| Wylie | e-texts based on the ACIP/ALL Input |
སྤྱོད་པ་དོན་དུ་བྱས་པས་བཟླས་བརྗོད་བྱའོ། །ཆོ་ག་འདི་ནི་ཆོ་ག་འདིའི་མཇུག་ནས་འབྱུང་བའོ། །དམ་ཚིག་གསུམ་གྱི་བཟླས་བརྗོད་བྱེད་པ་ནི་ཁྲུས་མ་བྱས་ཀྱང་ཉེས་པ་མེད་དོ། །ལྷག་མདང་གཙང་སྦྲ་མ་བྱས་ཀྱང་ཉེས་པ་མེད་དོ།། ་ཕྱག་རྒྱ་འདྲ་བ་དག་མི་བཟའ་ཨོ། །མི་བསྒོམ་མོ། །ཁྲི་ལ་ཉལ་བར་མི་བྱའོ། །ཆང་མི་བཏུང་ངོ། །མོས་པས་པས་སྤྱོད་པའི་བསླབ་པའི་གཞི་དག་ལས་མི་གཡོ་བ་དང། ཐེ་ཚོམ་མེད་ན་སྔོན་དང་ཚུལ་ངན་པར་འགྱུར་ཀྱང་འགྲུབ་པོ། །མཁས་སམ་མི ་མཁས་ཀྱང་རུང་སྟེ། ངེས་པར་འགྲུབ་པོ། །དེ་སྐད་དུ་དེ་ཉིད་ལས། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང། །བློ་གྲོས་ཆགས་པ་མེད་པ་དང། །ཐེ་ཚོམ་དག་ཀྱང་མི་བྱེད་པ། །དེ་ལ་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི ་སེམས་བརྟན་པ་ནི་འདིར་སོ་སོའི་སྐྱེ་བོའི་སྟོབས་དང་ལྡན་པར་ངེས་པར་བྱ་བའི་ཕྱིར་གསུངས་ཀྱི། སར་ཆུད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །འདི་ལ་མ་ཤེས་ན་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་ཀྱང་ཉེས་པ་མེད་དོ། །ཉུངས་ཀྱང་ཉེས ་པར་མི་འགྱུར་རོ། །ཆོ་ག་ཉམས་ཀྱང་ཉེས་པར་མི་འགྱུར་རོ། །འོན་ཀྱང་དད་པའི་ཤུགས་དང། བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང། རང་གི་དོན་དོར་བའི་སེམས་བཙན་པར་བྱ་སྟེ། རྣམ་པར་མི་བརྟག་པར་བརྗོད་ན་གདོན་མི་ཟ་བར་ཚེ་འདི ་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང་བ་དང། ཅི་འདོད་པ་ཡང་འགྲུབ་པར་འགྱུར་རོ། །བསླབ་པ་ཀུན་ལས་བཏུས་པ་ལས་འབྱུང་བ་དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་སྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་སློབ་དཔོན ་ཞི་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མཎྜལ་ཀྲི་ཡ་བི་དྷི། བོད་སྐད་དུ། མཎྜལ་བྱ་བའི་ཚོག?་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོ་དཀྱིལ་འཁོར་ཆེ་ཆུང་གི་།བསྐུས ་པས་ལོག་པའི་མར་བཤམས་ལ། །ལྕི་བ་དངོས་པོ་ཉི་ཤུར་འགྱུར། །ཆུ་ཡང་སྲད?་གི་ཉི་ཤུར་འགྱུར། །འོ་མ་དག་དང་ཞོ་དག་དང། །དང་པོ་མར་གྱི་སུམ་འགྱུར་རོ། །དང་པོ་ཅི་བ་བཙིར་བ་ཡང། ཁ་ཡིས་ཆུ་ཡིས་བསྣོས་ལ་བཙིར། །དེ་ནས་ཆགས་ཀྱིས ་བཙག་བྱ་སྟེ། །དེ་ནས་དེ་རྣམས་སྦྱར་བྱས་ལ། །ཞག་ནི་གཉིས་དང་གསུམ་བར་དུ། །དེ་ནི་རས་སུ་བཅུག་པ་ཡང། །ཉིན་གཉིས་གཉིས་བར་ཆོད་པར། །ཉི་མ་བདུན་དུ་རིམ་གྱིས་བྱུག་།དེ་ནས་ལག་སྣུམ་དག་གིས་བྱུག་།དེ་ནི་མི་བརྟན་པར་ཡང ་བཤད། །བརྟན་པར་བྱ་བའི་ཆོ་ག་ནི། །མཎྜལ་ཟུར་ནི་རམས་ཀྱིས་བྱུག་།མདངས་ནི་བྱུང་ན་ལེགས་པར་བཤད། །དེ་ནས་སརྫ་རརྫ་དང། །མར་གྱི་ལྡེ་གུ་བྱས་པ་ཡིས། །དཀྱིལ་འཁོར་ལ་ནི་བསྐུས་བྱས་ན། མེ་ལོང་དང་ནི་ཆུ་ཤེལ་ལྟར། དེ ་བཞིན་ལ་སོགས་པོ་སྣང་བར་འགྱུར། །མཎྜལ་བྱ་བའི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།མཎྜལ་བྱ་བའི་ཆོ་ག་འདི་ནི་ཕ་རོལ་ཏུ་ཕྱིན་པ་དང། གསང་སྔགས ་གཉིས་ཀའི་ཐུན་མོང་བའོ།། །།རྒྱ་གར་སྐད་དུ། མཎྜལ་བི་དྷཾ། བོད་སྐད་དུ། མཎྜལ་གྱི་ཆོ་ག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡིས། །སྐྱེ་བ་གཞན ་དུ་འབྱོར་པ་མི་བཟད་པ། །དེ་ལྟའི་བཞེང་པ་ཉིད་ཀྱི་ཕྱག་གནས་ལྟར། །བསླུ་པ་མེད་པར་བདག་གིས་བརྗོད་པར་བགྱི། །ོཾ་བཛྲ་རེ་ཁེ་ཧཱུཾ། །གཙང་སྤྱོད་པ་ཡི་ལྕི་བ་ནི། །ཆུ་དང་འོ་མ་ཞོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག་།སྟོང ་?གཙང་བསྐོལ་ཏེ་ཆུ་རྣམས་དག་གོ?་།ཚིག་མདོར་ཏེ་དབུས་ཀྱི་ཆས། །དབྱིབས་ཅི་དགའ་བའི་མཎྜལ་ནི། །ས་དག་ཁྲུ་གང་ཡན་ཆད་པར། །གསང་སྔགས་འདོན་ལ་གཞོལ་པོས་གྱུར། །དེ་ནས་དེ་ནི་གུས་པ་ཡིས། །རྒྱལ་བ་སྲས་སུ་བཅས་ལ ་