཇུག་སྟེ། དེ་ལ་ཐབས་ཀྱིས་ནི་འཁོར་བ་མི་གཏོང་ལ། ཤེས་རབ་ཀྱིས་ནི་དེའི་ཉེས་པ་རྣམས་ཀྱི་མི་དགོས་ཏེ། ཤེས་རབ་དང་ཐབས་ཀྱིས ་ཀུན་ནས་ཉོན་མོངས་པ་མེད་བར་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པར་དག་གོ། དེ་བས་ན་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བཤད་དོ། །བག་ཡོད་པའི་ཕྱིར་བྱུང་ཞེས་བྱ་བ་ནི་ཤེས་རབ་དང ་ཐབས་དང་ལྡན་པ་ཐམས་ཅད་དུ་བག་ཡོད་པར་གནས་པའི་ཕྱིར་རོ། །བག་ཡོད་པར་གནས་པ་ཡང་སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དད་བ་བསྐྱེད་བས་སེམས་ཅན་གྱི་དོན་དང་མཐུན་པ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་དོན་དང་མཐུན་པ་ཞེས་བཤད་དོ? ་ལེགས་བར་སྤྱོད་པ་རྣམ་པ་གསུམ་གྱི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་བག་ཡོད་པ་ལ་གནས་པ་དག་ལུས་དང། ངག་དང། ཡིད་ཀྱི་ལེགས་པར་སྤྱོད་པ་དག་ལ་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་སྒྲུབ་བོ། །དེ་བས་ན་ལེགས་པར་སྤྱོད་པ་རྣམ་པ་གསུམ་ནི་བག་ཡོད ་པའི་འབྲས་བུའོ། །ལེགས་པར་སྤྱོད་པ་རྣམ་པ་གསུམ་དང་ལྡན་ན་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བས་ན་ཚོགས་ཡོངས་སུ་རྫོགས་པ་ཞེས་བཤད་དོ། །དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཕྱིར་བྱུང་ཞེས་བྱ་བ་ནི་ལུས་དང། ངག་དང། ཡིད་ཀྱི་ལེགས་པ་སྤྱོད་པ་དག ་ལ་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ལ་བརྩོན་པ་ནི་དེ་དང་མི་མཐུན་པ་སྲོག་གཅོད་པ་ལ་སོགས་པ་དག་ལ་མི་འཇུག་གོ་།དེའི་ཕྱིར་ང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལྡོག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་སྒྲུབ་པོ། །ལྡོག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད ་དགེ་པ་བཅུའི་ལས་ཀྱི་ལམ་ནི་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱི་འབྲས་བུ་ཡིན་ནོ། དེ་ལྟར་འཇུག་པ་དང། ལྡོག་པའི་ཚུལ་ཁྲིམས་ཐ་དད་དུ་ཕྱེ་སྟེ། ལེགས་པར་སྤྱོད་པ་རྣམས་པ་གསུམ་དང། དགེ་བ་བཅུའི་ལS ་ཀྱི་ལམ་རྣམས་རྒྱུད་དང་འབྲས་བུ་དངོས་པོར་བསྟན་པ་ཁོང་དུ་ཆུད་པར་བྱའོ། །གཞན་དུ་ན་ལེགས་པར་སྤྱོད་པ་རྣམ་པ་གསུམ་དང། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཐ་དད་བཅི་ཞིག་ཡོད་པར་འགྱུར། སྲོག་གཅོད་པ་སྤོང་པ་ལ་སོགས་པ་ལ་བསམ་པ་བརྟག? ་པ་དག་སེམས་ཅན་ལོག་བར་ཞུགས་པ་རྣམས་ཀྱི་མི་སྐྱོ་བས་དེ་ནི་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བས་བཤད་དོ། །འཇུག་པ་དང་ལྡོག་པའི་ཚུལ་ཁྲིམས་བསྟན་པ་འདིས་སྡོམ་པའི་ཚུལ་ཁྲིམས་བསྟན་ཏེ། སྦོམ་པའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་འབྲས་བུ་ཡང་དག་བ། རབ ་གཙོ་བོ་སངས་རྒྱས་ཉིད་འདི་ལས་བྱུང་བས་སྡོམ་པའོ། །ཐོས་པ་དང། སེམས་པ་ལ་སོགས་པའི་རིམ་གྱིས་བདག་མེད་པ་གཉི་ག་ལ་བརྟེན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་དབང་དུ་སོ་སྦྱར་ཏེ། དེའི་དོན་དུ་བྱུང་ངོ། །དགེ་བ་བཅུའི་ལས་ཀྱི་ལམ་གྱིས་སྡོམ་པ་ལ ་གནས་པ་ནི་ཐོས་པ་དང། སེམས་དཔའ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་འཇུག་བའི་ཕྱིར་འདིས་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་བསྟན་ཏོ། །གོང་དུ་བཤད་པ་ཐག་བ་བྱང་ཆུབ་ཀྱི་ཕྱོགས་བསྡོམས་པའི་མཚན་ཉིད་ཀྱི་ལམ ་རྣམ་པར་དག་བས་ནི་འབྲས་བུ་རྣམ་པར་དག་པ་སངས་རྒྱས་ཉིང་འགྲུབ་བོ། །དེ་བས་ན་ལས་ཀྱི་འབྲས་བུ་རྣམ་པར་དག་བ་ཞེས་བཤད་དོ། །ཚུལ་བཞིན་ཡིད་ལ་བྱ་བའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་ལྡན་ན་རྟག་ཏུ་བདག ་མེད་པ་གཉི་ག་ལ་བརྟེན་པའི་ཡིད་ལ་བྱ་བ་ལ་འཇུག་སྟེ། དེ་ཉིད་འདིར་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བདག་ཉིད་དེས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་བ་དེ་རྣམ་པར་དག་གོ། དེ་བས་ན ་སྦྱོར་བ་རྣམ་པར་དག་པོ་ཞེས་བཤད་དོ། །སོ?་སོར་རྟག་པའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་སེམས་ཅན་སོ་སོ་ལ་སྐལ་པ་ཇི་ལྟར་ཡོང་བ་བཞིན་དུ་དེ་སྒྲུབ་པ་སོ་སོར་རྟོག་པའོ། །ཚལ?་བཞིན་ཡིད་ལ་བྱེད་པས་ནི་སྲིད་པ་སྒྱུ་མ་ལྟ་བུར་མཐོང་ངོ། །དེ་བས་ན་འཁོར་བ་ཇི་སྲིད་བར ་སེམས་ཅན་གྱི་དོན་ལ་ཤིན་ཏུ་འཇུག་གོ་།དེ་ལྟ་བས་ན་སེམས་ཅན་གྱི་དོན་རྣམ་པར་དག་པ་ཞེས་བཤད་དོ། །དྲན་བའི་ཕྱིར་བྱུང་ངོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་བརྩོན་པར་བྱ་བ་དང། མི་བྱ་བ་དག་ལ་རྟག་ཏུ་དྲན་པ ་འཇུག་པའི་ཕྱིར་རོ། །དྲན་པ་དང་ལྡན་ན་མུ་སྟེགས་ཅན་དང་བདུད་ལ་སོགས་པས་མི་འཕྲོགས་པའོ། །དེ་བས་ན་གཞན་གྱི་མི་བཀྲི་བ་རྣམ་པར་དག་པ་ཞེས་བཤད་དོ། །གཞན་ནི་གཞན་དུ་སྟེ། སྙིང་རྗེ་ཆེན་པོ་ཅིས་བསྡུས་ཞེས་བྱ་བ་ནི་འདིར་རྒྱུ་གང་གིས་ཞེས་རྒྱུ་དྲི་བ ་ཉིད་དེ། འདི་ནི་གཡོ་མེད་པས་བསྡུས་ཏེ། གཡོ་མེད་པས་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ་།གཡོ་མེད་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་བའི་སེམས་ཀྱིས་བསྡུས་ཏེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་གང་ཡིན་པ་དེ་གཡོ་མེད་པར་ངེས་སོ། ། ་སྙོམས་པའི་སེམས་ཀྱི་རྒྱུ་ནི་ཐ་དད་པ་མ་ཡིན་པ་དང། ཐ་དད་པ་མེད་པའི་སྤྱོད་པ་ཞེས་བྱ་བའོ། །དེ་བཞིན་དུ་གཞན་དུ་ཡང་ཅིའི་ཕྱིར་བྱུང་ནས་འདྲི་བ་དེར་ཡང་རྒྱུ་གང་ལས་བྱུང་ཞེ་ཟེར་རོ། །དེ་དག་ནི་བཤད་པའི་ཚིག་དང་མི་མཐུན་སྟེ། འདི་ལྟར་གདམས་ངག ་མི་བརྗེད་པ་ཞེས་བྱ་བའི་ཚིག་དེས་གཡོ་མེད་པ་བསྟན་ནས་ཕྱིས་གདམས་ངག་ལེགས་པར་བཟུང་བ་འདུས་བྱས་ལ་ཉེ་བར་རྟོག་པ་ཞེས་བྱ་བ་འདེས་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བའི་ཚིག་འདི་བཤད་དོ་འདིར་གདམས་ངག་ལེགས ་པར་གཟུང་བ་ཉིད་འདུས་བྱས་ལ་རྟོག་པའི་རྒྱུར་བཤད་ན་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ནི་གཡོ་མེད་བའི་རྒྱུ་ཉིད་དུ་བསྟན་པར་འགྱུར་ཏེ། དེ་ལྟ་ན་ནི་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་རྩ་བའི་རྒྱུ་ཡིན་པར་འགྱུར་རོ། །རྒྱུད་བསྡུ་བ་དང། འབྲས་བུར་བསྡུ ་བ་ཞེས་བྱ་བ་ལ་སྔ་མ་སྔ་མ་ནི་སེམས་བསྐྱེད་པའི་རྒྱུ་ཡིན་ནོ། །ཕྱི་མ་ཕྱི་མ་ནི་འབྲས་བུ་སྟེ། དེ་བས་ན་རྒྱུ་དང་འབྲས་བུར་བསྡུ་བ་ཞེས་བྱའོ། །ས་བཅུས་བསྡུས་པའི་སེམས་བསྐྱེད་པ་རྣམ་པ་བཞི་ཞེས་བྱ་བ་དེ་ལ། སེམས་བསྐྱེད་པ་དང་པོ་ནི་ས་རབ་ཏུ་དགའ་བས ་བསྡུས་སོ། །སྤྱོད་པ་དང་འབྲེལ་པ་ནི་དྲི་མ་མེད་པ་ལ་སོགས་པ་དྲུག་པོ་རྣམས་སུའོ། །ཕྱིར་མི་ལྡོག་པ་ནི་མི་གཡོབ་ལ་སོགས་པར་རོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ས་བཅུ་པ་ཉིད་ལའོ། །བཞི་པ་རྣམ་པ་བཅུ་གཉིས་ཀྱིས་ཞེས་བྱ་བ་ནི་དེ་ལ་སེམས་བསྐྱེད་པ་དང་པོ་ནི་སྤྱོད ་པ་དང་འབྲེལ་པའི་རྒྱུར་བལྟའོ་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་འབྲས་བུ་དང་འབྲེལ་པའི་རྒྱུར་བལྟའོ་ཞེས་བྱ་བ་ལ། རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ། །འབྲས་བུ་སངས་རྒྱས་ཉིད་དོ། །འབྲེལ་པ་ནི་དེ་དེ་ལས་བྱུང་བར ་བལྟ་སྟེ། སངས་རྒྱས་ཉིད་ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།བཞི་པ་འདིའི་བཤད་པ་ནི་གོང་ནས་གོང་དུ་རྒྱུ་ཆུད་མི་ཟ་བ་ཞེས་བྱ་བ་སྟེ། སེམས་སྐྱེད་པ་ཕྱི་མ་ཕྱི་མའི་རྒྱུ་ནི་སྔ་མ་སྔ་མ་སྟེ། དེའི་རྒྱུར་དེ་རྟག་ཏུ་གནས་པས་རྒྱུ་ཆུད་མི་ཟ་བའི། །དེ་ནི་འདི་སྐད་དུ་སེམས་དང་པོ ་བསྐྱེད་པ་དང་འབྲེལ་པ་ཉིད་ཀྱི་རྒྱུའོ། །གཞན་གཉིས་ལས་སྤྱོད་པ་དང་འབྲེལ་པ་ཕྱིར་ལོག་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའི་རྒྱུའི་ནུས་པ་སྟེ། དེ་བཞིན་དུ་གྱུར་བའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་འབྲས་བུ་དང་མཐུན་པའི་བཞི་པ་དང་ཐོས་རྒྱུའི་གནས ་བསྟན་ཏོ། །ལྷའི་བུ་གཞན་ཡང་དཔེར་ན་ས་བོན་བཏབ་བ་ཞེས་བྱ་བ་ལ་སོགས་པ་རྒྱུར་འོས་པ་བཞི་པ་གཉིས་པས་ནི་འབྲས་བུ་ཡང་གནས་ཞེས་དེ་སྟོན་ཏོག་བཏབ་པ་ནི་བཀྲུན་པ་སྟེ། སེམས་བསྐྱེད་པ་དང་པོའི་དགེ་བའི་ཆོས་ཐམས་ཅད་ཀྱི་དགེ་བའི་ས་བོན་བསྐྱེད་པའི ་ཕྱིར་རོ། །ས་བོན་གྱིས་ཚུལ་དུ་གནས་པ་སེམས་སྐྱེད་པ་དང་པོ་གང་ཡིན་པ་དེ་ལས་དེ་དང་མཐུན་པའི་མྱུ་གུ་མངོན་པར་འགྲུབ་བོ། །ཆོས་དེ་ནི་སེམས་སྐྱེད་པ་དང་གཉིས་པོ་སྟེ། དེ་ལས་བསྡུས་པ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བ་ལས་དགེ ་བའི་ཆོས་ཐམས་ཅད་ཀྱི་མྱུ་གུ་རྣམས་འབྱུང་བའི་ཕྱིར་རོ། །སེམས་བསྐྱེད་པ་གཉིས་པ་མྱུ་གུའི་ཚུལ་དུ་གནས་པ་གང་ཡིན་པ་དེ་ལས་དེ་དང་མཐུན་པ་སེམས་བསྐྱེད་པ་གསུམ་པ་སྔོ་དབུ?་ལ་སོགས་པ་ལྟ་བུའི་ཆོས་ཉིད་འབྱུང་སྟེ། དེ་ལ་མི་གཡོ་བ་ལ་སོགས་པས་གསུམ ་གྱིས་བསྡུས་པ་མངོན་པར་འདུ་བྱེད་པ་མེད་བར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བས་བསྒྲིམ་མི་དགོས་པར་སངས་རྒྱས་གྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་སེམས་བསྐྱེད་པ་བཞི་པ་ནི་སེམས་བསྐྱེད་པ ་གསུམ་པའི་འབྲས་བུར་གྱུར་ཏེ། འབྲས་བུ་ཡོངས་སུ་སྨིན་པའི་ཆོས་ཡིན་ནོ། །དེ་ལས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་གྲུབ་པའི་མཚན་ཉིད་གྱི་འབྲུས་འགྲུབ་པར་འགྱུར་རོ། །བཞི་པ་གཉིས་པ་འདིའི་བཤད་པ་ནི་རྒྱུའི་རིམ་གྱིས ་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་གང་གི་རྒྱུར་གནས་པ་དེ་ཉིད་ཀྱིས་འབྲས་བུ་མཚང་བ་མེད་པར་འགྲུབ་པ་ཡོངས་སུ་དག་གོ་།དཔེར་ན་ཤིང་རྟ་མཁན་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་གསུམ་པའོ། །ཤིང་བསྡུ་བ་ཤེས་པ་ཞེས་བྱ་བ་ནི་ཤིང་ཇི་ལྟར ་གྱུར་པ་ཇི་སྙེད་ཀྱིས་ཤིང་རྟ་འགྲུབ་པ་དེ་ལྟ་བུར་གྱུར་པ་དེ་སྙེད་ཤེས་ཧ་བསྡུ་བ་ཤེས་པའོ། །དེ་བཞིན་དུ་སེམས་བསྐྱེད་པ་དང་པོ་ཞེས་བྱ་བ་ནི་ས་དང་པོ་ལ་སྨོན་ལམ་ཆེན་པོ་བཅུ་པོ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བཤེས་པའོ། །དེ་བས?་ན་སྔ ་སྨོན་ལམ་ལ་བརྟེན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་ཞེས་བྱ་བས་བཤད་དོ། །དེ་བཞིན་དུ་སྤྱོད་པ་དང་འབྲེལ་པ་ཞེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པས་དྲུག་པོ་དག་ནི་སངས་རྒྱས་ཉིད་ཀྱི་ཡན་ལག་ཏུ་གྱུར་པའི་ཆོས་བསོད་པ་དང། ་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཐབས་རྣམས་རིམ་བཞིན་དུ་སྦྱོང་བའི་ཕྱིར་རོ། །དེའི་བཤད་པ་ནི་ཚུལ་ཁྲིམས་དང་སྡོམ་པ་རྣམ་པར་དག་པ་ཞེས་བྱ་སྟེ། ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིས་ནི་མི ་མཐུན་པའི་ཕྱོགས་ཀྱི་སེམས་བཟློག་པས་སྡོམ་པའོ། །དཔེར་ན་ཤིང་རྟའི་ཡན་ལག་ཅེས་བྱ་བ་ལ་སོགས་པ་འདིའི་བཤད་པ་ནི་བསྒོམ་པའི་ལམ་ན་ཤེས་རབ་དང་ཐབས་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བ་ཞེས་བྱ་བའོ། །མངོན་པར་འདུ་བྱ་བ་མེད་པར ་འཇུག་པ་ནི་བསྒོམ་པའི་ལམ་ན་ཤེས་རབ་དང། ཐབས་དེ་གཉིས་ཀྱིས་སངས་རྒྱས་ཉིད་ཀྱིས་རྒྱུའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཐམས་ཅད་ཡན་ལག་དང། ཡན་ལག་ཅན་གྱི་དངོས་པོར་ཕན་ཚུན་སྦྱོར་བའི་ཕྱིར་ཏེ། འདི་ལྟར་བསོད ་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཡེ་ཤེས་མྱ་ངན་ལས་འདས་པ་འབྲས་བུ་ཡང་འཁོར་བ་དང་མི་མཐུན་པ་སྟེ། ཡེ་ཤེས་ཀྱི་གྲོགས་བསོད་ནམས་ཀྱི་ཚོགས་འབྱུང་བ་མངོན་པར་འགྲུབ་པར་འབད་ཀྱང་མྱ་ངན་ལས་འདས་པ་དང། མི་མཐུན་པ་མེད་དེ། དེ་ལྟར ་འདི་གཉིས་ཡན་ལག་དང་ཡན་ལག་ཅན་གྱིས་དངོས་པོ་ཡིན་པའི་ཕྱིར་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་བོ། །དཔེར་ན་ཁལ་དག་ལ་བ་ཞེས་བྱ་བ་ནི་ཤིང་རྟ་ཡོངས་སུ་གྲུབ་ནས་རྫས་ལ་སོགས་པ་ཁལ་དག་ལ་བ་ཤེས་པའོ། །དེ་བཞིན་དུ་སྐྱེ་པ ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་ཚོགས་ཡོངས་སུ་རྫོགས་པ་དེས་བདག་དང་གཞན་གྱིས་དོན་གྱི་ཁུར་ཤིན་ཏུ་སྒྲུབ་པའི་ཕྱིར་རོ། །དེའི་བཤད་པ་ནི་ཁུར་བླངས་པ་མི་འདོར་བ་ཞེས་བྱ་བའོ། །ཁུར་བླངས་པ་ནི་བདག་དང་གཞན་གྱི་དོན་ཡང་དག ་པར་སྒྲུབ་པའོ། །དཔེར་ན་ཟླ་བ་ཚེས་པ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ། །དེའི་བཤད་པ་ནི་གོང་ནས་གོང་དུ་མཐུ་རྣམ་པར་དག་པ་ཞེས་བྱ་བའོ། །ཟླ་བའི་དཀྱིལ་འཁོར་ནི་གོང་ནས་གོང་དུ་སྣང་བའི་བྱེ་བྲག་གི་མཐུ་རྣམ་པར་དག་གོ་།སེམས་ཀྱི་ནི་ནུས ་པའི་བྱེ་བྲག་གོ་།ཚེས་བཅུ་བཞིའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བའི་དཔེས་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་ཅུང་ཟད་གཅིག་ཡོངས་སུ་མ་རྫོགས་པར་བསྟན་ཏོ། །ཆོས་བཅོ་ལྔའི་ནུབ་མེའི?་དཔེས་ནི་དེ་བཞིན་གཤེགས་པའི་མཁྱེན་པ་རྣམ་པ ་ཐམས་ཅད་ཡོངས་སུ་རྫོགས་པ་བསྟན་ཏོ། །ཉན་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་བཙམ་གྱིས་མཐོང་བའི་ལམ་ལ་བདེན་པ་ཁོང་དུ་ཆུད་པའོ། །དེ་ལས་ཤིན་ཏུ་འདས་པ་ནི་ས་དང་པོ་ལ་མཐོང་བའི་ལམ་ན་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་ཆོས་ཀྱི་དབྱིངS ་ཐམས་ཅད་དུ་སོང་བའི་རྣམ་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེའི་བཤད་བ་ནི་ཡང་དབང་པོ་རྣོ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་བར་དམིགས་པ་ཞེས་བྱ་བ་སྟེ། སངས་རྒྱས་ཉིད་ཀྱི་ཕྱོགས་སུ་གྱུར་པའི་རྒྱར་གྱུར་པའི་ཆོས ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཏེ་དེ་བཞིན་ཉིད་དོ། །དེ་ནི་ས་དང་པོ་ལ་མཐོང་བའི་ལམ་ན་ཉན་ཐོས་ཐམས་ཅད་པས་ལྷག་པར་ཆོས་ཐམས་ཅད་ལ་བདག་མེད་པའི་རྣམ་པར་དམིགས་པས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པའོ། །རང་སངས ་རྒྱས་རྣམས་ཀྱིས་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདེན་པ་ཉིད་དུ་ཁོང་དུ་ཆུད་པའོ། །དེ་བས་ན་དེ་དག་གིས་འཁོར་བ་སྒྱུ་མ་ལྟ་བུར་ཁོང་དུ་མ་ཆུད་དེ། དེས་སྐྲག་ནས་བདག་གཅིག་པུ་ཐར་པར་བྱ་བའི་ཕྱིར ་འབད་དོ། །སེམས་སྐྱེད་པ་གཉིས་པ་ནི་དེ་ལས་ཤིན་ཏུ་འདས་ཏེ། དེ་ལས་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང་བྲལ་བས་ཡང་དག་པ་མ་ཡིན་པ་ཡོངས་སུ་བརྟགས་པའི་བདག་ཉིད་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པའི་ཕྱིར ་རོ། ས་དང་པོ་ལ་ཐམས་ཅད་དུ་འགྲོ་བའི་རྣམ་བར་དེ་བཞིན་ཉིད་ཁོང་དུ་ཆུད་པས་ཉན་ཐོས་ཀྱི་ས་བཞིན་དུ་རང་སངས་རྒྱས་ཀྱི་ས་ལས་ཀྱང་ཤིན་ཏུ་འདས་སུ་ཟིན་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་གོང་མ་ལ་ཁོང་དུ་ཆུད་བའི་ཕྱིར་དེ་སྐད་ཅེས་གསུངས་སོ། །དེའི ་བཤད་པ་ནི་ཤེས་རབ་ཀྱི་ཁྱད་པར་གྱིས་སྤྱོད་བ་མཛའ་ཡས་པ་ཡང་དག་པར་སྒྲུབ་པ་ཞེས་བྱ་བས་ཏེ། ཤེས་རབ་ཀྱི་ཁྱད་བར་གྱིས་འཁོར་བ་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་བས་དེའི་ཕྱིར་འཇིག་པ་མེད་དེ། སེམས་ཅན་གྱི་དོན་དུ་སྤྱོད་པ་མཛའ་ཡས་པ་ཡང་དག་པར ་སྒྲུབ་བོ། །སེམས་སྐྱེད་པ་གསུམ་བ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདུ་བྱེད་ཅིང་འཇུག་པའི་སའོ། །ས་བདུན་པའི་བར་དུ་མ་ངེས་པ་བསྟེ། དེ་ལ་རྩོལ་པ་དང་བཅས་པའི་ཕྱིར་རོ། །རྣམ་པར་མི་རྟོགས་པར་རྒྱུ་བ་ནི་ངེས་པའི་ཕྱིར་རོ། །དེ་བས་ན་རྩོལ་བའི་རྣམ ་བའ་རྟོགས་པས་བསྐྱོད་པར་མི་ནུས་པའི་ཕྱིར་ས་དེ་མི་གཡོ་བ་ཞེས་བྱའོ། །རྩོལ་བར་ལྡོག་པ་མེད་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་ཞེས་བྱ་བའོ། །དེ་བས་ན་རྩོལ་བའི་ཡོངས་སུ་གཡོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བཤད་དོ། །ངེས་པའི་ཕུང་པོ་ནི་དབང ་བསྐུར་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་བས་ན་རྒྱལ་ཆེ་བ་ཏུ་རབ་ཏུ་གནས་པ་དེ་ཞེས་བཤད་དོ། །འཕགས་པ་ག་ཡ་མགོའི་རི་མདོ་དང་སྤེལ་མར་བཤད་པ།། །།བམ་བོ་གཉིས་པ་སྟེ་ཐ་མའོ། ། ་ཡི་གེའི་ཕྱི་མོ་འཛིན་བ་ནི་འབྲུ་ཐམས་ཅད་དེར་འདུས་པའི་ཕྱིར་རོ། །ཚུལ་ཞེས་བྱ་བ་ནི་འདྲ་བ་སྟེ། འདི་ལྟར་སེམས་བསྐྱེད་པ་དང་པོ་ནི་སངས་རྒྱས་ཉིད་ཀྱི་རྒྱུའི་ཆོས་རྣམས་སྨོན་ལམ་ཆེན་པོ་བཅུ་པོ་དག་གིས་ཀུན་ཏུ་བྱ་བ་ཙམ་དུ་ཡི་གེའི་ཕྱི་མོ་ལྟ་བུར ་འཛིན་པར་བྱེད་པའོ། །དེ་བས་ན་གཞི་ལ་ལྷག་བར་དམིགས་པ་ཞེས་བཤད་དེ། །ཀུན་ཏུ་བྱ་བ་ཙམ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་བ་སྨོན་ལམ་ཆེན་པོ་རྣམས་ལྷག་བར་དམིགས་པའི་ཕྱིར་རོ། །རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེS ་པ་ཞེས་བྱ་བ་ནི་འདིའི་རྣམ་པར་དབྱེ་པའོ། །འདི་ནི་ལེགས་པར་རྣམ་པར་འབྱེད་པའོ། །དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་དེ་ལ་མངོན་བར་འདུ་བྱེད་པ་དང་བཅས་བར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བ་དྲི་མ་མེད་པ་ལ་སོགS ་པས་དྲུག་གིས་བསྡུས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཀྱི་ཆོས་རྣམས་རྣམ་པར་དབྱེ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །དེའི་བཤད་པ་ནི་བློས་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་སྟེ། བསྒོམས་བའི་ལམ་གྱིས་བསྡུས་པས ་དྲུག་པོ་དག་གིས་བློས་ཆོས་རྣམ་པར་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བའི་ཐ་ཚིག་གོ། གྲངས་དང་རྩིས་གཞན་དུ་དོན་གཅིག་ཏུ་ཟིན་ཀྱང་འདིར་སོ་སོར་སྨོས་པའི་ཕྱིར་རྩིས་དང་ཐ་དང་དེ། གྲངས་ནི་གཅིག་ལ་སོགས་པའོ། །གཞལ་བ་ལ་སོགས་བས་ཡོངS ་སུ་བཅས་པ་ནི་རྩིས?་སུ་བལྟའོ། །ཤོད་དགོས་པ་ནི་འཇོག་པ་སྟེ། དེ་ཤེས་པས་འདུ་བ་དང་འགྲོད་པ་ཐམས་ཅད་ལ་རྟག་ཏུ་མ་རྨོངས་ན་ནོར་འཕེལ་བར་འགྱུར་རོ། །དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ཞེས ་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་པས་བདག་དང་གཞན་མཚུངས་པར་ཁོང་དུ་ཆུད་པའི་ཕྱིར་གཞན་གྱི་སྦྱིན་པ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། དེ་ནི་ཐབས་མ་བྱས་བས་ཆོས་ཐམས་ཅད ་ལ་འཇལ་བ་ཞེས་བྱ་བས་བཤད་དེ། ཇི་སྐད་དུ་བཤད་པའི་བདག་དང་གཞན་མཚུངས་པའི་མཚན་ཉིད་ཐབས་མཁས་པས་གཞན་གྱི་སྦྱིན་པ་ལ་སོགས་པ་ཡང་དག་གིར་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས ་པ་ཞེས་བྱ་བ་ནི་ས་བཅུ་པ་ལ་བསྒོམ་པ་ཁྱད་ཞུགས་པས་མཐར་ཕྱིན་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་ཏེ། དེ་ནི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་བྱ་བས་བཤད་དོ། །རྒྱུར་འབྲེལ་པ་ཞེས་བྱ་བ་ལ། རྒྱུ་ནི་ལེན་པའི་རྒྱུ?་སྟེ?། རྒྱུ་ཉིདནི་འབྲེལ་པ་སྟེ། བདག ་ཉིད་ཟག་པ་མེད་པའི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ཀྱི་ལེན་པའི་དངོས་པོར་གནས་ཞེས་བྱ་བའི་ཐ་ཚིག་གོ་།འདིའི་བཤད་པ་ནི་རང་བཞིན་གྱི་དུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་སྟེ། རང་བཞིན་ཞེས་བྱ་བ་ནི་རིགས་འདྲ་པའོ། །རུས་ཞེས་བྱ ་བ་ནི་རྒྱུ་སྟེ། རིགས་འདྲ་པའི་རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།ཡེ་ཤེས་དང་འབྲེལ་པ་ཞེས་བྱ་བ་ནི་ཤེས་པ་ཉིད་དང?་འབྲེལ་བ་སྟེ། ངེས་པར་འབྱེད་པ་ཉིད་དུ་གནས་པ་སྟེ་དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐོས་པ་འཛིན་པ ་ཞེས་བྱ་བས་བཤད་དོ། །གཏོང་བས་སྤོང་བ་སྟེ། །སྤྲོས་པ་དང་བྲལ་བ་སྟེ། དེའི་ངོ་བོ་དང་འབྲེལ་པར་རྣམ་པར་གནས་པའོ། །དེ་ནི་སྤྲོས་པ་ལས་དབེན་པ་ཞེས་བྱ་བས་བཤད་དོ། །འབྲས་བུ་དང་འབྲེལ་པ་ཞེས་བྱ་བ་ནི་འབྲས་བུའི་དངོས་པོར་གནས་པའོ། །འབྲས ་བུ་ནི་འདིར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་སྟེན་ན་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱང་བ་ཞེས་བྱ་བས་བཤད་དོ། །རྒྱུར་འབྲེལ་པའི་ཚིག་གི་ནི་རྒྱུ་ཉིད་དུ་གནས་སོ་ཞེས་བྱ་བས་དོན་འདི་བསྟན་ཏོ། །རྒྱུས་བསྡུས་པ་འདིས་ནི་རྒྱུས་བསྡུས ་ཤིང་རྒྱུས་བསྐྱེད་ཅེས་བྱ་བའི་དོན་འདི་སྟོན་ཏེ། བྱེ་བྲག་ནི་དེ་ཡོད་དོ། །དེ་བས་ན་མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པ་ཡོངས་སུ་སྨིན་པས་ས་དང་པོ་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །མོས་པས་?་པའི་སུ་མཐོང?་ན་ཕྱིར་འདུ་བྱེད་པ་རེ་ཡོད? ་སུ་སྨིན་པ་ནི་ས་རབ་ཏུ་དགའ་བ་ལ་འཇུག་པར་བགེགས་མེད་པ་ཉིད། ངེས་ས་དང་པོ་ལ་ལྷག་པར་དམིགས་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་བསྡུས་པ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བས་བསྡུས་པ་གང་མཐར་ཕྱིན་པའི་ཡེ་ཤེས་དེས་བསྡུས་པ་སྟེ་བསྐྱེད་བའོ། ། ་ཁམས་རྣམས་ཀྱི་དོན་ནི་དུ་མ་ཡོད་པའི་ཕྱིར་རོ། །དེ་ནི་ཡེ་ཤེས་ཡོངས་སུ་སྨིན་པས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ལ་ལྷག་བར་དམིགས་པ་ཞེས་བྱ་བས་བཤད་དོ། །ས་རབ་ཏུ་དགའ་བས་བསྡུས་པའི་ཡེ་ཤེས་ཡོངས་སུ་སྨིན་པ་ནི་ས་གཉིས་པ་བསྐྱེད་པར་བགགས ་མེད་པར་ནུས་པ་ཉིད་དེ། རྒྱུ་དེས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་དྲི་མ་མེད་པ་ལ་སོགས་པས་བསྡུས་པ་ལ་ལྕག་པར་དམིགས་པའི་ཕྱིར་རོ། །སྤོང་བ་བསྡུས་པ་ཞེས་བྱ་བ་ནི་འདིས་སྤོངས་པས་ན་སྤོང་བ་སྟེ། ས་བདུན་པས་བསྡུས་པའི་ལམ་སྟེ། གང་དེ་མ ་ཐག་ཏུ་ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པའོ། །དེས་བསྡུས་པ་ནི་བསྐྱེད་པའོ། །དེ་ནི་བསྒོམ་ག་ཡོངས་སུ་སྨིན་པས་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །མངོན་པར་འདུ་བྱེད་པ་དང་བཅས་པར ་འཇིག་པའི་བསྒོམ་པ་ཡོངས་སུ་སྨིན་པར་མཐར་ཕྱིན་པ་སྟེ། དེས་མི་སྐྱེ་པའི་ཆོས་པ་བཟོད་པ་ལ་སོགས་པ་མ་ཐོབ་པའི་ཆོས་རྣམས་ལ་ལྷག་པར་དམིགས་པའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་སོགས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་ཨོ་ཕྱིར་མི་འོང ་བའི་འབྲས་བུ་སྟེ། ཡང་མངོན་པར་འདུ་བྱེད་པར་འོང་བ་མེད་པའི་ཕྱིར་རོ། །འབྲས་བུ་དེ་ལྟར་གྱུར་པ་ཉིད་ཀྱིས་བསྡུས་པ་ནི་སེམས་བསྐྱེད་པ་གཞི་པའོ། །དེ་ནི་འབྲས་བུ་ཡོངས་སུ་སྨིན་པས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྫོགས ་པ་རྟོགས་པ་ཞེས་བྱ་བས་བཤད་དེ། ས་མི་གཡོ་བ་ལ་སོགས་པས་བསྡུས་པ་བཤད་མ་ཐག་པའི་མཚན་ཉིད་ཀྱིས་འབྲས་བུ་ཡོངས་སུ་སྨིན་པ་སྟེ། རྒྱུ་དེས་ས་བཅུ་ལ་དེའི་སྒྲིབ་པ་སྤངས་ནས་ཆོས་ཀྱི་དབྱིངས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྟོགས་པའི ་ཕྱིར་རོ། །རྒྱུ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་རྒྱུ་ལས་ཡང་དག་པར་བྱུང་བ་གང་ཡིན་པ་དེ་རྒྱུ་ལས་ཡང་དག་པར་བྱུང་བ་སྟེ། ཕྱིན་ཅི་མ་ལོག་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་མ་ནོར་བར་དགེ་བ་བསྒོམ་པའི་གནས་ཞེས་བྱ་བས་བཤད་དེ། མོS ་པས་སྤྱོད་པའི་སས་བསྡུས་པས་མ་ནོར་བའི་དགེ་བའི་ཆོས་བསྒོམ་པའི་གནས་སེམས་བསྐྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཞི་པོ་གོང་མ་ཉིད་ཀྱིས་རྒྱུས་བསྡུས་པའི་ཚིག་གིས་ནི་བགེགས་མེད་པར་ནུས་པ་རྒྱུ་གང་གིས་བསྐྱེད་པ་དེ་བསྟན ་ཏོ། ངེས་ནི་དེའི་རྒྱུ་ཕྱིན་ཅི་མ་ལོག་པ་བསྟན་ཏེ། འདི་ནི་བྱེ་བྲག་གོ་།ཡེ་ཤེས་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བས་བསྡུས་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བ་ཕྱིན་ཅི་མ་ལོག་པ་རྒྱུར་གྱུར་ལ་ལས་བྱུང་བ་སེམས་བསྐྱེད ་པ་གཉིས་པ་གང་ཡིན་པ་དེ་ཡེ་ཤེས་ལས་བྱུང་བའོ། །དེ་ནི་མ་ནོར་བའི་ཆོས་ལ་ངེས་པར་རྟོག་པའི་སྐྱེ་གནས་ཞེས་བྱ་བས་བཤད་དེ། །མ་ནོར་བའི་ས་རབ་ཏུ་དགའ་བས་བསྡུས་པའོ། །ཆོས་ལ་ངེས་པར་རྟོག་པའི་སྐྱེ་གནས་ནི་རྒྱུ་སྟེ་གང་ཡིན་པ་དེ་ལ ་དེ་སྐད་ཅེས་བྱ་སྟེ། སྤོང་བ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་འདིས་སྤོང་བས་ན་སྤོང་བ་སྟེ། ས་བདུན་པས་བསྡུས་པའི་ཡེ་ཤེས་དེ་ལས་ཡང་དག་པར་བྱུང་བ་ཕྱིན་ཅི་མ་ལོག་པ་སེམས་བསྐྱེད་པ་གསུམ་པ་གང་ཡིན་བདེ་སྤོང་བ་ལས་ཡང་དག ་པར་བྱུང་བའོ། །དེ་ནི་མ་ནོར་བ་བསྒོམ་པའི་གནས་ཞེས་བྱ་བས་བཤད་དེ། མ་ནོར་བར་བསྒོམ་པས་ས་བདུན་པའི་བསྡུས་པའི་གནས་ལས་བྱུང་བ་སེམས་སྐྱེད་མ་གསུམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འབྲས་བུ་རང་གི་སེམས་ལ་དབང་སྒྱུར ་པ་ལས་ཡང་དག་པར་བྱུང་བ་གང་ཡིན་པ་དེ་འབྲས་བུ་ལས་ཡང་དག་བར་བྱུང་བ་དེ་ནི་རང་གི་སེམས་ལ་དབང་བསྒྱུར་བ་ཞེས་བྱ་བས་བཤད་དོ། །སེམས་བསྐྱེད་པ་དང་པོ་ནི་རྒྱུ་རབ་ཏུ་དབྱེ་བའི་ཡན་ལག་གོ་ཞེས་བྱ་བ་ནི་ས་གཉིས་པ་ལ་སོགས་པའི ་རྒྱུར་གྱུར་པས་ས་རབ་ཏུ་དགའ་བས་བསྡུས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་ཡིན་པ་དེ་དག་གི་ཡན་ལག་སྟེ། སེམས་བསྐྱེད་པ་དང་པོ་དེ་ཉིད་ལ་བརྟེན་ནས་བྱང་ཆུབ་ཀྱི་རྒྱུར་རྣམ་པར་གནས་པའི་ཆོས་རྣམས་རྣམ་པ་མང་པོར་འཕེལ་བའི་ཕྱིར་རོ།། ་དེ་ནི་ཡང་དག་པར་དགེ་བའི་སྣང་བ་མཛའ་ཡས་པ་འཛིན་པ་ཞེས་བྱ་བས་བཤད་དོ། །ཡེ་ཤེས་རབ་ཏུ་དབྱེ་བའི་ཡན་ལག་ཅེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པས་དྲུག་པོ་རྣམས་ནི་སེམས་སྐྱེད་པ་གཉིས་པ་ལ་གནས་པའི་ཡེ་ཤེས་ཆོས་སྣ་ཚོགས་ལ་རྟོག ་པས་དུ་མར་ཐ་དད་པའི་ཕྱིར་རོ། །དོན་ཆོས་མཛའ་ཡས་པ་ལ་ངེས་པར་རྟོག་པ་ཞེས་བྱ་བས་བཤད་དོ། །མངོན་པར་འདུ་བྱེད་པ་ཐམས་ཅད་སྤོང་པ་ཐོབ་པའི་ཕྱིར་ལྷུན་གྱིས་གྲུབ་པར་འཇུག་པས་ཏིང་ངེ་འཛིན་རྣམས་ཉིད་སྤོང་བའོ། །དེ་དག་གི་རབ་ཏུ ་དབྱེ་བ་སྣ་ཚོགས་ཀྱི་ཡན་ལག་སྟེ། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྟོབས་ཀྱིས་ཏིང་ངེ་འཛིན་མཛའ་ཡས་པ་ཐོབ་པའི་ཕྱིར་དེ་ནི་ཏིང་ངེ་འཛིན་གྱི་སྒོ་མཛའ་ཡས་པའི་རྗེས་སུ་འཇུག་པ་ཞེས་བྱ་བས་བཤད་དོ། །ཏིང་ངེ་འཛིན་རྣམས་ཉིད་སྒོ་སྟེ། དེ ་དང་འབྲེལ་པའི་དོན་རྣམས་ཀྱི་སྒོར་གྱུར་པའི་ཕྱིར་རོ། །འབྲས་བུ་ནི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་མཛའ་ཡས་བ་མྱོང་བའོ། །ད་རབ་ཏུ་དབྱེ་བའི་ཡན་ལག་ནི་སེམས་བསྐྱེད་པ་བཞི་པ་སྟེ། ས་བཅུ་པ་ལ་ཏིང་ངེ་འཛིན་གྱི་རྒྱུ་མཛའ་ཡས་པ་རྣམས ་པར་གྲོལ་བའི་ཕྱིར་རོ། །དེ་ནི་རྣམ་པར་རོལ་པ་མཛའ་ཡས་པ་མྱོང་བ་ཞེས་བྱ་བས་བཤད་དོ། །སྨན་སྡུ་བའི་ཆུལ་ཞེས་བྱ་བ་ནི་དེ་དང་འདྲ་ཞེS་བྱ་བའི་ཐ་ཆི?་གོ་།དེའི་བཤད་པ་ནི་ཡང་ཉོན་མོངས་པའི་ནད་ཀྱི་གཉེན?་པོའི་གནས་ཞེས་བྱ་བ་སྟེ། ཉོན་མོངS ་པའི་ནད་ཀྱི་གཉེན་པོ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྨན་ནོ། །དེའི་གནས་ནི་སེམས་བསྐྱེད་པ་དང་པོ་སྟེ། ས་རབ་ཏུ་དགའ་བ་ལ་ཐོག་མར་ཟག?་པ་མེད་བའི?་ཡེ་ཤེས་ཐོབ་པའི་ཕྱིར་རོ། །སྨན་རབ་ཏུ་དབྱེ?་བ་ཞེས་བྱ་བ་ལ་སོགས་བའི་བཤད་པ་ནི་ཉོན་མོངས ་པའི་ནད་དང་མཐུན་པའི་སྨན་རབ་ཏུ་ཤེས་པ་ཞེས་བྱ་བའོ། །ཤེས་ནས་ཀྱང་མཐུན་པའི་སྨན་ནི་ཐབས་ཏེ་སྙིང་རྗེའོ། །དེས་འཁོར་བ་མི་གཏོང་སྟེ། དེ་ནི་སྨན?་སྦྱོར་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གི་བཤད་པའོ། །ནད་གསོ་བ་ཞེས་བྱ་བ ་ལ་སོགས་པ་ནི་སྨན་རབ་ཏུ་ས་བཅུ་པས་བསྡུས་པ་བར་ཆད་མེད་པའི་ལམ་རབ་ཀྱི་མཆོག་གིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་སེམས་བསྐྱེད་པ་བཞི་བ་ནི་ནད་པ་གསོབ་ཞེས་བྱ་བས་བཤད་དོ། །དེའི་བཤད ་པ་ནི་ཉོན་མོངས་པའི་ནད་ལས་གསོ་པ་ཞེས་བྱ་བའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་དཔེ་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོའོ། །དངོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་དག་གི་རིགས་ནི་སྐྱེ་བའི་གནས་ཏེ་བྱང་ཆུབ་སེམས་དཔའ་དེ་ཁོ་ན་མཐོང་བདག ་གོ་།མཚན་ཉིད་ལ་སོགས་པ་ནི་རྒྱུ་དེ་དེར་འབྱུང་བའི་ཚུལ་དུ་ས་དང་པོ་ལ་དེ་བཞིན་གཤེགས་པའི་རིག་སུ་སྐྱེས་པའི་ཕྱིར་རོ། །དེར་སྐྱེས་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་ནོན་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ ་བྱ་བ་ནོན་པ་ཞེས་བྱ་བས་བཤད་དོ། །དེང་ནི་རིག་པ་རྣམས་དང། སྦྱ་རྩལ་རྣམས་ལ་མཁས་པའི་བསླབ་པ་ཡང་དག་པར་འཛིན་པའོ། །དངོས་པོ་ནི་དམིགས་པ་མེད་པ་དང་ལྡན་པའི་སྡོམ་པའི་ཚུལ་ཁྲིམས་བླ་ན་མེད་པ་ལ་སོགས་པ་སྟེ། འདིའི་བཤད ་པ་ན་དི?་ཡང་བསླབས་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །དེ་ཡང་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ཟིལ་གྱིས་ནོན་པ་སྟེ། ཉན་ཐོས་ལ་སོགས་པའི་བསླབ་པའི་རྣམ་པ་དག་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་ཐ་ཚིག་གོ། ་བསླབ་པ་ཆར་ཕྱིན་པ་དྲི?་ཁམས་གསུམ་པ་བསྐྱེད་བ་ལ་བསླབ་པ་རྫོགས་པ་སྟེ། ས་བརྒྱད་པ་ལ་མངོན་བར་འདུ་བྱེད་བ་དང་བཅས་པས་འཇུག་པའི་བསླབ་པ་རྫོགས་པའི་ཕྱིར་རོ། །དེའི་བཤད་པ་ནི་བསྒོམ་པ་ཁྱད་པར་དུ་འཕགས་པ་ན་མངོན་པར ་འདུ་བྱ་བ་མེད་པར་དགེ་བ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་ལྷུན་གྱིས་གྲུབ་པར་བསླབ་པ་རྣམས་ལ་འཇུག་པ་ལ་དབང་བསྒྱུར་ཏེ། དེ་ནི་བསྒོམ་པའི་འབྲས་བུ་ཁྱད་པར་དུ་འཕགས་པ་ཞེས་བྱ་བའོ། །བསྒོམ་པའི་འབྲས་སུ? ་ནི་སེམས་ཅན་གྱི་དོན་ནོ། །དེ་ཁྱད་པར་དུ་འཕགས་པ་ནི་ལྷུན་གྱིས་གྲུབ་བར་ཐམས་ཅད་དུ་ཅིག་ཆར་ཡང་དག་པར་སྒྲུབ་པའོ། །ཆོས་ཀྱི་མངའ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །འཕགས་པ་འཇམ་དཔལ་ལ་ཡོངས་སུ་དྲིས་པ་གང་ཡིན ་པ་ཞེས་བྱ་བ་ནི་དང་པོར་ཟླ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱིས་དྲིས་པ་གང་ཡིན་པ་དང། བར་དུ་འོང་རྣམ་པར་ངེས་པའི་འོད་ཟེར་གྱི་འོད་དང། འོག་ཏུ་ཡེ་ཤེས་སྒྲུབ་པ་དཔའ་བོས་དྲིས་པ་གང་ཡིན་པ་དེ་ཐམས་ཅད་བསྡུས་ཏེ་བརྒལ ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་དང་བ་བསྐྱེད་པའི་ཕྱིར། །ཞེས་བྱ་བ་ནི་ཆོས་ཀྱི་མངའ་བདག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཟབ་མོ་དྲིས་པ་རྣམས་ལ་ལན་འདེབས་པའོ་ཞེས་དེ་དག་ལ་ལན་འདེབས་པའོ། །དེ་ལྟར་དེ་ཞིག ་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་མཐུ་སྟེ་བརྒྱད་པའི་དོན་བཤད་དོ། །ད་ནི་སྤྱོད་པ་རྣམ་པར་དབྱེ་བ་བཤད་པར་བྱའོ། །དེ་ཡང་རྣམ་པ་གཉིས་སུ་བཤད་དེ། རྒྱུས་བསྡུས་པ་དང། འབྲས་བུས་བསྡུས་པའོ་ཞེས་བྱ་བ་དེ་མ་དང་བོའི་དབང ་དུ་བྱས་ནས་རྒྱུས་བསྡུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚོགས་དང་ཞེས་བྱ་བ་ལ་སོགས་པས་ནི་ཚོགས་ཀྱི་ལམ་བསྟན་པ་དང་རྣམ་བར་རིག་པའི་ལམ་བསྟན་པའོ། །ཡང་དག་པའི་མཛའ་ཞེས་བྱ་བ་ལ་སོགས་པ་ནི་ཡང ་དག་པའི་མཛའ་བསྟན་པ་དང། ཡང་དག་པའི་མཛའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་མདོ་ལས་ཐབས་དང། ཤེས་རབ་བོ་ཞེས་བྱ་བདེ?