| Wylie | e-texts based on the ACIP/ALL Input |
ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། གུ་ཎ་པརྤནྟ་སྟོ་ཏྲ། བོད་སྐད་དུ། ཡོན་ཏན་མཛའ་ཡས་པར་བསྟོད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་མཛའ་ཡས་མི་འཚལ་བས། །གལ་ཏེ་ཁྱོད་བསྔགས་མི་བརྗོད ་ན། །འགའ་ཡང་ཁྱོད་བསྟོད་མ་བགྱིད་ཁྱོད་ཀྱི་འབྱོར་བ་འགྲོ་བས་རྟོགས་མ་མཆིས། །གང་སླད་འགྲོ་འདིས་ཁྱོད་ལ་བསྟོད་པ་བགྱིས་ཀྱང་ནོངས་པ་མ་མཆིས་པ། །དེ་སླད་དོན་འདིར་བདག་ནི་བློ་གྲོས་རབ་ཏུ་ཚུད་ཡང་བརྩོན་པ་ལ་ལགས། །སྲིད ་གསུམ་དག་ལ་ཕན?་བརྩོན་བློ་མངའ་ངན་སོང་གནས་ནའང་བསྔགས་བར་འོས། །རང་དོན་སྨོན་པའི་བློ་གྲོས་ཅན་ནི་མྱ་ངན་འདས་ཀྱང་མ་ལགས་ཤེས། །དེ་སླད་ཁྱོད་ནི་འཁོར་བའི་འཇིག་པས་མི་ལྡོག་བརྟན་ཞིང་མི་གཡོ་བས། །འཇིག་རྟེན་སྐྱེ་ཞིང ་འཆི་བས་ཉམས་ཐག་ཡོངས་སུ་བསྐྱབ་བར་བརྩོན་པ་ལགས། །སྲིད་པའི་འགྲོ་བ་དག་ཏུ་སྡུག་བསྔལ་རྣམས་ཀྱིས་རྨས་པའི་སེམས་ཅན་ལ། །བདག་གིས་བློ་གྲོས་བརྩུབ་བོས་སྡུག་བསྔལ་རྣམ་མང་དེ་དང་དེ་བསྒྲུབ་པས། །དེ་ཕྱིར་བདག་གི་དེ ་དག་རྣམས་ལ་བདེ་བ་བསྐྱེད་ཕྱིར་བཟོད་བྱ་ཞེས། །དེ་སྤང་ཁྱོད་ནི་འགྲོལ་ཞི་བའི་བདེ་བ་བསྐྱེད་སླད་བརྩོན་པ་ལགས། །སེམས་ཅན་གང་དག་མ་རིག་ལྡོངས་པས་བསམ་པ་རྐུད་པའི་བློ་གྲོས་ཅན། །ཕ་དང་བུར་གྱུར་རྣམས་ཀྱིས་བདག་ལ་གཉེན་མཉན ་བྱམས་བས་ཕན་བཏགས་པ། །དེ་དག་བཏང་ནས་གཅིག་པུ་ཐར་བར་བྱེད་པ་བདག་གི་ཚུལ་ཁྲིམས་མིན་ཞེས། །དེ་སླད་ཁྱོད་ཀྱིས་འགྲོ་བ་མགོན་མེད་དེས་ཐར་བགྱི་སླད་སྨོན་ལམ་བཏབ། །སྔོན་ཆད་འཁོར་བར་སྡུག་བསྔལ་ཀུན་ཏུ་མྱོང་གྱུར་ཚེ་ན་བདག་ལ་ནི། །གང ་དག་ཡུན་རིང་པོ་ཤེས་བྱམས་སེམས་ལྡན་པས་ལན་བརྒྱར་གྲོགས་བྱས་བ། །བདེ་བ་ཐོབ་ཚེ་དེ་དག་བཀོལ་ནས་ཇི་ལྟར་ཡོངས་སུ་སྤྱད་བྱ་ཞེས། །དེ་སླད་ཁྱོད་ནི་བདུད་རྩིའང་སེམས་ཅན་ཀུན་དང་ཐུན་མོང་གསོལ་བར་བརྩོན། །མཆོག་སྦྱིན་འགྲོ་བར ་སེམས་ཅན་རྣམས་དང་ལྷན་ཅིག་ལོངས་སྤྱོད་འདས་དགོངས་ནས། །དེ་དག་ངེས་པར་ཡོངས་སུ་མི་གཏོང་བས་ན་ཁྱོད་ཀྱི་བརྟེན་པ་ནི། །ཇི་ལྟར་ཁྱོད་ཉིད་ནེ་ཙོར་འཁྲུངས་ཚེར་ལྗོན་ཤིང་གཞོན་ནུ་ལེགས་སྤྱད་པའི། །ལྗོན་ཤིང་རྒས་བར་གྱུར་ཀྱང་ཡོངས་སུ་མི་སྟོང ་དེ་ལྟར་བརྩོན་བ་ལགས། །གང་སླད་འགྲོ་བ་མྱ་ངན་མ་འདས་མྱ་ངན་ཁྱོད་འདའ་བློ་མ་བྱུང། །གཞན་གྱི་བདེ་གཤེགས་གོ་འཕང་བརྙེས་བས་ནུས་པ་མ་ལགས་དེ་མི་མཛད། །དེ་སླད་ཁྱོད་ནི་ཀུན་མཁྱེན་ཡོན་ཏན་གཏེར་དག་བརྙེས་མཛད་སླད་དུ་བརྩོན། །སྟོབ ་བཅུའི་ཡོན་ཏན་བདག་གིར་མཛད་པ་ལས་གཞན་ཁྱོད་ལ་ཕྲད་མི་མངའ་། །གང་སུ་ལ་ལ་དག་གིས་བདེ་གཤེགས་གོ་འཕང་བརྙེས་པ་དེ་དག་ཀྱང། འདི་བས་ཤིན་ཏུ་སྨད་པའི་གནས་སྐབས་དག་ཏུ་ལྷུང་བ་འབྱུང་ངོ་ཞེས། །དེ་སླད་ཁྱོད་ཀྱིས་ཉམ་པར ་ལྷུང་བའི་ཚེ་ཡང་བདག་ཉིད་སྨད་མ་མཛད། །བདག་ལ་སྨོད་པ་མི་རུང་སྐྱེས་བུ་དར་བ་ཞུམ་པར་བགྱིད་བ་ལགས། །གང་སྨད་གལ་ཏེ་རང་ལ་རག་ལས་འབད་པས་བྱང་ཆུབ་ཐོབ་གྱུར་ན། །སངས་རྒྱས་གོ་འཕང་རྙེད་དཀའ་མ་ལགས་སྙམ་དུ་ཁྱོད་ཀྱི ་བློ་གྲོས་བྱུང། །དེ་སླད་ཁྱོད་ཀྱིས་ཉམ་ངའི་དུས་སཱུང་ཀུན་མཁྱེན་སྨོན་ལམ་བརྟན་བཟློག་བ། །དམན་ལ་དགའ་བ་རྣམས་ཀྱི་ཚིག་དགས་ཁྱོད་ཀྱི་ཁྱད་དུ་གསད་བར་མཛད། །ཉོན་མོངས་ཆུ་བོ་རབ་ཁྲུག་ངན་འགྲོ་ཁ་དག་རྟག་ཏུ་གདངས་པ་དང། །སྐྱེ་བོ ་གཡོ་དང་སྡིག་པའི་གྲོགས་པོ་རྟག་བར་རྒྱུན་ཏུ་གནས་བ་དག་།ཐུབ་རྣམས་རྙད་པར་དཀའ་ཞེས་དེ་ལྟར་སེམས་ཞུམ་འགྲོ་བ་གཏོང་བའི་རྒྱུ། །གང་ལགས་དེ་ཉིད་ཁྱོད་ཀྱི་ཐུགས་རྗེ་རྟག་ཏུ་སྐྱེ་བའི་རྒྱུར་ཡང་འགྱུར། །ཇི་ལྟར་འགྲོ་བ ་རྣམས་ལ་ཁྱོད་བློ་ཤིན་ཏུ་བྱམས་པ་སྐྱེ་བ་ལྟར། །འཇིག་རྟེན་འདི་དག་རང་ལའང་བྱམས་པའི་བློ་གྲོས་སྐྱེ་བར་མི་འགྱུར་ལ། །འཇིག་རྟེན་ཕོངས་པའི་གནས་སྐབས་གྱུར་ན་བདག་ཉིད་ཀྱང་གཏོང་བར་བགྱིད། །ཁྱོད་ནི་ཤིན་ཏུ་ཉམ་ངའི་དུས་སུ ་འང་འགྲོ་བ་གཏོང་བར་བཞེད་པ་མ་མཆིས། །གང་ཞིག་སྐྱེ་བོ་དམན་དང་ཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང། །བརྩེ་མེད་འབྲས་བུ་འདོད་པས་སྣོད་གཞན་ཡོན་ཏན་དག་དང་ལྡན་ཚོལ་བ། །བསམ་བརླག་དེ་ནི་སྦྱིན་པ་བྱེད་ཀྱང་སློང་བ་རྣམས ་དང་མཚུངས་སོ་ཞེས། །དེ་སླད་ཁྱོད་ནི་ཐུགས་རྗེ་སློང་བ་རྣམས་ལ་སྦྱིན་པར་བཞེད་ལ་ཞུགས། །འགའ་ཞིག་རང་ཉིད་མ་ཐུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲས་ཡང། །རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་གདུལ་བར་མི ་ནུས་ཞེས། །ཁྱོད་ཀྱི་དགོངས་ནས་དེ་སླད་འགྲོ་བ་མཛའ་དག་ཐུགས་ལ་གཞག་མཛད་ནས། །རེ་ཞིག་བདག་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། །གང་སླད་མཁས་བ་རྣམས་ཀྱི་མི་དགེ་བའི་ལས་ཀྱང་བདེ་བར་འགྱུར་མོད་ཀྱི། ། ་འོན་ཀྱང་འཕགས་པས་མི་དགེ་བ་དག་ཀུན་ཏུ་བསྟེན་འོས་མ་ཡིན་ཞེས། །དེ་སླད་ཁྱོད་ནི་རྟག་ཏུ་རང་བཞིན་ཡོངས་སུ་དག་པས་སྡིག་ལས་ལོག་།ངན་སོང་འཇིགས་པས་མ་ལགས་ལྷ་ཡི་བདེ་སྦྱང་བཞད་པའི་ཕྱིར་མ་ལགས། །གང་དག ་འགྲོ་ལ་མི་ལྟ་བདག་ཉིད་ཞི་བར་བགྱི་སླད་སྤྱོད་བགྱིད་པ། །དེས་ཀྱང་ཅི་སྟེ་བརྩོན་པ་མ་བསྟེན་སླན་ཆད་པས་མ་རྫོགས་མི་འགྱུར་ན། །གང་གིས་འགྲོ་བ་མ་ལུས་བསྒྲལ་ཕྱིར་བརྩོན་པ་བརྩམས་པས་ཅི་སྨོས་ཞེས། །དེ་སླད་ཁྱོད་ཀྱིས་རང་གི ་བདེ་ལ་མ་གཟིགས་བྱང་ཆུབ་སླད་དུ་བརྩོན། །ཁྱོད་ཀྱིས་འབྱོར་བ་ཆུང་བའི་ཚེ་ཡང་སྦྱིན་པར་བཞེད་བ་མ་སྤངས་ལ། །བདོག་པ་ཆུང་ཡང་སློང་བ་རྣམས་ལ་ཞུམ་མི་མངའ་བའི་ཐུགས་ཀྱིས་སྩལ། །དབང་ཕུག་ཆེན་པོ་མངའ་ཡང་ཚུལ་དང་འགལ་བའི་ཐ་སྙད་མི་མངའ་ ་ལ། །ན་ཚོད་ལང་ཚོར་གྱུར་ཀྱང་འདོད་པ་རྣམས་ལ་ཐུགས་ནི་ཆགས་མི་མངའ་། །ཁྱོད་ཀྱིས་ཐོས་དང་བློ་གྲོས་ཆེ་བའི་ཚེ་ན་ཡང་བདག་བསྟོད་མ་མཛད་ལ། །འགྲོ་བ་ཡོན་ཏན་ཆུང་བ་གཞན་རྣམས་ཀྱང་ནི་མཐོན་པོར་བཀུར་བར་གྱུར། །ཡོན་ཏན་ཚོགས་ལ ་གནས་ཚེ་ཉིད་ཀྱང་སྤྱོད་པ་ཉེས་པ་ཆུང་དཱུང་བཟུང། །འགྲོ་བ་རྨུ་རྒོད་རྣམས་ལ་རྩོལ་བ་མི་མངའ་བདེ་བར་གནས་པས་བཞུགས། །ཁྱོད་ཀྱི་ཐུགས་ནི་སྲིད་དང་ཉོན་མོངས་སྐྱེ་བས་ཞི་ལ་དགྱེས་གྱུར་ཀྱང། ཐུགས་རྗེ་ཉིད་ཀྱིས་མཛད་པའི་ཡོན་ཏན་སྐྱེ་བོ ་རྣམས་དང་རྗེས་སུ་མཐུན། །བྱེད་པ་མ་གཏོགས་གཞན་གྱི་འབྲས་བུ་མི་མྱོང་བ་ནི་ཁྱོད་མཁྱེན་ཀྱང། །འོན་ཀྱང་སེམས་ཅན་རྣམས་ཀྱི་འབྱོར་པ་བསྐྱེད་སླད་བསོད་ནམས་གཏེར་རྣམས་བ་དར། །ཁྱོད་ལ་ཤེས་རབ་ལ་སོགས་ཡོན་ཏན་གང་དག་རྟག་ཏུ ་མངའ་གྱུར་བ། །དེ་དག་ཁྱོད་ཀྱི་འགྲོ་བ་དག་ནི་དོན་རྣམས་ཉིད་དུ་ཉེ་བར་སྤྱད། །དེ་ལས་ཁྱོད་ཀྱི་བསོད་ནམས་འབྲས་བུ་གཞན་དུ་མཆིས་པ་མ་ལེགས་སོ། །དེ་དག་འགྲོ་བའི་འབྱོར་སླད་ཡོངས་ཀྱང་དོན་མ་མཆིས་མ་ལགས། །ཁྱོད་ལ་གཞན་ལ་སྨན་པའི་ཐབས ་དང་བྲལ་བའི་དུས་འགའ་བྱུང་མ་གྱུར། །ཐབས་བྱུང་མ་གྱུར་འབྲས་བུ་མ་མཆིས་མ་ལགས་འབྲས་བུ་ཆུང་མ་ལགས། །བསོད་ནམས་ཆུང་དུ་རྩོམ་པ་དག་ལ་ཁྱོད་ནི་མངོན་དགྱེས་མ་ལགས་ལ། །བསོད་ནམས་ཆུ་བོ་དག་གིས་དོམས་པར་མ་གྱུར ་ཆབས་ཀྱིས་རྒྱ་མཚོ་བཞིན། །མཚན་མོ་སྟོན་པའི་ཟླ་བ་ཉ་བའི་མདངས་ཀྱི་ཉམས་དགར་གྱུར་པ་དང། །རྫིང་བུ་ཨུཏཔལ་རྒྱས་པ་གཉིས་བྲལ་མིག་ལ་རྡོམ་བརྗིད་བྱེད་རྣམས་དང། །རི་བོ་ལྗོན་ཤིང་མེ་ཏོག་རྒྱས་པ་བརྒྱ་ཡིས་རྩེ་མོ་དཀྲིགས་རྣམས་ཀྱིས།། ་གཞན་ལ་གཅིག་ཏུ་སྨན་དགྱེས་ཁྱོད་ཀྱི་བློ་གྲོས་འཕྲོགས་པར་རྔོ་མི་ཐོག་།འཇིག་རྟེན་སྡུག་བསྔལ་དག་གིས་རྨས་ཚེ་ཁྱོད་ནི་ཉིད་ལ་བྱམས་པ་ཡིས། །ཡུལ་གྱི་དགའ་བསྟེན་ཉམས་སུ་བླང་བྱ་མིན་ཞེས་ཐུགས་རྗེའི་བློས་མཁྱེན་ནས ་གླིང་བཞིའི་དབང་ཕྱུག་མངའ་ཡང་ཡུལ་རྣམས་ཀྱིས་ནི་ཐུགས་ཀྱང་མི་འཕྲོགས་པ། །ཁྱོད་ཀྱིས་གཞན་སྨན་ལྷུར་བཞེས་མཛད་པས་དུས་དག་ཤིན་ཏུ་འདས་པར་བགྱིས། །ཕྱུག་ཅིང་འབྱོར་པ་སློང་བ་རྣམས་ཀྱིས་ལེགས་པར་སྤྱད་པར་མ་བྱས་དང།། ་དུར་ཁྲོད་ལྗོན་ཤིང་མེ་ཏོག་རྒྱས་པའི་ལྗིད་ཀྱི་གཡུར་ཟ་མཚུངས་སོ་ཞེས། །དེ་སླད་བསོད་ནམས་དམན་པའི་འབྱོར་པ་དག་ལ་སློང་རྣམས་མི་སྤྱོད་པས། །ཁྱོད་ཀྱི་དཀོར་ནོར་སློང་བ་མ་མཆིས་པ་ན་ཐུགས་ལ་བཅགས་པར་གྱུར། །གང་ཞིག་བརྩེ ་མེད་སྲེད་པས་ཚོང་བ་བཞིན་དུ་འབྲས་བུའི་ཕྱིར་སྩལ་ནས། །དེ་ནི་འབྲས་བུ་ཡང་ནི་སློང་བ་རྣམས་ལ་སྦྱིན་པར་སྤྲོ་མ་མཆིས། །གང་གི་སླད་དུ་ཁྱོད་ཀྱི་གཏོང་བ་རྟག་ཏུ་གཞན་ལ་སྨན་གྱུར་པ། །དེ་སླད་དེ་ཡི་འབྲས་བཱུང་སློང་བ་རྣམས་ཀྱིས་རང ་གི་ལག་པར་བཟུང། །རི་ངོས་ལྗོན་ཤིང་འབྲས་བུ་སྨིན་པ་དག་དུ་བྱ་རྣམས་ལྟ་བུ་དང། །དགོན་པའི་རྫིང་བུ་བསྐྱེད་ཤིང་བཟང་པོས་བསྐོར་བ་དག་ཏུ་ངལ་རྣམས་ལྟར། །འཇོམ་མེད་སློང་བས་དགྱེས་པ་ཁྱོད་ལ་བབ་ཕབས་འབྱོར་པ་འཚལ ་བ་ཡིས། །སློངས་མོ་བ་དག་ཀུན་ནས་མྱུར་བར་མངོན་དུ་ལྷགས་ནས་སྡོད་ཅིང་མཆིས། །དཔལ་འབྱོར་འབངས་དང་བཙུན་མོ་རང་གི་ཤ་དང་སྲོག་ཀྱང་གཏོང་བ་དང། །ཁྱོད་ཀྱིས་སྲས་གཞོན་རབ་སྡུག་སྟོན་ཟླ་ཆོས་པ་དྲི་མེད་གཟུགས ་ལྡན་པའང། །སློང་བ་རྣམས་ལ་གཏོང་བ་མཛད་ལ་བརྩོན་པར་གྱུར་པ་ཇི་ལྟ་བ། །དེ་ལྟར་གཏོང་ལ་གོམས་པ་ཁྱོད་ཀྱི་ཐུགས་ལ་བརྟེན་པ་ཉིད་ཀྱང་བྱུང། །གང་ཞིག་ཐོས་པར་གྱུར་ནའང་འཇིག་རྟེན་འདི་ན་གནོད་པ་སྐྱེ་འགྱུར་དང།། ་གང་ཡང་ཁྱོད་ཉད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་སྤྱོད་པའི། །སྤྱོད་པ་དེ་དག་ཁྱོད་ལ་གོམ་པས་དུས་སུ་རང་གི་རང་ཉིད་གྱུར། །དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས། །ཇི་ལྟར་སྨན་པ་གདོན་གྱིས་ཟིན་ལ་གདོན ་རྣམས་བསལ་བར་བགྱི་སླད་དུ། །བརྡག་ཅིང་ཚིག་རྩུབ་སྨྲ་བར་སྤྱོད་ཀྱང་ཟིན་པ་ཉིད་ལ་བརྡེག་མི་བགྱིད། །དེ་ལྟར་ཁྱོད་ཀྱང་ཉོན་མོངས་ཉིད་ལ་བརྩེ་དང་བྲལ་བས་སྤྱོད་མཛད་ཀྱི། །འགྲོ་བ་ཉོན་མོངས་གྱུར་པ་ལ་ནི་ཁྱོད་ཉིད་ཐུགས་རྗེ་མཛད་པ་ལགས ་ཁྱོད་ཀྱི་རྟག་ཏུ་ཡོན་ཏན་ནོར་ལྷག་རྣམས་ལ་གུས་པས་བསགས་པ་མཛད། །མཉམ་པ་རྣམས་ལ་ཡོན་ཏན་གོམས་པ་བགྱི་སླད་བྱམས་པའི་ཐུགས་ཀྱིས་སྤྱད། །སྨན་ལ་ཐུགས་རྗེས་བརྩོན་པ་མཆོག་གིས་ཡོན་ཏན་རྣམས་བསྐྲུན་ཏེ། །འགྲོ་བ་རྣམས་ལ ་ཁྱོད་ཀྱིས་ཇི་ལྟར་རིགས་པས་ལེགས་པར་མཛད་ལ་ཞུགས། །ཇི་ལྟར་མ་མ་རང་ལུས་སྣ་ཚོགས་ཐབས་ཚུལ་མང་པོས་འཛིན་བགྱིད་ཀྱང། །གཞོན་ནུའི་ནད་བསལ་ཆེད་ལགས་དགའ་སྐྱེད་མ་ལགས་ལུས་ཕྱིར་མ་ལགས་པ། །དེ་ལྟར་ཁྱོད་ཀྱང་བརྩོན་པ ་ཆེན་པོས་ཡོན་ཏན་བདག་ཉིད་ཀུན་མཛད་པ། །འགྲོ་བས་ལོངས་སྤྱད་ཆེད་གྲགས་གྲགས་དང་གཞན་དག་ཟིལ་མནན་ཆེད་མ་ལགས། །ཁྱོད་ཀྱི་བློ་གྲོས་གཞན་ལ་སྨན་པའི་ཐབས་མཁྱེན་མཛད་སླད་ཞུགས་གྱུར་པ། །འདི་ལྟར་ཁྱོད་ཉིད་ཐུགས་རྗེས་རྣམ་པ ་དེ་དག་ཉིད་ལ་ཞུགས་ལགས་གདའ་། །ཁྱོད་ནི་བརྩོན་འགྲུས་འཕགས་བས་བཙལ་བ་ཆེ་ཡང་མཉེལ་པར་མ་གྱུར་པ། །དེ་གསུམ་དག་གིས་ཁྱོད་ཀྱིས་གཞན་སྨན་མ་བསྒྲུབས་ཅུང་ཟད་བྱུང་མ་གྱུར། །ཁྱོད་ནི་འབད་རྩོལ་ཆེན་པོ་ཅན་གྱི་ཕྲིན་ལས་མངའ་ ་བར་མི་བཞེད་ལ། །སྤྱོད་པ་ཤིན་ཏུ་རྨད་དུ་བྱུང་བ་གཅིག་ཏུ་བསམ་ཡས་འདི་ཡང་བྱུང། །གང་སླད་ཁྱོད་ཀྱིས་སེམས་ཅན་མ་མཆིས་པ་འདི་ཐུགས་སུ་ཆུད་གྱུར་ཀྱང། །འདི་ལྟར་སེམས་ཅན་དོན་བགྱི་སླད་དུ་གྲངས་མེད་དུས་སཱུང་སྲིད་པར་ཞུགས། །གང་སླད ་ཤེས་རབ་དོན་དམ་བསྟེན་ཅིང་སྙིང་རྗེ་ཀུན་རྫོབ་བསྟེན་མཛད་པ། །དེ་སླད་དོན་བཞིན་དགོངས་མཛད་ཁྱོད་ལ་སེམས་ཅན་མཆིས་པ་མ་ལགས་ཀྱང། །གང་ཚེ་ཁྱོད་ནི་སྟོབས་བཅུ་བསྐྱེད་པའི་ཐུགས་རྗེ་དག་དང་ལྡན་གྱུར་པ། །དེ་ཚེ་འགྲོ་བ་ཉམས ་ཐག་རྣམས་ལ་ཁྱོད་བྱམས་བུ་ལ་ཕ་བྱམས་བཞིན། །འགྲོ་བ་གཏུགས་དང་ཉོན་མོངས་བསམ་པས་བྱན་ཆུབ་མཆོག་ཐོབ་མ་མཆིས་ལ། །ཉོན་མོངས་ཕྱོགས་པས་རང་ལ་སྨན་པར་བགྱིད་པའང་ཐོབ་འགྱུར་མ་ལགས་པ། །དེ་སླད་ཁྱོད་ཀྱིས་བྱང་ཆུབ་བརྙེས ་སླད་བརྩོན་འགྲུས་བརྟན་པ་མཛད་པ་ན། །ཉོན་མོངས་ངེས་པར་མ་བསྲེགས་རན་གྱི་དུམ་བུ་བཞིན་དུ་སྤོང་བར་མཛད། །ཁྱོད་ཀྱིས་ཉོན་མོངས་དྲན་དང་མཁྱེན་པས་གཟུང་བས་ཡོན་ཏན་སྣ་ཚོགས་གྲུབ། །ཉོན་མོངས་སྤང་བར་གྱུར་པ་བྱང་ཆུབ་རྒྱུར་ཡང་ཉེ་བར ་འགྱུར་ལགས་ཏེ། །འདི་ལྟར་དེ་ཡིས་ཁྱོད་བློ་ཤུལ་གོལ་ཡུལ་ཅན་དུ་ཡང་མ་བགྱིས་ལ། །འགྲོ་བ་རྣམས་སུ་སྐྱེ་བ་བརྒྱུད་པའང་ཡོན་ཏན་རྣམས་ཀྱི་ཞིང་དུ་མཛད། །འགྲོ་བ་ཉོན་མོངས་གྱུར་དང་སྡུག་བསྔལ་བརྒྱ་དག་བྱུང་བས་བཅོམ་པ་ཡིས། །རྩོལ ་དང་བྲལ་ཞིང་མགོན་མ་མཆིས་པས་གང་དང་གང་དུ་སྤྱོད་བགྱིད་པ། །འགྲོ་བ་དེ་ནི་ཉོན་མོངས་དགྲ་ཐུལ་ཁྱོད་ཉིད་ཐུགས་རྗེས་སྤྱོད་པ་ན། །སྲིད་པ་ལེན་དང་གཏོང་དང་གནས་པ་དག་ལ་མངའ་དབང་མཆིས་པ་ལགས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི ་ནི་ཡུལ་ཅན་ཕྲ་རྒྱས་རྣམས་བཅོམ་ནས། །དེ་དག་སྤང་བའི་ཐབས་ཚུལ་གང་ལགས་དམ་པའི་ཚོགས་ལ་ཡུན་རིང་བཤད་པ་མཛད། །ས་གསུམ་སྨན་པའི་ཐབས་མཁས་མངའ་བ་ཁྱོད་ཀྱིས་ཕྱིར་ཡང་དྲངས་ནས་ནི། །དུད་འགྲོ་དག་ཏཱུང་སྨོན་པ ་མཛད་ནས་སྐྱེ་བ་བརྒྱ་ཕྲག་རྣམས་ཀྱང་མཛད། །སྔོན་གྱི་མི་དགེའི་ཕྲིན་ལས་རྣམ་པར་སྨིན་པར་མ་ངེས་གང་ལགས་པ། །དེ་དག་དུད་འགྲོའི་འགྲོ་བར་གཤེགས་ལ་གཞོལ་བ་ཁྱོད་ལ་མངའ་མཆིས་པས། །ཁྱོད་ཀྱིས་རྣམ་སྨིན་ཆེད་དུ་དྲངས་ཏེ་ཐུགས ་ལ་དགོངས་པའི་དོན་བསྒྲུབ་པ། །དྲང་སྲོང་གིས་བཤད་གསང་སྔགས་ཞི་བས་དུག་གི་ཤུགས་དག་བཟློག་པ་བཞིན། །ཁྱོད་ཀྱིས་རྟག་ཏུ་མི་དགའ་ཨི་ཆོས་དང་གཡུལ་དག་ཕྲད་པར་གྱུར་པ་ན། །འགྲོ་བ་དར་མཛད་མཁས་པ་ཁྱོད་ཀྱིས་འགྲོ་བ་དེ་དང་དེར་སྤྱོད་པའི། །ཚུལ ་ཁྲིམས་?