| Wylie | e-texts based on the ACIP/ALL Input |
མི་རྟོག་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྣལ་འབྱོར་པའི་རྟོག་པའི་བགེགས་སེལ་བ་ཞེས་བྱ་བ། རྗེ་བཙུན་བླ་མ་རྣམས་དང། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཅི་ཕྱིར་གང་གིས་གང་ལ་གང་ལྟར ་བསྒོམ། །རྟགས་དང་ཡོན་ཏན་བར་ཆད་བགེགས་སྐྱོན་བསལ། །དེ་དག་ཤེས་ནས་གོམ་པས་བྱང་ཆུབ་འཐོབ། །མ་ཐོས་མ་ཤེས་མི་འགྲུབ་ཡང་ན་འགྱངས། །དང་པོ་ཅིའི་ཕྱིར་བསྒོང་པ་གཟུང་འཛིན་གཉིས། །མ་སྤངས་ཇི་བཞིན་མ་བསྒོམ་རྣལ་འབྱོར་བས། ། ་ཕྱག་འཚལ་མཆོང་བཤགས་སྦྱིན་པ་མང་བྱས་ཀྱང། །བསོད་ནམས་འཕེལ་ཡང་ཡེ་ཤེས་རྫོགས་མི་འགྱུར། །གཉིས་པ་གང་གིས་རྣལ་འབྱོར་དང་ལྡན་པ། །ཐོས་མང་བརྩོན་ཞིང་དམ་ཚིག་སྡོམ་གནས་ཤིང། །མཆོད་དང་སྦྱིན་མོས་བྱང་ཆུབ་སེམས ་ལྡན་པས། །དེ་ནི་ཐེག་ཆེན་གསང་པའི་སྣོད་ཡིན་བསྒོམ། །གསུམ་པ་གང་ལ་ཞེན་རང་གི་སེམས། །ཇི་བཞིན་མ་བཅོས་ཡེ་ནས་རྣམ་དག་ཅིང། །སྤྲོས་བྲལ་ཡོད་མེད་རྟག་ཆད་མཛའ་སྤངས་པ། །དེ་ལ་གཡེང་བ་མེད་པར་རྟག་ཏུ་གནས། །བཞི་པ་གང་ལྟར་བསྒོམ ་བ་བསྒོམ་བྱ་དང། །སྒོམ་པ་གཉིས་མེད་རང་གི་ངོ་བོ་ལ། །ཅི་ཡང་མེད་ལ་ཅིར་ལང་སྣང་གསལ་བར། །བྱིང་རྨུགས་སྤྲོས་པའི་རྟོགས་པ་མེད་པར་བསྒོམ། །ལྔ་པ་དེ་རྟག་རྣལ་འབྱོར་བརྩོན་ལྡན་ལ། །དང་པོ་གཉིད་དང་འདོད་སྲེད་ཆུང་བར་འགྱུར། །དེ་ནས་རིམ་གྱིས ་རྨི་ལམ་འདོད་ལ་སོགས། །རྟོག་པ་ཇི་བཞིན་ཆོ་འཕྲུལ་གཟུགས་ཀྱང་སྟོན། །དྲུག་པ་དེ་ཡི་ཡོན་ཏན་བསམ་བརྗོད་པ། །མངོན་སུམ་ཚེ་རིང་ནད་རྣམས་གསོ་བ་དང། །བགེགས་སེལ་ལ་སོགས་ཡོན་ཏན་མང་པོ་འབྱུང། །དེ་བཞིན་རིམ་གྱིས་བྱང་ཆུབ ་ལམ་ལ་འཇུག་།བདུན་པ་བར་ཆད་བགེགས་ནི་རྣལ་འབྱོར་པ། །གནས་སྤངས་གནས་ཚོལ་གཞན་དུ་འགྲོ་འདོད་ན། །གནོད་སྦྱིན་གཞན་དང་གཞན་དུ་འགྲོ་འདོད་དེ། །རྣལ་འབྱོར་སེམས་ལ་ཞུགས་ནས་གནས་གཞན་འཕེན། །གལ་ཏེ་རྣལ་འབྱོར་བསྒོམ་ཞིང ་གནས་བཟུང་བས། །སྨྲ་བཅད་པར་སྐབས་ནང་དུ་གཞན་འཇུག་དང། །ཕྱིར་བྱུང་ཁེ་གྲགས་འདོད་བརྐམ་ཟས་ནོར་ཚོལ། །ཡི་དགས་འདོད་སྲེད་ཅན་གདོན་དེ་སེམས་ཞུགས། །གལ་ཏེ་རྣལ་འབྱོར་སེམས་འཁྲུགས་འཐབ་འདོད་ཅིང། །འཁོར་ལ་གཤེ་དང་ ་གཞན་ལ་སྤྱོད་བྱེད་ན། །འབྱུང་པོའི་བདག་པོ་ཡ་བ་ཤོ་ན་བ། །སྒྲུབ་པོ་དེ་ཡི་སྙིང་ལ་ཞུགས་པ་ཡིན། །གལ་ཏེ་རྣལ་འབྱོར་འཕྲེས་ཤིང་ཉལ་ལ་དགའ་། །ཟས་སྐོམ་སྲེད་ཅིང་བཟླས་ལ་མི་རྩོན་ན། །ལྟོ་འཕྱེ་ཉལ་བརྩོན་སྙོམ་བྱེད་ཅེས་བྱ་བ། །རྣལ ་འབྱོར་སེམས་ལ་ཞུགས་ནས་གནས་པར་བྱེད། །གལ་ཏེ་རྣལ་འབྱོར་རང་གི་ལོངས་སྤྱོད་རྐྱེན། །ཡོ་བྱད་སྲུང་ཕྱིར་སོ་འཛུགས་སྲུངས་མ་བསྐོ། །གསོག་ཕྱིར་འདོད་ཚོལ་གཞན་དུ་གཏོང་འདོད་ན། །གནོད་སྦྱིན་ནོར་སྲུངས་ཞེས་བྱ་སེམས་ལ་ཞུགས། །གལ་ཏེ ་རྣལ་འབྱོར་ཕ་མ་སྤུན་ཚོགས་ལ། །ཆགས་ནས་སྨོན་ལམ་རིམ་གྲོས་སྲུང་བྱེད་ན། །ལྷན་ཅིག་སྐྱེས་པའི་བག་ཆགས་མ་བྱང་བས། །ཉོན་མོངས་མི་སྤོངས་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་གཟའ་སྐར་འཇུག་ཕོད་དང། །དུས་དང་ལོ་ཟླ ་བཟང་རྩི་བྱེད་ན། །དབྱེར་མེད་མཉམ་པ་ཉིད་དང་འགལ་བས་ན། །བྱང་ཆུབ་ཐོབ་པ་རབ་ཏུ་དཀའ་བར་འགྱུར། །གལ་ཏེ་རྣལ་འབྱོར་ཐོས་མང་རྟོགས་ཆེ་ཞིང། །བསྒོམ་བརྩོན་བསྙེམས་པས་བདག་བསྟོད་གཞན་སྨོད་ན། །ཉོན་མོངས་མི་སྤོངས་ང་རྒྱལ་འཕེལ ་འགྱུར་བས། །ཕྱིར་ཡང་ལྷུང་ཞིང་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་བདག་ལ་གཞན་དག་གིས། །སྔོན་དང་ད་ལྟར་མ་འོངས་གནོད་བྱེད་ཅེས། །ཞེ་སྡང་སྐྱེས་ནས་རིག་སྔགས་གསོད་གཏོང་ན། །ཞེ་སྡང་དབང་གིས་བྱང་ཆུབ་རིང་པར་འགྱུར ་གལ་ཏེ་བདག་ལ་གཞན་གྱིས་མཆོད་བཀུར་ཞིང། །བསྔགས་པ་མང་བརྗོད་བསྟོད་ལ་སེམས་དགའ་ན། །འགྲོ་ལ་ཕྱོགས་ཆར་གྱུར་ཏེ་ཆགས་སེམས་ཀྱིས། །བྱང་ཆུབ་ལམ་ལ་འདིས་ཀྱང་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་འཁོར་མང་འདུ་ལོང ་དག་།རྒྱལ་པོ་ལྟ་བུར་མང་པོ་བསྟེན་ན་ནི། །ཁོང་གྲགས་ཡིན་པས་སྒོམ་པ་གཡེང་བའི་རྒྱུ། །བྱང་ཆུབ་ལམ་ལས་ཤིན་ཏུ་རིང་བར་འགྱུར། །བརྒྱད་པ་སྐྱོན་བསལ་ཐབས་ནི་རྣལ་འབྱོར་པ། །སེམས་ལ་བར་ཆད་མཚན་མ་དེ་བྱུང་ན། །འདི་ལྟར་བསམ ་ནས་རྣམ་རྟོག་བསལ་བར་བྱ། །ཆས་སུ་ཅི་སྣང་སེམས་ལས་གཞན་མེད་ཅིང། །སེམས་ཀྱི་རང་བཞིན་ཆོས་ཉིད་ངོ་བོ་ལ། །བཟང་ངན་སྤོང་ལེན་འདོད་སྲེད་བྱམས་སྡང་སོགས། །རྟོག་དང་རྟོག་པའི་དབང་གིས་བགེགས་བྱུང་ན། །སེམས་ལ་བལྟས་ན་གང་ཡང་མི་སྣང ་བས། །སྣང་མེད་སེམས་རྟོགས་མཚན་མ་ག་ལ་ཡོད། །བདག་རྟོགས་མཚན་མར་སེམས་ལ་གཟུགས་ཉེས་པས། །རྟོག་པ་ཐམས་ཅད་སྤངས་ཤིང་རྟོགས་མེད་གནས། །རྟོགས་པ་མེད་པ་ལ་ཡང་གནས་པ་མེད། །དེ་ལྟར་རིང་དུ་གནས་ན་རྟོག་བགེགས་ནི།། ་མྱུར་བས་ཞི་གནས་ཇི་བཞིན་བསྒོམ་བ་ལ། །བར་ཆད་སེམས་ཀྱི་རྟོག་བ་འབྱུང་མི་འགྱུར། །བྱང་ཆུབ་འབྲས་བུ་མྱུར་དུ་ཐོབ་པར་འགྱུར། །རྣལ་འབྱོར་པའི་རྟོག་པའི་བགེགས་སེལ་བ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་སངས་རྒྱས ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདི་ནི་གསང་སྔགས་ཡོ་གའི་རྣལ་འབྱོར་གྱི་རྒྱུད་ལ་བརྟེན་ནས་བཤད་པ་འདྲའོ།། །།སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ་འགྱུར་རྙིང་ལགས་སྐད་དོ། །དེ་ལྟར་ཏིང་ངེ་འཛིན ་བསྒོམ་པའི་རྣལ་འབྱོར་པས་ཐོག་མར་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པར་བྱ་བ་རྣམས་བཤད་ཟིན་ཏོ། །དེ་ནི་བསྒོམ་པའི་རིམ་པ་དངོས་ཀྱི་དོན་རྣལ་འབྱོར་སྤྱོད་པ་དང། དབུ་མའི་གྲུབ་པའི་མཛའ་རྣམ་པ་གཉིས་ལ་བརྟེན་ནས་སྟོན་ཏོ།། །། ་