CLOSE WINDOW

N4273: dge 'dun rjes su dran pa'i bshad pa
Wyliee-texts based on the ACIP/ALL Input

ནི་གཞན་དུ་སྦྱོར་བའི་ཕྱིར་རོ། །ཆོས་རྗེས་སུ་དྲན་པའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སཾ་ག་ནུསྨི་དེ་བྱཱ་ཁྱཱ། བོད་སྐད་དུ། དགེ་འདུན་རྗེས་སུ་དྲན་པའི་བཤད་པ། འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། བདུང་བར་ཞུགས་པ་ཆོས་པ་ཆོས་ཀྱི་རྗེས་སུ་ཞུགས་པ། ཆོས་དང་མཐུན་པའི་སྦྱོར་པ་ཡིན་ཏེ། དགེ་འདུན་གྱི་ནང ་ན་རྒྱུན་ཏུ་ཞུགས་པ་ལ་ཞུགས་པ་འང་ཡོད། དགེ་འདུན་གྱི་ནང་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་འང་ཡོད། །དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བས་ཞུགས་བ་ཡང་ཡོད། དགེ་འདུན་གྱི་ནད་ན་ལ་ནི་ཅག་ཕྱིར་འོང་བའི་འབྲས་བུ་མངོན ་དུ་བྱས་པ་ཡང་ཡོད། །དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བ་ལ་ཞུགས་པ་འང་ཡང། དགེ་འདུན་གྱི་ནང་ན་ཕྱིར་མི་འོན་བའི་འབྲས་བུ་མངོན་དུ་བྱས་པ་ཡང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་ཡང་ཡོད། དགེ་འདུན་གྱི་ནང་ན་དགྲ ་བཅོམ་བ་ལ་ཞུགས་བ་ཡང་ཡོད་དོ། །དེ་རྣམས་ནི་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དེ། དེ་དག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། དད་པ་ཕུན་སུམ ་ཚོགས་པ། ཐོས་པ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའོ། །སྲེག་པར་བྱེད་པ་དང། རབ་ཏུ་སྲོག་པར་བྱེད་པ་དང། ཐལ་མོ་སྦྱར་བར་འོས་པ་དང། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང། འཇིག་རྟེན ་གྱི་སྦྱིན་གནས་ཞེས་བྱ་བ་ནི་དགེ་འདུན་རྗེས་སུ་དྲན་པའི་མདོ་ཡིན་ནོ། །མི་བྱེད་པའི་དད་པ་བརྟན་པོ་དང་ལྡན་པའི་ཕྱིར་དགེ་འདུན་ཏེ། སློབ་པ་དང་མི་སློབ་པར་གྱུར་པའི་གང་ཟག་སྟེ། ལམ་ལས་བདུད་ལ་སོགས་པ་ཕྱིར་རྒོལ་བ་རྣམས་ཀྱིས་དབྱེ་བར་མི་ནུས་པའི་ཕྱིར་རོ། ཚོགS ་པའི་ངོན་གྱིས་ན་དགེ་འདུན་མོ་།དེ་དག་གི་རྒྱུད་ལ་སློབ་པ་དང་མི་སློབ་པའི་ཆོས་སྐྱེས་པ་གང་ཡིན་པ་ལ་དད་པ་དེ་ནི་དགེ་འདུན་ཏེ་།རང་བ་མི་བྱེད་པའི་ཕྱིར་རོ། །དེ་ལམ་གྱི་བདེན་པ་ལ་མངོན་པར་རྟོགས་པའི་དུས་སུ་བཞག་གོ་།ཡང་ཇི་ལྟར་མངོན་དུ་བྱེད་པ་དེ་ལྟར་བསྟན་པར་བྱ་སྟེ།?