| Wylie | e-texts based on the ACIP/ALL Input |
ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་སྒྱུར།། །།རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བཱ་ར་ཎི། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ། །ཀུན་ཏུ་ཡོད་པ་དང་བྲལ་ཞིང། ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདད་ནས་མ་སྐྱེས་བ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བའི་བྱང ་ཆུབ་ཀྱི་སེམས་ཆེན་པོ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང། མ་གྲོལ་བ་རྣམས་དགྲོལ་བ་དང། ་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར་དུས་འདི་ནས་གཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད ་པར་བགྱིའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་སྨན་ལམ་གྱི་རང་བཞིན་ཀུན་རྫོབ་ཀྱི་རྣམ་པ་བསྐྱེད་ནས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། དེའི་ཕྱིར ་དེའི་རང་བཞིན་བཤད་པར་བྱའོ། །བྱང་ཆུབ་སེམས་ཀྱི་བདག་ཉིད་སྐུ། །དཔལ་ལྡན་རྡོ་རྗེ་འཆང་བཏུང་ནས། །འཁོར་བ་འཇིག་པར་བྱེད་པ་ཡི། །བྱང་ཆུབ་སེམས་བསྒོམ་བདག་གིས་བཤད། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །བདག་དང ་ཕུང་སོགས་རྣམ་རིག་གི་།རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང། །རྟག་ཏུ་སྟོང་པར་སངས་རྒྱས་བཞེད། །ཐུགས་རྗེས་ངལ་བའི་སངས་རྒྱས་ཀྱིས། །རྟག་ཏུ་བསྒོམས་པའི་བྱང་ཆུབ་སེམས། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། རབ ་ཏུ་འབད་པས་བསྒོམ་པར་བྱ། །མུ་སྟེགས་ཅན་གྱིས་གང་བརྟག་པའི། །བདག་དེ་རིག་པས་དཔྱད་ན་འདིར། །ཕུང་པོ་ལས་ན་གཞན་ཀུན་ཏུ། །འགའ་ཡང་རྙེད་པ་མ་ཡིན་ནོ། །ཕུང་པོ་ཡིན་ན་དེ་མི་རྟག་།དེ་ཡང་བདག་གི་ཚུལ་མ་ཡིན། །མི་རྟག་པ་དང ་རྟག་པ་དག་།རྟེན་དང་བརྟེན་པ་ནམ་ཡང་མིན། །ཆོས་ཅན་ཡོད་ན་ཆས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་འཇུག་ན། །བདག་ཅེས་བྱ་བ་འདི་མེད་པར། །བྱེད་པ་པོ་ཞེས་གང་ལ་བརྟག་།གང་ཕྱིར་རྟག་པར་རིམ་གྱིས་དང། །ཅིག་ཅར་གྱིས་དོན་མི ་བྱེད་པ། །དེ་ཡི་ཕྱིར་ན་ཕྱི་ནང་དུ། །རྟགས་པའི་དངོས་པོ་མེད་པ་ཉིད། །གལ་ཏེ་ནུས་ན་ཅི་ཕྱིར་བལྟོས། །དེ་ནི་ཅིག་ཅར་དངོས་འབྱིན་འགྱུར། །གང་ཞིག་དངོས་གཞན་ལ་བལྟོས་པ། །དེ་ནི་རྟག་དང་ནུས་ལྡན་མིན། །རྟག་མིན་དངོས་པོ་མིན་ཞེ ་ན། །དངོས་རྣམས་རྟག་ཏུ་སྐད་ཅིག་པས། །དངོས་པོ་མི་རྟག་པ་ལ་ནི། །བྱེད་པོ་ཉིད་ཀྱི་རྒྱུ་མཚན་ཅི། །བདག་སོགས་བྲལ་བའི་འཇིག་རྟེན་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །གཟུང་དང་འཛིན་པ་ཉིད་དག་གི་།བློ་ཡིས་རྣམ་པར ་འཇོམས་པར་འགྱུར། །གཟུགས་དང་ཚར་བ་འདུ་ཤེས་དང། །འདུ་བྱེད་རྣམ་པར་ཤེས་པ་ཡི། །ཕུང་པོ་ལྔ་རྣམས་ཉན་ཐོས་ལ། །ཕན་པར་དགོངས་པ་རྣམས་ཀྱིས་གསུངས། །གཟུགས་ནི་དབུ་བརྡོས་འདྲ་དང། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། ་འདུ་བྱེད་ཆུ་ཤིང་དང་མཚུངས་ཤིང། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་དེ་ལྟར་བསྟན་པ་ནི། །རྐང་གཉིས་མཆོག་གིས་དུས་ཀུན་ཏུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །འབྱུང་བ་བཞི་ཡི་བདག་ཉིད་དུ། །གཟུགས་ཀྱི་ཕུང་པོ་རབ་ཏུ་བཤད། །ལྷག ་མ་གཟུགས་མེད་ཉིད་དུ་ནི། །ཐེ་ཚོམ་མེད་པར་གྲུབ་པ་ཡིན། །གང་ཡང་ཁམས་རྣམས་བཤད་པ་ནི། །མིང་དང་གཟུགས་སོགས་དེ་དག་ཡིན། །དེ་དག་ཉིད་ནི་སྐྱེ་མཆེད་དང། །གཟུང་འཛིན་དུ་ཡང་བཤད་པ་ཡིན། །གཟུགས་རྡུལ་མེད་གཞན་དབང་པོ་མེད།། ་བྱེད་པོའི་དབང་པོ་ཤིན་ཏུ་མེད། །སྐྱེད་པ་པོ་དང་སྐྱེད་པ་དག་།ཡང་དག་བསྐྱེད་པར་རིགས་མ་ཡིན། །གཟུགས་རྡུལ་དབང་ཤེས་སྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདི་དག་འདུས་པ་སྐྱེད་བྱེད་ན། །འདུས་པར་ཡང་ནི་མི་འདོད་དོ། །ཕྱོགས་ཀྱི ་དབྱེ་བས་རབ་ཕྱེ་ན། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེ་ནི་རྡུལ་ཕྲན་ཇི་ལྟར་འགྱུར། །ཕྱི་རོལ་དོན་རྣམས་གཅིག་ལ་ཡང། །ཤེས་པ་ཐ་དད་རབ་འཇུག་སྟེ། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ ་གཞན་དུ་སྣང། །བུད་མེད་ལུས་ནི་གཅིག་ཉིད་ལས། །དཀའ་ཐུབ་འདོད་ཅན་ཁྱི་རྣམས་ཀྱིས། །མི་གཙང་འདོད་བྱ་བཟའ་བྱ་ཞེས། །རྣམ་པར་རྟོག་པ་གསུམ་དུ་འགྱུར། །རྨི་ལམ་སད་པའི་གནས་སྐབས་དག་།དོན་བྱེད་པ་ལ་ཁྱད་མེད་དོ། །རྨི་ལམ ་ན་ནི་རྨིས་པ་བཞིན། །དོན་བྱེད་མཚུངས་པས་རང་བཞིན་མེད། །གཟུང་དང་འཛིན་པའི་ཚུལ་གྱིས་ནི། །རྣམ་པར་ཤེས་པ་སྣང་བ་སྟེ། །རྣམ་ཤེས་ལས་ནི་ལེགས་ཤིགས་ན། །ཕྱི་རོལ་དོན་ནི་ཅུང་ཟད་མེད། །དེ་ཕྱིར་ཕྱི་རོལ་དོན་རྣམས་ནི།། ་དངོས་པོའི་ངོ་བོར་ནམ་ཡང་མེད། །རྣམ་ཤེས་སོ་སོར་སྣང་བ་ནི། །གཟུགས་ཀྱི་རྣམ་པས་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་ལ ་སོགས་པ་མཐོང། །བདག་ཏུ་འཛིན་པ་ཟློག་དོན་དུ། །ཕུང་པོ་ལ་སོགས་བསྟན་པ་སྟེ། །སེམས་ཙམ་པོ་ལ་གནས་ནས་སུ། །སྐལ་ལྡན་རྣམས་ཀྱི་དེ་ཡང་སྤང། །སྣ་ཚོགས་འདི་དག་སེམས་ཙམ་དུ། །གྲུབ་པར་རྣམ་པར་རིག་རྣམས་འདོད། །ད ་ནི་རྣམ་རིག་ངོ་བོ་གང། །ཡིན་པ་དེ་ཉིད་འདིར་དཔྱད་བྱ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པའི་དབང་པོས་གང་བསྟན་པ། །བྱིས་རྣམས་སྐྲག་པ་བསམ་ཕྱིར་ཏེ། །དེ་ནི་ཡང་དག་ཉིད་དུ་མིན། །ཀུན་བརྟགས་དང་ནི་གཞན་དབང་དང།། ་ཡོངས་སུ་གྲུབ་པ་ཉིད་ཀྱང་ནི། །སྟོང་ཉིད་བདག་ཉིད་ཚུལ་གཅིག་གི་།སེམས་འདི་ལ་ནི་བརྟགས་པ་ཡིན། །ཐེག་ཆེན་ལ་དགའ་ཨི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཡིན། །རང་སེམས་གདོད་ནས་མ་སྐྱེས་པ། །སངས་རྒྱས་ཀྱིས་ནི ་མདོར་བསྡུས་གསུངས། །རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས། །རང་སེམས་བདག་པོ་ཉིད་ཡིན་པ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོ་རང་གི་སྤྱོད་ཡུལ་བརྗོད། །འདས་པ་གང་ཡིན་དེ་ཡོད་མིན། །མ་འོངས་པ་ནི་ཐོབ་པ་མེད། །ད་ལྟར ་བ་ནི་གནས་པའི་ཕྱིར། །གནས་ཡོངས་གྱུར་པ་གང་ལ་ཡོད། །དེ་ཇི་ལྟ་བ་དེར་མི་སྣང། །སྣང་བ་ཇི་ལྟར་དེ་བཞིན་མིན། །རྣམ་ཤེས་བདག་མེད་ངོ་བོ་བས། །རྣམ་པར་ཤེས་པའི་རྟེན་གཞན་མེད། །དཔེར་ན་ཁབ་ལེན་གྱིས་དྲངས་པས། །ལྕགས་ནི་མྱུར་དུ ་ཡོངས་སུ་གཡོ། །དེ་ལ་སེམས་ནི་ཡོད་མིན་ཡང། །སེམས་དང་བཅས་པ་བཞིན་དུ་སྣང། །དེ་བཞིན་ཀུན་གཞི་རྣམ་ཤེས་ནི། །བརྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བས་རྣམ་གཡོ་ཞིང། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི ་མཐས་གཏུག་པའི། །ས་ཡང་གཡོ་བར་བྱེད་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང། །རྟེན་གྱི་ལུས་ནི་གཡོ་བར་བྱེད། །ལུས་མེད་རྣམ་ཤེས་མེད་པ་ལ། །ཡོད་པར་ཡོངས་སུ་བརྟག་པ་ཡིན། །དེ་ཡི་སོ་སོ་རང་རིག་ཉིད། །ཇི་ལྟ་བུ་ཞིག་ཡིན་པ་སྨྲོས། །རང་གིས ་རིག་པ་སྨྲས་ཉིད་དུ། །དངོས་པོ་ཉིད་དུ་འདོད་ན་ནི། །དེ་འདི་འོ་ཞེས་སྨྲ་དགོས་ན། །དེ་ཡང་བརྗོད་པར་ནུས་མ་ཡིན། །རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་དགོས་ན། །རྟག་ཏུ་འདི་ཞེས་བརྟན་མེད་པས། །བསྒྲུབ་པར་བྱ་བ་དག་ཏུ་འགྱུར། །རིག ་པོས་རིག་བྱ་རིག་བྱེད་ན། །རིག་བྱ་མེད་ན་རིག་པོ་མེད། །དེ་ལྟ་བས་ན་རིག་བྱ་དང། །རིག་བྱེད་མེད་པར་ཅིས་མི་འདོད། །སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །རྣམ་རིག་མིང་དུ་བལྟ་བྱ་སྟེ། །མིང་ཡང་རང་བཞིན་མེད་པ ་ཡིན། །ནང་དམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སྒྱུ་མ་ཡི། །རང་བཞིན་སེམས་ནི་མ་གཟིགས་སོ། །གཟུང་དང་འཛིན་པ་ཉིད་དག་དང། །ཁ་དོག་དབྱིབས་ཀྱི་དབྱེ་བ་དང། །ཕོ་འམ་མོ་འམ་མ་ནིང་ལ། །སོགས ་པའི་གཟུགས་སུ་སེམས་མི་གནས། །མདོར་ན་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་གཟིགས་པར་མི་འགྱུར་ཏེ། །རང་བཞིན་མེད་པའི་ངོ་བོ་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར། །དངོས་པོ་ཞེས་བྱ་རྣམ་རྟོག་སྟེ། །རྣམ་རྟོག་མེད་པ ་སྟོང་ཉིད་ཡིན། །གང་ལ་རྣམ་རྟོག་སྣང་ཡོད་པ། །དེ་ལ་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་པའི་རྣམ་པར་སེམས། །མ་གཟིགས་པ་ནི་དེ་བཞིན་གཤེགས། །གང་ལ་རྟོག་བྱ་རྟོག་བྱེད་ཡོད། །དེ་ལ་བྱང་ཆུབ་ཡོད་མ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད།། ་གནས་པ་མེད་ཅིང་དགྲ་ལམ་བྲལ། །བྱང་ཆུབ་སེམས་དང་ནམ་མཁའ་དང། །བྱང་ཆུབ་རྣམས་ནི་གཉིས་མེད་ཉིད། །བྱང་ཆུབ་སྙིང་པོ་ལ་བཞུགས་པའི། །བདག་ཉིད་ཆེན་པོ་སངས་རྒྱས་དང། །བརྩེར་ལྡན་ཀུན་གྱིས་དུས་གསུམ་དུ། །སྟོང་པ་མཁའ་? ་དང་མཚུངས་པར་མཁྱེན། །དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །གནས་མེད་སྒྱུ་མ་དང་མཚུངས་པའི། །ཞི་བ་སྲིད་པ་འཇོམས་བྱེད་པའི། །སྟོང་པ་ཉིད་འདི་རྟག་ཏུ་བསྒོམ། །སྐྱེ་མེད་ཅེས་དང་སྟོང་ཞེས་དང། །བདག་མེད་ཅེས་བས་སྟོང་པ་ཉིད།། ་དམན་པའི་བདག་ཉིད་གང་བསྒོམ་པ། །དེ་ནི་འདི་ན་བདག་བསྒོམ་པའོ། །དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་བ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །དམིགས་པ་དང་ནི་བྲལ་བའི་སེམས།། ་ནམ་མཁའ་ཨི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། །རྒོལ་བ་ཐམས་ཅད་སྐྲག་པར་འགྱུར། །གང་དང་གང་དུ་དེ་དག་ཞུགས། །དེ་དང་དེར་ནི་སྟོང་ཉིད་འགྱུར། །གང་གི་རྣམ ་ཤེས་སྐད་ཅིག་མ། །དེ་ཡིས་དེ་ནི་རྟག་མ་ཡིན། །མི་རྟག་པ་ཡི་སེམས་ཉིད་ནི། །སྟོང་པ་ཉིད་དང་འགལ་མི་འགྱུར། །མདོར་ན་སངས་རྒྱས་རྣམས་ཀྱིས་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །དེ་དག་སེམས་དེ་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། ་ཐོག་མ་ཉིད་ནས་སེམས་ཀྱི་ནི། །རང་བཞིན་རྟག་ཏུ་མེད་པར་གྲུབ། །དངོས་པོ་རང་བཞིན་གྱིས་གྲུབ་པ། །རང་བཞིན་མེད་ཉིད་བརྗོད་མ་ཡིན། །དེ་སྐད་བརྗོད་ན་སེམས་ཀྱི་ནི། །བདག་ཉིད་གནས་པ་སྤངས་བ་ཡིན། །རང་གི་རང་བཞིན་ལས་འདས་པ། །འདི་ནི ་ཆོས་རྣམས་ཆོས་ཉིད་མིན། །ཇི་ལྟར་བུ་རམ་མངར་བ་དང། །མེ་ཡི་རང་བཞིན་ཚ་བ་སྟེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །སྟོང་པའི་རང་བཞིན་དུ་བརྗོད་པས། །འགའ་ཞིག་ཆད་པར་སྨྲས་མིན་ཏེ། །དེ་ནི ་རྟག་པ་ཉིད་དུ་ཡང། །གང་ཞིག་སྨྲས་པ་མ་ཡིན་ནོ། །མ་རིག་ནས་བཟུང་རྒ་ཤིའི་མཛའ་། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོའི་རྨི་ལམ་སྒྱུར་འདྲར་འདོད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི།། ་སྲིད་པའི་ལམ་དུ་འཁོར་བ་སྟེ། །འདི་ལས་གཞན་པའི་སེམས་ཅན་གང། །ལས་འབྲས་སྤྱོད་པར་འདོད་པ་མེད། །ཇི་ལྟར་མེ་ལོང་ལ་བརྟེན་ནས། །བཞིན་གྱི་དཀྱིལ་འཁོར་སྣང་གྱུར་པ། །དེ་ནི་དེར་འཕོས་མ་ཡིན་ཞིང། །དེ་མེད་པར་ཡང་དེ་ཡོད་མིན། །དེ་བཞིན་ཕུང ་པོ་མཚམས་སྦྱོར་བས། །སྲིད་པ་གཞན་དུ་སྐྱེ་བ་ཡང། །རྣམ་པ་ཀུན་ཏུ་མི་འཕོ་བར། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །མདོར་ན་སྟོང་བའི་ཆོས་ལས་ནི། །སྟོང་པའི་ཆོས་རྣམས་འབྱུང་བ་ཡིན། །བྱེད་པོ་ལས་དང་འབྲས་མྱོང་བ། །ཀུན་རྫོབ་ཏུ་ནི ་རྒྱལ་བས་བསྟན། །གང་ཕྱིར་ཕྱི་རོལ་རྟེན་འབྱུང་ཡང། །ཚོགས་པ་དག་ལས་བྱུང་བ་ཡི། །རྔ་ཡི་སྒྲ་དང་མྱུ་གུ་བཞིན། །རྨི་ལམ་སྒྱུ་མ་མཚུངས་པར་འདོད། །ཆོས་རྣམས་རྒྱུ་ལས་སྐྱེ་བ་དང། །ཅུང་ཟད་འགལ་བར་མི་འགྱུར་ཏེ། །རྒྱུ་ནི་རྒྱུ་ཉིད་ཀྱིས་སྟོང་པས།། ་སྐྱེ་བ་མེད་པ་ཉིད་དུ་རྟོག་།ཆོས་རྣམས་ཀུན་གྱི་སྐྱེ་མེད་པ། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། །མདོར་ན་ཕུང་པོ་ལྔ་པོ་ནི། །ཆོས་ཀུན་ཞེས་ནི་བྱ་བར་བཤད། །དེ་ཉིད་ཇི་བཞིན་བཤད་པ་ནི། །ཀུན་རྫོབ་ཆད་པར་མི་འགྱུར་ཏེ། །ཀུན་རྫོབ་ལས་ནི ་ལེགས་ཤིག་ན། །དེ་ཉིད་ཉེ་བར་མི་དམིགས་སོ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཀུན་རྫོབ་ཉོན་མོངས་ལས་ཀྱིས་བསྐྱེད། །ལས་ནི་སེམས་ལས ་བྱུང་བ་ཡིན། །སེམས་ནི་བག་ཆག་དག་གིས་བསགས། །བག་ཆགས་བྲལ་བ་བདེ་བ་སྟེ། །བདེ་བའི་སེམས་ནི་ཞི་བ་ཉིད། །སེམས་ཞི་བས་ནི་རྨོངས་མི་འགྱུར། །མ་རྨོངས་པས་ནི་དེ་ཉིད་རིག་།དེ་ཉིད་རིག་པས་ཐར་བ་ཐོབ། །བྱང་ཆུབ་སེམས ་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐར། །མཚན་མ་མེད་དང་དོན་དམ་དང། །སྟོང་པ་ཉིད་ཅེས་བཤད་པ་ཡིན། །གང་གིས་སྟོང་ཉིད་མི་ཤེས་པ། །དེ་ལ་ཐར་པའི་སྐལ་བ་མེད། །འགྲོ་དྲུག་སྲིད་པའི་བཙོན་ར་རུ། །རྨོངས་པ་དེ་དག ་འཁོར་བར་འགྱུར། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་བསྒོམ་བྱས་ན། །གཞན་གྱི་དོན་ལ་དགའ་བའི་བློ། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད། །གང་དག་སྔོན་ཆད་ཕ་མ་དང། །གཉེན་བཤེས་གྱུར་ཅིང་ཕན་བཏགས་པའི།། ་སེམས་ཅན་དེ་དག་རྣམས་ལ་ནི། །བྱས་པ་གཟོ་བ་ཉིད་དུ་བྱ། །སེམས་ཅན་སྲིད་པའི་བཙོན་ར་རུ། །ཉོན་མོངས་མེ་ཡིས་གདུངས་རྣམས་ལ། །བདག་གིས་སྡུག་བསྔལ་བྱིན་པ་ལྟར། །དེ་བཞིན་བདེ་བ་སྦྱིན་པར་རིགས། །འཇིག་རྟེན་བདེ་འགྲོ ་ངན་འགྲོ་དང། །འདོད་དང་མི་འདོད་འབྲས་བུ་དག་།སེམས་ཅན་རྣམས་ལ་ཕན་པ་དང། །གནོད་པ་བྱས་ལས་འབྱུང་བར་འགྱུར། །སེམས་ཅན་བརྟེན་ནས་བླ་མེད་པའི། །སངས་རྒྱས་གོ་འཕང་ཉིད་འཐོབ་ན། །ཚངས་དབང་དྲག་པོ་འཇིག་རྟེན་སྐྱོང།། ་ལ་སོགས་ཐོབ་པ་མཚར་ཅི་ཡོད། །སེམས་ཅན་ཕན་པ་བྱས་ཙམ་གྱིས། །མ་དྲགས་ལྷ་མིའི་ལོངས་སྤྱོད་དེ། །འགྲོ་བ་གསུམ་པོ་འདི་དག་ན། །ནམ་ཡང་ཡོད་པ་མ་ཡིན་ནོ། །སེམས་ཅན་གནོད་པ་བྱས་པ་ལས། །སེམས་དམྱལ་དུད་འགྲོ་ཡི་དགས ་སུ། །སྡུག་བསྔལ་རྣམ་པ་དུ་མའི་དངོས། །ལུས་ཅན་རྣམས་ཀྱིས་མྱོང་བ་ཡིན། །བཀྲེས་དང་སྐོམ་དང་ཕན་ཚུན་དུ། །གསོད་དང་འཇོམས་པའི་སྡུག་བསྔལ་གང། །མི་བཟོད་བཟློག་པར་དགའ་བ་དེ། །སེམས་ཅན་གནོད་པའི་འབྲས་བུ་ཡིན། །སངས་རྒྱས ་བྱང་ཆུབ་སེམས་དཔའ་དང། །བདེ་འགྲོ་ངན་འགྲོ་གང་ཡིན་པའི། །རྣམ་པར་སྨིན་པའི་ཚུལ་གཉིས་ནི། །སེམས་ཅན་ལས་བྱུང་ཤེས་པར་བྱ། །དངོས་པོ་ཀུན་གྱིས་ཕན་གདགས་ཤིང། །རང་ལུས་བཞིན་དུ་བསྲུང་བར་བྱ། །སེམས་ཅན་རྣམས་ལ ་གནོད་བ་ནི། །དུག་བཞིན་འབད་པས་སྤང་བར་བྱ། །ཆགས་མེད་གཅིག་པུའི་རོ་མྱོངས་པས། །ཉན་ཐོས་བྱང་ཆུབ་དམན་པ་འཐོབ། །སེམས་ཅན་ཡོངས་སུ་མདོར་བས། །སངས་རྒྱས་རྫོགས་པའི་བྱང་ཆུབ་འཐོབ། །དེ་ལྟར་ཕན་དང་གནོད་བྱས་པའི།། ་འབྲས་བུ་འབྱུང་ལ་དཔྱད་པ་ན། །དེ་དག་སྐད་ཅིག་ཅིག་ཀྱང་ནི། །རང་དོན་ཆགས་ལ་ཇི་ལྟར་གནས། །བྱང་ཆུབ་གཞན་དོན་འབྲས་བུ་ཅན། །བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད། །རྩ་བ་སྙིང་རྗེ་བརྟན་པར་ནི། །རྒྱལ་བའི་སྲས་ཀྱིས་བསྒོམ་པར་བྱ། །གང་ཞིག་བསྒོམས་པས་བརྟན་པ་ནི། །གཞན་གྱི་སྡུག་བསྔལ་མི་བཟོད་པས། །བསམ་གཏན་བདེ་བ་དོར་ནས་ནི། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་སྔགས་སོ། །འདི་ནི་དམ་པའི་ཚུལ་ལུགས་མཆོག་།དེ་དག་རྣམས་ཀྱི་རང་ལུས་དང། །ནོར་རྣམས ་བྱིན་པ་ངོ་མཚར་མིན། །ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་བསྟེན་བྱེད་པ། །ངོ་མཚར་བས་ཀྱང་འདི་མཚར་ཞིང། །རྨད་བྱུང་བས་ཀྱང་འདི་རྨད་བྱུང། །སེམས་ཅན་བསྐྱབ་པའི་བསམ་པས་འདི། །སྲིད་པའི་འདམ་དུ་སྐྱེ་མོད་ཀྱི།། ་འོན་ཀྱང་འདམ་གྱིས་པདྨ་བཞིན། །སྲིད་པའི་སྐྱོན་གྱིས་གོས་པ་མེད། །ཀུན་བཟང་ལ་སོགས་རྒྱལ་སྲས་རྣམས། །སྟོང་ཉིད་ཡེ་ཤེས་མེ་ཡིས་ནི། །ཉོན་མོངས་བུད་ཤིང་བསྲེགས་མོད་ཀྱི། །འོན་ཀྱང་ཐུགས་རྗེ་བརྟན་གྱུར་བས། །གཤེགས་དང་བལྟམ་དང ་རོལ་པ་དང། །ཁབ་ནས་འབྱུང་དང་དཀའ་བ་སྤྱོད། །བྱང་ཆུབ་ཆེ་དང་བདུད་སྡེ་འཇོམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །ལྷ་ཡི་ཡུལ་དུ་འཇུག་པ་དང། །དེ་བཞིན་མྱ་ངན་འདས་པ་ཡི། །ཐུགས་རྗེའི་དབང་གིས་འཕྲུལ་པ་ནི། །འགྲོ་བའི་མགོན་པོ་སྟོན ་པར་མཛད། །ཚངས་དང་དབང་པོ་ཁྱབ་འཇུག་དང། །དྲག་པོ་ལ་སོགས་གཟུགས་སྤྲུལ་ནས། །རྟག་ཏུ་ཐུགས་རྗེའི་རོལ་བ་ཡིས། །འགྲོ་བ་འདུལ་བའི་སྦྱོར་བ་མཛད། །ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོས་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ ་རྣམས་ལ། །ངལ་སོའི་དོན་དེ་དེ་ཉིད་མིན། །ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན ་ལ་དགའ་བྱེད་ཅིང། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །གཉིས་ཀྱི་བག་ཆགས་ཡོད་པས་ན། །བག་ཆགས་ས་བོན་དུ་བརྗོད་དེ། །ས་བོན་རྗེས་མཐར་ཚོགས་པ་ཡིས། །སྲིད་པའི་མྱུ་གུ ་སྐྱེད་པར་བྱེད། །འཇིག་རྟེན་དབྱེ་བ་རྣམ་མེད?་ལ། །ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །སེམས་ཅན་བསམ་པ་རྗེས་མཐུན་པར། འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྟེན། །ཟབ་དང་ཟབ་མིན་དབྱེ་བ་དང། །ལ་ལར་གཉིས་ཀའི་མཚན་ཉིད་ཀྱིས། །སྟོང ་ཉིད་གཉིས་མེད་མཚན་ཉིད་ནི། །དབྱེ་བ་ཐ་དད་བསྟན་པ་མཛད། །གང་ཡང་སངས་རྒྱས་གསུངས་རྣམས་དང། །ས་དང་ཕ་རོལ་ཕྱིན་པ་སྟེ། །བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ། །ཀུན་ལ་སྟོན་ཅིང་འགོད་པར་མཛད། །སྟོང་པ་ཉིད་དུ་རྗོད་བྱེད་ཅིང། །རྟག་ཏུ ་ལུས་དང་ངག་ཡིད་ཀྱིས། །དེ་ལྟར་སེམས་ཅན་དོན་བྱེད་ལ། །རྟག་དང་ཆད་པར་ཡོངས་མ་ཡིན། །འཁོར་དང་མྱ་ངན་འདས་པ་ལ། །བདག་ཉིད་ཆེན་པོ་མི་གནས་པ། །དེ་འདིར་སངས་རྒྱས་རྣམས་ཀྱིས་ནི། །མི་གནས་མྱ་ངན་འདས་པར་བཤད།། ་བསོད་ནམས་སྙིང་རྗེ་རོ་གཅིག་པའི། སྟོང་ཉིད་བདུད་རྩི་མཆོག་གྱུར་པ། །བདག་དང་གཞན་དོན་བསྒྲུབ་དོན་དུ། །གང་འཐུང་དེ་དག་རྒྱལ་སྲས་ཡིན། །དེ་ནི་འཇིག་རྟེན་འདྲེན་པ་སྟེ། རྒྱལ་བའི་གདུང་འཚོ་བ་དོན་དུ་ཞུགས། །སྲིད་པ་གསུམ་ན ་མཆོད་འོས་པས། །དངོས་པོ་ཀུན་གྱིས་དེ་ལ་འདུད། །ཐེག་ཆེན་འདི་ལ་བྱང་ཆུབ་ཀྱི། །སེམས་མཆོག་ཡིན་པར་བསྟན་པས་ན། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། འབད་པས་མཉམ་པར་བཞག་པར་བྱ། །བྱང་ཆུབ་སེམས་ནི་མ་བཟུང་བར། ། ་སངས་རྒྱས་ནམ་ཡང་མི་མཐོང་ཞིང། །འཁོར་བར་བདག་གཞན་དོན་བསྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །བྱང་ཆུབ་སེམས་ནི་བསྐྱེད་ཙམ་གྱིས། །བསོད་ནམས་ཕུང་པོ་ཉེར་བསགས་པ། །དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའ་ཨི ་ཁམས་སུ་མི་ཤོང་འགྱུར། །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བས་ཀྱང་ནི་བགྲང་མི་སྤྱོད། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུ་སྟེ། །ཉོན་མོངས་བདུད ་སོགས་ཆོམ་རྐུན་གྱིས། །གཞོམ་དང་དབྲོག་ཏུ་མེད་པ་ཡིན། །བྱང་ཆུབ་སེམས་པའི་སྡོམ་པ་དང། །ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །བྱང་ཆུབ་སེམས་ལ་གཞོལ་བ་ཡིས། །བློ་གྲོས་རབ་ཏུ་བརྟན་པར་བྱ། །ངོ་མཚར་གྱིས་ཀྱང་ཁྱེད་ཅག་གིས། །ཇི་སྐད ་བཤད་ལའང་འབད་པར་གྱིས། །དེ་རྗེས་ཀུན་བཟང་སྤྱོད་པ་ནི། །རང་ཉིད་ཀྱིས་ནི་རྟོག་པར་འགྱུར། །རྒྱལ་བ་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་ལ་བསྟོད་པས། །བསོད་ནམས་མཚུངས་མེད་དེ་རིང་བདག་གིས་གང་བསགས་པ། །དེ་ཡིས་སེམས ་ཅན་སྲིད་མཚོའི་དཔའ་ཀློང་བྱིང་བ་རྣམས། །རྐང་གཉིས་དབང་པོས་བསྟེན་པའི་གནས་སུ་འགྲོ་བར་ཤོག་།བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཆོས་འདི་མཛད་པ་པོ་ཆེ་བ་དང། ་བརྗོད་བྱ་བཟང་བ་དང། རྗེད་བྱེད་དབྱིངས་སུ་གྱུར་པའི་སྟོབས་ཀྱིས་རྩལ་ཕྱུང་ཞིང་བསྒྱུར་བ་མང་དུ་སྣང་བ་ལས་ལོ་ཙཱ་བ་རབ་ཞི་ཆོས་ཀྱི་བཤེས་གཉེན་གྱི་ལ་གཞི་བྱས་ཏེ། གུ་རུག་ཆོས་ཀྱི་ཤེས་རབ་དང། སེང་དཀར་ཤཱཀྱ་འོད་དང། ཤེས་རབ་གྲགས ་དང། མར་པ་ཆོས་ཀྱི་དབང་ཕྱུག་དང། པ་ཚབ་ཉི་མ་གྲགས་དང། མང་ནད་གྲགས་འབྱོར་ཤེས་རབ་ཀྱིས་འགྱུར་བདུན་ལས། དོན་གང་བཟང་བ་རྣམས་བྲིས་པ་ཡིན་ནོ།། །།རྒྱ་གར་སྐད་དུ། ནི་ཏུཏྟཱ་རཾ་སྟོ་ཏྭཾ། བོད་སྐད་དུ། བླ་ན་མེད་པར ་