་འབད་བརྟུལ་ཞུགས་ལྡན་པ་བཞིན་དུ་གྱུར་པ་ཇི་ལྟ་བ། །དེ་ལྟར་དམ་པའི་སྤྱོད་ལུགས་བྱང་ཆུབ་སྒྲུབ་པ་དག་ལ་གོམས་པར་མཛད། །མ་བཞིན་རེས་འགའ་ཐུགས་རྗེ་དག་དང་མ་བྲལ་མགོན་མ་མཆིས་རྣམས་ཀྱི། །སྡུག་བསྔལ་དེ་དང་དེ་དག ་བསལ་སླད་འགྲོ་བ་སྡུག་བསྔལ་ཅན་དག་ཏུ། །བསྙེངས་དང་བྲལ་བ་སྤྱོད་པ་མཛད་པ་ཁྱོད་ཀྱི་ཐབས་ལ་མཁས་པ་ནི། །བསྒྲུབ་པར་དཀའ་དང་རྙེད་པར་དཀའ་བ་འགའ་ཡང་བྱུང་བར་མ་གྱུར་ལགས། །གང་སླད་སྣ་ཚོགས་ཐབས་ཀྱིས་འགྲོ་བ་སྡིག་པར་བྱེད ་འདུལ་ཁྱོད་ལ་ནི། །དུད་འགྲོའི་འགྲོ་བ་དག་ཀྱང་བདེ་འགྲོ་བཞིན་དུ་དོན་ཚན་ཁོ་ནར་གྱུར། །ངན་སོང་དག་ཏུ་འཁྲུངས་ནའང་ལེགས་པར་སྤྱོད་པ་ཉམས་པ་མི་མངའ་བ། །དེ་སླད་ཁྱོད་ཀྱི་སྡིག་པ་འང་ཡོན་ཏན་གྱུར་པས་དགེ་བ་ཉིད་དང་མཚུངས། །ཁྱོད་ལ་ལོགས ་བརྟེན་ཁ་ཅིག་བྱང་ཆུབ་གསུམ་ལ་བློ་གྲོས་ཅི་རིག་ཞུགས། །དེ་བཞིན་གཞན་དག་བསམ་གཏན་གཟུགས་མེད་དག་ལ་གོ་འཕངས་བཞག་པ་མཛད། །ཁ་ཅིག་གཏོང་ལ་ཞུགས་ཤིང་ངེས་ཚུལ་མཆིས་ཀྱིས་འཚལ་གྱུར་པས། །ཁྱོད་ཀྱིས་འཇིག་རྟེན་དག ་ལ་སྨན་ཡོན་མ་བཏགས་པ་ནི་འགའ་མ་མཆིས། །ཁྱོད་ཀྱིས་འཇིག་རྟེན་དག་ན་འགྲོ་བ་གང་རྣམས་ངེས་པར་ཐར་འཚལ་བ། །བདེ་འགྲོར་ཉེ་བར་དྲངས་ཤིང་དགེ་བ་ཡོངས་སུ་སྨིན་པ་ཉིད་དུ་མཛད། །ཁྱོད་ཀྱིས་འགྲོ་བ་ཞི་མཛད་སླད་དུ་འགྲོ་བ་རྣམས་སུ ་སྤྱོད་པ་ན། །དྲང་སོང་ཆེན་པོ་གཞན་དག་དུས་བཞིན་བྱུང་བས་ཞི་བར་མཛད་པ་བཞིན། །གང་སླད་ཁྱོད་ནི་འགྲོ་བའི་སྐྱེ་བ་བཅད་དང་རྫོགས་སངས་རྒྱས་མཛད་མ་གཏོགས་པར། །གཞན་གྱི་སྐྱེ་བ་ཞི་བར་མི་འགྱུར་སྙམ་དུ་བློ་གྲོས་དེས་གྱུར་པ། །དེ་སླད ་བྱང་ཆུབ་གཞོལ་བའི་ཐུགས་མངའ་ཁྱོད་ཀྱིས་སྲིད་རྩེ་མན་ཆད་ཀྱི། །ལམ་རྣམས་ཚུལ་བཞིན་སྟོན་པ་མཛད་པས་དུས་དག་འདའ་བར་གྱུར་པ་ལགས། །གང་ཞིག་རྟོགས་པར་མ་གྱུར་པ་ཡིས་འཇིག་རྟེན་མ་རིག་ལྡོངས་གྱུར་བ། །འགྲོ ་བ་སྡུག་བསྔལ་མང་པོར་རྒྱུ་ཞིང་འཆི་བདག་མཚམས་ལས་མི་འདའ་བའ་ཨི། །འཕགས་ལམ་འཇིགས་མེད་སྔོན་གྱི་དྲང་སྲོང་ཆེ་རྣམས་རྗེས་གཤེགས་གང་ལགས་པ། །དེ་ནི་ཁྱོད་ཀྱི་སྡུག་བསྔལ་མཐར་གཏུགས་སླད་དུ་ཉིད་ཀྱིས་མཁྱེན། །ཇི་ལྟར ་དུས་མཛའ་ཨི་ཚེ་ན་ཉི་མ་དུ་མས་ཆས་སྐམས་འཇིག་རྟེན་འདི། །ཞུགས་ཆེན་མཆེད་པ་ཁྲོས་པ་ལྟ་བུས་ཐལ་བ་དག་ཀྱང་བསྲེགས་བགྱིད་པ། །དེ་ལྟར་དྲེགས་བྲལ་ཁྱོད་ཀྱི་ཉོན་མོངས་བསྲབས་པར་གྱུར་པའི་བག་ཆགས་ཀྱང། །ཡེ་ཤེས་ཞུགས་ཆེན ་འབར་བ་དག་གིས་ངེས་པར་བསྲེགས་པར་གྱུར་པ་ལགས། །གང་དག་ས་གསུམ་བླ་མ་རྣམས་ལ་ངེས་པར་གནས་པར་འཚལ་བ་དག་།མུན་པ་ཆུང་ངུ་དང་ཡང་ལྷན་ཅིག་གནས་པར་འགལ་བ་གང་ལགས་པའི། །ཡོན་ཏན་མཛའ་ཡས་དེ་དག ་མངོན་པར་སངས་རྒྱས་ཚེ་ན་དུས་གཅིག་ཏུ། །ཤིང་ལ་བྱ་རྣམས་གནས་འཆའ་བཞིན་དུ་གྱུར་པ་ཁྱོད་ཀྱིས་གང་ལགས་བརྙེས། །ཉི་མའི་འོད་ཟེར་གསལ་བ་སྟོང་ལྡན་ཟླ་བ་སྤྲིན་དང་བྲལ་གྱུར་པས། །ལྷག་པར་དགའ་བར་བགྱིད་པ་ནམ་མཁའ་ཨི ་དཀྱིལ་ན་ངེས་པར་གནས་གྱུར་ཀྱང། །གང་གིས་ཁེབས་པའི་འགྲོ་བ་སྲིད་པའི་དགོན་པ་ཐིབས་པོར་འཁྱམ་བགྱིད་པའི། །མ་རིག་མུན་ནག་དེ་དག་རབ་ཏུ་ཞི་བའི་ཐབས་ཚུལ་ཁྱོད་ཀྱིས་བསྟན། །སྡུག་བསྔལ་འཁྱམ་པ་འདི་ཡིན་དེ་རབ་སྐྱེ་བར་འགྱུར ་བའི་ཀུན་འབྱུང་འདི། །དེ་མཐར་གཏུགས་པ་འདི་ཡིན་དེ་རྟོགས་འགྱུར་ལ་གཞོལ་བའི་ཐབས་འདི་ཞེས། །དེ་ལྟར་ཚངས་པ་ཁྱོད་ཀྱིས་ཚངས་པར་ཟླ་འོད་གཙང་མ་དག་ཀྱང་བསྟན། །དེ་དག་རྟོགས་བགྱིད་སྐྱེ་བ་དམན་ཡང་ཚངས་པའི་གོ་འཕང ་ཐོབ་པར་གྱུར། །ཇི་སྲིད་ཉི་མའི་སྣང་བ་གང་ལགས་དེ་ནི་ནུབ་ཀྱི་རི་དབང་གིས། །ཉི་མ་ནུབ་པར་མ་བགྱིས་དེ་སྲིད་རབ་རིབ་རབ་ཏུ་ཞི་བར་བགྱིད། །ཁྱོད་ཀྱི་སྐྱེ་ཤི་མཐར་གཏུགས་བགྱི་སླད་ཐབས་ཚུལ་བསྟན་པ་གང་ལགས་པ། །དེ་ནི་ཁྱོད་ཉིད་ཞི་བར་གཤེགས ་ཀྱང་སྙིང་གི་མུན་ནག་ཞི་མཛད་ལགས། །དེ་ལྟར་ཚངས་པའི་གཙོ་བོའི་ལྷ་ཡི་བླ་མར་གྱུར་བ་ཚངས་གཏེར་གྱིས། །བསྟོང་བགྱིས་བསྟོད་པར་འོས་པའི་བདེ་གཤེགས་མངོན་སུམ་བཞུགས་བཞིན་བསྟོད་པར་གྱིས?་བ། །བདག་གིས་བསོད་ནམས་གཏེར ་དག་བསགས་པ་གང་ལགས་དེ་ཡིས་འགྲོ་བ་རྣམས། །དྲང་སྲོང་ཆེན་པོ་རྣམས་ཀྱི་དགོངས་པའི་ལེགས་པ་གང་ལགས་དེར་གྱུར་ཅིག་།ཡོན་ཏན་མཛའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་པ་དང། ལོ་ཙཱ་བ་བནདེ་རིན་ཆེན་མཆོག་གིས་བསྒྱུར། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། གུ་ཎཱ་པརྱནྟ་སྟྲོ་ཏྲ་ཊཱི་ཀ། བོད་སྐད་དུ། ་