| Wylie | e-texts based on the ACIP/ALL Input |
རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཤཱཀྱ་ས་མུ་ཙྪ་ཡ་ཀཱ་རི་ཀཱ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ལོ། །འདི་ལྟར་བདག་དང་གཞན་དག་ཀྱང། །འཇིགས་དང་སྡུག་བསྔལ་མི་འདོད་ན། །བདག་དང་བྱེ་བྲག་ཅི་ཡོད་ན། །གང་དེ་བསྲུང་ན་གཞན་མི་བསྲུང། །སྡུག་བསྔལ་མཐར་འབྱིན་འདོད་པ་དང། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི ་རྩ་བ་བསྟན་བྱ་སྟེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ནི། །རྒྱས་བར་ཐེག་པ་ཆེ་ལས་འབྱུང། །གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང། །དགེ་བ ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང། །དེ་བསྲུང་དག་པ་སྤེལ་བའོ། །སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་བསྲུང་བར་བྱ། །མ་བསྲུངས་ལོངས་སྤྱོད་གང་ལས་འོད། །གང་མི་སྤྱོད་པ་ཅི་ཞིག་སྦྱིན།། ་དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །དགེ་བའི་བཤེས་གཉེན་མི་བཏང་ཞིང། །མདོ་སྡེ་དག་ལ་རྟག་ལྟ་བས། །ལུས་ལ་སོགས་པ་བསྲུང་བར་བྱ། །དེ་ལ་ལུས་བསྲུང་གང་ཞེ་ན། །གནོད་པར་འགྱུར་བ་སྤང་བ་སྟེ། །དེ་ཀུན་གང་གིས་འཐོབ་ཅེ་ན། །འབྲས ་བུ་མེད་པའི་བྱེད་སྤངས་པས། །དེ་ཡང་རྟག་ཏུ་དྲན་པས་འགྲུབ། །དྲན་པ་ཤིན་ཏུ་གུས་ལས་འབྱུང། །གུས་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ནས་བརྟུན་པ་སྐྱེ། །མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། ་ཕྱི་རོལ་གཡོ་བ་བཟློས་པ་ཡིས། །སེམས་ནི་ཞི་ལས་མི་གཡོ་ཞིང། །ཀུན་ཏུ་མི་རྒོད་འཇམ་པ་དང། །རན་ཅིང་མཉན་པར་སྨྲ་བ་ཡིས། །སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །གཟུང་བར་འོས་བའང་སྐྱེ་བར་འགྱུར། །འདི་ནི་བཟུང་འོས་མ་ཡིན ་ན། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་བསྲེག་།དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དང་འགྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །དཀོན ་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །འདི་ནི་བདག་ལུས་བསྲུང་བ་སྟེ། །སྨན་དང་གོས་ལ་སོགས་བཅས་པ། །བདག་ལ་སྲེད་པས་ལོངས་སྤྱད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ལེགས་སྤྱད་དག་ལ་བཙམ་པར་བྱ། །ཐམས ་ཅད་ལ་ཡང་ཚོང་རིག་བྱ། །དེ་ལྟས་བསློབ་པའི་གཞི་འདི་ལྟས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ་། །རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུངས་པར་འགྱུར་རོ། །འགྱང་བར་ཡང་ནི་མི་བྱ་སྟེ། །བྱས་པར་གྱུར་ཀྱང་བསྒྲག་མི་བྱ། །རྙེད ་དང་བཀུར་སྟིས་འཇིགས་བྱ་ཞིང། །ཁེངས་པ་རྟག་ཏུ་སྤང་བར་བྱ། །བྱང་ཆུབ་སེམས་དཔའ་དང་བྱ་ཞིང། །ཆོས་ལ་ཡིད་གཉིས་སྤང་བར་བྱ། །ལུས་ནི་རྣམ་པར་སྤྱད་བྱས་ན། །ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །འབྲས་ཆེན་ལེགས་པར་ཚོས་པ ་དང། །གཟེགས་མེད་ལུས་ཅན་ཕན་པ་འདྲ། །ཇི་ལྟར་ལོ་ཐོག་བཙས་ཁེབས་ན། །ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང། །ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། །ལུས་ཀྱི་དག་པ་གང་ཞེ་ན། །སྡིག་དང་ཉོན་མོངས་རྣམ་སྤྱོད ་ཡིན། །རྫོགས་སངས་རྒྱས་ཀྱི་གསུངས་ཚུལ་དུ། །འབད་པ་མེད་ན་ངན་འགྲོར་འགྲོ་།བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཡང་དག ་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །གཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན། །དེ ་ཕྱིར་འདི་ནི་འཕེལ་བར་བྱ། །དེ་ལ་ལུས་འཕེལ་གང་ཞེ་ན། །ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། །སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །བརྩོན་དང་བསམ་པ་བསྟན་པར་ཡང། །དང་པོར་ནན་ཏན ་བྱས་ནས་ནི། །སྙིང་རྗེ་མདུན་དུ་བཞག་ནས་ནི། །དགེ་བ་སྤེལ་ལ་ནན་ཏན་བྱ། །བཟང་པོ་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། །དད་བ་ལ་སོགས་རྟག་ཏུ་བསྒོམ། །བྱམས་དང་སངས་རྒྱས་སོགས་དྲན་བྱ། །དུས་རྣམས་ཀུན་ཏུ་སེམས་ཅན་དོན།། ་ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །འགྲུབ་པ་ཡང་དག་སྤོང་རྣམས་སྟེ། །བག་ཡོད་པ་དང་མ་བྲལ་ཞིང། །དྲན་པ་དང་ནི་ཤེས་བཞིན་དང། །ཚུལ་བཞིན་དུ་ནི་སེམས་པའོ། །བསླབ ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤི་ཀཱ་ས་མུ་ཙྪ་ཡ་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས ་