| Wylie | e-texts based on the ACIP/ALL Input |
མཎྜལ་གྱི་ཆོ་ག་སློབ་དཔོན་དཔལ་རྙོག་པ་མེད་པ་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་དུ་ལ་དྭཱ་ས་དང། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། མཎྜལ་བི ་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག་།བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་རྗེ་བཙུན་འཇམ་དཔལ་གཞོན་ནུ་ལ། །ཕྱག་འཚལ་མཎྜལ་ཆོ་ག་བཤད། །མཎྜལ་སྡུག་བསྔལ་རྣམ་གཉིས་ཏེ། །ཡིད་ཀྱིས་བསམ་དང ་དངོས་བྱེད་པའོ། །ཡིད་ཀྱིས་དབུལ་བ་ཡིད་ཀྱིས་ཡིན། །དངོས་བྱང་ཡན?་ལག་དགུ་རྫོགས་དབུལ། །རྒྱུ་སྐྱོན་སྔོན་འགྲོ་མཚམས་དང་ཚད། །དབྱིབས་དང་ཁ་དོག་བྱིན་བརླབ་རྒྱན། །ས་བཟད་བྱེ་མ་ལྕི་བ་ལ། །སྲོག་ཆགས་ལ་སོགས་བསལ་བ་ལ།། ་འཇིམ་པ་ལེགས་པར་བསྒྲུབ་པར་བྱ། །དེ་ནས་ཚད་མེད་སྟོང་ཉིད་བསམ། །བདུད་རྩི་འཁྱིལ་པའི་སྔགས་འདི་ཡིས། །ཐོག་མར་མཚམས་བཅད་བདག་ཉིད་བསྲུང། །ོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞེང་དུ་ཁྲུ་གང་ཡན་ཆད་ཚད།། ་དབྱིབས་ནི་གྲུ་བཞི་ལྷམ་པ་ལ། །ནང་དུ་ཟླུམ་པོར་བསྐོར་བར་བྱ། །ཁ་དོག་ཐམས་ཅད་སྔོ་ཡང་རུང། །ཡང་ན་ཡིད་དང་ཅི་འཐད་བྱ། །ཡང་ན་ཚད་དང་ཁ་དོག་དབྱིབས། །ཕྲིན་ལས་རྣམ་བཞིའི་ཚུལ་དང་སྦྱར། །དེ་ནས་སྙིང་ཁའི་ས་བོན་ལས།། ་འོད་འཕྲོས་ཡི་གེ་ཏྲཱཾ་ཞུ་བས། །སྟེགས་ནི་རིན་ཆེན་སྣ་ལྔར་བསམ། །ོཾ་པཉྩ་རཏནཱ་མཎྜ་ལ་ཧཱུཾ། པ་ཡི་རྣམ་ལྔ་དྲི་ལྔ་ལ། །ས་བོན་འོད་འཕྲོས་ཨ་ཞུ་བས། །བདུད་རྩིའི་རང་བཞིན་གྱུར་པར་བསམ། །ོཾ་བཛྲ་ཨ་མྲི་ཏེ་ཧཱུཾ་ཕཊ། དེ་ནས ་ལེགས་བར་བྱུག་པར་བྱ་བ་ཙན་དན་ལ་སོགས་དྲི་ལྔ་ལ། །འོད་འཕྲོས་ཡི་གེ་དྷུ་ཞུ་བས། །བདུག་པའི་མཆོག་ཏུ་གྱུར་པར་བསམ། །ོཾ་བཛྲ་དྷཱུ་བེ་ཨཱ(མདོ་འགྲེལ་དེ་ནས་མེ་ཏོག་རྒྱན་བཀྲམ་པ། །ལྔ་སོགས་ཡང་ན་ལྷ་གྲངས་བསྟུན། །དེ་སྟེང་པཾ་ལས་པདྨར་བསམ། །ོཾ་པདྨ་མཎྜ་ལ་ཧཱུཾ། །དེ་སྟེང་ཨ་ལས་ཟླ་དཀྱིལ་བསམ། །ོཾ་ཙནྡྲ་མཎྜཱ་ལ་ཧཱུཾ། །དེ་སྟེང་བྷཱུཾ་ལས་གཞལ་ཡས་ཁང། །ཤིན་ཏུ་མཛེས་པ ་བསམ་པར་བྱ། །དེ་ནས་མགོན་པོ་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་དང་སྡིག་པ་བཤགས། །གཞན་གྱི་དགེ་ལ་ཡི་རང་བྱ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་གདབ། །དགེ་བ་དག་ནི་ཐམས་ཅད་ལ། །འགྲོ་བའི ་དོན་དུ་བྱང་ཆུབ་བསྔོ། །དེ་ལྟར་ཕུལ་བའི་ཡོན་ཏན་ནི། །ཕ་རོལ་ཕྱིན་བཅུ་རྫོགས་ལྡན་ཞིང། །སྒྲིབ་པ་གཉིས་བྱང་ཚོགས་རྫོགས་ཏེ། །ཏིང་འཛིན་དཀྱིལ་འཁོར་གསལ་གྱུར་ནས། །རང་བཞིན་དཀྱིལ་འཁོར་མཐོང་བར་འགྱུར། །དེ་ལྟར ་མ་བྱས་ཉེས་དམིགས་ནི། །རྫོགས་ལ་བརྟན་པ་མ་ཐོབ་པར། །མཎྜལ་འཇོག་ན་མཁའ་འགྲོས་གསོད། །དེ་བས་ནན་ཏན་གུལ་བར་བྱ། །ལུང་དང་མན་ངག་བླ་མ་ལས་བརྒྱུད་པ། །མཎྜལ་ཆོ་ག་རིམ་པར་བཀོད་པ་འདི། །བློ་ཞན་དོན་དུ་ཅུང་ཟད་བདག་གིས ་བསྡུས། །འཁྲུལ་ན་བཟོད་མཛོད་མཁས་རྣམས་གཞན་དུ་རྩོམས། །དྲི་མེད་བློས་བསྡུས་དགེ་བ་འདིས། །སྲིད་གསུམ་རིས་དྲུག་འགྲོ་ཀུན་གྱིས། །མཉམ་པ་ཉིད་ཀྱི་དོན་རྟོགས་ནས། །བདེ་ཆེན་ཐང་ལ་ཕྱིན་པར་ཤོག་།མཎྜལ་གྱི་ཆོ་ག་།དངོས་གྲུབ ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་ཀཾ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།སྔོན་གྱི་ལོ་ཙཱ་པ་ཆེན་པོ་རྣམས་ཀྱིས་བསྒྱུར་ཏེ། གྱུར་རྙིང་ལགས་སྐང་ངོ?། །གསང་སྔགས་ཐེག་པའི་མཎྜལ་གྱི་ཆོ་གའོ། །དེ་ལྟར་བསོད ་ནམས་ཀྱི་ཚོགས་བསགས་པ་གཙོ་བོར་སྟོན་པའི་ཆོས་ཀྱི་སྡེ་ཚན་ལགས་སོ།། །།རྒྱ་གར་སྐད་དུ། ས་མཱ་དྷི་སཾ་བྷཱ་ར་པ་རི་བ་རྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང ་