CLOSE WINDOW

N4275: 'phags pa sA lu ljang pa zhes bya ba theg pa chen po'i mdo'i rgya cher bshad pa
Wyliee-texts based on the ACIP/ALL Input

ལ་ཀླུ་སྒྲུབ་ཀྱིས་མཛིན?་བ་རྫོགས་སོ།། །། *། །འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བའི་མདོ་རྒྱ་ཆེར་བཤད་བ་བཞུགས། །རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལ་སྟམྦ་ཀ་མཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ། བོད་སྐད་དུ། འཕགས་པ་ས་ལུ་ལྗང་པ་ཞེས་བྱ་བ ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། དེ་ལ་ཡོན་ཏན་མཛའ་ཡས་བསམ་མི་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་མཛའ་ཡས་ཞེས་བྱ་བ་ནི་ཡོན་ཏན་ནི ་སྟོབས་དང་མི་འཇིགས་པ་དང། མ་འདྲེས་པ་ལ་སོགས་ཏེ། ཡོན་ཏན་དོན་དུ་གཉེར་བའི་ལྷ་དང་མི་རྣམས་ཀྱིས་འདྲིས་པར་བྱ་བ་དང། བསྟེན་པར་བྱ་བ་དང། གོམས་པར་བྱ་བ་དང། བསྒོམ་པར་བྱ་བ་དང། མངོན་དུ་བྱས་པ་དང། ཐོབ་པར་བྱ་བའི་ཕྱིར་ཡོན ་ཏེན་རྣམས་སོ། །དེ་རྣམས་ནི་ཡོན་ཏན་མང་པོ་ཡིན། མཛའ་ཡས་པ་དང། བསམ་གྱིས་མི་ཁྱབ་པ་ཡིན་པས་ཞེས་ཚིག་བསྡུ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་ནི་ཉན་ཐོས་དང། རང་སངས་རྒྱས་དང། སོ་སོའི་སྐྱེ་བོ་ཐམས་ཅད་དང། རྟོག་གེ་པ་ཐམས་ཅད་ཀྱི ་ཚིག་དང་སེམས་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེའི་ཕྱིར་ཡོན་ཏན་མཛའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་དེ་རྣམས་དང་ལྡན་པའོ། །གང་ཞིག་ཅེ་ན་སྨྲས་པ། རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག་།ཅེས་བྱ་བ་སྨོས་ཏེ། ཡང་དག་པར་ཕྱིན་ཅི་མ ་ལོག་པར་སངས་རྒྱས་པས་རྫོགས་པའི་སངས་རྒྱས་ཏེ། ཆོས་ཐམས་ཅད་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་ལ་སོགས་པར་ཆོས་དང་གང་ཟག་གི་བདག་མེད་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ། །ཡང་ན ་པདྨ་ཁ་ཕྱེ་བ་བཞིན་དུ་བློ་རྒྱས་པས་སངས་རྒྱས་པའི་ཕྱིར་ན་སངས་རྒྱས་ཏེ། འགྲོ་བ་ཡེ་ཤེས་པའི་གཉིད་ཀྱིས་རབ་ཏུ་ལོག་བའི་ནང་ན་སྐྱེས་བུ་གཉིད་སངས་པ་བཞིན་དུ་ཇི་ལྟ་བ་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ཡེ་ཤེས་ཤར་བ་བརྙས་པའི་ཕྱིར་སངས་རྒྱས་ཞེས་བྱའོ། ་ཡང་ན་སྐྱེ་བོ་མི་མཁས་པ་རྟོགས་པར་མཛད་པའི་སངས་རྒྱས་ཏེ། ཇི་ལྟར་བདག་ཉིད་གཞན་ལ་རག་མ་ལས་པར་སོ་སོ་རང་གིས་རིག་པའི་ཆོས་ཀྱི་དེ་ཁོ་ན་རྟོགས་པ་དེ་བཞིན་དུ་ལོག་པའི་ལམ་དུ་འཁྱམས་པའི་སེམས་དང་ལྡན་པ་འཁོར་བ་འབྲོག་དཀོན་པར་སྐྱེ་བ་དང། རྒ ་བ་དང། ན་བ་དང། འཆི་བ་ལ་སོགས་པར་གཙེས་པ། ལྟ་བ་རྣམ་པ་སྣ་ཚོགས་ཀྱི་ནགས་ཚད་ཆིང་དུ་ཉོན་མོངས་པའི་སྤྲུལ་གདུག་པའི་འཇིགས་པས་གང་བར་ཕན་ཚུན་ཡོངས་སུ་འཁྱམ་པ་གཞན་དག་ཀྱང་ཡང་དག་བའི་ལམ་དུ་བཙུད་ཐར་པའི་གྲོང་ཁྱེར་ཆེན་པོ་བླ་ན་མེད་བར ་འཇུག་པར་མཛད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཐུགས་རྗེའི་བདག་ཞེས་བྱ་བ་ནི་ཐུགས་རྗེའི་རང་བཞིན་ཏེ། ཉོན་མོངས་པ་དང། ལས་དང། སྡུག་བསྔལ་སེལ་བའི་ཕྱིར་ཐུགས་རྗེའོ། །གང་ལ་ཐུགས་རྗེ་བདག་ཉིད་དོ། །ངོ་བོ་ཉིད་ཡང་པ་དེ་ནི་ཐུགས་རྗེའི་བདག་ཉིད་དོ། །དེ་ནི་རྫོགས ་པའི་སངས་རྒྱས་ཡིན་ལ། ཐུགས་རྗེའི་བདག་ཉིད་ཀྱང་ཡིན་པས་རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག་ཉིད་དོ། །དེ་བས་ན་སངས་རྒྱས་ཐུགས་རྗེའི་བདག་ཉིད་དེ་ལའོ། །རབ་བཏུད་སཱ་ལུ་ལྗང་པ་ཡི། །ཞེས་བྱ་བ་སྨོས་ཏེ། རབ་བཏུད་ཅེས་བྱ་བ་ནི་ཡང་དག་པར་མཆོད་ནས་ཏེ། ་འདུད་པ་དང། གུས་པ་དང། གཞོལ་བས་ཕྱག་འཚལ་ཏེའོ། །ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སཱ་ལུ་ལྗང་པའི་ཞེས་མདོའི་བཤད་སྦྱར་བསྟན་བཅོས། ཚིག་ལེའུར་བྱས་པ་བཤད་པར་བྱ་ཞེས་བྱ་བ་སྨོས་སོ། །དེ་ལ་ཡོན་ཏན་མཛའ་ཡས་བསམ་མི་ཁྱབ། །ཅེས་བྱ་བ་འདིས་ནི་རང ་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་འདིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་དོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ནི་རྟོགས་པའི་དོན་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དོ། །ཡོན་ཏན་མཛའ་ཡས་བསམ་མི ་ཁྱབ་ཅེས་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་དོ། །ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཡོན་ཏན་མ་ཡིན་པ་རྣམ་ནི། ཡོན་ཏན་དང་མི་མཐུན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ། འདོད་ཆགས་དང་བྲལ་བ། རྫོགས་པའི་སངས་རྒྱས ་དེ་ལྟ་བུ་ལ་བཏུད་དེའོ། །ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་ནི། གང་ཞིག་ཐམས་ཅད་མཁྱེན་ཅིང་འདོད་ཆགས་དང་བྲལ་བ་དེའི་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བས་གཞན་དག་ལ་ཇི་ལྟར་རྟོགས་པའི་ཆོས་བསྟོན་ཏེ། འདིས་ནི་གཞན་ལ་ཕན་པར་མཛད་པའི་ཕྱིར ་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་རྫོགས་པའི་སངས་རྒྱས་དེ་ལ་བཏུ་དའོ། །དེ་ལྟ་ན་ཡང་འདོད་པ་དང་བཅས་པའི་ཚིག་ཡིན་པའི་ཕྱིར་འདོད་པ་དང་བཅས ་པས་ཅི་ཞིག་འདོད་ཅེས་དྲིས་པ་དང། སྨྲས་པ་བཤད་པར་བྱའོ། །གང་ཞིག་བཤད་སྨྲས་པ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པའོ། །བསྟན་བཅོས་བརྩམས་པ་ལ་ཐོག་མར། འབྲེལ་པ་དང། དགོས་པ་དང་རྗོད་པ་དང། བརྗོད་པར་བྱ་བ་བཞི ་ངེས་པར་བརྗོད་པར་བྱ་བ་མ་ཡིན་ནམ། དེ་འདི་ལ་མེད་པས་འདིའི་རྩོན་པ་ནི་མི་རིགས་པ་ཡིན་ཏེ། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྨྱོན་པའི་ཚིག་བཞིན་ཞེའོ། །བརྩམ་པར་མི་བྱའོ་ཞེས་བྱ་བ་ནི་ཆོས། །བསྟན་བཅོས་ཞེས་བྱ་བ་ཆོས་ཅན་ནོ། །ཆོས་དང་ཆོས ་ཅན་སྤྱི་ནི་ཕྱོགས་སོ། །འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གོ་བར་བྱེད་པས་ན་གཏན་ཚིགས་ཏེ། གཏན་ཚིགས་ཀྱི་དོན་ནི་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་བརྩམ་པར་མི་བྱའོ།། ་སྨོན་པའི་གཞི་ནོ་ཞེས་བྱ་བ་ནི་དཔེའོ། །དེ་སྐད་དུ་བརྒལ་བ་ལ་སྨྲས་པ། འབྲེལ?་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཞེས་གང་སྨྲས་བའི་གཏན་ཚིགས་དེ་ལ་གྲུབ་པར་བརྗོད་པའི་ཕྱིར་བཤད་པ་འདི་ལ་འབྲེལ་པ་ལ་སོགས་པ་བཞི་ཡོད་པ་ཉིད་དེ། །དེ་ཡང་གང་ཞེ་ན། སྨྲས་པ། ་སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པ་བཤད་པར་བྱ་བ་ཡིན་པས་འདི་ལ་འབྲེལ་པ་ཡོད་པ་ཉིད་དེ། སཱ་ལུ་ལྗང་པའི་མདོ་ཞེས་བྱ་བ་ནི་མུ་སྟེགས་བྱེད་ལ་སོགས་པ་གཞན་གྱི་གཞུང་ལུགས་ཀྱི་ཁྱད་པར་དག་ལ་མི་དམིགས་པའི་ཕྱིར་བསྟན ་བཅས་འདི་ནི་སངས་རྒྱས་དང་འབྲེལ་པའོ། །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འབྲེལ་པ་ཡོད་དང་དགོས་པ་ཡང་མེད་ན་མེད་པ་ཡིན་ནོ། །དེའི་ཕྱིར་བཤད་པ། འདི?་ནི་དགོས་པ་ནི་རྒྱུ་དང་རྐྱེན་གྱི་དོན་ཁོང་དུ་ཆུད་པའི་ཕྱིར་དང། གང་ཟག་ལ་བདག་མེད ་པ་དང། ཆོས་ལ་བདག་མེད་པ་དང། གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་ཕྱིར་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་དང་བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་དུས?་ངད?་རྒྱས་འཐོབ་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ། །དེ་བས་ན་དགོས་པ ་དང་བཅས་པའི་ཕྱིར་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བརྩམས་པར་བྱ་བ་ཉིད་དོ། །གང་དང་གང་དོན་དང་བཅས་པ་དེ་དང་དེ་ནི་བརྩམ་པར་བྱ་བ་སྟེ། དཔེར་ན་གསོ་བ་ལ་སོགས་པའི་བསྟན་བཅོས་ལྟ་བུ་ཡིན་པས་དེའི་མ་གྲུབ་པར་བཤད་པར་འགྱུར་རོ། ་འདི་བརྗོད་པས་སཱ་ལུ་ལྗང་པའི་དཔེས་ནང་དང་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཚུངས་པ་ཉེ་བར་སྦྱར་བས་འདི་བརྗོད་བས་སཱ་ལུ་ལྗང་བ་ཞེས་བྱ་བ་ཉིད་དེ། །དེའི་ཕྱིར་ཡང་དོན་མ་གྲུབ་པ་ཉིད་དོ། །བརྗོད་པར་བྱ་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་པའི་ཡན་ལག ་བཅུ་གཉིས་རྐྱེན་དང་བཅས་པ་སོ་སོར་གོ་རིམ་བཞིན་མཚན་ཉིད་རྣམ་པར་འཇོག་པར་བྱེད་པས་བྱེད་པ་པོ་ལ་སོགས་པ་དང། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་བྲལ་ནས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངS་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སྐྱེས་ཏེ། བླ་ན་མེད ་པའི་ཆོས་སྐུ་ཐོབ་པས་འདི་བརྗོད་བར་བྱ་བ་ཡང་ཡོད་པ་?་དེ་འདིའི་ཕྱིར་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་བས་ན་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བསྟན་བཅོས་འདི་འབྲེལ་པ་ལ་སོགས་བ་དང་ཕྱིར་བརྩམ་པར་བྱ་བ་ཉི་དོ། །བརྩམ་པར་བྱ་བ ་ཉིད་ཞེས་བྱ་བ་ནི་ཆོས་སོ། །བསྟན་བཅོས་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཆོས་དང་ཆོས་ཅན་དེ་ནི་ཕྱོགས་སོ། །འདི་ན་ཆོས་ཡོད་བས་ཆོས་ཅན་ཏེ། །གདུགས་ཅན་བཞིན་ནོ། །གལ་ཏེ་ད་ལྟ་ན་བསྟན་བཅས་རྩོམ་པ་ལ་ཕྱག་འཚལ་བ་དོན་མེད་དེ། དགོས་པ་མེད་པའི་ཕྱིར་བྱ་རོག་གི ་སོ་བརྟག་པ་ལ་སོགས་པའི་བསྟན་བཅོས་བཞིན་ནོ་ཞེས་པའི་གཏན་ཚིགས་འདི་ནི་དོན་མ་གྲུབ་པ་ཉིད་བསྟན་པར་སྨྲས་པ། བསྟན་བཅོས་བརྩམས་པ་ལ་སྟོན་པ་ལ་མཆོད་པ་བྱས་སོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དང། དེ་ལ་གུས་པ་སྐྱེ་བའི་རྒྱུ་ཡིན་བའི ་ཕྱིར་ཏེ། ཆོས་ཉན་པ་གུས་པ་སྐྱེ་བ་རྣམས་ཉན་པ་དང། སེམས་པ་དང། བསྒོམ་པ་དག་ལ་གུས་པར་འགྱུར་གྱི། གུས་པ་མ་སྐྱེས་པར་རྣམས་ནི་མ་ཡིན་པས་གཏན་ཚིགས་ཀྱིས་དོན་མ་གྲུབ་པ་ཉིད་དོ། །ཡང་ན་དམ་པའི་སྤྱོད་པའི་སྲས ་བསྟན་པའི་དོན་དུ་བསྟན་བཅོས་རྩོམ་པ་ལ་སྟོན་པ་ལ་མཆོད་པ་བྱེད་དོ། །འདི་ནི་སྐྱེས་བུ་དམ་པ་མཁས་པ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ནམ་ཞིག་འགའ་ཞིག་དགོས་པ་རྩོམ་པ་ལ་འཇུག་པ་ལ་འཇུག་ན་དང་པོར་ཡིད་དུ་འོང་པའི་ལྷ་ལ་ཕྱག་འཚལ་ཏེ། དགོས་པ་ཁང ་པར་དག་ལ་ཞུགས་པ་ན་འདོད་པའི་དོན་རིང་པོར་མི་ཐོགས་པར་འགྲུབ་པས་དེའི་ཕྱིར་བསྟན་བཅོས་བྱེད་པ་འདི་ཡང་དམ་པའི་སྤྱོད་པའི་སྲོལ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་ན་བསྟན་བཅོས་རྩོམ་པ་ལ་རང་གི་སྟོན་པ་ལ་ཡོན་ཏན་བརྗོད་པ་སྟོན་དུ་འགྲོ་བའི་ཕྱག་འཚལ་བ ་བྱས་ནས། བསྟན་བཅོས་བཤད་པར་བྱ་བ་ལ་ཞུགས་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ། སྨྲས་པ། བསྟན་བཅོས་བརྩམས་པ་སྟོན་པ་ལ། །ཕྱག་འཚལ་བྱེད་པ་འབྲེལ་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །གུས་བསྐྱེད་རྒྱུ་ཕྱིར་གཞན་དུ་མིན། །དེས་ན་བསྟན ་བཅོས་རྩོམ་པས་སྟོན་པ་ལ་མཆོད་པ་བྱ་བ་འདི་ལ་རྣམ་པར་གནས་པ་ཉིད་དོ། །དེའི་ཕྱིར་གཞན་གྱིས་བསྟན་བཅོས་ཀྱིས་ཐོག་མར་ཕྱག་འཚལ་པར་བྱེད་པར་དགོས་པ་མེད་དོ་ཞེས་གང་སྨྲས། གཏན་ཚིགས་དེ་མ་གྲུབ་པ་ཉིད་དུ་བསྟན་པར་སྨོས་པ། བསྟན་བཅོས་བརྩམ་པ ་ལ་ཕྱག་འཚལ་བར་བྱེད་པ་ནི་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་དགོས་པ་དང་བཅS་པ་ཉིད་དོ། །བྱ་རོག་གིས་བརྟག་པ་ལྟ་བུ་མིན་ནོ། །རང་གི་སྟོན་པ་ལ་ཕྱག་བྱས་ཏེ། སཱ་ལུ་ལྗང་བའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལ་འུར་བྱས་པ་བཤད་པར་བྱའོ་ཞེས ་སྨྲས་ན། དེ་ཡང་གང་ཞིག་ཅེ་ན། ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱལ་པོའི་ཁབ་རི་རྒྱལ་ཁབ་སྟེ་རྒྱལ་པོའི་ཕོ་བྲང་ཞེས་བྱ་བའི་ཐ་ཚིག་གོ། རྒྱ་རྒོད་ཅེས་བྱའི་རི་བོ་ལ། ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རི་བོ་ལའོ། །དེ་ཉིད་ཀྱི་ཕྱིར། ་ཡང་དག་པར་སྡུད་པའི་མདོ་ལས། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་སྨོས་སོ། །སུ་ལས་ཐོས་ཞེས་བྱ་བ་སྨོས་སོ། །སུ་ལས་ཐོས་ཞེ་ན། དེའི་ཕྱིར་སྨྲས་པ། བཅོམ་ལྡན་འདས་ལས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོལ་པ་དང ་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཅི་ཞིག་བཅོམ་པ་དང་ལྡན་ཞེ་ན། དེའི་ཕྱིར་སྨྲས་པ། བདུད་བཞིའོ། །ཉོན་མོངས་པ་དག་ཕུང་པོ་དང། ལྷའི་བུ་དང། འཆི་བདག་གི་བདུད་ཅེས་གྲགས་པའོ། ཇི་ལྟར་བཅོམ་ཞེ་ན། སྨྲས་པ། གཉེན་པོ་ཡེ་ཤེས་བརྙེས ་པའི་ཕྱིར་ཏེ། མཐོང་བ་དང་བསྡོམ་པའི་ལམ་ལ་འཇུག་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་རིམས་ཀྱིས། འཕགས་པའི་བདེན་པ་བཞི་བསྒོམ་པ་རྣམ་པར་བསྒོམ་པ་ཉིད་ཀྱིས ་ཕུང་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་ལ་སོགས་པར་བྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པ་དང། གཟུང་བ་དང་འཛིན་པ་མེད་པར་རྟོགས ་པའི་ཕྱིར་དང། ཁམས་གསུམ་པ་འདི་ཡང་སེམས་ཙམ་ཁོ་ནའོ་ཞེས་རྟོགས་པའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཉོན་མོངས་པ་བཅོམ་མོ། །རྟག་པ་དང། བདེ་བ་དང། གཙང་བ་དང། བདག་དང་བཅས་པར་བྱིན་ཅི་ལོག་པ་བཞི ་ལ་སོགས་པ་དང་བྲལ་ཏེ། ཆོས་ཀྱི་སྐུ་བླ་ན་མེད་པ་དང་ལྡན་པས་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཕྱིར་ཕུང་པོ་དང་འཆི་བདག་གི་བདུད་ལས་རྒྱལ་ལོ། །ཆོས་ཐམས་ཅད་སྒྱུ་མ་དང། སྨིག་རྒྱུ་དང། དྲི་ཟའི་གྲོང་ཁྱེར་དང། སྤྲུལ་པ་དང། གཟུགས ་བརྙན་དང། བྲག་ཆ་དང། མགལ་མེའི་འཁོར་ལོ་དང། རྨི་ལམ་ལྟ་བུར་ཤིན་ཏུ་ཐུགས་སུ་ཆུད་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཀུན་བཞི་རྣམ་པར་ཤེས་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་བས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར ་ཆང་ནས་བྱམས་པ་ཆེན་བ་ལ་སོགས་པའི་མངའ་འབངས་པས་ཆུ་སྲིན་གྱི་རྒྱལ་མཚན་ཅན་སྡེ་དང་བཅས་པ་ལ་བསྣུན་པའི་ཕྱིར་ལྷའི་བུའི་བདུད་ཕམ་པར་མཛད་དེ། །དེ་ལྟར་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། ། ་ཡང་སྨྲས་པ། བདུད་བཞིའི་དགྲ་ནི་བཅོམ་ཕྱིར་དང། །སྲིད་པ་གསུམ་ལས་བྱུང་བ་དང། །བྱུང་འགྱུར་འབྱུང་བ་འབྱུང་མཁྱེན་ཅིང། །སྲིད་བར་གནས་པར་བཅོམ་ལྡན་འདས། །བཅོམ་ལྡན་འདས་དེ་ལྟ་བུ་ནི་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིལ ་བཞུགས་སོ། །ཅིའི་ཕྱིར་གྲོང་ཁྱེར་དེ་ལ་རྒྱལ་པོའི་བབ་ཅེས་བྱ་ཞེ་ན། སྨྲས་པ། གྲོང་ཁྱེར་དེ་ནི་སྔོན་གྱི་རྩཝ་མཆོག་གི་གྲོང་ཁྱེར་ཞེས་གྲགས་ཏེ། གང་གི་ཚེ་གྲོང་ཁྱེར་དེ་ལ་མི་མ་ཡིན་པ་འཁྲུག་པ་རྣམས་ཀྱི་ཡང་དང་ཡང་མེ་བཏང་བ་དེའི་ཚེ་རྒྱལ་པོས་རྟོགS ་ནས་དཀར་བཏགས་པ། ཤེས་ལྡན་གྲོང་ཁྱེར་བདག་།དེང་ཕྱིན་ཆད་གང་གིས་ཁྱིམ་དུ་སྔར་མེ་ཤོར་བ་དེས་བསིལ་བའི་ཆལ་གྱི་དུར་ཁྲོད་ཆེན་པོར་སོང་ལ་ཁྱིམ་བརྩིགས་ཏེ། འདུ་གཤིས་ཅེས་བསྒོལ་དང། དེ་ནས་ཡང་ལས་ཀྱི་རྐྱེན་གྱིས་དད་པོར ་རྒྱལ་པོའི་ཕོ་བྲང་དུ་མེ་ཤོར་རོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བོས་ཏེ་བསྒོ་བ། ཤེས་ལྡན་བློན་པོ་དག་ཤེས་བར་གྱིས་ཤིག་།འདི་ལྟར་ཉིད་ཀྱིས་དེ་ཁྲིམས་སུ་བཅས་པ་ལས་ད་ཉིད་འདའ་བ་དབྱེད་པ་གང་ཡིན་པ་དེ་ནི་ངལ་མ་ལེགས་ཤིང་ཆུལ་མ ་ཡིན་པས་ཤེས་ལྡན་བློན་པོ་དག་དེང་ལ་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོའི་མདུད་རྒྱལ་བོའི་ཕོ་བྲང་བརྩིགས་ཤིག་དང་དེར་སོད་ནས། དུག་པར་བྱའོ། །དེ་ནས་རྒྱལ་པོའི་ཚིག་ཙམ་གྱིས་ཐམས་ཅད་ཀྱི་དེ་བཞིན་དུ་བྱས་སོ། །དེ་ལ་ཐོག ་མར་ནི་རྒྱལ་པོ་དེར་ཕྱིན་ཏེ། གནས་བཏབ་དེ་ནས་ནི་གཞན་དག་གི་བཏང་བས་རྒྱལ་བོའི་ཁབ་ཅེས་མིང་ཆགས་སོ། །དེ་ལ་རྒྱལ་གློ་བབ་གྲོང་ཁྱེར་ཆེན་པོ་ཤར་ལྷོའི་མཚམས་ན། བ་རྒོད་ཕུང་པོ་ཞེས་བྱ་བའི་རི་ཡོད་དེ། །རི་གང་གིས་སྤྱི་བོ་བྱ་རྒོད་ཀྱི་མགོ ་འདྲ་བ་དེ་ལ་བྱ་རྒོད་ཕུང་པོའི་རི་ཞེས་བྱའོ། །ཡང་ན་བདུད་སྡིག་ཅན་གྱིས་བྱ་རྒོད་ཀྱི་ཤ་ཆུ་གསུམ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་གོས་དབྲོག་པར་བྱ་བ་བརྩམས་པ་ལས་བཅོམ་ལྡན་འདས་ཀྱི་བྱིན་ཀྱིས་བརླབས་ཀྱིས་མ་ནུས་ནས་དེ་ཉིད་དུ་བོར ་ཏེ་ཆོས་གོས་དེ་དང་སང་དུ་རྡོར་གྱུར་ནས་བཞི་རིམ་བྱས་ཏེ་ཆོས་གོས་ལྟ་བུར་འདུག་གོ་།དེ་ཉེ་བར་མཚན་པའི་རི་ནི་བྱ་རྒོད་ཕུང་པོ་ཞེས་བྱ་སྟེ། ཐུབ་པ་བྱ་རྒོད་ཕུང་པོའི་རི་དེ་ལ་ཞུགས་སོ། །ཅི་གཅིག་པ་ཉིད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དགེ་སློང་མང་དང་བྱང་ཆུབ་སེམས། །སྟེ ་ཆོགས?་དག་དང་ཡང་ཐབས་གཅིག་བཞུགས། །དགེ་སློང་མང་དང་ཞེས་ཡ་བ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ངོ། །བྱང་ཆུབ་སེམས་དཔའ་ཨི་ཚོགས་དང་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང ་ཐ?་ཡས་གཅིག་ཏུའོ། །བཞུགས་ཞེས་བྱ་བ་ནི་བཞེངས་པ་དང་འཆངས་པ་དང། བཞུགས་པ་དང། གཟིམས་པ་ལ་སོགས་པ་སྤྱོད་ལམ་རྣམ་པ་བཞིས་བཞུགས་པའོ། །དེས་སུ་ཞིག་ཅེ་ན་ཐུབ་པའོ། །ཐུབ་པ་ནི་སྐུ་དང། གསུང་དང། ཐུགས་ཐུབ་པ་དང་ལྡན་པའི་ཕྱིར་ཏེ་སྐུ་དང་གསུང ་དང་ཐུགས་མི་འཇུག་པས་ཐུབ་པའོ། །ཅི་ལ་མི་འཇུག་ཅེ་ན། དེའི་ཕྱིར་སྨྲས་པ། སྐུ་དང་གསུང་དང། ཐུགས་ཉེས་པར་སྤྱོད་པ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །འདི་ལ་ཐུབ་པ་ཡོད་པས་ཐུབ་པ་སྟེ། ལྡན་པའི་དོན་ཡིན་པའི་ཕྱིར་དབྱུག་པ་ཅན་བཞིན་ནོ། །ཡང་ཅིའི་ཕྱིར་གནས ་དང། དུས་དང། ཞམ་རིང་བ་བསྟན་ཅེ་ན། སྨྲས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། ཆོས་མཐུན་པར་བྱ་བའི་ཕྱིར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་ཡིན་པར་གྲགས་ཏེ། གང་གི་ཚེ་བྲམ་ཟེ་དང། ཁྱི་བདག་རྣམས་རྗེས་སུ་འཛིན་པར་བྱེད ་བ་ལ་སོགས་པར་བྱེད་པ་དེའི་ཚེ་འདུག་པའི་གནས་གྲོང་བྱེར་ལ་སོགས་པ་གང་དུ་འདུག་ནས་བྱེད་པའི་གནས་ངེས་ངེས་པར་བརྗོད་པར་བྱེད་དེ། གནས་གང་དུ་ཞི་ནའོ། །ཆེ་གེ་མོ་ཞིག་ནའོ། །དབང་ཉིད་རབ་ཏུ་བསྟན་པའི་ཕྱིར་བློན་པོ་ལ་སོགས་པ་དང་ལྷན་ཅིག་གོ ་དུས་ཞེས་བྱ་བ་ནི་སྔ་དྲོ་དང་བྱི་དྲོའི་དུས་སོ། །གང་དག་ལ་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་ལའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཕྱིར་གནས་དང། དུས་དང་ཞ?་རིང ་ལ་སོགས་པ་བརྗོད་དེ། གང་དུ་ཞེ་ན། རྒྱལ་པོའི་ཁབ་ནའོ། །དུས་གཅིག་ནི་སྔ་དྲོའི་དུས་སུའོ། གང་དག་དང་ཐབས་གཅིག་ཅེ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་དང། བྱང་ཆུབ་སེམས་དཔའ་རྣམས་དང་ངོ། །གང་དག་ལ་ཞེ་ན། དགེ་སློང་རྣམས་ལའོ། །ཅི་ཞིག ་གསུངས་ཞེ་ན། སཱ་ལུ་ལྗང་པ་ཞེས་བྱ་བའི་མདོའོ། །ཡང་སྨྲས་པ། གང་དུ་གང་དག་ཐབས་གཅིག་དང། དུས་གང་གང་ཕྱིར་གསལ་བ་བསྟན། །དེ་དག་ཉིད་ནི་བསྟན་བྱས་ནས། །ཐ་མར་ཀུན་དགའ་བ་ཡི་སྒྲ། སཱ་ལུ་ལྗང་བ་ལ་གཟེགས་ནས། ཞེས་བྱ་བ་ལ་སོགས་པ ་ག་སཱ་ལུ་ལྡང?་པ་ལ་གཟིགས་ནས་ནི་གཟིགས་ཏེའོ། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། ཞེས་བྱ་བ་ནི་རྒྱུ་རྐྱེན་ལས་སྐྱེས་ཀྱི་འདི་བསྐྱེད་པར་བྱེད་པ་དབང་ཕྱུག་ལ་སོགས་པ་གཞན་ནི་འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ། །ཡང་སྨྲས་པ། ས་བོན་ལ་སོགས་མ་གཏོགས་པར ་གཞན་གྱི་རྒྱུ་ཞེས་མི་བྱ་སྟེ། །དབང་ཕྱུག་སོགས་དང་རྒྱུ་མེད་པ། །མངོན་སུམ་ལ་སོགས་འགལ་ཕྱིར་རོ། །ས་བོན་ལས་མྱུ་གུ་ལ་སོགས་པ་སྐྱེས་ཀྱི། དབང་ཕྱུག་དང། གཙོ་བོ་དང། རྒྱུ་དུས་ལ་སོགས་པ་ནི་རྒྱུ་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་བ་དག་གིས་མི་དམིགས་པ་ཉིད ་ཀྱི་ཕྱིར་ནམ་མཁའ་ཨི་ཨུཏཔལ་བཞིན་ནི། །རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ། །ཡན་ལག་བཅུ་གཉིས་རིམ་འབྱུང་བ། །གང་གིས་རྟེན་འབྲེལ་ཞེས་མཐོང་བ། །ཞེས་སྨོས་བརྒྱུ་དང་རྐྱེན་དག་གིས་བསྐྱེད་པའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དགེ་སློང་དམ། ་དགེ་སློང་མ་འམ། གཞན་ཡང་གང་ལ་ལས་བྱེད་པ་ལ་སོགས་པ་རྒྱུ་མེད་པ་དང། མི་མཐུན་པའི་རྒྱུ་དང་བྲལ་བར་མཐོང་བ་དེས་ཆོས་དང་སངས་རྒྱས་མཐོང་ངོ་ཞེས། །དགེ་སློང་རྣམས་ལ་འདི་གསུང་ནས་།འདྲེན་པ་ཅིང་མི་གསུང་བར་བཞུགས། ། ་འཕགས་པའི་ཆོས་ཡན་ལག་བརྒྱད་པ་དང་འབྲས་བུའི་ཆོས་རྟོགས་པའི་ངོ་བོ་ཉིད་དང། མྱ་ངན་ལས་འདས་པ། ཕུང་པོ་དང་བཅས་པ་དང། ཕུང་པོའི་ལྷག་མ་མེད་པར་བརྗོད་པ་ཡང་ཇི་ལྟ་བ་བཞིན་དུ་མཐོང་ངོ་ཞེས་བཀའ་སྩལ་པ་ནས། བཅོམ་ལྡན་འདས་ཅང་མི ་གསུང་བར་བཞུགས་སོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་ཕྱིན་ནས་འདི་ཡོངས་སུ་དྲིས་སོ། །འབི?་གསུངས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཤཱ་རིའི་བུས་མེད་གང་ཐོས་པ་དགེ་སློང་རྣམས་ལ་གསུངས ་ནས་ཏེ། བཀའ་སྩལ་ནས་སོ། །འདྲེན་པ་ཞེས་བྱ་བ་ནི་ཐབས་རྣམ་པ་སྣ་ཚོགས་གྱིས་ཚུལ་གྱིས་སེམས་ཅན་རྣམས་འདྲེན་པའི་ཕྱིར་འདྲེན་པའོ། །ཅང་མི་གསུང་བར་བཞུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་བཞགས་ནས་བཞགས་ཅེས་བྱ་བའི་ཐ་ཚིག་གོ། ་དགེ་སློང་ཤཱ་རིའི་བུས་ཐོས་ནས་ཞེས་སྨོས་ཏེ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ། ཤཱ་རིའི་བུས་ཐོས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཐོས་ནས་སོ། །དེ་ཉིད་ཀྱི་ཕྱིར་མེད་ལས་དེའི་ཆེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ ་སེམས་དཔའ་ཆེན་པོ་བྱམས་པ་གལ་བ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བྱམས་པའི་དྲུང་དུ་སོང་ནས་ནི་ཞེས་བྱ་བ་ནི་གང་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ཉིན་པར་རྟག་ཏུ་གནས་པ་སྟེ། དེར་ཕྱིན་ཅིང་སོང་ནས་སོ། །གཉིས་ཀ་ཡང་རྡོ་ལེབ་ལ་འཁོར ་དོ། །དེ་ནས་ཚེ་དང་ལྡན་བ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་སྨས་སོ། །བྱམས་པ་དང་འདིར་དེ་བཞིན་གཤེགས། །འདི་གསུངས་དོན་རྣམས་མ་ཕྱེ་བར། །ཅང་ནི་བསུང་བར་བཞུགས་གྱུར་ན། །དེའི་དོན་ཇི་ལྟར་རྟོགས ་པར་བྱ། ཞེས་བྱ་བ་སྨོས་སོ། །བྱམས་པ་དང་འདིར་ཞེས་བྱ་བ་བརྗོད་ནས་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱི་སཱ་ལུ་ལྗང་པའི་དཔེ་བསན?་པ་གང་གསུངས་པ་བྱས་པ་བང་བར་གཤེགས་པས་བཀའ་སྩལ་པའི་མོང་དེའི་དོན་ཅི། བཅོམ་ལྡན་འདས ་ཀྱིས་ཀྱང་དོན་རྣམ་པར་མ་ཕྱེ་ལ། །ཐམས་ཅད་མཁྱེན་པའི་ཡུལ་གྱི་དོན་རྣམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་གྱི་ཡུལ་ལས?་འདས་པའི་ཕྱིར་རྟོག་ཅིང་འབྲེལ་པར་འབྱུང་བ་ནི་གང། སངས་རྒྱས་ནི་གང་ཞེས་བྱ་བ་ལ་སོགས ་པ་འདྲིའོ། །འདི་ཉིད་མདོ་བྱེད་པས་སོ?། མདོ་དང་སྦྱར་བར་སྨྲས་ལ། རྟེན་ཅིང་འབྲེལ་དང་ཆོས་གང་ཡིན། །སངས་རྒྱས་རྐྱང་ནི་གང་ཞིག་ཡིན་ཞེས་སྨོས་ཏེ། ཇི་ལྟར་ཡང་རྟེན་ཅིང་འགྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང། ཆོས་མཐོང་ནས་སངས་རྒྱས་།མཐོང ་ཞེས་བྱ་བ་ནི་ཇི་ལྟར་དོན་ཅིར་འབྲེལ་འབྱུང་མཐོང་ནི་ན། །ཆོས་དང་སངས་རྒྱས་མཐོང་བ་ཡིན། །བདག་གིས་ཐེ་ཚོམ་འདི་སྨོས་ཞེས། །ཤཱ་རིའི་བུ་ཡིས་མ་ཕ་མ་སྨྲས། །གནས་བརྟན་ཤཱི་རིའི་བུ་ཐེ་ཚོམ་དེ་སྐྱེས་པས་དེའི་ཕྱིར་མ་ཕི་བ་ལ་སྨྲས་སོ། །མའམ་ད་ཞེ ་བྱ་བ་ནི་བྱམས་པའོ། །བྱམས་པ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། བྱམས་བ་ཤིན་ཏུ་བསྒོམས་པའི་བདག་ཁྱམས་པས་གཏན་ལ་དབབ་པ་སྨོས། །བྱམས་པའི་ཏིང་ངེ་འཛིན་དང་ལྡན་པས་ཤིན་ཏུ་གནས་པའི་ཕྱིར་བྱམས་པ་ཤིན་ཏུ་བསྒོམས་པའི་བདག་ཉིད་དོ། ་གཏན་ལ་དབབ་ཞེས་བྱ་བ་ནི་ངེས་པའོ། །སྨྲས་ཞེས་བྱ་བ་ནི་བརྗོད་པའོ། །གང་ལ་སྨྲས་ཞེ་ན་ཤཱ་རིའི་བུ་ལའོ། །ཅི་ཞིག་སྨྲས་ཤེ་ན། འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་སུས་རྟེན་ཉིད?་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ ་སོགས་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་པ་གང་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟིགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱོན ་གྱིས་རེག་པ། རིག་པའི་རྐྱེན་གྱིས་ཚོར་བ། ཚོར་པའི་རྐྱེན་གྱིས་སྲེད་པ་སྲེད་པའི་རྐྱེན་གྱིས་ལེན་བ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི། རྒ་ཤིའི་རྐྱེན་གྱིས་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། །སྡུག ་བསྔལ་བདག་ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱིས་ཅིང་འབྲེལ་པའོ་ཞེས་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་འབྱུང་བ་ཞེས་བྱ་བ་ནི་རྒྱུ ་དང་བཅས། རྐྱེན་དང་བཅས་བ་ལ་བྱའི་རྒྱུ་མེད་པ་དང་རྐྱེན་མེད་པ་ལ་མ་ཡིན་པས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བཞེས་བྱའོ། །ཡང་མ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་འདི་རྣམས་འབྱུང་བའི་གོ་རིམ་ནི་ཇི་ལྟར་རྟོགས་པར་བྱ། །མཚན་ཉིད་ནི ་གང་ལས་ནི་ཅི། གང་ཞིག་ནི་ཡིན་ཞེ་ན། སྨྲས་པ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཉིས་ཀྱི་ཕྱིར་འབྱུང་བར་རྟོགས་པར་བྱ་སྟེ་གཉིས་གང་ཞེ་ན། སྨྲས་པ། རྒྱུ་དང་འབྲེལ་པ་དང། རྐྱེན་དང་འབྲེལ་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང ་ཕྱི་ནང་གི་ཐ་དད་པའི་ཕྱིར་རྣམ་པ་གཉིས་སུ་རྣམ་པར་བཞག་གོ། ཇི་ལྟ་ཞེ་ན། སྨྲས་པ། ས་བོན་ལས་མྱུ་གུ་སྐྱེ་བ་ནས་འབྲས་བུ་སྐྱེ་བའི་བར་ཏེ། ས་བོན་ཡོང་ན་མྱུ་གུ་སྐྱེ་བ་དང་འབྲས་བུ་སྐྱེ་བའི་བར་རོ། །ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་ནས་འབྲས་བུ་མི་སྐྱེ་བའི་པར་རོ། །ས་? ་བོན་ཀྱང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་སྒྲུབས་སོ་སྙམ་དུ་མི་སེམས་པ་ནས། མེ་ཏོག་ཀྱང་འདི་སྙམ་དུ་འབྲས་བུ་མངོན་པར་སྒྲུབ་པོ་སྙམ་དུ་མངོན་པར་མི་སེམས་སོ། །འབྲས་བུ ་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མེ་ཏོག་གིས་མངོན་པར་སྒྲུབས་སོ་སྙམ་དུ་མི་སེམས་པའི་བར་རོ། །འོན་ཀྱང་ས་བོན་ཡོ་ངན་མྱུ་གུ་ནས་འབྲས་བུའི་བར་དུ་སྐྱེས་པར་འགྱུར་ཏེ། དེ་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ་བར་བྱའོ། །ས་བོན ་ས་ལ་སོགས་པ་ལ་ཅི་ཞིག་ཕན་པར་བྱེད་ནས་རྒྱུའི་རྐྱེན་དུ་འདོད་ཅེ་ན། ས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེན། སྨྲས་པ། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ། ས་ལ་སོགས་བ་དང། དུས་རྣམས་ཏེ་ ་དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟ་བར་བྱའོ། །ས་བོན་ས་ལ་སོགས་པ་ལ་ཅི་ཞིག་ཕན་བར་བྱེད་ནས་རྒྱུའི་རྐྱེན་དུ་འདོད་ཅན། ས་ལ་སོགས་པ་ནི་འཛིན་པ་ལ་སོགས་པ་དང། རླན་པ་དང། དྲོ་བ་དང། ཡང་འབུབ་དང། མི ་སྒྲིབ་པ་དང། འགྱུར་བའི་བྱ་བ་གོ་རིམ་བཞིན་དུ་བྱེད་དོ། །དེ་དག་མེད་ན་མི་འགྱུར། །ནམ་མཚང་བ་མེད་པ་ན། །ཐམས་ཅད་འདུས་པ་དེ་ལས་དེར་འགྱུར་རོ། །ས་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་གིས་ས་བོན་འཛིན་པ་ལ་སོགས་པ་བྱའོ་སྙམ་དུ་མི་སེམས་སོ། །ས་བོན་ཡང ་འདི་སྙམ་དུ་བདག་ལ་ནི་རྐྱེན་འདི་རྣམས་ཀྱིས་འཛིན་པ་ལ་སོགས་པའི་བྱ་བ་ས་བོན་བཏགས་སོ་སྙམ་དུ་མི་སེམས་སོ། །འོན་ཀྱང་ས་ལ་སོགས་པ་ཡོང་ན་ས་བོན་ལས་མྱུ་གུ་ལ་སོགས་པ་འབྱུང་བར་འགྱུར་ལ། མེད་ན་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མདོ་མཛད་པས་གསུངས་པ། ཡན་ལག ་བཅུ་གཉིས་མ་རིག་སོགས། །འཆི་བ་ལ་ཐུག་གོ་རིམ་བཞིན། །ཞེས་བྱ་བ་ལ། སྲིད་པའི་ཡན་ལག་གང་དག་ལམ་རིག་པ་ལ་སོགས་འཆི་བ་ལ་ཐུག་པ་ཡོད་པ་དེ་དག་ནི་མ་རིག་པ་ལ་སོགས་པ་འཆི་བ་ལ་ཐུག་པ་རྣམས་སོ། །དེ་ལྟ་བས་ན་སྡུག་བསྔལ་གྱི། །བུར་བོ་འབའ་ཞིག་འབྱུང ་བར་འགྱུར། ཞེས་བྱ་བ་དེ་ལྟ་བས་ན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རིམ་གྱིས་འབྱུང་བའོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འབྱུང་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར ་པའོ། །ཆོས་ལམ་ཡན་ལག་བརྒྱད་པ་དང། འབྲས་བུ་མྱ་ངན་འདས་པའོ། །ཞེས་སྨྲས་ཏེ། ཆོས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར། ཆོས་སོ། །ལམ་ཡན་ལག་བརྐྱང་བ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དང། ལོག་པའི་རྟོག་པ་དང། ལོག་པའི་ངག་དང། ལེག་པའི་ལས ་ཀྱི་མཛའ་དང། ལོག་པའི་འཆོ་བ་དང། ལོག་བའི་རྩལ་བ་དང། ལོག་པའི་དྲན་པ་དང། ལོག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ལོག་པའི་ལྟར་ཞེས་བྱ་བ་ནི་ལོག་པའི་ལྟ་བ་སྟེ། ལྟ་བ་ལྔའོ། །འཇིགས་ཚོགས་དང། མཛའ་དང། ལྟ་བ་དང། ཚུལ་ཁྲིམས་དང། ལོག་བ ་ཞེས་བྱ་བའོ། །འདི་ཐམས་ཅད་ཀྱང་ལོག་པར་ཐོས་པ་དང། བསམ་པ་ལ་སོགས་པ་ཞུགས་པ་སྟེ། དེ་བས་ན་ལྟ་བ་ངན་པའི་ཕྱིར་ལོག་པའི་ལམ་སྤྱད་པས་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་བསྒྲུབ?་པའི་ཕྱིར་དང་རྒྱུ་དང། ལས་དང། འབྲས་བུ་ལ་སྐུར? ་པ་འདེབས་པ་དང། སྒྲོ་འདོགས་པའི་རྣམ་པར་ཞུགས་པའི་ཕྱིར་ལོག་པར་ལྟ་བ་ངག་ཅེས་བྱའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལྟ་བ་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་བཞག་གོ་།ཆུ་ལ་བཞིན་ལ་གནས་པའི་ཡང་དག་པའི་ཐོས་པ་དང། བསམ ་པ་ལ་སོགས་པའི་དང་པ་སྔོན་དུ་འགྲོ་པས་རྒྱུ་དང། འབྲས་བུ་དང། བདེན་པ་དང། དཀོན་མཆོག་དང། ལས་དང་འབྲས་བུ་ལ་སོགས་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པའི་ལམ་?་ཉེ་བར་སྦྱོར་བ་ལས་འདོད་པའི་འབྲས་བུ་མངོན་པར་སྒྲུབ ་པའི་ཕྱིར་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་བ་དང། བདག་མེད་པ་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ལོག་པར་རྟོག་པ་ཞེས་བྱ་བ་ནི་རྟོག་པ་ལོག་པའོ། །རྟོག་པ་ཞེས་བྱ་བ་ནི་སྤྱོད་ཡུལ་དང། ཡུལ་དང། ་དམིགས་པས་ཞེས་བྱ་བ་ནི་ཐ་ཚིག་གོ་།སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་དྲུག་པོ་གཟུགས་དང་སྒྲ་ལ་སོགས་པའོ། །ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ། རྟག་པ་དང། བདེ་བ་དང། གཙང་བ་དང། བདག་གི་རྣམ་པ་ལ་སོགས་པས་དམིགས་པས་འདོད་ཆགས་དང ་ཞེ་སྡང་དང། གཏི་མུག་རྒྱས་པར་འགྱུར་བའི་ཕྱིར་ལོག་པར་རྟོག་པའོ། །དེ་ལས་བཟློག་བ་ནི་ཡང་དག་པའི་རྟོག་པའོ། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །རྟོགས་པས?་ཞེས་བྱ་བ་ནི་བྱ་བ་དང། སེམས་པ་སྟེ་འདི་དང་འདི་བྱའོ་ཞེས་ཐོག་མར་སེམས་ལ ་བཞག་ནས་ལུས་དང། ངག་དང། ཡིད་ཀྱི་སྤྱོད་པ་དག་བ་མ་ཆགས་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པའི་ངོ་བོ་མི་རྟག་པ་དང། རྟོག་པ་ཞེས་བྱ་བ་ནི། སྡུག་བསྔལ་བ་དང། བདག་མེད་པ་ལ་སོགས་པར་ཚུལ་བཞིན་ཡིད་ལ་བྱེད་པའི་སྦྱོར་བ་གང་ཡིན ་བ་ནི་ཡང་དག་པའི་ལམ་གྱི་ཡན་ལག་ཅེས་བྱའོ། །ལོག་པའི་དག་ཅེས་བྱ་བ་ནི་དག་ངན་པ་སྟེ། བདག་དང་གཞན་བསླུ་པའི་རྣམ་པར་ཞུགས་པའི་ངག་གང་ཡིན་པ་དེ་ཉི་ལོག་པའི་ངག་གོ་།འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ ་ལ་སོགས་པ་དང་འབྲེལ་པའི་ཕྱིར་བདག་ལ་བསྟོད་པ་དང། གཞན་ལ་སྨོད་པའི་ངོ་བོར་ཞུགས་པ་དང། གང་གི་ཉེས་པ་རྣམ་པ་བཞི་དང་འདྲེས་པ་དང། ཡང་དག་པ་དང། བདེན་པ་དང། དེ་ཁོ་ན་ཉིད་དང། ཆོས་ཐམས་ཅད་སྤོང་བར་བྱེད་པ་དང། རྒྱལ་པ་དང་ཆམ ་རྐུན་དང། བུད་མེད་དང། ཁྱིམ་པ་དང། སྐྱེ་བོའི་གཏམ་གྱི་ངོ་བོ་དང། གསོག་དང་དོན་མེད་པ་མང་པོ་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྨད་པའི་ཕྱིར་ལོག་པའི་ངག་ཅེས་བྱའོ། །འདོད་མི་མཐུན་པའི་ཕྱིར་བདག་དང་གཞན་ལ་མི་བསླུ་བའི་རྣམ་པ་ཅན་མ་ཆགS ་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པ་ལ་སོགས་པའི་ངོ་བོ་ངག་གི་ཉེས་པ་རྣམ་པ་བཞི་དང་བྲལ་བའི་ཕྱིར་འདན་པ་དང་ཡང་དག་པ་དང་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་བདེན་པ་བཞིའི་རྗེས་སུ་མཐུན་པར་བྱེད་པ། དགེ་བའི་ཆོས་ཐམས་ཅད་སྡུད་པ། ཕན་པ ་དང་ཡོངས་སུ་བཅད་པའི་ངོ་བོ་ཉིད་ཀྱི་ཕྱིར་བདག་ལ་བསྟོད་པ་དང། གཞན་ལ་སྨོད་པ་སྤངས་པ། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པའི་ཕྱིར་འཕགས་པའི་སྐྱེ་བོ་ཐམས་ཅད་མི་བསླུ་བར་བྱེད ་པ་ནི་ཡང་དག་པའི་ལམ་གྱི་རྗེས་སུ་འཇུག་པའི་ཕྱིར་ཡང་དག་པའི་དག་ཅེས་བྱའོ། །ལོག་པའི་ལས་ཀྱི་མཛའ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལས་བྱེད་པའོ། །ལས་ཞེས་བྱ་བ་ནི་ལུས་དང། ངག་དང། ཡིད་ཀྱིས་ཉེས་པར་སྤྱོད་པའི་ས་བོན་འདེབས་པའི་ཕྱིར་དང། ་རྣམ་པར་སྨིན་པ་མི་བཟང་པའི་འབྲས་བུ་མངོན་པར་བསྒྲུབ་པའི་རང་བཞིན་ནི་མི་དགེ་བའི་ལས་ཀྱི་མཛའ་བྱེད་པའི་ཕྱིར་ཚ་སྒོ་ལ་སོགས་པའི་སྐྱོན་ནད་འདྲེས་པའི་ཞིང་ངན་པ་ལ་ས་བོན་ངན་པ་བཏབ་པ་བཞིན། མི་འདོད་པའི་རྣམ་པའ?་སྨིན་པ་མངོན་པར ་སྒྲུབ་པའི་ཕྱིར་སྣང?་པར་བྱ་བའི་ལས་ཀྱི་མཛའ་ནི་ལོག་པའི་ལས་ཀྱི་མཛའ་ཞེས་བྱའོ། །ལས་ལ་དགའ་བ་དང། །ཉིད་ལ་དགའ་བ་དང། ?་ལ་དགའ་བ་མ་སོགས་པའི་རང་བཞིན་ནི་ལོག་པའི་ལས་ཞེས་བྱ་སྟེ། བདག་དང་གཞན་ལ་རེག་པ་མ་ཡིན་པ་སྡུག ་བསྔལ་བར་གནས་པའི་རྟེན་གྱི་ངོ་བོའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཛའ་ཨོ། །ཕྱིན་ཅི་མ་ལོག་པའི་ལས་བྱེད་པའི་ཕྱིར་ལུས་དང། ངག་དང། ཡིད་ཀྱིས་ལེགས་པར་དཔྱད་པའི་ས་བོན་འདེབས་པའི་ཕྱིར་དང། ཞིང་གཤིན་པ་དང་འདྲ་བའི ་ལེགས་པར་བྱས་པའི་ལས་ཀྱི་ཞིང་ལ་འདོད་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པའི་རྣམ་པར་ཞུགས་པའི་ཕྱིར་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་ལ་སོགས་པའི་ངོ་བོར་ཞུགས་པའི་ཕྱིར་དང། ཡང་དག་པའི་ལས ་ཀྱི་མཛའ་བྱེད་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཛའ་སྟེ། ཡང་དག་པའི་ལམ་གྱི་རྗེས་སུ་འབྲེང་བའི་ཕྱིར་ཡང་དག་པའི་ལམ་ཞེས་བྱའོ། །ལོག་པའི་འཚོ་བ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་འཚོ་བ་སྟེ། ངན་གཡོ་དང་ཁ་བསགས་དང། ཐོབ་པས་འཇལ་བ་དང། ་བཞོག་སྤོངས་ཀྱིས་དག་གི་ལ་སོགས་པའི་ཉེ་བར་འཚོ་བས་སྐྱེས་པ་དང་བུད་མེད་ལ་སོགས་པའི་མཚན་སྟོན་པ་དང། འཕོང་དང། ལྟ་དང། སྙན་དངག་དང། གསོ་བའི་དཔྱད་དང། གྲངས་དང། ཁྱིམ་པའི་དབྱང་དང། གཞོན་ནུའི་དཔྱད་དང། རྒྱ་མཚོ་མཚན་གྱི ་དཔྱད་དང། ལྟས་ཤེས་པ་ལ་སོགས་པ་སྟེ། བདག་དང་གཞན་བསླུ་བའི་ངོ་བོར་ཞུགས་པའི་ཕྱིར་ཚུལ་དེས་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་སྒྲུབ་པ་རྗེས་སུ་འཇུག་པས་གནས་པར་བྱེད་པ་ནི་ལོག་པའི་འཚོ་བ་ཞེས་བྱའོ། །དེ་དང་མི་མཐུན་པའི་ཕྱིར་སྔ ་དག་པའི་འཚོ་པ་ནི་ལམ་གྱི་ཡན་ལག་ཅེས་བྱའོ། །ཡང་དག་པ་ནི་རིག་པ་དང་འདྲ་བ་མ་བྲལ་བའི་ལུས་དང་ངག་དང་ཡིད་འཇུག་པས་ཆོས་གོས་ལ་སོགས་པ་བསྒྲུབ་པ་སྟེ། ཚུལ་དེས་ཀུན་ཏུ་འཚོ་བ་ནི་ཡང་དག་པའི་ཆོ་བའི་རྗེས་སུ་འབྲེད་པའི་ཕྱིར་དང། བདག་དང་གཞན ་མི་བསླུ་པའི་ངོ་བོའི་རྣམ་པའི་ཕྱིར་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་བཞག་གོ་།ལོག་པའི་རྩོལ་བ་ཞེས་བྱ་བ་ནི་རྩོལ་པ་ནི་རྩོལ་པའོ། །ལོག་པའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་སྟེ ་ལུས་དང་ངག་དང། ཡིད་ཀྱི་རབ་ཏུ་སྤྱོད་པ་མི་བདེན་པ་རྣམས་ཀྱིས་བདག་དང་གཞན་ལ་གནོད་པ་བྱེད་པ་དང། གཡུལ་ལ་སོགས་པ་ཤོམ་པ་དང། ཕོ་ཉལ་སོགས་པར་འགྲོ་བ་དང། སྤྱོད་པ་དང། དབྲལ་བ་དང། འཇོག་པ་དང། འདེག་པ་དང། སེལ་བ་དང། མི ་སེལ་བ་དང། སྦྱོར་པའི་ཚུལ་གྱིས་སྐྱེད་པ་དང། ཞིང་དང་རིག་པ་དང་ཚོང་དང་རྒྱལ་སྲིད་ལ་སོགས་པ་བདག་དང་ཕ་རོལ་ལ་གནོད་པར་བྱེད་པའི་ལུས་དང། དག་དང། ཡིད་ཀྱི་འཇུག་པ་རྣམ་པ་སྣ་ཚོགས་ལ་བརྩོན་པ་དང། བྱ་བ་དང། བརྩོན་པ་ནི་ལོག་པའི་རྩོལ་བ ་ཞེས་བྱའོ། །དེ་དང་མི་མཐུན་པར་འགྱུར་པའི་ཕྱིར་ཡང་དག་པར་རྩོལ་པའོ། །ཡང་དག་པར་རྩོལ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་བཞག་སྟེ། གང་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་གཅིག་ཏུ་དགེ་བ་བདག་དང་གཞན་ལ་ཕན་པ་ལ་ཕན་འདོགས་པར་ཞུགས ་པ་དག་གིས་འཕགས་པའི་ལམ་གྱི་རྗེས་སུ་འབྲང་བ་དེ་ནི་ཡང་དག་པར་རྩོལ་བའི་ཕྱིར་ཡང་དག་པར་རྩོལ་བར་འདོད་བ། དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ལོག་པའི་དྲན་པ་ཞེས་བྱ་བ་ནི་སྨད་པར་བྱ་བ་དྲན་པ་སྟེ། ལོག་པའི་དྲན་པའོ། །དྲན་པ་ནི་དན་པའོ ་འདི་ནི་ལོག་པ་ཡང་ཡིན་ལ། དྲན་པ་ཡང་ཡིན་པས་ལོག་པའི་དྲན་པའོ། །དུས་གསུམ་གྱི་ཡུལ་ལ་སྔོན་རྒོད་པ་དང། དགའ་བ་ཉམས་སུ་མྱོང་བའི་གཟུགས་དང། སྒྲ་དང། དྲི་དང་རོ་དང་རེག་པ་ལ་སོགས་པ་རྗེས་སུ་དམ?་ཞིང་རྗེས་སུ་བརྗོད་པ་དང། དེ་ལ་ཡང་ལྷག་པར ་ཆགས་པ་དང། རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་ལ་སོགས་པའི་ཀུན་ཏུ་ལྡང་པའི་ཕྱིར་བདག་དང་གཞན་ལ་གནོད་པར་བྱེད་པའི་ཕྱིར་དང། མི་འདོད་པའི་རྣམ་པར?་སྨིན་པ་དང་འབྲེལ་བའི་ཕྱིར་ལོག་པའི་མཚན་མ་ཡིད་ལ་བྱེད་བ་ནི་ལོག་པའི་དྲན་པའོ། །དེ་དང ་མི་མཐུན་པའི་ཕྱིར་ཡང་དག་པའི་དྲན་པ་ནི་ལམ་གྱི་ཡང་དག་པ་ཉིད་དུ་བརྗོད་དོ། །ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་བཏང་ནས་སངས་རྒྱས་དང། ཆོས་དང་དགེ་འདུན་དང། ཚུལ་ཁྲིམས་དང། གཏོང་བ་དང། ལྔ་ལ་སོགས་པ་རྗེས་སུ་དྲན་པ་ནི་ཡང་དག་པའི་དྲན་པ་སྟེ། ལམ ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཏེ། ཀུན་ནས་མཉམ་པར་འཇོག་ཅིང་འཛིན་པའི་ཕྱིར་ཏིང་ངེ་འཛིན་ཏོ། །འདི་ནི་ལོག་པ་ཡང་ཡིན་ལ། ཏིང་ངེ་འཛིན་ཡང་ཡིན་པས་ལོག་པའི་ཏིང་ངེ་འཛིན་ཏོ། །ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ། དབང་ཕྱུག་དང་རང ་བཞིན་དང། དུས་དང་གཙོ་བོ་དང། ནང་གི་བདག་ལ་སོགས་པའི་མེད་བ་དེ་དག་ལ་དམིགས་པ་སྔོན་དུ་བཏང་པའི་སེམས་འཕྲོ་བ་གང་ཡིན་པའམ། ཡང་ན་གཟུགས་ལ་སོགས་པ་ནང་དང་ཕྱི་རོལ་ག་ཡི་དངོས་པོ་མི་རྟག་པ་དང། སྡུག་བསྔལ་པ་དང། སྟོང་པ་དང། བདག ་མེད་པ་ལ་སོགས་པའི་རྣམ་པ་དག་ལ་རྟག་པ་དང། བདེ་བ་གཙང་བ་དང། བདག་ཏུ་ལྟ་བ་ལ་སོགས་པ་ལ་ལྷག་པར?་ཆགས་ནས་དེ་དག་ལ་དམིགས་པ་སྔོན་དུ་བཏང་པའི་སེམས་འཕྲོ་བ་གང་ཡིན་པ་སྟེ། ཆགས་པ་དང་བཅས་པ་སྔོན་དུ་བཏང་པའི་སེམས་འཕྲོ ་བ་གང་ཡིན་པ་སྟེ། ཆགས་པ་དང་བཅས་པ་སྔོན་དུ་བཏང་བའི་སེམས་གནས་པ་གང་ཡིན་པ་དེ་ནི་ལོག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་དང་འགལ་བར་སེམས་གནས་བཞི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། ཕུང་པོ་དང། ཁམས་དང། སྐྱེ་མཆེད་བདག་དང། བདག ་གིས་སྟོང་པ་རྣམས་ལ་མི་རྟག་པ་དང། སྡུག་བསྔལ་བ་དང་སྟོང་པ་དང། བདག་མེད་པའི་རྣམ་པ་ལ་སོགས་པ་སྔོན་དུ་བཏང་པའི་སེམས་གནས་པ་སྟེ། སེམས་རྩེ་གཅིག་པ་ཉིད་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྒྲུབ་པའི་ཕྱིར ་ཏིང་ངེ་འཛིན་ཏོ། །སེམས་རྩེ་གཅིག་པ་ཉིད་དང། དམིགས་པ་གཅིག་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པའི་ཏིང་ངེ་འཛིན་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །དེ་ལྟར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་པ་མཐོང་བ་དེས་ཆོས་མཐོང་ངོ། །ཡང་སྨྲས་པ། ལྟ་སོགས ་ཡན་ལག་བརྒྱད་ཀྱི་སྟེགས་།རྒྱུན་བཅུ?་གཉིས་སྔོན་འགྲོ་བ། གང་མཐོང་རྣམ་དག་བདག་ཉིད་ངེས། །ཆོས་ཀྱི་དེ་ཉིད་མཐང་བར་འགྱུར། །འབྲས་བུ་ཞེས་བྱ་བ་ནི་དག་སྤྱོད་ཚུལ་གྱི་འབྲས་བུའོ། །དེ་ཐོབ་བས་ནི་མངོན་སུམ་དུ་བྱེད་པ་སྟེ། ཀུན་ནས་ཉོན་མོངS ་པ་ཐམས་ཅད་ཀྱི་ཀུན་གཞི་རྣམ་པ་ཤེས་པ་ས་བོན་བག་ཆགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་གནས་གྱུར་པ་དང་ལྡན་བ། ཡིད་ཀྱི་ལུས་ཡོན་ཏན་གྱི་ནོར་བུ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པས་བརྒྱན་པ། །རང་གི་གཞན་ལ་རག?་མ་ལས་པའི་བདག་ཉིད་ཅན་སོ་སོར ་རང་གི་རིག་པ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་མི་ཆད་པར་ལྷུན་གྱིས་གྲུབ་པར་མཛིན?་པའི་བདག་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་ལྡན་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་ཉོན་མོངས་པ་དང། ་ཤེས་བྱའི་སྒྲིབ་པའི་ནགས་ཚད་ཚར་གི་རྩ་བ་རྣམ་པར་བསེགས་པའི་ངོ་བོ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་མི་སློབ་པའི་ཡེ་ཤེས་ནི་འབྲས་བུའི་ཆོས་ཞེས་བྱའོ། །སཱ་ལུ་ལྗང་བའི་རྒྱ་ཆེར་བཤད་པ།། །། ་བམ་པོ་གཉིས་པ། །མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང། ཕུང་པོ་ལྷག་མ་མེད་བའི་ངོ་བོ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་པ་རྒ་བ་མེད་པ་འཆི་བ་མེད་པ། གདུང་?་མེད་ལ་།བརྟན་པ་ཞི་བ། ་རྟག་པ། མི་འཕྲོགས་པ། མི་ཟད་པའི་བདག་ཉིད་ཐོག་མ་དང། བར་དང། ཐ་མ་དང་བྲལ་བ། གཉིས་མེད་པའི་ཁམས་གསུམ་དང་བྲལ་བ། ལུས་དང། ངག་དང། ཡིད་ཀྱི་ལས་ཡང་དག་པར་འདས་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུགས་སྣ་ཚོགས་པ་དང ་འདྲ་བར་ཡོན་ཏན་ནོར་བུའི་འོད་ཟེར་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་རྒྱུན་མི་ཆད་པར་མཛད་པ། ཞི་བ་ཆོས་ཀྱི་རང་བཞིན་གྱི་སྐུར་གྱུར་པ་ནི་མྱ་ངན་ལས་འདས་པར་བཞེད་དོ། །དེ་ལྟར་ཐམས་ཅད་ཐུགས་ཆུང་ཕྱིར། །ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ། །དེ ་ལྟར་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་བདག་ཉིད་ཆོས་ཀུན་གྱི་ཆོས་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཆོས་སྐྱེས་ཞེས་བྱ་བ་ནི་ཆོས་དག་ལས་སྐྱེས་པས་ན་ཆོས་སྐྱེས་ཏེ། ཆོས་ཀྱིས་བསྐྱེད ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་ཅེས་བྱ་འཕགས་མཐོང་བས། །གང་གིས་མཐོང་བ་དེས་མཐོང་ངོ། །དེ་སྐད་ཅེས་བྱ་བ་ནི་སངས་རྒྱས་ཞེས་དེ་སྐད་ཅེས་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་ལྟ་བུའོ། །འཕགས་མཐོང་བས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མིག་གིས་ཏེ། འཕགས ་ཞེས་བྱ་བ་ནི་ཐ་ཚིག་འཇིག་རྟེན་ལས་འདས་པའོ། །མཐོང་བ་ཞེས་བྱ་བ་ནི་མིག་གིས་སོ། །གང་གིས་མཐོང་བ་ཞེས་བྱ་བ་ནི་སུས་རྟེན་ཅིང་འབྲེལ་པར་འབྱུང་པ་དང། ཆོས་ལ་དེ་ལྟར་མཐོང་བས་ངེས་ཆོས?་སྐྱེས་ཏེ། ཆོས་ཀྱིས་བསྐྱེད་པས་སངས་རྒྱས་མཐོང་ངོ་ཞེས་བཤད ་པ་ཡིན་ནོ། །དེ་ལ་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུར་གསུངས་ཤེ་ན། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྲོག་ལ་སོགས་བྲལ་བ། །ཞེས་བྱ་བ་ནི་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་རྟག་ཏུ་སྲོག་ལ ་སོགས་པ་དང་བྲལ་བ་སྟེ། སློག?་དང་བྲལ་བར་རོ། །མཐོང་བ་ནི་རིགས་བ་དང། རྗེས་སུ་དཔག་པ་དག་གིས་དཔྱོད་པ་དང། འཇལ་བ་དང། རྟོག་པ་དང། ཉེ་བར་རྟོག་པའོ། །རྟག་ཏུ་སྲོག་མེད་པ་ཞེས་བྱ་བ་ནི་སྲོད་མེད་པའོ། །ཀུན་ཏུ་འཚོ་བ་གཅེར་བུ་པ་དག་འདི ་ལྟར་རྟོག་སྟེ། ནང་དང་ཕྱི་རོལ་གྱི་དངོས་པོ་འདི་ཐམས་ཅད་ནི་སྲོག་དང་བཅས་ཤིང་དབང་པོ་དང་ལྡན་ནོ། །དབང་པོ་དང་ལྡན་པ་དེ་བས་ན་ས་གསུམ་པོ་འདི་ཐམས་ཅད་སྲོག་ཆགས་ཕྲ་མོ་རྣམས་ཀྱི་གང་དོ་ཞའོ། །དེ་ཉིད་ཀྱི་ཕྱིར་སྲོག་ཆགས་ཐམས་ཅད་ནི ་སྲོག་ཆགས་བ་སྟེ། སྲོག་ཆགས་མི་ཟ་བའི་སྲོག་ཆགས་དེ་དག་ནི་ཐར་པ་ཐོབ་བོ་ཞེས་ཟེར་རོ། །དེ་བས་ན་དེ་དགག་པའི་ཕྱིར་སྲོག་མེད་པ་དང། སྲོག་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པ་སྟེ་ ་སྲོག་དང་དྲ་ལ་བཞེས་བྱ་བའི་ཐ་ཚིག་གོ། རྒྱུ་དང་རྐྱེན་ལས་སྐྱེ་བའི་ཆོས་ཅན་གྱི་ཕྱིར་ཏེ་རྒྱུ་ནི་ས་བོན་ལ་སོགས་པའོ་རྐྱེན་ནི་ས་ལ་སོགས་པ་སྟེ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟོག་པ་དང། ཡོངས་རྟོག་པ་དང། རྣམ་པར ་རྟོག་པ་དང་བྲལ་བའི་ཕྱིར་རྩཝ་དང། ཤིང་དང་རྩིག་པ་དང། ཆོས་འདྲ་བ་གཡོ་བ་མེད་པ་བྱ་བ་མེད་པའོ། །དེ་བས་ན་སྲོག་ཆགས་ལ་སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ། །ཕན་ཚུན་རྒྱ་རྐྱེན་འབྲེལ་བ་ལས་སྐྱེས་ཤིང་གཅིག་ལ་གཅིག་སེམས་ཕ་མེད་ལ་བྱ་བ ་དང། ལས་ཀྱང་སྣང་སྟེ། རྒྱུ་དང་རྐྱེན་གྱིས་རྒྱུན་འདི་ནི་ཐོག་མ་མེད་པ་ནས་ཞུགས་པ་ཡིན་ནོ། །ཇི་ལྟར་ཀུན་ཏུ་འཚོ་བ་གཅེར་བུ་བདག། ཤིང་རྣམས་ནི་སེམས་དང་བཅས་པ་ཡིན་ཏེ། གཡོ་བའི་ཕྱིར་དང་ཉལ་བའི་ཕྱིར་དང། བཅད་ནས་སྐྱེ་བའི་ཕྱིར་རོ་ཞེས་ཐ་སྙད་འདོགས་པ་ལྟ ་དུ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཉི་མ་དང་ཟླ་བའི་རེག་པའི་དབང་གིས་ཞུགས་དང། རྒྱས་པར་རྗེས་སུ་དཔག་གི། །དེ་དག་ལ་ཉལ་བ་དང་ལྡང་པ་ལྟ་ག་ལ་ཡོད། རླུང་གིས་བསྐྱོད་པའི་དབང་གིས་ཡལ་ག་ལ་སོགས་པ། འགུལ་པར་རྗེས་སུ་དཔག་པས་དེ་དག་ལ་འགྲོ་པ ་དང་འོང་བ་ག་དམིགས་ཏེ། དོན་མ་གྲུབ་པ་ཉིད་དོ། །བཅང་ནས་སྐྱེས་སོ་ཞེས་བྱ་བ་འདི་ནི་དོན་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་དེ་དག་ཀྱང་སེམས་དང་བཅས་པ་ཞིག་ཡིན་ནོ། ཅིའི་ཕྱིར་གཅོད་པའི་གནས་སྐབས་ན་གང་གིས་ན་སྲོག་གཅོད་པ་ལ་སོགས་པའི་སྡུག ་བསྔལ་མྱོང་བར་མི་འགྱུར་ལ། མི་དགའ་བ་ལ་སོགས་པའི་སྦྱོང་བའམ། གསོལ་བ་འདེབས་བ་ལ་སོགས་པ་འམ། ད་ནས་གཞན་དུ་འགྲོ་བ་ཅུང་ཟད་མི་བྱེད། བཅད་ན་སྐྱེ་བའི་ཕྱིར་སེམས་དང་བཅས་པར་ཁས་ལེན་ན་གང་དག་བཅད་ན་མི་སྐྱེ་བའམ་དེ་དག་བཟློག་པའི་ཕྱིར ་སེམས་མེད་པ་ཉིད་དུ་འགྱུར་རོ། །སེམས་དང་བཅས་པ་རྣམས་ཀྱིས་ཡན་ལག་དང་ཉིད་ལག་ལ་སོགས་པ་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སེམས་མེད་པ་ཉིད་དུ་ཐལ་བར་འགྱུར་དུ་འོད་པས་དེའི་ཕྱིར་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་ལྟ་བས་ན ་སྲོག་མེད་པ་དང་སྲོག་དང་བྲལ་བ་ཞེས་བྱ་བ་འདི་རྣམ་པར་གནས་སོ། །ཇི་ལྟ་བུ་ཉིད་དང། མ་ནོར?་བ་ཞེས་བྱ་བ་ན་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་བྲལ་བའི་ཕྱིར་མ་ནོར་བའོ། །མ་སྐྱེས་པ་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དང། སྐྱེད་པ་དང་བྲལ་བའི་ཕྱིར་རོ། །མ་བྱུང་ན་ཞེས་བྱ་བ ་ནི་རྟག་པ་དང། ཆད་པ་དང་བྲལ་བའི་ཕྱིར་རོ། །མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་དང་བྱ་བ་དང་བྲལ་བའི་ཕྱིར་ཏེ། ནང་གི་བྱེད་པའི་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་འཇུག་པའི་འདུ་བྱེད་དང་བྲལ་བའི་ཕྱིར་རོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་རང་བཞིན ་ཡིན་པའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་ཞི་བའི་རང་བཞིན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །གཅིག་ཏུ་ཞི་བའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ ་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བ་རྟག་ཏུ་གནས་པ་མི་འཇིགས་པ། སྐྱེ་བ་དང་འཇིག་པ་དང་བྲལ་བའོ། །གང་གིས་ཚུལ་འདི་འདྲ་བར་ཆོས་ལ་ཡང་མཐོང་བ་སྟེ། ཉེར་ཞི་ལ་ཐུག་བཅས་པར་ནི་ཞེས་སྨོས་ཏེ། ཉེར་བཞི་ལ་ཐུག་ཅེས་བྱ་བ་ནི་ཉེ་བར་ཞི་བ་ཐ་མར ་བསྟན་པའི་ཕྱིར་ཉེ་བར་ཞི་བ་?་ཐུག་པའོ། །གང་གིས་ཆོས་ལ་ཡང་ཚུལ་འདི་འབྲ་བར་བརྟག་པ་དང། སྲོག་མེད་པ་ལ་སོགས་པའི་རང་བཞིན་དུ་མཐོང་བ་ནི། རྟེན་འབྲེལ་ཆོས་དང་སངས་རྒྱས་དག་།དྲི་མ་མེད་པའི་བློས་མཐོང་བ་སྟེ་དེས་ནི་བླ་ན་མེད་པའི་ཆོས ་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེས་ཞེས་བྱ་བ་ནི་གང་གིས་མཐོད་པའོ། །འཕགས་པའི་ཆོས་མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་གང་དག་སྡིག་པའི་ཆོས་རྣམས་ལས་ཕ་རོལ་ཏུ་རིང་སོང་བ་དེ་དག་ན་འཕགས་པའོ། །དེ ་དག་གི་ཆོས་ནི་འཕགས་པའི་ཆོས་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པའོ། །མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་བར་རྩེ་གཅིག་ཏུ་བྱས་པའི་ཕྱིར་དང། མངོན་སུམ་དུ་བྱས་པའི་ཕྱིར་ཏེ། ཏིང་ངེ་འཛིན་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ ་ཚིག་གོ་།ཡང་དག་པའི་ཡེ་ཤེས་དང་ལྡན་པས་ཞེས་བྱ་བ་ནི་ཡང་དག་པའི་ཕྱིན་ཅི་མ་ལོག་པར་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །བླ་ན་མེད་པའི་ཞེས་བྱ་བ་ནི་འདིའི་གོང་ན་ཆོས་ཁྱད་པར ་ཅན་ཅུང་ཟད་ཙམ་ཡང་མེད་དེ། དེ་བས་ན་དེ་ནི་བླ་ན་མེད་པ་ཞེས་བྱའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་སྐུ་ཉིད་ཆོས་ཀྱི་སྐུ་སྟེ། མཆིག་བུ་བཞིན་ནོ། །སངས་རྒྱས་ཞེས་བྱ་བ་ནི་ཆོས་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟར་ན་སྨོས?་རྟེན་ཅིང་འབྲེལ་བར་འབྱུང་བ་མོ་མཐོ ་བ་དེས་ཆོས་བླ་ན་མེད་པའི་བྱང་ཆུབ་བྱེད་པ་མི་སློབ་པའི་ངོ་བོ་ཉིད་མཐོང་ངོ། །སུས་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཆོས་དེ། དེ་ལྟ་བུ་རང་གི་ཇི་ལྟ་བ་བཞིན་མངོན་པར་རྟོགས་པས་ཆོས་ལས་སྐྱེས་པ། །ཆོས་ཀྱི་སྤྲུལ་པ་ཆོས་གཟིགས་པ། སངས ་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་དབྱེ་བ་རྣམ་པར་བཞག་པར་བྱ་བའི་ཕྱིར། རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས ་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། རྒྱུ་བཅས་ལ་སོགས་ཆགས་དང་ལྡན། །རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚོན་མདོར་བཀའ་སྩལ་པ། རྐྱེན་འདི ་ཉིད་ཀྱི་འབྲས་བུའོ། །དེ་ཉིད་ཀྱི་སྨྲས་པ། སངས་རྒྱས་བྱུང་རུང་མ་བྱུང་རུང། ཆོས་ཉིད་འདི་ནི་གནས་པ་ཡིན། གང་གི་ཕྱིར་རྒྱུ་དང་རྐྱེན་དག་གིས་རྒྱུན་མི་འཆད་ཅིང། རྒྱུ་དང་འབྲས་བུ་རྒྱུན་མ་ཆད་པར་གཅིག་ནས་གཅིག་ཏུ་འཇུག་གི། འདི་ལ ་རྒྱུ་མེད་པ་འམ། མི་མཐུན་པའི་རྒྱུ་འམ། འཇུག་པར་བྱེད་པ་འམ། ལྡོག་པར་བྱེད་པ་འགའ་ཡང་མེད་པ་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། ཆོས་ཉིད་དང། ཆོས་གནས་པ་ཉིད་དང། ཆོས་ངེས ་བར་གྱུར་པ་འདི་ནི། ཡེ་འདུག་པའོ་ཞེས་གསུངས་སོ། །གལ་ཏེ་རྐྱེན་དང་འབྲེལ་པའི་རྒྱུ་གཅིག་པ་ཉིད་ཀྱིས་དངོས་པོ་རྣམས་སྐྱེས་ཞིང་གནས་པའོ། །གལ་ཏེ་རྐྱེན་ཀྱང་རྒྱལ་མི་བལྟོས་པར་འགའ་ཞིག། མ་ནུས་པར་བྱུང་ན་ནི་གནས་པ་ཡང་མི་གནས་པ་ཞེས ་བྱ་བའི་དེ་བརྗོད་པའི་རིགས་ན་འདི་དག་སྐྱེ་བ་འབྲས་བུ་འབྱུང་བ་ཡང། རྒྱུ་མེད་པར་མ་ཡིན་རྐྱེན་མེད་པར་མེད་ཡིན་པས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང། ཆོས་ཉིད་དང་ཆོས་གནས་པ་ཉིད་འདི་ནི་ཡིན་པར་འདུག་པའི། །དེ་ལྟར ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྐྱེན་འདི་ཉིད་ཀྱི་འབྲས་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་མདོར་བཀའ་སྩལ་ཏོ། །ཆོས་ཉིད་ནི་འདིར་རྒྱུ་དང་རྐྱེན་གྱི་ཆོས་ཉིད་གང་ཡིན་པའོ། །ཆོས་གནས་པ་ཞེས་བྱ་བ་ནི་ཆུད་མ་ཟ་བའི ་ཆོས་ཉིད་དོ། །ཆོས་ངེས་པར་གྱུར་པ་ཉིད་ཅེས་བྱ་བ་ནི་རྐྱེན་ཉིད་འདི་བའི་གོ་རིམ་ངེས་པ་སྟེ། རྒྱུ་དང་རྐྱེན་རིམ་པ་བཞིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མཐུན་པ་ཞེས་བྱ་བ་ནི་རྒྱུ་མེད་པར་རྐྱེན་རྣམས་མི་འཇུག་ལ། རྐྱེན་རྣམས་མེད་པར་ཡང་རྒྱུ་འཇུག་པ ་མེད་པ་ཉིད་ཀྱི་ཕན་ཚུན་ཚོགས་ན་འཇུག་པར་འགྱུར་རོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་གཞན་ཉིད་དང་བྲལ་བའི་ཕྱིར་རོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་བསླུ་བར་མི་བྱེད་པའི་ཕྱིར་རོ། །བདེན་པ་ཁོ་ན་ཞེས་བྱ་བ་ནི་བདེན་པ་དང་མཐུན་པའི་ཕྱིར ་རོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དང་ལྡན་པའི་ཕྱིར་རོ། །མ་ནོར་པ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པའི་ཕྱིར་རོ། །འདི་ལྟར་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ ་འདི་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་རྐྱེན་རྣམ་པ་གཉིས་ཡིན་པས་རྒྱུ་རྐྱེན་གཉིས་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམ་ཁས་བླང་བར་བྱའོ། །གཉིས་གང་ཞེ་ན། གསུངས་པ། རྒྱུ་དང་འབྲེལ་བ་དང། རྐྱེན་དང་འབྲེལ་པའི་ཕྱིར་དེ་ཡང ་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་བཞིར་ཁས་བླང་དགོས་པས། ཕྱི་ནང་དེ་བཞིན་ནང་གི་ནི། རྒྱུ་དང་རྐྱེན་རྣམ་པ་གཉིས་ཏེ། ཞེས་བྱ་བ་སྨོས་སོ། །དེ་ལྟར་ནང་དང་ཕྱི་རོལ་གྱི་བྱེ་བྲག་གིས་ཐ་དད་པའི་རྒྱུ་དང་རྐྱེན་རྣམས་ཀྱི་མཚན་ལྟར ་ཀྱི་དབྱེ་བ་ཇི་ལྟ་བུ་ཞེ་ན། ཕྱི་རོལ་རྒྱུ་ནི་ས་བོན་སོགས་ཞེས་བྱ་བ་སྨོས་སོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་བཅས་པ་དང་ཞེ་ན་ཞེས་བརྗོད་ནས་འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལུས་འདབ་མ། འོད་ཁམ་ལ་ཁྱོད་པར། སྤོང་དུ ་ལས་སྡུ་གུ་།སྡུ་གུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག་།མེ་ཏོག་ལས་འབྲས་བུ་ཞེས་བྱ་བ་གསུངས་སོ། །རྐྱེན་ནི་རྣམ་པ་དྲུག་ཏུ་བསྟན། ཞེས་བྱ་བ་ནི་སྐབས་ཡིན་པའི་ཕྱིར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཞེས་བྱ་བ་སྦྱར་དུ?། །རྣམ་པ ་དྲུག་ཅེས་བྱ་བ་ནི་ས་ལ་སོགས་པ་རྣམ་པ་དྲུག་གོ་།དེ་ཉིད་ཀྱི་ཕྱིར་སྨྲས་པ། ས་བོན་མྱུ་གུ་སྡོང་བུ་སོགས། །ཇི་ལྟར་འབྲས་བུ་འཇུག་པར་བརྗོད། །ས་བོན་ཡོད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུགས་པ་རྣམས་འབྱུང་བ། །ས་བོན་མེད་ན་མྱུ་གུ ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་བ་མེད་དོ། །དེ་ལས་ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་ལ་སོགས་པ་མངོན་པར་སྒྲུབ་པོ་སྙམ་དུ་མི་སེམས་སོ། །མྱུ་གུ་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་ནི་ས་བོན་ལ་སོགས་པས ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ། །མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་སྒྲུབ་སྙམ་དུ་མི་སེམས་མོད། འོན ་ཀྱང་ས་བོན་ཡོད་ན་མྱུ་གུ་ལ་སོགས་པ་ནས་འབྲས་བུ་ལ་སོག་པ་འབྱུང་བར་འགྱུར་གྱི། མེད་ན་མི་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟ་བར་བྱའོ། །རྐྱེན་ནི་ས་ལ་སོགས་པ་སྟེ། དུས་ལ་ཐུག་ལ་སྟེ། དུས ་ལ་ཐུག་པ་གོ་རིམ་བཞིན་དེ་ཉིད་ཀྱི་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན་ཞེས་བྱ་བ་གསུངས་སོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བ་རྣམ་པ་དུར་བལྟ་བར་བྱ་ཞེ་ན། གསུངས་པ་?་མས་དྲུག་འདུས ་པའི་ཕྱིར་རོ། །དྲུག་པོ་གང་དག་ཅེ་ན། ས་དང་ཆུ་དང་མེ་དང་རླུང་དང། ནམ་མཁའ་དང། དུས་རྣམས་གོ་རིམ་བཞིན་འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་རྐྱེན་ཉིད་དུ་གོ་རིམ་བཞིན་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། ་རྒྱུ་དང་རྐྱེན་འདི་རྣམས་ལས་གང་གིས་ལས་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། རྟེན་དང་རླན་དང་སྨིན་པ་དང། འབྲུ་འཕེལ་དང་ནི་གོ་འབྱེད་དང། འགྱུར་བ་དག་ནི་དེ་རྣམས་ཀྱིས། །བྱ་བ་ཇི་བཞིན་འཇུག་པའོ། །དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད ་དེ་ཞེས་བྱ་བ་ནི་ས་བོན་མྱུ་གུ་བསྐྱེད་པར་མངོན་དུ་ཕྱོགས་པར་རྟེན་པས་སྲ་བ་ཉིད་ཅེས་བྱའོ། །ཆུའི་ཁམས་ནི་རླན་པར་བྱེད་དོ་ཞེས་བྱ་བ་ནི་གཉེན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །མེའི་ཁམས་ནི་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་རྒྱས་པའི་གནས་སྐབས་ཉེ ་བར་སྐྱེད་པ་ནས་ཕན་ཚུན་རེག་པ་དྲོ་བ་ཉིད་ནི་ཡོངས་སུ་སྦྱིན་པ་ཞེས་བྱའོ། །རླུང་གི་ཁམས་ནི་འབུ་བར་བྱེད་དོ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའི་ཕྱིར་ཏེ། རྫང་གི་གནས་སྐབས་ནས་བྱུང་སྟེ་ཕྱི་རོལ་དུ་ཁྱེར་པའི་ཕྱིར། །རླུང་གི་ཁམས་ནི་ས་བོན་འབུ་བར་བྱེད ་འཕེལ་བར་བྱེད་ཅེས་བྱའོ། །ནམ་མཁའ་ཨི་ཁམས་ནི་ས་བོན་དང། མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་བྱ་བ་ནི། ནམ་མཁའ་ཁམས་ནི་གེགས་མི་བྱེད་པ་ཉིད་ཀྱིས་མཐུན་པར་འཇུག་པའི་ཕྱིར་ས་བོན་དང་མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི ་བྱ་བ་བྱེད་ཅེས་བྱའོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ་ཞེས་བྱ་བ་ནི་དུས་ཀྱང་རྣམ་པ་ཐམས་ཅད་ཡོངས་སུ་སྒྲུབ་པས་དུས་ཇི་ལྟ་བ་བཞིན་དུ་འགྱུར་བར་བྱེད་པ་ན་འགྱུར་བའི་བྱ་བ་བྱེད་དོ་ཞེས་བྱའོ། །ཐམས་ཅད་ཀྱང་མ་ཚང་བ་མེད་ན་འབྱུང་བ་མེད་དོ། ་མ་ཚང་ན་འབྱུང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། རྐྱེན་རྣམས་ཚོགས་པ་མེད་ན་ནི། །ས་བོན་ཡོད་ཀྱང་མྱུག་སོགས་མེད། །ས་བོན་མེད་པ་ཉིད་ཡིན་ན་།རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས ་ཅད་འདུས་ལ་ས་བོན་འགག་པ་ན་དེ་ལས་མངོན་པར་འགྲུབ་པར་འགྱུར་རོ། །རྒྱུ་དང་དེ་བཞིན་རྐྱེན་རྣམས་ནི། །དར་འཛིན་ལ་སོགས་བྲལ་བ་སྟེ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །ལས་ཀྱི་འབྲས་བུ་ཅུང་བ་མེད། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ ་བདག་གིས་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་རྣམས་ཀྱང་འདི་སྙམ་དུ་མི་སེམས་ཏེ། ངར་འཛིན་པ་དང། ང་ཡི?་འཛིན་པ་མེད་པའི་ཕྱིར་རོ། །ལས་ཀྱི་འབྲས་བུར་གདགས་པ་ཆུང་ཟ་བ་ཡོད ་མེད་དེ། །ཐམས་ཅད་དུ་རྒྱུ་དང། རྐྱེན་རྣམས་མ་ཚང་བ་མེད་པ་ལས་ཞེས་བྱ་བ་ཁོང་དུ་ཆུང་བར་བྱའོ། །མྱུ་གུ་དེ་ཡང་ཞེས་བྱ་བ་ནི་ས་བོན་གྱི་རྒྱུ་ཅན་གྱི་མྱུ་གུ་ལ་སོགས་པ་དེ་སྐྱེས་པ་ནས་བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང ་བྱེད་པོ་དུས་ལས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །འོས་སྨོས་སོ། །བདག་ལས་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་དང་རྐྱེན་དག་མེད་པར་བདག་ཉིད་ལས་སྐྱེ་བའོ། །ངོ་བོ་ཉིད་དུ་སྨྲ་བ་རྣམས ་འདི་ལྟར་རྟོག་ཅེས་གྲག་སྟེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད། །འདི་ནི་དུས་རྟག་གནས་པ་སྟེ། འདི་ལ་འགའ་ཡང་སྐྱེ་བ་མེད། །འགའ་ཡང་འགག་བར་མི་འགྱུར་རོ། །རྨ་བྱའི་འདབ་མ་བཀྲ་བ་དང། །བརྣལ་སོགས་རབ་དམར་དང། །ཚོང ་མ་རྣོ་ལ་སོགས་པ་གང། །སུ་ཞིག་གིས་ནི་སྔོན་བྱས་སྨྲོས། །དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། །དངོས་པོ་རྣམས་རང་ལས་སྐྱེ་བར་རུང་བ་མ་ཡིན་ཏེ། སྔ་མོ་ཉིད་ནས་གནས་པའི་ཕྱིར་རོ། །སྐྱེ་བ་དང་ལྡན་པར་ཁས ་?་ནི་རྒྱུ་དང་རྐྱེན་ཉིད་ལས་བླངས་པར་འགྱུར་རོ། །དེ་བསན་ན་དངོས་པོ་རྣམས་རང་གི་ངོ་བོ་ལས་སྐྱེས་པར་རུང་བ་མ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །གང་གི་ལྟར་ན་དངོས་པོ་རྣམS་?་གནས་པ་དེའི་ལྟར་ན་སྐྱེ་བ་དང ་བྱ་བ་དང། ལས་དང། གནས་པ་དང། འཇིག་པ་ཡང་མི་རུང་བ་ཞིག་ན། སྐྱེ་བ་དང་བྱ་བ་དང། ལས་དང། གནས་པ་དང། འཇིག་པ་ཡང་མངོན་སུམ་དུ་སྣང་ངོ། །དེ་བས་ན་ཉིས་པ་འདིར་ཐལ་བར་འགྱུར་དུ་འོང་བས་བདག་ལས་མིན་ཞེས་ཏེ། དངོས་པོ་རྣམས ་རང་ལས་སྐྱེན་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ནམ་མཁའ་ལྟ་བུར་ཅུང་ཟད་ཀྱང་གང་དུ་ཡང་ནམ་དུ་ཡང་སྐྱེ་བ་འམ་འགག་པར་མི་འགྱུར་རོ་ཞེ་ན་སྨྲས་པ། །མངོན་སུམ་དང་འགལ་བའི་ཕྱིར་ཏེ། འདི་ལྟར་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར ་ནི་སྣང་ངོ། །དེ་ལྟར་ན་རེ་ཞིག་དངོས་པོ་རྣམས་རང་གི་ངོ་བོ་ལས་མི་སྐྱེའོ། །གཞན་ལས་ཞེས་བྱ་བ་ནི་བདག་ལས་སོ་།གཞན་བསྐྱེད་པར་བྱེད་པ་དང། འཇིག་པར་བྱེད་པའི་བདག་ཡོད་དོ་ཞེས་གྲགས་ཏེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ནི་བདག་གི ་ཡོན་ཏན་ཡིན་ལ། །བདག་ནི་ནང་གི་བྱེད་པའི་སྐྱེས་བུར་ཡོད་དེ། དེ་ཡོད་ན་འགྲོ་བ་དང་འོང་བ་དང། གཡོ་བ་དང། རྟག་པ་དང། སེལ་བ་དང། རློམ་སེམས་དང། བྱ་བ་དང་ལས་དང། དེ་ཉིད་དང་གཞན་ཉིད་དུ་ཡང་འཇུག་གོ་།མིག་ལ་སོགས་པ ་བདག་གི་ཡོན་ཏན་ཡིན་ཏེ། གཞན་གྱི་དོན་ཡིན་པའི་ཕྱིར་མལ་ཆ་ལ་སོགས་པའི་ཡན་ལག་གཞན་ཞེས་བྱ་བ་ལ། གཞན་ཞེས་བྱ་བའི་སྒྲས་ནི་བདག་ཡིན་པར་བརྗོད་དོ། །མིག་ལ་སོགས་པ་ནི་དེའི་ཡོན་ཏན་ཡིན་ན། །ཕྱིའི་དོན་ནི་གཞན་གྱི་དོན་ཏེ། ་དཔེར་ན་མལ་ཆ་ལ་སོགས་པ་གཞན་དུ་ཉེ་བར་སྦྱོར་བ་ལ་གཞན་གྱི་དོན་ཞེས་བྱ་བ་ལྟ་བུའོ། །གཞན་གྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མལ་ཆའི་དཔེ་དང་མི་སྦྱོར་ཏེ། འདུས་པ་ཡིན་པའི་ཕྱིར་རོ། །བདག་ནི་འདུས་པ་མ་ཡིན་པའི་ ་རང་གི་ངོ་བོ་ཡིན་ན། ཇི་ལྟར་ན་བདག་འདུས་བ་མ་ཡིན་ཞིང་བདག་ལུས་མེད་པ་ལ་མལ་ཆ་ལ་སོགས་པའི་ཡན་ལག་འདུས་པའི་རང་གི་ངོ་པོས་ཕན་འདོག་པར་རུང། དེ་བས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དང། འདུས་པ ་མ་ཡིན་པ་གཞན་གྱི་དོན་སྒྲུབ་པར་བྱེད་པས་མལ་ཆའི་དབྱེ་བས་མལ་ཆའི་དཔེ་འདུས་པ་གཞན་གྱི་དོན་ཁོ་ན་སྒྲུབ་པ་ཡིན་ནོ། །བདག་འདུས་པ་ཡིན་པས་རྒྱུ་དང་རྐྱེན་ལས་སྐྱེ་བ་ཐོབ་པ་ལ་ད་དང་ངའི་ཞེས་རློམ་པ་འཇུག་པའི་ཕྱིར་སེམས་ཁོ་ན་ལ་བདག ་ཅེས་བྱའི། འདི་ལ་ནང་གི་བྱེད་པའི་སྐྱེས་བུ་རུས་སྦལ་གྱི་སྤུའི་རང་བཞིན་དང་འདྲ་བ་རིགས་པ་དང་རྗེས་སུ་དཔག་པ་དང་བྲལ་བ་ནི་འགའ་ཡང་མེད་པོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་དངོས་པོ་ནི་གཞན་ལས་སྐྱེས་པ་རུང་བ་མ ་ཡིན་པ་གསུངས་སོ། །གལ་ཏེ་དེ་ལྟར་དངོས་པོ་རྣམས་བདག་ལས་མ་ཡིན་ཀྱང་སྐྱེ་བར་མི་འགྱུར། གཞན་ལས་ཀྱང་མ་ཡིན། འོན་དངོས་པོ་རྣམས་གཉིས་ལས་སྐྱེས་པར་འགྱུར་སྙམ་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ་གཉིས་དང་ཕྱིར་སྨྲས་པ་གཉིས་དང་ཕྱེད་པ་དུས་ལས་མིན ་ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་ལས་མ་ཡིན་ནོ། །གཞན་ལས་ཀྱང་མ་ཡིན་ནོ། །གཞན་དག་ནི་བདག་དང་གཞན་འབྲེལ་པ་ལས། དངོས་པོ་རྣམས་སྐྱེ་བར་རྟོགས་ཏེ། དེའི་ཕྱིར་གཉིས་ཉིད་དུ་བརྗོད་པ་དེ་ལྟ་ན་འང། བདག་ལས་མ་དམིགས་པའི་ཕྱིར་དང། ་གཞན་ལས་མིན་པའི་ཕྱིར་གཉིས་ལས་མིན་ཞེས་སྨོས་ཏེ། རྒྱུ་དང་རྐྱེན་མ་གཏོགས་པ་བདག་དང་གཞན་མེད་དོ་ཞེས་བཅོམ་ལྡན་འདས་བྱིས་གསུངས་སོ། །གལ་ཏེ་གཉིས་ཕྲད་ཀྱང་སྐྱེ་བ་དང་འཇིག་པར་མི་འདོད་ན། འོ་ན་བྱེད་པ་གཞན་དབང་གིས་སྐྱེ་བ་དང་འཇིག་པར་འགྱུར་རོ ་ཞེས་ཁ་ཅིག་ཟེར་ཏེ་མུ་སྟེགས་བྱེད་གཞན་དག་བྱེད་པ་པོ་ཞེས་བྱ་བ། ཐོག་མའི་བྱེད་པ་པོ་ཞེས་བྱ་བ་ཐོག་མའི་བྱེད་པ་པོ་རྟག་པ་རྒྱུན་མི་འཆད་པ། ཁྱབ་པའི་བདག་འགའ་ཞིག་ཡོད་དེ། དེས་ཕྱི་དང་ནང་འདི་ཐམས་ཅད་སྐྱེད་ཅིང་འཇིག་པར་བྱེད་དོ་ཞེས་རྟོགས ་སོང་དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། དངོས་པོ་རྣམས་སྐྱེ་བ་དང། གནས་པ་དང། འཇིག་པ་ཉིད་ནི་བྱེད་པ་པོ་ལ་རག་ལས་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུ་དང་རྐྱན་འབྲེལ་བ་ལས་དངོས་པོ་རྣམས་འཇུག་པར་སྣང་ངོ། །བྱེད་པ་པོ་ནི་ན་མཁའ་བཞིན་འགྱུར ་བ་མེད་པའི་ཕྱིར་དེ་ལ་རག་མ་ལས་ཏེ་སྐྱེ་བ་དང། གནས་པ་དང། འཇིག་པ་ཉིད་དུ་རུང་བ་མ་ཡིན་ནོ། གལ་ཏེ་ཅིའི་ཕྱིར་ཞེ་ན། བྱེད་པ་པ་འགྱུར་བ་མེད་པ་བྱེད་པ་མེད་པ་ནམ་མཁའ་ཨི་བདག་ཉིད་ལ་ནི་བྱ་བ་དང། ལས་ཅུང་ཟད་ཀྱང་མེད་དོ། །དངོས་པོ་སྐྱེ་བ་དང་ལྡན་པ་རྣམS ་ལ་རྒྱུ་དང་རྐྱེན་ལ་དག་ལས་ཏེ། འཇུག་པ་ཉིད་ཀྱི་རིམ་པར་འབྱུང་བར་སྣང་ངོ། །གང་གི་ལྟར་ན་བྱེད་པ་པོ་ལ་རག་ལས་ཏེ་འཇུག་པ་དེའི་ལྟར་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང། གནས་པ་དང། འཇིག་པ་ཉིད་རྟག་ཏུ་ཉེ་བར་འགྱུར་རོ། །བྱེད་པ་པོ་རྟག་པའི་ཅིག་ཆར་པ་དངོས ་པོ་རྣམས་སྐྱེ་བ་དང། གནས་པ་དང། འཇིག་པར་འགྱུར་བ་འམ། ཡང་ན་འགའ་ཡང་སྐྱེ་བ་དང། གནས་པ་དང། འཇིག་པར་མི་འགྱུར་རོ། །རྟོག་པའི་ཕྱིར་གང་ལ་འང་ཅུང་ཟད་ཀྱང་ཀྱ་བ་དང། འཇིག་པར་མི་ཡེད་དོ། ད།ངོས་པོ་རྒྱུ་དང་རྐྱེན་ལ་རག་ལས་ཏེ ་འཇུག་པ་རྣམས་ཁོ་ན་ལ་བྱེད་པ་པོ་དང། བྱ་བ་དང། རྒྱུད་དང་འབྲས་བུ་སྐྱེ་བོས་འདྲ་བའི་རིམ་པ་འབྱུང་བ་དམིགས་ཀྱི། སྐྱེ་བ་མེད་པ་ནམ་མཁའ་ཨི་ཨུཏཔལ་ལ་སོགས་པ་ནི་སྐྱེ་བ་དང་ནས་པ་དང་འཇིག་པར་རུང་བ་མ་ཡིན་ནོ། །རྒྱུ་འགྱུར་བ་མེད་པ་ལས་ཕན ་ཚུན་རག་ལས་ཏེ། འཇུག་པར་བྱ་བ་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་ངེས་པ་ནི་རུང་བ་མ་ཡིན་ཏེ། རྟག་པའི་དངོས་པོ་ལས་སྐྱེས་པ། །མི་རྟག་རུང་བ་མ་ཡིན་ཉིད། རྒྱུ་ལས་འགྱུར་བ་མེད་པའི་ཕྱིར། །ཡང་ན་འདྲ་བ་ཁོ་ནར་བྱེད། །རྒྱུ་དང་འབྲས་བུ་ཐ་དད་ན། མི ་འགྱུར་བར་ནི་ཇི་ལྟར་འགྱུར། །རྒྱུ་ལ་འགྱུར་བ་ཡང་ཡོད་པའི་ཕྱིར། །དེ་མིའང་བའི་ཕྱོགས་ཉམས་སོ། །བྱ་བ་དང་མི་ལྡན་པ་མོ་གཤམ་གྱི་བུའི་དེ་དག་རྣམས་ལ་ནི་འགའ་ཡང་བྱ་བ་དང་ལས་ངེས་པར་རུང་བ་མ་ཡིན་བཅོམ་ལྡན་འདས་ཆོས་རྣམས་ལ་མི ་བསླུ་བས་དངོས་པོ་རྣམས་སྐྱེ་བའི་བྱ་བ་བྱེད་པ་པོ་ལ་རག་ལས་པ་མ་ཡིན་གྱི། འོན་ཀྱང་རྒྱུ་དང་རྐྱེན་འདུས་པ་ཡོད་ན་དངོས་པོ་རྣམས་སྐྱེ་བ་དང། འཇིག་པ་དག་རུང་ངོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་འདི་ལ་དངོས་པོ་རྣམས་སྐྱེ ་བ་དང། གནས་པ་དང། གཞན་དུ་འགྱུར་བ་ལ་སོགས་པ་ཁས་བླང་པར་བྱ་སྟེ། དངོས་རྣམས་སྐྱེ་དང་གནས་པ་ཡིས། །རྒྱུ་ནི་དབང་ཕྱུག་ཡིན་རིག་བྱ། །གཞན་དག་དེ་ལྟར་ལོག་རྟོགས་ཤིང། ཇི་ལྟར་མ་ཡིན་དེ་ལྟར་བརྗོད། །གཞན་དག་ནི་སེམས ་ཅན་དང། སྣོད་ཀྱི་འཇིག་རྟེན་སྐྱེ་བ་དང། གནས་པ་དང། འཇིག་པ་དག་ནི་དབང་ཕྱུག་གིས་བྱས་ཤིང་འཇིག་པ་རྟོགས་ཏེ། དབང་ཕྱུག་དེའི་སེམས་ཀྱི་དབང་གིས་ལུས་དང། ས་གསུམ་དང། བྱེད་པ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་སྨྲས་སོ། ་གཞན་དག་ནི་སེམས་བསྐྱེད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང། ཡི་དགས་དང། དུད་འགྲོ་དང། ལྷ་དང་མི་ལ་སོགས་པ་དང། རིམས་དང། དུག་དང། ནད་དང། བུད་མེད་དང། སྐྱེས་བ་དང། མ་ནིང་དང། གཟུགས་བཟང་བ་དང། གཟུགས ་མི་སྡུག་པ་དང། ཚོམ་རྐུན་པ་དང། གཡོན་ཅན་དང། རྐུན་མ་དང། ཕྱི་བོ་བྱེད་པ་དང། སྲོག་གཅོད་པ་དང། བརྫུན་དུ་སྨྲ་བ་དང། ཆང་འཐུང་བ་དང། རྒྱན་པོ་ལ་འཇུག་པ་དང། མཛའ་འཁོབ་དང། རི་ཁྲོད་པ་དང། གཡུང་པོ་དང། སྙིང་རྗེ་མེད ་པ་དང། གཏུམ་པོ་དང། ཚིག་རྩུབ་པོ་སྨྲ་བ་དང། བྲམ་ཟེ་གསོད་པ་དང། ཕ་མ་གསོད་པ་དང། བ་ལང་གསོད་པ་དང། གཤེད་མ་ལ་སོགས་པ་དང། གནོད་སྦྱིན་དང། སྲིན་པོ་དང། མཁའ་འགྲོ་མ་ལ་སོགས་པ་དང། གཞན་གསོད་པར་བྱེད་པ་ཐམS ་ཅད་དང། བདེ་བ་དང། སྡུག་བསྔལ་ལ་སོགས་པ་དང། །མཐོ་རིས་དང། བྱང་གྲོལ་དེ་ཐམས་ཅད་སེམས་བསྐྱེད་པ་ཙམ་གྱིས་བྱུང་ངོ་ཞེས་ཟེར་རོ། །དབང་ཕྱུག་བྱེད་པ་པོར་སྨྲ་བ་ཤེས་རབ་ཤིན་ཏུ་ཞན་པ་ཉིད་དང། སོང་བའི་རྗེས་སུ་འགྲོ་བ་ཉིད་ཀྱིས ་རིགས་པའི་ཁྱད་པར་དང་འབྲལ་དེ་ལ་གུས་ཤིང་གཞོལ་བས་སྔ་ཕྱི་འགལ་བས་བྱིས་པ་གཞོན་ནུ་གདོལ་པ་བཞིན་དུ་དོན་ཇི་ལྟ་བ་ཉིད་མ་ཡིན་པ། མངོན་སུམ་ལ་སོགས་པ་འགལ་བ། སྦྱིན་པ་དང། དུལ་བ་དང་ཡང་དག་པར་སྦོམ་པ་དང། འདོད་པ་ལ་མི་འདོད་པའི ་འབྲས་བུ་དང། ལེགས་པར་བྱས་པ་དང། ཉེས་པ་བྱས་པའི་ལྔ་དང། བགྲོད་པར་བྱ་བ་དང། བགྲོད་པར་བྱ་བ་མ་ཡིན་པ་དང། བཟའ་བ་དང། མི་བཟའ་བ་དང། མཐོ་རིས་དང། བྱང་གྲོལ་ལ་སོགས་པའི་འབྲས་བུ་དང་འགལ་བ། རིགས་པ་དང། སྲུང་ལ་སོགས་པ་དང་འགལ? ་བ་ཚིག་ཙམ་ཕྱོགས་སུ་བྱས་ནས་རང་གིས་མི་ཤེས་པའི་ལིང་ཏོག་གིས་མིག་བསྒྲིབས་པས་ནུས་པ་མེད་པའི་ཕྱིར་ཕྱུགས་སུ་གྱུར་པ་རྣམས་ནི་ཕྱུགས་པས་ཀྱང་ཆེས་ཕྱུགས་ཏེ། །མི་མངོན་པ་མོ་གཤམ་གྱི་བུའི་རང་བཞིན་ཕྱུགས་བདག་ལ་བརྟེན་ཏེ། འགྲོ་བ་སྐྱེས་ཤ? ་གནས་པ་དང། །འཇིག་པའི་རྒྱུ་ནི་དབང་ཕྱུག་ན། །དེ་ཡི་སྐྱེ་ཞིང་གནས་པ་དང། །འཇིག་པའི་རྒྱུ་དང་བརྗོད་དགོས་སོ། །སྐྱེ་བ་དང། གནས་པ་རྒྱུ་དང་བཅས་པ་ཉིད་དུ་ཁས་ལེན་ན་ནི་རྟག་པར་སྨྲས་པ་ཉམས་པར་འགྱུར་བས་སྨྲས་བ་བཏང་སྟེ། ཕྱིན་ཅི་ལོག་ཏུ ་བསྒྲུབས་པའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་པ་ཉིད་ཁོ་ནར་གྲུབ་པར་འགྱུར་རོ། །འདོད་པ་ཙམ་གྱིས་སྐྱེས་ན་ནི། འགྲོ་བ་ཐམས་ཅད་ཅིག་ཅར་སྐྱེ་བ་དང། གནས་པ་དང། འཇིག་པར་འགྱུར་རོ། །དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། ཐམས་ཅད་དང་རྟག་ཏུ ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་བ་དང། ངན་སོང་དང། ཞེ་འགྲས་པ་དང། མི་གཙང་བ་དང། །བྱས་པ་མི་གཟོ་བ་ལ་སོགས་པ་འབྱིན་པ་ནི་དགོས་པ་ཁྱད་པར་མེད་པའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། །དེའི་འབྱིན་པའི ་ངལ?་བ་འབྲས་བུ?་མེད་དོ། །དགོས་པ་མེད་ལ་ལ་ནི་རྟོག་པ་སྔོན་དུ་གཏོང་པ་རྣམས་འཇུག་པ་མེད་དེ། དགོས་པས་མ་ཁྱབ་པའི་ཕྱིར་རོ། །དེ་དག་དགོས་པ་དང་ལྡན་པ་ལ་ལོག་ན་རྟོག་པ་སྔོན་དུ་གཏོང་པ་རྣམས་ཀྱི་འཇུག་པ་དེ་ཡང་ལྡོག་པས་མ་གྲུབ ་པའི་དོན་ཉིད་ཡིན་ནོ། །རྒྱུ་དང་རྐྱེན་ནི་ཚང་བ་ན། །རིམ་གྱིས་སྐྱེ?་དང་འཇིག་པ་དང། །མངོན་སུམ་དུ་ནི་སྲུང་བ་སྟེ། །མ་ཚང་ན་ཡང་སྐྱེ་བ་མེད། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདེ་བ་དང་སྡུག ་བསྔལ་ལ་སོགས་པ་སྐྱེ་ཞིང་གནས་པ་དང། འཇིག་པ་ནི་རིམ་པ་ཁོ་ནས་དམིགས་ཏེ། དེའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་ནོ། །དེ་ངེས་པོ་འགའ་ཡང་སྐྱེ་བ་དང། གནས་པ་དང། འཇིག་པར་མི་རུང་སྟེ། མངོན་སུམ་དང་འགལ ་པ་དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ནོ། །མངོན་སུམ་ལས་བརླིང་པའི་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་ཐམས་ཅད་ལ་གྲགས་སོ། །གཅིག་པུ་དོན་བྱེད་ཡོད་མིན་ཞིང། །རྩེ་དང་རབ་དཔུང་མེད་པ་ལ། །ཡོན་ཏན་ཟབ ་མོ་ཉིད་དང་ནི། །ལྟ་སྤྱོད་སེམས་པ་སོགས་མི་རིགས། །གཅིག་པུ་བྱ་བ་དང་ལྡན་པ་དང་མི་ལྡན་པ་ལ་ཡོན་ཏན་ཟབ་མོ་ཉིད་དམ་གཟུགས་ལ་སོགས་པ་དམིགས་པའི་སེམས་ལ་ཉིད་མི་རུང་པས་དེ་ནི་མི་མཐུན་ནོ། །རྒྱུ་ནི་ཀུན་ནས་ཡོད ་ཡིན་ན། །ཇི་ལྟ་བུར་ན་རྐྱེན་ཉིད་ཡིན། །རྒྱུ་མིན་ཉིད་ནི་བྱེད་མེད་ཕྱིར། །ཇི་ལྟར་དབང་ཕྱུག་ཆེ་དབང་བྱེད། །དངོས་རྣམས་བྱེད་པ་དབང་ཕྱུག་ཆེ། །དེ་ཡང་བྱེད་པོར་མི་འདོད་ན། །ཕ་མེད་པར་ནི་བུ་འབྱུང་བ། །དེ་ནི་འདོད་དང་མཐོང ་བ་མེད། །རིགས་པ་སྨྲ་རྣམས་རྒྱུ་དང་ནི། །རྒྱུ་མཐུན་དྲ་བ་ཉིད་དུ་འདོད། །རྟོགས་ལས་འབྲས་བུ་རྟག་རིགས་ཏེ། །མི་རྟག་ལས་ཀྱང་མི་རྟག་ཉིད། །སཱ་ལུའི་ས་བོན་ལས་འབྲས་བུ། །ལས་ཀྱི་མྱུ་གུ་སྐྱེ་མ་མཐོང། །དེ་བཞིན་དབང་ཕྱུག་ཆེ ་རྟག་ནི། །དངོས་པོ་རྣམས་ནི་རྟག་ཏུ་འབྱུང། །ཇི་ལྟར་མེ་ཡིས་ཐམས་ཅད་སྲེག་།དེ་བཞིན་གལ་ཏེ་དབང་ཕྱུག་འདོད། །མེ་ཡི་རྒྱུ་ནི་མེ་གཞན་ལ། །དབང་ཕྱུག་ལ་ནི་རྒྱུ་ཡོད་མིན། །རིམ་གྱིས་འཇུག་པས་མེ་རྒྱུན་ལ། །ཐམས་ཅད་སྲེག་པ་ཡང ་འདོད་ན། །དབང་ཕྱུག་ལ་ནི་འགྱུར་མེད་པས། །མེ་དང་འདྲ་བར་རུང་མ་ཡིན། །དེ་ལྟར་ནི་དབང་ཕྱུག་བྱེད་པ་པོ་ཉིད་དུ་ཁས་ལེན་པ་ལ་ཉེས་པ་མེད་དུ་ཡོད་པས། །བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སྐྱེ་བ་དབང་ཕྱུག་གིས་བྱས་འང་མི་རུང་ངོ་ཞེས ་གཡུངས་སོ། །གཞན་དག་ནི་ཐམས་ཅད་དུས་ཀྱིས་བསྒྱུར་པར་འདོད་དོ། །དེ་དག་ནི་འདི་སྐད་སྨྲས་ཏེ། དངོས་པོ་རྣམས་སྐྱེ་ཞིང་གནས་པ་ནི། །དུས་ཀྱིས་བསྒྱུར་བར་བྱེད་པ་སྟེ། །དངོས་རྣམས་ཀྱ་དང་གནས་པ་ཡང། །དུས་ཀྱིས་སྡུད་པར་བྱེད་པ་ཉིད ་དེ་ལ་འདི་སྐད་བརྗོད་དེ། འདི་ལ་དུས་ཞེས་བྱ་བ་ཅི་ཡིན་རྟག་པ་འམ། མི་རྟག་པའམ། ཕོ་འམ། མོ་འམ། མ་ནིང་གི་རང་བཞིན་ནམ། ལྷ་འམ། ཤ་ཟ་འམ། ལུས་ཅན་ནམ། ལུས་ཅན་མ་ཡིན་པའམ། བྱ་བ་མེད་པ་དང་ལྡན་པ་ཞིག ་གལ་ཏེ་དེ་རྟག་བྱ་བ་ལས། དེ་ལ་རག་ལས་རུང་མ་ཡིན། །ཅིག་ཅར་སྐྱེ་བར་འགྱུར་དེ་ཡང། །འགལ་བའི་ཕྱིར་ནི་མི་འདོད་དོ། །མི་རྟག་ཉིད་ན་དུས་མིན་གྱི། །རྒྱུ་དང་རྐྱེན་ནི་འབྲེལ་ཕྱིར་རོ། །གལ་ཏེ་སྐྱེས་པ་བུད་མེད་དང། མ་ནིང ་སོགས་ཡིན་ཅི་སྨྲ་འགལ། །ལུས་ཅན་ལུས་མེད་བྱ་བ་སོགས། །ཡིན་ན་ཕན་ཚུན་འགལ་བ་ཡིན། །རྟག་པ་ཉིད་ནི་མི་འགྱུར་ཕྱིར། །བྱ་དང་ལས་ནི་འགལ་བར་འགྱུར། །དེ་ལྟར་ན་དུས་སུ་སྨྲ་པ་རྣམས་དུས་ཀྱི་དབང་གིས་དངོས་པོ་རྣམས་སྐྱེ་བ་དང། ་གནས་པ་དང། འཇིག་པར་ཁས་ལེན་པ་ཡང་རུང་བ་མ་ཡིན་པས་དེ་ཡང་བཟོད་པ་མ་ཡིན་པ་ཉིད་དོ། །ཉི་མ་དང། ཟླ་བ་དང། སྐར་མ་དང། དུས་ཚིགས་དང་ལོ་ལ་སོགས་པ་དང། ཕྱི་ནང་གི་དངོས་པོ་རྣམས་སོང་བ་དང། འགྲོ་པར་འགྱུར་པའི ་ངོ་བོའི་ཕྱིར་དངོས་པོ་རྣམས་སྐྱེ་བ་དང། གནས་པ་དང། འཇིག་པ་ནི། དུས་ཀྱིས་བསྒྱུར་བར་མི་རུང་ངོ། །གཞན་ཡང་རང་བཞིན་དུ་སྨྲས་པ་དག་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རང་བཞིན་ལས་འབྱུང་བར་འདོད་དེ། དངོས་པོ་རང་བཞིན ་ཁོ་ནར་ཟད་ཀྱིས། དངོས་པོ་འགའ་ཨི་བསྐྱེད་པ་འམ། །འཇིག་པར་བྱེད་པའི་རྒྱུ་ནི་འགའ་ཡང་མེད་དོ། །སྲ་བ་དང། གཤེར་བ་དང། དྲོ་བ་དང། ཡང་བ་ཉིད་དང། འཇམ་པ་དང། རྣོ་བའི་རང་བཞིན་ཉིད་དང། མངར་བ་དང ་སྐྱུར་བ་དང། ལན་ཚྭ་དང། ཁ་བ་དང། སེམས་ཅན་མ་ཡིན་པའི་དབྱེ་བ་ཉིད་དེ། །ལྷ་མི་དུད་འགྲེལ་སོགས་དང། །རྒྱལ་པོ་བྲམ་ཟེ་རིགས་ངན་སོགས། །ལེགས་པར་བྱས་དང་ཉེས་བྱས་དང། །བདེ་སྡུག་རྟག་ཏུ་གནས་པ་ཉིད། །དེ་ལྟར་རང་བཞིན་ཡིད ་གཉིས་ཀྱིས། །སེམས་འཁྲུལ་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རང་བཞིན་ལ་ནི་འགྱུར་མཐོང་བས། །མངོན་སུམ་ལ་སོགས་འགལ་ཕྱི་རོ། །གང་ལ་འགྱུར་བ་ཡོད་པ་དེ། །འགྱུར་བ་མེད་པ་ཇི་ལྟར་འགྱུར། །གསལ་བ་དུ་མ་ཐ་དད ་ལ། །ཀྱེ་བ་དང་ནི་འཇིག་པ་སྣང། །སྐྱེ་དང་འཇིག་དང་འབྲེལ་ན་ནི། །མི་འགྱུར་པར་ནི་ཇི་ལྟར་འགྱུར། །རང་བཞིན་འགྱུར་བ་མེད་པའི་ཕྱིར། །སྐྱེས་བུ་ལ་སོགས་དོན་མེད་ན། །རིགས་དང་རྒྱལ་པོ་ཞིང་སོགས་ལ། །དེ་དག་གིས་ཡང་འབྲས་བུ ་སྣང། །རང་བཞིན་འགྱུར་བར་འགྱུར་ན་ནི། །རྟག་པར་སྨྲ་བ་ཉམས་པར་འགྱུར། །དེ་ལྟ་བས་ན་རྒྱུ་རྐྱེན་དུ། །སྨྲ་བ་རྣམས་ཀྱི་ལམ་འདི་རིགས། །དེ་ལྟར་ན་རང་བཞིན་དུ་སྨྲ་བ་ཡང་ཕན་ཚུན་འགལ་བ་ཉིད་པས་དངོས་པོ་རྣམས་ཀྱི་སྐྱེ་བ་དང། ་གནས་པ་དང། འཇིག་པ་ནི་རང་བཞིན་ལས་བྱུང་བར་མི་རུང་ངོ་ཞེས་གསུངས་སོ། །འོན་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང། གནས་པ་དང། འཇིག་པ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། གཞན་རྒྱུ་མེད་པ་ཅན་དུ་སྨྲས་པ་རྣམས་རྒྱུ་མེད་པ་ཁོ་ནར་དངོས་པོ ་རྣམས་སྐྱེས་བ་དང་འགག་པར་རྟོག་གོ། །རྒྱུ་མེད་པར་སྨྲས་པར་ཁས་ལེན་ན་རྒྱུ་ངེས་པ་མེད་པའི་ཕྱིར་བྱས་པ་ཆུད་ཟ་བ་དང། མ་བྱས་པ་དང་ཕྲད་པ་དང། ཐུག་པ་མེད་པར་ཡང་འགྱུར་ལ། །ལེག་པར་བྱས་པ་དང། ཉེས་པར་བྱས་པ་ལ་སོགས ་པ་དང། ཕ་དང། བུ་དང། བྲམ་ཟེ་དང། རྒྱལ་རིགས་དང། རྗེའི་རིགས་དང། དམང་རིགས་དང། ཁྱི་ཤ་ཅན་ལ་སོགས་པ་དང། གཅད་བ་དང། མི་གཙང་བ་དང། བགོད་པར་བྱ་བ་དང། བགྲོད་པར་བྱ་བ་མ་ཡིན་པ་དང། བཟའ་བ་དང། མི་བཟའ་ ་བ་དང། ལྷ་དང། ཤ་ཟ་ལ་སོགས་པ་དང། སྦྱིན་པ་དང། དུལ་བ་དང། ཡང་དག་པར་སྡོམ་པ་དང། བཟླས་བརྗོད་དང། དཀའ་ཐུབ་སྨྱུང་བ་དང། ངེས་པ་དང། མཆོད་སྦྱིན་ཤེས་པ་དང། མི་ཤེས་པ་ལ་སོགས་པའི་རྒྱུ་ངེས་པ་མེད་པའི་ཕྱིར ་ཕན་ཚུན་བྱེ་བྲག་ངེས་པར་རྣམ་པར་བཞག་པར་ཡང་མི་འགྱུར། །དེ་བས་ན་ཉེས་པ་དེར་ཐལ་བར་འགྱུར་དུ་འོང་བས་རྒྱུ་མེད་པར་སྨྲས་བ་ཡང་འཇིག་རྟེན་ལ་སོགས་པ་དང་འགལ་བའི་ཕྱིར་མ་གྲུབ་པ་ཉིད་དོ། །གང་གཞན་གཙོ་བོ་དང། རྡུལ་ཕྲ ་རབ་ལ་སོགས་པ་དང། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བ་སྨྲ་བ་ལ་སོག་པ་དེ་དག་ཀྱང་འདི་ཉིད་ཀྱིས་དགག་པར་བྱའོ། །དེའི་ཕྱིར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ཀྱིས་མིན། །དེ་བཞིན་དབང་ཕྱུག་སོགས ་བྱས་མིན། །རང་བཞིན་ལས་མ་ནི་རྒྱུ་མེད་མིན། །ཞེས་གསུངས་སོ། །རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང། །ཐོག་མེད་པ་ཡི་དུས་ཅན་སྣང། །ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སྲོས་པའི་བག་ཆགས་ཀྱི་ས་བོན་རྒྱུན་མི་ཆད་པར་ཆུ་བའི་རྒྱུན ་འབབ་པ་བཞིན་རྗེས་སུ་འཇུག་པས། །རྒྱུ་དང་རྐྱེན་གྱིས་འཇུག་པ་དང། ཐོག་མ་མེད་པའི་དུས་ཅན་སྣང་བ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། འོན་ཀྱང་ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་དང། དུས་ཀྱི་ཁམས་རྣམས་འདུས ་ནམ་ས་བོན་དགག་པ་ན་མྱུ་གུ་སྔོན་པོར་འགྱུར་ཞེས་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་མེད་པ་ལས་བྱུང་བ་དང། བདག་དང་གཞན་དང། ཉིས་ཀ་དང། དབང་ཕྱུག་ལ་སོགས་པ་དང་བྲལ་བའི་ས་བོན་དང་ས་ལ་སོགས་པ་ཉིད་ལས་མར་གུ་ལ་ ་སོགས་པ་སྐྱེ་བར་འགྱུར་རོ་ཞེས་བྱའོ། །རྒྱུ་ལྔ་དག་གིས་ཕྱི་རོལ་གྱི། །རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་ཅེས་བྱ་བ་ལ། རྒྱུ་ལྔ་དག་གིས་ཞེས་བྱ་བ་ནི་རྒྱུ་ལྔ་པོ་དག་གིས་སོ། །ཕྱི་རོལ་གྱི་ཞེས་བྱ་བ་ནི་ས་བོན་ལ་སོགས ་པའི་འོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་རོ། །རྟག་པར་མ་ཡིན་ཆད་པར་མིན། །འཕོ་པར་མ་ཡིན་རྒྱུ་ཆུང་ལས། །འབྲས་བུ་ཆེན་པོ་འགྲུབ་པ་དང། །འདྲ་བའི་རྗེས་སུ་འགྲོ་ཕྱིར་ཡང། །ཞེས་བྱ་བ་སྨོས་ཏེ། ? ་པར་མ་ཡིན་ཞེས་བྱ་བ་ནི། གང་གི་ཕྱིར་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཉིད་དེ། །མྱུ་གུ་གང་ཡིན་པ་དེ་ཉིད་ཀྱང་ས་བོན་མ་ཡིན་ལ། །ས་བོན་ཉིད་ཀྱང་མྱུ་གུ་མ་ཡིན་ལ། །ས་བོན་མ་འགགས་ན་ཡང་མྱུ་གུ་མི་འབྱུང་ལ། །འགགས ་ན་ཡང་མ་ཡིན་གྱི། འོན་ཀྱང་ས་བོན་ཡང་འགགས་ལ། །མྱུ་གུ་ཡང་སྐྱེ་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཆད་པར་མིན་ཞེས་བྱ་བ་ནི་ས་བོན་སྔར་འགགས་པ་ལས་ཀྱང་མྱུ་གུ་མི་སྐྱེ་ལ། །མ་འགགས་པ་ལས་ཀྱང་མ་ཡིན་གྱི་འོན་ཀྱང་ས་བོན་ཡང? ་འགགས་ལ། དེ་ཉིད་ཀྱི་ཚེ་མྱུ་གུ་འབྱུང་བར་འགྱུར་ཏེ། །དེ་བས་ན་ཆད་པར་མ་ཡིན་ནོ། །འཕོ་བར་མ་ཡིན་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་མི་འདྲ་བ་ཁོ་ན་སྟེ། དེའི་འཕོ་བར་མ་ཡིན་ནོ། །རྒྱུ་ཆུང་དུ་ལས་ཞེས་བྱ་བ་ནི་ས་བོན་ཆུང་དུ་བཏབ་པ་ལས་སོ། །འབྲས ་བུ་ཆེན་པོ་འགྲུབ་པ་ཞེས་བྱ་བ་ནི་རྒྱུ་ཆུང་དུ་དེ་ལས་འབྲས་བུ་མང་པོ་མངོན་པར་འགྲུབ་པ་སྟེ། འདྲ་བར་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་དེའི་ཕྱིར་རྒྱུ་ཆུང་དུ་ལས་འབྲས་བུ་ཆེན་པོ་འབྱུང་ངོ། །འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང་ཞེས་བྱ་བ་ནི་ས་བོན་ཇི་ལྟ་བུ ་ཁོ་ནའི་འབྲས་བུ་མངོན་པར་འགྲུབ་པས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། འདྲ་བར་འབྲས་བུ་མངོན་པར་འགྲུབ་པའི་ཕྱིར་རོ། །ས་བོན་མྱུ་གུ་ཐ་དང་ཕྱིར། །ས་བོན་རྟག་པ་ཉིད་མ་ཡིན། །ཆད་པར་མི་འགྱུར་གང་གི་ཕྱིར། །ས་བོན་ཡོད་ན་མྱུ་གུ་སྟེ། ། ་ས་བོན་འདྲ་བ་འགྲུབ་པའི་ཕྱིར། །དེ་དང་མི་འདྲ་ཡང་མི་འདོད། །མྱུ་གུ་འབྲས་བུ་ལ?་སོགས་པ། །མྱུ་གུ་འཕོ་ཡང་ཡོད་མ་ཡིན། །ས་བོན་ཆང་རབ་གཅིག་ཡོད་ན། །ས་བོན་ཉིད་ལས་འབྱུང་འགྱུར་ཏེ། །དེ་བས་རྒྱུ་ནི་ཚང་བུ་ལས། །འབྲས་བུ་ཆེད?་?་སྐྱེ ་ཕྱིར་རོ། །ས་བོན་སཱ་ལུ་སོགས་བཏབ་ལས། །འབྲས་བུ་བྲེ་རྒོད་ལ་སོགས་མིན། །དེ་ཉིད་ཀྱི་ཕྱིར། མྱུ་གུ་ས་བོན་ལྟར་མི་འདོད། །རྒྱུ་མེད་མྱུ་གུ་སྐྱེ་བ་འང་མེད། །འགག་དང་སྐྱེ་བ་མགོ་མཉམ་སྟེ། །སྲད་མདའི?་མིག་གཞུག་མཐོ་དམན་བཞིན། །ཞེས ་བྱ་བ་སྨོས་ཏེ། དེ་ལྟར་ན་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འགྱུར་བ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་བསགས་པར་བལྟ་པར་བྱའོ། །དེ་བཞིན་ནང་གིའང?་རྒྱུ་དང་ནི། །རྐྱེན་གྱི་རྣམ་པ་གཉིས་སུ་བཞེད། །དེ་བཞིན་ནང་གི་ཞེས་བྱ་བ་ནི། །ཕྱི་རོལ་གྱི་རྟེན་ཅིང ་འབྲེལ་པར་འབྱུང་བ་བཞིན་དུ་རྒྱུ་དང་རྐྱེན་གཉིས་དང་འབྲེལ་པའི་ཕྱིར་ཐ་དད་པ་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །རྒྱུ་དང་རྐྱེན་གྱི་རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲལ་བ་དང། རྐྱེན་དང་འབྲེལ་པས་རྣམ་པ ་གཉིས་སུ་ཁོང་དུ་ཆུད་པར་བྱའོ། །བཞེད་ཅེས་བྱ་བ་མངོན་པར་བཞེད་པ་དང། དགོངས་པ་དང། མངོན་དུ་བཞེད་བྱ་བའི་ཐ་ཚིག་གོ་།དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྒྱུ་དང་འབྲེལ་པ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྨྲས་པ་འདིའི་རྒྱུ་དང ་པོ་མ་རིག་པ། ཐ་མ་འཆི་ཡིན་གོ་རིམ་བཞིན་དེ་ལ་ཐོག་མར་མ་རིག་པ་བསྟན་པའི་ཕྱིར་དང་པོར་མ་རིག་པའོ། ?