CLOSE WINDOW

N4274: 'phags pa sA lu ljang pa'i tshig le'ur byas pa
Wyliee-texts based on the ACIP/ALL Input

བཤད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲི་བྷ་དྲཱ་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཏེ་བསྟན་ལ་ཕབ་པ།། །།འཕགས་པ་སྔ་རུ་ལྗང?་པའི་མདོ་ཚིག་ལེའུར་བྱས་པ་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ་བཞུགS ་རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པས་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཛའ་ཡས་བསམ་མི་ཁྱབ། །རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག་།རབ་བཏུད་ས་ལུ་ལྗང་པ་ཡི། ཚིག ་ལེའུར་བཅས་པ་བཤད་པར་བྱ། །ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི། བ་རྒོད་ཅེས་པའི་རི་བོ་ལ། །དགེ་སློང་མ་དང་བྱང་ཆུབ་སེམས། །ཚོགས་དང་ཡང་དག་ཐབས་གཅིག་བཞུགས། །ས་ལུ་ལྗང་བ་ལ་གཟིགས་ནས། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ་རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ། །ཡན་ལག ་བཅུ་གཉིས་རིམ་འབྱུང་ག་གང་གིས་རྟེན་འབྲེལ་ཞེས་མཐོང་པ། །ཆོས་དང་སངས་རྒྱས་མཐོང་ངོ་ཞེས། །དགེ་སློང་རྣམས་ལ་འོང་གསུངས་ནས། །འདྲེན་པོ?་ཅར་མི་གསུང་བར་བཞུགས། །དགེ་སློང་ཤཱ་རིའི་བུས་ཐོས་ནས་།བྱམས་པའི་དྲུང་དུ་སོང་ནས་ནི། །བྱམས་པ་དང་འདིར་དེ་བཞིན་གཤེགས།། ་འདི་གསུངས་དོན་རྣམས་མ་ཕྱེ་བར། །ཅང་མི་གསུང་བར་བཞུགས་གྱུར་ནས། །དེའི་དོན་ཇི་ལྟར་རྟོགས་པར་བྱ། །རྟེན་ཅིང་འབྲེལ་དང་ཆོས་གང་ཡིན། །སངས་རྒྱས་ཀྱང་ནི་གང་ཞིག་ཡིན། །ཇི་ལྟར་རྟེན་འགྲེལ་མཐོང་པ་ནི། །ཆོས་དང་སངས་རྒྱས་མཐོང་བ་ཡིན། །བདག་གི་ཐེ་ཚོམ་འདི་སྨོས་ཤིག། ་ཤཱ་རིའི་བུ་ཡིས་མ་ཕམ་སྨྲས། །བྱམས་པ་ཤིན་ཏུ་བསྒོམས་པའི་བདག་བྱམས་པས་གཏན་ལ་དབབ་པ་སྨྲས། །ཡན་ལག་བཅུ་གཉིས་མ་རིག་སོགས། །འཆི་བ་ལ་ཐུག་གི་རིམ་བཞིན། །དེ་ལྟ་བས་ན་སྡུག་བསྔལ་གྱི། །ཕུང་པོ་འབའ་ཞིག་འབྱུང་བར་འགྱུར། །ཆོས་ལམ་ཡན་ལག་བརྒྱད ་པ་དང། །འབྲས་བུ་མྱ་ངན་འདས་པའོ། །དེ་ལྟར་ཐམས་ཅད་ཐུགས་ཆུད་ཕྱིར། །ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ། །དེ་སྐད་ཅེས་བྱ་འཕགས་མཐོང་བས། །གང་གིས་མཐོང་བ་དེས་མཐོང་ངོ། །གང་ཞིག་སྲོག་ལ་སོགས་བྲལ་བ། །ཉེར་བཞི་ལ་ཐུག་བཅས་པར་ནི། །རྟེན་འབྲེལ་ཆོས་དང་སངས ་རྒྱས་དག་།དྲི་མེད་པ་ཡི་བློས་མཐོང་བ། །རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི། །རྒྱུ་བཅས་ལ་སོགས་ཚིག་དང་ལྡན། །སངས་རྒྱས་བྱུང་རུང་མ་བྱུང་རུང། །ཆོས་ཉིད་འདི་ནི་གནས་པ་ཡིན། །ཕྱི་དང་དེ་བཞིན་ནང་གི་ནི། །རྒྱུ་དང་རྐྱེན་ནི་རྣམ་གཉིས་ཏེ། །ཕྱི་རོལ་རྒྱུ་ནི་ས་བོན་སོགས། །རྐྱེན་ནི་རྣམ་པ་དྲུག ་ཏུ་བསྟན། །ས་བོན་མྱུ་གུ་སྡོང་བུ་སོགས། །ཇི་ལྟར་འབྲས་བུ་འཇུག་པ་བརྗོད། །རྐྱེན་ནི་ས་ལ་སོགས་པ་སྟེ། །དུས་ལ་ཐུགས་པ་གོ་རིམ་བཞིན། །རྟེན་དང་བརླན་དང་སྨན་པ་དང། འབྲུ་འཕེལ་དང་ནི་གོ་འབྱེད་དང། །འབྱུང་བ་དག་ནི་དེ་རྣམས་ཀྱི། །བྱ་བ་ཇི་བཞིན་འཇུག་པའོ། །རྐྱེན་རྣམས་ཚོགS ་པ་མེད་ན་ནི། །ས་བོན་ཡོད་ཀྱང་མྱུག་སོགས་མེད། །ས་བོན་མེད་པ་ཉིད་ཡིན་ན། །རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ། །རྒྱུ་དང་དེ་བཞིན་རྐྱེན་རྣམས་ནི། །ངར་འཛིན་ལ་སོགས་བྲལ་བ་སྟེ། རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །ལས་ཀྱི་འབྲས་བུ་ཆུད་ཟ་མེད། །བདག་ལས་མ་ཡིན་གཞན་ལས་མིན། ། ་གཉིས་དང་བྱེད་པོ་དུས་ཀྱིས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང། །ཐོག་མ་མེད་པའི་དུས་ཅན་སྣང། །རྒྱུ་ལྔ་དག་གིས་ཕྱི་རོལ་གྱིས། །རྟེན་ཅིང་འདྲེལ་པར་འབྱུང་བར་བཞད ་བརྟག་བར་མ་ཡིན་ཆད་པར་མིན། །འཕོ་བར་མ་ཡིན་རྒྱུ་ཆུད་ལས། །འབྲས་བུ་ཆེན་པོ་འགྲུབ་པ་དང། །འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང། །མྱུ་གུས་བོན་ལྟར་མི་འདོད། །རྒྱུ་མེད་མྱུ་གུ་སྐྱེ་བ་འདེ་མང། །འགག་དང་སྐྱེ་བ་མགོ་མཉམ་སྟེ། །སྲང་མངའ་ཨི་མགོ་མཇུག་མཐོ ་དམན་བཞིན། །དེ་བཞིན་ནང་གི་རྒྱུ་དང་ནི། །རྐྱེན་གྱིས་རྣམ་པ་གཉིས་སུ་བཞེད། །འདི་རྒྱུ་དང་པོ་མ་རིག་པ། །ཐ་མ་འཆི་ཡིན་གོ་རིམ་བཞིན། །ཡན་ལག་བཅུ་གཉིས་ཉོན་མོངས་ལས། །སྐྱེ་བཅས་བདག་ཉིད་ཆ་གསུམ་ནི། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །བྱེད་པ་ལ་སོགས་རྣཾ་པར ་སྤངས། །གལ་ཏེ་དང་པོ་མ་རིག་མེད། །ཐ་མ་འཆི་བ་འབྱུང་མི་འགྱུར། །དེ་དག་ལས་གཞན་བདག་དང་ནི། །བདག་གིས་ཞེས་པ་གང་ནའང་མེད། །དང་པོ་མ་རིག་བྱུང་ན་ནི། ཐ་མ་འཆི་བའང་སྣང་བར་འགྱུར། །དེ་ལྟར་འདི་ནི་ནང་གི་རྒྱུ། །འདི་ཡི་རྐྱེན་ནི་རྣམ་པ་དྲུག་།ཐ་མ་རྣམ་ཤེS ་ཐོག་མ་ས། །ནང་གི་རྐྱེན་དུ་འདོད་པ་ཡིན། །སྲ་དང་རྗེས་སུ་སྡུད་པ་དང། །སྨིན་དང་དབུགས་འཕེལ་གོ་འབྱེད་ཉིད། །ཤེས་དང་གཟུགས་ཀྱི་རྗེས་འཇུག་པ་།རྣམ་ཤེས་ལྔ་དང་ལྡན་པ་དང། །དེ་ན་ཉོན་མོངས་ཅན་ཡིད་ཀྱང། །འདི་རྣམས་ནང་གི་རྐྱེན་ཡིན། །ཁམས་རྣམས་འདུས་པར ་གྱུར་བ་ལས། །ལུས་ནི་སྐྱེ་བར་འདོད་བ་ཡིན། །དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བར་མེད་པར་འདོད། །དེ་དག་ཡོད་ན་སྐྱེ་འགྱུར་ཏེ། །དེ་དག་མེད་ན་འབྱུང་བ་མེད། །དེ་རྣམས་བདག་སོགས་མི་ལྡན་པ་།གཞན་ཡང་སུ་ཡང་མ་ཡིན་ནོ། །གང་གཅིག ་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །མི་ཤེས་པས་ནི་འདོད་ཆགས་དང། །ཞེ་སྡང་གཏི་མུག་མངོན་དུ་བྱེད། །དེ་ལས་འདུ་བྱེད་དངོས་པོ་ནི། །རྣམ་པར་རིག་པས་རྣམ་ཤེས་འབྱུང། །རྣམ་ཤེས་ལྷན་ཅིག་འབྱུང་བ་ནི། །གཟུགས་ཅན ་མ་ཡིན་ཕུང་པོ་བཞི། །ཤས?་དང་གཟུགས་ལ་བརྟེན་ནས་ནི། །དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། །ཡུལ་དང་དབང་པོ་རྣམ་པར་ཤེས། །འདུས་པ་ལས་ནི་རེག་བ་འབྱུང། །རེག་འབྱུང་ཚོར་བར་ཤེས་བྱ་སྟེ། །དེ་བཞིན་ཚོར་འབྱུང་སྲེད་པའོ། །སྲེད་འཕེལ་ཉེ་བར་ལེན་པ་སྟེ། ་ལེན་པ་ལས་ནི་སྲིད་པ་འབྱུང། །སྲིད་ལས་ཕུབ་འབྱུང?་སྐྱེ་བ་སྟེ། །དེ་བཞིན་སྐྱེ་ལས་རྒས་བའོ། །དེ་བཞིན་རྒས་པའི་ཕུང་མེད་པ། །དེ་ན་འཆི་བ་ཞེས་བརྗོད་དོ། །རྨོངས་པ་མཆི་ལས་མྱ་ངན་ཏེ། །སྲེད་དང་བཅས་པའི་གདུད་བ་ཉིད། །མྱ་ངན་ལས་ནི་བརྗོད་པ་གང། །དེ་ནི ་སྨྲེ་བསྔགས་འདན་ཅེས་བྱ། །སྨྲེ་བསྔགས་འདོན་པ་ལས་བྱུང་བ། །རྣམ་པར་ཤེས་པ་ཚོགས་ལྔ་ཡིས། །སིམ་པ་མ་ཡིན་སྡུག་བསྔལ་བརྗོད། །ལུས་ཀྱི་བདེ་བའི་གེགས་བྱེད་པའོ། །ཡིད་ལ་བྱེད་པའི་སྡུག་བསྔལ་ནི། །ཡིད་ལ་ཉེ་བར་གནོད་བྱེད་པ། །དེ་ཡིད་མི་བདེར་ཤེས ་བྱ་སྟེ། །གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །མུན་མངོན་ཤེས་དང་གཟུགས་དང་ནི། །སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར། །སྲེད་ལས་ལན་དང་སྲིད་སྐྱེད་དང། །སྨིན་དང་འཇིག་དང་མྱ་ངན་ཕྱིར། །ཆིག་སོགས་ལུས་ལ་གནོད་པ་དང། །སེམས་ཡིད་མི་བདེའི་ཕྱིར་དང་ནི། །ཉོན ་མོངས་ཕྱིར་ནི་མིང་དོན་མཐུན། །གོ་རིམ་བཞིན་དུ་བསྟན་པ་ཡིན། །ཡང་དེ་ཁོ་ན་ཡོངས་མ་ཤེས། །མ་རིག་ལ་སོགས་གོ་རིམ་བཞིན། །སྔ་མ་སྔ་མ་ལས་ཕྱི་མ། །སྐྱེ་བ་དག་ཏུ་ཡང་དག་བརྗོད། །ཡན་ལག་བཅུ་གཉིས་གསུམ་འཇུག་པ། །འདི་ནི་བརྟག་ཆད་ཐོག ་མེད་སྐྱེ། །ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས། །ཐོག་མ་མེད་པའི་དུས་ཅན་འཇུག་།འོན་ཀྱང་བཞི་པོ་འདི་དག་ནི། །རྒྱུ་ནི་སྡུད་པར་བྱེད་པ་སྟེ། །མ་རིག་སྲེད་ལས་རྣམ་པར་ཤེས། །དེ་དག་གོ་རིམ་བཞིན་དུ་བཤད། །རྒྱུ་ལ་རྣམ་ཤེས་ས་བོན་ཏེ། །ལས་ནི་ཞིང་དུ་གསུངས ་པ་ཡིན། །དང་པོ་སྲེད་པ་ཉོན་མོངས་པའི། །ངོ་བོས་རྒྱུར་ནི་ཡང་དག་བཤད། །ལས་དང་ཉོན་མོངས་རྣམ་པར་ཤེས། །ས་བོན་ཉིད་དུ་ཉེ་བར་གནས། །ལས་ནི་ས་བོན་རྣམ་ཤེས་ཀྱི། ཞིང་གི་བྱ་བ་ཡང་བྱེད་དོ། །སྲེད་པས་རྣམ་ཤེས་ཞེས་བྱ་བའི། །ས་བོན་དེ་མ་ཐག་བརླན ་བྱེད། །མ་རིག་ས་བོན་རྣམ་པར་ཤེས། །བརླན་པས་བསྟེན་པས་འདེབས་པར་བྱེད། །ལས་དང་སྲེད་པ་མ་རིག་པ། །ཞིང་དང་བརླན་དང་འདེབས་བྱེད་རྣམས། །རྣམ་པར་ཤེས་ལ་འདི་བྱ་དང། །རྣམ་ཤེས་བདག་འདིས་སྙམ་པ་མེད། །འོན་ཀྱང་ས་བོན་རྣམ ་པར་ཤེས། །ལས་དང་ཉོན་མོངས་གནས་པ་ནི། །ས་བོན་རྣམ་པར་ཤེས་ཞེས་རྗོད། །མ་རིག་ལུད་ཀྱིས་བྲན་པ་དང། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །རྒྱུ་ལས་ཤེས་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བའང་སྣང་བར་འགྱུར། །བདེ་གཞན་གཉིས་ཀ་ལ་སོགས་པས། །ཤེས་གཟུགས ་འདི་དག་འབྱུང་མིན་གྱི། །ཕ་དང་མ་དང་ཕྲད་པ་དང། །དུས་རྣམས་མི་འགལ་ཉིད་ལས་སོ། །མྱོང་བ་ཅུང་ཟད་འབྲེལ་པ་ནི། །ས་བོན་རྣམ་དང་ཤེས་པར་བརྗོད། །མའི་མངལ་དུ་རིམ་བཞིན་འཕེལ། །ཤེས་གཟུགས་མྱུ་གུ་སྐྱེད་བར་བྱེད། །རྐྱེན་རྣམས་མཆང་མེད་པ་དང། །རྒྱུ་རྣམས་འགལ ་བ་ན་ཡིན་ལས། །སྒྱུ་མ་བདག་མེད་འཛིན་མེད་པར། །སྐྱེ་བ་ཡང་ནི་ཡོད་པ་ཡིན། །མིག་གི་རྣམ་པར་ཤེས་པ་ཡང། །རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། །མིག་དང་གཟུགས་དང་དེ་བཞིན་སྣང། །ནམ་མཁའ་དེ་སྐྱེད་ཡིན་ལ་བྱེད། །ལྔ་པོ་མཚད་མེད་པ་ལས། །མིག་གི་རྣམ་པར་ཤེས་པ་འབྱུང།། ་དེ་དག་བདག་དང་བདག་གིས་ཞེས། །རྣམ་རྟོག་སྐྱེ་མེད་ཇི་ལྟ་བར། །རྣ་བའི་རྣམ་ཤེས་ལ་སོགས་ཀུན། །སྐྱེ་བའི་རིམ་པ་འདི་ཉིད་ཡིན། །རྒྱུ་དང་རྐྱེན་ནི་ཆོགས་པ་ལས། །བྱེད་པོ་ལ་སོགས་བྲལ་བ་དང། །ངར་འཛིན་བ་དང་བྲལ་བ་ལས། །སྐྱེ་བ་ཡང་ནི་སྔ་མ་བཞིན། །དེ་ལྟར་རྟེན་ཅིང ་འབྲེལ་འབྱུང་བའི། །རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །འགྲོ་བའི་ཆོས་འགའ་གང་ནའང་མེད། །འོན་ཀྱང་རྒྱུ་དང་རྐྱེན་དག་ལས། །ལས་ཀྱི་འབྲས་བུ་མངོན་པ་ཡིན། །ཇི་ལྟར་མེ་ལོང་རབ་ཕྱིས་ལ། །གཞན་གྱི་གཟུགས་བརྙན་དམིགས་པ་བཞིན། །མེ་ལ ་ནང་དུ་གཟུགས་བརྙན་ཡང། །འཕེལ?