| Wylie | e-texts based on the ACIP/ALL Input |
གཡ་མ་ཀོའི?་རིའི་མདོའི་རྣམ་པར་བཤད་པ་དབྱིག་གཉེན་གྱིས་མཛད་བ་བཞུགས། །འཕགས་པ་གཡ་གཻ?་རི་ཞེས་བྱ་བའི་མདོའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མདོར་བསྡུས་པ་ནི་གླེང་གཞི་དང་མཐུན་པའི་ཉན་པ་པོ་ཕུན་སུམ་ཚོགས ་པ་དང། ཏིང་ངེ་འཛིན་དང། རྟོག་པ་པོ་རྣམ་པར་དག་པ་དང། བརྟག་པར་བྱ་བའི་དངོས་པོ་དང། བཞེངས་པ་དང། བསྟན་པ་དང། བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་མཐུ་དང། སྤྱོད་པ་རྣམ་པར་དབྱེ་བའོ། །སྤྱོད་པ་རྣམ་པར་དབྱེ་བ་དེ་ཡང་བསྡུ་བ་རྣམ་པ་གཉིས་ཀྱིས ་བསྡུས་པར་རིག་པར་བྱ་སྟེ་།རྒྱུས་བསྡུས་པ་དང། འབྲས་བུས་བསྡུས་པའོ། །དེ་ལ་གླེང་གཞི་ནི་སངས་རྒྱས་དུ་མ་བཞུགས་བཞུགས་པའི་ཕྱིར་ཏེ། ཡུལ་དེར་འདུས་པ་དེ་བརྗོད་པས་སོ་ཆོས་ཀྱི་རྣམ་གྲངས་འདི་ཡང་སངས་རྒྱས་དུམས་ཡོངས་སུ་གཟུང་བར་བསྟན་པའི ་ཕྱིར་རོ། །མཐུན་པའི་ཉན་པ་པོ་ཕུན་སུམ་ཚོགས་པ་ནི་མི་སློབ་པ་དང། སློབ་པས་བསྡང་པར་རིག་པར་བྱའོ། །དེ་ལ་མི་སློབ་པ་ནི་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། ལྷག་མཐོང་གི་བྱ་བ་ཤིན་ཏུ་རྫོགས་པའི་ཕྱིར་བྱ་བ་རྫོགས་པ་དང། ཏིང་ངེ་འཛིན་གྱི་སྒྲིབ་པ་སྤངས ་པའི་ཕྱིར་བྱ་བ་ཟིན་པ་དང། ཁུར་བླངས་པ་བོར་བ་སྟི། ཁུར་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་།མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པ་དང། ཁམས་གསུམ་ནས་བྱང་བ་དང། མ་ནོར་བའི་གདམས་ངག་བསྒོམས་ཏེ་དེ་ལ་གནས་ནས་ཉོན་མོངས ་པ་ཤིན་ཏུ་སྤངས་པ་དང། རྫུ་འཕྲུལ་གྱི་རྐང་པ་ཤིན་ཏུ་བསྒོམས་པ་དང། དད་པས་བྱིན་པར་ཡོངས་སུ་སྟོང?་པའི་འོས་སུ་གྱུར་པས་སོ། །རྣམ་པ་གཉིས་ཀྱིས་སློབ་པར་རིག་པར་བྱ་སྟེ། བསླབ་པ་མ་རྫོགས་པ་དང། ཇི་ལྟར་འདོད་པའི་དོན་ཡོངས་སུ་མ་རྫོགས་པའོ། །དེ་ལ་ཏིང་ངེ་འཛིན ་ནི་བརྟགས་པར་བྱ་བའི་དངོས་པོ་སྟེ། རྟོག་གེའི་ཡུལ་མ་ཡིན་པར་ཀུན་ཏུ་བསྟན་པའི་ཕྱིར་རོ། །དོན་གྱི་སྐབས་འདིར་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོངས་མ་ཡིན་པར་རིག་པར ་བྱའོ། །འདིས་ནི་དོན་དེ་དག་གི་ཡུལ་ཡང་ཡིན་པར་ཡོངས་སུ་བསྟན་པར་འགྱུར་རོ། །དེ་ལ་རྟོག་པ་པོ་རྣམ་པར་དག་པ་ནི་བྱང་ཆུབ་བརྙེས་པར་བསྟན་ཏེ། བྱང་ཆུབ་བརྙེས་པ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཡེ་ཤེས་ཐུགས་སུ་ཆུད་པར ་བྱེ་བྲག་ཏུ་གྱུར་ཏོ། །ཡེ་ཤེས་ཐུགས་སུ་ཆུད་པ་དེ་ཡང་རྣམ་པ་བཅུ་བདུན་གྱིས་རིག་པར་བྱ་སྟེ། དམ་བཅས་པ་ཉམས་སུ་ལོན་པ་དང། ཁུར་བླངས་པ་བོར་བ་སྟེ་ཁུར་གྱི་དོན་ནི་སྔ་མ་བཞིན་ནོ། །ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་སྤངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན ་ཏུ་སྤངས་པ་དང། ཆོས་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་པ་དང། ལྟ་བ་ཐམས་ཅད་ཀྱི་ཟུག་རྔུ་སྟོན་པ་དང། སྨོན་ལམ་དང་བྲལ་བ་དང། འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་བསྒྲུབས་པ་དང། ཆོས་ཀྱི་འཁོར་ལོ ་རབ་ཏུ་བསྐོར་བ་དང། བདག་མེད་པའི་སྒྲ་བསྒྲགས་པ་དང། ཕྱིར་རྒོལ་པ་ཤིན་ཏུ་ཚར་བཅད་པ་དང། རྐྱེན་ཀུན་ཏུ་སྦྱོར་བ་མི་འབྱུང་བ་དང། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པར་བཤད་པ་དང། ཕྱིན་ཅི་ལོག་ལ་མངོན་པར་ཞེན ་པ་སྤངས་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་མཐུན་པ་དང། མུ་སྟེགས་ཅན་ཞིང་ངན་པ་རྣམ་པར་བཟློག་པ་དང། བསོད་ནམས་ཀྱི་ཞིང་དཀོན་མཆོག་གསུམ་ཀུན་ཏུ་བསྟན་པས་སོ། །དེ་ལ་བརྟག་པར་བྱ་བའི?་དངོས་པོ་ནི་གང་གིས་གང ་ཞིག་ཇི་ལྟར་ཁོང་དུ་ཆུད་པའོ། །དེ་དག་ནི་ཀུན་ཏུ་བརྟགས་པ་ཡིན་པས་དུས་གསུམ་དུ་ཡང་རང་བཞིན་མེད་པར་རིག་པར་བྱའོ། །དེ་ལ་ལུས་དང་སེམས་ཀྱིས་ཁོང་དུ་ཆུད་པར་མི་རིགས་པའི་ཚུལ་དུ་བཞག་པས་བྱིས་པས་རྫས?་སུ་ཡོད་པར་བརྟགས ་བ་གཞན་ཡང་མི་སྲིད་པར་བསྟན་ཏོ། །དེ་ལ་ལུས་ཀྱིས་མི་རིག་པའི་ཚུལ་ནི་རྣམ་པར་བརྒྱད་ཀྱིས་རིག་པར་བྱ་སྟེ། སྤྱོད་པ་མེད་པ་དང། ཀུན་ཏུ་བརྟགས་པ་ལས་བྱུང་བ་དང། འདུ་ཤེས་མེད་པ་དང། རྐྱེན་རྣམས་ཚོགས་པ་ལས་བྱུང་བ་དང། མི་གཙང་བ་དང། ཐེར་ཟུག་མ་ཡིན ་པ་དང། རང་བཞིན་གྱིས་བསྒྲིམས་ཏེ། ཡོངས་སུ་བསྐྱང་དགོས་པ་དང། འཇིག་པའི་ངང་ཚུལ་ཅན་གྱིས་སོ། །སེམས་ཀྱིས་ཁོང་དུ་ཆུད་པར་མི་རིགས་པའི་ཚུལ་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། ལོག་པར་སྣང་བས་བྱིས་པའི་སྐྱེ་བོ་རྨོངས་པར་བྱེད་པ་དང་དགེ་བ་དང་མི་དགེ ་བའི་རྐྱེན་ལས་བྱུང་བ་དང། མི་གནས་པ་དང། ཀུན་བརྟགས་པའི་མཚན་ཉིད་མི་དམིགས་པ་དང། རང་བཞིན་གྱིས་སྟོང་པ་དང། རིང་དུ་སོང་བས་སོ། །དེ་ལ་ཁོང་དུ་ཆུད་བར་བྱ་བའི་དོན་ན?་མིང་དང་ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག ་པར་བྱའོ། །ཐ་སྙད་ཙམ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཉིས་ཀྱིས་རིག་པར་བྱ་སྟེ། དངོས་པོ་མེད་པ་དང། རྟོག་གེའི་ཡུལ་ལས་ཤིན་ཏུ་འདས་པ་དང། ཆོས་རང་བཞིན་གྱིས་སྟོང་པ་དང། མཚན་མ་མེད་པ་དང། བྱིས་པའི་ཡུལ་ལས་ཤིན་ཏུ་འདས་པ་དང། རྣམ་པར་ཤེS ་པའི་ཡུལ་ལས་ཤིན་ཏུ་འདས་པ་དང། གནས་མེད་པ་དང། མ་སྐྱེས་མ་འགགས་པ་དང། ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་དང། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པའི་ལས་མི་དམིགས་པ་དང། ལྟ་བ་པོ་དང་བྲལ་བ་དང་རྣ་བའི་རྣམ་པར་ཤེས ་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང། ཡིད་ཀྱིས་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང། རྟེན་མེད་པ་དང་ནམ་མཁའ་ལྟ་བུ་དང། འདུས་མ་བྱས་པ་དང། སྐབས་མེད་པ་དང། ཉི་ཚེའི་ཤེས་པ་ལས་ཤིན་ཏུ་འདས་པ་དང། ཚད་མེད ་པ་དང། གཞན་དག་ལ་བསྟན་དུ་མེད་པ་དང། སོ་སོ་རང་གིས་རིག་པ་དང། སྣང་བ་མེད་པ་དང། བརྗོད་དུ་མེད་པས་སོ། །ད་ནི་ཇི་ལྟར་ཁོང་དུ་ཆུད་པ་དེ་ཡང་མིང་དང། བཏགས་པ་དང། བརྡ་དང། ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ ་མིང་དང། བརྡ་དང། བརྟགས་པ་དང། ཐ་སྙད་ཙམ་དེ་ཡང་རྣམ་པ་དྲུག་གིས་ཡོངས་སུ་བསྟན་ཏེ། ཡང་དག་པར་མ་ཡིན་པ་ཀུན་བརྟགས་པ་དང། གསོག་དང། བདག་མི་དམིགས་པ་དང། འཇིག་རྟེན་པའི་ཤེས་རབ་ལས་ཤིན ་ཏུ་འདས་པ་དང། ཡི་གེའི་ལམ་ལས་ཡང་དག་པར་འདས་པ་དང། ངར་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་བས་སོ། །དེ་ལྟར་ན་ཁོང་དུ་ཆུད་པ་པོ་གང་ཡིན་པ་དང། ཁོང་དུ་ཆུད་པར་བྱ་བ་གང་ཡིན་པ་དང། རྣམ་པ་གང་གིས་ཁོང་དུ་ཆུད་བ་དེ་དག ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང། །ཡོངས་སུ་ཤེས། མངོན་སུམ་དུ་བྱས་པ་འདི་ནི་མངོན་པར་རྫོགས་པར་བྱང་ཆུབ་ཅེས་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཡང་འགྱུར་བ་མེད་པ་དང། མི་འགྱུར་བ ་གཉིས་ཀྱིས་རབ་ཏུ་དང། རབ་ཏུ་ཞི་བར་ཡོངས་སུ་བསྟན་ཏོ། །མཚན་ཉིད་མེད་པའི་དོན་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་གྱིས་བྱ་བ་ནི་ཡོངས་སུ་རྫོགས་ལ། བསྟན་པའི་བྱ་བ་ནི་ཉེ་བར་གནས་པའི་ཕྱིར་བཞེངས་པར་རིག་པར་བྱའོ། །དེ་ལ་བསྟན་པ་ནི་རྣམ་པ་གཉིས་སྟེ། ་ཏིང་ངེ་འཛིན་མྱོང་བའི་དོན་འཕགས་པ་འཇམ་དཔལ་ལས་བརྩམས་ཏེ་བསྟན་པ་དང། དེས་ཞུས་པ་གཏན་ལ་ཕབ་པར་བསྟན་པའོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་ལ་བཀའ་སྩལ་ཞེ་ན། བསྟན་པ་འདིའི་ཆེད་དུ་ད་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཅིའི ་ཕྱིར་དེ་བྱིན་གྱིས་བརླབས་ཏེ་འདི་བཤད་ཅེ་ན། བཤད་པ་འདི་ཟབ་པའི་ཕྱིར་ཤེས་རབ་ཟབ་པ་ཉིད་ཀྱི་དབང་དུ་བྱས་སོ། །ཅིའི་ཕྱིར་འཕགས་པ་འཇམ་དཔལ་གྱིས་ཞུས་ཤེ་ན། དེ་ཉིད་ལ་བཀའ་སྩལ་པས་དེ་ཉིད་ཀྱིས་ཞུས་པར་རིགས་པའི་ཕྱིར་རོ། །ཞུས ་པ་དེ་ཡང་འཇུག་པ་རྣམ་པར་དག་པར་རིག་པར་བྱའོ། །འཇུག་པ་རྣམ་པར་དག་པ་དེ་ཡང་རྣམ་པ་དགུས་རིག་པར་བྱ་སྟེ། སྤྲོས་པ་པོར་ས་དང། ཆོས་སུ་འཛིན་པ་བོར་བ་དང། བླ་གང་མེད་པའི་དོན་ནི་སྔ་མ་བཞིན་དང་ཞི་བ་དང། རྟག་པ་དང་མི་རྟག་པ་འཛིན ་པ་བོར་བ་དང། ལམ་ལ་སྐུར་པ་བདེ་བསབ?་བོར་བ?་དང། སྐུར་པ་དང། སྒྲོ་བཏགས་པ་རྣམ་པར་སྤངས་པ་དང། ཆོས་ཐམས་ཅད་ལ་ཚིལ་གཅིག་ཏུ་འཇུག་པ་དང། ཤེས?་རབ?་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང། ཁམས་གསུམ་པ་ལས་ཡང་དག་པར་འདེས་པ་ལ་སོཌ ་པ་ཚིག་བཞིའི་དོན་རྣམ་པར་དབྱེ་བ་ནི་སྡེ་མ་བཞིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་མཐུ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཇི?་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པ་དང། སློབ?་པ་ཐོགས་པ་མེད་པའོ། །ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས ་པ་དེ་ཡང་གོང་ནས་གོང་དུ་རྣམ་པ་བཅུ་བཞིས་མངོན་པར་བསྒྲུབ་པར་རིག་པར་བྱ་སྟེ། བཅུབཞི་གང་ཞེ་ན། གདམS་ངག་མི་བརྗེད་པ་དང། ལགས་པར་གཟུང་བའི་གདམས་ནག་འདུས་བྱས་ལ་ཉེ་བར་རྟོགས་པ་དང། དེ་ལ་ཡངཉེས་པར་ལྟ་བ་དང། ཉེས་པ་དེ་དག ་དང་མི་བརྟེན་པ་དང། དགེ་བའི་ལས་ཡང་དག་པར་འཛིན་པ་དང། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པ་དང། ཚུལ་ཁྲིམས་ཡོངས་སུ་དག་པ་དང། སེམས་ཅན་གྱི་དོན་དང་མཐུན་པ་དང། ཚོགས་ཡོངས་སུ་རྫོགས་པ་དང། ཡོངས་སུ་མི་སྐྱོ་བ་དང། ལས་ཀྱི་འབྲས་བུ ་རྣམ་པར་དག་པ་དང། སྦྱོར་བ་རྣམ་པར་དག་པ་དང། སེམས་ཅན་གྱི་དོན་རྣམ་པར་དག་པ་དང། གཞན་གྱིས་མི་བཀྲི་བ་རྣམ་པར་དག་པས་སོ། །སྤོབས་པ་ཐོགས་པ་མེད་པ་ནི་ས་བཅུས་བསྡུས་པའི་སེམས་བསྐྱེད་པ་རྣམ་པ་བཞི་རབ་ཏུ་དབྱེ་བས་བསྟན་པར་རིག་པར ་བྱའོ། །རབ་ཏུ་དབྱེ་བ་བསྟན་པ་དེ་ཡང་བཞི་པ་རྣམ་པ་བཟུ་གཉིས་ཀྱིས་ཡོངས་སུ་བསྟན་ཏེ། རྣམ་པ་བཅུ་གཉིས་གང་ཞེ་ན། གོང་ནས་གོང་དུ་རྒྱུ་ཆུད་མི་ཟ་བ་དང། ཡང་རྒྱུའི་རིམ་གྱིས་འབྲས་བུ་ཡོངས་སུ་དག་པ་དང། ཡང་སྨོན་ལམ་ལ་བརྟེན་ཏེ་སངས་རྒྱས་ཀྱི་ཆོས་ཀྱི ་ཐམས་ཅད་འཛིན་པ་དང། ཚུལ་ཁྲིམས་དང་སྡོམ་པ་རྣམ་པར་དག་པ་དང། བསྒོམ་པའི་ལམ་ན་ཤེས་རབ་དང་ཐབས་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བ་དང། ཁུར་བླངས་པ་མི་འདོར་བ་དང། ཡང་གོང་ནས་གོང་དུ་མཐུ་རྣམ་པར་དག་པ་དང། ཡང་དབང་པོ ་རྣོ་པའི་ཕྱིར་བྱང་ཆུབ་གྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་དང། ཤེས་བར་ཀྱི་ཁྱད་པར་གྱིས་སྤྱོད་པ་མཛའ་ཡས་པ་ཡང་དག་པར་བསྒྲུབ་པ་དང། རྩོལ་བའི་ཡོངས་སུ་གཡོ་བ་ཐམས་ཅད་ལས་ཤིན་ཏུ་འདས ་པ་དང། རྒྱལ་ཚབ་ཏུ་རབ་ཏུ་གནས་པ་དང། ཡང་བཞི་ལ་ལྷག་བར་དམིགས་པ་དང། བློས་རབ་ཏུ་རྣམ་པར་འབྱེད་པ་དང། ཐབས་མཁས་པས་ཆོས་ཐམས་ཅད་འཇལ་བ་དང། ཡེ་ཤེས་ཁོང་དུ་ཆུད་པ་དང། ཡང་རང་བཞིན་གྱིས་རུས་ཕུན་སུཾ ་ཚོགས་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐོས་པ་འཛིན་པ་དང། སྤྲོས་པ་ལས་དབེན་པ་དང། ལྷུན་གྱིས་གྲུབ་པར་སེམས་ཅན་གྱིས་དོན་བྱེད་པ་དང། ཡང་མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པ་ཡོངས་སུ་སྨིན་པས་ས་དང་པོ ་ལ་ལྷག་པར་དམིགས་པ་དང། ཡེ་ཤེས་ཡོངས་སུ་སྨིན་པས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ལ་ལྷག་པར་དམིགས་པ་དང། བསྒོམ་པ་ཡོངས་སུ་སྨིན་པས་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ལ་ལྷག་པར་དམིགས་པ་དང། འབྲས་བུ་ཡོངས་སུ་སྨིན་པས ་ཇི་ལྟར་འདོད་པ་གཞིན་དུ་མངོན་པར་རྫོགས་པར་རྟོགས་པ་དང། ཡང་མ་ནོར་བར་དགེ་བ་བསྒོམ་པའི་གནས་དང། མ་ནོར་བའི་ཆོས་ལ་ངེས་པར་རྟོག་པའི་སྐྱེ་གནས་དང། མ་ནོར་བར་བསྒོས་པའི་གནས་དང། རང་གི་སེམས་ལ་དབང་བསྐྱུར་བ་དང། ཡང ་དགེ་བའི་རྩ་བ་མཛའ་ཡས་པ་འཛིན་པ་དང། ཆོས་མཛའ་ཡས་པ་ལ་ངེས་པར་རྟོག་པ་དང། ཏིང་ངེ་འཛིན་གྱི་སྒོ་མཛའ་ཡས་པའི་རྗེས་སུ་འཇུག་པ་དང། རྣམ་པར་རོལ་པ་མཛའ་ཡས་པ་མྱོང་པ་དང། ཡང་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་གནས་དང། ཉོན ་མོངས་པའི་ནད་དང་མཐུན་པའི་སྨན་རབ་ཏུ་ཤེས་པ་དང། ཤེས་ནས་ཀྱང་ཐབས་ལ་གནས་ཏེ་ཇི་ལྟར་མཐུན་པའི་སྦྱོར་བ་དང། ཉོན་མོངས་པའི་ནད་ལས་གསོ་བ་དང། ཡང་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་བ་དང། དེ་ཡང ་བསླབས་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དང། བསྒོམ་པ་ཁྱད་པར་དུ་འཕགས་པ་དང། བསྒོམ་པའི་འབྲས་བུ་ཁྱད་པར་དུ་འཕཌ་པའོ། །ཆོས་ཀྱི་མངའ་བདག་མངོན་སུམ་དུ་བཞུགས་བཞིན་དུ་འཕགས་པ་འཇམ་དཔལ་ལ་ཡོངས་སུ་དྲིས་པ་གང ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་བརྗོད་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཁོང་ཁྲོ་བའི་སེམས་འབྱུང་བ་རྣམས་དང་བ་བསྐྱེད་པའི་ཕྱིར་རོ། །དེ་ལ་རྒྱུས་བསྡུས་པའི་སྤྱོད་པའི་རྣམ་པར་དབྱེ་བ་ནི་རྒྱུ་རྣམ་པར་དག་པ་ཁྱད ་པར་དུ་འཕགས་པས་ཡོངས་སུ་བསྟན་ཏོ། །རྒྱུ་རྣམ་པར་དག་པས་ཁྱད་པར་དུ་འཕགས་བ་དེ་ཡང་བསྟན་པ་རྣམ་པ་བཞེས་ཡོངས་སུ་བརྗོད་དེ། ཚོགས་དང་རྣམ་པར་དག་པའི་ལམ་བསྟན་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང། ཡང་དག་པའི་མཛའ་ ་དེ་ཁོང་དུ་ཆུད་པར་བྱ་པའི་ཐབས་བསྟན་པ་དང། རྗེས་སུ་མཐུན་པའི་སྒྲུབ་པ་བསྟན་པའོ། །དེ་ལ་ཚོགས་ཀྱི་ལམ་བསྟན་པ་ནི་རྣམ་པ་བརྒྱ་དཀྱིས་རིག་པར་བྱ་སྟེ། སེམས་ཅན་རྣམ་པ་ཐ་དད་པ་ཡོངས་སུ་སྨིན་པར་བྱེད་པ་དང། དེ་དག་གིས་ཉེས་པར་སྤྱོད་པ་སྣ་ཚོགས་ཀྱིས ་ཇི་མི་སྙམ་པ་དང། དཀར་བོའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་དང། མཚན་ཉིད་མི་འདྲ་བ་དང། སྨོན་ལམ་རྣམ་པ་སྣ་ཚོགས་དང། འདུལ་བའི་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངས་སུ ་ཤེས་པ་དང། ཚོགས་རྣམ་པ་སྣ་ཚོགས་ཉེ་བར་སྒྲུབ་པས་སོ། །རྣམ་པར་དག་པའི་ལམ་བསྟན་པ་ཡང་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། དགེ་བ་དང་མི་དགེ་བའི་ཆོས་ལ་སྤྱོད་པ་དང། རྐྱེན་གྱིས་མི་ལྟ་བར་ཆོས་ཐམས་ཅད་མངོན་དུ་གཏོང་བ་དང། ཆགས ་པ་ཐམས་ཅད་ལས་གྲོལ་བ་དང། ཉིད་མཚམས་སྦྱོར་བ་གཅོད་པ་དང། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང། ཚུལ་གཅིག་ཏུ་ཡང་དག་བར་གཞོལ་བ་དང། བྱིས་པས་ཀུན་ཏུ་བརྟགས་པ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་དང། ་ཞི་བའི་དབྱིངས་སུ་མངོན་སུམ་དུ་བྱེད་པས་སོ། །དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། དགེ་བའི་རྩ་བ་ཆོགས་སྣ་ཚོགས་སྒྲུབ་པ་དང། ཡོངས་སུ་གཅོད་པ་སྟེ་དེའི་དོན་ནི་སྔ་མ་བཞིན་ནོ།། ་ཡང་གཉིས་ཏེ། ཁམས་གསུམ་ན་སྤྱོད་པ་དང། ཁམས་གསུམ་ནས་བྱུང་བའོ། །ཡང་གཉིས་ཏེ། ཟང་ཟིང་དང་བཅས་པའི་འབྲས་བུ་མངོན་པར་འགྲུབ་པ་དང། ཟང་ཟིང་མེད་པའི་འབྲས་བུ་མངོན་པར་འགྲུབ་པའོ། །ཡང་གཉིས་ཏེ་རྣམ་པར་ཤེས་པའི་སྤྱོད ་ཡུལ་ཡིན་པས་མཛའ་དམིགས་པ་དང། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པས་མཛའ་མི་དམིགས་པའོ། །ཡང་གཉིས་ཏེ། འདུས་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པ་དང། འདུས་མ་བྱས་ཀྱི་དབྱིངས་ཡོངས་སུ་ཤེས་པའོ། །དེ་ལ་ཡང ་དག་པའི་མཛའ་ནི་རྣམ་པ་བཞིས་བསྟན་ཏེ། མི་རྟག་པ་ཉིད་ཀྱི་ཉེས་པ་ཡོངས་སུ་སྤངས་པ་དང། རང་གི་མཚན་ཉིད་ཀྱིས་གནས་པ་དང། རྟག་ཏུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་དང། དོར་བ་མེད་ཅིང་བཞག་པ་མེད་པས་ཏེ། དོར་པ་མེད་ཅིང་བདག ་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ། །དེ་ཁོང་དུ་ཆུད་པ་མེད་པར་བྱ་བའི་ཐབས་བསྟན་པ་ནི། དེ་མ་ཐག་ཏུ་གསུངས་པའི་ཚིག་གསུམ་དང། བཅུ་པ་ཕྲག་དྲུག་གིས་ཡོངས་སུ་སྟོན་ཏེ། གང་གིས་ཇི་ལྟར་གང་གི་དོན་དུ་གང་གནས་ཏེ་ཁོང་དུ་ཆུད་པར་བྱེད་པའོ།། ་དེ་ལ་ཡེ་ཤེས་འཁོར་དང་བཅས་བས་ནི་ཁོང་དུ་ཆུད་བར་བྱེད་དེ། དེ་ཡང་རྣམ་པ་སུམ་ཅུ་རྩ་གསུམ་གྱིས་བསྟན་པར་རིག་པར་བྱ་སྟེ། སེམས་རྣམ་པར་དག་པ་ལས་ལམ་རྣམ་པར་དག་པ་དང། ལམ་རྣམ་པར་དག་པས་སེམས་རྣམ་པར་དག་པ་དང ་ཡང་དག་པའི་མཛའ་ནི་ལམ་དང་ཡེ་ཤེས་ཀྱིས་དམིགས་པ་ཉིད་གཅིག་སུ་སྟེ། གནས་ཡིན་ཞིང་གཅིག་ལ་གཅིག་རྟེན་པ་དང། ཡང་དག་པའི་མཛའ་ཨི་ཡེ་ཤེས་ལ་གནས་ཏེ་གནས་འགྱུར་བ་དང། གནས་གྱུར་པས་ཡེ་ཤེས་ཤིན་ཏུ་རྣམ་པར་དག ་འགྱུར་བ་དང། ཕན་ཚུན་བྱ་བ་བྱས་པར་གནས་པ་དང། ཤེས་བྱའི་དངོས་པོ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། ཐོག་མ་མེད་པའི་འཁོར་དང་ལྡན་པའི་སེམས་ཅན་རྣམས་གྱི་ཐར་པའི་ས་བོན་དང་མཐུན་པ་ཡོངས་སུ་ཤེས་པ་དང། ལས་སྣ་ཚོཌ ་གྱི་རྣམ་པར་སྨིན་པ་དེ་དང་མཐུན་པ་ཡོངས་སུ་ཤེས་པ་དང། བདག་ལ་ཕན་པ་དང། གཞན་ལ་ཕན་པ་དང་མཐུན་པ་ཡོངས་སུ་ཤེས་པ་དང། དགེ་བའི་རྩ་བ་ཆུང་ངུས་ཡང་ཚང་མེད?