| Wylie | e-texts based on the ACIP/ALL Input |
མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏྲ་ཤྲི་བྷ་དྲ་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བི་པ་ཀ་ཀ་ཐཱ། བོད་སྐད་དུ། དབེན་པའི་གཏམ། བྱང་ཆུབ ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་རྙེད་པའི་བདེ་བ་འདོད་རྣམས་ཀྱིས། །འཆོལ་པ་སྤྱོད་པ་རྣམས་ནི་མཐོང་གྱུར་ནས། །རབ་ཏུ་དབེན་པ་ཡང་དག་བསྟེན་པ་ཡིས། །དགེ་སློང་འདི་སྐད་ཚིག་ཏུ ་བརྗོད་པ་སྨྲ། །ཕོངས་པ་སྤང་ཕྱིར་དེ་བཞིན་གཤེགས་པ་ཡིས། །རབ་བསྔགས་ཞི་བའི་དབང་བསྐུར་ཉེར་བླངས་ནས། །དཀའ་ཐུབ་ཁྱིམ་དང་འདྲིས་པས་རབ་ཆགས་པའི། །ཕོངས་ཉིད་རྒལ་དཀའ་བྱིང་བ་ཇི་ལྟར་རུང། །འཕགས་པ་འགྲན་མེད ་ཤིང་དྲུང་གནས་ནས་ནི། །འགྲོ་བའི་སྐྱེ་དང་འགག་པ་མཐོང་བ་ན། །ཞི་བའི་བདེ་བ་ཡོངས་སྨིན་ཆེ་དགེ་བ། མི་ལས་ཤིན་ཏུ་འཕངས་པ་ཐོབ་པར་འགྱུར། །སེམས་ཀྱི་རྣམ་པར་འཆིང་བ་གཉེན་པོ་ཡི། །སྟོབས་ཀྱིས་བསལ་བས་སྐྱེ ་བྲལ་ནགས་དག་ཏུ། །རྣལ་འབྱོར་ཉེར་ཞིའི་བདུད་རྩིས་ཚིམ་གྱུར་པས། །བདེ་བར་གཉིད་ལོག་པ་དང་སད་པར་འགྱུར། །མཚན་མོ་ཟླ་བའི་སྣང་དང་རབ་གསལ་བའི། །སྐབ་མའི་མེ་ཏོག་བཀྲམ་པར་ཉེར་མཆོད་པས། །དགོན་པ་བསྟེན ་བའི་ཡིད་ནི་ངེས་ཞི་བའི། །ལྷག་པར་དགའ་བ་དག་ནི་སྐྱེ་བར་འགྱུར། །གང་དུ་དགེ་སློང་དབེན་པའི་རྒྱུ་མཚན་གྱིས། །ཁ་ན་མ་ཐོ་མེད་པ་ཞི་འགྱུར་བདེ། །གང་དུ་ཡོ་བྱད་ཡང་དག་བསྟེན་ཆགས་པས། །སེམས་ནི་སྣ་ཚོགས་ཕོངས་པས་གདུངས ་པར་འགྱུར། །ཇི་ལྟར་ཆུ་ཤིང་སྨྱུག་མ་འོད་མ་དག་།འབྲས་བུ་བྱུངས་ནས་རང་ཉིད་འཇིག་པ་སྟོན། །དེ་བཞིན་དཀའ་ཐུབ་ཁྱིམ་ལས་རྣམ་གྲོལ་ནས། །བདག་ཉིད་ཟིལ་གྱིས་གནོན་ཆགས་མཐོང་བར་འགྱུར། །ས་ཡི་རྡུལ་གྱིས་གོས་པའི་རི་དགས་དག་།རྩཱ ་དང་འདབ་མ་ཙམ་ཞིག་སྒྲུབ་བྱེད་ལྟར། །སེམས་ནི་དབེན་པར་གཞོལ་བར་འདོད་འགྱུར་གྱི། །གླིང་བཞིའི་ཕུན་ཚོགས་རྒྱ་ཆེན་དག་ལའང་མིན། །ཤིང་དྲུང་འབབ་ཆུ་བསྟེན་པའི་དཀའ་ཐུབ་དག་།ཡོངས་སུ་འཛིན་པ་དག་ནི་རྣམ་སྤངས་ནས། །རང་སེམས ་ཅན་དང་རབ་ཏུ་འབྲེལ་བ་ཡི། །བདེ་འབྱུང་གང་དེ་རྒྱལ་པོ་རྣམས་ལ་མེད། །ལྗོན་ཤིང་སྔོན་པོའི་རྩེ་མོ་རླུང་དག་གིས། །རྣམ་གཡོ་ཕྲ་ལ་སྙོམས་པའི་ཆར་འབབ་པའི། །མི་གཡོ་རྣམ་བརྟགས་རི་ཡི་སུ་ལ་གནས་ནི། །དགེ་སློང་མཚན་མོ་དགའ་བ་སྐྱེད ་པར་བྱེད། །རྙོག་ཅན་འདོད་པ་འདྲིས་པས་ཕོད་པ་ཡི། །བདག་བསྙེན་པ་ཡི་ཆགས་སྤངས་བལྟོས་མེད་ཅིང། །སྐྱེ་བྲལ་ནགས་གང་ཡིན་པར་དགའ་བྱ་ཡི། །དགེ་སློང་གྱུར་ནས་དོན་མེད་གྱུར་མི་བྱ། །དགེ་སློང་རྟགས་ནི་བདག་ཉིད་གནོད་མེད་པར། །ཉེར ་བླངས་གང་ཞིག་སྒྲུབ་པར་མི་བྱེད་ཅིང། །དམན་ལ་ཡོངས་སུ་འཛིན་པའི་འདམ་བྱིང་བ། །དེ་ནི་འཚོ་བའི་འཇིག་རྟེན་བསླུ་བྱེད་ཡིན། །ཆུ་དང་རྡོ་ཁུ་རྩ་བ་མེད་པ་ཡི། །ས་དབང་འཛེགས་ནས་མི་བཟད་གཡང་དག་ཏུ། །རྟོགས་དང་ལྡན་པས་ཤི་བ ་བཟོད་བྱ་ཡི། །བསླབ་པ་ཡོངས་སུ་ཉམས་པས་འཇུག་མི་བྱ། །རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་སུ། །རིན་ཆེན་ཁུར་གྱིས་གྲུ་དག་ནུབ་པ་བཞིན། །ཁྱིམ་དང་འདྲིས་པའི་རྙེད་ཆགས་ཁུར་དག་གིས། །གང་ཟག་མཆོག་བརྟན་རྒྱ་ཆེན ་སྣུབ་པར་བྱེད། །ནགས་ན་བརྟེན་པའི་ཞི་བའི་ཡིད་དག་ནི། །གཞོན་ནུ་མ་ཡི་འགྲོ་བས་དཀྲུགས་མཚོན་པས། །གཉེན་པོ་ཇི་བཞིན་བདག་ཉིད་ཞི་འདོད་རྣམས། །སྡོམ་ཅན་རབ་ཏུ་དབེན་ཉིད་ཡང་དག་རྩོམ། །ཡུལ་གྱི་རོ་ཡི་དུག་གིས་ཉེར་གདུངས ་བློ་ཅན་དག་།ཆགས་པ་ཉུང་ངུ་དག་གིས་གདུངས་གྱུར་ན། །དེ་དག་ཡོངས་སུ་སྤོང་ལ་བརྩོན་མེད་པའི། །དཀའ་ཐུབ་ཀྱི་ཧུད་ཨེ་མའོ་རབ་ཉམས་འགྱུར། །སྡོམ་ཅན་རྐང་པས་འགྲོ་ཞིང་འཇོག་པ་ལྟར། །དེ་ལྟར་འདྲིས་པས་འདོད་པ་འཕེལ་འགྱུར་ཏེ། །རང ་རླབས་ཆབ་དོགས་མངོན་བརྡབས་འཇིགས་རུང་བ། །སྤྲིན་ཆེན་ཆར་གྱིས་ཡ་མུ་ན་བཞིན་ནོ། །དཀའ་ཐུབ་ཇི་ལྟར་དམན་པ་དག་ལ་ཡང། །འདོད་ལྷའི་དབང་གིས་རྗེས་སུ་ཞུགས་གྱུར་པ། །དེ་ལྟར་རང་ལག་གིས་དྲངས་ཕུན་སུམ་ཚོགས། །རྒྱ་ཆེན་ཁྱིམ ་ལ་ཁྱིམ་པ་ཆགས་པ་མེད། །རང་གི་ཁྱིམ་དང་གདོང་དག་མཆི་འཛགས་པར། །བརླན་པའི་གཉེན་དག་སྤངས་པར་གྱུར་ནས་ནི། །དམན་པ་གཞན་གྱི་ཁྱིམ་ལ་ཆགས་པ་ཡི། །རབ་བྱུང་འདི་ལ་ཤིན་ཏུ་ངོ་ཚ་མེད། །ཐར་པ་འདོད་གང་རང་ཁྱིམ ་སྤངས་ནས་ནི། །མི་ཤེས་གཞན་གྱི་ཁྱིམ་དག་འདོད་བྱེད་པ། །རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་ལས། །བདག་ཉིད་བརྒལ་ནས་གླང་རྗེས་བྱིང་དང་མཚུངས། །སྡིག་པ་སྤོང་བྱེད་དེ་བཞིན་གཤེགས་པ་ཡིས། །གནང་བའི་སྒྲུབ་པ་དག ་གིས་འདི་རྟགས་གང། །དམན་པའི་ནོར་ལ་འདོད་པའི་སྲེད་པ་ཡིས། །གཞན་ཁྱིམ་ལ་ཆགས་དྲི་མ་ཅན་དུ་གྱུར། །ཆུ་བོ་ནི་ལུ་ཙ་ཡི་མེ་ཏོག་ལྷུང་བའི་དུམ་བུས་མཛའ་མར་བྲིས། །བྱེ་མ་དཀར་པོའི་དོགས་དང་ངང་པ་ཀ་དམ་པ་དག་གནས།། ་ནགས་ཀྱི་གླང་ཆེན་ཁྱུ་དག་རྩེ་བས་ཐ་དད་འཐོར་རླབས་ཅན། །དགོན་གནས་བརྟུལ་ཞུགས་ཅན་ལ་དགའ་བ་རབ་ཏུ་སྐྱེད་པར་བྱེད། སྲིད་པའི་ལོངས་སྤྱོད་དོན་དུ་གཉེར་བའི་ཡིད་དག་རྣམ་བསལ་ནས། །མ་བརྩམས་ཡིད་འོང་བདེ་བ ་བསྟེན་པ་རྣམས་ཀྱི་གནས་སྐབས་ནི། །པདྨ་ཁ་ཕྱེ་བཞིན་དུ་དཀའ་ཐུབ་རང་གི་གྲགས་པ་ཡིས། །འཇིག་རྟེན་ཡོངས་སུ་དགའ་བ་རབ་སྐྱེད་ཀུན་ཏུ་དཔེ་ལས་འདས། །དཀའ་ཐུབ་རིང་དང་ཉེ་བའི་ཤིང་རྩ་རབ་ཡངས་དང་འབྲེལ་བར། །གནས་པའི་ཚིམ ་བུ་མི་སྙོམས་ལྷོང་པའི་སྲུབས་པར་ལ་ཆགས་པའི། །བ་མོའི་དུམ་བུ་གོས་པ་ཐོ་རངས་ཉི་མའི་འོད་ཟེར་གྱིས། །ལག་པ་དག་གིས་ཉུལ་བ་བཞིན་དུ་རྣམ་པར་སྐེམས་པར་བྱེད། །ཁོང་སྟོང་ཤིང་དྲུང་རླུང་ནི་རྒྱུ་གྱུར་ཁ་བའི་ཚོགས་ཆེན་འབབ། །མདངས ་ཟད་རབ་རྩུབ་ལོ་མ་དག་གིས་གདུ་བུ་བཞིན་བསྐོར་བའི། །འདོད་པ་ཀུན་སྤངས་ཤེས་རབ་རྣོ་བའི་བརྟུལ་ཞུགས་ཅན་དག་ལ། །མཚན་མོ་རྣམ་པར་སྐྱོ་བ་དག་ནི་སྐྱེད་བར་མི་བྱེད་དོ། །ཤིང་གི་ལོ་མའི་མཛའ་མལ་ཆགས་པ་མོའི་ཆུ་དག་གིས། །དུམ ་བུ་ཉི་མ་འཆར་ཚེ་མདོག་གྱུར་ནོར་བུ་དང་འདྲ་བའི། །ཐིགས་པ་དག་ནི་ཤིང་དྲུང་དག་ན་གནས་པའི་དགེ་སློང་ལ། །འགྲོ་བའི་སྐྱེ་དང་འཇིག་པ་ཇི་བཞིན་རབ་ཏུ་སྟོན་པར་བྱེད། །རབ་ཞིའི་བདེ་རོ་ཤེས་པས་འཁོར་ལོས་སྒྱུར་བའི་དཔལ་འབྱོར་ཡང།། ་ཡོངས་སུ་སྤྱད་པས་བརྙིངས་པའི་མེ་ཏོག་ཕྲེང་བཞིན་རྣམ་སྤངས་ནས། །ལང་ཚོ་རང་བཞིན་གྱིས་གཡོ་ངང་ཚུལ་ཅན་དག་ཡོལ་བྱས་ཏེ། །དགོན་པར་རི་དགས་འདྲར་འཆི་ཞི་བའི་སེམས་ནི་བསྟེན་པར་བྱ། །འདོད་པ་ལ་འཛིན་ཕྱིན་ཅི་ལོག་པའི ་སེམས་ལ་ཀུ་མུ་དའི། །དུམ་བུ་ལྟར་དཀར་མི་ཐོང་སོ་དང་འབྲེལ་བས་ཉེར་དགོད་དང། །རླུང་གིས་བུས་པའི་རོ་བསྲེགས་མེ་ཡིས་ཉེ་འཁོར་ཤིང། །བསྲེགས་པའི་དུར་ཁྲོད་དཀའ་ཐུབ་གཅིག་པུ་ལ་ནི་མཚན་མོ་དགའ་བ་སྐྱེད་པར་བྱེད། །ལྗོན ་ཤིང་ཚོགས་དག་རྒྱ་ཆེས་རི་ཡི་རྩ་བ་སྔོར་གྱུར་ཅིང། །རྡོ་བས་ཁྱབ་དང་བསིལ་བ་རབ་ཏུ་དང་བའི་ཆུ་འཛག་འབབ། །རྨ་བྱ་རབ་དགའ་སྒྲ་ཡིས་ཁྱབ་པའི་རི་སུལ་ནང་དུ་ནི། །ཁྱིམ་དུ་འཆི་བའི་སྐྱེ་བའི་སེམས་ནི་རབ་ཏུ་དགའ་བར་བྱེད། །འགྲོ ་པའི་དོན་མ་བྱས་པའི་འཆི་བར་གྱུར་བ་ཁྱིམ་དག་ལ། །དགའ་བ་དག་ལས་དབེན་པ་མཆོག་ལ་སློབ་བྱེད་སེམས་ཅན་མཆོག་།རྫོགས་པའི་བྱང་ཆུབ་སེམས་ནི་རྙེད་གྱུར་ཕ་རོལ་ཚོགས་འཐོབ་པས། །སྲིད་པའི་དུག་གི་སྡོད ་པོའི་རྩ་བ་བརྟན་པོ་འབྱིན་པར་བྱེད། །ནགས་ཚིག་པ་ཡི་བྱ་དང་འདྲ་བར་སྡུག་བསྔལ་བརྒྱ་ཡི་གཞིར་གྱུར་པའི། །ཁྱིམ་གང་ཡིན་པ་ཡོངས་སུ་སྤངས་ནས་གནས་སུ་འགྲོ་བྱེད་པ། །དེས་ནི་སྲིད་པའི་གཉིད་རབ་བསལ་པ་འགྲོ་བ་ཀུན་གྱི་མགོན། ། ་སངས་རྒྱས་རབ་ཏུ་མཉེས་བར་བྱེད་པ་ཡིན་ཞེས་དེ་སྐད་གྲགས། །མར་རྒད་སྔོན་པོ་དང་འདྲ་ནེའུ་སིང་གི་ཚོགས་དག་ནི། །ཤིང་རྩ་ཉེ་བར་བཀོད་དང་ཡལ་ག་མེ་ཏོག་གིས་བསྐོར་བའི། །ཞི་བའི་ནགས་མཛའ་ཀྱེ་མའོ་དགེ་སློང་མཆོག་གིས ་སྤོང་བྱེད་པ། །བསད་ཕྱིར་རྔོན་པའི་གླུ་ཡིས་དྲངས་པར་གྱུར་པའི་རི་དྭགས་མཚུངས། །འཕགས་པའི་བཞེད་པ་བདེ་བར་གཤེགས་པའི་ལམ་གྱི་རྗེས་འབྲངས་ནས། །ནགས་དང་འདྲ་བར་ཁྱིམ་ན་རང་གི་དོན་དག་སྒྲུབ་བྱེད་ཀྱང། །རྣམ་པར ་འཚེ་བ་རང་བཞིན་གྱིས་མེད་ནགས་ནི་དབེན་པ་ཡིས། །སེམས་ཀྱི་འཆིང་བ་དག་ནི་འབད་པ་མེད་པར་གཅོད་པར་བྱེད། འདོད་ཆགས་གང་དག་དེ་ལ་འགོས་པར་འགྱུར་བས་ཀུན་འཕེལ་ཞིང། །ལེགས་སྤྱད་ཐུབ་པའི་བསྟན་པ་དག་ཀྱང ་ཉམས་བྱས་ནས། །མེ་དཔུང་རབ་ཏུ་འབར་བ་རྒལ་དཀའ་ཨི་ཁོངས་ནི་མཐར་ཐུག་པའི། །ངན་སོང་དག་ཏུ་དགེ་སློང་བདེ་ཆུངས་ལ་ཆགས་འགྲོ་བར་འགྱུར། །གང་ཞིག་ཉེས་པ་མ་ལུས་གདུང་བ་ཟད་བྱེད་སངས་རྒྱས་པའི། །ལེགས་པར ་བཤད་པ་ཁས་བླངས་ནས་ནི་ངན་འགྲོར་ངེས་འབྱིན་པ། །ུཏཔལ་སྔོན་པོའི་སྙིང་པོའི་དྲི་མཆོག་དག་དང་ཆུ་དུམ་བུ། །སར་ལ་བསིལ་ལྡེན་གླུང་གིས་དེ་དག་ཇི་ལྟར་ཚིམ་པར་འགྱུར། །སར་ས་ཡི་སྒྲ་ནི་རང་བཞིན་སྙན་པའི་ཀུན་དབྱངས ་དག་།ལྡོག་པ་མེད་པར་སྒྲོགས་པར་གྱུར་པས་ཕྱོགས་རྣམས་ཁྱབ་གྱུར་པས། །བརྟུལ་ཞུགས་ཅན་གྱིས་འགྲོ་དང་གནས་པ་དག་ལས་དུབ་སྐྱེས་དང། །ལུས་ལྷོད་གྱུར་པའི་མཚན་གྱི་གུང་ཐུན་གཉིད་དག་སད་པར་བྱེད། །རང་གི་འོད་ཀྱི་དཀྱིལ་འཁོར་གྱིས་སྨྲས ་ཡོངས་སུ་གནས་པ་ཡིས། །ཟླ་བའི་འོད་ཟེར་ཚོགས་ཀྱིས་དཔལ་འཇོམས་ཤིན་ཏུ་ཟིལ་གནོན་པས། །དགེ་བའི་རྩ་བ་ཉེར་བསགས་སྐལ་ལྡན་འཇིག་རྟེན་ལ་གཟིགས་ཤིང། །རང་འབྱུང་འཕགས་པ་མཆོག་གིས་དགོན་པ་དེ་ཡང་བསྟེན་པར་མཛད། ་ཅི་སྟེ་གང་ཞིག་ནང་གི་དགྲ་ལས་ངེས་རྒྱལ་བྱ་བ་བྱས་པ་ཡི། །སྟོན་པ་འཇིག་རྟེན་མཛའ་གཟིགས་དེ་ཡང་ནགས་དག་བསྟེན་མཛད་ན། །ཡང་དག་རྟོག་མེད་སྐྱེ་བོ་མི་གཙང་འདམ་དུ་བྱིང་གྱུར་པའི། །སྡོམ་ཅན་བཞི་འདོད་བདེ་གཤེགས་རྗེས་སུ ་ཅི་ཕྱིར་འཇུག་མི་བྱེད། །བདག་ཏུ་ལོག་པར་འཛིན་པར་གྱུར་པས་ཉིན་དང་མཚན། །སྲིན་བུས་ཇི་བཞིན་རྣམ་རྟོག་སྡིག་ཅན་དག་གིས་ཟོས་པས་ན། །ཉོན་མོངས་རྣག་གིས་ཉེར་གོས་ཞི་བའི་ཆུ་ཡི་བུམ་པ་ཡིས། །བཀྲུས་པ་བཞིན་དུ་སེམས་ནི་སྐྱེ ་བ་མེད་ནགས་བསྟེན་པར་གྱིས། །འབྲས་བུའི་ལྕིད་ཀྱིས་ཡལ་ག་གུག་པའི་མཛའ་མ་ལོ་མ་ཡིས། །གསལ་གྱུར་ལྕུག་མ་མེ་ཏོག་ཁ་བྱེའི་དགའ་བྱེད་རྒྱུད་ལྡན་པའི། །ནགས་ཀྱི་ཤིང་ནི་དགེ་སློང་ཕོངས་བྲལ་བརྟན་པ་ལ། །མཛའ་བོ་བཞིན ་དུ་ཤིན་ཏུ་དབུགས་ནི་འབྱིན་པར་བྱེད། །ཟླ་བ་ཤར་བ་ཁ་བ་འབབ་པས་བསྒྲིབས་པས་འགོག་འགྱུར་བའི། །དགུན་གྱི་མཚན་མོ་དག་ནི་རབ་ཞི་བདེ་བ་འདོད་རྣམས་ཀྱིས། །རྣལ་འབྱོར་རྩཝ་ཡི་སྟན་ལ་དགའ་བ་དག་ལ་ཐོ་རངས་དག་།ནགས་ཀྱི་ཤིང ་ན་ཡིབ?་པའི་བྱ་ནི་འདྲི་བར་བྱེད། །ཤིང་དང་ཉེ་བའི་རི་རྐེང་དག་ཏུ་མི་གཡོ་སྐྱིལ་ཀྲུང་བཅས། །མེ་ཏོག་གིས་སྐོར་རབ་དགའ་ཨི་བླུང་གིས་གཡོ་བར་བྱེད་པ་ན། །འགྲོ་གཉེར་སྲིད་གསུམ་རྣམ་རྒྱལ་དུས་ན་བྱང་ཆུབ་སྙིང་པོ་ཡི། །གདན་ལ་བཞུགས ་བཞིན་སྡོམ་ཅན་མཚན་མོ་རྗེས་སུ་སྒྲུབ་པར་བྱེད། །དམན་པའི་འགྲོ་བའི་སེམས་ཀྱི་རེག་བྱས་དྲེགས་པའི་ཆགས་པ་དག་།འདོད་པ་དོན་དུ་གཉེར་བ་རྣམས་ཀྱི་ཁྱད་པར་སྤངས་ནས་ནི། །འཕགས་པས་རྗེས་ཆགས་བསྟན་པ ་མི་སྣང་འཆིང་བ་འཇིག་བྱེད་པའི། །འདོད་པ་ལྷག་མ་མེད་པར་དགའ་བཞིན་ནགས་སུ་ཞི་བར་བྱ། །སྐྱེ་དང་འཆི་དང་ན་བའི་སྡུག་བསྔལ་མཐར་ནི་མ་བྱས་པར། །སྲིད་པའི་རྒྱ་མཚོ་དག་ཏུ་བྱིང་འགྱུར་བག་མེད་ན་བྱེད་ཅིག་།མཐར་བྱེད་ཀུན་གྱི་སྲོག ་ཀྱང་འཕྲོག་པར་བྱེད་པ་གང་འདི་ནི། །རྒྱུན་མི་འཆད་པར་འགྲོ་ལ་སྟ་རེའི་སོ་དག་འདའ་བར་བྱེད། །ས་འཛིན་པ་ཡི་ཆུ་བོའི་ཚོགས་དག་འབབ་བལྟ་བུ་ནི། །ཆོས་ཀུན་གནས་པའི་རང་བཞིན་རྗེས་སུ་ཤེས་ནས་ནི། །རོ་ལ་སེམས་ལྡན་གཞན་ལས ་དམ་པས་ལེགས་པར་འགྲོ་བ་ཡི། །སྲིད་ལ་ཆགས་བྲལ་རབ་ཞི་དགའ་བ་དག་ལ་བསྟེན་པར་གྱིས། །སྨྲ་བ་ཙམ་ནི་ནུས་སུ་ཟིན་ཀྱང་ཚིག་ལ་གནས་པའང་གྲུབ་མེད་དེ། །སྐྱེས་བུ་ཚིག་དག་སྙིང་པོར་བྱེད་པ་སྟོན་གྱི་ཆུ་བྲལ་སྤྲིན་དང་མཚུངས།། ་གང་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་སྒྲུབ་པ་སྙིང་པོ་ཉིད། །དེ་ཕྱིར་དེ་ཉིད་ལ་འཇུག་བློ་གྲོས་མཆོག་ཡིན་བཟོ་ཡི་ཚིག་ལ་མཁས། །ཀུན་ནས་ཉོན་མོངས་དགྲ་འདི་ཡིས། །བདག་ཉིད་བྲན་དུ་གྱུར་པ་སྟེ། །དེ་བས་བདག་སེམས ་ཞི་བྱེད་ཅིང། །རང་ཉིད་ཡོངས་སུ་སྨྲེ་བར་བྱེད། །དབེན་པའི་གཏམ་སློབ་དཔོན་ཆེན་པོས་འཚོ་བྱིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས ་ཀྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཕྱིར་སྐུ་གཟུགས་མཆོད ་