CLOSE WINDOW

N4218: sems can mgu bar bya ba'i tshigs su bcad pa
Wyliee-texts based on the ACIP/ALL Input

ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ་རིན་པོ་ཆེའི་ཕྲེང་བ་ལས་འབྱུང་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ ་ས་ཏྭཱ་ར་དྷ་ནྱ་གཱ་ཐཱ། བོད་སྐད་དུ། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འཚལ་ལོ། །སེམས་ཅན་དོན་ཉིད་ང་ལ་གུས་ཡིན་གཞན་དག་གུས་མིན་ལ། །གུས་པའང་ང་ཡི་དེ་ལ ་སྙིང་རྗེ་མི་སྤོང་བ་ཡིན་ཏེ། །སྙིང་རྗེ་སྤངས་པའི་སྤྱོད་པས་དམན་བར་གྱུར་བ་གང་ཡིན་ལ། །སྙིང་རྗེ་ཉིད་ཀྱིས་དེ་ལ་གནོད་པར་རིགས་ཀྱིས་གཞན་གྱིས་མིན། །གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད ་ཅིང་བསྟན་ལ་གཅེས་པར་རབ་ཏུ་གཟུང། །གང་ལ་ཚུལ་ཁྲིམས་ཐོས་དང་སྙིང་རྗེས་བློ་གྲོས་གསལ་ཡོད་པ། །དེ་ལྟར་དེས་ནི་བདེ་བར་གཤེགས་པ་རྟག་ཏུ་མཆོད་པར་གྱུར་པ་ཡིན། །སེམས་ཅན་ཕན་པའི་དབང་དུ་བྱས་ནས་ངས་འདི་བསྒྲུབས ་པ་སྟེ། །སྐུ་འདི་སེམས་ཅན་དོན་ཉིད་ཁོ་ནར་ཀུན་ནས་བསྐྱེད་པ་ལ། །གང་ཞིག་ཡིད་ཀྱིས་ཀྱང་ནི་སེམས་ཅན་དག་ལ་གནོད་བྱེད་པ། །ང་ནི་ཇི་ལྟར་ང་ལ་བརྟེན་ཏེ་ང་ལ་བལྟོས་བྲལ་ཡིན། །གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན ་པས་ན། །སེམས་ཅན་དག་ལ་ཕན་ན་དེ་ནི་ཆུང་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འགྱུར་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་མ་ཡིན། །ཆུང་མ་རྣམས་དང་བུ་དང ་དབང་ཕྱུག་རྒྱལ་སྲིད་ཆེན་པོ་དང། །ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་ལུས་རྣམས་དང་ནི་མིག་།གང་རྣམས་ཁོ་ན་དགའ་བའི་དབང་བྱས་ང་ཡིས་བཏང་བ་སྟེ། །གང་ཞིག་དེ་ལ་འཚེ་ན་དེ་ནི་ང་ལ་གནོད་པ་ཡིན། །སེམས་ཅན་རྣམས་ལ ་མཆོག་ཏུ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ཅན ་གནོད་བྱེད་དེ་ནི་ང་ལ་ཇི་ལྟར་མོས། །སེམས་ཅན་བསྟེན་ནས་ང་ཡིས་སྐྱོབ་པ་མཉེས་དང་དགེ་བ་བྱས། །སེམས་ཅན་དག་ལ་བརྟེན་ནས་དོན་བསྒྲུབས་ཕ་རོལ་ཕྱིན་པའང་ཐོབ། །སེམས་ཅན་དོན་ལ་ཡིད་ལ་བརྩོན་པ་སྐྱེད་ནས་བདུད ་བཏུལ་ཏེ། །དེ་བཞིན་སེམས་ཅན་ཉིད་སྤྱོད་གང་ཡིན་བ་ཡིས་ང་སངས་རྒྱས། །གལ་ཏེ་སྐྱེ་དང་སྐྱེ་བར་སྲོག་ཆགས་དགའ་བའི་གྲོགས་མིན་ན། །གང་འདི་བྱམས་དང་སྙིང་རྗེས་སུ་ལ་དམིགས་པའི་གཞི་ལས་སྐྱེས། །རྣམ་ཐར་དགའ་སོགས ་སུ་ལ་བལྟོས་ཤིང་ཡུལ་དང་གཞི་གང་ཡིན། །སུ་ཡི་དོན་དུ་རིང་ནས་ང་ཡི་ཡིད་ཀྱིས་སྙིང་རྗེ་བསྒོམས། །ངས་ནི་སྲོག་ཆགས་ཉིད་ནི་གླང་སོགས་དངོས་གྱུར་དུ་མ་བྱིན། །སེམས་ཅན་ཉིད་ནི་སྣོད་དུ་གྱུར་པས་ང་ཡི་སྦྱིན་པ་བླངས། །སེམས་ཅན ་སྣ་ཚོགས་རྒུད་གྱུར་པ་ལས་ང་ཡི་སྙིང་རྗེས་འཕེལ། །གལ་ཏེ་སེམས་ཅན་མི་སྐྱོད་སུ་ཡི་དོན་དུ་བསྒྲུབ་པར་བྱ། །གལ་ཏེ་སྲོག་ཆགས་འཁོར་བར་སྡུག་བསྔལ་དུ་མས་བཅོམ་མིན་ན། །སྐྱེ་བ་ལེན་ཅིང་སྡུག་བསྔལ་ཉམས་མེད་སུ་ཕྱིར ་བདག་གིར་བྱེད། །བདག་ཉིད་ཆེན་པོ་འཁོར་བའི་རྒྱན་གྱིས་བདེ་བར་གཤེགས་པ་འདི། །གལ་ཏེ་སེམས་ཅན་དགའ་ཕྱིར་མིན་ན་ང་ལ་འདི་སུའི་ཕྱིར་བསྒྲུབས། །ང་ཡི་བསྟན་པ་ཇི་སྲིད་འགྲོ་བ་འདི་ན་གསལ་སྣང་བ། །དེ་སྲིད་གཞན་ལ ་མཆོག་ཕན་བདག་གཞན་མཉམ་པར་གནས་པར་གྱིས། །ང་ཡི་སེམས་ཅན་དོན་དུ་རབ་མཉམ་སྐྱོ་མེད་སྦྱོར་རྣམས་ལ། །སྐྱོ་བར་བྱེད་པའི་ལུས་འདི་ཟས་ཀྱིས་གསོས་ཀྱང་སྙིང་པོ་མེད། །བ་ཚྭའི་ཆུ་ཀླུང་ཞེས་བྱ་བའི་མདོ་ལས་འབྱུང ་བ། །སེམས་ཅན་མགུ་པར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱུང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷཱ་ཀ་ར་བརྨ་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་སཔཏ་ཏི་ནཱ་མ་གཱ་ཐཱ། བོད་སྐད་དུ། སྨོན་ལམ་བདུན་ཅུ་པ། ཞེས་བྱ་བའི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་དཔག ་