་ལ་ཐབས་ནི་ཚོགས་ཀྱི་ལམ་མོ། །ཤེས་རབ་ནི་རྣམ་པར་དག་པའི་ལ་མོ།། ་འདི་གཉིས་ནི་མདོའི་ཚིག་ཐབས་ནི་བསྡུ་པ་ཤེས་བའོ་ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་གིས་བཤད་དོ། །དེ་ལ་བརྒྱད་པ་ཕྱེད་ཕྱེད་བཀོད་པས་ནི་ཐབས་བསྟན་ཏེ། དེ་པས་ན་ཆོགས་ཀྱི་ལམ་བསྟན་པ་ནི་རྣམ་པ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོགས་པ ་སྨོས་སོ། །ཤེས་རབ་ཀྱང་བརྒྱད་པོ་དེ་ཉིད་ཀྱི་ཚིག་ཕྱེད་ཕྱེད་བཀོད་པས་བསྟན་ཏོ། །དེ་བས་ན་འོག་ནས་རྣམ་པར་དག་པའི་ལམ་བསྟན་པ་ཡང་རྣམ་པ་བརྒྱད་ཀྱིས་ཞེས་འབྱུང་ངོ། །སེམས་ཅན་རྣམ་པ་ཐ་དད་པ་ནི་ཁ་ཅིག་ནི་བརྐམ་ཆགས་ཅན་ཏེ། དེ ་དག་སྦྱིན་པས་ཡོངས་སུ་སྨིན་པར་བྱའོ། །ཞེ་སྡང་ཅན་དག་ནི་སྙན་པར་སྨྲ་བས་སོ། །ང་རྒྱལ་ཅན་དག་ནི་དོན་དཔྱོད་པ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནི་ཐབས་ནི་བསྡུ་པ་ཤེས་པའོ་ཞེས་མདོའི་ཚིག་འདིའི་བཤད་པ་སྟེ། བརྐམ་ཆགས་ཅན་ལ་སོགས་པ ་དག་སྦྱིན་པ་ལ་སོགས་པའི་བསྡུ་བས་ཡོངས་སུ་སྨིན་པར་བ་བྱ་བ་ཤེས་ནས་དེ་བཞིན་དུ་སྦྱོང་པའི་ཕྱིར་རོ། །སེམས་ཅན་ལ་ལྟ་བ་ཞེས་བྱ་བ་ནི་དེ་དག་གིས་ཉེས་པར་སྤྱོད་ཀྱང་དེ་དག་མི་གཏོང་བའི་ཕྱིར་རོ། །དེ་ནི་དེ་དག་གི་ཉེས་པར་སྤྱོད་པ་སྣ་ཚོགས་ཀྱི་ཇི ་མི་སྙམ་པ་ཞེས་བྱ་བས་བཤད་དོ། །དེ་དག་ཅེས་བྱ་བ་ནི་སེམས་ཅན་རྣམས་སོ། །ཆོས་ནི་ལྷ་དང་མིའི་འགྲོ་བས་བསྡུས་པ་དག་གོ། སྦྱོར་བ་ནི་དགེ་བའི་མངོན་པར་འདུ་བྱ་བ་གང་གིས་ཆོས་དེ་ལ་སྦྱོར་བའོ། །དེ་ཤེས་བ་ནི་དེས་འཁོར་བ་ཡོངས་སུ་མི ་གཏོང་བའོ། །དེ་ནི་དཀར་པའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་ཞེས་བྱ་བས་བཤད་དེ། མངོན་པར་མཐོ་བའི་མཚན་ཉིད་དཀར་པོའི་ཆོས་ཐམས་ཅད་ཡང་དག་བར་སྡུད་པར་བྱེད་པ་ནི་མི་ཟད་པར་སྒྲུབ་པར་བྱེད་བའོ། །རྒྱུ་མི་བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དེ་དག་ལ་རྣམ་པ་དང་བཅས་པའི་ཤེས་པས་དམིགས་པ་ནི་རྒྱུ་ལ་དམིགས་པའོ། །དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ། །ཆོས་ནི་གཞན་གྱི་དབང་གིས་མཚན་ཉིད་རྣམS ་ཏེ། ཇི་ལྟར་སྣང་བ་བཞིན་དུ་སེམས་ཅན་ཐ་དང་པར་རྣམ་བར་བཞག་པ་ནི་ཆོས་ཐ་དད་པར་ཤེས་པ་སྟེ། གང་གིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་རབ་ཏུ་འབྱུང་པའོ། །དེའི་བཤད་པ་ནི་མཚན་ཉིད་མི་འདྲ་བ་ཞེས་བྱ་བ་སྟེ། གཞན་གྱི་དབང་ཞི ་དངོས་པོ་ནི་སེམས་ཅན་སོ་སོའི་མཚན་ཉིད་མི་འདྲ་བ་རྣམ་པར་བཞག་པའི་ཕྱིར་རོ། །སྨོན་ལམ་གྱི་ཁྱད་པར་གྱིས་བསྡུས་པ་བསོད་ནམས་ཀྱི་ཁྱད་པར་གང་གིས་སངས་རྒྱས་ཀྱི་ཞིང་བརྒྱན་པར་བྱེད་པ་དེ་སངས་རྒྱས་ཀྱི་ཞིང་གི་རྒྱན་ཏེ་དེ་ཤེས་པའོ།། ་དེ་བས་ན་སྨོན་ལམ་རྣམ་པ་སྣ་ཚོགས་ཞེས་བྱ་བས་བཤད་དོ། །སེམས་ཅན་གྱི་དབང་པོ་ནི་དད་པ་ལ་སོགས་པའི་དབང་པོས་སོ?། །སྤྱོད་པ་ནི་འདོད་ཆགས་ལ་སོགས་པ་ཐ་དད་པས་སྤྱོད་པ་ཐ་དད་པ་དག་གོ། དེ་དག་ལ་འཇུག་པ་ཤེས་པ་ནི་གང་གིས ་དེ་དག་ལ་འཇུག་པའོ། །དེའི་བཤད་པ་ནི་གདུལ་བའི་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱའོ། །བྱང་ཆུབ་བརྒྱན་བར་བྱེད་པའི་ཆོས་གང་དག་ཡིན་པ་དེ་དག་བྱང་ཆུབ་ཀྱི་བརྒྱན་ཏེ། དེ་དག་ཀྱང་བསོད་ནམས་དད་ཡེ་ཤེས་ཀྱི་ཚོགས ་ཀྱི་བདག་ཉིད་རྣམས་སོ། །དེ་དག་ཡང་དག་པར་ཐོབ་པར་བྱེད་པ་ཤེས་པ་ནི་ཐབས་གང་གིས་རྒྱུན་ཏུ་སྟེ་དེ་ཚེགས་མེད་པར་སྒྲུབ་པའོ། །དེ་ཡང་ཐབས་མཁས་པའི་མདེའི་ཚུལ་བཞིན་དུ་རིག་པར་བྱའོ། །དེའི་བཤད་པ་ནི་ཚོགས་རྣམ་པ་སྣ་ཚོགS ་ཉེ་བར་སྒྲུབ་པས་ཞེས་བྱ་བའོ། །རྣམ་པར་དག་པར་བྱ་བའི་ཕྱིར་ལམ་དུ་གྱུར་པ་ནི་རྣམ་པར་དག་པའི་ལམ་སྟེ་ཤེས་རབ་བོ། །དགེ་བ་དང་མི་དགེ་བའི་ཆོས་ལ། སྤྱོད་པ་ནི་སྤང་པར་བྱ་བ་དང། བླང་བར་བྱ་བ་ཇི་ལྟ་བ་བཞིན ་དུ་སྤྱོད་པའོ། །དེ་ཡང་ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ། །ཞེས་བྱ་བ་འདིའི་བཤད་པའོ། །ཡོངས་སུ་གཅོད་པ་ནི་དགེ་བ་དང་མི་དགེ་པའི་ཆོས་རྣམ་པར་འབྱེད་པའོ། །ཤེས་རབ་ནི་ཆོས་ཐམས་ཅད་ལ་མི་བལྟ་བའོ་ཞེས་བྱ་བ་ནི་གཞན་གྱི་དབང་གིས་བདག་ཉིད་དངོས་པོ་བརྒྱད ་ཀྱི་ཆོས་ཐམས་ཅད་ལ་མི་བལྟ་བ་སྟེ། སེམས་ཅན་ཞེས་བྱ་བ་དེ་ལྟ་བུར་ལྟ་བ་མེད་པའི་ཕྱིར་རོ། །དེ་དག་ནི་ཆོས་ཞེས་བྱ་བ་ཙམ་ཉིད་དུ་གཟུང་ངོ། །སེམས་ཅན་དུ་ལྟ་བ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བའོ། །འཇིག་ཚོགས་ལ་ལྟ་བ་ནི ་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་འཁོར་བའི་རྐྱེན་ཏོ། །དེའི་བཤད་པ་ནི་ཆོས་ཐམས་ཅད་ལ་རྐྱེན་གྱིས་མི་བལྟ་བར་སྔོན་དུ་གཏོང་བ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་རྐྱེན་སེམས་ཅན་དུ་ལྟ་བས་སེམས་ཅན་ཐམས་ཅད་ལ་ལྟ་བ་མེད ་པ་དེ་དག་རྐྱེན་གྱིས་མི་ལྟ་བ་དག་གོ་།ཆོས་དེ་ཐམས་ཅད་དེ་ལྟར་གཟུང་བའི་ཆོས་ཐམས་ཅད་ལ་རྐྱེན་གྱིས་མི་བལྟ་བའོ། །དེ་དག་གི་སྔོན་དུ་གཏོང་པ་ནི་ཆོས་ཙམ་དུ་གཟུང་ནས་སེམས་ཅན་ཐམས་ཅད་སྔོན་དུ་བཏང་སྟེ། ཐམས་ཅད་མཁྱེན་པ་ཉིད ་ལ་འཇུག་པའོ་ཞེས་བསྡུས་པའི་དོན་ཏོ། །ཤེས་རབ་ནི་བྲལ་བ་ཤེས་པའོ། །འདིའི་བཤད་པ་ནི་ཆགས་པ་ཐམས་ཅད་ལས་གྲོལ་བ་ཞེས་བྱ་བའོ། །ཤེས་རབ་ནི་རྒྱུ་ཟད་པར་འགྲོ་བའོ་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་རྒྱུ་ཟད་པར་འགྲོ་བའི་ཕྱིར ་ཏེ། དེ་ནི་ཉིད་མཚམས་སྦྱོར་བ་གཅོད་པ་ཞེས་བྱ་བས་བཤད་དོ། །ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་གཅིག་པ་ཉིད་དུ་ཐམས་ཅད་དུ་མེད་པ་ནི་དབྱེར་མེད་བར་ཤེས་པའོ། །དེའི་བཤད་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱ་བའོ ་རྣམ་པར་རིག་པ་རྣམ་པར་དག་པའི་མཚན་ཉིད་ནི་སངས་རྒྱས་ཀྱི་ཞིང་ལྟ་བུར་སྣང་བའི་རྣམ་པར་རིག་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་དག་གི་མཉམ་པ་ཉིད་ནི་གཉིས་ལས་དབེན་པའོ། །དེ་དབྱེར་མེད་པར་ཤེས་པ་ནི ་གཅིག་ཏུ་ཤེས་པའོ། །ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཤེས་པའི་རབ་ཏུ་དབྱེ་བའང་འདི་ཉིད་དེ། སངས་རྒྱས་ཀྱི་ཞིང་གི་ཚུལ་གྱིས་ལོགས་ཤིག་ཏུ་བཤད་པར་ཟད་དོ། །དེའི་བཤད་པ་ནི་ཚུལ་གཅིག་ཏུ་ཡང་དག་པར་གཞོལ་བ་ཞེས་བྱ་སྟེ། ཚུལ་གཅིག་ནི ་སྟོང་བ་ཉིད་དོ། །དེ་ལ་ཡང་དག་པར་གཞོལ་པ་ནི་རྣམ་པར་གཞོལ་པའོ། །སེམས་ཅན་དམིགས་སུ་མེད་པ་ནི་ཀུན་བརྟགས་པའི་ངོ་བོར?་རོ། །དེའི་བཤད་པ་ནི་བྱིས་པས་ཀུན་བརྟགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་པ་ཞེས་བྱ་བའོ། ? ་བྱིས་པ་རྣམས་ཀྱིས་ཀུན་བརྟགས་པ་ནི་བྱིས་པས་ཀུན་བརྟགས་པ་སྟེ། སེམས་ཅན་ནོ་ཅེས་དེ་ལྟར་སྒྲོ་བཏགས་པའོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་ངོ་བོར་དེ་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་གང་ལས་བྱུང་བ་དེ་ནི་སངས ་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་བའོ། །དེའི་བཤད་བ་ནི་ཞི་བའི་དབྱིངས་མངོན་སུམ་དུ་བྱེད་པས་ཤེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཉིད་ཞི་བའི་དབྱིངས་སོ།། ་ལྷའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ནང་ནས་ཚོགས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ། ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐུག་པ་དག་སྟེ། འདི་དག་གིས་དགེ་བ་སྣ་ཚོགས་སོགས་པའི་ཕྱིར་རོ། ་དེའི་བཤད་པ་ནི་དག་པའི་རྩ་བ་སྣ་ཚོགས་སྒྲུབ་པ་ཞེས་བྱ་པའོ། །འདིས་ནི་རྣམ་པ་གཅིག་བསྟན་ཏོ། །ཡོངས་སུ་གཅོད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པའི་ཕྱིར་ཏེ། དེའི ་བཤད་པ་ནི་ཡོངས་སུ་གཅོད་པ་སྟེ་དེའི་དོན་ནི་སྔ་མ་བཞིན་ནོ། །ཞེས་བྱ་བའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཞེས་བྱ་བ་དེར་ཡོངས་སུ་གཅོད་པའི་དོན་གང་ཡིན་པ་འདིར་ཡང་དེ་ཡིན་ཏེ། འདིས་ནི་རྣམ་པ་གཉིས་སོ ་བསྟན་ཏོ། །ཡང་གཉིས་ཏེ་ཞེས་བྱ་བ་ལ་སོགས་བས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་རྣམ་པར་སྟན་ཏོ། །ཆགས་པ་དང་བཅས་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ་ཞེས་བྱ་བ་ལ་།དེ་དག་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པའི་འབྲས་བུ ་ཡིན་པས་འཁོར་བའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་ན་སྤྱོད་པ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཟིན་པ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་དུ་ཟིན་ཀྱང ་ལོངས་སྤྱོད་ཆེན་པོའི་འབྲས་བུ་སོགས་པས་དེ་སྐད་ཅེས་བརྗོད་དོ། །ཆགས་པ་མེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ཞེས་བྱ་བ་ནི་ཁམས་གསུམ་ནས་འབྱུང་བའི་ཕྱིར་རོ། །འདིས་ནི་ཟག་པ་དང་བཅས་པའི་ལམ་ནི་ཞེས་བྱ་བ་ལ ་སོགས་པ་བཤད་དོ། །མཚན་མའི་གནས་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་གནས་ཏེ་ངེས་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར། ཚད་ཡོད་པར་བྱས་པའི་ལམ་སྟེ། དཔེར་ན་ཉན་ཐོས་ལ་སོགས་བ་ལྟ་བུའོ། །དེའི་རྣམ་པར ་ཤེས་པའི་ཡུལ་ཡིན་པས་མཛའ་དམིགས་པ་ཞེས་བྱ་བས་བཤད་དོ། །གཉིས་ལ་གནས་པའི་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། དེའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །རང་གིས་རིག་པའི་ཚུལ་གྱིས་ཡུལ་དུ་གྱུར་པའི་ཕྱིར་ཏེ། གཉིས་པ་མངོན་པར ་ཞེན་པའི་ཤེས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་ཤེས་བྱ་ཐམས་ཅད་ལ་འཇུག་པ་མེད་པས་མཛའ་དམིགས་པའི་ཕྱིར་དེ་ནི་ཚད་ཡོད་པར་བྱས་པ་ཞེས་བྱ་བར་དགོངས་པའོ། །བཟློག་པ་ནི་མཚན་མ་མེད་པའི་གནས ་ཏེ། དེའི་རྣམ་པར་ཤེས་པའི་བདག་ཉིད་ཡུལ་ལས་ཡང་དག་པར་འདས་པས་མཛའ་མི་དམིགས་བ་ཞེས་བྱ་བས་བཤད་དོ། །གཉིས་པ་མངོན་པར་ཞེན་པའི་ཤེས་པའི་ངོ་བོ་ལས་འདས་པའི་ཕྱིར་ཤེས་བྱ་མཛའ་དག་ལ་ཁྱབ་པས་མཛའ་མི་དམིགས་པ ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ། ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདུ་བྱེད་བ་དང་བཅས་པར་འཇུག་པའི་ཤེས་པའི་བདག་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱ་སྟེ། དེ་ནི་འདུས་བྱས་ཀྱི་དབྱིངས་ཡོངས་ཤེས་པ་ཞེས་བྱ ་བས་བཤད་དོ། །འདུས་བྱས་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་སྟེ། དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱིངས་སོ། །དེ་ཡོངས་སུ་ཤེས་པ་ནི་མངོན་སུམ་དུ་བྱེད་པའོ། །སྤོང་བའི་ལམ་ནི་ས་བརྒྱད་པ་ནས་བཟུང་སྟེ། ཞེས་བྱ་བ་ནི་མངོན་པར་འདུ ་བྱེད་པ་སྤངས་པའི་མཚན་ཉིད་ཀྱི་ཕྱིར་འདུས་མི་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པས་དེ་ཉིད་དུ་བཤད་དེ། འདུས་མ་བྱས་ནི་མངོན་པར་འདུ་བྱེད་པ་དང་བྲལ་བ་ལྷུན་གྱིས་གྲུབ་པར་འཇུག་པའི་ཡེ་ཤེས་ཏེ། དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར ་དབྱིངས་སོ། །དེ་ཡོངས་སུ་ཤེས་པ་ནི་སོ་སོར་རང་རིག་པའོ། །ཇི་ལྟར་ན་དོན་གྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་ཡང་དག་བའི་མཛའ་བསྟན་པའི་ཕྱིར་དྲིས་པའོ། །ཇི་ལྟར་ན་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་ཡང་དག་པའི་མཛའ་?་དེ་ཁོང་དུ་ཆུད་པར་བྱ་བའི ་ཐབས་བསྟན་པའི་ཕྱིར་རོ། །དོན་ནི་འདིར་དེ་བཞིན་ཉིད་ལ་དགོངས་པའོ། །དེ་ནི་གྱིས་རབ་ཏུ་ཕྱེ་བ་ཇི་ལྟ་བུ་ཞེ་ན། སྟོང་བ་ཉིད་ལས་ངེས་པར་སྐྱེས་ཞེས་བྱ་པའི་ཐ་ཚིག་གོ། ཡེ་ཤེས་ཀྱིས་རབ་ཏུ་བྱེ་བ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱི་སྟོབས་ཀྱིས་སྒྲིབ་པ་སྤངས་པར་གྱུར ་ཅེས་བྱ་བའི་ཐ་ཚིག་གོ། འཕགས་པ་འཇམ་དཔལ་གྱིས་དོན་དང་ཡེ་ཤེས་ཀྱི་དབྱེ་བ་གསུངས་པ་དང། ལྡན་བ་མེད་པ་དང། ལྡན་པ་ནི་གོ་རིམ་བཞིན་དུ་འོག་ཏུ་རབ་ཏུ་དབྱེ་བ་ཉིད་ཐབས་སླ་བས་བཤད་པར་བྱའོ། །དེ་བཞིན་ཉིད་ནི་རྣམ་པ་གཉིས་ཏེ། ་གཟུང་བ་དང་འཛིན་བ་མེད་བ་ཙམ་གྱིས་མཆན་ཉིད་དང། གཉིས་ལས་དབེན་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ལ་དང་པོས་བསྡུས་པ་འདི་ནི་དོན་དང་ཡེ་ཤེས་ཀྱི་རྣམ་པར་དབྱེ་བར་བལྟའོ། འདི་ལ་གཉིས་པ་གང་ཡིན་པ ་དེ་ནི་ཡེ་ཤེས་ཀྱི་བདག་ཉིད་ཁོ་ནའོ་།དེ་ལ་དོན་ལྡན་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར། རིགས་ཀྱི་བུ་དོན་ནི་འདུས་མ་བྱས་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དང་རྐྱེན་གྱིས་འདུ་བྱ་བ་མེད་བའི་ཕྱིར་འདུས་མ་བྱས་པའོ། །དེ་བས་ན་གང་དང་ཡང? ་ལྡན་པ་འམ་མི་ལྡན་པ་མ་ཡིན་ཏེ། དེ་དངོས་པོ་མེད་བའི་ཕྱིར་རོ། །དེ་བས་ན་མི་རྟག་པ་ཉིད་དང་ཕྲད་པ་མེད་པའི་ཕྱིར་དོན་ནི་ལྡན་པ་མེད་པར་གསུངས་སོ། །དེའི་བཤད་པ་ནི་མི་རྟག་པ་ཉིད་ཀྱི་ཉེས་པ་ཡོངས་སུ་སྤངས་པ་ཞེས་བྱ་བའོ། །འགྱུར་བ ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་དུས་ན་བློ་ལ་གཉིས་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་མེད་པ་ནི་འགྱུར་བ་མེད་བའི་མཚན་ཉིད་ཡིན་ནོ། །གལ་ཏེ་འཁོར་བའི་དུས་ན་གཉིས་དང་ལྡན་ན། མྱ་ངན་ལས་འདས་པའི ་དུས་ན་མི་ལྡན་ན་ནི་དེའི་ཚེ་འགྱུར་བ་ཡིན་ན་དེ་ཡང་མེད་དེ། འདི་ལྟར་སྟོང་པ་ཉིད་ཅེས་བརྗོད་པའི་དོན་དེ་ནི་འཁོར་བའི་དུས་ན་ཡང་གཟུང་བ་དང་འཛིན་པ་གང་དང་ཡང་ལྡན་པ་མ་ཡིན། མྱ་ངན་ལས་འདས་པ་ན་ཡང་མི་ལྡན་པ་མ་ཡིན་ནོ། །དེ་ནི ་རྟག་ཏུ་གཉིས་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་ཀྱི་གནས་པ་ཞེས་བྱ་བས་བཤད་དེ། གཉིས་དང་བྲལ་བ་ཙམ་དུ་རྟག་པར་གནས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག?་གོ་།འདི་ནི་དེའི་རང་གི་མཚན་ཉིད་ཡིན་གྱི་དེའི ་རང་གི་མཚན་ཉིད་དངོས་པོ་ལྟར་དོན་བྱ་བ་བྱེད་པའི་ངོ་བོ་ནི་མ་ཡིན་ནོ། །སྔར་ནི་འབྱུང་བ་དང་འཇིག་པ་ལྡན་པ་མེད་པས་ལྡན་པ་མེད་པ་ཉིད་དུ་བསྟན་ཏོ། །ད་ནི་གཉིས་དང་ལྡན་པ་མེད་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་སྟོང་པ་ཉིད་མི་འགྱུར་བར ་ཡོངས་སུ་གྲུབ་པ་བསྟན་ཏོ། །དོན་ནི་གདོད་མ་ནས་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་རྟོག་པས་གྲུབ་པ་སྟེ། ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ཞེས་བྱ་བའི་ཐ་ཚིག་གོ། དེ་མེད་པའི་ཕྱིར་ཡོངས་སུ་གྲུབ་བ་མེད་པའོ། །གདོད་མནས་ཡོངས་སུ་མ་གྲུབ་པ་ནི་གདོད? ་མ་ནས་ཡོངས་སུ་གྲུབ་ཕ་མེད་པ་སྟེ། རྟག་ཏུ་བྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ནམ་མཁའ་ལྟ་བུ་སྟེ། དེའི་ཕྱིར་གང་དང་ཡང་ལྡན་པ་འང?་མི་ལྡན་པ་མ་ཡིན་ཞེས་བྱ་བ་གསུངས་ཏེ་སྡང ་ཉོན་མོངས་པའི་རྣམ་པར་རྟོག་པ་དང་ལྡན་པའམ། བྱིས་མི་ལྡན་པ་མ་ཡིན་པའོ། །འདིས་ནི་ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་ལྡན་པ་མ་ཡིན་པར་བསྟན་ཏེ། འདིས་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་སྟོང་པ་ཉིད་ནི་ཕྱིན་ཅི་མ་ལོག ་བར་ཡོངས་སུ་གྲུབ་པར་ཡང་བསྟན་ཏོ། །དེའི་བཤད་པ་ནི་རྟག་ཏུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་ཞེས་བྱ་བའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་རང་བཞིན་གྱིས་སྔོན་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དོ། །སྐུར་ང་ནི་དོར་བའོ། །སྒྲོ་བཏགས ་བ་ནི་བཞག་པའོ། །དེ་དག་མེད་པ་དང་བཞག་པ་མེད་པའི་མཚན་ཉིད་དེ་སྐུར་པ་དང། སྒྲོ་བརྟགས་པའི་མཛའ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ། གང་གིས་ཕྱིར་ཀུན་བཏགས་པ་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཡིན་གྱི། གཞན་གྱི་དབང་ནི་མ་ཡིན་པ ་དེའི་ཕྱིར་གཞན་གྱི་དབང་ལ་སྐུར་པ་མི་འདེབས་པས་སྐུར་པའི་མཛའ་ནི་མ་ཡིན་ནོ། །ཀུན་བརྟགས་པ་མེད་པའི་ཕྱིར་སྒྲོ་བཏགས་པའི་མཛའ་མ་ཡིན་ནོ། །དེའི་བཤད་པ་ནི་དོར་བ་མེད་ཅིང་བཞག་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་སྟེ། དོར་བ ་མེད་པ་དང། གཞག་པ་མེད་པ་དང། ཐ་དད་པ་མ་ཡིན་པ་དང། ཐ་དད་པ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ། །ཞེས་གད་གསུངས་པ་དེར་དོར་བ་དང་བཞག་པ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་འདིར་ཡང་སྦྱར་རོ། །འདི་ཐམས་ཅད་ཀྱིས ་ནི་ཇི་སྐད་བསྟན་པའི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བའི་དོན་རང་བཞིན་ཐམས་ཅད་དང་བྲལ་བར་བསྟན་ཏོ། །དེ་བས་ན་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ཀྱི་དོན་དེ་ལྟར་བསྒོམ་མོ། །དེས་ན་བྱང་ཆུབ་སེམས་དཔའ་དོན་གྱིS ་རབ་ཏུ་བྱེ་བ་ཞེས་བྱ་སྟེ། འདི་ནི་དོན་གྱིས་བསྟན་པ་ཡིན་ནོ། །ཡེ་ཤེས་ནི་ལྡན་པའོ་ཞེས་གང་གསུངས་པ་དེ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་ཡང་དག་པའི་མཛའ་ཁོང་དུ་ཆུད་བར? ་བྱ་བའི་ཐབས་རྒྱ་ཆེར་བསྟན་ཏོ། །དེའི་བཤད་བ་ནི་ཁོང་དུ་ཆུད་པར་བྱ་བའི་ཐབས་ནས་བྱ་བ་ལ་སོགས་པའོ། །དེ་མ་ཐག་ཏུ་གསུངས་པའི་ཚིག་གསུམ་ཞེས་བྱ་བ་ནི་དེ་དག་གིས་དོན་སྟོན་པས་ཆིག་ཅེས་བྱ་སྟེ། ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ་ཞེས་བྱ ་བ་ལ་སོགས་པ་ནི་ཚིག་གཅིག་གོ་།ཡེ་ཤེས་ནི་སྤོང་པ་དང་ཡང་དག་པར་ལྡན་པ་ཡིན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །ཡེ་ཤེས་ཞེས་བ་ནི་ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ། །བཅུ་བ་ཕྲག་དྲུག་ཅེས་བྱ ་བ་ནི་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡེ་ཤེས་རྣམ་བ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་བཅུ་བ་ཕྲག་དྲུག་གོ། ཅིའི་ཕྱིར་འདི་སྙེད་ཅིག་གིས་ཡེ་ཤེས་བསྟན་སྙམ་པ་ལ་གང་གིས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཏེ། ཞེས་བྱ་བ་ལ་སོགས་པ་བཞི་བོ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་གྱུར་བ་དེ་དག་ནི་དེ་སྙེད་ཀྱིས་བསྡུས་སོ། །ཡེ་ཤེས་དེ་ནི་གཅིག་པུ་ཡིན་ན་དེ་ཇི་སྙེད་ཅིག་གིས་བསྡུས་སྙམ་པ་ལ ་དེ་ལ་ཡེ་ཤེས་འཁོར་དང་བཅས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡེ་ཤེས་ནི་ཟག་པ་མེད་པའོ། །འཁོར་ནི་རྩོམ་པ་དང་སྦྱོར་བ་འོག་ནས་འབྱུང་བའོ། །རྣམ་བ་སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི་དེ་ལ་དེ་མ་ཐག་ཏུ་གསུངས་པའི་ཚིག་སུམ ་དང། བཅུ་པ་དང་པོས་ནི་ཡེ་ཤེས་བསྟན་ཏོ། །དེའི་འཁོར་དུ་གྱུར་པ་རྩོམ་པ་དང་སྦྱོར་བ་ནི་གོ་རིམ་བཞིན་དུ་བཅུ་བ་གཉིས་པ་དང་གསུམ་པ་སྟེ། རྣམ་པ་སུམ་ཅུ་རྩ་གསུམ་གྱིས་ཡེ་ཤེས་འཁོར་དང་བཅས་པ་བསྟན་པ་ཡིན་ནོ། །བཅུ་པ་བཞི་པS ་ནི་ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའོ། །ལྔ་པས་ནི་གང་གིས་དོན་ཁོང་དུ་ཆུད་པར་བྱེད་པའོ། །དྲུག་པས་ནི་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་པའོ། །དེ་ཡང་གོ་རིམ་བཞིན་དུ་ཡོངས་སུ་བསྟན་ཏེ་དེ་ནི་འོག་ནས་སྦྱོར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ལམ་ཞེS ་བྱ་བས་རབ་ཏུ་དགའ་བས་བསྡུས་པ་མཐོང་བའི་ལམ་སྟེ། དེ་ནི་སེམས་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ལ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པས་ཡོངས་སུ་བསྒོས་པ་དེ་དང་ལྡན་པ་སྟེ། ་བསྐྱེད་པའོ། །དེ་ནི་སེམས་རྣམ་པར་དག་པས་ལམ་རྣམ་པར་དག་པ་ཞེས་བྱ་བས་བཤད་དོ། །སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ལ་མོས་པས་སྤྱོད་པའི་ས་ན་བསོད་ནམས་དང་ཡེ་ཤེས་མངོན་པར་འདུ་བྱེད་བའི་བག་ཆགས་བསྒོས་པ ་ཉིད་མཐོང་བའི་ལམ་ནི་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་གདགས་པས་རྒྱུར་གྱུར་པ་རྣམ་པར་དག་པས་ལམ་རྣམ་པར་དག་པ་སྟེ། མཐོང་བའི་ལམ་གྱི་རང་བཞིན་རྣམ་པར་དག་པ་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། མདོ་སྡེའི་ཚིག ་འདི་ཉིད་ཀྱི་དོན་གཉིས་བསྡུ་ན་སེམས་དང་ཡང་དག་བར་ལྡན་པ་ནི་གང་གིས་བསྐྱེད་པ་སྟེ། དེ་ལ་དེ་སྐད་ཅེས་བྱ་སྟེ་འདི་ལྟར་མཐོང་བའི་ལམ་སྐྱེས་པས་ཀུན་གཞི་ལ་སྤྲང་བར་བྱ་བའི་ས་བོན་གནས་པ་དེ་སྦངས་ནས་ཀུན་གཞི་རྣམ ་པར་ཤེས་པ་ཁྱད་པར་དུ་འཕགས་པ་འབྱུང་སྟེ། དེ་ནི་ལམ་རྣམ་པར་དག་པས་སེམས་རྣམ་པར་དག་པ་ཅེས་བྱ་བས་བཤད་དོ། །མོས་པས་སྤྱོད་པའི་སས་བསྡུས་པའི་མངོན་པར་འདུ་བྱེད་བ་ནི་རྣམ་པ་དང་བཅས་པས་འཁྲུལ་པ་ཡིན ་ནོ། དེ་ཇི་ལྟར་མ་འཁྲུལ་པ་མཐོང་བའི་ལམ་གྱི་རྒྱུ་ཡིན་སྙམ་པ་ལ། དེའི་ཕྱིར་ཡང་དག་པའི་མཛའ་ནི་ལམ་དང་ཡེ་ཤེས་ཀྱི་དམིགས་པ་ཉིད་གཅིག་པུ་སྟེ། གནས་ཡིན་ཞིང་གཅིག་ལ་གཅིག་བརྟེན་པ་ཞེས་བྱ་བ་སྨོས ་ཏེ། ལམ་ཞེས་བྱ་བ་ནི་མོས་པས་སྤྱོད་བའི་སས་བསྡུས་པའི་ལམ་ལ་བྱའོ། །ཡེ་ཤེས་ཞེས་བྱ་བ་ནི་མཐོང་བའི་ལམ་མོ། །ཡང་དག་པའི་མཛའ་ནི་དེ་བཞིན་ཉིད་ཏེ། ལམ་དང་ཡེ་ཤེས་གཉིས་ཀའི་དམིགས་པ་ཡང་དེ་གཅིག་པུའོ། །གཅིག་ནི་མས་པའི ་སྟོབས་ཀྱིས། །ཅིག་ཤོས་ནི་མངོན་སུམ་དུ་བྱེད་པ་སྟེ། ཁྱད་པར་ནི་དེའོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་གནས་ཏེ། ཡེ་ཤེས་ཀྱི་རྒྱུ་ནི་མོས་པས་སྤྱོད་པའི་སས་བསྡུས་པའི་ལམ་མོ་ཞེས་ཁོང་ནས་དབྱུང་ངོ། །དེ་ནི་འདི་སྐད་དུ་ལམ་ཟག་པ་དང་བཅས ་རྣམ་པ་དང་བཅས་ཏེ་འཁྲུལ་པ་ཡིན་དུ་ཟིན་ཀྱང་སྟོང་པ་ཉིད་ལ་མོས་པས་ཚད་མ་གྲོགས་སུ་གྱུར་བའི་ཕྱིར་འཁྲུལ་པ་མེད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་ཏེ། འདི་ལྟར་སྟོང་པ་ཉིད་ཅེས་བྱ་བའི་དོན་གང་ལ་མོས་པ་དེ་ནི་ལམ་སྟེ། དེ་ནི་གཞན་གྱི་དབང་གི ་བདག་ཉིད་ཡིན་བས་དོན་དམ་པར་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡེ་ཤེས་གནས་དང། ལྷན་ཅིག་ཕན་ཚུན་རྒྱུ་དང། འབྲས་བུའི་དངོས་པོར་གྱུར་པ་ངེས་ན་ཡེ་ཤེས་ནི་ལྡན་པ་ཞེས་བྱ་བ་སྟེ། མི་ལྡན་པ་མ་ཡིན་ཏེ། རྒྱུ་དང་འབྲས ་བུའི་དངོས་པོ་དང་བྲལ་བ་མ་ཡིན་ནོ། །ཡེ་ཤེས་ནི་སྤོང་བ་དང་ཡང་དག་བར་ལྡན་པ་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་ལ། ཡེ་ཤེས་ནི་འདིར་ཟག་པ་མེད་བའི་བསྒོམ་པའི་ལམ་གྱིས་བསྡུས་པ་ལ་དགོངས་སོ། །འདོར་བས་མ་སྤོང་པ་སྟེ། ཀུན་ག་ནི ་ཞེས་བྱ་བས་ན་ཉེས་པ་དང་བྲལ་བས་མཚན་ཉིད་དུ་གྱུར་པའོ། །འདིར་ཡང་འབྲུ་མང་པོ་དང། དེའི་སྐྱེས་བུའི་ཚུལ་གྱིས་དོན་གཉིས་ཏེ། སྤོང་བ་དང་ཡང་དག་པར་ལྡན་པ་ནི་ཡེ་ཤེས་གང་གིས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཡང་དག་བའི ་མཛའ་ཨི་ཡེ་ཤེས་ལ་གནས་ཏེ་གནས་འགྱུར་བ་ཞེས་བྱ་བས་བཤད་དེ། ས་བཅུས་བསྡུས་པ་ཡང་དག་བའི་མཛའ་ཨི་ཡེ་ཤེས་དེ་ཉིད་ནི་གཞི་སྟེ། དེས་ཀུན་གཞི་ཞེས་བྱ་བ་གནས་གྱུར་ནས་ཉེས་པ་དང་བྲལ་བའི་ཕྱིར་རོ། །ནམ་དེའི་སྐྱེས་བུའི་ཚུལ་དུ་གྱུར་པ ་དེའི་ཚེ་ནི་སྤོང་བ་དང། ཡང་དག་པར་ལྡན་པ་སྟེ། །གནས་གྱུར་པས་བསྐྱེད་པའོ། །དོན་ནི་དེའོ། །དེ་ནི་གནས་གྱུར་པས་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་འགྱུར་བཞེས་བྱ་བས་བཤད་དོ། །ས་བཅུ་བར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དུས་ན་ཀུན་གཞི་རྣམ་པར་ཤེS ་པ་རྣམ་པར་དག་པ་གང་ཡིན་པ་དེས་སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་བྱུང་ངོ། །དེ་ཉིད་ཀྱི་མཇུག་སྡུད་ནི་ཕན་ཚུན་བྱ་བ་བྱས་བར་གནས་པ་ཞེས་བྱ་བའོ། །འདིར་ཡིད་དག་པར་ལྡན་པ་དང། མི་ལྡན་པའི་སྒྲའི་དོན་ནི་སྔ་མ ་བཞིན་ནོ། །ཡེ་ཤེས་ཞེས་བྱ་བ་ནི་ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་ཡེ་ཤེས་ཀྱི་རང་གི་ངོ་བོ་བསྟན་ཏེ། དེའི་བཤད་པ་ནི་ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་བའོ། །འདིར་ནི་ཤེས་བྱ་ཡང་དག ་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་བ་ནི་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏེ། བཟློག་པ་ནི་མི་ལྡན་པའི་དོན་ཏོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་རབ་ཏུ་དབྱེ་བ་བརྗོད་དོ། །རྒྱུ་ཤེས་པ་ནི་སེམས་ཅན་རྣམས་ཀྱི་ཐར་པའི་ས ་བོན་ཤེས་པའོ། །དེ་ནི་ཐོག་མ་མེད་པའི་འཁོར་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་དང་མཐུན་པ་ཡོངས་སུ་ཤེས་པ་ཞེས་བྱ་བས་བཤད་དོ། །ལས་སྣ་ཚོགས་ག?་ཀྱི་རྣམ་པར་སྨིན་པ་དེ་དང་མཐུན་པར་ཡོངས་སུ་ཤེས་པའི་ད་ནི་འབྲས་བུ་ཤེས ་པ་ཞེས་བྱ་བ་ཚིག་འདིའི་བཤད་པའོ། །དོན་ཤེས་པ་ཞེས་བྱ་བ་ལ། དོན་ནི་ཕན་པ་སྟེ་དེ་ནི་ཤེས་པའི་དེ་ནི་བདག་ལ་ཕན་པ་དང་གཞན་ལ་ཕན་བ་དང་མཐུན་པ་ཡོངས་སུ་ཤེས་པ་ཞེས་བྱ་བས་བཤད་དོ། །ཐབས་ཤེས་པ་ནི་གང་གིས་དགེ་བ་ཆུང ་དུ་ཡང་ཤིན་ཏུ་རྒྱས་པར་བྱེད་པ་སྟེ། འཁོར་བ་ཇི་སྲིད་པར་མི་ཟད་པར་བྱེད་པའོ། །ཤེས་རབ་ཤེས་པ་ནི་གང་གིས་དགེ་བ་ཆུང་དུ་ཡང་དེ་ལྟར་སྟོབས་དང་ལྡན་པར་བྱེད་པ་སྟེ། གང་གིས་འཁོར་བའི་སྐྱོན་ཤིན་ཏུ་ཆེན་པོས་ཀྱང་ཟིལ ་གྱིས་མི་གནོན་པར་བྱེད་པའོ། །དེ་བས་ན་ཆོ་ག་དེ་གཉིས་ཀྱི་བཤད་པ་ནི་དཔེ་བའི་རྩ་བ་ཆུང་ངུ་ཡང་ཚད་མེད་པར་བྱེད་པ་ཞེས་བྱ་བ་སྟེ། ཤིན་ཏུ་རྒྱས་པ་དང་མི་མཐུན་པའི་ཕྱོགས་རྣམས་ཀྱི་ཟིལ་གྱིས་མི་ནོན་པའོ། །དེ་ལ་ཐབས་ཀྱི་སྟོབས་ཀྱིས་ཤིན་ཏུ ་རྒྱས་བའོ། །ཤེས་རབ་ཀྱི་སྟོབས་ཀྱི་ནི་ཟིལ་གྱིས་མི་ནོན་པའོ། །འདི་ནི་ཆོས་འདི་ལ་སྐལ་པ་ཡོད་བས་བསྡུ་བར་འོས་སོ། འདི་ནི་སྐལ་པ་མེད་པས་མ་ཡིན་པའོ་ཞེས་ཤེས་པ་གང་ཡིན་པ་དེ་ནི་བསྡུ་བཤེས་པའོ། །དེ་ནི་དགེ་བ་དང་མི་དགེ་བ་ལ་རྣམ་པར ་དབྱད་བཞེས་བྱ་བས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་ཤེས་བ་ནི་སྦྱིན་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པ་སྡེ། དེ་ནི་རྣམ་པ་སྣ་ཚོགས་ཀྱིས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་པས་བཤད་དོ། །འབྱུང་བ་ཞེས་བྱ་བ་ནི་དེ་ལས ་སངས་རྒྱས་ཉིད་འབྱུང་བ་སྟེ། ཚོགས་ཞེས་བྱ་བའི་ཐ་ཚིག་གོ། སྦྱིན་པ་ལ་སོགས་པ་ཡོངས་སུ་ཤེས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟང་ཟིང་དང། མི་འཇིགས་པ་དང་ཆོས་སྦྱིན་པ་ལ་སོགས་པ་ཐ་དད་པས་རྣམ་པ་སྣ་ཚོགས་ཤེས་པའོ། །སྙིང་རྗེ་ཆེན ་པོ་ཤེས་པ་ནི་གང་གིས་སེམས་ཅན་བསོད་ནམས་ལ་འཇུག་པ་དང། བསོད་ནམས་མ་ཡིན་པ་ལས་འབྱིན་པ་སྟེ། དེ་ནི་དགེ་བ་དང་མི་དགེ་བའི་ཆོས་ལ་འཛུད་པ་དང་འབྱིན་པ་ཞེས་བྱ་བས་བཤད་དོ། །གང་གིས་ཆོ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། ་དེ་ཤེས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པའོ། །དེ་ནི་དུས་དང་དུས་མ་ཡིན་པ་ལ་ཡོངས་སུ་རྟོག་པ་ཞེས་བྱ་བས་བཤད་དོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་ཤེས་བཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་བའི་ཆོས ་རྣམས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་མངོན་པར་ཞེན་པ་མེད་པར་ཤེས་པ་སྟེ། དེ་ནི་མཛའ་གཉིས་སྤངས་ནས་ནང་ལ་བརྟེན་པ་ཞེས་བྱ་བས་བཤད་དོ། །ནང་ཞེས་བྱ་བའི་སྒྲས་ནི་རྣམ་པར་རིག་པ་ཙམ་དུ་སྟོན་ཏེ། མཛའ་གཉིས་ཡོངས་སུ་སྤངས ་ནས་རྣམ་པར་རིག་པ་ཙམ་དུ་བསྒོམ་ཞེས་བྱ་བའི་ཐ་ཚིག་གོ། རྩོམ་པ་ཞེས་བྱ་བའི་སྒྲ་ནི་གོ་ཆའི་བརྩོན་འགྲུས་ཉིད་ལ་བྱའོ། །སྦྱོར་པའི་བརྩོན་འགྲུས་ནི་འོག་ནས་སྤྱིང?་བ་ཞེས་འབྱུང་ངོ། །བདག་དང་གཞན་རྣམས་ཀྱི་ལུས་ཀྱི་ལས་ཡོངས་སུ་སྦྱོང་པའི་ཕྱིར ་རྩོམ་པ་ནི་ལུས་ཀྱི་རྩོམ་པ་སྟེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་གསུངས་པའོ། །ཐམས་ཅད་ཅེས་བྱ་བའི་ཚིག་གིས་ནི་བདག་ཀྱང་བསྡུས་སོ། །དག་གི་རྩོམ་པ་དང། སེམས་ཀྱི་རྩོམ་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གསུམ་པོ་འདི་དག་གི་བཤད ་པ་ནི་ལུས་དང། ངག་དང། ཡིད་ཀྱི་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཞེས་བྱའོ། །གཞན་དག་ཀྱང་ཞེས་བྱ་བ་ལ། ལོགས་ཤིག་ཏུ་སྨོས་པས་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་དོན་གྱིས ་བདག་ལ་བྱ་བར་མངོན་ནོ། །བརྩོན་འགྲུས་བརྩམས་བ་ཞེས་བྱ་བ་ནི་གོ་ཆ་བགོས་པའོ། །བསླབ་པ་དེ་ཉིད་ལ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཉེས་བར་སྤྱོད་བ་དང་བྲལ་བའི་མཚན་ཉིད་ལའོ། །ནང་དུ་སོ་སོར་བརྟགས་པའི་ཕྱིར་རྩོམ་པ་སྟེ། དངོས་པོ ་རྣམས་སྟོང་པ་ཉིད་དུའོ?་གཅིག་པར་ནང་ལས་སོ་སོར་རྟོག་པར་བརྩོན་འགྲུས་བརྩམས་པའོ། །བསྒོམ་པ་ལ་བརྟེན་ནས་སེམས་ཅན་རྣམས་ལ་རྗེས་སུ་ཆགས་བ་དང་ཁོང་ཁྲོ་བ་སྤངས་བ་ནི་མངོན་པར་ཞེན་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །དེའི་བཤད་པ་ནི་བསྒོམ་པ་ལ་བརྟན་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བོར་བ་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་མཐུན་པར་ཆོས་བསྟན་བའི་ཕྱིར་རྩོམ་པ་ནི་ཕྱིའི་རྩོམ་བ་སྟེ། སེམས་ཅན་ཐམས་ཅད ་ཅེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །འདུལ་བ་དང་འཚམས་པར་ཆོས་སྟོན་པ་ནི་མཚུངས་པར་སྦྱོར་བའོ། །དེའི་བཤད་པ་ནི་འཁོར་བ་མ་རུངས་པ་མ་ཡིན་པ་གང་མས་པ་ཞེས་བྱ་བའོ། །ཕྱིན་ཅི་མ་ལོགས་པའི་ཐོས་པ ་ཡོངས་སུ་འཚལ་བའི་ཕྱིར་རྩོམ་པ་ནི་ཡེ་ཤེས་ཀྱི་རྩོམ་པ་སྟེ། ཕྱིན་ཅི་མ་ལོག་པར་ཐེག་པ་ཆེན་པོ་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་ལ ་གསུངས་པའོ། །དེའི་བཤད་པ་ནི་མ་ནོར་བར་ཐོས་པ་ཡོངས་སུ་བཙལ་བ་ཞེས་བྱ་བའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱད་བའི་ཕྱིར་རྩོམ་པ་ནི་ཞིང་གི་རྩོམ་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ཡོན་ཏན་བཀོད་པ་སྣ་ཚོགས་སུ་གནས་པ་དེ་དག་ཀུན ་ཏུ་བསྟན་པའི་ཕྱིར་དེའི་རྣམ་པའི་རྣམ་པར་རིག་པར་འགྱུར། །སྐྱེད་པར་འགྱུར་རོ། །དེ་ནི་འདི་སྐད་དུ་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ཅི་ཡང་མེད་ཀྱི། རྣམ་པར་ཤེས་པ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་བྱས་པ་ཐམས་ཅད་ལ་དབང་བསྒྱུར ་བར་གྱུར་པ་འབའ་ཞིག་རྒྱུད་རྣམ་པར་དག་པ་དང་མ་དག་པ་ལ་བལྟོས་ནས་སྣ་ཚོགས་སུ་སྣང་བའི་རྣམ་པར་རིག་པའི་རྒྱུར་འགྱུར་རོ། །ཞེས་སྟོན་པར་འགྱུར་རོ། །དེ་བས་ན་དེའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཞེས་བྱ་བས་བཤད་དོ། །སེམས ་ཅན་རྣམས་ཀྱི་བསམ་བ་དང་བག་ལ་ཉལ་ཤེས་པར་བྱ་བའི་ཕྱིར་རྩོན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྩོམ་པ་ཞེས་གསུངས་ཏེ། བསམ་པ་དང་བག་ལ་ཉལ་ཤེས་ནས་ཉོན་མོངས་པའི་ནད་ཀྱི་གཉེན་པ་མཚམས་བར་ཆོས་སྟོན ་པ་ནི་སྨན་ཤེས་ཤིང་ཆོས་སྟོན་པ་སྟེ། ཉོན་མོངས་བའི་ནད་ཀྱི་སྨན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ། །དོན་གྱིས་ན་བསྟན་པར་བསྡུས་བར་བལྟ་སྟེ། ཡོངས་སུ་ཤེས་པ་ནི་དེའི་ཆེད་ཀྱི་ཕྱིར་རོ། །དེ་བས་ན་བཤད་པ་ལས་བསམ་པ ་དང་པག་ལ་ཉལ་ཤེས་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པ་ཞེས་བྱ་བ་སྨོས་སོ། །བསམ་པ་ནི་སེམས་པའོ། །བག་ལ་ཉལ་ནི་ས་བོན་ནོ། །ཁོ་ན་ཁོང་དུ་ཆུད་པར་བྱ་བའི་རྩོམ་པ་ནི་དེ་ཁོ་ནའི་རྩོམ་པ་སྟེ། དེ་ནི་དེ་ཁོ་ན་ཁོང་དུ་ཆུད་པར་བྱ་བས ་བཤད་དོ། །དེ་ཁོ་ན་ཁོང་དུ་ཆུད་ན་སངས་རྒྱས་ཉིད་དུ་ངེས་བའི་ཕུང་པོ་ལ་ཞུགས་པ་ཡིན་པས་དེས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །མངོན་པར་ཞེན་པ་རྣམས་ཀྱིས་གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་འདུས ་མ་བྱས་ཀྱི་ཡེ་ཤེས་ཏེ། དེ་ཡོངས་སུ་རྫོགས་པར་བྱ་བའི་རྩོམ་པ་སྟེ། དེའི་བཤད་པ་ནི་སེམས་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤོང་བ་ཞེས་བྱ་བའོ། །དེ་ཁོ་ན་མ་མཐོང་བ་རྣམས་ནི་ཇི་ལྟར་སྣང་བ་དེ་ཁོ་ན་བཞིན་དུ་སེམས ་དེ་ཁོ་ནའོ་ཞེས་ཡང་དག་པར་འཛིན་ཏེ། གཉིས་ལས་དབེན་པའི་ངོ་བོར་ནི་མེད་དོ་ཞེས་ཡང་དག་པར་མ་ཡིན་པར་འཛིན་ཏོ། །དེ་ལྟར་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་ཡོངས་སུ་སྤངས་ཏེ། དབུ་མའི་ལམ་ལ་གནས་ན་སྲིད་པ་ཐམས་ཅད ་ལ་སེམས་མངོན་པར་ཞེན་པ་དང་བྲལ་བ་ཡིན་པའི་ཕྱིར། ཁམས་གསུམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འམ་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའོ། །དེ་བཞིན་དུ ་འོག་མ་རྣམས་ལ་འང་སྦྱར་རོ། །དེའི་བཤད་པ་ནི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཞེས་བྱ་བའོ། །བསྡུ་བའི་དངོས་པོའི་སྦྱོར་བ་ནི་སེམས་ཅན་ཡོངས་སྨིན་བར་བྱ་བའི་ཡན་ལག་སྟེ། དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ ་བས་བཤད་དོ། །ཤེས་རབ་ཀྱི་སྦྱོར་བ་ཞེས་བྱ་བ་དེའི་བཤད་པ་ནི་ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་ལ་ཡོངས་རྟོག་པ་ཞེས་བྱ་བའོ། །ཐབས་ཀྱི་སྦྱོར་བ་ན་ཆོས་ཐམས་ཅད་ལ་མཁས་པར་འགྱུར་བས་དེ་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ ་བས་བཤད་དོ། །སྙིང་རྗེ་ཆེན་པོའི་སྦྱོར་བ་ཞེས་བྱ་བ་དེའི་བཤད་པ་ནི་མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ་ཞེས་བྱ་བའོ། །སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་བརྩོན་པས་ཉན་ཐོས་ལྷར་བྱ་དོན་ལས་འདས་པ་འདོད་པ་མ ་ཡིན་ནོ། །བསོད་ནམས་ཉིད་ཆོགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་བའི་ཕྱིར་རོ། །བསོད་ནམས་ཡོངས་སུ་ཚོལ་བའི་སྦྱོར་བ་ནི་བསོད་ནམས་བསགས་པ་ལ་བརྟེན་པས་མཐུ་ཆེ་བའི་ཕྱིར་འཁོར་ལོ་བསྒྱུར་བ་དང་གཞན་དག་གིས་ཟིལ་གྱི ་མི་ནོན་ཏེ། ཐམས་ཅད་དུ་འཇིགས་པ་མེད་པས་འཇིགས་པ་མེད་པ་ཡིན་ཏེ། དེ་ནི་མི་འཇིགས་པ་བཞི་ཐོབ་པ་ཞེས་བྱ་བས་བཤད་དོ། །འཇིགས་པ་མེད་པས་མི་འཇིགས་པའོ། །ཡུལ་ཐ་དད་པས་རྣམ་པ་བཞི་སྟེ། ཆོས་ཐམས་ཅད་ལ་མངོན་པར ་རྫོགས་པར་བྱང་ཆུབ་པ་དང། ཟག་པ་ཟད་པ་དང། བར་དུ་སྤྱོད་པ་བསྟན་པ་དང། ལམ་བཤད་པའོ། །དེ་ཡང་མདོ་སྡེ་ལས་ཇི་ལྟར་འབྱུང་བ་བཞིན་དུ་རྣམ་པ་བཞིར་ཁོང་དུ་ཆུད་པར་བྱའོ། །མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ཤེས ་རབ་སྒྲུབ་པའི་ཕྱིར་རྩོམ་པ་ནི་ཤེས་རབ་ཀྱི་སྦྱོར་བར་གསུངས་སོ། །མངོན་བར་འདུ་བྱེད་པ་མེད་པས་འཇུག་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བའི་སྦྱོར་བ་སྟེ་འདི་ནི་བྱེ་བྲག་གོ། དེ་བསན་ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པ ་ཞེས་བྱ་བས་བཤད་དོ། །བདེན་བ་དང་དཀོན་མཆོག་ལ་སོགས་པ་ལ་སོམ་ཉིད་མེད་པར་བྱ་བའི་ཕྱིར་སྦྱོར་བ་ནི་བསམ་པ་རྣམ་པར་སྦྱོར་བའི་སྦྱོར་བ་སྟེ། དེ་ནི་ཆོས་ཐམས་ཅད་ལ་ཐམས་ཅད་ཐེ་ཚོམ་མེད་པ་ཞེས་བྱ་བས་བཤད་དོ། །བདེན་པ་ནི་ཆོས ་ཐམས་ཅད་ལ་བདག་མེད་པ་སྟེ། དེ་ཁོང་དུ་ཆུད་བར་བྱ་བའི་ཕྱིར་སྦྱོར་བ་ནི་བདེན་པ་རྣམ་པར་དཔྱད་པའི་སྦྱོར་བ་སྟེ། དེ་ལྟར་སྦྱོར་ན་སྟོང་པ་ཉིད་ཁོང་དུ་ཆུད་པས་སྡུག་བ་དང་མི་སྡུག་པ་རྣམས་ལ་རིམ་བཞིན་དུ་ཆགས་པྲ?་དང། ཁོང་ཁྲོ་བ་དང་བྲལ ་བས་མངོན་པར་ཞེན་པ་མེད་པར་འགྱུར་ཏེ། སྦྱོར་བའི་དོན་བཅུ་པ་གཟུང་བར་འགྱུར་བས་སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་ཚིག་གཉིས་བསྡུད་ན་དོན་དམ་པའི་ཚུལ་ལ་འཇུག་པས ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བས་བཤད་དོ། །དོན་དམ་པ་ནི་སྟོང་བ་ཉིད་དེ། དེ་ཉིད་སངས་རྒྱས་ཀྱི་ཆོས་འདྲེན་བར་བྱེད་ཐོབ་པར་བྱེད་པས་ཚུལ་ལོ། །དེ་ལ་འཇུག་པ་ནི་ཁོང་དུ་ཆུད་པ་སྟེ། འདིས་བདེན་པ་རྣམ་པར་སྤྱད་པའི་སྦྱོར་བ་ཞེས་བྱ་བའི་ཚིག ་དེ་བཤད་དོ། །མངོན་པར་ཞེན་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ། ཞེས་བྱ་བ་ནི་གོང་དུ་བསྒོམ་པ་ལ་བརྟེན་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བོར་ཞེས་བཤད་པ་གང་ཡིན་པ་དེ་དང་འདིའི་དོན་མཚུངས་སོ། །ཞེས་བྱ་བའི་ཐ་ཚིག་གོ། འདིས་ནི་སྡུག་པ་དང་མི་སྡུག ་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བ་ཞེས་བྱ་བའི་ཚིག་བཤད་དོ། །དེ་ལྟར་རེ་ཞིག་རྣམ་པ་སུམ་ཅུ་རྩ་གསུམ་གྱིས་ཡེ་ཤེས་འཁོར་དང་བཅས་པ་བཤད་དོ། །ཡེ་ཤེས་དེ་ལྟ་བུ་ལ་གོམས་པའི་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་ཀྱི་རབ་ཏུ་ཕྱེ ་པ་ཡིན་ཏེ། དེ་ནི་དོན་གྱིས་བཤད་པ་ཡིན་ནོ། །ད་ནི་ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའི་དོན་དེ་བསྟན་པའི་ཕྱིར། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་ཟད་པ་ལ་རྟོག་པ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་སེམས་ཅན་གྱི་ལུས་མ་ལུས་པ་ལ་ཇི་ལྟ་བ་བཞིན་དུ་རྟོག་པ་ནི་ལུས་མི་ཟད་པ་ལ་རྟོག་པ་སྟེ། དེ་ནི་འཕགས་པ་དང་འཕགས་པ་མ་ཡིན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ལུས་ལ་རྟོག་པ་ཞེས་བྱ་བས་བཤད་དོ། །བདེན་པ་མཐོང་བ་དང་མ་མཐོང་བ་རྣམས་དང་འཕགས ་པ་མ་ཡིན་པའི་ལུས་གོ་རིམ་བཞིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ནི་འདུས་བྱས་ཏེ། ལས་རྣམས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་གྱུར་བའི་མཚན་ཉིད་ནི ་འདུས་མ་བྱས་པའོ། །འདིས་ནི་ལུས་དྲན་པ་ཉེ་བར་བཞག་པ་བསྟན་ཏོ། །མི་ཟད་པ་ཤེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་ཡང་མ་ལུས་པར་བྱ་བ་ལ་ལྟའོ། །སེམས་ནི་དངོས་པོ་སྟེ། དེ་ཙམ་དུ་ཟད་པའི་ཕྱིར་དེ་དངོས་པོའོ། །དེ་ལ་རྟོག་པ་ནི ་དངོས་པོ་མི་ཟད་པ་ལ་རྟག་པ་སྟེ། དེའི་བཤད་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་ལ་རྟོག་པ་ཞེས་བྱའོ། །གཉིས་ལ་མངོན་པར་ཞེན་པ་ལས་དབེན་པ་ནི་ཡང་དག་དག་བའོ། །སེམས་ཕྱིན་ཅི་ལོག་པ་ནི། ཡང་དག་པ་མ་ཡིན་པའོ། །འདིས་ནི ་སེམས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །ཆོས་ལ་དྲན་པ་ཉེ་བར་གཞག་པ་ནི་ཆོས་མི་ཟད་པ་ལ་རྟོག་པ་སྟེ། དེའི་བཤད་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་བར་བྱ་བ་ཆུང་དུ་དང། འབྲིང་དང། ཆེན་པོ་ལ་རྟོག་པ་ཞེས་བྱ་བའོ། །ཆོར་བའི་སྒོ་ནས་སྲེད ་པ་འབྱུང་བའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་སྲེད་པ་མི་ཟད་པ་ལ་རྟོག་པའི་སྒྲར་བཤད་དེ། །དེའི་བཤད་པ་ནི་དགེ་བ་དང་མི་དགེ་བའི་སྲེད་པ་ལ་རྟོག་པ་ཞེས་བྱ་བའོ། །འཁོར་བའི་བདེ་བ་ལ་འདོད་པ་ནི་མི་དགེ་བའི་སྲེད་པའོ། །མྱ་ངན་ལས་འདྲས? ་པའི་བདེ་བ་འདོད་པ་ནི་དགེ་བའོ། །ལྟ་བ་མི་ཟད་པ་ལ་རྟོག་པ་ལ་སོགས་པ་ལྷག་མ་རྣམས་ནི་ཆོས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རབ་ཏུ་དབྱེ་བར་བལྟའོ། །ཡང་དག་པ་མ་ཡིན་པའི་རྣམ་བར་སྒྲོ་བཏགས་བའི་ལྟ་བ་ནི་ཕྱིན་ཅི་ལོག་གོ། བཟློག་པ་ནི ་ཕྱིན་ཅི་མ་ལོག་བའོ། །དེ་ནི་ལྟ་བ་མི་ཟད་པ་ལ་རྟོག་པ་ཞེས་བྱ་བ་འདིའི་བཤད་པའོ། །ཚོགས་མི་ཟད་པ་ལ་རྟོག་པ་ཞེས་བྱ་བ་འདིའི་བཤད་པ་ནི་སྒོ་སྣ་ཚོགས་ནས་བསགས་བའི་དགེ་བའི་རྩ་བ་ལ་རྟོག་པ་ཞེས་བྱ་བའོ། །སེམས་ཅན་རྣམས་ཀྱི་ཁམS ་ཀྱི་ཉེ་བར་ལེན་པར་གྱུར་བ་ནི་ཉོན་མོངས་པ་དང་ལས་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་ཁམས་མཛའ་ཡས་པའི་ཕྱིར་མཛའ་ཡས་པའོ། །འདིའི་བཤད་པ་ནི་སེམས་ཅན་གྱི་ཁམས་མཛའ་ཡས་པ་ལ་རྟོག་པ་ཞེས་བྱ་བའོ། །མངོན་པར་ཞེན་པ་མེད ་པའི་དོན་ནི་སྔ་མ་བཞིན་ནོ། །ཞེས་བྱ་བ་ནི་སྡུག་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་བའི་སྦྱོར་བ་ཞེས་གསུངས་པ་སྟེ། དེའི་བཤད་པ་ནི་དོན་དང་དོན་མ་ཡིན་པ་དང་ལྡན་པ་ལ་རྟོགས་པ་ཞེས་བྱ་བའོ། །བྱང་ཆུབ་ཀྱི་སྙིང་པོ་ནི་བྱང་ཆུབ ་ཀྱི་ཤིང་སྟེ། དེ་ཀུན་ཏུ་སྟོན་པ་ནི་ཤེས་པའོ། །སངས་རྒྱས་རྣམས་ཀྱི་དེ་མི་ཟང་པ་ནི་མོས་པ་ཐ་དད་པའི་དབང་གིས་སྣ་ཚོགས་སུ་སྟོན་པའི་ཕྱིར་དེ་ལྟར་རྟོག་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཤེས་པ་མི་ཟད་པ་ལ་རྟོག་པ་སྟེ། དེ་ནི་མོས་པ་ཐ་དང་པའི་སེམས ་ཅན་ལ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་སྟོན་པ་ལ་རྟོག་པ་ཞེS་བྱ་བས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་རྣམ་པར་དག་པ་རྣམས་ནི་རང་གི་མི་མཐུན་པའི་ཕྱོགས་ཅི་ནས་འདུལ་བའི་ཕྱིར་དངོས་པོ་བཅུ་སྟེ། དེ་དག་ནི་སེར་སྣའི་སེམས་འདུལ་བ་ཞེས་བྱ་བ་ལ ་སོགས་པ་བསྟན་ཏོ། དེའི་བཤད་པ་ནི་གང་གི་དོན་དུ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ལ་སོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཁོང་དུ་ཆུད་པར་བྱེད་དོ། །བྱམས་པ་བསྒོམ་པས་ཁོང་ཁྲོ་བའི་སེམས་འདུལ་བ་ཞེས་བྱ ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །འཁོར་བ་མི་གཏོང་ཡང་ཐབས་གང་གིས་ལམ་གྱི་ཚོགས་རྫོགས་པ་དེ་ལམ་གྱི་ཚོགས་དེ་བསྐྱེད་པའི་ཐབས་དེས་འཁོར་བན་གནས་ཀྱང་ཉོན་མོངས་པ་རྣམས་འདུལ་ལོ། །འདིས་ནི་ཐབས ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །བདེན་པ་རྣམས་ནི་སྡུག་བསྔལ་ལ་སོགས་པ་སྟེ། དེ་དང་དེ་དག་ཤེས་པ་གང་གིས་ཡང་དག་པ་སོགས་ཡོངས་སུ་གཅོད་བ་དེ་བདེན་པའི་ཚོགས་ཏེ། དེ་སོགས་པ་དེ་ཉིད་གཉེན་པོ་སྟེ་འདུལ་བའོ། །དེའི་དངོས་པོ ་ནི་ཉིད་དོ། །དེ་ཡང་ཇི་ལྟ་བུས་འགྱུར་ཞེ་ན། ཕྱིན་ཅི་མ་ལོག་པའི་ལམ་བསྐྱེད་པས་ཞེས་བྱ་བ་གསུངས་སོ། །སྨོན་ལམ་གྱི་ཁྱད་པར་གང་གིས་ཕྱིན་ཅི་མ་ལོག་པའི་ལམ་འབྱུང་བ་དང་མཐུན་བའི་སྐྱེ་བ་ཡོངས་སུ་འཛིན་བའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། ། ་འདིས་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །ལྷག་མ་ནི་གོ་སླ་བསམ་སྦྱར་རོ། །རིགས་ཀྱི་བུ་གཞན་ཡང་བཅུ་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དུལ་བའི་ས་སྟེ་ཞེས་བྱ་བ་ལ་སོགས ་པ་འདིའི་བཤད་པ་ནི་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །སྡོམ་པ་རྣམ་པ་གསུམ་ནི་ལུས་དང། ངག་དང། ཡིད་ཀྱི་སྡོམ་བའི་ཕྱིར་ཏེ། དེ་རྣམ་པར་དག་པས་སོ། །དེ་ནི་ལུས་དུལ་བ་ཉིད་ལ་སོགས་པའི་ཚིག་གསུམ་གྱིས་བཤད ་དོང་ནང་དུལ་བ་ཉིད་ཅེས་བྱ་བ་ལ་སོགས་བའི་མདོའི་ཚིག་གི་བཤད་པ་ནི་བདག་ཏུ་འཛིན་པ་རྣམ་པར་སྤངས་པ་ཞེས་བྱ་བའོ། །སྨད་པ་དང་བསྔས་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་ལ་མངོན་པར་ཞེན་པ་མེད་པ་ནི་ཕྱི་རོལ་གྱི་ཡུལ་དུལ་བ་ཉིད ་དང་དེ་བས་ན་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །དེའི་བཤད་པ་ནི་སྨད་པ་དང་མ་སྨད་པ་ཡོངས་སུ་སྤངས་པ་ཞེས་བྱ་བའོ། །སྨད་པ་དང་མ་སྨད་པ་སྨོས་པ་ནི་མཚོན་པའོ། །ཡེ་ཤེས་ཀྱི་ཚོགས་ལ་མངོན་པར་ཞེན་པ ་མེད་པ་གང་ཡིན་པ་དེ་ཉིད་དུལ་བ་ཉིད་དོ། །དེ་ཇི་ལྟ་བུས་འགྱུར་ཞེ་ན། ལ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ་།དེའི་བཤད་པ་ནི་དངོས་པོས་ཡོད་པ་དང་དངོས་པོ་མེད་བར་མངོན་པར་ཞེན་པ་མེད་པ་ཞེས་བྱའོ། །ཀུན་བརྟགས ་པའི་ངོ་བོས་མེད་པའི་དངོས་པོ་ཡོད་བར་མངོན་པར་ཞེན་པ་མེད་དོ། །ཡོངས་སུ་གྲུབ་པའི་ངོ་བོས་ཡོད་པའི་ཕྱིར་མངོན་པར་ཞེན་པ་མེད་དོ། །འཕགས་པ་ནི་ཉན་ཐོས་ལ་སོགས་པ་སྟེ། དག་གིས་རྣམས་ནི་ཟད་པ་མེད་པའི་ཡེ་ཤེས་ཀྱི་གནས་སྐབས་སོ།། ་དེ་དག་ལ་རྟོག་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པ་སྟེ། དེ་ནི་མི་དམིགས་པའི་ཚུལ་གྱིས་ཉོན་ཐོས་དང་རང་སངས་དང་བྱང་ཆུབ་སེམས་དཔའ་ཨི་ས་ལ་སོ་སོར་རྟོག་?་ཞེས་བྱ་བས་བཤད་དོ། །དེ་ལྟར་སོ་སོར་རྟོག་ན་བདག་ལ་སྟོད་པར་མི་བྱེད ་དེ་དེ་བས་ན་དེ་དག་ལ་བསྟོད་བ་དུལ་བ་ཉིད་དུ་འགྱུར་རོ། །ཕྱི་མའི་མཛའ་ནི་མ་འོངས་པའི་སྐྱེ་བའི་རྒྱུན་ཏོ། །དེའི་རྣམ་པར་དག་པ་ནི་མྱ་ངན་ལས་འདས་པ་སྟེ། གནས་གྱུར་བའི་མཚན་ཉིད་དོ། །དེ་ཡོངས་སུ་སྦྱོང་བ་ནི་རྣམ་པར་རྟོག་པ་ཐམས་ཅད་སྤོ? ་བ་སྟེ། རྣམ་པ་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་དེར་འབྱུང་ཞིང་དེའི་བདག་ཉིད་དུ་གནས་པའོ། །དའི ་བཤད་པ་ནི་འཛིན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ཏེ་བཤད་པ་ནི་ཐ་སྙད་དོ། །དེ་ལ་ཤིན་ཏུ་ཡོངས་སུ་དུལ་བ་ཉིད་དེ་ཇི་ལྟ་བུས་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་ལ་མི་སླུ་བའི་ཚུལ་གྱིས་ཞེས ་བྱ་བ་གསུངས་པ་སྟེ། སྐལ་བ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་ཞེས་བྱ་བས་བཤད་དོ། །ལུས་དགན་སེམས་ལ་མི་བལྟ་བ་དུལ་བ་ཉིད་ཅེས་བྱ་བའི་མདོའི་ཚིག་བཤད་པ་ནི་སེམས་ཅན ་གདུལ་བའི་ཕྱིར་སྐྱེ་བ་ཐམས་ཅད་ལ་མི་སྐྱེ་བས་སོ་ཞེས་བྱ་བའོ། །ཚིག་གི་དངོས་པོས་ཁོ་ན་ནི་ཚིག་ཙམ་ཉིད་དེ། མདོའི་ཆ་འདིའི་བཤད་པ་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ནི་མི་བསླུ་བས་ཡོངས་སུ་བསྟན་ཏོ། །ཞེས་བྱ་བའོ། །ལམ་སྒྲུབ་པ་ནི་ཉན་ཐོས ་དང་རང་སངས་རྒྱས་ཀྱི་ལམ་མངོན་སུམ་དུ་བྱེད་པ་སྟེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་མངོན་སུམ་དུ་བྱེད་བ་ཞེས་བྱ་བས་བཤད་དོ། །སྤོང་བ་སྒྲུབ་པ་ནི་ཉན་ཐོས་ལ་སོགས་པའི་ལམ་མངོན་སུམ་དུ་བྱས་པ་ལ་ཡང་འདོད་པ ་མེད་པའོ། །དེ་ནི་དེ་དག་ལ་འདོད་པ་མེད་པ་ཞེས་བྱ་བས་བཤད་དོ། །ཡང་བདག་ཉིད་ལམ་བཟང་པོར་ཞུགས་པ་དང་གཞན་དག་ལ་ཡང་ལམ་དེ་སྟོན་པ་ཞེས་བྱ་བ་ནི་བདག་འདུལ་བའི་བསྒྲུབ་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲུབ་པ་ ་ཞེས་བྱ་བའི་བཤད་པ་ནི་གོ་རིམ་བཞིན་ནོ། །རྩོལ་བ་དང་བཅས་པའི་ཤེས་བས་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་མོས་པས་སྤྱོད་པའི་ས་ལ་རྣམ་པར་གནས་པར་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་ཞེས་བྱ ་བ་སྟེ། མོས་པས་སྤྱོད་པའི་ས་ནི་སོ་སོ་སྐྱེ་བོའི་སའོ། །སྤྱོད་པའི་ས་ནི་ས་བདུན་པོ་དག་གོ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་བསྒོམ་པའི་ལམ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་ཀྱིས་སོ་ཞེས་བྱ་བ ་སྟེ། ས་བརྒྱད་པ་ལ་སོགས་པས་བསྡུས་པ་ནི་འདིར་བསྒོམ་པའི་ལམ་དུ་བལྟའོ། །ས་རྣམ་པར་བཞག་པ་ལ་མཁས་པར་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་ཤེས་རབ་དང་ཐབས་ལ་མཁས་པ་ཞེས་བྱ་བའོ། །ས་དབྱེར་མེད་པ་ནི་སྟོང་པ་ཉིད་ཀྱི་མཚན ་ཉིད་དུ་སྟེ། དེའི་བཤད་པ་ནི་མཚན་ཉིད་གཅིག་གི་རྗེས་སུ་འཇུག་པ་ཞེས་བྱ་བའོ། །སའི་ཉེས་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་སྟེ་ཡོངས་སུ་སྤོང་བའོ། །དེ་ནི་གཉིས་ལ་ཀུན་ཏུ་སྤྱོད་པ་ཡོངས་སུ་སྤོང་བ་ཞེས་བྱ་བས་བཤད་དོ། །ས་ནས་སར་ཕར་བ་ནི ་ས་སྔ་མ་ལས་ས་ཕྱི་མར་འགྲོ་བ་སྟེ། དེ་ལ་མཁས་པ་སྒྲུབ་པའོ། །དེ་ཡང་བསྒོམ་བའི་ལམ་གྱིས་འགྱུར་ཏེ་དེ་ནི་དགེ་བའི་ཆོས་བསྒོམ་བའི་བརྩོན་འགྲུས་བརྩམས་པས་ཞེས་བྱ་བས་བཤད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བསྟན་བའི་སྒྲུབ་པ་ཞེས ་བྱ་བ་འདིའི་བཤད་པ་ནི་ཡང་ཆོས་ཐམས་ཅད་ལེགས་པར་བསླབས?་པ་ཞེས་བྱ་བའོ། །དེ་བཞིན་ཉིད་དྲི་མ་མེད་པ་ནི་སངས་རྒྱས་ཏེ། དེའི་བྱང་ཆུབ་ཁོང་དུ་ཆུད་པ་དེ་ལས་ཕྱིར་མི་ལྡོག་པའི་ལམ་གང་ཡིན་པ་དེ་ལ་མངོན་པར་སྒྲུབ་པའོ། །དེའི་བཤད ་པ་ནི་དེ་བཞིན་ཉིད་ཁོང་དུ་ཅུང་པའི་བསྒོམ་པ་ལ་མཁས་པས་སོ། །ཞེས་བྱ་བའོ། །དེ་ལྟར་རྒྱུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་བཞིས་རྒྱུས་བསྡུས་པའི་སྤྱོད་པ་རྣམ་པར་དབྱེ་བ་ཁྱད་པར་དུ་འཕགས་པ་བསྟན་ཏེ། ཚོགས་དང་རྣམ་པར་དག་བའི ་ལམ་བསྟན་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང། ཡང་དག་པའི་མཛའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པ་དང། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྟན་པ་ཞེས་བྱ་བས་རྒྱ་ཆེར་བསྟན་བའོ། །རྒྱུ་རྣམ་པར་དག་པ་བཞི ་པོ་འདི་དག་ཉིད་མངོན་སུམ་དུ་མཛད་ནས་བཅོམ་ལྡན་འདས་ཀྱི་དེ་ལྟར་སྒྲུབ་པ་རྣམས་ལ་ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་གསུངས་པའི་རྒྱུ་རྣམ་པར་དག་པ་རྣམ་པར་སྒྲུབ་པའོ། །དེའི་བཤད་པ་ནི་རྒྱུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་རྣམ་པ ་འདིས་བཞིས་ཞེས་བྱ་བའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་འབྲས་བུས་བསྡུས་པའི་སྤྱོད་པ་རྣམ་པར་དབྱེ་བ་བསྟན་ཏོ། །དེའི་བཤད་པ་ནི་འབྲས་བུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པར ་ཁོང་དུ་ཆུད་བར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དུས་གསུམ་སྐད་ཅིག་གཅིག་དང་ལྡན་པ་ཞེས་བྱ་བའོ། །འཕགས་པ་འཇམ་དཔལ་གཙོ་བོས་ཕྱིན་ཅི་མ་ལོག་པར་བསྟན་པར་མཛད་པས་ན་བཅོམ་ལྡན་འདས་ཀྱིས་ལེགས་སོ ་ཞེས་བྱ་བ་བྱིན་ཏེ། དེ་ནི་མ་ནོར་བར་བཤད་དེ་སྟོན་པའི་ཐུགས་མཉེས་པས་ལེགས་པར་བཤད་དོ། །ཞེས་བྱ་བའི་དོན་དུ་རིག་བར་བྱའོ་ཞེས་བྱ་བས་བཤད་དོ། །ཡིད་རངས་ཞེས་བྱ་བ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དང ་སྦྱར་གྱི་གོང་མ་དང་ནི་མ་ཡིན་ནོ། །སྟོན་པ་པོ་ནི་སྟོན་པ་སྟེ་དེའི་རྣམ་པར་དག་པ་ནི་བཤད་ཟིན་ཏོ། །བསྟན་པ་རྣམ་པར་དོག་པ་ནི་མདོ་ཐོག་ཐག་གོ། བསྟན་པའི་འབྲས་བུ་རྣམ་པར་དག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་རྣམ་པར་དག ་པ་རྣམ་པ་འདི་གསུམ་གྱིས་འཕགས་པ་འཇམ་དཔལ་ལ་སོགས་པ་ཡི་རངས་སོ། །མངོན་པར་བསྟོད་དོ་ཞེས་བྱ་བ་ནི་དེ་ལྟར་མངོན་པར་བསྟོད་པའི་དོན་དུ་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ལྟ་ངན་ཀུན་གྱི་དྲ་བ་རབ་འདྲལ་མདོ་སྡེ་འབྲེལ་དང་བཅས་པ ་ཟུར་ཕྱིན་འདི། བཤད་པས་བདག་གིས་བསོད་ནམས་རྣམ་པ་ཤིན་ཏུ་བརྟན་ལ་ཚད་པ་གང་ཐོབ་དེས། །སེམས་ཅན་འགྲོན་བོ་མང་པོ་འདི་དགས་གསུམ་རྒྱ་མཚོའི་ཕ་རོལ་མྱུར་བསྒྲལ་ཏེ། ཚངས་ལ་སོགས་བསམ་བགྲོང་སངས ་རྒྱས་གནས་མཆོག་དྲི་མེད་གང་དེ་མྱུར་ཐོབ་ཤོག། །།འཕགས་པ་གཡག་རིའི་མདོ་དང་སྤེལ་མར་བཤད་པ། །འཕགས་པ་འཇམ་དཔལ་གཙོ་བོའི་ཞབས་ལ་བརྟེན་པ། མང་དུ་ཐོས་པ་གནས་བརྟེན་ཤཱ་ཀྱའི་བླས་མཛད ་པ་རྫོགས་སོ།། (།།འཕགས་པ་ས་བཅུའི་རྣམ་པར་བཤད་པ་བཞུགས་སོ།)་།རྒྱ་གར་སྐད་དུ། ཨཱ་རྱ་ད་ཤ་དྷཱུ་མི་བྱ་ཁྱ་ན། བོད་སྐད་དུ། འཕགས་པ་ས་བཅུའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །ཆོས་ཀྱི ་