| Wylie | e-texts based on the ACIP/ALL Input |
དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། །།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་བསྒོམ་སྟོབས་ཀྱིས་ཡོངས་རྫོགས། །ཚོགས་གཉིས་ཀྱིས་ནི་རྒྱུར་གྱུར་པ། །སངས་རྒྱས་ཉིད་ལ་ཡང་དག་བརྟེན། །བསྒོམ་པའི་སྐལ་དང་མི་ལྡན་པ། །ད་ཕྱིར ་འགྲོ་བའི་མགོན་པོ་ཡིས། །ཤེས་རབ་ཞི་གནས་བསྒོམ་པ་གསུངས། །དེ་ནི་བརྩེ་ཆེན་རྫོགས་བྱང་ཆུབ། །འགྲོ་བའི་རྒྱུད་ལ་སྐྱེད་བྱེད་ཡིན། །གང་ཡང་བསྒོམ་པའི་སྟོབས་ལས་ངེས་པར་བྱུང་བའི་བསོད་ནམས་དང་ཡེ་ཤེས་གཉིས་ཀྱི་རྒྱུ ་ཀུན་ཏུ་བཟང་པོ་དེ་ཉིད་ལ་རྒྱུན་མ་ཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་ཡུན་རིང་པོ་མ་ཐོགས་པར་རྗོད་པར་མངོན་སུམ་དུ་བྱེད་ལ། དེ་བྱེད་ཕའི་སྐལ་བ་མེད་པ་དེ་རྣམས་ཀྱི་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་པའི ་མགོན་པོས། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པ་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་བསྒོམས་པས་བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི་རང་བཞིན་ཅན་གྱི་སྦྱིན་པ་ལ་སོགས་པའི ་དངོས་པོའི་ཐབས་ལ་བསླབས་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཀྱི་སེམས་སྐྱེད་ལ། དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོགས་པ་སྤངས ་པའི་ཚུལ་གྱིས་རྣམ་པར་རྟོག་པ་སྤོང་བས་ཡོངས་སུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་དེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་འདི་དག་ཐམས་ཅད་ཉིད། སྡུག་བསྔལ ་རྣམས་ལས་བཏོན་ལ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་ཅིང། འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང། སྦྱིན་པ་ལ་སོགས་པའི་དངོས ་པོའི་ཐབས་ལ་བསླབས་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་མི་འགྱུར་རོ་སྙམ་དུ་དགོངས་ནས། གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡང་བསྒོམ ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། བྱང་ཆུབ་སེམས་གང་གཞན་དོན་དུ། །ཡང་དག་བྱང་ཆུབ་འདོད་པ་ཡིན། །དེ་ནི་དབྱེ་བ་གཉིས་ཀྱིས་གཉིས། །དེ་དག ་ཉི་ཤུ་གཉིས་སུ་ཡང་འགྱུར། །བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་སེམས་དང། འཇུག་པའི་སེམས་སོ། །དེ་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས ་རྙེད་པར་དཀའ་ཨོ། །དེ་བས་ཀྱང་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའ་ཨོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་གཉིས་སུ་དབྱེ་བར་བྱ་སྟེ། ་དེ་ཡང་འཕགས་པ་བྱམས་པས། དེ་ཡང་ས་གསར་ཟླ་བ་མེད། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ་ཞེས་བཤད་པ་ཡིན་ནོ། །དེ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སོགས་དབྱེ་བས། །སྨོན་པའི་སེམས་ནི་རྣམ་པ་གསུམ། འཇུག་པ་ཞེས་ནི་བྱ་བའི་སེམས། །རྣམ་པ ་བཅུ་དགུ་དག་ཏུ་འདོད། །དེ་ལ་སྨོན་པའི་སེམས་ནི་རྣམ་པ་གསུམ་དུ་དབྱེ་སྟེ། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ ་དྲུག་གི་མཚན་ཉིད་དོ། །ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་ཅན་ཏེ། དཀར་པོའི་ཕྱོགས ་ཐམས་ཅད་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་ཚེས་བ་ལྟ་བུ་ཡིན་ནོ། །འཇུག་པའི་སེམས་ཀྱི་དབྱེ་བ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག་དང། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང། མངོན་པར་ཤེས་པ་དང་ལྡན་པ་དང། བསོད ་ནམས་དང་ཡེ་ཤེས་དང་ལྡན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང། ཞི་གནས་དང་ལྷག་མཐོང་དང་ལྡན་པ་དང། གཟུངས་དང་སྤོབས་པ་དང་ལྡན་པ་དང། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དང། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་དང། ཆོས ་ཀྱི་སྐུ་དང་ལྡན་པའོ། །དེ་ཡིས་དེ་དག་མ་ལུས་ཁྱབ། །དེ་བས་གནས་སྐབས་རྣམ་བཞི་སྟེ། །འབྲས་བུ་རྒྱུ་དང་སྦྱོར་སོགས་དང། །ལམ་གྱི་གནས་སྐབས་དབྱེ་བས་སོ། །དེ་ལས་གསུམ་ནི་ལས་དང་པོ་པའི་གནས་སྐབས་སོ། །བཞི་པ་ནི་ངེས་པར་འབྱེད་པའི ་ཆའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་སེམས་ཀྱིས་ནི་རྒྱུའི་གནས་སྐབས་སོ། །མངོན་པར་ཤེས་པ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་གནས་པའི་བརྒྱད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིན ་ནོ། །དེ་ལ་དང་པོ་མགོན་པོ་ཡིས། །གསོལ་བའི་རྣམ་པར་ཡང་དག་བཤད། །གཉིས་པ་སྦྱིན་སོགས་ལ་འཇུག་པས། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །གསོལ་བའི་སེམས་ཀྱི་ནི་རྣམ་པ་གསུམ་སྟེ། དེ་ཡང་བཤད་པ་ཡིན་ནོ། །འཇུག་པའི ་རྣམ་པ་ནི་གང་ནས་བརྩམས་ཏེ་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པའི་སེམས་སོ། །སྡོམ་པ་ལ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར ་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །དེ་ཡང། སྦྱིན་སོགས་ཤེས་རབ་དང་བྲལ་བས། །ཐབས་མ་ཡིན་ཞིང་ས་མ་ཡིན། །དེ་བས་ཤེས་རབ་བསྐྱེད་བྱ་ཞིང་གཞི་གནས ་ཀྱང་ནི་བསྐྱེད་པ་བྱ། །ཤེས་རབ་མེད་པར་ནི་སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་རབ་བསྐྱེད་པའི་ཕྱིར་དང། ཞི་གནས་བསྐྱེད་པར་བྱ་བའི་ཕྱིར་འབད་པར་བྱའོ། །དེ་ལ་གང་ཞིག ་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང། །གང་ལ་བརྩོན་དང་བག་ཡོད་བརྟན་པ་འཆད། །གང་ཚེ་ཡང་དག་དང་ཡང་ལྡན་གྱུར་ཏེ། །དེ་ཡི་ཏིང་འཛིན་མྱུར་དུ་རྫོགས་པར་འགྱུར། ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ ་རྣམ་པར་གནས་པར་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ་ལུས་དྲང་པོར་བཞག་ལ། སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ཏེ། སེམས་ཅན་མ་ལུས་པ་གདོན་པ་གདོན་པར་འདོད་པའི་བསམ་པས་སེམས་རྩེ་གཅིག ་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ནི་བསྐྱེད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བས་དངོས་པོ་ཐམས་ཅད་ལ། །ཡང་དག་དམིགས་ཏེ་ཇི་སྲིད་མཉམ་བཞག་འཐོབ། །དེ་སྲིད་ཡིད་ནི་སྐད་ཅིག་རོ་ལ་གཞུག་།དང་པོར་རེ ་ཞིག་རྣལ་འབྱོར་པས་ཁམས་ལ་སོགས་པའི་དབྱེ་བས་དངོས་པོ་མ་ལུས་བ་རྒྱ་ཆེར་རྣམ་པར་དཔྱད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུན་གྱི་སྐད་ཅིག་མས་དེ་ཉིད་དུ་གཏང ་པར་བྱའོ། །གལ་ཏེ་ཡིད་ནི་ཆགས་སོགས་ཀྱིས་གཡེངས་གྱུར། །མི་གཙང་ལ་སོགས་གཉེན་པོ་བསྒོམས་པ་ཡིས། །ཇི་སྲིད་དེ་ནི་བསྟན་པ་མ་ཐོབ་པ། །དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ། །ཡང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས ་གཡོངས་པར་གྱུར་པ་དེའི་ཚེ་མི་གཙང་བ་བསྒོམ་པ་ལ་སོགས་པས་རྣམ་པར་གཡང་བཞི་བར་བྱ་ལ། སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས། ་འདོད་ཆགས་རྣམ་པ་དགུ་ནི་ཆེན་པོ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང། རེག་པ་ལ་ཆགས་པ་དང། ཙན་དན་ལ་སོགས་པས་བསྐུས་པ་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་དང། རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེས ་པ་ལ་ཆགས་པ་དང་ལུས་ལུས་ཀྱི་ཁ་དོག་ལ་ཆགས་པ་དང། ཤ་རྒྱས་པ་ལ་ཆགས་པ་དང། ལུས་དང་ལན་ཡག་གི་རྩེད་འཇོ་ལ་ཆགས་པ་དང། སོ་མཛེས་པ་ལ་ཆགས་པ། ཁ་དོག་དང་དབྱིབས་ལ་ཆགས་པའོ། །དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང ་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དེ་དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོར་ནི་རྣམ་པར་བམ་པའི་འདུ་ཤེས་སོ། །ལུས་ཀྱི་རེག་པ་ལ་ཆགས་པའི་ནི་འབུས་ཞིག་པའི་འདུ་ཤེས་སོ། །ལུས་ཀྱི་དྲི་ལ་ཆགས་པའི་ནི་རྣམ་པར་རུལ་བའི་འདུ་ཤེས ་སོ། །ལུས་མཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ། །ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་སྔོས་པའི་འདུ་ཤེས་སོ། །ཤ་རྒྱས་པ་ལ་ཆགས་པའི་ནི་རྣམ་པར་ཟོས་པའི་འདུ་ཤེས་སོ། །ལུས་དང་ཡན་ལག་གི་རྩེད ་འཇོ?