| Wylie | e-texts based on the ACIP/ALL Input |
བཅོམ་ལྡན་འདས་དཔལ་རྡོ་རྗེ་མཉེས་བྱས་པས། །བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས། །ཀ་མ་ལ་དང་མར་མེ་མཛད་ལ་གསུངས།། །།རྒྱ་གར་སྐད་དུ། མཧཱ་ཡཱ་ན་བིདཤ་ཀ། བོད་སྐད་དུ། ཐེག་པ་ཆེན་པོ་ནི་ཉི་ཤུ་པ། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་བརྗོད་པའི་ཆོས་ཀྱིས་ནི། །བརྗོད་དུ་མེད་ཀྱང་བརྩེ་བས་བསྟན། །ཆགས་མེད་བློ་ཅན་བློ་མེད་པའི། །མཐུ་ཅན་སངས་རྒྱས་ལ་ཕྱག་འཚལ། །སྐྱེ་བ་དོན་དུ་ཡོད་མ་ཡིན། །འགག་པའང་དེ་ཉིད་དུ་མེད ་དེ། །སངས་རྒྱས་ནམ་མཁའ་ཇི་བཞིན་ལ། །སེམས་ཅན་རྣམས་ཀྱང་མཚན་ཉིད་གཅིག་།ཕ་རོལ་ཚུལ་བཞིན་སྐྱེས་པ་ཡི། །འདུས་བྱས་རྟེན་སྐྱེས་དེ་དག་ཀྱང། །རང་གི་ངོ་བོ་སྟོང་པ་ཉིད། །ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ཅན། །དངོས་པོ་ཐམས་ཅད ་རང་བཞིན་གྱིས། །གཟུགས་བརྙན་དང་ནི་མཚུངས་པར་འདོད། །བདག་དང་ཞི་བའི་རང་བཞིན་ཏེ། །གཉིས་མེད་དེ་བཞིན་ཉིད་དང་མཚུངས། །སོ་སོའི་སྐྱེ་བོ་དེ་ཉིད་དུ། །བདག་མེད་ན་ཡང་བདག་ཉིད་དུ། །བདེ་དང་སྡུག་བསྔལ་བཏང་སྙོམས་དང།། ་ཉོན་མོངས་ཀུན་ཏུ་རྣམ་པར་བརྟག་།འཁོར་བར་འགྲོ་བ་རྣམ་དྲུག་དང། །བདེ་འགྲོ་བདེ་བ་མཆོག་ཉིད་དང། །དམྱལ་བར་སྡུག་བསྔལ་ཆེན་པོ་དང། །ཡུལ་ལ་དེ་ཉིད་མི་བསམ་པར། །གཞན་ཡང་མི་དགེ་སྡུག་བསྔལ་དང། །རྒ་དང་ན་དང་མི་རྟག ་ཉིད། །ལས་རྣམས་ཀྱི་ནི་རྣམ་སྨིན་དང། །བདེ་བ་དང་ནི་སྡུག་བསྔལ་ཉིད། །ཡང་དག་རི་མོ་མཁན་གྱིས་ནི། །ཤིན་ཏུ་འཇིགས་བྱེད་གཤིན་རྗེའི་གཟུགས། །བྲིས་ཏེ་རང་ཡང་འཇིགས་པ་ལྟར། །འཁོར་བར་རྨོངས་པའང་དེ་བཞིན་ནོ། །ཇི་ལྟར ་རང་གིས་འདམ་བྱས་ནས། །བྱིས་པ་དགའ་བ་འདྲེད་པ་ལྟར། །དེ་བཞིན་ཤིན་ཏུ་དགའ་བ་ཡི། །རྣམ་རྟོག་འདམ་དུ་སེམས་ཅན་བྱིང། །མེད་ལ་ཡོད་པར་མཐོང་བ་མིན། །སྡུག་བསྔལ་ཚོར་བ་མྱོང་བར་བྱེད། །ཉམ་ང་ཕྱིན་ཅི་ལོག་བློ་ཡིས།། ་དོགས་པའི་དུག་གིས་གནོད་པར་བྱེད། །སྐྱབས་མེད་དེ་དག་མཐོང་ནས་ནི། །སྙིང་རྗེའི་དབང་གྱུར་ཡིད་ཅན་གྱིས། །སངས་རྒྱས་ཕན་མཛད་སེམས་ཅན་རྣམས། །རྫོགས་པའི་བྱང་ཆུབ་ལ་སྦྱོར་མཛད། །དེ་དག་བསོད་ནམས་ཚོགས ་བསགས་ནས། །རྟོག་པའི་དྲ་བ་ལས་གྲལ་ཏེ། །ཡེ་ཤེས་བླ་ན་མེད་པ་འཐོབ། །སངས་རྒྱས་འཇིག་རྟེན་གཉེན་དུ་འགྱུར། །ཡང་དག་དོན་ནི་མཐོང་བའི་ཕྱིར། །ཇི་བཞིན་ཡེ་ཤེས་སྐྱེས་པ་རྣམས། །དེ་ནས་ཐོག་མཛའ་བར་སྤངས་པའི།། ་འགྲོ་བ་སྟོང་པ་ཉིད་དུ་མཐོང། །དེ་དག་བདག་ཉིད་འཁོར་བ་དང། །མྱ་ངན་འདས་པ་མི་མཐོང་ངོ། །མ་གོས་འགྱུར་བ་མེད་པ་དང། །གཟོད་ནས་ཞི་ཞིང་འོད་གསལ་བའོ། །རྨི་ལམ་ཉམས་སུ་མྱོང་བའི་ཡུལ། །སད་པར་གྱུར་ན་མི་མཐོང་ངོ། ་རྨོངས་པའི་མུན་པ་སད་པ་ཡིས། །འཁོར་བ་མཐོང་བ་མ་ཡིན་ཉིད། །རང་བཞིན་མེད་པའི་དངོས་རྣམས་ལ། །རྟག་བདག་མེད་པའི་འདུ་ཤེས་ཀྱིས། །ཆགས་རྨོངས་མུན་པས་བསྒྲིབས་པ་ནི། །སྲིད་པའི་རྒྱ་མཚོ་འདི་འབྱུང་ངོ། །སྐྱེ་བ་དང ་ཉིད་མ་སྐྱེས་རྣམས། །འཇིག་རྟེན་རྣམས་ཀྱིས་སྐྱེ་བར་བརྟགས། །རྣམ་པར་རྟོག་དང་སེམས་ཅན་རྣམས། །འདི་དག་གཉིས་ཀར་རིག་མ་ཡིན། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མར་འགྱུར་བ་བཞིན་དུ་སྐྱེ། །དེ་ལས་དགེ་དང ་མི་དགེ་ལས། །དེ་ལས་སྐྱེ་བ་བཟང་དང་ངན། །སེམས་ཀྱི་འཁོར་བ་འགགས་པ་ན། །ཀུན་གྱི་ཆོས་ཉིད་འགག་པ་ཡིན། །དེ་ཉིད་ཆོས་ལ་བདག་མེད་དེ། །དེ་ཉིད་ཆོས་ཀྱི་རྣམ་དག་སྟེ། །ཐེག་པ་ཆེ་ལ་མ་བརྟེན་པར། །འཁོར་བའི་རྒྱ་མཚོ ་ཆེན་པོ་ཡི། །ཕ་རོལ་བརྒལ་བར་འགྱུར་བ་མིན། །ཐེག་པ་ཆེན་པོ་ཉི་ཤུ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཨཱན་ནད་དང། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སཱམྦྷ་ཀ་ཀཱ་རི་ཀཱ་།བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཛའ་ཡས་བསམ་མི་ཁྱབ། །རྫོགས་པའི་སངས ་