CLOSE WINDOW

N4261: srid pa 'pho ba
Wyliee-texts based on the ACIP/ALL Input

མེད་པར་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏྲ་དང། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བྷ་བ་སཾ་ཀྲནྟ། བོད་སྐད་དུ། སྲིད་པ་ལས ་འདས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་མེད་དངོས་ལས་མི་སྐྱེ་སྟེ། །དངོས་པོ་ལས་ཀྱང་སྐྱེ་མ་ཡིན། །དངོས་པོ་རྟག་ཏུ་སྐྱེ་བ་སྟེ། །དངོས་འཁྲུལ་ནམ་མཁའ་ཨི་མེ་ཏོག་བཞིན། །མཁའ་དང་འདྲ་བའི་ཆོས་ཡོད་ན། གཞན ་ནི་མཁའ་དང་འདྲ་བ་སྟེ། །བརྟན་ནས་ཐམས་ཅད་མཁའ་དང་འདྲ། །དེ་ནས་སྲིད་པ་མེད་པ་ཅན། །ངོ་བོ་ཉིད་ཀྱིས་ལས་མེད་ཅིང། །རྒྱུ་མེད་འབྲས་བུ་ཡོད་མ་ཡིན། །འདི་དག་ཐམས་ཅད་མེད་པ་སྟེ། །འཇིག་རྟེན་པ་མེད་འཇིགས་པ་མེད། །མ་སྐྱེས ་པ་ཡི་དངོས་པོ་གང། །ཇི་ལྟར་གཞན་ཞིག་སྐྱེད་པར་འགྱུར། །འཇིག་རྟེན་དང་པོར་མ་བྱུང་སྟེ། །འགའ་ཞིག་གིས་ཀྱང་སྤྲུལ་པ་མིན། །ཟླ་བ་སེང་གེའི་གྲོང་ཁྱེར་བཞིན། འཇིག་རྟེན་དོན་མེད་ཀྱི་ན་འཁྱམ། །འཇིག་རྟེན་རྣམ་པར་རྟོག་ལས་བྱུང། །རྣམ་རྟོག་སེམས་ལས ་ཡང་དག་བྱུང། །སེམས་ནི་ལུས་ལ་བརྟེན་པ་སྟེ། །དེ་ཕྱིར་ལུས་ལ་རྣམ་དཔྱད་དོ། གཟུགས་ནི་སྟོང་པ་ཚོར་བ་རང་བཞིན་མེད། །འདུ་ཤེས་མེད་དེ་འདུ་བྱེད་ཡོད་མ་ཡིན། །འབྱུང་བ་སྤངས་ནས་སེམས་དང་སེམས་བྱུང་མེད། །དེ་ཕྱིར་ལུས་ནི་རྟོག་བྲལ་ངོ ་བོ་ཡིན། །སེམས་མེད་ཆོས་རྣམས་དེ་དག་མེད། །ལུས་མེད་ཁམས་རྣམས་ཡོད་མ་ཡིན། །གཉིས་སུ་མེད་པའི་ལས་འདི་ནི། །དེ་ཉིད་རིག་པ་རྣམས་ཀྱིས་བསྟན། །འདི་དག་ཐམས་ཅད་དམིགས་མེད་པར། །དམིགས་སུ་མེད་པར་བསྟན་པ་ཡིན། །བློ་ནི་དམིགས ་པ་མེད་བྱས་ནས། །དམིགས་པ་མེད་པར་འབྱུང་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། བསམ་གཏན་ལ་སོགས་བསྟེན་བྱས་ན། །ཡུན་མི་རིང་བའི་དུས་ཀྱིས་ནི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཐབས་དང་ཤེས་རབ་ལ་གནས་ཏེ།། ་སེམས་ཅན་རྣམས་ལ་བརྩེ་བར་བྱ། །མྱུར་བ་ཁོ་ནར་ཐམས་ཅད་མཁྱེན། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་ཐ་དད་པའི། །བརྗོད་པར་བྱ་བ་ཡོད་མ་ཡིན། ། ་ཆོས་རྣམས་ཐམས་ཅད་མིང་མེད་དོ། །བདག་མེད་པར་ཡང་ཡོངས་སུ་གསལ། །ཡང་དག་མིན་པའི་ཆོས་འདི་དག་།རྣམ་པར་རྟོག་པས་ཀུན་ནས་བསླང། །གང་གིས་སྟོང་པ་ཞེས་བརྟགས་པའི། །རྟོག་པ་དེ་ཡང་འདི་སྟོང་ངོ། །མིག་གིས་གཟུགས་རྣམས ་མཐོང་བར་ནི། །དེ་ཉིད་གསུངས་པས་གང་བཤད་པ། །ལོག་པར་ཞེན་པའི་འཇིག་རྟེན་ལ། །ཀུན་རྫོབ་བདེན་པར་བརྗོད་བ་ཡིན། །གང་དུ་ཚོགས་པར་མཐོང་བ་ནི། །འདྲེན་བས་སྟོན་པར་བྱེད་པ་ཡིན། །བློ་དང་ལྡན་པས་དོན་དམ་གྱི། །ཉེ་བར་བརྟགས་པའི་ས་དེ ་གསུངས། །མིག་གིས་གཟུགས་ནི་མི་མཐོང་སྟེ། །ཡིད་ཀྱིས་ཆོས་རྣམས་མི་རིག་གོ་།འཇིག་རྟེན་པ་ཡི་ཡུལ་མིན་གང། །འདི་ནི་མཆོག་ཏུ་བདེན་པའོ། །མིག་མེད་གཟུགས་ཀྱང་ཡོད་མིན་ཞིང། །སྣང་བ་ཡིད་ལ་བྱེད་པ་མེད། །སེམས་ནི་རྨི ་ལམ་བཞིན་དུ་འཁྲུལ། །ཐམས་ཅད་ཡོད་མིན་མེད་པའང་མིན། །སྲིད་པ་ལས་འདས་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཤྲཱི་ཐ་ར་ཐ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ ་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། གུ་ཎ་པརྤནྟ་སྟོ་ཏྲ། བོད་སྐད་དུ། ཡོན་ཏན་མཛའ་ཡས་པར་བསྟོད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་མཛའ་ཡས་མི་འཚལ་བས། །གལ་ཏེ་ཁྱོད་བསྔགས་མི་བརྗོད ་