་ལ་ཆགས་པའི་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ། །སོ་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེས་སོ། །ཁ་དོག་དང་དབྱིབས་ལ་ཆགས་པའི་ནི་རྣམ་པར་ཚིག་པའི་འདུ་ཤེས་སོ། །ཞེ་སྡང་ལས་བྱུང་བའི་རྣམ་པར་གཡོང ་བའི་གཉེན་པོ་ནི་བྱམས་པ་བསྒོམ་པའོ། །གཏི་མུག་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པའོ། །གང་གི་སེམས་དེ་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན ་ལ་བསམ་པ་དང། མི་དགེ་བའི་སྐྱོན་བསམས་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་གཉིད་དང་མུན་པ་ལས་སེམས་ཞུམ་པར་མཐོང་བ་དེའི་ཚེ། སྣང་བའི་འདུ་ཤེས་བསྒྲོམ་པ་དང་རབ་ཏུ་དགའ་བ་ཡིད་འབྱེད་པ་སངས་རྒྱས་ལ་སོགས་པའི ་ཡོན་ཏན་ཡིད་ལ་བྱེད་པས་ཞུམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་སྔོན་རྒོད་པ་དང་རྩེ་ཞིང་དགའ་བ་རྗེས་སུ་དྲན་པས་སེམས་པར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ ་ཞུམ་པ་དང་རྒོད་པ་དག་དང་བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ་བསྒྲིམ་པ་དང་གློད་པ་བཏང་སྙོམས་སུ་བྱ་སྟེ། གལ་ཏེ་སེམས་མཉམ་པར་འཇུག་ཏུ་ཟིན་ཀྱང་བསྒྲིམས་པ་བྱས ་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ལེ་ལོ་དང་ནི་དམིགས་པ་བརྗེད་པ་དང། །དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ། །ཏིང་ངེ་འཛིན་ལ་ཐམས་ཅད་ཉེས་བར་འགྱུར། །དད་སོགས་སེམས་ཉིད་དེ་ཡི་གཉེན་པོ་ཡིན། །མདོང་ན་ཏིང ་ངེ་འཛིན་ནི་ཐམས་ཅད་ཀྱི། །ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། །འདི་ལྟ་སྟེ། ལེ་ལོ་དང། དམིགས་པ་བརྗེད་པ་དང། ཞུམ་པ་དང། རྒོད་པ་དང། མ་བསྒྲིམས་པ་དང། བསྒྲིམས་པའོ། །དེ་རྣམས་ཀྱི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་པ་དང། འདུན་པ་དང། རྩོལ་བ་དང། ཤིན་ཏུ་སྦྱངས་པ་དང། དྲན་པ་དང། ཤེས་བཞིན་དང། བཏང་སྙོམས་དང། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན ་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས ་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་རོ། །ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལས་སུ་རུང་བས་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི ་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང་རྒོད་བ་དག་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ། །ཞུམ ་པ་དང་རྒོད་བ་དེ་དག་ཉེ་བར་ཞི་བར་གྱུར་ནས་གང་གི་ཚེ་སེམས་རང་གི་རྒྱུན་གྱིས་འཇུག་པའི་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པ་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན ་ནི་གང་གིས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །དེ་བས་ན་མདོ་ལས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། ། ་བསྒོམ་པའི་རིམ་པ་འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཡུམ་དེ་ཉིད་ལས། དེ་ལ་སེམས་མཉམ་པར་བཞག་པར་བྱེད། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་པར་བྱེད། ཞི་བར་བྱེད། ་ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡང་དག་པར་འཇོག་པར་བྱེད་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ། །རྣམ་པར་འཇོག་པ་ནི་རྣམ་པར་གཡང་བ་ཤེས་བར ་བྱ་སྟེ་དེ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་འཇོག་པར་བྱེད་པ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས་ནས་དེ་ཉིད་ལ་གོང་ནས་གོང་དུ་གཏོང་པར་བྱེད་པའོ། །དུལ་བར་བྱེད་པ་ནི་དགའ་བ་བསྐྱེད་པར་བྱེད་པའོ། །ཞི་བར་བྱེད་པ་ནི་མི་དགའ་ ་པ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་ཞི་བར་བྱེད་པ་ནི་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེད་པའོ། །གཅིག་པ་ཉིད་དུ་བྱེད་པ་ནི་དམིགས་པ་ལ་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ལ་འབད་པར་བྱེད་པའོ། །ཏིང་ངེ་འཛིན་དུ་བྱེད་པ ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པས་འཛིན་པར་བྱེད་དེ་ཞེས་བྱ་བའི་དོན་ཏོ། །ཚིག་དགུ་པོ་འདི་དག་གིས་བཤད་པ་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ལས་བྲིས་པ་ཡིན་ནོ། །ཡང་རིམ་པ་འདིས ་ཏིང་ངེ་འཛིན་ནི་རྫོགས་པར་གང་གི་ཚེ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། གང་གི་སེམས་ནི་རྩོལ་བ་མེད་པར་ནི། །རང་གི་ངང་གིས་འཇུག་པར་འགྱུར་བ་ན། །དེ་ཚེ་སངས་རྒྱས་མཉམ་འཇོག་ལ་བརྟེན་ཏེ། །འདི་ནི་ཏིང་ངེ་འཛིན་གྱི་ཚུལ་ཡིན་ནོ། །གང་གི་ཚེ ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཉམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་རབ་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས ་མེད་དབྱེ་བ་ཡིས། །དོན་དེ་ཉིད་ནི་རྣམ་དཔྱད་བྱ། །དེ་བས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ། སེམས་ཙམ་ལས་ཡོངས་སུ་བཟླས་ཏེ། གཅིག་དང་དུ་མ ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་དུ་བཟླ་བར་བྱའོ། །དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་པ་ཡིན་ནོ། །དེ་ཡང་བཅོམ ་ལྡན་འདས་ཀྱིས་ཡུམ་བར་མ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་པའི་དོན་དེ་གཟིགས་པའི་འོ་ཞེས་བྱ་བ་དང། དེ་བཞིན་དུ་དོན་དམ་པ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ། ་ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས་པ་ན་ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་མ་མཐོང་བ་ཡིན་ནོ། །དེ་ལྟ་བུ་ཉིད་མཐོང་བ་མེད་པ་ཞེས་བྱ་བ་མངོན་པར་འདོད་ཀྱི། གཉིད ་ལོག་པ་འམ་མིག་བཙུམ་པ་དང་འདྲ་བར་གང་ཡང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ནི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན ་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པ་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི ་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ། །གང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་མ་སྤངས་པར་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངས་སུ་མ ་སྤངས་པར་ཚ་བ་སྤོང་མི་ནུས་པ་དང་འདྲའོ། །དེ་བས་ན་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་བ་བསལ་བར་བྱའི། ཚེར་མ་འབྱིན་པ་ལྟ་བུར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཐེ་ཚོམ་གྱི་ས་བོན ་དང་བྲལ་པར་བྱ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ། །དེ་ཡང་སེམས་རྩེ་གཅིག་ཏུ་མཚན་ཉིད་ཅན་གྱི་ཞི་གནས་སྐྱེས་པར་གྱུར་ན། ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པས་རྣལ་འབྱོར་བཞི ་ཐེ་ཚོམ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་འབྲལ་ལོ། །དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དེའི་ཚེ་ཞི་གནས ་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཡང། ཀུན་རྟོག་ཐམས་ཅད་སྤངས་པ་དེ། །འདི་ནི་རྣལ་འབྱོར་དམ་པ་ཡིན། །རྣལ་འབྱོར་པ་གང་མངོན་སུམ་དུ། །གནས་པ་ཀུན་མཁྱེན་བཅོམ་ལྡན ་འགྱུར། །དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་བདག་གིས་སམ། བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་ཨི་དབང་པོ་རབ་ཏུ་ལྡན་པ་ཡིན་ནི་དེ་ངས་པའི་རྒྱུ་ཉིད་ཀྱིས་ཕྱིར་མི་ལྟོག་པ་ཉིད་ཡིན་པར ་རྟོགས་པ་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ་།དེ་ཡང་འཕགས་པ་ག་ཡ་ག་རི་ལས། གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་བསྡུས་པ་སྟེ། འདི་ལྟ ་སྟེ་ཐབས་དང་ཤེས་རབ་པོ་ཞེས་གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚད་མེད་པ་དང། བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བྱེ་བ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང། དཀོན ་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་སོ། །ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་ལས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས ་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ་ཞེས་གསུངས་པ་དང། འཕགས་པ་དད་པའི ་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པ་ཤེས་པ་ལ་མཁས་པའོ་ཞེས་གསུངས་པ་ཡིན་ནོ། །འདི་དག་ལ་ནི་ས་ལ་གནས་པས ་ཀྱང་བསྟེན་པར་བྱའི། །ཤེས་རབ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་བ་ལ་སོགས་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ། །ཞེས་གསུངས་པས། བྱང་ཆུབ་སེམས་དཔས་ས་བཅུ་ཐམས་ཅད་དུ་ཕ ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་ཏུ་སྤྱད་པར་བྱའོ་ཞེས་བཤད་དོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཡོངས་སུ་རྒྱས་པའི་མདོ་ཆོས་ཐམས་ཅད་བསྡུས་པ་ལས ་བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡང་དག་པར་གཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག ་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པས་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང། འཕགས་པ་རྣམ་པར་སྣང་མཛད ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་ལྡན་པ། ཐབས་ཀྱིས་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཉིས་ཀ་ཡང ་དུས་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ལྟ་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང། ཞིང་དང། འཁོར་ལོ་ལ་སོགས་པ་ལོངས་སྤྱོད་ཆེན ་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་བར་སྤངས་པས་འཁོར་བར་གནས་པར་མི ་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྦང་བར་བྱ་ན་ཆོས་མ་ཡིན་བ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན་ཏེ། ་དེ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤང་བར་བྱའོ་ཞེས་གསུངས་ཀྱི། དགོས་པའི་དོན་རྫོགས་པར་བྱ་བའི་དོན་ཏུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཆོས་ཡོངས་སུ་གཟུང་པར་བྱའི། མི་གཟུང་བར་ནི་མི་བྱའོ་ཞེས ་གསུངས་ཏེ། ལམ་ལོག་བར་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་དེ་ལྟར་གཟིགས་ཏེ་གསུངས་པ་ནི། དུས་ཀུན་དུ་ནི་ཐབས་དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་ལས་ནི། ་མི་གནས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་ཞལ་སྔ་ནས་མཛེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ ་པདྨ་ཀ་ར་ཝརྨ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། བུ་དྡྷཱ་ནུ་སྨྲི་ཏྱུཏྟ་ར་བྷ་བ་ནཱ་ནཱ་མོ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་བ་བསྒོམ་པ ་