་པར་བྱེད་པ་དང། དགེ་བ་དང་མི་དགེ་བ་ལ་རྣམ་པར་དཔྱོད་པ་དང། རྣམ་པ་སྣ ་ཚོགས་ཀྱིས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང། དགེ་བ་དང་མི་དགེ་བའི་ཆོས་འཛུང་པ་དང། འབྱིན་པ་དང། དུས་དང་དུས་མ་ཡིན་པ་ལ་ཡོངས་སུ་རྟོག་པ་དང། མཛའ་གཉིས་སྤངས་ནས་ནང་ལ་བརྟེན་པ་དང། ལུས་དང་ངག་དང། ཡིད ་ཀྱིས་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་དང། གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་པ་དང། བསྒོམ་པ་ལ་བརྟེན་ནས་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་བོར་བ་དང། འཁོར་མ་རུངས་པ་མ་ཡིན་པ་གདམས་པ་དང། མ་ནོར་བར ་ཐོས་པ་ཡོངས་སུ་བཙལ་བ་དང། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང། བསམ་པ་དང་བགལ་ཉལ་ཤེས་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པ་དང། དེ་ཁོ་ན་ཁོང་དུ་ཆུད་པར་བྱ་བ་དང། སེམས་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར ་སྤོད་བ་དང། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། །ཆོས་རྣམས་གྱི་འབྱུང་བ་དང་འཇིག་པ་ལ་ཡོངས་སུ་རྟོག་པ་དང། ཆོས་ཐམས་ཅད་ལ་མཁས་པ་དང། མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ་དང། མི་འཇིག ་པ་བཞི་ཐོབ་པ་དང། ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པ་དང། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པ་དང། དོན་དམ་པའི་ཚུལ་ལ་འཇུག་བས་མངོན་པས་མངོན་པར་ཞེན་པའི་དོན་ནི་སྔ་མ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའི་དོན ་དེ་ཡང་རྣམ་པ་བཅུས་ཡོངས་སུ་བསྟན་པར་རིག་པར་བྱ་སྟེ། འཕགས་པ་དང་འཕགས་པ་མ་ཡིན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ལུས་ལ་རྟོག་པ་དང། ཡང་དག་བ་དང་ཡང་དག་པར་མ་ཡིན་པའི་དོན་ལ་རྟོག་པ་དང། ཀུན ་ནས་ཉོན་མོངས་པ་དང་རྣམ་པར་བྱང་ཆུབ་དུ་དད་འབྲིང་དང་ཆེན་པོ་ལ་རྟོགས་པ་དང། དགེ་བ་དང་མི་དགེ་བའི་སྲེད་པ་ལ་རྟོག་པ་དང། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་ལྟ་བ་ལ་རྟོག་པ་དང། སྒོ་སྣ་ཚོགས་ནས་བསགས་པའི་དགེ་བའི་རྩ་བ་ལ་རྟོག་པ་དང། ་སེམས་ཅན་གྱི་ཁམས་མཛའ་ཡས་པ་ལ་རྟོག་པ་དང། མངོན་པར་ཞེན་པ་མེད་པའི་དོན་ནི་སྔ་མ་བཞིན་དང། དོན་དང་དོན་མ་ཡིན་པ་དང་ལྡན་པ་ལ་རྟོག་པ་དང། མོས་པ་ཐ་དད་པའི་སེམས་ཅན་ལ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་སྟོན་པ་ལ་རྟོག་པས་སོ། གང་གི ་དོན་དུ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་རྣམ་པ་བཅུས་བསྟན་ཏེ། སྦྱིན་པ་རྣམ་པར་དག་པ་དང། ཚུལ་ཁྲིམས་རྣམ་པར་དག་པ་དང། བཟོད་པ་རྣམ་པར་དག་པ་དང། བརྩོན་འགྲུས་རྣམ་པར་དག་པ་དང། བསམ་གཏན་རྣམ་པར་དག་པ་དང། ཤེས་རབ་རྣམ་པར ་དག་པ་དང། ཐབས་རྣམ་པར་དག་པ་དང། སྨོན་ལམ་རྣམ་པར་དག་པ་དང། སྟོབས་རྣམ་པར་དག་པ་དང། ཡེ་ཤེས་རྣམ་པར་དག་པས་སོ། །གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་རྣམ་པ་བཅུས་བསྟན་པར་རིག་པར་བྱ་སྟེ། སྡོམ་པ་རྣམ་པ་གསུམ་རྣམ་པར ་དག་པ་དང། བདག་ཏུ་འཛིན་པ་རྣམ་པར་སྤངས་པ་དང། སྨད་པ་དང་མ་སྨད་པ་ཡོངས་སུ་སྤངས་པ་དང། དངོས་པོ་ཡོད་པ་དང་དངོས་པོ་མེད་པར་མངོན་པར་ཞེན་པ་མེད་པ་དང། མི་དམིགས་པའི་ཚུལ་གྱིས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཨི་ས་ལ་སོ་སོར་རྟོག་པ་དང། འཛིན་པ་ཐམས་ཅད་དང་བྲལ་བ་དང། ཀུན་རྫོབ་དང་དོན་དམ་པ་ལ་མཁས་པས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་དང། སེམས་ཅན་གདུལ་བའི་ཕྱིར་སྐྱེ་བ་ཐམས་ཅད་ལ་མི་སྐྱོ་བས་སོ། །རྗེས་སུ་མཐུན་པའི་ཆོས་སྒྲུབ ་པ་ནི་མི་བསླུ་བས་ཡོངས་སུ་བསྟན་ཏོ། །ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་མངོན་སུམ་དུ་བྱེད་པ་དང། དེ་དག་ལ་འདོད་པ་མེད་པའོ། །ཡང་བདག་ཉིད་ལམ་བཟང་པོར་ཞུགས་བ་དང་གཞན་དག་ལ་ཡང་ལམ་དེ་སྟོན་པས་སོ། །མོས་པས་སྤྱོད་པའི ་ས་ལ་རྣམ་པར་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་དང། བསྒོམ་པའི་ལམ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་ཀྱིས་སོ། །ཡང་ཤེས་རབ་དང་ཐབས་ལ་མཁས་པ་དང། མཚན་ཉིད་གཅིག་གི་རྗེས་སུ་འཇུག་པས་སོ།། ་ཡང་གཉིས་ལ་ཀུན་ཏུ་སྤྱོད་པ་ཡོངས་སུ་སྤོང་བ་དང། དགེ་བའི་ཆོས་བསྒོམ་པའི་བརྩོན་འགྲུས་བརྩམས་པའོ། །ཆོས་ཐམས་ཅད་ལེགས་པར་བསླབས་པ་དང། དེ་བཞིན་ཉིད་ཁོང་དུ་ཆུད་པའི་བསྒོམ་པ་ལ་མཁས་པས་སོ། །རྒྱུ་རྣམ་པར་དག་པ་ཁྱད་པར་དུ ་འཕགས་པ་རྣམ་པ་འདི་བཞིས་འབྲས་བུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དུས་གསུམ་སྐད་ཅིག་གཅིག་དང་ལྡན་པའོ། །མ་ནོར་བར་བཤད་དེ་སྟོན་པའི་ཐུགས་མཉེས་པས་ལེགས ་པར་བཤད་དོ། །ཞེས་བྱ་བའི་དོན་དུ་རིག་པར་བྱའོ། །སྟོན་པ་པོ་རྣམ་པར་དག་པ་དང། བསྟན་པའི་འབྲས་བུ་རྣམ་པར་དག་པས་མངོན་པར་བསྟོད་པའི་དོན་རིག་པར་བྱའོ། །འཕགས་པ་ག་ཡ་མགོའི་རི་ཞེས་བྱ་བའི་མདོའི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན ་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང། ཞུས་ཆེན་གྱི་ལོ་ཙ་བ་བནདེ་ཡེ་ཤེས་སྡེས་སྒྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །།འཕགས་པ་གཡ་མགོའི་རི་མདོ་དང་སྤེལ ་