་པ་ཡོད་པ་མ་ཡིན་ཉིད། །དེ་དག་ཕན་ཚུན་རྟག་མེད་ཅིང། །བྱེད་པ་པོ་དང་ལས་རྣམས་སྤངས། །དེ་བཞིན་སྐྱེ་བ་སྣང་བ་ནི། །སྔོན་འཕེལ་བྱ་བའི་རིམ་ལས་སོ། །ཇི་ལྟར་ཟླ་བ་རིང་གནས་པ། །ཆུ་སྣོད་ཆུད་བུའི་ནང་དུ་ནི། །སྣང་སྟེ་འཕོས་པ་འང་མ ་ཡིན་ལ། །བྱ་བ་དང་ནི་ལས་ཀྱང་ཡོད། །དེ་བཞིན་འདི་ནས་འཆི་འཕོ་ག་།འགའ་མེད་འགྲོ་བར་སྐྱེ་བ་སྣང། །རྒྱུ་རྐྱེན་མ་ཚང་མེ་མི་འབར། །རྒྱུ་རྐྱེན་ཚང་ན་མེད་འབར་བཞིན། །རྒྱུ་རྐྱེན་མ་ཚང་མེད་པ་ལ། །ཕུང་པོ་ཉིད་མཚམས་སྦྱོར་བ་ཡོད། །ཕྱི་ཡི་ལས་དང་བྱ་བ་རྒྱུ། །དེ་ནི་བརྟགས ་པའི་བདག་ཉིད་དོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །བརྟག་བྱ་མིན་ཕྱིར་དོན་དམ་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ། །ནང་ཡང་རྣམ་གཉིས་ཤེས་པར་བྱ། །བྱེད་པ་པོ་ལ་སོགས་པས་དབེན། །གསོབ་གསོག་སྟོང ་སོགས་སྙིང་པོ་མེད། །དེ་ལྟར་ཤེས་རབ་ཀྱིས་མཐོང་གང། །ཅི་ཅིར་ཇི་ལྟར་གང་དུ་ཅིས། །སྙམ་པའི་རྟོག་སྨྲ་སོགས་སྤངས་པ། །ཆུ་ཟླའི་གཟུགས་བརྙན་ཇི་བཞིན་པ། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བའང་སྣང། །ཇི་ལྟར་བུད་ཤིང་དང་འབྲལ་ན། ་མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །རྒྱུ་ནི་མ་ཚང་གྱུར་པ་ལས། །མ་ནི་རྗེས་སུ་འཇུག་པ་ནི། །དེ་བཞིན་ཀུན་ནས་ཉོན་མོངས་པའི། །ས་བོན་ཡེ་ཤེས་མེས་བསྲེགས་ན། །རྒྱུ་མེད་ཕྱིར་ན་འབྲས་མེད་དེ། །བྱ་བ་དང་མི་ལས་ཀྱང་མེད། །ཡོན་ཏན་མཛའ་ཡས་བསམ་མི་ཁྱབ།། ་ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐོག་མ་དབུས་དང་མཛའ་བྲལ་བ། །རྟོགས་ནས་སངས་རྒྱས་གོ་འཕང་འཐོབ། །གང་གིས་དེ་ལྟར་དེ་ཉིད་བཟོད། །དེ་ནི་ལུང་བསྟན་ཐེ་ཚོམ་མེད། །དེ་སྐད་བྱམས་བདག་བདག་ཉིད་ཀྱིས། །ཤཱ་རིའི་བུ་ལ་སྨྲས་པ་དང། །ས་ལུ་ལྗང་བ ་དཔེར་མཛད་པ། །དེ་ནི་ཤཱ་རིའི་བུས་ཐོས་ནས། །སྙིང་པོ་བླངས་ནས་ལྷ་ཚོགས་ཀྱིས། །རྗེས་སུ་ཡི་རང་མངོན་བསྟོད་ནས། །ལངས་ཏེ་སོང་ནས་དགའ་སེམས་ཀྱིས། །དགེ་སློང་རྣམས་ལ་བཤད་པ་ཡིན། །འཕགས་བ་ས་ལ་ལྗང་པའི་མོད་ཚིག་ལེའུར་བྱ་བ་འཕགS ་ལ་ཀླུ་སྒྲུབ་ཀྱིས་མཛིན?་བ་རྫོགས་སོ།། །། *། །འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བའི་མདོ་རྒྱ་ཆེར་བཤད་བ་བཞུགས། །རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལ་སྟམྦ་ཀ་མཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ། བོད་སྐད་དུ། འཕགས་པ་ས་ལུ་ལྗང་པ་ཞེས་བྱ་བ ་