་མར་འཆི་བའི་ཡན་ལག་བསྟན་པའི་ཕྱི་མཐ་མ་འཆི་བའོ། །དེ་དག་གི་བར་གང་ཡིན་པ་དེ་དག་ནི་དབུས་སུ་འདོད་དོ། །དེ་ཉིད་ཀྱི་ཕྱིར ་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིད་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱ་མཆེད་དྲུག་གིས་རྐྱེན་གྱིས་རེག་པ། རེག་པའི ་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་བཅུ་གཉིས་ཉོན་མོངས་ལས། །སྐྱེ་བཅས་བདག་ཉིད་ཆ་གསུམ་ནི། །རྒྱུ་དང་རྐྱེན ་ལས་བྱུང་བ་སྟེ། །བྱེད་པ་ལ་སོགས་རྣམ་པར་སྤངས། །ཉེན་མོངས་པ་དང། ལས་དང་སྐྱེ་བ་གཞན་དབང་གིས་བདག་ཉིད་འདི་ཡང་ཆ་གསུམ་གྱིས་རྣམ་པར་བཞག་སྟེ་ཉོན་མོངས་པའི་གཞན་གྱི་དབང་གི་དེ་ཉིད་དང་ལS་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དང། སྐྱེ་བའི་? ་གྱི་དབང་གི་ངོ་བོ་ཉིད་ཀྱིས་སོ་།དེ་ལ་ཉོན་མོངས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གསུམ་སྟེ། མ་རིག་པ་དང། སྲེད་བ་དང། ལེན་པ་རྣམས་སོ། །ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གཉིས་སོ། །འདུ་བྱེད་དང ་སྲིད་པ་དག་གོ་།སྐྱེ་བའི་གཞན་གྱི་དབང་གི་མཚན་ཉིད་ནི་ཡན་ལག་ལྷག་མ་བདུན་ཏེ། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྐྱེ་བ་དང། རྒ་ཤི་རྣམས་སོ། །ཡང ་ཞེས་བྱ་བའི་སྒྲས་ནི་བསྡུས་པར་བྱ་བར་ལྟ་སྟེ། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། ཡིད་མི་བདེ་བ་དང། འཁྲུག་པ་ལ་སོགས་པ་དང། སྡུག་པ་དང་བྲལ་བ་དང། །མི་སྡུག་པ་དང་ཕྲད་པ་དང། འདོད་པས་ཕོངས་པ་ལ་སོགS ་པ་བསྡུའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ནི་ངོ་བོ་ཉིད་གསུམ་དུ་རིག་པར་བྱའོ། །དེ་ཡང་བྱེད་པ་པོ་ལ་སོགས་པ་དང། ངོ་བོ་ཉིད་ཀྱིས་བྲལ་བར་ཤེས་པར་བྱའོ། །སཱ་ལུ་ལྗང་པའི་མདོའི་རྒྱ་ཆེར ་བཤད་པ།། །།བམ་པོ་གསུམ་པ། །གལ་ཏེ་དང་པོ་མ་རིག་མེད། །ཐ་མ་འཆི་བ་འབྱུང་མི་འགྱུར། ཞེས་བྱ་བ་ལ། གལ་ཏེ་དང་པོ་མ་རིག་པ་མེད་ཅེས་བྱ་བ་ནི་གལ་ཏེ་མ་རིག་པ་མེད་པར་གྱུར་ན། འདུ་བྱེད་རྣམས་མི་འབྱུང ་བ་ཉིད་དོ། །དེ་བཞིན་དུ་གལ་ཏེ་རྒ་བ་དང་འཆི་བའི་བར་དུ་མེད་པར་གྱུར་ན་མྱ་ངན་ལ་སོགས་པར་འཇུག་པར་མི་འགྱུར་རོ། །དེ་དག་ལས་གཞན་བདག་དང་ནི། །བདག་གི་ཞེས་པ་གང་ནའང་མེད། ཅེས་བྱ་བ་ནི། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིS ་འདུ་བྱེད་ལ་སོགས་པ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་པ་ནས་རྒ་ཤིའི་བར་དུ་ཡང་འདི་སྙམ་དུ་བདག་གིས་མྱ་ངན་ལ་སོགས་པ་མངོན་པར་སྒྲུབ་པོ་སྙམ་དུ་མི་སེམས་སོ། ། །འདུ་བྱེད་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་ནི་མ་རིག་པ ་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་རྒ་ཤི་ཡང་འདི་སྙམ་དུ་བདག་ཅག་ནི་སྐྱེ་བ་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུའོ། །དང་པོ་མ་རིག་བྱུང་ནས་ནི། །ཐ་མ་ཤི་བ་འང་སྣང་བར་འགྱུར་།ཞེས ་བྱ་བ་ནི་མ་རིག་པ་ཡོད་པ་ལས་འདུ་བྱེད་ལ་སོགས་པ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བས་ན་ན་ཤི་ཡོད་པ་ལས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་བར་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་རོ། །དེ་ལྟར་འདི་ནི་ནང་གི་རྒྱུ། ཞེས་བྱ་བ ་ནི་དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ། །ནང་གི་རྟེན་ཅིང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། སྨྲས་པ། འདི་ཡི་རྐྱེན་ནི་རྣམ་པ་དྲུག་།འདིའི་ཞེས་བྱ་བ་ནི་ནང་གིའོ། །རྐྱེན་ཞེས་བྱ་བ་ནི་ཚོགས་པའོ་།རྣམ་པ ་དྲུག་ཅེས་བྱ་བ་ནི་རྣམ་པ་དྲུག་གོ་།ཐ་མ་རྣམ་ཤེས་ཐོག་མས། །ནང་གི་རྐྱེན་དུ་འདོད་པ་ཡིན། །རྣམ་པར་ཤེས་པ་ཐ་མར་ཡོངས་སུ་བསྟན་པའི་ཕྱིར་ཐ་མ་རྣམ་ཤེས་སོ། །ཐོག་མ་ནི་ས་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། ཁམས་དྲུག་འདུས་པ་སྟེ། ་ས་དང་ཆུ་དང་མེ་དང། རླུང་དང་ནམ་མཁའ་དང། རྣམ་པར་ཤེས་པ་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་པ་རྐྱེན་དང་འབྲེལ་བར་བལྟའོ་ཞེས་གསུངས་སོ། །སྲ་དང་རྗེས་སུ་སྡུད་པ་དང། སྨིན་དང ་དབུགས་འཕེལ་གོ་འབྱེད་ཉིད། །ཅེས་བྱ་བ་ནི་དེ་ལ་ནད་གི་སའི་ཁམས་གང་ཞེ་ན། གང་ལུས་དང། འབྲེལ་པ་སྲ་བ་དང། རྩུབ་བ་དང། ཧྲུད་ཧྲུད་པོ་དང། མཁྲང་བར་གྱུར་པ། སྐྲ་དང། སྡུ་དང། སེན་མོ་དང། སོ་དང། རྡུལ་དང། དྲི་མ ་དང། པགས་པ་དང། ཤ་དང། ཆུ་རྒྱུས་དང། རུས་པ་དང། དེ་ལྟ་བུ་ལ་སོགས་པ་གཞན་ཡང་ལུས་འདི་ལ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་དེ་གཅིག་ཏུ་བསྡུས་ཏེ་སའི་ཁམས་ཞེས་བྱའོ། །རྗེས་སུ་སྡུད་པ་ཞེས་བྱ་བ་ནི་སྡུད་པ་དང་འབྲེལ་པ ་དང། མཉེན་པ་དང། འཁྱུད་པ་དང་།གོང་བུར་བྱེད་པ་དང། གཤེར་བ་ཉིད་དང། འདི་ལྟ་སྟེ། མཆིལ་མ་དང། རྡུལ་དང། །སྣབས་དང། ཞག་དང། རྐང་དང། ཁུ་ཆུ་དང། གཅིན་དང། ཕྱིས་དང། ཁྲག་དང། ཆུ་སེར་དང། ཀླད་པ་དང། ་ཕོ་བ་དང། ལོང་ཁལ་སོགས་པ་དང། གཞན་ཡང་ལུས་འདི་ལ་དེ་ལྟ་བུའི་གཤེར་བའི་རང་བཞིན་ཡོད་པ་ནི་ཆུའི་ཁམས་ཞེས་བྱའོ། །སྨིན་པ་ཞེས་བྱ་བ་ནི་སྨིན་པར་བྱེད་དེ། །སྨིན་པ་དང། ཚེས་པ་དང། སྨིན་འགྱུར་དང། དྲོད་དང། མེ་དང། གདུང་བ ་དང། ཚ་བ་དང། ལྷམ་པ་དང། གང་ལུས་འདིའི་ནད་ན་ཟོས་པ་དང། འཐུངས་པ་དང། འཆོས་པ་རྣམས་ལེགས་པར་བདེ་བར་འཇུ་བར་བྱེད་པ་གཞན་ཡང་གང་ཅུང་ཟད་ནི་ཡང་རུང་སྟེ། དེ་ལྟ་བུ་དེ་ཐམས་ཅད་ནི་མེའི་ཁམས་ཞེས་བྱའོ། །དབུགས་ཞེས་བྱ་བ ་ནི་རླུང་གི་ཁམས་ཏེ། དབུགས་ནི་དབུགས་འབྱུང་བ་དང། དབུགས་རྡུབ་པ་དང། ཚིག་དང་སྒྱུ?་བ་དང། འགྲོ་བ་དང། འོད་པ་དང། ཞུམ་པ་དང། འཕེལ་བ་ཞེས་བྱ་བ་ནི། ལུས་ནི་རྒྱས་པ་དང། སྒྱེད་པ་དང། གཡོ་བ་དང། འགུལ་བ་དང། ལྡག ་པ་དང། རྒྱས་པར་གྱུར་པ་དང། འཕེལ་པ་དང། ཆམ་པ་དང། ལུང་པ་དང། སྒྱིགས་བུ་དང། སྤྲིད་པ་དང། སྟོད་ཀྱི་རླུང་དང། སྨད་ཀྱི་རླུང་དང། གཞན་ཡང་ལུས་འདིའི་ནད་ན་གང་ཅུང་ཟད་དེ་ལྟ་བུ་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རླུང་གི་ཁམས ་ཞེས་བྱའོ། །གོ་འབྱེད་ཅེས་བྱ་བ་ནི་སྒྲིབས་པ་མེད་པས་གོ་འབྱེད་པའོ། །སྒྲིབས་པ་ནི་ཐོགས་པ་དང་བཅས་པ་དང། །སྒྲིབས་པ་དང་བཅས་པའོ། །སྦུ་བུ་དང། སྦུབས་དང། གསེང?་དང། བུ་ག་སྟེ། ཁའི་བུ་ག་དང། རྣ་བའི་ཕུ་ག་དང། སྣའི་བུ་ག ་དང། མིག་གི་བུ་ག་ལ་སོགས་པ་ལུས་ཀྱི་ནང་གི་སྦུབས་འདི་ནི་ནམ་མཁའ་ཨི་ཁམས་ཞེས་བྱའོ། །ཤེས་དང་གཟུགས་ཀྱི་རྗེས་འཇུག་པ། །རྣམ་ཤེས་ལྔ་དང་ལྡན་པ་དང། །དེ་ན་ཉོན་མོངས་ཅན་ཡིད་ཀྱང། །འདི་རྣམས་ནང་གི་རྐྱེན་ཡིན་ནོ། །དེ་ལ ་མིང་གི་རྗེས་སུ་འཇུག་པ་དང། གཟུགས་ཀྱི་རྗེས་སུ་འཇུག་པ་ནི་ནང་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྣམ་ཤེས་ལྔ་དང་ལྡན་པ་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔའི་ཆོགས་གང་ཡིན་པའོ། །དེ་ལ་ཉོན་མོངས་ཅན་ཡིད་ཀྱང་ཞེས་བྱ་བ་ནི་ཉོན ་མོངས་ཅན་གྱི་ཡིད་དེ། དེ་དག་དང་འབྱུང་བ་ཆེན་པོ་བཞི་གཅིག་ཏུ་བསྡུས་ནས་མདུད་ཁྱིམ་གྱི་ཚུལ་དུ་མིང་དང་གཟུགས་ཞེས་བྱའོ། །དེ་ལ་མིང་ཞེས་བྱ་བ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། ་རྣམ་པར་ཤེས་པ་ཞེས་བྱ་བ་དང། །གཟུགས་ཞེས་བྱ་བ་ཕ་མའི་ཁུ་ཆུ་དང། ཁྲག་ལས་གྱུར་བ་སྲིད་པ་བར་མའི་ཕུང་པོ་ལ་བརྟེན་ནས་དང་བོར་མིང་དང། གཟུགས་མངོན་པར་འགྲུབ་པ་གང་ཡིན་པ་དེ་དང། ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ ་དད་བཅས་པ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞི་བདག་ཉིད་དེ། །བདག་ཏུ་རྨོངས་པ་དང། བདག་ཏུ་ང་རྒྱལ་དང། བདག་ལ་ལྟ་བ་དང། བདག་ལ་ཆགས་པ་ཞེས་བྱ་བ་ཉོན་མོངས་པ་བཞི་པོ ་འདི་རྣམས་དང་ལྡན་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཅེས་བྱ་བ་གཅིག་ཏུ་བསྡུས་པ་ལ་མིང་དང་གཟུགས?་ཞེས་བྱའོ། །ཁམས་རྣམས་འདུས་པར་གྱུར་པ་ལས། །ལུས་ནི་སྐྱེ་བར་འདོད་པ་ཡིན། ཞེས་བྱ་བ་ནི། བཤད་མ་ཐག ་པའི་ཁམས་དྲུག་གོ་།འདུས་པར་གྱུར་པ་ལས་ཞེས་བྱ་བ་ནི་མ་ཚད་པ་མེད་པ་ལས་སོ། །ལུས་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལS་གྱུར་པ་འདུས་པའི་གོང་བུའོ། །སྐྱེ་བ་ཞེས་བྱ་བ་ནི་འབྱུང་བར་རོ། །འདོད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་སྟེ། འདི ་ལ་བྱེད་པ་པོ་ལ་སོགས་པ་ནི་མེད་དོ་སྙམ་དུ་བསམས་པའོ། །དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བ་མེད་པར་འདོད། །ཅེས་བྱ་བ་ནི་བདག་ཅག་གིས་འདི་དག་བསྐྱེད་དོ་སྙམ་པ་དང། དེ་རྣམས་ཀྱིས་བདག་ཅག་བསྐྱེད་དོ་སྙམ་དུ་དེ ་རྣམས་གཅིག་ལ་གཅིག་རྟོག་པ་མི་སྐྱེའོ། །དེ་དག་ཡོད་ན་སྐྱེ་འགྱུར་ཏེ། དེ་དག་མེད་ན་འབྱུང་བ་མེད། །རྐྱེན་རྣམས་མེད་ན་ལུས་སྐྱེ་བར་མི་རུང་གི་།གང་གི་ནང་གི་རྐྱེན་ལ་སོགས་པ་མཆེད་པ་མེད་པ་དེའི་ཚེ་འདུས་པ་ལས་ལུས་སྐྱེ་བར་འགྱུར་ལ། ་མ་ཚད་ན་ལུས་སྐྱེ་བར་མི་འགྱུར་རོ། །དེ་རྣམས་བདག་སོགས་མི་ལྡན་པ། །གཞན་ཡང་སུའི་ཡང་མ་ཡིན་ནོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན་ཏེ། བ་དང་ང་ཡི་སྙམ་པའི་རློམ་སེམས་པ་དང་བྲལ་བའི་ཕྱིར་རོ། །སེམས་ཅན་མ་ཡིན ་པ་ནི་སེམས་དང། ཡིད་དང། རྣམ་པར་ཤེས་པ་བྲལ་བའི་ཕྱིར་རོ། །སྲོག་མེད་པ་ནི་གཡོ་བ་མེད་པའི་ཕྱིར་རོ་།སྐྱེས་བོ་མ་ཡིན་པ་ནི། བསྐྱེད་པར་བྱ་བ་དང། སྐྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །ཤེད་ལས་སྐྱེས་བ་མ་ཡིན་པ་ནི། ཤེད་དང་བྲལ་བའི ་ཕྱིར་རོ། །ཤེད་བུ་མ་ཡིན་པ་ནི་ནང་ན་འདུག་པའི་ཤེད་བུ་ལྟ་བུ་མེད་པའི་ཕྱིར་རོ། །བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནི་དེ་མ་ཡིན་པ་ནི་ནང་གི་བུད་མེད་དང། སྐྱེས་པ་དང། མ་ནི་ད་གི་བདག་ཉིད་མེད་པའི་ཕྱིར་རོ། །ད་དང་བདག་མེད་མ་ཡིན ་ཞེས་བྱ་བ་ནི་བདག་དང་བདག་གིར་རློམ་པ་དང་བྲལ་པའི་ཕྱིར་རོ། །གཞན་ཡང་སུ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང། བྱ་བ་དང་ལས་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་ཆུ་དང། མ་དང་རླུང་དང་ནམ་མཁའ་དང ་རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། །ཤེད་ལས་སྐྱེས་པ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནི་དམ་ཡིན། ད་མ་ཡིན། བདག་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པ ་གཞན་ཡང་སུའི་ཡང་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གང་ཅིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབས། །དེ་ལ་མ་རིག་པ་གང་ཞེ་ན། སྨྲས་པ། སྲིད་གསུམ་སྒྲིབ་པ་ཞེས་བྱའོ། །སྲིད་པ་གསུམ་ནི་སྲིད་གསུམ་སྟེ། འདོད་པའི་སྲིད ་པ་དང། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲེད་པའོ། །དེ་དག་ཀྱང་སེམས་ཅན་དང། སྣོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱིས། རྣམ་པ་གཉིས་སུ་བཞག་གོ་།ཡང་ཁམས་དང། འགྲོ་བ་དང། སྐྱེ་གནས་ཀྱི?་བྱེ་བྲག་གིས་ནི་རྣམ་པ་གསུམ་དུ་བཞག་གོ་། ་ཇི་ལྟར་ཞེ་ན། སྨྲས་པ། དེ་ལ་འདོད་པའི་ཁམས་གནས་རིགས་སུམ་ཅུ་རྩ་དྲུག་གི་རྣམ་པར་རིག་པ་སྣང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ལ་རིལ་པོ་གཅིག་པར་རྟོག་ཅིང་འདུ་ཤེས་པས་འཛིན་པའི་ཕྱིར་མ་རིག་པ་ཞེས་བརྗོད་དོ། །དེ་ལ་གནS ་སུམ་ཅུ་རྩ་དྲུག་ནི་ཚ་བའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དང། གྲད་པའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང། ཐིག་ནག་དང། སྡུད་འཇོམས་དང། དུ་འབོད་དང། དུ་འབོད་ཆེན་པོ་དང། ཚ་བ་དང། རབ་ཏུ་ཚ་བ་དང། ་མནར་མེད་པ་ཞེས་བྱ་བ་ཚ་བའི་དམྱལ་བ་བརྒྱད་དང། །ས་ཆུ་ཟེར་ད་དང། ཀྱི་ཧུད་ཟེར་བ་དང། སོ་ཐམ་ཐམ་པ་དང། ཆུ་བུར་ཅན་དང། ཆུ་བུར་བརྡོལ་བ་དང། པདྨ་ལྟར་གས་པ་དང། པདྨ་ཆེན་པོ་ལྟར་གས་པ་དང། ཨུཏཔལ་ལྟར་གྱེས་པ་ཞེས་བྱ་ ་པའི་རང་བཞིན་ཡིན་པའི་ཕྱིར་གྲང་བའི་དམྱལ་བ་བརྒྱད་དང། ཉི་ཚེ་བ་དང། ཉེ་འཁོར་བ་དང། ཡི་དགས་རྣམས་ཀྱི་གནས་དང། དུད་འགྲོ་རྣམས་ཀྱི་གནས་དང། ལྷ་མ་ཡིན་རྣམས་ཀྱི་གནས་དང། གླིང་བཞི་དང། ་བར་གྱི་གླིང་བརྒྱད་དོ། །དེ་ལ་ཡི་དགས་རྣམས་ཀྱི་གནས་ནི་མྱ་དམ་དང། འབྲོག་དགོན་པ་ནའོ། །དེ་ལས་གཞན་དུ་གྱེས་པ་ནི་གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང། དུར་ཁྲོད་དང། རི་དང། འབྲོག་དང། རི་བོར?་དང། གླིང་དང། ་ཆུ་ཀླུང་དང། མཚོ་དང། ལྟེང་ཀ་དང། རྫིང་དང། ཁྲོན་པ་དང། སྐྱེད་མོས་ཚལ་དང། གནས་དང། ལྷ་ཁང་དང། མ་མོའི་ཁྱིམ་དང། ཀླུའི་གནས་དང། ལྟད་ཀ་དང། མྱ་དམ་དང། མཚེའུ་དང། ཤིང་དང། ཁང་སྟོང་དང། ལམ་པོ་ཆེ་དང། ་ཀླུང་གི་དྲུང་དང། དགོན་པའི་གནས་དང། གཡང་ས་དང། ཟབ་པ་དང། གཟིངས་ཀྱི་གནས་དང། སྲད་དང། ལམ་པོ་ཆེ་དང། ཚོང?་ཁང་དང། བཞི་མདོ་དང། སུམ་མདོ་དང། མུ་སྟེགས་བསོད་ནམས་བྱེད་པའི་གནས་དང། ཆུ་འདུས ་ལ་སོགས་པར་གནས་བཅས་ཏེ་རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་གང་མི་ཤེས་པ་འདི་ནི་མ་རིག་པ་ཞེས་བྱའོ། །དུད་འགྲོའི་གནས་ནི་རྒྱ་མཚོ་ཆེན་པོའི་ནང་ནའོ། །སྐྱེ་བའི་གནས་ནི་བཞི་སྟེ། ་སྒོ་ང་ལས་སྐྱེ་བ་དང། མངལ་ལས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བ་དང། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་རྣམ་པར་རིགས་པའི་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་རིག་པའི་རྣམ་པ་སྣང་བ་རྣམ་པར་རྟོག་པའི་བག ་ཆགས་ཀྱིས་བསྒོམ་པའི་རྒྱུ་ཅན་ཏེ། །དེ་ལས་གཞན་དུ་གྱེས་པ་ནི་བུང་བུ་དང། ཕག་པ་དང། སྦྲེའུ་དང། གླང་པོ་ཆེ་དང། རྔ་མོ་དང། རྟ་དང། རི་དགས་དང། མ་ཧེ་དང། བ་ལང་དང། བ་མེན་དང། འབྲི་དང། ཁྱི་དང། ཝ་དང། ནེའུ་ལེ་དང། ་བྱིང་དང། སེངྒེ་དང། སྟག་དང། དྲེད་དང། དོམ་དང། སྤྱང་གི་དང། ཕྱིལ་དང། ཉ་དང། རུ་སྦལ་དང། ཆུ་སྲིན་དང། ཆུ་སྲིན་བྱིས་པ་གསོང་བ་དང། སྦྲུལ་དང། གྲོག་སཱུར་དང། སྡོམ་དང། ཕྱེ་མ་ལེབ་དང། སྲེག་པ་དང། གྲོག་མ་དང། སྲིན་བུ་དང། གྲོག་མཁར ་དང། སྐྱིན་གོང་དང། ཤིག་དང། འབུ་དང། ཆུ་ན་གནས་པ་དང། ནེ་ཙོ་དང། རི་སྒེགས་དང། ཁུ་བྱུག་དང། མོ?་བྱ་དང། ངང་པ་དང། ཁྲུང་ཁྲུང་དང། ཁྭ་དང། བྱ་རྒོད་དང། འུག་པ་དང། ཤང་ཤང་ཏེའུ་དང། མདབ་བཟངས་ལ་སོགས་པ ་གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་སྣང་བའི་རྣམ་པ་ལ་གནས་བཅས་པ་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །ལྷ་མ་ཡིན་རྣམས་ཀྱི་གནས་བཞི་ནི་རི་རབ་ཀྱི་བང་རིམ་བཞིའི་ནང་ནའོ། །དེ་ནས ་གཞན་དུ་བྱིས་པས་གནས་བཅས་པ། རི་དང། འབྲོག་དང། ཚལ་དང། སྐྱེད་མོས་ཚལ་དང། ཀླུང་དང། གྲོང་ལ་སོགས་པ་རང་གི་ལས་ཀྱི་དབང་ལས་ཀྱི་རྣམ་པར་རིག་པའི་སྣང་བ་རྣམ་པར་རྟོག་པ་ལས་བྱུང་བའི་གནས་གཞན་དག་གང་མི་ཤེས་པ་འདི་ཡང ་མ་རིག་པ་ཞེས་བྱའོ། །སེམས་ཅན་དམྱལ་བ་རང་གི་ལས་ཀྱི་དབང་མཐུན་པའི་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ཀྱི་མཚོ་ཆེན་པོ་མ་དྲོས་པ་ནས་དཔག་ཚད་ཉི་ཁྲིའི་འོག་ན་སྣོད་ཀྱི་རྣམ་པར་རིག་པའི་རང་བཞིན་རྩ་བར་གྱུར་པའི་གནས་གཞན་མངོན་པར ་འགྲུབ་པོ། །དེ་ལས་གཞན་དུ་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་སོགས་པའི་སྣོད་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་རི་དང། འབྲོག་དང། མྱ་བམ་དང། རི་སུལ་དང། གཡང་ས་དང། ཆུ་འགྲམ་ལ་སོགས་པའི་གནས་མངོན་པར་གྲུབ་པ ་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །གླིང་བཞི་ནི་ཤར་གྱི་ལུས་འཕགས་དང། ལྷོའི་འཛམ་བུའི་གླིང་དང། ནུབ་ཀྱི་བ་ལང་སྤྱོད་དང། བྱང་གི་སྒྲ་མི་སྙན་ནོ། །བར་གྱི་གླིང་བརྒྱད་ཅེས་བྱ་བ་ནི། ཤར་གྱི་ལུས་འབགས་ཀྱི་འཁོར ་ལུས་དང། ལུས་འཕགས་དང། ལྷོའི་འཛམ་བུའི་གླིང་གི་འཁོར་གཡོ་ལྡན་དང། ལམ་མཆོག་འགྲོ་དང། ནུབ་ཀྱི་བ་གླང་སྤྱོད་ཀྱི་འཁོར་རྔ་ཡབ་དང། རྡ་ཡབ་གཞན་དང། བྱང་སྒྲ་མི་སྙན་གྱི་འཁོར་སྒྲ་མི་སྙན་དང། སྒྲ་མི ་སྙན་གྱི་ཟླའོ། །གླིང་དང་ཉེ་བའི་གླིང་དེ་དག་རབ་ཏུ་དབྱེ་བས་རྣམ་པ་མང་པོར་ཐ་དད་དེ། རང་གི་རྣམ་པར་ཤེས་པ་སྣང་བ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྤྲོས་པ་སྣ་ཚོགས་པའི་བག་ཆགས་ཀྱིས་བགོས་པ་དེ་ལྟ་བུ་མི་ཤེས་པ་གང་ཡིན་པ་འདི་ཡང ་མ་རིག་པ་ཞེས་བྱའོ། །ལྷ་དྲུག་གི་སེམས་ཅན་གྱི་སྣོད་ཀྱི་རྣམ་པར་རྣམ་པར་རིག་པ་སྣང་པའི་བྱེ་བྲག་ཐུན་མོང་དང། ཐུན་མོང་མ་ཡིན་པའི་ངོ་བོ་མ་ལུས་པ་ལ་གོང་བུར་འཛིན་པའི་རྟག་པའི་དབང་གིས་བྱུང་བ་རྣམས་གང་མི་ཤེས་པ་འདི་ཡང་མ་རིག་པར ་ཞེས་བྱའོ། །དེ་ལ་ལྷའི་རིགས་དྲུག་ཅེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དོ། །གཞན་ཡང་གང་རིག་སྔགས་འཆང་གྲུབ་པ་དང ་དྲང་སྲོང་དང། ནམ་མཁའ་ལྡིང་དང། དྲི་ཟ་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། ཀླུ་དང། གནོད་སྦྱིན་ལ་སོགས་པ་དང། རྒྱུ་སྐར་དང། གཟའ་དང། སྐར་མ་དང། ཟླ་བ་དང། ཉི་མ་འཁོར་དང་བཅས་པ་ལ་གཞལ་མེད་ཁང་དང་བཅས་ཏེ ་སྐྱེ་བ་དང་འཇིག་པ་རང་གི་ལས་ཀྱི་དབང་གིས་རྣཾ་པར་རིག་པའི་སྣང་བ་རྣཾ་པར་རྟོག་པའི་བག་ཆགས་ཀྱི་རྗེས་སུ་སོང་བ་རྣཾས་དང། སྒོ་ང་ལས་སྐྱེ་བ་དང། མངལ?་ནས་སྐྱེ་བ་དང། དྲོད་གཤེད་ལས་སྐྱེ་བ་དང། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ། ་སྣ་ཚོགས་ཀྱི་རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོས་པའི་རྒྱུན་ཅན་བོང་བུ་དང། ཕག་དང། སྦྲེའུ་དང། གླང་པོ་ཆེ་དང། རྔ་མོ་དང། རྟ་དང། རི་དགས་དང། མ་ཧེ་དང། བ་གླང་དང། བ་མེན་དང། འབྲི་དང། ་ཁྱི་དང། ལྔ་དང། ནེའུ་ལེ་དང། བྱི་བ་དང། སེངྒེ?་དང། སྟག་དང། དྲེང་དང། དོམ་དང། སྤྱང་ཀི་དང། བྱི་ལ་དང། ཉ་དང། རུས་སྦལ་དང། ཆུ་སྲིན་དང། ཆུ་སྲིན་བྱིས་པ་གསོང་པ་དང། སྦྲུལ་དང། གྲོག་སྦུར་དང། སྡོམ་དང། ཕྱེ་མ་ལེབ་དང། སྡིག་པ ་དང། གྲོག་མོ་དང། སྲིན་བུ་དང། གྲོག་མཁར་དང། སྐྱན་གོང་དང། ཤིག་དང། འབུ་དང། ཆུ་ནི་གནས་པ་དང། ནེ་ཅོ་དང། རི་སྐེགས་དང། ཁུ་བྱུག་དང། རྨ་བྱ་དང། དད་པ་དང། ཁྲུང་ཁྲུང་དང། ཆུ་སྐྱང་དང། ཁབ?་དང། བྱ་རྒོད་དང། འུག་པ་དང། ཤང ་ཤང་ཏེའུ་དང། མདབ་བ་ཟངས་ལ་སོགས་པ་གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་རིག་པ་སྣང་བའི་རྣམ་པ་ལ་གནས་བཅས་ཏེ། དེ་ལྟར་ན་འགྲོ་བ་སྐྱེ་གནས་ཐ་དང་པ་དུ་མའི་བྱེ་བྲག་གིས་ཐ་དང་པའི ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཞེས་གྲགས་པ་ཐུན་མོང་དང། ཐུན་མོང་མ་ཡིན་པའི་བྱེ་བྲག་ལ་རྟོག་པ་རིལ་པོར་འཛིན་པ་ལས་བྱུང་བ་གཅིག་ཏུ་བསྡུས་ནས་འདོད་པའི་ཁམས་ཞེས་བྱའོ། །ཡང་སྨྲས་པ། ཁམས་འགྲོ་སྐྱེ་གནས་བྱེ་བྲག་གིས། ་འདོད་སྲིད་རྣམ་པ་སུམ་ཅུ་དྲུག་།ལྷ་དྲུག་མི་ནི་བཅུ་གཉིས་དང། དམྱལ་བ་བཅུ་དྲུག་དུད་འགྲོ་དང། ཡི་དགས་ལྷ་མ་ཡིན་དུ་བཅས། །དེ་ལྟ་བུའི་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་བག་ཆགས་ལས་བང?་བ་གང་མི་ཤེས་ཡོངས་སུ་མི་ཆོད་བ། བསྒྲིབས་པ་མི ་གསལ་བ་ཁོང་དུ་མཆུད་པ་ཡོངས་སུ་མི་ཤེས་པ། མུན་པ་མུན་ནག་དང། སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། དབུས་དང། རྒྱུ་དང། ལས་དང། འབྲས་བུ་དང། བདེན་པ་དང། དཀོན་མཆོག་དང། སྡུག་བསྔལ་དང། ཀུན་འབྱུང ་དང། འགོག་པ་དང། ལམ་མི་ཤེས་པ་གང་ཡིན་པ་དེ་མ་རིག་པ་སྟེ། ཁམས་གསུམ་གྱི་སྒྲིབ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང། རིལ་པོར་འདུ་ཤེས ་པ་དང། རྟག་པར་འདུ་ཤེས་པ་དང། ཐེར་ཟུག་ཏུ་འདུ་ཤེས་པ་དང། བདེ་པར་འདུ་ཤེས་པ་དང། བདག་ཏུ་འདུ་ཤེས་པ་དང། སེམས་ཅན་དུ་འདུ་ཤེས་པ་དང། སྲོག་ཏུ་འདུ་ཤེས་པ་དང། སྐྱེས་བུར་འདུ་ཤེས་པ་དང ་གང་ཟག་ཏུ་འདུ་ཤེས་པ་དང། ཤེལ་ལས་སྐྱེས་སུ་འདུ་ཤེས་པ་དང། ཤེད་བུར་འདུ་ཤེས་པ་དང། ད་ཞེས་བྱ་བ་དང། བདག་གི་ཞེས་བྱ་བ་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མེ་ཤེས་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བསྟན་ཏོ། ། ་དེ་ལ་སའི་ཁམས་ནི་རྫས་བརྒྱད་ཡིན་པའི་ཕྱིར་གཅིག་པུར་འདུ་ཤེས་པ་མི་རུང། །རྡུལ་ཕྲ་མོ་རྣམས་ནི་ཕན་ཚུན་བསགས་པའི་བདག་ཉིད་མ་ཡིན་པའི་ཕྱིར་རིལ་པོར་འཛིན་པར་མི་རུང་ངོ། །རྒྱུ་རྐྱེན་འབྲེལ་བར་འཇུག་པའི་ཕྱིར་རྟག་པར་འདུ ་ཤེས་པར་མི་རུང་ངོ། །ཡུན་རིང་དུ་མི་གནས་པའི་ཕྱིར་ཐེར་ཟུག་ཏུ་འདུ་ཤེས་པ་མེད་དོ། །སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་བརྟན་པར་འདུ་ཤེས་པ་མེད་དོ། །འདུ་བྱེད་དང། འགྱུར་བའི་སྡུག་བསྔལ་དང་ལྡན་པའི་ཕྱིར་བདེ་པར་འདུ ་ཤེས་པ་མེད་དོ། །མི་གཙང་པའི་རྫས་རྣམ་པ་སུམ་ཅུ་རྩ་དྲུག་འདུས་པའི་ཕྱིར་གཙང་པར་འདུ་ཤེས་པ་མེད་དོ། །འབྱུང་བ་དང། འབྱུང་བ་ལས་གྱུར་པའི་རྫས་མ་དུ?་ཡིན་པའི་ཕྱིར་བདག་ཏུ་འདུ་ཤེས་པ་མེད་དོ། །སེམས་དང་སེམས་ལས ་བྱུང་བས་བྱིན་གྱིས་བརླབས་པའི་ཕྱིར་སེམས་ཅན་དུ་འདུ་ཤེས་པ་མེད་དོ། །བྱ་བ་མེད་པའི་ཕྱིར་སྲོག་ཏུ་འདུ་ཤེས་པ་མེད་དོ། །ཡང་འགྲོ་བ་དང། འོང་བ་དང་བྲལ་བའི་ཕྱིར་གང་ཟག་ཏུ་འདུ་ཤེས་པ་མེད་དོ། །ང་དང་ང་ཡིར་རློམ་སེམས ་དང་བྲལ་བའི་ཕྱིར་ཤེད་ལས་དང། ཤེད་བུར་འདུ་ཤེས་པ་མེད་དོ། །ང་ཞེས་བྱ་བ་དང། བདག་གི་ཞེས་བྱ་བ་ལ་སོགས་པ་དང་བྲལ་པའི་ཕྱིར་ཤེད་ལས་སྐྱེས་ལ་སོགས་པ་འདུ་ཤེས་པ་མི་རིགས་སོ། །དེ་ལྟར་ན་ཁམས་དྲུག་པོ་མི་རྟག ་པ་ལ་སོགས་པའི་རང་གི་ངོ་བོ་དེ་དག་མི་ཤེས་པ་གང་ཡིན་པ་འདི་ནི་མ་རིག་པ་ཞེས་བྱའོ། །དེ་ལ་མ་རིག་བཞེས་བྱ་བ་ནི་རིག་པ་མ་ཡིན་པ་མ་རིག་པའོ་།རིག་པ་མེད་པ་ནི་མ་ཡིན་ཏེ། མེད་པ་ནི་ཅི་ཡང་མ་ཡིན་ནོ། །མ་རིག་པ་རིག་པ་ལས་གཞན ་དུ་རིག་པ་གཞན་ཉིད་ཡིན་ནོ། །དེ་བས་ན་མེད་པ་དགག་པ་ཡང་མ་ཡིན། གཞན་ཉིད་ཀྱང་མ་ཡིན་ནོ། །འོན་ཅི་ཞེ་ན། འགལ་བ་ཡིན་ཏེ། མ་རིག་པ་ནི་རིག་པ་མ་ཡིན་པ། རིག་པའི་ཆོས་དང་འགལ་བ་མ་རིག་པ་ཞེས་བྱའོ། །གཞན་འཕྲུལ ་དབང་བྱེད་ཀྱི་ལྷ་དེ་གོང་ཡན་ཆད་གནས་བཅུ་བདུན་གྱི་རྣམ་པའི་རྣམ་པར་རིག་པ་སྣང་པ་ནི་གཟུགས་ཀྱི་ཁམས་སོ། །དེ་འབྱུང་བ་ནི་སེམས་ཅན་དང། སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་རྣམ་པར་རྟོག་པའི ་དབང་གིས་བྱུང་ངོ། །གནས་དག་ནི་བསམ་གཏན་བཞི་བསྒྲོམས་པ་རྣམ་པ་གསུམ་དང་ལྡན་པས་ཚངས་རིགས་ལ་སོགས་པ་བཅུ་གཉིས་དང། བསམ་གཏན་བཞི་པ་སྤེལ་བར་བསྒོམ་པ་དང་ལྡན་པས། གནས་གཙང་མའི་གནས་ལྔའོ། ། ་དེ་ལ་དང་པོ་ཚངས་རིས་པ་དང། ཚངས་པ་མདུན་ན་འདོན་དང། ཚངས་པ་ཆེན་པའོ། །གཉིས་པ་ནི་འོད་ཆུང་དང། ཆད་མེད་དང། འོད་གསལ་ལོ། །གསུམ་པ་ནི་དགེ་ཆུང་དང། ཚད་མེད་དགེ་དང། དགེ་རྒྱས། །བཞི་པ་ནི ་སྤྲིན་མེད་དང། བསོད་ནམས་སྐྱེས་དང་འབྲས་བུ་ཆེའོ། །གནས་གཙང་མ་ཡི་ནི་མཆེ་བ་དང། མ་གདུང་བ་དང། ཤིན་ཏུ་མཐོང་དང། གྱ་ནོམ་སྣང་དང། འོག་མིན་ནོ། །བསམ་གཏན་བཞིའི་ས་རྟོག་པ་དང་བཅས་པ་དང། རྟོག་པ་མེད ་པ་དང། བདེ་བ་དང། བཏང་སྙོམས་དང་མཆུངས་པར་ལྡན་ལ་དང། བསམ་གཏན་ཁྱད་པར་ཅན་དང། མི་ལྕོགས་པ་མེད་པའི་ས་འདི་དག་གང་མི་ཤེས་པ་དང། མ་མཐོང་བ་དང། མངོན་པར་མ་རྟོགས་པ་འདི་ཡང་མ་རིག་པ་ཞེས་བྱའོ། ། ་གང་ཡང་མིང་ཙམ་གྱི་འདུ་ཤེས་སྣང་པའི་རྣམ་པར་རིག་པའི་རྣམ་པར་རྟོག་པ་ལས་བྱུང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་ནམ་མཁའ་དང། རྣམ་ཤེས་དང། ཅི་ཡང་མེད་པ་དང། འདུ་ཤེས་མེད་འདུ་ཤེS ་མེད་མིན་སྐྱེ་མཆེད་ཀྱིས་རྣམས་གང་མི་ཤེས་པ་དང། མདོན་པར་མ་རྟོགས་པའི་དང། མ་རྟོགས་པ་དང། མ་མཐོད་བ་འདི་ཡང་མ་རིག་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས། བསམ་གཏན་བཞི་དང་མི་ལྕོགས་མེད། ། ་ཁྱད་པར་ཅན་གྱིས་རྣམས་དང། །གཟུགས་མེད་སྙོམས་པར་འཇུག་པ་ཡི། །འདུ་ཤེས་ཐ་དད་བཞི་རྣམས་དང། །རྣམ་དག་རྣམས་ཀྱིས་བཞི་དང། ས་བཅུ་བསྟན་པའི་བདག་ཉིད་རྣམས། །དབང་ཕྱུག་ཆེན་པོ་ཐོབ་པའི་གནས། །དེ་ནི་ཁམས་ ་གསུམ་མ་གཏོགས་པ། །རང་སེམས་རྣལ་འབྱོར་རྣལ་འབྱོར་དབང། །རྣམ་པར་དག་པ་འབྱུང་བའི་ས། །ཡེ་ཤེས་ཏིང་ངེ་འཛིན་དང་གཟུགས། །དབང་དང་སོ་སོར་རིག་པ་ཅན་ཞེས་གསུངས་ཏེ། དེ་ལ་ཡང་གང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས ་པ་དང། མ་མཐོང་བ་དང། མངོན་པར་མ་རྟོགས་པ་དང། ཁོང་དུ་ཆུད་མ་བ་བསྒོམ་པ་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་པ་དེ་ཡང་མ་རིག་པོ་ཞེས་བྱའོ། །དེ་ལྟ་བས་ན་མ་རིག་པའི་མུན་པའི་རབ་རིབ་ཀྱི་ལིང་ཐོག་གིས་མིག་བསྒྲིབས་པའི ་ཕྱིར་ཡུལ་རྣམས་ལ་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་རྣམ་པའི་རྣམ་པར་རིག་པ། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་སྣང་བ་ཉིད་ཀྱིས་རྟག་པ་དང། བདག་དང་བདེ་བ་དང། གཙང་བ་ལ་སོགས་པར ་ཕྱིན་ཅི་ལོག་པས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྒྱས་པའི་འདོད་ཆགས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད། དོ། །འདོད་པ་ལ་གེགས་བྱེད་པ་དང་ལྡན་པའི་ཕྱིར། །ཞེ་སྡང་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། ། ་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང། མ་དག་པ་ལ་དག་པར་འདུ་ཤེས་པ་དང། གྲོལ་བ་མ་ཡིན་པ་ལ་གྲོལ་པར་འདུ་ཤེས་པའི་ཕྱིར་གཏི་མུག་ལས་སྐྱེས་པ་ལས་མངོན་པར་འདུ་བྱེད་དོ། །དེ་གཉིས་ལས་བཟློག་པ་ཉིད་ཀྱིས་གཡོ་པའི་ལS ་ཀྱང་མངོན་པར་འདུ་བྱེད་དོ། །རྐྱེན་དེ་དང། གཞི་དེས་མ་རིག་པར་ཆགས་པ་དང་ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། ལྟ་པ་དང། ཐེ་ཚེ?་མ་དང། ཕྲག་དོག་དང། སེར་སྣའི་རྗེས་སོང་བའི་ཕྱིར་ལུས་ཀྱི་ལས་མི་དགེ་བ་བདག་དང་བཤེས་པ ་ཡོངས་སུ་བསྐྱབ་པའི་ཆེད་དུ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། མྱོས་པའི་རྒྱུ་ཆད་འཐུང་བ་གཞན་དུ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ།། ་དག་གི་བརྫུན་དང། ཕྲ་མ་དང། ཚིག་རྩུབ་པོ་དང། དོན་མེད་པར་སྨྲས་པ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ། །ཡིད་ཀྱི་ལས་བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་དང་མཚུངS ་པར་ལྡན་ཡང་མངོན་པར་འདུ་བྱེད་ལུས་དང། དག་དང། ཡིད་ཀྱིས་ཉེས་པར་སྤྱོད་པའི་ལས་ཀྱི་ཆོས་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་དམྱལ་བ་དང། ཡི་དགས་དང། དུད་འགྲོ་དང། ལྷ་དང། མི་དང། ལྷ་མ་ཡིན་རྣམས་སུ ་སྐྱེས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཤེས་བས་ཡུལ་འདོད་ཆགས་དང་ཞེ་སྡང་གཏི་མུག་མངོན་དུ་བྱེད། །ཅེས་བྱ་བ་སྨོས་ཏེ་།དེ་ལ་མི་ཤེས་པས་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་དངོས་པོ་མངོན་པར་འདུ་བྱེད་པས ་ལྷག་པར་བསྒོམ་པའི་འུད་བྱེད་ཀྱི་དངོས་པོ་སོ་སོར་རིག་པའི་ངོ་བོའི་རྣམ་པར་ཤེས་པ་མངོན་པར་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར་རོ། །དེ་ལས་འདུ་བྱེད་དངོས་པོ་ནི། རྣམ་པར་རིག་པའི་རྣམ་ཤེས་འབྱུང། ཞེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི། ་འདུ་བྱེད་ལ་བརྟེན་ནས་སོ། །དངོས་པོ་ནི་རྣམ་པར་རིག་པའི་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་པས་རྣམ་པར་རིག་པ་སྟེ། རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། རྣམ་ཤེས་ལྷན་ཅིག ་འབྱུང་བ་ནི། །གཟུགས་ཅན་མ་ཡིན་ཕུང་པོ་བཞི་ཞེས་བྱ་བ་ལ་རྣམ་ཤེས་ལྷན་ཅིག་འབྱུང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བའོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཞེས་བྱ་བ་ནི་རྣམ་པར་ཤེས་བའི་ཕུང་པོ་བཞི་སྟེ། ཚོར་བ་དང། ་འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་བྱ་བ་རྣམས་སོ། །གཟུགས་ཅན་མ་ཡིན་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་བ་བསགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཡིན་གྱི། རྟག་པ་མ་ཡིན་ནོ། །འོ་ན་ཅི་ཞེས། སེམས་དང་སེམས ་ལས་བྱུང་བའི་ངོ་བོ་དག་ཡིན་ནོ། །ཕུང་པོ་ཉིད་ནི་རྫས་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ནི་ཁམས་བཞི་བོ་ཕ་མའི་ཁུ་ཆུ་དང། ཁྲག་ལས་བྱུང་བས་དང། ཆུ་དང་མེ་དང་རླུང་གི་ཁམས་ཏེ། དེ་དག་བསྒོས་ནས་རྣམ་པར་ཤེས་པའི་རྐྱེན་གྱིས ་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ལ་རྟེན་ནས་ནི། དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། ཞེས་བྱ་བ་ནི། གང་སྔོན་དབང་པོ་ལ་སྲེད་བ་དང་བཅས་པའི་བག་ཆགས་མིང་དང་གཟུགས་ལ་བཞག་པའི་མིང་གཟུགས་དེས་རྐྱེན་བྱས་ནས་མིག་ལ་སོགས་པའི་དབང ་བོ་དྲུག་མངོན་བར་འགྲུབ་བས་དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར་ཞེས་བྱའོ། །དབང་བོ་སྐྱེ་མཆེད་སྣོ་དྲུག་ནི་རྟེན་དུ་གྱུར་བ་སྟེ། གཟུགས་ལ་སོགས་པའི་ཡུལ་དམིགས་བའི་རྣམ་པར་རིག་པ་སྣང་བ་འཛིན་པའི་རང་གི་ངོ་བོ་རྣམས་མངོན་པར ་སྒྲུབ་བས་བཅོམ་ལྡན་འདས་ཀྱིས་མིང་དང། གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ་།ཞེས་གསུངས་སོ། །ཡུལ་དང་དབང་པོ་རྣམ་པར་ཤིག་།འདུས་བ་ལས་ནི་རེག་པ་འབྱུང་ཞེས་བྱ་བ་ནི་དབང་པོ་སྐྱེ་མཆེད་དྲུག་པོ་རྐྱེན་དུ ་བྱས་ནས་ཡུལ་ལ་དབང་པོ་དང། རྣམ་པར་ཤེས་པ་འདུས་པའི་ཕྱིར་རེག་པ་སྟེ། དབང་པོ་དང་རྣམ་པར་ཤེས་པ་དག་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རེག་པ་ལྟ་བུར་བར་མཆོད་ཉིད་དུ་འཇུག་སྟེ། འདི་ལ་དག་པ་ནི་འགའ་ཡང་མེད་དོ།། ་བསགས་པ་མ་ཡིན་པ་རྣམ་པར་ཤེས་པ་ལྔའི་ཚོགས་བསགས་པ་ཡུལ་དང། །དབང་པོ་རྣམས་དང་ལྟན་ཅིག་གཅིག་ཏུ་འགྱུར་དུ་འོང་བས་རེག་པ་ལྟ་བུ་ཡིན་གྱིས་རེག་པ་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང། ཆོས ་གསུམ་འདུས་པ་ནི་དེ་ག་བའོ་ཞེས་གསུངས་ཏེ། དམིགས་པ་སྣང་པའི་རྣམ་པར་རིག་པ་སྐྱེ་བའོ། །དེ་བཞིན་དུ་རེག་བའི་རོ་མྱང་བ་ལ་འཆུམས་བ་ལ། རེག་པའི་ཚོགས་དྲུག་ལ་བརྟེན་ཏེ་ཚོར་བའི་ཚོགས་དྲུག་སྐྱེའོ། །དེ་ཉིད་ཀྱི་ཕྱིར། རེག་བྱུང་ཚོར ་བར་ཤེས་བྱ་སྟེ། ཞེས་བྱ་བ་སྨོས་སོ། །ཚོར་བ་ནི་རེག་པས་བསྐྱེད་པ་སྟེ། རེག་པའི་རྒྱུ་ལས་འབྱུང་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཚོར་བ་ཞེས་བྱ་བ་ནི་དེས་ཚོར་བར་བྱེད་བས་ན་ཚོར་བ་སྟེ། ཚོར་བ་ནི་མྱོང་བའོ། །བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང ་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་དང། ཡིད་བདེ་བ་དང། ཡིད་མི་བདེ་བའི་བྱེ་བྲག་ལ་ཚོར་བ་སྣང་བའི་རྣམ་པར་རྟོག་བའི་དབང་གིས་བྱུང་བ་ཡུལ་དང། དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚན་དྲུག་གི་བྱེ་བྲག་གིས་ཚོར་བའི་ཚོགས་དྲུག ་སྐྱེ་པས་བཅོམ་ལྡན་འདས་གྱིས་རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ་ཞེས་གསུངས་སོ། །དེ་བཞིན་དུ་ཚོར་བའི་རོ་མྱང་བཅུང་ཟད་ལ་ཆགས་ཤིང་མངོན་པར་ཞེན་པའི་བདག་ཉིད་ནི་ཚོར་བའི་རྒྱུ་ཅན་གྱི་སྲེད་བ་ཞེས་བྱ་བ་སྲེད་བ་སྐྱེ་སྟེ། དེ་བཞིན ་ཚེར་ལས་སྲེད་པ་འགྱུར། ཞེས་བྱ་བ་སྨོས་སོ། །སྲེད་བ་ཞེས་བྱ་བ་ནི་ཁམས་གསུམ་བའི་འདོད་ཆགས་ཏེ། ཆགས་པ་དང། ལྷག་པར་ཞེན་པ་དང། མངོན་པར་འདོད་པ་དང་ཞེས་པ་དང། མི་འབྲལ་བར་འདོད་པ་དང། དགའ་བ་དང། སྡུག་པ་ཞེས་བྱ ་བའི་ཐ་ཚིག་གོ་།དེ་ཡང་དབང་བོ་དང་ཡུལ་དང། རྣམ་པར་ཤེས་པའི་བྱེ་བྲག་གིས་སྲེད་པའི་ཚོགས་དྲུག་ཏུ་རྣམ་པར་བཞག་པ་སྟེ། སྲེད་པར་སྣང་བའི་རྣམ་བ་ཅན་གྱི་རྣམ་པར་རིག་པའི་དབང་གིས་བྱུང་བའི་སྲེད་པའི་ཚོགས་དྲུག ་སྐྱེ་བས་བདེ་བར་གཤེགས་པས་ཚོར་བ་ལ་ཞེས་བ་ནི་སྲེད་པའོ་ཞེས་གསུངས་སོ། །དེ་ལྟར་ལྷག་པར་ཞེན་པའི་སྲེད་པ་འཕེལ་བ་ནི་ལེན་པའོ། །དེ་ཉིད་ཀྱི་ཕྱིར། སྲེད་འཕེལ་ཉེ་བར་ལན་པ་སྟེ། ཞེས་བྱ་བ་སྨོས་སོ། །སྲེད་པ་ནི་ཆགས་པས་ཀུན ་ནས་འཁྱུད་པས་འབྲལ་བར་མི་འདོད་པ་རྒྱུའོ། །དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་ལ་སོགས་པ་ནི་ལེན་པ་སྟེ། ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པའོ། །ཉེ་བར་ལྔ་པའི་ལན་བ་ནི་ཉེ་བར་ལེན་པའོ། །རང་གི་ལས་ཇི་ལྟར་བླངས་བའི ་ལམ་རྒྱགས་ཀྱི་གཞན་གྱི་དབང་གིས་ལེན་པ་ལས་སྐྱེས་པ་ཡང་སྲིད་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ལེན་པ་ལས་ནི་སྲིད་པ་འབྱུང་བ་ཞེས་བྱ་བ་སྨོས་སོ། །རང་གི་ལས་ཀྱི་བག་ཆགས་ཇི་ལྟ་བ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིS ་བྱུང་བ་སྲིད་པ་མངོན་པར་བསྒྲུབ་པའི་ཕྱིར་སྲིད་པ་ཞེས་བྱ་བ་སྟེ། ཡང་འབྱུང་བའི་ཕྱིར་རོ། །རང་གི་ལས་ནི་བག་ཆགས་ཇི་ལྟ་བའི་དབང་གིས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང། མི་གཡོ་བའི་ལས་ཀྱི་བག་ཆགས་ཀྱི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། ་དེ་ལྟར་ན་ལས་ཀྱི་སྲིད་པ་ནི་རྒྱུ་ཡིན་ནོ། །སྲིད་ལས་ཕུང་འབྱུང་སྐྱེ་བ་སྐྱེ། །ལས་ཀྱི་སྲིད་བའི་རྒྱུད་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ། །དེ་ལ་ཕུང་པོ་འབྱུང་བ་ཞེས་བྱ་བ་ནི་ཕུང་པོ་སྐྱེ་བ་སྟེ། །བསམ་དང་སྐྱེ་མཆེད་ཐོབ་པ་ཡང་བསྡུས ་ཏེ་སྐྱེ་བ་ཞེས་བརྗོད་དོ། །དེ་ལ་ཕུང་པོ་ཞེས་བྱ་བ་ནི་རྫས་དུ་མ་བསགས་བའི་ཕྱིར་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །ཡང་ན་མི་རྟག་ཉིད་ཀྱིས་འཇོམས་བའི་ཕྱིར་ཏེ། སྐྱེས་མ་ཐག་ཏུ་མི་རྟག་པ་ཉིད་ཀྱི་སྲིན་བོས་ཟ་བང་བྱེད། འཇོམས་པར ་བྱེད། འཇིག་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་མངོན་བར་གྲུབ་ན་སྐྱེ་བའི་རྒྱས་སྐྱེ་བའི་རྐྱེན་ཅན་གྱི་རྒ་བ་ཉིད་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར། དེ་བཞིན་སྐྱེ་ལས་རྒ་བའོ། །ཞེས་བྱ་བ་སྨོས་ཏེ། སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་བའི་ཕུང་པོ་རྣམས ་རྒ་བ་ནི་བརྙིངས་པ་ཉིད་དེ། ཉམ་ཆུང་བར་བྱེད་པ་དང། སྤྱི་གཅེར་བ་དང། །མགོ་སྐྱ་བ་དང། གཉེར་མས་གང་བ་དང། སྒུར་བ་དང། རྒུ་བ་དང། ཀྱོར་ཀྱོར་བོ་དང། སྒྲ་དང་དར་པོ་ཉིད་དང། །བར་བ་ལ་བརྟེན་པ་དང། སྦྱོད་བ་མི་གསལ་བ་དང། །དབང ་བོ་ཉམས་པ་དང། དྲན་པ་ཉམས་བ་ཞེས་བྱ་བ་དེ་ལྟ་བུ་ནི་སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རང་གི་ལས་ཀྱི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་གིས་བསྐྱེད་པའི་བརྙིངས་པ་ནི། །རྒ་བ་ཞེས ་བྱའོ། །དེ་ལྟར་རྒ་བས་རྒས་བར་འགྱུར་བའི་ཕུང་པོ་གཞན་དུ་འགྱུར་བ་ནི་འཆི་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་བཞིན་རྒ་བའི་ཕུང་མེད་པ། །དེ་ན་འཆི་བ་ཞེས་བརྗོད་དོ། །དེ་ལ་རྒ་བ་ཞེས་བྱ་བ་ནི་ཤིག་ཤིག་པར་གྱུར་བ་རྒ་བའི་རྐྱེན་གྱིས ་འཆི་བ་འབྱུང་ངོ། །དེ་ལ་འཆི་བ་ཞེས་བྱ་བ་ནི་ཕུང་པོ་གཞན་དུ་གྱུར་བ་སྟེ། འཆི་བ་དང་།ཤི་བ་དང། དུས་བྱེད་པ་དང། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དང། འཕོ་བ་དང། འགྲོ་བ་དུ་གྱུར་བ་སྟེ། འཆི་བ་དང་།ཤི་བ་དང། དུས་བྱེད་པ་དང། ་རང། སྲོག་གི་དབང་བོ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུས་པ་ནི་རྒ་ཤིའོ། །འཆི་བར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ། ཕུང་པོ་འཇིག་པ་འཆི་བ་སྟེ། གནས་སྐབས་ཐ་མ་ཉལ་བའི་ཐ་མ་རྣམ ་བར་ཤེས་བ་འཕོ་བ།། དྲོད་ཡ་ལ་བ། ཚེ་དང་བལ་བ་རིས་འཐུན་བ་འདོར་བ། སྲིད་བར་འཕོ་བའོ། །གང་ཡང་རྣམ་པར་ཤེས་པ་ཐ་མའི་གནས་སྐབས་ན་གནང་འཆད་བ་ལ་སོགས་པས་བསྐྱེད་བ་རྣམས་རྣམ་པ་དུ་མར་བླ་བ་དང། བློང་བ་དང། ་ཉམ་ཆུང་བ་དང། ཡོངས་སུ་བརྙིངས་པ་དང། ཞན་པ་དང། འགགས་འགག་པོ་དང། གདོང་མདོག་དན་པ་དང། མགོན་མེད་པ་དང། རང་གི་ལས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་གཤིན་རྗེའི་མི་དེ་དག་གི ་ཕན་ཚུན་ཁྲིད་བའི་རྣམ་པར་སྣང་བའི་རྣམ་པར་རིག་པ་དང། སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་པ་ལས་དབུགས་བརྩེགས་པ་འབྱུང་བ་དང། མི་དགའ་བ་དང། འགུལ་བ་དང། རྐན་ཡོངས་སུ་བརྐམས་པ་དང། སྣ་ཞོམ་པ་དང། ་རྡུལ་དང། བརླན་དང། དྲི་མ་དང། རང་གི་གཅིན་དང། ཕྱིས་དང། ཁ་ཆུ་ལུས་ལ་ཆགས་ཤིང་གོས་པ་དང། གྲོགས་མེད་བར་མུན་ནག་ཆེན་པོ་དང། གཡང་ས་དང། རི་དང། བོག་རི་དང། ནགས་ཚལ་ཐིབས་བོ་དང། ཁང་སྟོང ་དང། ཁྱིམ་དང། གཞལ་མེད་ཁང་དང། སྟེང་ཁྱམས་དང། ཁང་བ་བརྩེགས་པ་དང། མེ་འོབས་དང། མཚོ་ཆེན་པོ་དང། སོགས་མའི་ཕུང་པོར་འགྲོ་བའི་ལྟ་བུའི་སེམས་ཕྱིན་ཅི་ལོག་ཏུ་གྱུར་བའི་ཕུང་པོ་གཞན་ལེན་པ་ནི་འཆི་བ་ཞེས་བའོ།། ་རྨོངས་པ་འཆི་ལས་མྱ་ངན་ཏེ། །ཞེས་བྱ་བ་ནི་སྲིད་པ་དང་བཅས་པའི་ནང་གི་གདུང་བ་ནི་མྱ་ངན་ཏོ། །ནང་གི་གདུང་བ་ནི་ཞེས་བྱ་བ་ནི་སེམས་ཡོངས་སུ་གདུང་བའོ། །མྱ་ངན་བྱེད་བའི་ཕྱིར་མྱ་ངན་ཏེ། དེ་ནི་བདག་དགའ་བའི་དངོས་པོ་དང། སྡུག་པའི ་དངོས་པོ་དང་བྲལ་བར་འགྱུར་རོ་སྙམ་དུ་མི་དགའ་ཞིང་གདུངས་བས་ན་མྱ་ངན་ཞེས་བྱའོ། །ལས་ཇི་ལྟར་འཕགས་པའི་རྣམ་པར་སྣང་བའི་རྣམ་བར་རིག་པ་མངོན་དུ་གྱུར་བ་ནི་དགའ་བ་དང། འཇིགས་པ་དང། མི་དགའ་བའི་རྣམ་པ་བསྐྱེད་པ། ་གནང་འཆད་པའི་སྡུག་བསྔལ་དང། སེམས་བློང་བར་གྱུར་བའི་མྱ་ངན་ལས་གཞན་དུ་བསླངས་བ་ཀྱེ་མ་ཀྱེ་ཧུད་ཅི་གང་གིས་ཇི་ལྟར་གང་དུ་སྐྱབས་སུ་གཤེགས་ཤིང་གཟིགས། འདིར་འགྲོའོ། །བདག་ནི་སོ་སོ། བླངས་སོ། །བརྒྱབ་བོ། ཤིའོ། ཟས་སོ།། ་ཞིག་གོ། རབ་ཏུ་ཞིག་གོ། ཀྱི་ཧུད་མ་ཅིག། ཀྱི་ཧུད་པ་ཅིག། སུ་ནུ་བོ། ཆེ་ཞེ་བུ། བུ་མོ་ཆུད་མ་ཞེས་རྣམ་པ་མང་བར་བླ་བ་ཕྱིན་ཅི་ལོག་གི་ཚིག་སྒྲོགས་པས་བསྐྱེད་བའི་རྡོལ་བའི་གདུང་བ་ནི་སྨེ་སྔགས་འདོན་བའོ། །དེ་ཉིད་ཀྱི་ཕྱིར། མྱ་ངན་ལས ་ནི་བརྗོད་པ་གང། །དེ་ནི་སྨྲེ་སྔགས་འདོན་ཞེས་བྱ། ཞེས་བྱ་བ་སྨྲས་སོ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །རྣམ་པ་ཤེས་པའི་ཚོགས་ལྔ་ཡི། །སིམ་པ་མ་ཡིན་སྡུག་བསྔལ་བརྗོད། །ལུས་ཀྱི་བདེ་བའི་བགེགས་པའོ། །སྨྲེ་སྔགས་འདོན་པ། ་ལས་བྱུང་བ། ཞེས་བྱ་བ་ནི་སྨྲེ་སྔགས་འདོན་པ་ལས་སོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའི་རྗེས་སུ་དྲན་པས་ཉེ་བར་བསྐྱེད་བ། རྣམ་པར་ཤེས་པའི་ཚོགས་ལྔ་བའི ་སྡུག་བསྔལ་ཉེ་བར་གནོད་པར་བྱེད་པ། སིམ་པ་མ་ཡིན་པ་ཉམས་སུ་མྱོང་བ། ལུས་ཀྱི་བདེ་བའི་བགེགས་བྱེད་པའི་བདག་ཉིད་སྡུག་བསྔལ་རྗེས་སུ་དྲན་ནས་སྔོན་རྒོད་ཀྱི་རྣམ་པ་སྣང་བའི་རྣམ་པར་རིག་པའི་དབང་གིས་བྱུང་བ་ནི་སྡུག་བསྔལ་ཞེས་བརྗོད་དོ།། ་ཡིད་ལ་བྱེད་བའི་སྡུག་བསྔལ་ནི། ཡིད་ལ་ཉེ་བར་གནོད་བྱེད་པ། དེ་ཡིད་མི་བདེར་ཞེས་བྱ་སྟེ། གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །ཡིད་ཀྱིས་བདེ་བ་དང། སྡུག་བསྔལ་རྗེས་སུ་དྲན་ནས་རྒོད་པ་དང། དགའ་བ་དང། རྩེས་པ་དང། ཆས་པ་དང། འཕྱར་གཡེད ་བྱས་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་དང་མཚུངས་པར་ལྡན་པ་ཡིད་ཀྱི་སྡུག་བསྔལ་ཡིད་མི་བདེ་བ་ལ་སོགས་པ་ཉེ་བར་ཉོན་མོངས་པ་སྐྱེ་བས། གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །ཞེས་བྱ་བ་སྨོས་ཏེ། གང་གཞན་ཡང་འདི་ལྟ ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དེ་དག་ནི་ཉོན་མོངས་པ་ཞེས་ཀྱང་བྱ་འཁྲུག་པ་ཞེས་ཀྱང་བྱ་ལ། དེ་ལ་སྲིད་བའི་ཡན་ལག་བཅུ་གཉིས་འདི་དག་ཉིད་ཀྱི་མིང་དོན་དང་མཐུན་པར་བསྟན་པའི་ཕྱིར། མུན་མངོན་མིན་དང་གཟུགས་དང་ནི། ་སྐྱེ་མཆེད་རེག་པ་སྐོམ་པའི་ཕྱིར། ཞེས་བྱ་བ་སྨོས་སོ། །དེ་ལ་མུན་པའི་ཕྱིར་མ་རིག་པའོ། །མངོན་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་ཕྱིར་རོ་འདུ་བྱེད་རྣམས་སོ། །གཞོལ་བའི་ཕྱིར་མིང་ངོ། །གཟུགས་ཀྱི་ཕྱིར་གཟུགས་སོ།། ་སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར་སྐྱེ་མཆེད་དོ། །རེག་པའི་ཕྱིར་རེག་བའོ། །མྱོང་བའི་ཕྱིར་ཚི?་བའོ། །སྐོམ་པའི་ཕྱིར་སྲིད་པའོ། །སྲེད་ལས་ཉེ་དང་ཡང་འབྱུང་དང། །སྨིན་དང་འཇིག་དང་མྱ་ངན་ཕྱིར། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང ་སྲེད་པ་སྐྱེད་པའི་ཕྱིར་སྲིད་བའོ། །འབྱུང་བའི་ཕྱིར་སྐྱེ་བའོ། །སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏོ། །ཆིག་སོགས་ལུས་ལ་གནོད་པ་དང། །སེམས་ཡང་མི་བདེ་ཕྱིར་དང་ནི། །ཉོན་མོངས་ཕྱིར་ན་མིང ་དོན?་མཐུན། །གོ་རིམ་བཞིན་དུ་བསྟན་པ་ཡིན། །ཚིག་སྨྲེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་བའི་ཕྱིར་སྡུག་བསྔལ་ལོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་ཉོན་མོངས་པའོ། །ཡང་དེ་ཁོ་ན་མ་ཤེས་པ། ་ཞེས་བྱ་བ་ལ་སོགས་པ་ནི་ཡང་བཏགས་བའི་དོན་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ་སྟེ། ཡང་དེ་ཁོ་ན་ཡོངས་མ་ཤེས། །མ་རིག་ལ་སོགས་གོ་རིམ་བཞིན། །སྔ་མ་སྔ་མ་ལས་ཕྱི་མ། །སྐྱེ་བ་དག་ཏུ་ཡང་དག་བརྗོད། །དེ་ཁོ་ན་ཡོངས་མི་ཤེས་ཞེས་བྱ་བ ་རྣམས་རྟགས་པ་དང་ལོག་པར་རྟོགས་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུས་མི་ཤེས་པ་ནི་མ་རིག་པའོ། །མ་རིག་པ་ཡོད་ན་འདུ་བྱེད་སྣ་ཚོགས་མངོན་བར་བསྒྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང། བསོད་ནམས་མ་ཡིན་པར་འགྲོ ་བ་དང། མི་གཡོ་བར་ཉེ་བར་འགྲོ་བའོ། །དེ་ལ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། །བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས ་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འོག་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་ཤེས་བའི་རྐྱེན་གྱིས་མི་དང་གཟུགས་ཞེས་བྱའོ ་མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གི་བྱུགས་ཀྱི་རྐྱེན་གྱིས་སྐྱེ་མཆོད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་བོ་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས ་རེག་པ་ཞེས་བྱའོ། །ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོང་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་མངོན་ཕར་དགའ་བ་དང་ལྷག་པ་བཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲང་བ་ཞེས ་བྱའོ། །མྱོང་བ་དང་ལྷག་པར་ཞེན་པ་ལས་བདག་སྡུག་པའི་ངོ་བོ་དང། བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར་ཅིག་སྙམ་དུ་གང་གི་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་བའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་སྨོན་ཅིང་ཡང་སྲིད་པ་བསྐྱེད་བའི་ལས་ལུས་དང། ་ངག་དང། །ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་བ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་རྣམས་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེ་གནས་སྔོན་དུ་གྲུབ་བའི་ཕྱིར་ཕུང་པོ་རྣམས ་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །ཡན་ལག་སྔ་མ་སྔ་མ་རྣམས་ནི་ཕྱི་མ་ཕྱི་མ་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་ཡིན་པས་དེ་དག་ནི་ཕྱི་མ་འབྱུང་བའི་ཕྱིར་རྐྱེན་ཁོ་ན་སྟེ། དེ་ལྟར་རྟེན་ཅིང་འབྲེལ ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་ནི་རྒྱུ་གཞན་དང་གཞན་ལས་བྱུང་བའོ། །ཡན་ལག་བཅུ་གཉིས་གསུམ་འཇུག་པ། །འདི་ནི་རྟག་ཆར་ཐོག་མེད་སྐྱེ། །ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས། །ཐག་མ་མེད་བའི་དུས་ཅན་འདུག། ་རྟག་པ་མ་ཡིན་པ་དེ་ནི་རྒྱུན་ཏུ་གནས་པའི་ཕྱིར་རོ། །འདུས་བྱས་མ་ཡིན་པ་དེ་ནི་འདུ་བྱེད་དང་བྲལ་བའི་ཕྱིར་རོ། །སེམས་པ་པོ་ཡོད་པ་མ་ཡིན་པ་དེ་ནི་སེམས་དང་བྲལ་བའི་ཕྱིར་རོ། །རྐྱེན་ལས་བྱུང་བ་མ་ཡིན་པ་ནི་རྐྱེན ་དང་བྲལ་བའི་ཕྱིར་རོ། །ཟད་བའི་ཆོས་མ་ཡིན་པ་ནི་བསགས་པ་དང་བྲལ་བའི་ཕྱིར་རོ། །འགོག་པའི་ཆོས་མ་ཡིན་པ་ནི་སྐྱེ་བ་དང། གནས་པ་དང། འཇིག་པ་དང་བྲལ་བའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ནས་ཞུགས་པ་ནི་དུས་ཀྱིས། ་མཚམས་ཡོངས་སུ་ཆད་པ་དང་བྲལ་བའི་ཕྱིར་རོ། །ཀླུང་གི་རྒྱུན་བཞིན་དུ་རྒྱུན་འབྱུང་བས་རྒྱུན་མཆད་པར་འཇུག་བའོ། །།འཕགས་པ་སཱ་ལུ་ལྗང་པའི་མདོ་རྒྱ་ཆེར་བཤད་པ། །བམ་བོ་བཞི་པ་སྟེ་ཐ་མའོ།། ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་ཏུ་རྒྱུན་མི་འཆད་པར་རྗེས་སུ་འཇུག་མོད་ཀྱི། འོན་ཀྱང་བཞི་པོ་འདི་དག་ནི། །རྒྱུ་ནི་སྡུད་བར་བྱེད་པ་སྟེ་།ཡན་ལག་བཞི་ནི་ཡན་ལག་བཅུ་གཉིས་པའི་རྟེན་ཅིང་འབྲེལ་བ་ཞེས་བྱ ་བསྡུད་པར་བྱེད་བའི་རྒྱུར་འགྱུར་རོ། །དེའི་ཕྱིར་བཞི་གང་ཞེ་ན། ཞེས་གསུངས་སོ་།མ་རིག་སྲིད་ལས་རྣམ་པར་ཤེས། དེ་དག་གོ་རིམ་བཞིན་དུ་བཤད། །མ་རིག་པ་དང། སྲེད་པ་དང། ལས་དང། རྣམ་པར་ཤེས་པ་ཞེས་བྱ་བ་གོ་རིམ ་གཞིན་ནོ། །རྒྱུ་ལ་རྣམ་ཤེས་ས་བོན་ཏེ། །རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་ནི་ཞིང་དུ་གསུངས་པ་ཡིན་།ལས་ནི་ཞིང་གི་རང་བཞིན་གྱི་རྒྱུ་བྱེད་དོ་ཞེས་གསུངས་སོ། །མ་རིག་པ་དང། སྲེད་བ་ནི་ཉོན་མོངས་པའི ་རང་བཞིན་གྱིས་རྒྱུ་བྱེད་དོ། །ལས་དང་ཉོན་མོངས་རྣམ་པར་ཤེས། །ས་བོན་ཉིད་དུ་ཉེར་གནས་ལ། །ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་བར་བྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་ཤེས་ཀྱི། ཞིང་གི་བྱ་བ་ཡང ་བྱེད་དོ། །སྲེད་ལས་རྣམ་པར་ཤེས་བྱ་བའི། །ས་བོན་དེ་མ་ཐག་བརླན་བྱེད། །མ་རིག་ས་བོན་རྣམ་པར་ཤེས། །བརླན་པ་བསྟེན་པ་འདེབས་པར་བྱེད། །ལས་དང་སྲེད་དང་མ་རིག་པ། །ཞིང་དང་བརླན་དང་འདེབས་བྱེད་རྣམས། །རྣམ་པར ་ཤེས་ལ་འདི་བྱ་དང། །རྣམ་ཤེས་བདག་འདིས་སྙམ་བ་མེད། །དེ་ལ་ལས་ཀྱང་འདི་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་པ་ཉིད་དོ།། ་སྲིད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་བ་ཡང་འདི་སྙམ་དུ་བདག་གི་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས ་སོ། །རྣམ་པར་ཤེས་པེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས། །ལས་དང་ཉོན་མོངས་གནས་པ་ནི། །ས་བོན་རྣམ་ཤེས་ཞེས་བརྗོད་པ། །མ ་རིག་ལུད་ཀྱིས་བྲན་པ་དང། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །མ་རིག་ལུད་ཅེས་བྱ་བ་ནི། །ལུང་དང་འདྲ་བས་ལུད་དེ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །ལུད་ཀྱིས་བྲན་པ་ཞེས་བྱ་བ་ནི་ལུང་ཀྱིས་བཀབ་བའོ། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། ་ཞེས་བྱ་བ་ནི་སྲེད་པ་ཉིད་ཆུའོ། །བསྟེན་ན་ཞེས་བྱ་བ་ནི་བརླན་ནའོ། །རྒྱུ་ལས་མིང་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བ་འང་སྣང་བར་འགྱུར། །ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པ་སྐྱེ་བ་ནི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ།། ་མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི། རང་གཞན་གཉིས་ཀ་ས་སོགས་པས། །མིང་གཟུགས་འདི་དག་འབྱུང་མིན་གྱིས། །མིང་དང་གཟུགས་ཀྱིས་མྱུ་གུ་འདི་དག་ནི་རང་དང་གཞན་གཉིས་ཀོ་ལ་སོགས་པས་བསྐྱེད་བ་མ་ཡིན་ནོ།། ་འོ་ན་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། ཕ་དང་མ་ནི་ཕྲད་པ་དང། དུས་རྣམས་མི་འགལ་ཉིད་ལས་སོ། །ཕ་དང་མ་ནི་ཕྲད་པ་དང། ཞེས་བྱ་བ་ལ་སོགས་པ་ནི་ཕ་མ་ཀུན་ཏུ་ཆགས་པར་གྱུར་པ་དང། འདུས་པ་དང། མ་རུང ་བར་གྱུར་པ་སྟེ། བུ་འཆགས་པར་ནུས་པ་དང། དུས་དང་ལྡན་པའོ། །ཉི་མ་གསུམ་འདས་ཏེ་ཁྲག་ངན་པ་དང་བྲལ་བ་དེ་ནི་བུད་མེད་རྣམས་ཀྱི་དུས་སུ་བརྗོད་དེ། དེའི་ཚེ་སྐྱེས་བ་དང་ཡང་ཕྲེང། །བུ་བ་དང་ཁྲག་དང་ཡང་ལྡན། ?་ཟ་བདག་ཉིད ་ཀྱང་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཕ་དང་མའི་བྱ་བ་ལ་མོས་ན་མངལ་དུ་སྐྱེ་བའི་རིམ་གྱིས་ནུར་ནུར་པོ་དང། མེར་མེར་པོ་དང། ནར་ནར་བོ་དང། གོར་གོར་པོ་དང། རྐང་ལག་འགྱུར་བའི་གནས་སྐབས་ལས་འདས་ཏེ། སྐྱེ་བ་ན། བྱིས་པ་དང། ་བར་མ་དང། དར་ལ་བབ་པ་དང། རྒན་པོ་ལ་སོགས་བའི་གནས་སྐབས་བཅུར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་སྨྲས་པ། མྱོང་བ་ཅུང་ཟད་འགྲེལ་བ་ནི། །ས་བོན་རྣམ་པར་ཤེས་པར་བརྗོད། །མ་ཡི་མངལ་དུ་རིམ་བཞིན་འཕེལ། །མིང་གཟུགས ་མྱུ་གུ་སྐྱེད་པར་བྱེད། །འོན་ཀྱང་ཕ་དེ་དང་མ་ཕྲད་པ་དང། ཟླ་མཚན་དང། ལྡན་པ་དང་རྐྱེན་གཞན་ཡང་ཚོགས་པ་ན་མའི་མངལ་དུ་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་བར་འགྲུབ་བོ། །རྐྱེན་རྣམས་མ ་ཚད་མེད་པ་དང། རྒྱུ་རྣམས་འགལ་བ་མ་ཡིན་ལས། །སྒྱུ་མ་བདག་མེད་འཛིན་མེད་བར། །སྐྱེ་བ་ཡང་ནི་ཡོད་པ་ཡིན། །དེ་ཉིད་ཀྱི་ཕྱིར་བདག་བོ་མེད་པའི་ཆོས། བདག་གི་མེད་པ་དང། འཛིན་པ་མེད་པ་དང། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན ་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཞེས་གསུངས་སོ། །བདག་པོ་མེད་པ་ཞེས་བྱ་བ་ནི་ནང་གི་བྱེད་བའི་སྐྱེས་བུ་ལ་སོགས་པ་མི་དམིགས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། དེ་ལ་མངོན་པར་ཞེན་པས་སྐྱེད་བ་གང་ཀུན་ཏུ་འཛིན་པའོ། །ཆོས་ཞེས་བྱ ་བ་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་ངོ་བོ་ཉིད་དོ། །བདག་གི་ཞེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་ཡོངས་སུ་འཛིན་པ་ནི་དམིགས་པའི་ཕྱིར་རོ། །སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན ་དག་ལ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ནི་མེད་པ་ཡིན་ཡང་ཐ་སྙད་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པ་དེ་བཞིན་དུ་སྒྱུ་མའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་བྱ་བ་ལ་སོགས་པ?་སྣ་ཚོགས་དམིགས་པར་འགྱུར་རོ། །རྒྱུ་དང་རྐྱེན་འདས་པ་?། ་གཏོགས་པར་རྒྱུ་དང་རྐྱེན་ལ་སོགས་པའི་ཆོས་ཅུང་ཟད་ཀྱང་སྐྱེ་བ་འམ་འཇིག་པར་མི་འགྱུར་ཏེ། ཇི་ལྟར་ཡང་རྒྱུ་དང་རྐྱེན་མ་ཚང་བའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད་པ་དེ་ཁོར་དུ་ཆུད་པར་བྱ་བའི་ཕྱིར་དཔེར། མིག་གིས་རྣམ་པར་ཤེས་པ་ཡང ་རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེན་ཞེས་བྱ་བ་ལ་སོགས་བ་ནི། མིང་དང་གཟུགས་དང་དེ་བཞིན་སྣང། །ནམ་མཁའ་དེ་བསྐྱེད་ཡིད་ལ་བྱེད། །ཅེས་བྱ་བ་དེ་ཉིད་ཀྱི་ཕྱིར ་མིག་བརྟེན་པ་དང། གཟུགས་དང། སྣང་བ་དང། ནམ་མཁའ་དང། དེ་བསྐྱེད་བ་ཡིད་ལ་བྱང་པ་ལ་ཡང་ཞེས་བྱ་བ་གསུངས་སོ། །དེ་ལ་མིག་ཅེས་བྱ་བ་ནི་གཟུགས་བལྟ་བར་བྱ་བ་ལ་མིག་གི་དབང་པོ་མཚང་བ་མེད་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་མིག་ནི་རྣམ་པར ་ཤེས་བའི་རྟེན་གྱི་བྱ་བ་བྱེད་དོ་ཞེས་གསུངས་སོ། །སྣང་བ་ཞེས་བྱ་བ་ནི་ཟླ་བ་དང། །སྐར་མ་དང། མེ་དང། སྨན་དང། ནོར་བུའི་འོད་རྣམས་དེ་མངོན་པར་བྱ་བ་ལ་སྣང་བ་ཡང་ཉེ་བར་གནས་པར་འགྱུར་བའོ། །ནམ་མཁའ་ཡང་མི་སྒྲིབ་པ་ཉིད་ཀྱིས་མཆད་བར ་མ་བྱུང་བའོ། །དེ་སྐྱེད་པ་ལ་ཡིད་ལ་བྱེད་པ་ཡང་བསམ་པའི་བྱ་བ་ལ་མཚང་བར་མ་གྱུར་པའོ། །ལྔ་པོ་མ་ཚང་མེད་པ་ལས། །མིག་གི་རྣམ་པར་ཤེས་པ་འབྱུང། །མིག་གི་རྣམ་པར་ཤེས་པའི་རྐྱེན་དེ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང ་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི་ཡོད་ན་འབྱུང་བར་འགྱུར་རོ། །དེ་དག་ལ་བདག་བདག་གི་ཞེས། རྣམ་རྟོག་སྐྱེ་མཆེད་ཇི་ལྟ་བར། ཞེས་བྱ་བ་ནི་དེ་ལ་མིག་གི་དབང་པོ་ནི་འདི་སྙམ་དུ་མིག་གི་རྣམ་པར་ཤེས་པའི་རྟེན ་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི ་སེམས་སོ། །ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི ་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་གི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། །འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་བར་ཤེས་པ་སྐྱེ་བར་འགྱུར་གྱི་མེད་ན་མི་འགྱུར་ལྟར། རྣ་བའི་དབང་པོ་ལ་སོགས ་ཀུན། །སྐྱེ་བའི་རིམ་པ་དེའི་ཉིད་ཡིན། །དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་ཡང་རྒྱུ་ལྔས་སྐྱེ་བའི་རིམ་པ་ཁོང་དུ་ཆུད་པར་བྱའོ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །བྱེད་པོ་ལ་སོགས་བྲལ་བ་དང། །ང་ཡིད་འཛིན་དང་བྲལ་བ་ལས། །སྐྱེ་བ་ཡང་ན ་སྔ་མ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འགྱུང་བའི། །རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ། །དེ་ལྟ་སྟེ། རྒྱུ་དང་རྐྱེན་གྱི་རིམ་པ་བཤད་མ་ཐག་པའི་རིམ་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང། གནས་པ་དང། འཇིག་པ་རྟོག་བར་བྱའོ། །འཇིག་རྟེན་འདི་ནས ་ཕ་རོལ་ཏུ། །འགྲོ་བའི་ཆོས་འགའ་གང་ན་འང་མེད། །འོན་ཀྱང་རྒྱུ་དང་རྐྱེན་དག་ལས། །ལས་ཀྱི་འབྲས་བུར་མངོན་པ་ཡིན། །དེ་ལ་ཆོས་ཞེས་བྱ་བ་ནི་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ལ་སོགས་བའི་ཆོས་དང། གཟུགས ་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ལ་སོགས་པ་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་ཆོས་སོ། །འདི་ནས་ཞེས་བྱ་བ་ནི། འཇིག་རྟེན་འདི་ནས་ཕ་རོལ་ལམ། །འཇིག་རྟེན་ཕ ་རོལ་ནས་འཇིག་རྟེན་འདིར་ཆོས་འགའ་ཡང་མི་འཕོ་བའོ། །གལ་ཏེ་དེ་ལྟར་ན་རྟག་པར་སྨྲ་བ་འམ་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བར་འགྱུར་དུ་འོང་ཞེ་ན། །བཀའ་སྩལ་བ། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན ་ལ་ཡང་ཡོད་དོ། །དེ་ལ་འཕོ་བ་ཡང་མེད་ལ་ལས་ཀྱི་འབྲས་བུ་ཡང་ཆུད་མི་ཟ་བ་མངོན་སུམ་དང། རྗེས་སུ་དཔག་པ་དང། ཡིད་ཆེས་པའི་ལུང་ལས་རབ་ཏུ་གྲགས་པའི་དཔེ་འདི་དག་གིས་ཤེས་པར་བྱ་སྟེ། ཇི་ལྟར་མེ་ལོང་རབ་ཕྱིས་ལ། ་བཞིན་གྱི་གཟུགས་བརྙན་དམིགས་པ་བཞིན། །མེ་ལོང་ནང་དུ་གཟུགས་བརྙན་ཡང། །འཕོས་པ་ཡོད་པ་མ་ཡིན་ཉིད། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟ་སྟེ། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་ནང་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འགའ་ཡང་འདི་ནས་ཤི་འཕོས་པ་ཡང་མེད་ལ། ཕ་རོལ་ཏུ་སྐྱེས་པ་ཡང་མེད་མོད་ཀྱི། །རྒྱུ་དང་རྐྱེན་མ ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །དེ་དག་ཕན་ཚུན་རྟོག་མེད་ཅིང། །བྱེད་པ་པོ་དང་ལས་རྣམས་སྤངས། །དེ་བཞིན་སྐྱེ་བ་སྣང་བ་ནི། །སྔོན་འཕེལ་བྱ་བའི་རིམ་པ་ལས། །དེ་དག་ཅེས་བྱ་བ་ནི། བཞིན་དང་མ་ལོང་ངོ། །ཕན ་ཚུན་ཞེས་བྱ་བ་ནི། །གཅིག་ལ་གཅིག་གོ་།རྟོག་མེད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །བྱེད་པ་པོ་དང་ལས་རྣམས་སྤངས། །ཞེས་བྱ་བ་ནི། །དེ་ལ་བྱེད་པ་པོ་དང་ལས་མེད་དོ། །ཆད་པར་མི་འགྱུར་རམ་ཞེ་ན། དེ་བཞིན་སྐྱེ་པ་སྣང་བ་ནི་ཞེས་སྨོས་སོ། །ཇི ་ལྟར་བྱེད་བ་མེད་པའི་བྱ་བ་དང་ལས་སུ་འགྱུར་ཞེ་ན། སྨྲས་པ། སྔོན་འཕེལ་བྱ་བའི་རིམ་ལས་སོ། །ཇི་ལྟར་ཟླ་བ་རིང་གནས་པ། །ཆུའི་སྣོད་ཆུང་དུའི་ནང་དུ་ནི། །སྣང་སྟེ་འཕོས་པའང་མ་ཡིན་ནོ། །བྱ་བ་དང་ནི་ལས་ཀྱང་ཡོད།། ་དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉི་སྟོང་ན་གནས་ཏེ། འོན་ཀྱང་སྣོད་ཆུང་དུ་ཆུས་གང་བའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནམ་འཕོས་ཏེ། འོན་ཀྱང ་སྣོད་ཆུང་ཆུས་གང་བའི་ནང་དུ་སྣང་སྟེ། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་གཟུགས་བརྙན་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་སུ་ཡང་ཤི་འཕོས་པ་དང། མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམས་མཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར ་མངོན་པ་ཡང་ཡོད་དོ། །ཡང་དཔེར་ན་མེ་ནི་རྒྱུ་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་བདག་པོ་མེད་པའི་ཆོས་འཛིན་པ་མེད་པ་ཕན་ཚུན་གྱི་རྐྱེན་ཅན་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིད་མཚམ་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ། །ཕྱི་ཡི་ལས་དང་བྱ་བ་རྒྱུ། །དེ་ནི་རྟོགས་པའི་བདག་ཉིད་དོ།། ་དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱ་བ་དང་ལས་སུ་རྣམ་པར་བཞག་པ་ནི་བརྟགས་བའི་བདག་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །དེ་ལ་གཞན་གྱི་དབང་གི་རྟེན་ཅིང་འབྲེལ་པར་འབྱུང་པའི་མཚན ་ཉིད་ནི་ནང་གི་སྟེ། དབང་པོ་ལྔ་དང། ཡུལ་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པ་ཅན་དུ་རིག་པར་བྱའོ། །བརྟག་བྱ་མིན་ཕྱིར་དོན་དམ་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །གང་བརྟག་པ་དང་གཞན་གྱི་དབང་གི་བདག་ཉིད་ཀྱི་རྣམ་པའི་རྣམ་པར་རིག་པ་སྣང ་བའི་རྣམ་པ་དང་བྲལ་བ་ལ་རྣམ་པར་རྟོག་པ་མེད་པ་ཤིན་ཏུ་ཡོངས་སུ་དག་པ། ཆུའི་ཁམས་དང། གསེར་དང། ནམ་བའི?་ལྟ་བུར་ཡོངས་སུ་དག་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བའི་ངོ་བོ་ཡོངས་སུ་དག་པ། ཟླ་བ་ཤར་བ་ལྟ་བུར་ཡོན་ཏན་བསམ་གྱིས་མི་ཁྱབ་བ ་གཞལ་དུ་མེད་པའི་འོད་ཟེར་སྣང་བའི་བདག་ཉིད་ཅན་འཕོས་པ་མེད་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལྷུན་གྱིས་གྲུབ་པར་རྒྱུན་མི་འཆེད་པར་མཛད་པ། ཐོག་མ་དང་དབུས་དང། ཐ་མ་དང་བྲལ་བ། ཁམས་གསུམ་ལས་ཡང་དག་པར་འདས་པ། དྲི་མ་དང ་བྲལ་བ། དྲི་མ་མེད་པ། དྲི་མ་སྤངས་པའི་ངོ་བོ། སོ་སོ་རང་གིས་རྟོག་པའི་སྤྱོད་ཡུལ་གྱི་བདག་ཉིད་ལུས་དང། ངག་དང། ཡིད་ཀྱིས་ལས་ཡང་དག་པར་འདས་པ། སོ་སོ་རང་གིས་རིག་པ། གཞན་ལ་རག་མ་ལས་པ། གཟུགས་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེའི ་རྒྱལ་བོ་ལྟ་བུ་སྟེ། བླ་ན་མེད་པའི་ཆོས་ཀྱི་སྐུ་ཞེས་བྱའོ། །རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ། །ནམ་ཡང་རྣམ་གཉིས་ཤེས་པར་བྱ། །བྱེད་པ་པོ་ལ་སོགས་པ་དབེན། །གསོག་གསོང་སྟེང་སོགས་སྙིང་པོ་མེད། །དེ་ཉིད་ཀྱི་ཕྱིར་དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ ་རྣམས་མ་ཡིན་ནོ། །སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་འཇིག་པར་བྱེད་པ་ཡིན་ལ། འཇིག་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་ཀྱང་སྐྱེད་བར་བྱེད་པ་ཡིན་པར་འགྱུར་དུ་འོང་བས་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་སྐྱེ་བའི་ཆར་གཏོགས ་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཐ་མ་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་མ་ཡིན་ཞེས་བྱ་བ་ནི་འགགས་ནས་ཡུན་རིང་དུ་ལོན་པ་ལས་མ་ཡིན་པའོ། །སྐྱེ་བའི་འཆར་གཏོགས་པ་ཞེས་བྱ་བ་ནི་སྐྱེས་ ་བའི་ཆ་ལ་བརྟེན་པས་ན་སྐྱེ་བའི་ཆར་གཏོགས་བ་སྟེ་།ཕུང་པོ་རྣམས་འབྱུང་བར་འགྱུར་བའོ། །ཐ་མ་འཆི་བ་མ་འགགས་པ་ཁོ་ནར་རྟོགས་པའི་ཕུང་པོ་དག་འབྱུང་བར་འབྱུང་ན་མི་རུང་བས་བཀའ་སྩལ་པ། ཐ་མ་འཆི་བའི་ཕུང་པོ་རྣམས ་ཀྱང་འགག་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་བའི་ཕུང་པོ་རྣམས་སྲང་མདའི་མཐོ་དམན་བཞིན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ། །སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་གཞན་མངོན་པར་འགྲུབ་པས་དེའི་ཕྱིར ་འཕོ་བར་མ་ཡིན་ནོ། །ལས་ཆུང་དུ་བྱས་པས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་མྱོང་སྟེ། དེའི་ཕྱིར་ཆུང་དུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ་ཇི་ལྟར་མྱོང་བར་འགྱུར་བའི་ལས་བསགས་པ་དེ་ལྟ་བུ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང? ་འདྲ་བའི་རྒྱུད་དུའོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟག་པར་རྒྱུན་ཏུ་སྲོག་མེད་པ་དང། ཇི་ལྟ་བུ་ཉིད་དང། མ་ནོར་བ་དང། མ་སྐྱེས་པ་དང། །མ་བྱུང་བ་དང། མ་བྱས་པ ་དང། འདུས་མ་བྱས་པ་དང། ཐོགས་པ་མེད་པ་དང། དམིགས་པ་མེད་པ་དང། ཞི་བ་དང། མི་འཕྲོགས་པ་དང། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དང་མེད་པ་དང། གསོག་དང། གསོབ་དང། སྙིང་པོ་མེད་པ་དང། ནད་དང། འབྲས་དང། སྡིག་པ ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་མཐོང་བ་ཞེས་བྱ་བ་ལ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལ་ཞེས་བྱ་བ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་འདི་ལའོ། །ཡང་དག་པའི་ཞེས་བྱ་བ་ནི་ཕྱིན་ཅི་མ ་ལོག་པའོ། །ཤེས་རབ་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཇི་ལྟ་བར་རོ། །རྟག་བར་རྒྱུན་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་རོ། །སྲོག་མེད་པ་ཞེས་བྱ་བ ་ནི་སྲོག་དང་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ། །མ་སྐྱེད་བ་ཞེས་བྱ་བ་ནི་སྐྱེ་བ་དང་དྲལ་བའི་ཕྱིར་རོ། །མ་བྱུང་པ་ཞེས་བྱ་བ་ནི་གནས་པ་དང་བྲལ་བའི་ཕྱིར་རོ། །མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་བོ་མེད་བའི་ཕྱིར་རོ། །འདུས་མ་བྱས་པ་ཞེས་བྱ་བ་ནི་འདུས ་བྱས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །ཞོ?་བ་ཞེས་བྱ་བ་ནི་ཞི་བ་ཉིད་ཀྱི་ཕྱིར་རོ། །འཇིགས་པ ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཕྱིར་རོ། །མི་འཕྲོག་པ་ཞེས་བྱ་བ་ནི་ཉོན་མོངས་པའི་གཞན་དབང་དང་བྲལ་བའི་ཕྱིར་རོ། །མི་ཟད་པ་ཞེས་བྱ་བ་ནི་རྟག་ཏུ་རྣམ་པར་གནས་པའི་ཕྱིར་རོ། །རྣམ་པར་ཞེ?་བ་མ་ཡིན་ཞེས་བྱ་བ ་ནི་གཅིག་ཏུ་ཞི་བའི་བགྲོད་པ་དང་བྲལ་བའི་ཕྱིར་རོ། །མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་གུད་ན་གཞན་མེད་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་གྲོལ་བའི་ལྕགས་ཐུར་ལྟ་བུ་གཅིག་བུ་མེད་པའི་ཕྱིར་རོ། །གསོབ་ཅེས་བྱ་བ་ནི་ནང་ན་འདུས་པའི་ངོ་བོའི་བདག་གི་རྫས? ་མེད་པའི་ཕྱིར་རོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་འཕྲོ་བའི་བདག་ཉིད་མེད་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་ནད་ཀྱི་བདག་ཉིད་ཕུང་པོ་ལས་གུང་ན་མེད་པའི་ཕྱིར་རོ་།འབྲས་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་གནོད་པར་བྱད་པ་གཞན་མེད་པའི་ཕྱིར་རོ། །སྡིག་བ ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་གུང་ན་གནོད་པའི་ངོ་བོ་གཞན་མེད་པའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པ་སྟེ། ཕུང་པོ་ལས་གུང་ན་གཞན་མེད་པའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་འདུ་བྱེད་དང་འགྱུར་བའི་སྡུག ་བསྔལ་ལས་གུང་ན་མེད་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་ལས་གུང་ན་མེད་པའི་ཕྱིར་རོ། །དེ་དག་མེད་བ་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་བདག་གི་རྫས་མེད་པའི་ཕྱིར་རོ། །བྱེད་པ་པོ ་ལ་སོགས་པས་དཔེན། །གསོབ་གསོག་སྟོང་སོགས་སྙིང་པོ་མེད། །དེ་ལྟར་ཤེས་བར་གྱིས་མཐོང་གང། །ཅི་ཅིར་ཅི་ལྟར་གང་དུ་ཅིས། །སྙན་པའི་རྟོག་སྨྲ་སོགས་སྤངས་པ། །ཡོན་ཏན་མཛའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །དེ་བཞིན ་ཉིད་ཀྱི་ཕྱིར་དེ་ནི། །སྔོན་གྱི་མཛའ་ལ་མི་རྟོག་གོ་ཞེས་གསུངས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་འགྱུར་རམ་སྙམ་པའི་རྨོངས་བ་འདི་ལ་མི་སྐྱེའོ། །མ་རྨོངས་པ་ལ་ཡེ་ཤེས་སྐྱེ་བའི་ཕྱིར་བདག་འདས་པའི་དུས་ན་མིང་འདི་ལྟ་བུར་འགྱུར་སྙམ་པ་ལ་སོགས་པ་དང ་བདག་ལྷ་འམ། ཤ་ཟ་འམ། བདེ་བར་གནས་པ་འམ། སྡུག་བསྔལ་བར་གནས་པ་ཅིར་འགྱུར་སྙམ་བའི་རྨོངས་བ་མེད་པ་ཉིད་དོ། །བདག་བདེ་འགྲོའམ། །ངན་འགྲོ་འམ། ཡུན་རིང་པའི?