་བཅོམ་ལྡན ་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་རྒྱས་པར་གསུངས་པ་ལ་ལགས་པར་ཞུགས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པའོ། །ཚིག་དེ་དག་ལས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ་ནི་སྦྱར་བའི་ཕྱིར་དག་སྤྱོད་སྟེ། དགེ ་པ་ཡང་དག་པར་བསྒོམས་པས་ན་ཡང་དགེ་སྤྱོང་སྟེ། བསྟན་པ་རྩོམ་པ་ཡིན་པར་བལྟ་བར་བྱའོ། དེ་ལ་དགེ་སྦྱོང་གི་དོན་ནི་མྱ་ངན་ལས་འདས་པའོ། །དེ་ལ་རྒྱུན་ཏུ་ཞུགས་པ་ནི་རིགས་པར་ཞུགས་པའོ། །དེའི་རིགས་པ་ནི་ཆོས་བླ་ན་མེད་པ་བརྙེས་པར་བྱང་བར་འགྱུར། །ཞེས་གསུངས་སོ། །རིགས་པ་ནི་མ ་ངན་ལས་འདས་པའི་ཆོས་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱུང་བས་ངེས་པར་འབྱུང་བ་སྟེ། རྟག་ཏུ་འབྱུང་བར་རིགས་པའོ་ཞེས་བསྟན་ཏོ། དགེ་སྦྱོང་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ཞུགས་པ་ནི་དྲང་པོར་ཞུགས་པ་སྟེ། བདུད་རྩིའི་སྒོ་བྱེ་བ་ནི་ལམ་དྲང་པོར་བསྟན་པ་ཡིན ་ནོ་ཞེས་འབྱུང་ངོ། །དེ་ལ་དྲང་པོ་གང་ཞེ་ན། འཕགས་པའི་ལམ་མོ། །ཡོན་པ་གང་ཞེ་ན། སྡིག་ཅན་ལྟ་བ་ཡོད་པའོ་ཞེས་ཚིགས་སུ་བཅད་པ་གསུངས་སོ་།དགེ་སྤྱོད་ཡང་དག་པར་བསྒོམ་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། མྱ་ངན་ལས་འདས་པར་ཞུགས་པ་ཡིན་ནོ། །ཡང་དག་པར་བསྒོམ་པ་ནི། མཉམ་དུ ་འབྱུང་བ་སྟེ། ལུས་ངག་ཡིད་ཀྱི་ལས་བྱམས་པ་དང་བཅས་པ་ཡིན་ནོ། །དེ་ལ་ལོངས་སྤྱོད་དང་ཚུལ་ཁྲིམས་དང། ལྟ?་བ་མཉམ་པ་སྟེ། དེ་ལ་ལོངས་སྤྱོད་མཉམ་པ་ནི་ཟང་ཟིང་གིས་སོ། །བསློབ་པ་མཉམ་པ་ནི་ཚུལ་ཁྲིམས་ཀྱིས་སོ། །ལྟ་བ་མཉམ་པ་ནི་ཡང་དག་པའི་ལྟ་བ་སོ། །དགེ་སྦྱོང་ལ་བསྟན ་པ་ནི་མཚན་ཉིད་ཀྱིས་སོ། །དེ་ཁོང་དུ་ཆུད་པར་བསྟན་པ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་པར་ཞུགས་པ་ཡིན་ནོ། །དལ་ཞུགས་པ་ནས་དེ་སྒྲུབ་པར་བྱེད་པ་བུ་རྗེ་སུ་གནས། པ་སྟེ་། ཆོས་དང་ཐུན་པར་སྤྱོད་པ་ཞེས་བྱའོ། །དགེ་འདུན་གྱི་ནང་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་ནི་མཐོང་བའི་ལམ་གྱི་བཟོད་པ་དང། ཤེས་པའི་སྐད་ཅིག་མ་བཅོ་ལྔ་དང། མཇུག་ཐོགས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྟན་ཏེ། བསྒོམ་པའི་ལམ་ལ་རྗེས་སུ་འགྲོ་བའི་ཡེ་ཤེས་སྐད་ཅིག་མ་བཅུ ་དྲུག་པ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བསྟན་ཏོ། །སྐད་ཅིག་མ་བཅུ་དྲུག་གི་འོག་ཏུ་ཉོན་མོངས་པའི་སྐད་ཅིག་མ་དྲུག་མ་སྤངས་པའི་བར་ནི་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པ་ཞེས་བྱའོ། །ཉོན་མོངས་པའི་སྐད་ཅིག་མ་དྲུག་པ་སྤངས་པ་ནི་ཕྱིར ་འོང་བའི་འབྲས་བུ་ལ་གནས་པ་ཞེས་བྱའོ། །ཉོན་མོངས་པའི་སྐད་ཅིག་མ་བ་དང་པ་སྤངས་པ་ནས་བརྩམས་ཏེ། ཇི་སྲིད་ཉོན་མོངས་པའི་སྐད་ཅིག་མ་དགུ་པ་མ་སྤངས་པ་དེ་སྲིད་དུ་ཕྱིར་མི་འོང་བ་ལ་ཞུགས་པ་ཞེས་བྱའོ། །དགུ་པ་ཟད་ན་ཡང་སྒྲིབ་པ་ལྔ ་སྤངས་པར་འགྱུར་པ་ནི་ཕྱིར་མི་འོང་བའི་འབྲས་བུའོ། །བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་བ་ནས་བརྩམས་ཏེ། ཇི་སྲིད་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་པ་སྤངས་པར་གྱུར་པ་དེ་སྲིད་དུ་དག་བཅོམ་པ་ལ་ཞུགས་ཞེས་བྱའོ། །སྲིད་པཱི ་རྩེ་མོའི་ཉོན་མོངས་པ་དགུ་སྤངས་པ་ནི་དགྲ་བཅོམ་པའི་འབྲས་བུ་ཞེས་བྱའོ། །བཤད་མ་ཐག་པའི་ཟུང་བ་ནི་བོ་དེ་ངག་ལས་འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་རྒྱུན་ཏུ་ཞུགས་པ་ནི་ཟུང་དང་པོ་ཡིན་ནོ། །དགྲ་བཅོམ་པ་ལ་ཞུགས་པ་དང། དགྲ་བཅོམ་པ་ནི ་ཟུང་བཞི་བ་སྟེ། བསྟན་མ་ཐོག་པ་དེ་ནི་གང་ཟག་ཡ་བརྒྱད་དོ། །གང་ཟག་མེད་པའི་ཆོས་ཐོས་བས་བསགས་པ་གང་ཞིག་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཟང་ཟིང་འཇིག་པས་ནི་གང་ཟག་གོ་།ཕུང་བོ་ལྔ་རྣམས་འདུས་པ་ལ་སྐྱེས་བུ་གང་ཟག་ཅེས་བརྗོད་དོ། །བཤད་མ་ཐག ་པ་དེ་དག་ལ་བཅོཾ་ལྡན་འདས་གྱིས་ཉན་ཐོས་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་ཉན་པS་ཉན་ཐོS་ཞེS་བྱའོ། །དེ་དག་ནི་མི་ཕྱེད་པའི་དོན་གྱིས་དགེ་འདུད་ཏེ། གཞན་གྱི་ཚོགས་པ་ལས་དགེ་འདུན་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨོས་པ ་པ་ནི་ཚུལ་ཁྲིམས་དྲལ་བའི་ཉེས་པ་སྤངས་པའི་ཕྱིར་མཆོག་ཏུ་ཕུན་སུམ་ཚོགས་པ་སྟེ། དེ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་འདིར་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོགས་པ་དང་ལྡན་པའི་རང་བཞིན་དེ་ལྟ་བུ་ཉིད་ནི་འཕགས་པའི་ཚོགས ་ཀྱི་ཚུལ་ཁྲིམས་མནན་ཞེས་དཀའ་སྩལ་པ་ནི་སློབ་པ་དང་མི་སློབ་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང། ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བདེན་པ་རྟོགས་པའི་ཤེས་རབ་ཀྱི་མཚན་ཉིད་དང་ལྡན་པ་ཞེས་བྱ་བཱ ་དོན་ཏོ། །དད་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་མི་བྱེད་པའི་མཚན་ཉིད་དང་ལྡན་པ་ཞེས་བྱའོ། །ཐོས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཐོས་པ་གང་ཞིག་ལ་གང་ཞིག་བག་ལ་ཉལ་སྤོང་བ་དང། རྗེས་སུ་མཐུན་པ་དེ་ལྟ་བུ་འཛིན་པ་ནི་ཐོས་པ་ཕུན་སུམ་ཚོགས་པའོ།། ་རྣམ་པར་གྲོལ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་སྤངས་པ་སྟེ། དེ་ལྟ་བུའི་རྣམ་པྲ་གྲོལ་བའི་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་རྣམ་པྲ་གྲོལ་བ་ཕུན་སུམ་ཚོགས་པའི། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས ་པ་ནི་བག་ལ་ཉལ་སྤངས་ནས་རྣཾ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ་ཡེ་ཤེས་ནི་ཟད་པ་ཤེས་པ་ལ་སོགས་པ་མཐོང་བ་ཉིད་དེ་མི་སློབ་པ་དང་དགའ་བའི་ལྟ་བ་ལ་སོགས་པ་ཡིན་ནོ། །ཡང་ན་ཡེ་ཤེས་མཐོང་ང་མངོན་སུམ་དུ་བྱས་པ་སྟེ། མངོན་སུམ་དུ་བྱས་པ་ལ་འཇིག་རྟེན་ན་མཐོང ་བ་ཞེས་བྱ་བ་གྲགས་ཏེ། དེ་ཉིད་ནི་ཡེ་ཤེས་སོ། །དེ་ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཡིན་ནོ། །སྲེག་པར་བྱེད་པ་ཞེས་བྱ་བ་ནི་སྲེག་པར་བྱེད་པས་སྲེག་པར་བྱེད་པ་སྟེ། དེ་ལྟ་བས་ན་རྣམ་པ་ཐམས་ཅད་དང ་ཁྱད་པར་ཐམས་ཅད་སྲེག་པར་བྱེད་པས་ན་སྲེག་པར་བྱེད་པའོ། །རབ་ཏུ་སྲེག་པར་བྱེད་པ་ནི་ཞེས་བྱ་བ་ལ། མ་དད་པ་ཁྱད་པར་ཅན་གྱིས་སྲེག་པར་བྱེད་པའི་ཕྱིར་རོ། །དད་པ་དྲག་པ་ན་འདིར་མེད། བསོད་ནམས་དཔག་ཏུ་མེད་པའི་འབྲས་བུ་དང་ལྡན་པའི་ཕྱིར་རོ།། ་དེ་ལྟར་ཡང་འདི་སྐད་གསུངས་པ་ཡིན་ཏེ། གང་ཞིག་ཟླ་བ་རེ་རེ་ལ། མཆོད་སྦྱིན་བརྒྱ་སྟོང་མཉམ་བྱས་པས། །དགེ་འདུན་རྣམས་ལ་དང་བྱས་པ། །དེ་ཡི་བཅུ་དྲུག་ཆར་མི་ཕོང། །ཐལ་མོ་སྦྱར་བར་འོས་པ་ཞེས་བྱ་བ་ནི་བསོད་ནམས་ཆེ་ཞིང་མཆོད་པའི ་ཕྱིར་ཐལ་མོ་སྦྱར་ཏེ་ཕྱག་བྱ་བར་འོས་པ་ཉིད་ཡིན་ནོ། །འདུད་པར་འོས་པ་ཞེས་བྱ་བ་ནི་འདུད་པ་རྗེས་སུ་འགྲོ་བར་བྱ་བ་ཡིན་པའི་ཕྱིར་རོ། །བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ནི་དེ་ལས་གོང་ན་མེད་པ་ནི་བླ་ན་མེད་པའོ། །བསོད་ནམས་ཀྱི་ཞིང་ནི་བསོད་ནམས་ཀྱང་ཡིན་ལ་ཞིང་ཡང ་ཡིན་པས་བསོད་ནམས་ཀྱི་ཟིང་ངོ། །ལན་ཅིག་འགྲོ་བ་དེ་ཡང་དགེ་བ་དཔག་ཏུ་མེད་པའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །སྦྱིན་པའི་གནས་སུ་གྱུར་པ་ཞེས་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་ཡོན་དབུལ་བ་བྱས་ན་ཡོན་དེའི་འབྲས་བུ་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ཡང་འདི་སྐད་དུ། བརྒྱ་བྱིན་གང་གིS ་དགེ་འདུན་ལ། །སྦྱིན་པ་བཏང་ཞིང་ཡོན་ཕུལ་བ། །དེ་ཡིས་མཆོད་སྦྱིན་ལེགས་པར་བྱས། །ཚོགས་ཀྱི་མཆོག་ལ་ཕུལ་དེ་ཡིས། །འབྲས་བུ་ཆེན་པོ་འབྱུང་བར་ནི། །འཇི་རྟེན་རིག་པ་རྣམས་ཀྱིས་གསུངས། །ཞེས་ཚིགས་སུ་བཅད་པ་གསུངས་སོ།། །།དགེ་འདུན་རྗེས་སུ་དྲན་པའི ་བཤད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲི་བྷ་དྲཱ་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཏེ་བསྟན་ལ་ཕབ་པ།། །།འཕགས་པ་སྔ་རུ་ལྗང?་པའི་མདོ་ཚིག་ལེའུར་བྱས་པ་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ་བཞུགS ་