| Wylie | e-texts based on the ACIP/ALL Input |
ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་སཔཏ་ཏི་ནཱ་མ་གཱ་ཐཱ། བོད་སྐད་དུ། སྨོན་ལམ་བདུན་ཅུ་པ། ཞེས་བྱ་བའི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་དཔག ་མེད་ཚོགས་མངའ་ཞིང། །ཉེས་པའི་དུག་སྡོང་མཛའ་དག་དྲུངས་ཆུང་བ། །ཕྱོགས་བཅུ་དག་ན་དུས་གསུམ་བཞུགས་པ་ཡི། །བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །མི་ཤེས་པ་ཡི་རབ་རིབ་སེལ་མཛད་ཅིང། །བག་ལ་ཉལ་བའི ་མངའ་དུག་འབྱིན་པའི་ཐབས། །འགྲོ་བ་གསུམ་པོ་ཀུན་གྱི་བློ་གྲོས་ཀྱི། །མིག་འབྱེད་པ་ཡི་ཆོས་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྲས་པོ་དགེ་འདུན་མི་ལྡོག་པ། །ཐུགས་རྗེ་ཆེན་པོས་ཡིད་ནི་དྲངས་གྱུར་ཏེ། །བློ་ཅན་བྱེ་བར་གྱུར་པ་མ ་ལུས་ལ། །རྒྱུན་མི་འཆད་པར་མགོ་བོས་ཕྱག་འཚལ་ལོ། །འགྲོ་བ་རྣམས་སུ་བདག་གིས་མི་དགེ་གང། །ཅུང་ཟད་བགྱིས་སམ་བགྱིད་བརྩལ་རྗེས་ཡི་རང། །རྒྱལ་བ་རྣམས་ལ་དེ་དག་བཤགས་ནས་ནི། །སླན་ཆད་མི་བགྱིད་པ་ཡི་སྡོམ་པ་ནོད།། ་བདེ་གཤེགས་རང་རྒྱལ་དང་ནི་ཉན་ཐོས་དང། །རྒྱལ་བའི་སྲས་ཀྱིས་དགེ་བ་བསགས་པ་དང། །འཇིག་རྟེན་པ་ཡི་ལེགས་པར་སྤྱད་པ་གཞན། །མ་ལུས་པ་ལའང་བདག་ནི་ཡི་རང་ངོ། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་པ། །དེ་དག་རྣམས ་ལ་མི་དགེ་གང་མཆིས་པ། །དེ་ནི་བདག་ཉིད་ཁོ་ན་དགའ་བཞིན་དུ། །ཤི་ནས་དམྱལ་བ་རྣམས་སུ་གཞོལ་བར་བགྱི། །འཇིག་རྟེན་རབ་ཞི་བདེ་བའི་བདུད་རྩི་ཡིས། །ཚིམ་ནས་ཡིད་ནི་དགེ་བ་བགྱིད་གྱུར་ཅིག་།འགྲོ་བ་དག་གི་སྡུག་བསྔལ་ཇི་སྙེད ་པ། །དེ་ནི་བདག་གིས་དང་དུ་ལེན་པར་ཤོག་།འགྲོ་བ་འདི་དག་ཡིད་ལ་མྱུར་དུ་ནི། །ཡང་དག་བྱང་ཆུབ་ཉིད་ནི་སྐྱེད་གྱུར་ཅིག་།ཡིད་ལ་བྱང་ཆུབ་དག་ནི་སྐྱེད་པ་དག་།བྱང་ཆུབ་ཚོགས་རྣམས་ཡང་དག་སྒྲུབ་པར་ཤོག་།དགེ་བའི་ཚོགས ་བསྒྲུབས་ནས་ནི་ས་ཐོབ་ཅིང། །སྲིད་པ་གསུམ་གྱི་མགོན་པོའི་གདུད་བཟུང་ནས། །དགྲ་རྣམས་བཅོམ་ནས་འཇིག་རྟེན་གསུམ་དག་གི་།ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་གནས་ཐོབ་ཤོག་།བྱང་ཆུབ་ཤིང་དྲུང་སངས་རྒྱས་རང་སངས་རྒྱས།། ་ཉིན་ཞག་ཇི་སྙེད་གཞེས་ཤིང་བཞུགས་པ་དག་།དཔེ་མ་མཆིས་པའི་ཆུ་ཡི་བདུད་རྩིའི་ཆར། །འགྲོ་ལ་དབབ་པའི་སླད་དུ་གསོལ་བར་བགྱི། །གཞན་དོན་ཕུན་སུམ་ཚོགས་པ་རྫོགས་མཛད་ནས། །མྱ་ངན་འདས་པ་མཆོག་ཏུ་གཤེགས ་པ་གང། །གཞན་ལ་ཕན་པ་མཛད་ཅིང་ཡུན་རིང་དུ། །བཞུགས་པར་བློ་བཟང་དེ་ལ་གསོལ་བར་བགྱི། །འཇིག་རྟེན་གསུམ་པོ་ཐིབས་པོ་དེར་རྒྱུ་བའི། །སེམས་ཅན་སུ་དག་ཇི་སྙེད་མཆིས་པ་དག་།དེ་དག་རབ་ཏུ་ཞི་བའི་བདེ་བ་ཡི། །བདུད ་རྩིའི་ལོངས་སྤྱོད་མགྲོན་དུ་གཉེར་བར་བགྱི། །དེ་ལྟར་དགེ་བ་གང་དག་བསྒྲུབས་པ་འདི། །མ་ལུས་ཡང་དག་བྱང་ཆུབ་བསྔོ་བར་བགྱི། །དེས་ནི་བདག་ནི་བྱང་ཆུབ་སེམས་དང་ནི། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག་།ཇི་སྲིད་ཕུན ་སུམ་ཚོགས་པའི་གཞིར་གྱུར་པའི། །བདེ་བར་གཤེགས་པའི་གོ་འཕངས་མི་དམན་པ། །དེ་སྲིད་དེ་ནི་ཐུབ་པའི་ཁྱུ་མཆོག་དང། །བྱང་ཆུབ་སེམས་དཔའ་རྣམས་དང་འབྲལ་མ་གྱུར། །དེ་དག་ཁོ་ནས་གཞན་ལ་སྨན་པ་ཡི། །སྤྱོད་པའི ་ལམ་དག་ཉེ་བར་བསྟན་པ་ལ། །སྐྱོ་བ་མ་མཆིས་པར་ནི་སངས་རྒྱས་ཀྱི། །སྲས་ཀྱི་ས་ཀུན་ལའང་སྤར་བར་བགྱི། །བདག་གི་ལུས་ཀྱི་ཡན་ལག་ཉིད་ལག་དག་།ཚང་ཞིང་སྐྱེ་བོ་ཀུན་གྱིས་བསྟོད་འོས་པའི། །ཡོན་ཏན་ཕུང་པོ་ཚེ་རབས་དྲན ་པ་དང། །ཚེ་རིག་བཙུན་ཞིང་ལུས་ནི་མཛེས་པར་ཤོག་།གཞན་ཕན་སྤངས་ནས་རང་དོན་ལྷུར་ལེན་པ། །ཐ་ཆད་དུག་དང་འདྲ་བ་སྤངས་ནས་སུ། །སྙིང་རྗེས་གདུངས་པའི་ཡིད་ཀྱི་སྐྱེ་བོ་ཀུན། །གཅིག་ཏུ་གཞོལ་བར་རྗེས་སུ་འཛིན་པར་ཤོག་།བདག་གི ་བདོག་པ་རྣམས་ལ་གཞན་གྱི་བློ། །གཞན་གྱི་ནོར་སྙམ་ཅུང་ཟད་མི་འཛིན་ཅིང། །རང་གི་ནོར་ལ་སོམ་ཉི་མ་མཆིས་ལྟར། །བག་ཡངས་དག་ཏུ་ལེན་ཅིང་སྤྱོད་པར་ཤོག་།བདག་གི་ཤ་ཞིག་སློང་པ་མཆིས་ན་ཡང། །ཁྲོད་ལ་འཛུམ་པའི་མིག་གིས ་སྩལ་བར་བགྱི། །བདག་གིས་རྐང་ལ་སོགས་པ་རྟག་ཏུ་ཡང། །ལུས་ཅན་རྣམས་ཀྱི་ནོར་ཏུ་གཏོང་བར་ཤོག་།བདག་ནི་ཡིད་བཞིན་ནོར་བུས་འགྲོ་བ་ཡི། །འདོད་པའི་དངོས་པོ་མཛའ་དག་སྒྲུབ་པ་དང། །ཡིད་ལ་རེ་བ་ཡོངས་རྫོགས་བགྱིད་པ ་ཡི། །དཔག་བསམ་གྱི་ནི་ཤིང་དང་འདྲ་བར་ཤོག་།བདག་ནི་རང་གི་ངང་གིས་སྡིག་པ་དག་།མི་གཙང་བ་ལྟར་རྒྱང་རིང་སྤོང་བ་དང། །ཐུབ་པའི་སྐྱེས་མཆོག་གིས་ནི་བསླབ་བཅས་པའི། །ཆུ་ལོན་འདྲལ་བར་བགྱིད་པར་མ་གྱུར་ཅིག་།ལུས་དང ་སྲོག་ལ་ལྟ་བར་རྒྱང་བསྲིངས་ནས། །རྟག་པར་དགོན་པ་རྣམས་སུ་དགའ་བར་བགྱི། །རྙེད་པ་དགའ་དང་བཀུར་སྟི་མཛའ་དག་ལ། །སློན་པའི་ཟས་བཞིན་བློ་ནི་བཟློག་པར་བགྱི། །འགྲོ་བ་རྣམས་ལ་གདོལ་པའི་ཕྲུག་གུ་བཞིན། །རྒྱགས་དང་ང ་རྒྱལ་དྲེགས་པ་སྤངས་པ་དང། །རིགས་བཙུན་པ་ཡི་ཉེ་དུའི་ཚོགས་བཞིན་དུ། །རྗེས་སུ་མཐུན་པ་བསྒྲུབ་ཅིང་སྤྱད་པར་བགྱི། །ཟླ་ཟར་པདྨ་ཙ་ལག་དྲི་མ་བྲལ། །མ་རལ་མ་འདྲེས་ནག་ནོག་མ་མཆིས་ལ། །མ་ལུས་རབ་ཏུ་ཞི་བའི་རྒྱན ་གྱུར་པའི། །ཚུལ་ཁྲིམས་ལ་ནི་བདག་གིས་གོམས་པར་བགྱི། །སུ་དག་ནོངས་མ་མཆིས་པར་བདག་གི་མགོ་།སོག་ལེས་ཚལ་པ་བརྒྱར་ནི་གཤེགས་བགྱིད་ཀྱང། །དེ་ལའང་བུ་གཅིག་གཅེས་པ་བཞིན་དུ་ནི། །རྒྱུན་མི་འཆད་པར ་སེམས་ནི་ཕངས་པར་བགྱི། །སུ་དག་སྙིང་ནས་བདག་ལ་ཁྲོས་གྱུར་ཏེ། །དགོས་པ་མ་མཆིས་བཞིན་དུ་སྲོག་འཕྲོག་ནའང། །དེ་ལའང་ལས་ཀྱི་འབྲས་བུ་མི་བཟད་པ། །མི་འཚལ་བ་དག་འབྱུང་བར་མ་གྱུར་ཅིག་ཁྲོ་བ་དང ་ནི་གཤེ་དང་མཚང་འདྲུ་དང། །བདག་པར་གྱུར་ཀྱང་བཟོད་པ་མི་གཏོང་སྟེ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་བསྒྲུབ་པའི་ཕྱིར། །སྡུག་བསྔལ་མ་ལུས་པ་དག་དང་དུ་བླང། །སྔོན་ཆད་རྙེད་མ་མྱོང་བ་ཐུབ་པའི་ཆོས། །ཤིན་ཏུ་ཟབ་ཅིང་རིགས ་པའི་མཆོག་ལ་ཡང། །བདག་གིས་སེམས་ལ་སྐད་ཅིག་ཙམ་ཡང་ནི། །སོམ་ཉིའི་དཔྱད་ཐག་གཡོ་བར་མ་གྱུར་ཅིག་།བདག་གི་སྐྱེ་བ་ཚེ་རབས་ཚེ་རབས་སུ། །འགྲོ་བ་ཀུན་ལ་སྨན་པ་ལྷུར་སྤྱད་ཀྱིས། །སྐད་ཅིག་ཙམ་ཡང་དགེ་བ་རྒྱ ་ཆེན་པོ། །བགྱིད་པར་མི་འགྱུར་བ་ནི་མ་གྱུར་ཅིག་།བྲན་དང་འདྲ་བར་འགྲོ་བ་ཐམས་ཅད་ཀྱི། །བགྱི་བ་མ་ལུས་པ་དག་བསྒྲུབ་པར་བགྱི། །བདག་ལ་ཀུན་གྱིས་བགྱི་བའི་ཁུར་སྤངས་ནས། །སེམས་ཅན་རྣམས་ནི་བདེ་བར་གནས་པར་ཤོག་། ་ལུས་ནི་གཞན་གྱི་བྲན་བགྱིད་ཚིགས་སྨྲ་ནའང། །གཞན་ལ་ཆོས་སྟོན་པ་ལ་དགའ་བ་དང། །བདག་གིས་ཡིད་ཀྱང་རྟག་ཏུ་གཞན་དག་ལ། །ཕན་པར་སེམས་པའི་དབང་དུ་བགྱིད་པར་ཤོག་།གལ་ཏེ་དམྱལ་བར་བསྐལ་པ་གྲངས་མེད་པར། །གཅིག་ཏུ་སྡུག ་བསྔལ་ཉམས་སུ་མྱོང་ན་ཡང། །འོན་ཀྱང་སྐྱོ་བ་དག་ནི་མ་མཆིས་པར། །སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་ཤོག་།ཅི་ནས་བསྒྲུབ་པའི་རིམ་པ་འདི་ཉིད་ཀྱིས། །ལུས་ཅན་རྣམས་ནི་འདུལ་བར་བགྱི་སླད་དུ། །འགྲོ་བ་གསུམ་པོ་ཡོངས་སུ ་སྨིན་བགྱིད་པའི། །གོ་ཆ་འདི་ཉིད་ཀྱང་ནི་བགོ་བར་བགྱི། །མེ་ཡི་མདག་མས་བར་མཚམས་མ་མཆིས་པའི། །འོབས་རྣམས་གང་ལས་བརྒལ་ནས་ལེགས་གསུངས་པའི། །ཚིག་ཅིག་ཙམ་ཡང་མཉན་པའི་ཆེད་དུ་ནི། །ལེ་ལོ་མ་མཆིས་སྤྲོ་བ་བགྱིད ་པར་ཤོག་།བསམ་གཏན་གཟུགས་མེད་ཏིང་འཛིན་མཛའ་དག་གི་།འབྲས་བུ་རྣམས་ལ་དགའ་བ་སྤངས་ནས་ནི། །རབ་ཏུ་གནས་མཐར་ཕྱིན་པའི་གནས་པ་ཡིས། །དགའ་བར་འགྱུར་བ་དག་ཏུ་གོམས་པར་བགྱི། །ཞེན་པ་མ་མཆིས་ཞི་གནས་རྟ་ཞོན་ནས། །རང་བཞིན་གཡོ ་བའི་སེམས་ཀྱི་གླང་པོ་ཆེ། །ཤིན་ཏུ་གདུལ་བར་དཀའ་བ་ལོག་པ་ཡི། །ལམ་དུ་ཞུགས་པ་རྣམས་ནི་གདུལ་བར་བགྱི། །ལྷ་དབང་དག་དང་འཁོར་ལོས་བསྒྱུར་བ་ཡི། །འབྱོར་བ་དམ་པ་མཆོག་དག་མཆིས་པ་རྣམས། །འདོད་པའི་རང་བཞིན་མི་གཙང་བ་བཞིན ་དུ། །བདག་གི་ཡིད་ནི་བལྟོས་པ་མ་མཆིས་ཤོག་།ལྕགས་ཀྱི་ཁང་པ་འབར་བ་འདྲ་བ་ཡི། །སྲིད་པར་རྒྱུ་བར་བདག་ནི་དགའ་མ་གྱུར། །སྙིང་རྗེས་དྲངས་ནས་གཞན་ལ་སྨན་པ་དག་།བགྱིད་པར་རྗེས་སུ་མཐུན་པར་སྐྱེ་བར་ཤོག་།འགྲོ་བའི་མགོན་གྱི ་སྲས་པོ་ཐམས་ཅད་ཀྱི། །ཏིང་འཛིན་གང་ཞིག་ལ་ནི་དབང་བརྙེས་པས། །རྣམ་པར་བསྒྱིངས་པ་བསམ་གྱིས་མི་ཁྱབ་པ། །དཔའ་བོ་རལ་པ་སྣ་ཚོགས་མཛད་པ་ཡི། །སྤ་བར་འགྲོ་བ་དག་དང་ནམ་མཁའ་མཛོད། །དྲི་མེད་ལ་སོགས་མ་ལུས་ཐོབ་བགྱིས་ནས།། ་འགྲོ་བ་གསུམ་པོ་མ་ལུས་པ་དག་གི་།བདེ་བ་གྱ་ནོམ་བསྒྲུབས་ནས་རྩེར་སྩལ་ཏེ། །བཟོ་དང་བསྟན་བཅོས་སྒྱུ་རྩལ་རྒྱ་མཚོ་དག་།མཆོག་ཏུ་ཕ་མཛའ་ཕུལ་དུ་ཕྱིན་པ་དང། །སེམས་ཅན་ཐམས་ཅད་ཀྱིས་ནི་ཚིག་གི་དོན། །མ་ལུས་པ་དག་རྟོགས་ཤིང་མཁས ་པར་ཤོག་།ཚིག་དོན་མ་ལུས་དཔྱོད་པའི་ཤེས་རབ་ནི། །དྲི་མེད་རྣོན་པ་དཔག་ཏུ་མེད་ཐོབ་ནས། །སེམས་ཅན་རྣམས་ལ་ཤིན་ཏུ་ཟབ་པ་ཡི། །རིགས་པའི་ཆོས་རྣམས་ཀྱི་ནི་བགོ་བཤའ་བགྱི། །སངས་རྒྱས་གསུང་དག་མཐར་ཕྱིན་མ་རྟོགས་པའི། །སེམས ་ཅན་མ་ལུས་པ་ནི་མཛའ་དག་ལ། །སེམས་ལ་ཡི་གེ་བྲིས་པ་འདྲ་བར་ནི། །མང་པོ་བདག་གིས་རབ་ཏུ་བརྟན་པར་བགྱི། །ཅི་ནས་འབྲས་བུར་བཅས་པ་སྟོབས་བཅུ་ཡི། །གོ་འཕང་མངོན་པར་འཇོགས་ནས་འགྲོ་བའི་དོན། །མ་ཚང་མ་ལུས་འབྲས་མཆི ་བགྱིད་པ་ཡི། །ཐབས་ཀྱི་སྤྱོད་པ་དེ་དག་བསྒྲུབ་པར་བགྱི། །ཇི་ལྟ་ཇི་ལྟར་སེམས་ཅན་ཕན་པའི་རྒྱུ། །ཐུབ་བ་རྣམས་ཀྱི་སྨོན་ལམ་མ་ལུས་པ། །དེ་ལྟ་དེ་ལྟར་རྒྱུན་དུ་སྨོན་ལམ་གྱིས། །ཕ་རོལ་ཕྱིན་པ་དག་ནི་ཐོབ་པར་བགྱི། །ཡུལ་གྱི་དགྲ་ཡི་ཚོར ་ནི་མི་བཟད་པ། །མོད་ལ་མ་ལུས་ཅི་དགར་ཟིལ་མནན་ནས། །སེམས་ཀྱི་སྤྱོད་པ་རྣམས་ནི་མི་གཡོ་ཞིང། །ས་སྟེང་ཕན་པ་ཁོ་ནས་གནས་པར་བགྱི། །ཆོས་འདི་དག་ནི་སྒྱུ་མ་སྨིག་རྒྱུ་དང། །སྤྲུལ་པ་ལྟ་བུར་ཡང་དག་རྟོགས་བགྱིས་ནས། །རྟོག་པའི་དྲི་མ ་རྣམས་ནི་སྤངས་ནས་སུ། །འཇིག་རྟེན་གསུམ་ལ་ཕན་པ་བགྱིད་གྱུར་ཅིག་།ཕ་དག་བུ་གཅིག་ལྷག་བར་གཅེས་པ་བཞིན། །ནག་ནོག་མ་ལུས་པ་དག་སྤངས་ནས་སུ། །རྒྱུན་མི་འཆད་པར་འགྲོ་བ་མཛའ་དག་ལ། །བྱམས་པའི་བསྒོམ་པ་དག ་གིས་གནས་པར་བགྱི། །ཇི་ལྟར་མ་དག་བརྩེ་བའི་ཁུ་འཇོ་བའི། །བུ་ན་བ་ལ་རྗེས་སུ་མཐུན་སྤྱོད་པ། །དེ་བཞིན་བདག་ཀྱང་འགྲོ་བ་སེམས་ཅན་ལ། །སྙིང་རྗེ་རྒྱས་འགྱུར་སོ་སོར་བགྱིད་པར་ཤོག་།ཕ་རོལ་བདེ་བའི་འབྱོར་བ་མཐོང་ནས་ནི།། ་ལྷག་པར་དགའ་བ་མང་པོ་སྐྱེས་ནས་སུ། །སྙིང་གི་བུ་གཅིག་པ་ལ་བདེ་སྐྱེས་བཞིན། །དགའ་བའི་བསྒོམ་པ་བདག་གིས་གནས་པར་བགྱི། །སེམས་ཅན་རྣམས་ལ་ཕན་དང་གནོད་པའི་རྒྱུ། །ཁོང་ཁྲོ་རྗེས་སུ་ཆགས་པ་སྤངས་ནས་ནི། །རང ་གི་བུ་ལ་བགྱི་བ་བསྒྲུབ་པ་བཞིན། །འཇིག་རྟེན་གསུམ་པོ་ཀུན་གྱི་བགྱི་བ་བསྒྲུབ། །དབང་དང་མངོན་ཤེས་སོ་སོར་རིག་པ་དང། །གཟུངས་དང་རྣམ་པར་ཐར་པའི་སྒོ་རྟོགས་ནས། །འཇིག་རྟེན་ཁམས་ནི་དཔག་ཏུ་མ་མཆིས་པའི། །སེམས ་ཅན་རྣམས་ལ་ཕན་པ་དུས་གཅིག་བགྱི། །སངས་རྒྱས་ཞེས་བགྱིའི་སྒྲ་ནི་རྣ་ལམ་དུ། །ཐོས་མ་མྱོང་བའི་ཡུལ་ཁམས་གང་ལགས་པ། །དེར་ནི་ཐབས་ཀྱིས་རྣམ་པ་སྣ་ཚོགས་ཀྱིས། །སངས་རྒྱས་མཛད་པ་དག་དང་མཐུན་པར་བགྱི། །ནམ ་ཞིག་འཇིག་རྟེན་འདིར་ནི་སྲིད་གསུམ་གྱི། །བླ་མའི་ཉི་མ་ཤར་པར་མ་གྱུར་བ། །དེར་ནི་བདག་གིས་ཉི་མ་བཞིན་དུ་ནི། །ལུས་ཅན་ཀུན་གྱི་རབ་རིབ་བསལ་བར་བགྱི། །བདེ་གཤེགས་རབ་ཏུ་མང་པོས་སྤངས་པ་ཡི། །ཡིད་དག་སྡིག་པས་སྦགས་པ་གང་ལགས ་པའི། །འགྲོ་བ་དེ་ནི་བདག་གི་ཚིག་དག་གི་།སྤྱོད་ཡུལ་རྣམས་ལ་བརྟེན་ནས་འདུལ་བར་ཤོག་།བདག་ནི་འཇིག་རྟེན་མ་ལུས་པ་དག་གིས། །བསྙེན་བཀུར་བགྱིད་པ་དག་ལ་ཉེ་དུ་དང། །བྱམས་ལ་མཛའ་བཤེས་མ་བཞིན་བསྒྲུབ་པ་དང། །ཕ་བཞིན་ཕན་པའི ་གདམས་ངག་འདོམས་པར་ཤོག་།བདག་གིས་མིང་ནི་དྲན་པ་ཙམ་གྱིས་ཀྱང། །འགྲོ་བ་མ་ལུས་པ་དག་འཇིག་པ་ལས། །མོད་ལ་སྐྱོབ་པར་གྱུར་ཅིང་སྲིད་གསུམ་གྱི། །སྡུག་བསྔལ་མ་ལུས་པ་དག་སྤངས་བར་ཤོག་།ཕོངས་པ་བརྒྱ་ཕྲག་བསྟེན ་པའི་མི་དག་ལ། །བུམ་པ་བཟང་དང་ནད་པའི་སྨན་དང་ནི། །ཡི་དགས་སོགས་ལ་རྒྱུན་མི་འཆད་བར་ཡང། །བདུད་རྩིའི་ཆབ་ཀྱི་རྫིང་བུ་བཟང་པོར་ཤོག་།བདག་ནི་གྲང་བའི་དམྱལ་བར་དྲོ་བ་དང། །ཚ་བར་རྫི་ཆར་བཅས་པའི་ཆར་འབེབས་ཤིང ་གཞན་ཡང་ཤིན་ཏུ་སྨད་པའི་ངན་འགྲོ་དག་།གནོད་པ་མ་ལུས་ཞི་བར་བགྱིད་པར་ཤོག་།འགྲོ་བ་བདག་ནི་དྲན་པ་ཙམ་གྱིས་ཀྱང། །ཕོངས་པ་མངོན་སུམ་གྱུར་ལ་གཉེན་བཤེས་དང། །ཉམ་ཐག་མདའ་ཆར་འབབ་ལ་གོ་སྲ་དང། །མྱ་ངན་མི་ལ ་བསིལ་བའི་ཆུར་གྱུར་ཅིག་།འགྲོ་བ་དག་གིས་དྲན་ན་ཉོན་མོངས་པའི། །དུག་གི་གཉེན་པོར་གྱུར་ཅིང་སྲིད་གསུམ་གྱི། །ཆུ་བོ་དག་ལ་ཟམ་པ་བསྟན་པོ་དང། །ངན་སོང་རྣམས་ཀྱི་སྒོ་གཏན་བགྱིད་པར་ཤོག་།བདག་གི་མིང་ཙམ་དྲན་ནའང་འཇུས་པ ་བཞིན། །འགྲོ་བ་མ་ལུས་སྲིད་པའི་གཡང་ས་རུ། །ལྷུང་བཞི་བ་དག་གི་རྩེ་མོ་ལ། །འཛེགས་པར་གྱུར་བའི་ཐེམ་སྐས་གཞིར་གྱུར་ཅིག་།སྐད་ཅིག་ཙམ་ཡང་ཁྲོ་ཞིང་བདག་གི་མིང། །བློ་ལ་དྲན་པ་ཙམ་ཞིག་བགྱིད་ན་ཡང། །ངན་སོང་རྣམས་སུ་ལྟུང ་བར་མི་འགྱུར་ཞིང། །ངེས་པར་ཡང་དག་བྱང་ཆུབ་སྒྲུབ་པར་ཤོག་།བདག་གི་ཡོན་ཏན་ཟླ་ཟེར་དྲི་མེད་ལྟར། །འཇིག་རྟེན་མ་ལུས་པ་ལ་བདེར་གྱུར་ཅིག་།དབུགས་ཙམ་ཕྱུང་བ་རྣམས་ཀྱང་ཕ་རོལ་ལ། །བདེ་བ་དཔག་མེད་བསྐྱེད་པར ་བགྱིད་པར་ཤོག་།ཤིན་ཏུ་ཕུན་སུམ་ཚོགས་པ་མ་ལུས་པ། །མཐར་ཕྱིན་པ་ཡི་སངས་རྒྱས་ཉིད་ཐོབ་ནས། །དམ་པའི་སངས་རྒྱས་དེ་ཉིད་ཁོ་ན་ལ། །འགྲོ་བ་མ་ལུས་པ་ཡང་སྤྱིར་བ་བགྱི། །དེ་ཡི་ཚེ་ན་སུ་ཡི་སེམས་ལ་ཡང། །ཉེས་བྱས ་ཕྲན་ཚགས་ཙམ་ཡང་མི་འབྱུང་ལ། །སྐྱེ་བོ་གཞན་ལ་རྒྱུན་ཏུ་ཕན་བགྱིད་ཅིང། །དགེ་བ་བཅུ་ཡི་ལམ་ལ་གནས་པར་ཤོག་།སུ་ཡང་རུང་སྟེ་ངན་སོང་གནས་རྣམས་ནི། །རྨི་ལམ་ན་ཡང་མཐོང་བར་མི་འགྱུར་ཞིང། །ངན་འགྲོ་རྣམས་ཀྱི་གནས ་ནི་མཛའ་དག་ཀྱང། །ལྷ་ཡི་འཇིག་རྟེན་བཞིན་དུ་དགའ་བར་ཤོག་།ཇི་སྲིད་འཇིག་རྟེན་གསུམ་གྱི་མི་དགེ་བའི། །མཚོ་ཀློང་དབུས་སུ་འགའ་ཞིག་ཆུང་ན་ཡང། །སངས་རྒྱས་བགྱི་བ་ཡོངས་སུ་མཐར་ཕྱིན་ཀྱང། །དེ་སྲིད་དེ་ཡི་ཆེད་དུ་བསྡད ་པར་བགྱི། །བདག་ནི་མྱ་ངན་འདས་འགྲོ་སྟོན་པ་ནི། །གསུང་རབ་རྣམས་ནི་འཁྲུག་པར་མི་འགྱུར་ཞིང། །དེ་ལ་འགའ་ཡང་སོམ་ཉིའི་དཔྱད་ཐག་ལ། །སྐད་ཅིག་ཙམ་ཡང་འཇུ་བར་མ་གྱུར་ཅིག་།དེ་ལྟར་རྒྱལ་བའི་སྲས་ཀྱི་རྣམ་འཕྲུལ་ལ།། ་སྔོན་དག་བདག་གིས་དགེ་བ་བསྒྲུབས་པ་གང། །དེས་ནི་འགྲོ་བ་མ་ལུས་འདི་དག་གི། །མ་ལུས་པར་ནི་ཐུན་མོང་འགྱུར་བར་ཤོག་།སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་པ། །གསུང་རབ་མཛའ་དག་ཆུབ་པར་བྱས་པ་སྟག ་གིས་རང་ལ་བསྐྱོན་ཏེ་ནགས་ཁུང་དུ་ཕྱིན་པ་ན། །སྙིང་རྗེས་གདུངས་པའི་ཡིད་ཀྱིས་འགྲོ་བའི་དོན་བསྒྲུབ་པའི་སྨོན་ལམ། །བདུན་ཅུ་པ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དྷརྨ་ཤྲི་པྲ་བྷཱ་དང། ལོ་ཙཱ་བ་བནདེ་དཔལ་གྱི་ལྷུན ་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། པ་ར་མནཔ་བོ་དྷཱི་ཙིཏྟ་བྷ་བ་ནཱ་ཀྲ་མ་ཝརྨ་སཾ་གྲ་ཧ། བོད་སྐད་དུ། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་