། ཡུན་ཐུང་བ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་མེད་པ་ཉིད་དོ། །མ་འོངས་པའི་མཛའ་ལ་མི་རྟོག་སྟེ། ་ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་སྙམ། པ་འམ། འོན་ཏེ་འབྱུང་བར་མི་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་པ་ཉིད་དོ་མ་འོངས་པའི་དུས་ན་ཅིར་འགྱུར་སྙམ་པ་མ་འོངས་པའི་དུས་ན་ལྷ་འམ། ཤ་ཟ་འམ། མི་ཅིར་འགྱུར་སྙམ་པའི་རྨོངས་བ་ཡང ་འདི་ལ་མི་འབྱུང་བ་ཉིད། །བདེ་བ་འམ། སྡུག་བསྔལ་བ་འམ། གཟུགས་བཟང་བའམ། གཟུགས་ངན་པ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་དོ། །ནང་ལ་ཡང་མི་རྟོགས་གོ་ཞེས་བྱ་བ་ནི་ནང་ལ་རྟོགས་པར་མི་འགྱུར་བ་སྟེ། འདི་ཅི་ཞིག་ཅེས་བྱ་བ་ནི་བདོག ་གམ་བདག་མེད་སྙམ་པའོ། །འདི་ཅི་ལྟ་བུ་ཞིག་ཅེས་བྱ་བ་ཅི་གཟུགས་ཅན་ནམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞིག་སྙམ་པའི་རྨོངས་བ་ཡང་འདི་ལ་མི་འབྱུང་ངོ། །ཅི་ཞིག་ཡོད་ཅེས་བྱ་བ་ལེགས་པར་བྱས་པའི་ལས་བྱས་པ་འམ། ཉེས་པར་བྱས་པ་ལས་བྱས ་པ་སྙམ་བའི་རྨོངས་པ་ཡང་འདི་ལ་མི་སྐྱེའོ། །སེམས་ཅན་འདི་ལྷའི་འགྲོ་བ་འམ། མིའི་འགྲོ་བ་གང་ནས་འོངས་དེ་འདི་ནས་ཤི་འཕོས་ནས་ལྷ་རྣམས་སམ་མི་རྣམས་སམ། དམྱལ་བ་དང། ཡི་དགས་དང། དུད་འགྲོ་གང་དུ་འགྲོ་བར་འགྱུར་སྙམ་པའི་རྨོངས་པ ་ཡང་འདི་ལ་མི་འབྱུང་ངོ། །འཇིག་རྟེན་ན་དགེ་སློང་ངམ། བྲམ་ཟེ་དག་གི་བལྟ་བར་གྱུར་པ་ཐ་དད་པ་གང་དང་བ་གང་དག་ཡོད་པར་འགྱུར་བ་ལས་བྱས་ལ་ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་གནས་སོ། །ཐ་དད་བ་ཞེས་བྱ་བ་སོ་སོ་བའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་བསྟན ་བའི་ཕྱིར་རོ། །བདག་ཏུ་སྨ་བ་དང་ལྡན་པ་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་དང་བདག་མེད་དེ། མ་དབྱང་བར་བདག་དང་བདག་གི་ཞེས་བྱ་བའི་ངོ་བོར་བདག་ཏུ་འཛིན་པ་དང་ལྡན་པའི་ཕྱིར་བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་གསུངས་སྟེ། ཕྱིན་ཅི་ལོག་ཏུ་འཛིན་པས ་ཀུན་ནས་བསླངས་བའི་ཕྱིར་རོ། །གང་ཟག་ཏུ་སྨྲས་བ་དང་ལྡན་བ་ཞེས་བྱ་བ་ལ་སོགས་པ་ནི་ཡང་འགྲོ་བའི་ཕྱིར་གང་ཟག་ཅེས་བྱ་བ་ཕུང་པོ་ལས་མ་གཏོགས་བ་གང་འཇིག་རྟེན་འདི་སྤངས་ན་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་འམ། འཇིག་རྟེན་ཕ་རོལ་སྤངས་ནS ་འཇིག་རྟེན་འདིར་འོངས་པ་ཡོད་བ་མ་ཡིན་བས་འཛིན་པ་ངན་པ་བྱིན་ཅི་ལོག་གི་འཇིག་རྟེན་བ་ཞེས་གསུངས་སོ། །དགེ་མཚན་དང་བཀྲ་ཤིས་སུ་ལྡན་བ་ཞེས་བྱ་བ་ལ། དགེ་མཚན་ནི་འཇིག?་རྟེན་ན་བཟོའི་གནས་དང། རིག་པའི་གནས་རྣམ་པ་སྣ་ཚོགས་གང་དག ་ཡིན་བ་དགའ་ལྟོན?་དང། བག་མ་གཏོང་བ་དང། བག་མ་ལེན་བ་དང། འཐབ་མོ་དང། གཡུལ་དང། སྐྱེད་མས་ཚལ་དང། ཆུ་ཀླུང་དང། རྒྱ་མཚོ་དང། རི་དང། ཚལ་དང། འཕགས་བའི་གཞན་དེ་དང། དེ་དག་ཏུ་འགྲོ་བ་དང། ལྟ་བ་དང། འཕོ་བ་དང། འཇུག་པ ་དང། གནས་པའི་རྗེས་སུ་དགའ་བརྩ་བའི་དད་བ་མྱོང་བའི་གར་དང། གླུ་དང། ཚིག་ཏུ་སྨྲ་བ་དང། རྒྱུག་པ་དང། མཆོད་པ་དང། ཆར་དང། སྐྱེས་བ་དང། བུད་མེད་དང། ཁྱེའུ་དང། བུ་མོར་འབྱེད་པའི་གཏམ་དང། རྩོད་པ་དང། ལྡེའུ་བརྗོད་པ་དང། གླང་པོ་ཆེ་དང ་རྟ་ལ་སོགས་པ་འཐབ་པ་དང་རྩད་?་དང། ཞོ་དང། གྷི་ཝ?་དང། ཞིག་ཞོལ་དང། ཐེ་བ་དང། མེ་ཏོག་དང། འབྲས་བུ་དང། བུམ་བ་དང། དུང་དང། ཉ་ལ་སོགས་བ་དང། བྲམ་ཟེ་དང། ཁྱུ་མཆོག་དང། ཟླ་བ་དང། ཉི་མ་དང། གཟའ་དང། སྐར་མ་དང། རྒྱུ་སྐར་དང། ་ཡུད་ཙམ་དང། སྦྱོར་བ་དང། བྱེད་པ་ལ་སོགས་པ་སྟེ་ལྟས་མཁན་ལ་སོགས་པ་བདག་ཉིད་དང་ངག་བ་ཚོལ་བ་དང། ཕྱིན་ཅི་ལོག་རྣམ་པ་དུ་མའི་འཕྱང་ཐག་ལ་འཇུ་ཞིང། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང། མདག་པ་ལ་དག་པར ་འདུ་ཤེས་པ་དང། མ་གྲོལ་བ་ལ་གྲོལ་བར་འདུ་ཤེས་པས་འགྲོ་བ་དྲུག་གི་འཁོར་ལོར་ཞུགས་པའི་བློ་གྲོས་ཅན་འགྲོ་བ་དང་འགྲོ་བར་གྱུར་པ་རྣམས་ནི་འཁོར་བ་ཁོ་ནའི་རྗེས་སུ་འབྲང་གི་མྱ་ངན་ལས་འདས་པ་ཡིན་ནི་མ་ཡིན་ནོ་ཞེས་དེ་ལྟར་ཡང་དག་པའི་ཤེས་རབ ་ཀྱིས་མཐོང་བ་ན་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རྩ་བ་ནས་བཅད་དེ། །དེ་མི་སྣང་བར་གྱུར་ཅིང་སྤངས་པ་ཡིན་པས་ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཤིང་ཏཱ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུས་ཕྱིས་མི་སྐྱེ་མི་འགག་པའི་ཆོས་སུ་འགྱུར་རོ ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་བ། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེས་པ་འང་སྣང། །དེ་ཉིད་ཀྱི་ཕྱིར་དབེ་བརྗོད་པ། །ཇི་ལྟར་བུད་ཤིང་དང་འབྲེལ་བ། །མེ་ཡི་རྐྱན་ནི་འཇུག་འགྱུར་གྱི། །རྒྱུ་ནི་མ་ཆད་གྱུར་བ་ལས། །མི་ཡིས་རྗེས་སུ་འཇུག་པ ་མིན། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་གཟུགས་ཐག་རིང་པོ་ན་གནས་ནས་ཀྱང་ཆུ་ཡི་སྣང་ཆུང་དུ་འཆི?། ཆུ་དང་ཏིལ་མར་གྱི་སྣོད་ཆེན་པོ་དང། དུ་མ་དག་ཏུ་ཡང་སྣང་བ་ཟླ་བའི་གཟུགས་འཕོས་པ་འམ། །དུ་མ་ཉིད་ཀྱང་མེད་མོད་ཀྱི། འོན་ཀྱང་ཆུའི་སྣོད་དུ་མདག་ཏུ ་སྣང་དོ། །དེ་བཞིན་དུ་འདི་ནས་འགའ་ཡང་ཤི་བ་འཕྲོS?་བ་ཡང་མེད། སོད་པ་ཡང་མེད། འོང་བ་ཡང་?་།རྒྱུ་དང་རྐྱེན་ཚད་བ་མེད་པའི་ཤི་འཐོས་བ་དང། སོང་བ་དང། འོང་བ་དང། སྣང་བ་དེ་བཞིན་དུ་ཆུ་སྣོད་དང་འདྲ་བ་སེམས་ཅན་གྱི་རྒྱུད་འགྲོ་བའི་གནས་གཞན་རྣམ་པ ་དུ་མ་ཐ་དད་བས་སེམས་ཟླ་བའི་གཟུགས་བརྙེན་སྐྱེ་བར་འགྱུར་རོ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ཞེས་བྱ་བ་ན་དགེ་བ་དང། མི་དགེ་བ་དང། མི་གཡོ་བ་ལ་སོགས་པའི་རྒྱུ་ཇི་ལྟེར་འཕངས་པ་དེར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་འབྱུང ་སྟེ། བདག་དང་བདག་གི་དང་བྲལ་བའི་དངོས་བོ་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་རྟོགས་བར་བྱའོ། །རྒྱུ་ནི་མི་འཆད་བའི་དཔེ་བརྗོད་པ། ཇི་ལྟར་བུད་ཤིང་དང་འབྲེལ་ན། །མེ་ཡི་རྒྱུ་ནི་འཇུག་འགྱུར་གྱི། །ལས་དང་ཉོན་མོངས་བས ་བསྒོམ་པའི་སེམས་ཀྱི་རྒྱུད་མེའི་རྒྱུན་དང་འདྲ་བའི་བུད་ཤིང་ནི་ལས་དང་ཉོན་མོངས་པ་ཁོ་ན་ཡིན་བར་བརྟག་སྟེ། ཇི་ལྟར་མེ་བུད་ཤིང་རྒྱུར་བྱས་ནས་འབར་བ་རྒྱུ་མིན་འཆད་མ། བུད་ཤིང་མེད་ན་རྒྱུན་འཆད་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་ལས་དང ་ཉོན་མོངས་པའི་བུད་ཤིང་བཤད་དེ། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་གྱི་རྒྱུན་ཡེ་ཤེས་ཀྱི་མེ་དང་ཕྲད་པས་སྲེགས་ན་རྒྱུ་འགགས་པའི་ཕྱིར་འབྲས་བུ་མི་འབྱུང་ངོ། །དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ། དགེ་སློང་དམ་བྲམ་ཟེ་གང་དག ་ཡོད་པ་འདི་ལྟ་སྟེ། ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་སོ། །འཇིག་རྟེན་ན་ཞེས་བྱ་བ་ནི་འཇིག་རྟེན་འཇིག་ཅིང་འཇིག་ཅིང་འགྲོ་བའི་དོན་ཏེ། འཇིག་པའི་ཕྱིར་འཇིག་རྟེན་པས་ཞིག་པར་འགྱུར་པ་ཞེས་བྱ་བའི་ཐ་ཚིག་གོ་།ལྟ་བར་གྱུར་བ་ཞེས་བྱ་བ་ནི ་བལྟ་བའི་གནས་སོ། །ལྟ་བ་ཞེས་བྱ་བ་དང་མཐོང་བ་སྟེ་ཕྱིན་ཅི་ལོག་གི་བསྟན་བཅོས་ཉན་པ་དང། སེམས་བ་ལ་སོགས་པ་ལོག་པའི་ཤེས་པ་བྱུང་བའི་ཕྱིར་ལོག་པའི་ཤེས་བ་ནི་བལྟ་བ་ཞེས་བྱའོ། །ཐ་དད་པ་ནི་སོ་སོ་བའོ། །འདི་ལྟ་སྟེ་བདག་ཏུ་སྨྲ་བ་དང ་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལེན་པའི་ཕུང་བོ་ལྔ་པོ་གཟུགས་དང་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཞེས་བྱ་བ། བདག་དང་བདག་གི་དང་བྲལ་བ་དག་ལ་བདག་ཉིད་དུ་ཡང་དག་ལྟ་བའི་ཤེས་རབ་ཉོན་མོངས ་པ་ཅན་གང་ཡིན་པ་དེ་ནི་ཡང་དག་ལྟ་བ་ཞེས་བྱའོ། །འཇིག་ཚོགས་དང་མཛའ་དང། ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་དང། ལོག་པར་ལྟ་བ་སྔོན་དུ་འགྲོ་བའི་ཤེས་རབ་དྲན་བ་མ་རིག་པ་དང་མཚུངས་བར་ལྡན་པའི་ཕྱིར་ལྟ་བ་ཞེས་བྱ་བ ་དེ་དང། མ་རིག་པ་སྔོན་དུ་འགྲོ་བའི་འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཐེ་ཚོམ་དང། ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང། ལྡན་པ་མ་ཡིན་པའི་མཚན་ཉིད་ཁམས་ཀྱི་རྣམ་པ ་དང། བྱེ་བྲག་གིས་ཐ་དད་པ་མ་གཏོགས་ནས། །ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སུ་གནས་པ་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྣང་བ་གསོས་པ་རྣམས་ཐོག་མ་ཉིད་དུ་འཇིག་རྟེན་ལས་འདས་པའི་ལམ་བརྟེན་ཏེ། ་ཕགས་པའི་བདེན་པ་བཞི་བསྒོམ་པ་གོམས་པའི་རིམ་གྱི་སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་མཐོང་བ་དང། བསྒོམ་པ་དང། རྣམ་པར་གྲོལ་བ་དང། ཁྱད་པར་དང། བར་ཆད་མེད་པས་སྤངས་པ་མངོན་དུ་བྱས་པ་དང། གང་ཡང་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཚས་སུམ་ཅུ་རྩ་བདུན་དང། དྲན་བ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་བ་དང། དབང་བོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་དང། བསམ་གཏན་དང། གཟུགས་མེད་པ་དང ་ཚད་མེད་པ་དང། རྗེས་སུ་དྲན་པ་དྲུག་ལ་སོགས་པ་དང། ཆོས་དང་གང་ཟག་ལ་བདག་མེད་པ་དང། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང། ཏིང་ངེ་འཛིན་དང། གཟུངས་དང་།དང་པ་དང་བརྩོན་འགྲུས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། ས་དང། དབང་དང། མངོན་པར ་ཤེས་པ་དང། ཡེ་ཤེས་དང། ཕ་རོལ་ཏུ་ཕྱིན་པ་དང། རྣམ་པར་གྲོལ་བའི་སྒོ་དང། བཟོད་པ་བསྒོམ་པ་ལ་སོགས་པའི་རིམ་གྱིས་འཇིག་རྟེན་ལས་འདས་བའི་ལམ་གྱི་རྗེས་སུ་འགྲོ་བས། མོས་པས་སྤྱོད་པ་ལ་རབ་ཏུ་གནས་ཤིང་ངེས་པར་འབྱུང་བ་རབ ་ཏུ་སྦྱོར་བ་མངོན་སུམ་དུ་བྱས་པ་ལ་དབང་པོ་དང། སྟོབས་དང། མི་འཇིགས་པ་དང། མ་འདྲེས་པ་དང། སོ་སོར་རིགས་དང། དཔེ་བྱད་དང། སྐྱེས་བུ་ཆེན་བོའི་མཚན་དང། རྫུ་འཕྲུལ་གྱི་རྐང་བ་ལ་སོགས་པ་བསྒོམ་བ་ཡོངས་སུ་རྫོགས་ནས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་རྗེས་སུ་རྟོགས་པ་ལས་ཞི་གནས་དང། ལྷག་མཐོང་གི་རྗེས་སུ་མཐུན་པ་མཉམ་པ་ཉིད་དུ་གྱུར་པ། ཡོན་ཏན་མཛའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐོབ་སྟེ་ཐོག་མ་དབུས་དང་མཛའ་བྲལ་བ། །རྟོགས ་ན་སངས་རྒྱས་གོ་འཕང་ཐོབ་ཅེས་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ནི། གཟུགས་སུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པར་རྟོག་པ་ལས་བྱུང་བ་རྗེས་དུ་མའི་བདག་ཉིད་འབྱུང་བ་དང། འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་མཚན་ཉིད ་སྤྱི་བཅུ་གཅིག་བདག་ཉིད་བདག་གི་རྫས་རྣམ་པ་ལྔར་སྒྲོ་འདོགས་པས་ཀུན་ནས་བསླང་བ་མིག་དང། རྣ་བ་ལ་སོགས་པ་དང། གཟུགས་དང། སྒྲ་ལ་སོགས་པ་དང། འདོད་པ་དང། གཟུགས་དང། གཟུགས་མེད་པ་དང། མཚུངས་པར་ལྡན་པའི་ཡང་དག་པ ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། དབང་པོ་དང། རྣམ་པར་ཤེས་པ་ཡུལ་གྱི་བདག་ཉིད་དང། གཞན་ཡང་དེ་ལྟ་བུའི་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་ཚོར་བའི་ཕུང་པོ ་ཞེས་བྱ་བ་ནི་བདེ་པ་དང། སྡུག་བསྔལ་དང། གཉིས་ཀའི་རྣམ་པར་མྱོང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་སྟེ། ཡུལ་དང། དབང་པོ་དང། རྣམ་པར་ཤེས་པ་དབྱེ་བས་ཚོར་བའི་ཚོགས་དྲུག་གོ་།ཁམས་ཀྱི་རྣམ་པ་དང་བྱེ་བྲག་གི་དབྱེ་བས་ནི་ཉོན ་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང། མཚུངས་པར་ལྡན་པའི་ཕྱིར་རབ་ཏུ་དབྱེ་བ་མཛའ་ཡས་ཏེ། བདེ་བ་དང། སྡུག་བསྔལ་དང། ཡང་བདེ་བ་དང། ཡིད་མི་བདེ་བ་བཏང་སྙོམས་དང་ལྡན་པའི་ཕྱིར་བདག་གིས་རྫས་རྣམ་པ་དྲུག་ཉིད་ཡང་དག་པ་མ ་ཡིན་པའི་ཀུན་ཏུ་རྟོག་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་བས་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་ལ་སོགས་པ་ཁམས་གསུམ་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྫས་སུ་མ་བསྡུས་བའི་ཕྱིར་ཚོར་བའི་ཕུང་པོ་ཞེས་བྱའོ ་འདུ་ཤེས་ནི་ཕྲ་བ་དང། རགས་པ་དང། ཆེན་པོར་གྱུར་པ་ལ་སོགས་པར་འཛིན་པ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྟོན་རྒོང་པ་དང། དགའ་བ་དང། རྩེས་བ་ལ་སོགས་པའི་རྗེས་སུ་དྲན་ཞིང་སྐྱེས ་པ་དང། བུད་མེད་ལ་སོགས་པའི་མཚན་མའི་ཁྱད་པར་འཛིན་པའི་བདག་ཉིད་དོ། །ཡུལ་དང། དབང་པོ་དང། རྣམ་པར་ཤེས་པའི་དབྱེ་བས་འདུ་ཤེས་ཀྱི་རིགས?་དྲུག་གོ་།འདོད་ཆགས་དང་ཞེ་སྡང་དང། གཏི་མུག་དང། འབྲེལ་བའི་ཕྱིར་ཁམས་ཀྱི་རྣམ་པ་དང། ་བྱེ་བྲག་གི་དབྱེ་བས་ནི་རབ་འབྱམ་མཛའ་ཡས་ཏེ། ཀུན་ནས་ཉོན་མོངས་པའི་ཀུན་གཞིའི་རྣམ་བར་ཤེས་བའི་བག་ཆགས་དང་འབྲེལ་པའི་ཕྱིར་བདག་ཏུ་རྨོངས་བ་ལ་སོགས་པའི་བདག་ཉིད་ནི་འདུ་ཤེས་ཞེས་བྱའོ། །འདུ་ཤེས་ནི་མཚུངས་པར་ལྡན་པ་དང། ་ལྡན་པ་མ་ཡིན་པ་དང། གདགས་པ་དང། འདུས་བྱས་དང། འདུས་མ་བྱས་སུ་སྣང་པའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྣམས་སོ། །སྔོན་འཕགས་བའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཡོད་པའི་བག་ཆགས་ཀྱི་དབྱེ ་བས་ནི་ཁམས་ཀྱི་རྣམ་པ་དང། བྱེ་བྲག་གིས་རབ་འབྱམས་མཛའ་ཡས་དང་ལྡན་པས་འདུ་བྱེད་ཀྱི་རྗེས་དུ་མ་བསྡུས་བའི་ཕྱིར་འདུ་བྱེད་ཕུང་པོ་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པ་བརྒྱད་དེ། ཡུལ་དང། དབང་པོ་དང། རྣམ་པར་ཤེས ་པའི་བྱེ་བྲག་ཏུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གི་བྱུང་བ་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་བའི་ཕྱིར་ཁམས་ཀྱི་རྣམ་པ་དང། བྱེ་བྲག་གི་དབྱེ་བས་རབ་འབྱམས་མཛའ་ཡས་ནི་རྣམ་པར་ཤེས་པའི་ཕུང་པོ ་ཞེས་བྱའོ། །དེ་དག་ཉིད་ཀྱང་ཁམས་དང། སྐྱེ་མཆེད་དང། ཟག་པ་དང་བཅས་པ་དང། འདུས་བྱས་དང། ཀུན་ན་ས་ཉོན་མོངས་པ་ལ་སོགས་པའི་རྣམ་གྲངས་ཀྱི་དབྱེ་བས་རང་གི་མཚན་ཉིད་དང་འབྲེལ་བསྡུས་ཏེ། ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་ཞེས ་བྱའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བ་ཁམས་གསུམ་པར་བླང་བ་སེམས་དང་སེམས་ལས་བྱུང་བ་དེ་དག་གི་འཁོར་བ་ནི་ཞེས་བྱའོ། །འོད? ་ཀྱང་དེ་ལ་ཐོག་མ་ཉིད་དུ་བྱེད་པ་པོ་ལ་སོགས་པ་དང་བྲལ་བ་གསོག་གསོབ་སྙིང་པོ་མེད་པ་ཞེས་བྱ་བར་རིག་ནས་བདེན་པ་བཞི་བསྒོམ་བ་ལུགས་དང་མཐུན་བར་འཇུག་པས་གཏན་ལ་ཕབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ?་བྱུང་ན་མ་རིག?་པའི་མུན ་པ་ལ་སོགས་པ་དང་བྲལ་ཏེ་རྒྱུ་དང་རྐྱེན་གྱི་དོན་གྱི་དེ་ཁོ་ན་ཉིད་ཡང་ཡོངས་སུ་ཤེས་པ་ལས་ཞི་བ་ཆོས་ཀྱི་སྐུ་རྟོགས་སོ། །དེའི་ཕྱིར་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མཐོང་བ་དང། སྒོམ་བའི་ལམ་གྱིས་གོ་རིམ་ཞེས་བྱ་སྟེ། དེ་ལ་སྡུག་བསྔལ ་གྱི་བདེན་པ་ལ་མི་རྟག་བ་དང། སྡུག་བསྔལ་བ་དང། སྟོང་བ་དང། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བའི་ཤེས་པ་དང། བཟོད་པ་དང། གྲོལ་བ་དང། སྤོང་བ་དང། ཁྱད་པར་དང། བར་ཆད་མེད་པའི་ཤེས་པས་སྡུག་བསྔལ་དེ་མངོན་པར་རྟོགས་ནས་ཉོན ་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡང་དག་པར་བཅོམ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ནས་ཁམས་གསུམ་པར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་སེམས་ཙམ་པ་འདི་ལ་སྒྱུ་མ་དང། སྨིག་རྒྱུ་དང ་དྲི་ཟའི་གྲོང་ཁྱེར་དང། མགལ་མེའི་འཁོར་ལོ་དང། བྲག་ཆ་དང། ཆུ་ཟླ་དང། གཟུགས་བརྙན་བཞིན་དུ་རྣམ་པར་བསྒོམ་ནས་ཕུང་པོ་ལ་སོགས་པ་དང། ཁམས་དང། སྐྱེ་མཆེད་དུ་གཟུང་བ་དང། འཛིན་པ་དང་བྲལ་ནས་ཆོས་ལ་བདག་མེད་པ་མཉམ ་པ་ཉིད་ལ་ཞུགས་ཏེ། རང་གི་སེམས་ཉིད་གཟོད་མ་ནས་མ་སྐྱེས་པའོ་ཞེས་སྟོང་བའི་ཡེ་ཤེས་ལ་ཐུགས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཡེ་ཤེས་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་གྱུར་པ་ཐབས་སྣ་ཚོགས་དང། བསོད་ནམས་དང། ་ཡེ་ཤེས་ཀྱི་ཚོགས་བསགས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་དག་གིས་ས་བཅུའི་རྟེན་ཅན་ཡེ་ཤེས་བཅུའི་དམིགས་པ། དབང་བཅུའི་འབྲས་བུ་ཅན་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཛའ་ཡས་པའི་འབྱུང་གནས་ཞི་བ་ཆོས་ཀྱི་སྐུ ་རྟོགས་སོ། །དེ་བཞིན་དུ་ཀུན་འབྱུང་གི་བདེན་པ་ལ། ཀུན་འབྱུང་བ་དང། རྒྱུ་དང། རབ་ཏུ་སྐྱེ་བ་དང། རྐྱེན་དུ་བར་ཆད་མེད་པ་དང། རྣམ་པར་གྲོལ་བ་དང། སྤོང་བ་དང། །བྱང་བར་དང། མཐོང་བ་དང། བསྒོཾ་པ་ལུགS་དང་མཐུན་པ་དང། ལུགS་དང་མི་མཐུན་པའི་རྣམ་པས་ཀུན་ནས་ཉོན་མོངS ་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་བས་ཞི་བ་ཆོས་ཀྱི་སྐུ་ལ་འཇུག་གོ་།འགོག་པའི་བདེན་པ་ལ་ཡང་འགོག་པ་དང་ཞི་བ་དང། གྱ་ནོམ་པ་དང། ངེས་པར་འབྱུང་བར་བར་ཆད་མེད་པ་དང། རྣམ་པར་གྲོལ་བ་དང། སྤོང་བ་དང། ་ཁྱད་པར་དང། མཐོང་བ་དང། བསྒོམ་པའི་ལམ་གྱི་རིམས་ཀྱི་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡང་དག་པར་བཅོམ་པས་བར་ཆད་མེད་བ་དང། སྤོང་བ་དང། རྣམ་པར་གྲོལ་བ་དང། ཁྱད་པར་བསྒོམས་པ་ལS ་གང་ཟག་དང། ཆོས་ལ་བདག་མེད་པར་རྟོགས་ཏེ་ཞི་བ་ཆོས་ཀྱི་སྐུ་འཐོབ་བོ། །རྒྱུ་དང་རྐྱེན་དང་བྲལ་བ་ལས་ལམ་གྱི་བདེན་པ་ལ་ཡང་ལམ་དང། རིགས་པ་དང། སྒྲུབ་པ་དང། ངེས་པར་སྒྲུབ་པ་དང། ངེས་པར་འབྱིན་པར་ཡང་དག་པར་མཐོང་ན་འདི་ལྟར ་མཐོང་བ་དང། སྒོམ་པ་དང། བར་ཆད་མེད་པ་དང། སྤོང་བ་དང། རྣམ་པར་གྲོལ་བ་དང། ཁྱད་པར་གྱི་ལམ་དང་མཐུན་པར་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ཡང་དག་པར་བཅོམ་ནས། གང་ཟག་དང་ཆོས་ལ་བདག་མེད་པའི་མཉམ ་པ་ཉིད་རྟོག་པ་ལས་སྐུ་གསུམ་གྱི་རྟེན་ཞི་བ་ཆོས་ཀྱི་སྐུ་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི་ཚོགས་ཅན་ཐོག་མ་དང་བར་དང། ཐ་མ་དང་བྲལ་བ་དོན་ཐམས་ཅད་རྒྱུན་མི་འཆད་བར་ལྷུན་གྱིས་གྲུབ་པར་མཛད་པའི་བདག་ཉིད་བླ་ན་མེད ་པ་དང། ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །ཡང་སྨས་པ། གང་གིས་དེ་ལྟར་དེ་ཉིད་བཟོད། །དེ་ནི་ལུང་བསྟན་ཐེ་ཚོམ་མེད། །གང་གིས་དེ་ལྟར་བཤད་མ་ཐག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཟག་དང། ཆོས་ལ་བདག་མེད་པའི་དེ་ཉིད་བཟོད་ཅིང་འདོད་པ་དེ་ནི་གང ་ཟག་དང། ཆོས་ལ་བདག་མེད་བར་བཟོད་པ་དང་ལྡན་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་བར་བྱ་བའི་ཐ་ཚིག་གོ་།དེ་ཉིད་ཀྱི་ཕྱིར་མདོ་ལས། བཙུན་པ་ཤཱ་རིའི་བུ་རོགས་ཀྱི་བཱུམ་རིགS ་ཀྱི་བུ་མོ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །ཞེས་གསུངས་སོ། །དེ་སྐད་བྱམས་བདག་བདག ་ཉིད་ཀྱིས། །ཤཱ་རིའི་བུ་ལ་སྨྲས་པ་དང། དེ་སྐད། དེ་སྐད་དུ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་དྲིས་པ་དང། བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང། སཱ་ལུ་ལྗང་པ་དཔེར་མཛད་པའི་མདོ་འདི་རྒྱ་ཆེར་རྣམ་པར་ཕྱེ་ནས་བཤད་པ་དང། བྱང་ཆུབ ་སེམས་དཔའ་བྱམས་པས་བཤད་པ། སཱ་ལུ་ལྗང་པ་དཔེར་མཛད་པ། །དེ་ནི་ཤཱ་རིའི་བུས་ཐོས་ནས་ཞེས་བྱ་བ་ནི་སཱ་ལུ་ལྗང་བ་དཔེར་མཛད་པའོ། །སྙིང་པོ་བླངས་ཏེ་ལྷ་ཞེས་བྱ་བ་ལ། སྙིང་པོ་བླངས་ཏེ་ཞེས་བྱ་བ་ནི། ཆོས་ཀྱི་དོན་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་སྙིང་པོ ་གཟུང་བའོ། །ལྷ་ཚོགས་ཀྱིས་ཞེས་བྱ་བ་ནི་ལྷ་དང་ཀླུ་དང། གནོད་སྦྱིན་དང། དྲི་ཟ་ལ་སོགས་པ་དང་བཅས་བའོ། །རྗེས་སུ་ཡི་རང་ཞེས་བྱ་བ་ནི་རྗེས་སུ་ཡི་རང་སྟེའོ། །མངོན་པར་བསྟོད་ནས་ཞེས་བྱ་བ་ནི། ཁྱོད་ཀྱིས་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མ་ཡིན ་ནོར?་ཞེས་ངེས་པར་བཟུང་ཞིང་ངེS་པ་བསྐྱེད་ནས་སོ། །ལངས་ཏེ་སོང་ནས་དགའ་སེམས་ཀྱིས། །དགེ་སློང་རྣམས་ལ་བཤད་པ་ཡིན། །དེ་ཉིད་ཀྱི་ཕྱིར་མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་བས་བཤད་པ་ལ་མངོན་པར་དགའ་ནས། སྟན ་ལས་ལངས་ཏེ་སོང་ངོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་ཤཱ་རིའི་བུ་ལ་སྨྲས་པའོ། །མིང?་རང? ་བ་ནི་ཤཱ་རིའི་བུས་དེ་ཐོས་ནས་ཡིད་དགའ་སྟེ། སེམས་མགུ་ཞེས་བྱ་བའི་ཐ་ཚིག་གོ་།སོང་ནས་དགེ་སློང་རྣམས་ལ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྨད་དུ་བྱུང་བ་ཇི་ལྟར་ཐོས་པ་བཞིན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཤད་པ་ཡིན་ནོ། །སཱ་ལུ་ལྗང་པའི ་མདོ་སྡེ་ཡི། །རྒྱ་ཆེར་བཤད་པ་རབ་བཟང་པོ། །དམན་བློས་རབ་ཏུ་རྟོགས་བྱའི་ཕྱིར། །བརྒྱ་ཕྲག་བཅུ་གཉིས་ཁོ་ནར་བྱས། །སཱ་ལུ་ལྗང་པ་རྒྱ་ཆེར་བཤད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷཱ་དང། ལོ་ཙཱ་བནདེ་ལེགས་པའི་བློ་གྲོས་དང། ཛྙཱ་ན་ཀུ་མཱ་རས་བསྒྱུར། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།། །།སངས་རྒྱས་རྗེས་སུ་དྲན་པའི་འགྲེང་པ་དབྱིག་གཉེན་གྱིས་མཛད་པ་བཞུགས།། ་