| Wylie | e-texts based on the ACIP/ALL Input |
པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤི་ཀཱ་ས་མུ་ཙྪ་ཡ་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས ་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྟོབས་བཅུ་ལྡན་པ་གང་གི་ཞབས་རྡུལ་ལ། །ལྷ་རྣམས་ཅོད་པན་གྱིས་བཏུགས་དེ་བཏུད་དེ། །འཇམ་པའི་དབྱངས་ཀྱི་ཞབས་གཏུགས་ཞི་བའི་ལྷས། །བསླབ་པའི་གནས་རྣམས་མདོ ་སྡེ་ཀུན་ལས་བཏུས། །དང་པོ་གཉིས་ནི་ཕྱི་མ་བདུན་གྱིས་བཤད། །གཉིས་ཀྱི་དོན་ནི་རྣམ་དགུར་ཤེས་པར་བྱ། །ལྔ་ཡི་འོག་དང་གཉིས་ཀྱི་གོང་མ་ནི། །དང་པོ་ཡིན་ཏེ་གཞན་ནི་གཉིས་པ་ཡིན། །གཉིས་ཀའི་དོན་ནི་ཟླ་བ་ཚེས་པ་དང། །ཉ་དང་སྡིག་པ་གསེར ་གྱི་འཁོར་ལོ་དང། །གླང་པོ་གདུགས་དང་ཐིག་ལེ་དང་པོ་དང། །འཇམ་པའི་དབྱངས་ཀྱི་ཕྱག་ན་རལ་གྲི་འཛིན། །རིན་པོ་ཆེ་ནི་ཁྱད་པར་གཉིས་དང་བཅས། །དད་དང་བླ་མའི་ཚོགས་དང་གོ་ཆ་དང། །བྱིན་བརླབས་ཕྱིར་མི་ལྡོག་དང་སྤྱོད་པ་དང། །ལུང་བསྟན ་པ་ནི་སྐུ་གསུམ་ཡོན་ཏན་བཅས། །བཞི་ལས་འབྲས་བུར་གྱུར་པ་དང་པོ་སྟེ། །གསུམ་ནི་ཡང་དག་སྤོང་བར་རབ་ཏུ་གནས། །གཉེན་པོ་གང་ལ་ངེ་ཡི་ངོ་བོ་སྟེ། །རྟེན་དང་ཉེས་པ་སྤོང་བ་དང་པོ་ཡིན། །སུན་འབྱིན་པ་ནི་དེ་ཡི་གཉིས་པར་བརྗོད། །གཉེན་པོ ་སྦྱོར་བ་གཉིས་པའི་དང་པོ་སྟེ། །སྤྱོད་པ་ཐ་མ་དེ་ཡི་གཉིས་པ་ཡིན། །མི་མཐུན་པ་ནི་རྣམ་པ་བརྒྱད་ཡིན་ཏེ། །ལས་དང་ཉོན་མོངས་ལྟ་བ་དག་ལས་ནི། །འགྱུར་དང་གྱུར་པའི་ཁྱད་པར་རྣམ་པ་དྲུག་།རང་གི་རྩ་བ་ཐ་མ་གཉིས་དང་བཅས། །འགྱུར ་དང་གསུམ་ནི་དང་པོའི་ཆོས་སུ་བཞག་།གྱུར་པ་གསུམ་ནི་དང་པོའི་གཉིས་པ་སྟེ། །རྩ་བ་གཉིས་ཀྱང་དེ་དང་མཐུན་པ་ཡིན། །གྱུར་བ་གསུམ་ནི་གཉིས་པའི་གཉིས་པ་སྟེ། །རྟེན་གྱི་དང་པོའི་ཆོས་ཀྱང་དེ་ཡི་ཡིན། །གྱུར་པ་དང་པོ་སྟོབས་ཀྱི་དང་པོ་སྟེ། ་གྱུར་པ་གཉིས་པ་ཕུང་པོའི་གཉིས་པ་ཡིན། །གྱུར་པ་གསུམ་པ་ཕུང་པོའི་གསུམ་པ་སྟེ། །མི་མཐུན་གཉེན་པོའི་ཁྱད་པར་དེ་ཡིས་བསྟན། །ཚོགས་ཀྱི་ལམ་ལ་ལྔ་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་རྗེས་སུ་མཐུན་པ་ཡིན། །སྦྱོར་པའི་ལམ་ལ་བདུད ་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་ལྔ་ནི་རྗེས་མཐུན་ཡིན། །མཐོང་བའི་ལམ་ལ་བཅུ་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་གཉིས་ནི་རྗེས་མཐུན་ཡིན། །ཚོགས་ཀྱི་ལམ་ལ་བསྲུང་བ་གཙོ་བོ་སྟེ། །ཆོས་གཞན་གསུམ་པོ་མོས་པས་མཆོག་དང་ལྡན། ། ་སྦྱོར་པའི་ལམ་ལ་སྤེལ་པ་གཙོ་བོ་སྟེ། །གསུམ་པ་དག་ལ་ཇི་ལྟར་འཚམ་པར་ཟད། །མཐོང་བའི་ལམ་ལ་དག་བ་གཙོ་བོ་སྟེ། །གསུམ་པོ་དག་གིས་བདག་དང་གཞན་གྱི་དོན། །བསྒོམ་པའི་ལམ་ལ་ཕ་རོལ་ཕྱིན་པ་སྟེ། །བསྡུ་བའི་དངོས་པོས་འགྲོ་བ ་ཚིམ་པར་བྱེད། །བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་རྫོགས་སོ།། །།དཔལ་མར་མེ་མཛད་ཡེ་ཤེས་དང། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །གསེར་གླིང་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གིས།། ་བཅོམ་ལྡན་འདས་དཔལ་རྡོ་རྗེ་མཉེས་བྱས་པས། །བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས། །ཀ་མ་ལ་དང་མར་མེ་མཛད་ལ་གསུངས།། །།རྒྱ་གར་སྐད་དུ། མཧཱ་ཡཱ་ན་བིདཤ་ཀ། བོད་སྐད་དུ། ཐེག་པ་ཆེན་པོ་ནི་ཉི་ཤུ་པ། ་