| Wylie | e-texts based on the ACIP/ALL Input |
བུ་མེད། །མི་ཁོམ་པ་བརྒྱད་ཀྱི་གཏམ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲེ་ཨ་ཛི་ཏ་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སུ་བྷ་ཥི ་ཏ་རཏན་ཀ་ནཎྜཱ་ཀ་ཀ་ཐཱ། བོད་སྐད་དུ། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་གླང་ཆེན་མཆོག་འདྲའི་སེམས་ནི་ལྕགས་ཀྱུས་མ་ཡིན་ཡེ་ཤེས་ལྕགས ་ཀྱུས་བཏབ། །འདོད་ཆགས་མུན་པའི་སྨག་ཚོགས་མེ་ཡི་མ་ཡིན་ཡི་ཤས་མེ་ཡེས་མ་ལུས་བསྲེགས། །བདུད་ཀྱི་སྟོབས་རྣམས་མཚོན་ཆས་མ་ཡིན་བློ་གྲོས་རབ་ཞི་བཟོད་པའི་མཚོན་གྱིས་བཟློག་།གུས་ལ་བསྒོམ་པ་ཞི་མཛད་སངས་རྒྱས་མཁྱེན ་པ་རབ་རྒྱས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །དཀའ་བ་བརྒྱ་ཡིས་རྙེད་པ་ཡི། །མི་རྣམས་ཐོབ་པའི་ཁོམ་པ་དཀོན། །ཟློགས་པ་མེད་པའི་འཆི་བདག་ནི། །རྟག་ཏུ་མདུན་ན་གནས་པས་ན། །གང་གིས་དུལ་སྦྱིན་ཡང་དག་སྡོམ། །རྒྱགས་ཚགས་མང་པོ ་མ་བསྔོགས་པ། །མི་བཟད་འཁོར་བའི་མྱ་ངམ་དུ། །འགྲོ་བ་དེ་དག་སྡུག་བསྔལ་ཐོབ། །མི་རྣམས་ཐོབ་པ་རྙེད་དཀའ་བ། །བར་སྣང་གློག་འགྱུ་ལྟ་བུ་ཡིན། །སྲིད་པ་ཟད་བྱེད་མཁས་པ་ཡིས། །སྲིད་པ་རྣམས་སུ་ཕན་པ་བྱེད། །ཡང་དག་མི་ཉིད་ཐོབ་པ ་ནི། །གློག་དང་དབའ་རླབས་མི་བརྟན་པས། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །བསོད་ནམས་རྗེས་སུ་སྐྱེས་བུས་བསྟེན། །ད་ལྟར་མི་རྣམས་ཐོབ་པ་ལྟར། །གང་གི་མཐུ་ཡིས་ཕྱིས་ཀྱང་འཐོབ། །བསོད་ནམས་མཆོག་ནི་གང་ཡིན་པ། །དེ་ནི་བདེ་བའི ་རྒྱུ་ཡིན་ཏེ། །གཟུགས་དང་གཏོང་བ་རིགས་མཐོ་སོགས། །ཡོན་ཏན་སྣ་ཚོགས་ལྡན་པར་འགྱུར། །བསོད་ནམས་དེ་ཉིད་མཛའ་བོ་གཅིག་།འཁོར་བ་ཀུན་ཏུ་འགྲོ་བའི་གཉེན། །དེ་ལྟར་འདིས་ནི་བསོད་ནམས་ཀྱིས། །ཕྱི་ཕྱིར་ཡོན་ཏན་ཕུན་སུམ ་ཚོགས། །གང་ཚེ་དཔལ་གནས་ཐོབ་བསྟེན་པས། །དེ་བསྔགས་འཇིག་རྟེན་བདག་པོ་ཉིད། །ཕན་པའི་ཕྱོགས་སུ་འདྲེན་བྱེད་པ། །བསོད་ནམས་དེ་ཉིད་སྤེལ་བར་གྱིས། །བསོད་ནམས་ཆེ་གྱིས་སྡིག་དགའ་སྤོངས། །ཡུལ་ལ་གཡོ་བ་ཡིན་གྱི ་རྟ། །རྟག་ཏུ་ཕྱིན་ཅི་ལོག་ཞི་གྱིས། །དུག་སྟོབས་མི་བཟད་འཆི་སྤྲུལ་གྱིས། །སོས་མ་བཟུང་བའི་བར་དུ་ནི། །རྟག་ཏུ་ཁྱེད་ཀྱིས་ཐུབ་དབང་བཞིན། །གཞན་ཕན་ལ་ནི་མངོན་དགའ་གྱིས། །བསོད་ནམས་ལ་སྤྲོ་བ་བསྐྱེད་པའི་གཏམ་སྟེ་དང་པོའོ།། །། ་རྒྱ་མཚོ་གཉའ་ཤིང་བུ་ག་རུ། །རུ་སྦལ་མགྲིན་པ་ཆུད་པ་བཞིན། །ཡུད་ཙམ་འཛོམ་པ་ངོ་མཚར་ཆེ། །མ་བརྟན་འདི་ལ་ཡང་དག་སོམས། །རབ་ཏུ་ཞི་བའི་གྲོང་ཁྱེར་ལམ། །ངན་སོང་འཇིགས་པ་འཇོམས་བྱེད་པ། །དེ་ནི་ཐུབ་པའི་དབང་པོའི ་གསུང། །སྐད་ཅིག་ཙམ་ཡང་ཐོབ་པ་དཀའ་། །མི་ཁོམ་བརྒྱད་ཀྱི་ཉེས་སྤངས་མི། །གང་ཞིག་དཀོན་ལ་བསྐལ་པ་བརྒྱས། །ད་ལྟར་བདེ་ཐོབ་མཁས་པ་ཡིས། །དམ་ཆོས་མཉན་པ་འདིར་འབད་བྱ། །དམྱལ་བ་ཡི་དགས་འགྲོ་བ་དང། །དུད ་འགྲོ་དབང་པོ་མ་ཚང་བ། །འཆི་མེད་བླ་མ་མཛའ་ཁོབ་སྐྱེས། །ལོག་པར་ལྟ་བ་སོལ་བ་དང། །ཐུབ་དབང་གསུང་རབ་བདུད་རྩི་ནི། །སྐྱེས་བུ་མཁས་པས་འཐུང་ནུས་པ། །ཤེས་རབ་འོད་མངའ་ཐུབ་དབང་ཉིད། །མ་ཤར་བར་དུ་ཡོད་མ ་ཡིན། །དེ་ཕྱིར་བྱ་མིན་སྤངས་ནས་ནི། །བདག་གི་བྱ་བ་ཀུན་ཤེས་པས། །འཕགས་མཆོག་དམ་ཆོས་མཉན་པར་བྱ། །ཆོས་འདི་ལ་ནི་གང་འབད་པ། །དེ་ལ་ཡོན་ཏན་ཀུན་ཡོད་འགྱུར། །ཐུབ་དབང་གསུང་ལ་རིན་ཆེན་འབྱུང། །མཁས ་པ་འདི་ཡིས་ཐོག་མར་དགའ་། །དེ་ནི་གང་གིས་ཐོས་པས་ཀྱང། །རབ་ཏུ་སྟོབས་ལྡན་བརླིང་བ་ཡིས། །མུན་པའི་ཚོགས་ནི་འཇོམས་པར་བྱེད། །བསམས་ཤིང་བསྒོམས་ནས་མཐར་ཐུག་གསལ། །འཇིག་བཅས་སྐྱེ་བ་འཁོར་བའི ་རྒྱུན། །ཉོན་མོངས་མ་ལུས་རིམ་གྱིས་སྤོང། །ཐམས་ཅད་ཕུན་སུམ་ཚོགས་རྟག་པའི་གཏེར། །མི་བཟད་འཁོར་བའི་རྒྱུན་འཇོམས་ཤིང། །བླ་ན་མེད་པའི་དགའ་བ་དེ་འཐོབ། །ཐོས་པས་འདིར་ཡིད་དྲི་མ་མེད། །དེ་ལྟས་ཐུབ་དབང ་གསུང་འདིས་སོམས། །ཆོས་ཉན་པ་ལ་སྤྲོ་བ་བསྐྱེད་པའི་གཏམ་སྟེ་གཉིས་པའོ།། །།གང་ཞིག་ཐོབ་ནས་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་སྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག་།ཡིད་བཞིན ་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །གང་ཞིག་དགེ་བས་ཕྱུག་པའི་མི། །བསྐལ་པ་གྲངས་མེད་ཀྱིས་ཐོབ་ན། །འདིར་ནི་རྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ ་ཡང་མི་སོག་པ། །དེ་དག་འཇིག་རྟེན་ཕ་རོལ་ཏུ། །མི་བཟད་མྱ་ངན་ཁང་པར་འཇུག་།རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟེང་པར་རང་ཁྱིམ་བཞིན། །དགེ་བཅུའི་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་འཐོབ་མ་ཡིན། །མི ་མ་ཐོབ་པར་དེ་བར་ནི། །ཅི་ལྟར་དེ་བདེ་སྡུག་བསྔལ་ཉིད། །དེ་ལས་ཕ་རོལ་སླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། །འདི་འདྲའི་ཁོམ་པ་ཐོབ་ནས་ནི། །བསོད་ནམས་ཚོགས་ནི་མི་སོགས་པ། །སྐད་ཅིག་གཅིག་ལས ་སྡིག་སྤྱད་ནས། །མནར་མེད་པར་ནི་བསྐལ་པར་གནས། །སྐྱེ་བ་དུ་མར་སྡིག་སྤྱད་པས། །བདེ་འགྲོ་དཀའ་ལྟ་ཅི་ཞིག་སྨྲོས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་།བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ནི་ཤིན་ཏུ་ཐོབ་དཀའ་བར། ་དེ་སྐད་བཅོམ་ལྡན་འདས་ཀྱིས་གསུངས། །མིའི་སྐྱེ་བ་དཀོན་པའི་གཏམ་སྟེ་གསུམ་པའོ།། །།ཟས་སྐོམ་མལ་སྟན་གོས་མཆོག་དང། །ཕྲེང་བ་གནས་དང་རྒྱན་རྣམས་དང། །གྲགས་པ་ཡོན་ཏན་ཁྱད་འཕགས་པ།། ་དེ་ཀུན་སྤྱིན་ལས་བྱུང་པར་གསུངས། །ངག་སྙན་མཛེས་དང་ལོངས་སྤྱོད་ལྡན། །ཁྱད་པར་འཕགས་གཟུགས་ཡངས་པ་དང། །ཚིག་སྙན་གཟི་ལྡན་ཡིད་འོང་དག་།གྲགས་དང་ནད་མེད་ཚེ་དག་སྟེ། །ཡིད་འོང་སྡུག་པ་དེ་དང་དེ།། ་སྦྱིན་པ་རྣམས་ཀྱི་འབྲས་བུ་ཡིན། །རྟ་དང་ངར་དང་གླང་པོ་དང། །རྔ་ཡབ་གདུགས་དང་མེ་ཏོག་ཚོགས། །ཁང་བཟངས་མཛེས་དང་རོལ་མོར་བཅས། །སྒྲ་སྙན་རོལ་མོར་དང་ལྡན་ཞིང། །མེ་ཏོག་ཕྲེང་ལྡན་བུད་མེད་དང། །ཟས་དང་རིན་ཆེན་ཕྲེང་བ ་གནས། །གུར་ཀུམ་གྲོང་ཡུལ་ལྷ་ཡི་གནས། །རྫོགས་སངས་ཉིད་དང་སངས་རྒྱས་ཏེ། །སྦྱིན་པ་དཔག་བསམ་ལྗོན་ཤིང་གི་།འདི་དག་འབྲས་བུ་ཡིན་པར་གསུངས། །ུཏཔལ་སྔོན་པོའི་མདབ་མ་འཇམ། །དཀྱུས་རིང་དྲི་མ་མེད་པ་དང། །བུད ་མེད་གང་ཞིག་མིག་མགྲོན་ཞིང། །རྐང་པ་འོག་བག་གཡོ་བར་ལྡན། །དམར་ཞིང་མཛེས་པའི་གོས་ལྡན་ཞིང། །ནུ་འབུར་རྒྱས་པ་རྣམ་པར་གཡོ། །སྨིན་མ་མཛེས་དང་ལྡན་དེ་དག་།དེ་དག་སེར་སྣའི་སྒེ་ཕྱེ་ནས། །སྦྱིན་པ་བཏང་ལས་རྒྱས་པར ་འགྱུར། །མགུལ་བརྔ་མས་བརྒྱན་པའི་ཏ་།གཞོན་པ་ཁ་ལོ་སྲབ་ཀྱིས་བསྐྱོགས། །མི་དབང་གླང་ཆེན་དྲེགས་ཞེན་ནས། །གདུགས་བསྐྱེངས་རྒྱན་ལྡན་འཁོར་བཅས་དང། །འགྲོ་ལ་ཐལ་མོ་སྦྱར་བྱས་ནས། །རྟག་ཏུ་མཆོད་ཅིང་གསོལ་འདེབས ་པ། །སྔ་མར་འདི་འདྲ་སྦྱིན་པའོ། །འབྲས་བུ་ཡིན་པར་ཐུབ་པས་གསུངས། །གསེར་གྱི་གདུ་བུ་རྡོ་རྗེས་སྤྲས། །དཔུང་རྒྱན་ཅོད་པན་རིན་ཆེན་བཀོད། །ས་བདག་མུ་ཏིག་ཕྲེང་བས་བརྒྱན། །རྟག་ཏུ་སེང་གེའི་ཁྲི་ལ་གནས། །འབངས་སོགས ་བཙུན་མོའི་འཁོར་བསྟེན་ཅིང། །རྩེད་མོ་རྩབ་ས་རྣམ་རོལ་པ། །སེང་གེ་ལྟ་བུའི་རྣམ་རོལ་དེ། །སྦྱིན་འབྲས་ཡིན་པར་ཐུབ་པས་གསུངས། །ཁང་བཟངས་གསེར་དང་རིན་ཆེན་སྤྲས། །གདུགས་དང་རྒྱལ་མཚན་བསྒྲེངས་པས་བརྒྱན། །པི ་ཝང་རྫ་རྔ་རིག་བྱེད་སྒྲོགས། །རིན་ཆེན་རྣམས་ཀྱིས་འོད་འབར་བར། །བརྒྱ་བྱིན་བདེ་སོགས་དགའ་སྤྱོད་ཅིང། །ལྷ་མོའི་ཚིགས་ཀྱི་འཁོར་ལྡན་ད། །སྔ་མར་འདི་འདྲ་བྱིན་པ་ཡི། །འབྲས་བུ་ཡིན་པར་ཐུབ་པས་གསུངས། །སྦྱིན་པས་སྐྱེ་བོའི ་ཡིད་དུ་འོང། །མཁས་པའི་ཚོགས་ཀྱིས་རྟག་ཏུ་བསྟེན། །ཕྱོགས་རྣམས་དྲི་མེད་གྲགས་པས་ཁྱབ། །སྙན་པས་གནས་ནི་དེ་དང་དེར། །འདིར་ནི་དྲི་མེད་ཉེ་བར་གནས། །ལུས་དང་བྲལ་ནས་ལྷ་རྣམས་སུ། །རྙོག་བྲལ་སྣ་ཚོགས་བཏུད་བ ་བསིལ། །མེ་ཏོག་སྣ་ཚོགས་མགོ་ལྕོགས་རྒྱས། །དཔག་བསམ་གྱི་ནི་ཤིང་རྣམས་སྐྱེས། །ཙན་དན་ལ་སོགས་ཀྱིས་གང་བའི། །སྐྱེད་མོས་ཚལ་ནི་མཆོག་རྣམས་སུ། །ཡུལ་རིང་དུ་ནི་བདེ་སྤྱོད་ཅིང། །ལྷ་མོ་གཟུགས་མཆོག་ལྡན་པ་ཡིས། །བསྙེན ་བཀུར་མཆོག་ཏུ་བྱེད་པ་འཐོབ། །བྱིན་པ་ཞེས་བྱ་གཏེར་ཆེན་ཏེ། །རྐུན་སོགས་མི་ཁྱེར་རྗེས་སུ་འབྲང། །སྦྱིན་པས་སེམས་ཀྱིས་སེར་སྣ་དང། །ཆགས་པའི་རྡུལ་གྱི་དྲི་མ་འཁྲུ། །འཁོར་བའི་ལམ་གྱིས་དུབ་པ་སེལ། །སྦྱིན་པ་བཞོན་པ་བདེ་བ ་སྟེ། །སྦྱིན་པ་བདེ་བ་དུ་མའི་རྟེན། །ཡང་དག་གྲོགས་མཆོག་བདེ་བའི་སྒོ། །རྐེད་པ་གསེར་གྱི་སྐ་རགས་ལྡན། །ངག་འཇམ་ཟུར་མིག་བཞིན་བསྐྱོད་མཛེས། །མིག་གི་དཀྱུས་རིང་རྣ་དྲུང་གསན། །མེ་ཏོག་ཕྲེང་བས་སྐྲ་བཅིངས་མཛེས། །གང ་ཞིག་རང་འཁོར་ཡན་ལག་དང། །རྐང་གཉིས་འགྲོ་བ་མཛེས་པ་ཡི། །ཟས་གཙང་གི་ནི་ཕུན་སུམ་ཚོགས། །དེ་དག་སྦྱིན་པའི་འབྲས་ཡིན་ཞེས། །བདག་ཉིད་ཆེན་པོས་བཀའ་སྩལ་ཏེ། །ཧ་ས་ཀ་རའི་དུམ་བུ་དང། །ུཏཔལ་གྱིས་བསྒྲོས་དྲི་ཞིམ ་ལ། །བཀྲ་ཤིས་གསེར་གྱི་སྣོད་དུ་བླུགས། །བནྟུ་ཀ་དང་ཟངས་མདོག་འདྲ། །བཏུད་བ་ཆུང་མ་མནའ་སྐྱེལ་ཞིང། །ཆུང་མ་དང་བཅས་ཡང་ཡང་འཐུང། །དགའ་བའི་བསམ་པས་སྨྲ་བ་དེའི། །རྒྱུ་ནི་སྦྱིན་མཆོག་བཀྲ་ཤིས་ཡིན། །ཞི་བའང་སྦྱིན་བའི ་ཡོན་ཏན་ཏེ། །མཛེས་པ་འདོད་པ་བདག་ཅག་གི་།སྦྱིན་པ་འདི་ལ་འབད་པར་གྱི། །སྲིད་གསུམ་མི་བཟད་འཇིགས་ཆེན་ལ། །སྦྱིན་ལས་གཞན་པའི་གཉེན་མཆོག་མེད། །བྱིན་པའི་གཏམ་སྟེ་བཞི་པའོ།། །།འགྲོ་བ་གང་ཞིག་མཛེས ་ཡིད་འོང། །གཟུགས་དང་རིགས་དང་མཉེན་དང་སྟོབས། །བདེ་བར་མཐོང་བ་གང་ཡིན་པ། །བསོད་ནམས་བཟོ་བོས་དེ་བྱས་པར། །འདི་སྐད་མཁས་པ་རྣམས་ཀྱིས་བཤད། །གཞན་ཕན་བྱེད་པའི་སྐྱེས་བུ་ཡི། །བསོད་ནམས་དང་མཉམ་ཡོད ་མ་ཡིན། །རིམ་པ་སྣ་ཚོགས་ཀྱིས་བརྒྱན་པའི། །རྒྱལ་མཚན་དཀར་པོ་མངོན་མཐོ་བཙུགས། །རྟ་གླང་རྐང་ཐང་ཤིང་རྟ་ཡི། །དཔུང་གི་ཚོགས་ཀྱིས་ངེས་འཁྲུག་ཅིང། །ཡུ་བ་སྣ་ཚོགས་མཛེས་པ་ཡི། །རྔ་ཡབ་རྣམས་ཀྱིས་གཡོ་བ་བྱེད་ལ། ། ་བསོད་ནམས་ལྷག་པ་དབང་སྒྱུར་ཞིང། །ས་རྣམས་ལ་ནི་སྤྱོད་བྱེད་དེ། །དར་དང་ཀ་ཤི་དུ་ཀུ་ལ། །སྣ་ཚོགས་གོས་དང་མུ་ཏིག་ཕྲེང། །གསེར་དང་ནོར་བུས་ཡན་ལག་བརྒྱན། །གང་དག་ལྷ་འདྲའི་སྐྱེས་བུ་དཔའ་། །བསོད་ནམས་བཞོན་པ་ལ ་ཞོན་པས། །དེས་བྱས་ཡིན་པར་ཤེས་པར་གྱིས། །ཤིན་ཏུ་ཚེ་རིང་རིགས་བཙུན་ཞིང། །ལུས་མཛེས་ནད་ཀྱིས་འཇིགས་པ་མེད། །ནོར་མང་གཡོག་འཁོར་ཕུན་སུམ་ཚོགས། །བསོད་ནམས་རྣམ་སྨིན་ཆེན་པོ་ཡིན། །གང་ཡང་འཁོར་ལོ ་སྒྱུར་བ་མཆོག་།བུ་ནི་དཔའ་བོ་སྟོང་དང་ལྡན། །རྒྱ་མཚོའི་མཚམས་ཀྱི་ས་ལ་དབང། །དེ་དག་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །སྣ་ཚོགས་པདྨའི་གདན་ལ་འདུག་།ལྷ་དང་ལྷ་དབང་རྟག་ཕྱག་འཚལ། །བརྗིད་ཀྱི ་འཁོར་རྣམས་ཟིལ་གྱིས་གནོན། །ཚངས་པའི་འཇིག་རྟེན་སྣང་བྱེད་པ། །དེ་དག་ཉིད་ཀྱང་བསོད་ནམས་ལས། །གང་ལ་ལྷ་ཀླུ་ལྷ་མིན་གྲུབ། །དྲི་ཟ་གནོད་སྦྱིན་མི་འམ་ཅི། །མཆོག་ཏུ་གྱུར་པའི་ཚོགས་རྣམས་ནི། །རྟག་ཏུ་ལྷ་དབང་མཆོད ་བྱེད་པ། །དེ་ནི་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །གཟུགས་དང་བརྩོན་འགྲུས་བཟོ་རྣམས་ནི། །དབང་མེད་སྤངས་ནས་མི་རྣམས་ནི། །ལས་ཀྱི་རླུང་གིས་མངགས་ན་ནི། །འཇིག་རྟེན་ཕ་རོལ་འགྲོ་བ་ན།། ་བསོད་ནམས་གཅིག་བུ་མཆོག་ཡིན་ཏེ། །རྗེས་སུ་འགྲོ་ཞིང་བདེ་བ་འཆར། །བསོད་ནམས་གཞན་གྱིས་འཕྲོག་མི་ནུས། །དེ་ཕྱིར་བསོད་ནམས་གཏེར་གྱི་མཆོག་།གང་གི་སྟོབས་ཀྱི་རི་རབ་ཀྱང། །ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བའི ་འཇིག་པའི་བསྐལ་པའི་རླུང་རྣམས་ཀྱིས། །དེད་ཀྱང་བསོད་ནམས་འཇིག་མི་ནུས། །འཇིག་པའི་བསྐལ་པའི་ཆུ་ཡིས་ནི། །ལྕགས་ཀྱང་དབང་མེད་འཇིག་བྱེད་པ། །རྒྱ་མཚོ་བཞི་ཡིས་ཆུ་རྣམས་ཀྱིས། །བསོད་ནམས་བཞུ་བར་ནུས་མ་ཡིན། །འོད་ཟེར ་རབ་ཚ་གསལ་བ་ཡི། །ཉི་མ་བདུན་ཤར་མེ་རྣམས་ཀྱིས། །ས་རྣམས་སྲེག་བར་བྱེད་མོད་ཀྱིས། །བསོད་ནམས་གཅིག་བུ་སྲེག་མ་ཡིན། །བསོད་ནམས་ཀྱི་གཏམ་སྟེ་ལྔ་པའོ།། །།སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར ་མྱ་ངན་སེལ་བར་བྱེད། །རྩོད་པ་ཀུན་སྤང་མཐོང་ན་དགའ་། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པ་དང། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ཀུན་ལ་མཁས་གྱུར་ཅིང། །དབང་པོའི་རྟ་ནི ་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་བར་འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང། །དེ་སྙེད་ས་འོག་ས་སྟེངས་འདིར། །དེ་སྙེད་རྒྱལ་པོར་དེས་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན ་འགྲུབ། །ཐམས་ཅད་བདེ་བར་མ་ལུས་སྤྱོད། །ཐ་མར་སྐྱེ་རྒའི་རྒྱུད་སྤངས་ནས། །དེ་དག་བྱང་ཆུབ་གོ་འཕང་འཐོབ། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་བཟངས་ཀྱིས་མཚན་འཁོར་ལོ་སྒྱུར། །སུམ་ཅུ་གཉིས་ལྡན་ལུས ་མཛེས་འཐོབ། །ཉེས་པའི་དགྲ་འཇོམས་རྒྱལ་བར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོ་རྣམས་ལས་རིང། །མི་ཡིས་རིགས་སུ་སྐྱེ་འགྱུར་ཞིང། །ངག་ནི་བཙན་པ་ཉིད་དུ་འགྱུར། །སྐྱེ་བར་ཐོས་དང་དྲན་ལྡན་བརྟན། ་མངོན་པར་འདོད་པར་འབྱུང་འགྱུར་ཞིང། །གནས་ལ་མངོན་པར་དད་པ་དང། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ཆུབ་ཀྱི། །ཁྱད་འཕགས་ལེགས་པའི་གཞུང་ལ་བརྟེན། །གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས ་སངས་རྒྱས་སྐུ་འམ་མཆོད་རྟེན་ནམ། །བཞེངས་བྱེད་སྲོག་དང་ལྡན་བ་དེ། །བྲན་དང་དབུལ་པོར་མི་སྐྱེ་ཞིང། །མངག་གཞུག་པར་མིན་རིགས་དམན་མིན། །དབང་པོ་རྣམས་ནི་ཚང་བར་འགྱུར། །སྐུ་གཟུགས་ཀྱི་གཏམ་སྟེ་དྲུག་པའོ།། །། ་དྲི་ཞིམ་སྣ་ཚོགས་ཀྱིས་བསྒོས་བས། །བདེ་བར་གཤེགས་པ་ཁྲུས་གསོལ་བ། །མེ་ཏོག་དྲི་ཡིས་ཡན་ལག་མཛེས། །རབ་ཏུ་དགའ་བའི་ཡིད་ཀྱིས་སུ། །རོལ་མོའི་སྒྲ་ནི་སྙན་པ་ཡིས། །དལ་གྱིས་འབབ་དང་སྟབས་མགྲིན་བརྗིད། །གསེར་གྱི ་རང་བཞིན་པདྨ་ཡིས། །གེ་སར་རྡུལ་གྱིས་ཁྱབ་པ་རུ། །ཁྲུས་གསོལ་གང་ཞིག་མཆོད་བྱེད་པ། །དེ་དག་རྙོག་པ་ཐམས་ཅད་ཀྱི། །དྲི་མ་བཀྲུས་ན་སོ་སོ་ཐར་བ་ཐོབ། །ལྷ་ཡི་བུ་མོ་ནུ་འབུར་རྒྱས་མཐོང་ཞིང། །རྐེད་པ་ཡངས་པ་ལ་འབབ་གཡོ ་བ་དང། །འཛམ་བུའི་གསེར་འདྲའི་པདྨ་གེ་སར་གྱི། །རྡུལ་རྣམས་གཏོར་བ་ཡིས་ནི་དྲི་ཞིམ་ལ། །དལ་གྱིས་འབབ་བའི་ནང་དུ་ལྷ་ཡིས་ཚོགས། །རྒྱུན་ཏུ་ཆུ་རྣམས་ལ་ནི་རྩེ་བྱེད་པ། །གང་ཞིག་དགའ་བ་སྣ་ཚོགས་དྲི་ཞིམ་ཆུས། །རྗེ་བཙུན་ཁྲུས ་གསོལ་བ་ཡི་འབྲས་དེ་ཡིན། །གླ་རྩི་ག་པུར་ཙན་དན་གུར་ཀུམ་བསྒོས། །དྲི་ཞིམ་ཆུ་ནི་ཡིད་འོང་བ། །ཁ་དོག་དཀར་སེར་བྱེ་བྲག་གིས། །ཡིད་འོང་ཐུབ་པ་ཁྲུས་གསོལ་འདིར། །སེམས་ཀྱི་དྲི་མ་སྤངས་ནས་ནི། །དེ་ནི་འགྲོ་བའི་བླ་མར་འགྱུར།། ་ཁྲུས་ཀྱི་གཏམ་སྟེ་བདུན་པའོ།། །།ཁྲུས་བྱེད་ལྷ་ཡི་བུ་མོ་མཆོད། །རྐེད་ལྡན་བརླ་དང་ནུ་མ་རྒྱས། །མདབ་སྐྱེས་མགོ་ལྕོགས་རྒྱས་འཐོར་ཞིང། །ལྷ་དབང་དལ་འབབ་ཁྲུས་བྱེད་ཅིང། །མཛེས་ཤིང་འདོད་པས་གཡོ་བ་ནི། །འགྲོ ་མཆོག་ཡང་ཡང་མཉེས་བྱས་ཡིན། །དེ་ནི་སྤོས་ཆུ་རོལ་མོ་དང། །བདུག་པ་དང་ནི་མེ་ཏོག་ཕྲེང། །སྦྱིན་པ་བཏང་བའི་འབྲས་བུས་ཡིན། །གང་ཞིག་འཁོར་ལོ་སྒྱུར་རྒྱལ་ལ། །མཁས་ལ་གུར་ཀུམ་སྤྲིན་ཚོགས་དང།། ་ག་བུར་གྱི་ནི་ཆུ་རྒྱུན་དང། །མ་ལ་ཡ་ཡི་ཙན་དན་བཞིན། །རྫ་རྔ་པི་ཝང་དྲི་མཆོག་གིས། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །ལྷ་དང་མི་ཡི་སྒྲ་རྣམས་ཐོས། །ཁྱེད་འཕགས་ལྷ་ཡི་རྣ་བ་འཐོབ། །གུར་ཀུམ་ལ་སོགས་པའི་གཏམ ་སྟེ་བརྒྱད་པའོ།། །།རྟ་གླང་རྐང་ཐད་ཤིང་རྟ་དང། །རིན་ཆེན་རྣ་བདུན་རྣམས་དང་ནི། །དཔའ་བོ་བུ་སྟོང་དང་བཅས་པར། །མཁའ་ལ་འཁོར་ལོ་སྒྱུར་འགྲོ་ཞིང། །ཟླ་བ་ལྟ་བུའི་གདུགས་ཀྱིས་ནི། །ཉི་མའི་འོད་ཟེར་སྒྲིབ་བྱེད་ཅིང།། ་འབྲས་བུ་མང་ལ་རྒྱ་ཆེ་བ། །གདུགས་ཕུལ་བ་ལས་བྱུང་བ་ཡིན། །བུང་བའི་ཡིད་འོང་སྒྲ་ཡིས་བསྐྱོད། །མེ་ཏོག་གཡོ་བ་འཁོར་བར་བཀོད། །ཁ་དོག་སྣ་ཚོགས་དྲི་ཞིམ་པའི། །མེ་ཏོག་ཚོགས་ཀྱིས་རི་མོར་བྲིས། །གདུགས་མཛེས་སྣ་ཚོགས ་དར་གྱིས་བརྒྱན། །མཆོད་རྟེན་རྣམས་ལ་ཕུལ་བ་ཡིས། །འཁོར་ལོ་སྒྱུར་བས་སྐྱོང་བ། །གླིང་བཞིའི་དབང་ཕྱུག་དེ་ཡིས་འཐོབ། །ཉི་མའི་འོད་ཟེར་གསེར་གདུགས་ཐོགས། །དཔལ་ལྡན་དུལ་བའི་གླང་པོ་མཆོག་།རིན་ཆེན་དུ་མས་བརྒྱན་བ ་ཞོན། །རྫུ་འཕྲུལ་བརྒྱ་བྱིན་དང་འགྲན་པའི། །གླིང་བཞི་ཡིས་ནི་འཁོར་ལོ་སྒྱུར། །ས་རྣམས་མ་ལུས་སྐྱོང་པར་བྱེད། །དེ་དག་བདེ་གཤེགས་སྐུ་གདུང་ལ། །མེ་ཏོག་གདུགས་ཕུལ་འབྲས་བུ་ཡིན། །གདུགས་ཕུལ་བའི་གཏམ་སྟེ་དགུ་པའོ།། ་བདེ་བར་གཤེགས་པའི་འཁྲུངས་གནས་དང། །དེ་ཡིས་ཡུད་ཙམ་བཞུགས་པའི་གནས། །རབ་ཏུ་གསལ་བར་གྲགས་གྱུར་པ། །ནུས་པ་ཀུན་གྱིས་གདུང་སྣོད་སྐུ། །ཤིན་ཏུ་ཁྱད་འཕགས་གཙུག་ཏོར་མཐོ། །སྐུ་གཟུགས་བཞེངས ་ནས་ལེགས་སྦྱངས་ལ། །སྐྱེ་བོ་གང་གིས་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་བཅུག་བྱས་ན། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་བཞི་རྣམས་སུ་ནི། །དཔལ་དང་ལྡན་པའི་ལོངས་སྤྱད་ནས། །མཛའ་རུ་རྣམ་དག་གོ་འཕངས་འཐོབ།། ་རྒྱལ་བའི་སྐུ་གདུང་བཅུག་ལས་ཡིན། །ཟླ་བ་དང་འདྲ་ལྟ་ན་སྡུག་།སྨིན་མ་ལེགས་ཤིང་མིག་དཀྱུས་རིང། །མིར་སྐྱེས་གསེར་དང་ནོར་བུ་ལྡན། །བཟོད་ཅིང་དེས་པ་དང་ལྡན་པ། །རྒྱ་མཚོས་གཏུགས་པའི་ས་རྣམས་ནི། །སྐྱོང་བྱེད་འཁོར་ལོ ་སྒྱུར་རྒྱལ་ཡང། །དེ་དག་སངས་རྒྱས་སྐུ་གཟུགས་ནི། །རིང་བསྲེལ་དང་བཅས་གུས་པས་འཐོག་།རིང་བསྲེལ་གྱིས་གཏམ་སྟེ་བཅུ་བའོ།། །།བདེ་བར་གཤེགས་པ་མཆོད་རྣམས་ཀྱི། །ཕོ་བྲང་མཆོག་ནི་བརྒྱན་བྱེད་པ། །གསེར ་གྱི་མདོག་དང་ལྡན་འགྱུར་ཞིང། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ལྷ་དང་མི་ལས་ཁྱད་འཕགས་ཤིང། །ཉི་མའི་འཁོར་ལོ་ལྟ་བུར་མཛེས། །ནོར་དང་གསེར་ནི་མང་བ་དང། །རྒྱལ་པོའི་རིགས་ཀྱིས་རྒྱལ་བར་འགྱུར། །འཇིག་རྟེན ་གསུམ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང། །སྣ་ཚོགས་ནང་ཀྱིས་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ ་བྱེད་དེ་དག་།ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མོ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉིད་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས ་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོད་པ་ཤེས་རབ་པོ། །སྣ་ཚོགས་ཤེས་རབ་ཀྱིས་བརྒྱན་ལ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང། །མིར་སྐྱེས ་གསེར་ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང། །པདྨའི་མདོག་ལྟར་ཡན་ལག་ཚང། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །མཎྜལ་གྱི་གཏམ་སྟེ་བཅུ་གཅིག་པའོ།། །།པདྨའི་མདབ་འདྲའི་ལག ་པ་མཛེས། །འོད་གསལ་ཁ་དོག་དྲི་བཟང་ལྡན། །རོ་ཞིམ་རེག་ན་བདེ་བ་དང། །ལྷ་དང་མི་ཡི་ཁང་བཟང་ན། །འོད་གསལ་གསེར་གྱི་གཞོང་པ་རུ། །ལྷ་ཡི་བདུད་རྩིས་བཀང་ཟ་བ། །དེ་དག་སངས་རྒྱས་ལ་སོགས་པའི། །དགེ་འདུན་ཡུལ ་དུ་ལྷགས་པ་ལ། །ཞལ་ཟས་དྲངས་པའི་འབྲས་བུ་ཡིན། །རྡོ་རྗེ་གདན་ལ་བཞུགས་ནས་ནི། །འདོད་པའི་དགྲ་དང་བཅས་པ་ཡི། །ཚོགས་ནི་བྱམས་པས་ངེས་ཕམ་མཛད། །གང་ཞིག་མཐར་ཐུག་དཀའ་བའི་ཡུལ། །མཛའ་མེད་པར་ནི ་སྤྱོད་འགྱུར་བའི། །ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ། །ཕུང་པོའི་བདུད་ཀྱང་རབ་བཅོམ་ནས། །འཆི་བདག་བདུད་ལ་མངའ་བརྙེས་པ། །ཞལ་ཟས་ཕུལ་བར་གྱུར་པས་ཡིན། །རོ་རྣམས་བྲོ་བའི་མཆོག་དང་ནི། །ཡན་ལག་ཚང་ཞིང་ཡོངས ་རྫོགས་ལྡན། །བདེ་ཞིང་དཔལ་ལྡན་སྟོབས་དང་ལྡན། །ཚེ་དང་སྟོབས་དང་ཁ་དོག་དང། །གཟུགས་བཟང་བ་དང་ལྡན་པ་ནི། །མཁས་པས་ཟས་མཆོག་བཏང་ལས་བྱུང། །སྟོབས་དང་བརྩོན་འགྲུས་ལྡན་པ་ཡི། །རྣམ་གྲངས་ལས་ནི་ངེས ་པར་རྒྱལ། །ཡང་དག་དཔལ་ཐོབ་མི་དབང་གིས། །རོ་ལྡན་ཁ་ཟས་ལོངས་སྤྱོད་པ། །རྟག་ཏུ་ཟས་མཆོག་སྦྱིན་དེས་ཡིན། །ཟས་ཀྱི་གཏམ་སྟེ་བཅུ་གཉིས་པའོ།། །།གཡོ་ཞིང་ཨུཏཔལ་གྱིས་བསྒོས་པ། །དྲི་མེད་པདྨ་རཱ་ག་བཞིན།། ་ཡིད་འོང་གསེར་གྱི་སྣོད་དུ་བླུགས། །དྲི་ཞིམ་ཙན་དན་གྱིས་བསྒོས་མངར། །ཡིད་དུ་འོང་དང་བདར་ཞིང་འཐུང། །ཅུང་ཟད་མིག་ནི་ཟངས་མདོག་འདྲ། །གླུ་ལེན་སྒྲ་དང་ངེས་ལྡན་པའི། །མི་མཆོག་དེ་དག་སྒོམ་རྣམས་ནི། །སྦྱིན་པ་བྱིན་པའི ་འབྲས་བུ་ཡིན། །ིནྡྲ་ནཱི་ལ་བཻ་ཌཱུརྱ། །རིན་ཆེན་མཆོག་རྣམས་ཀྱིས་སྤྲས་བའི། །གསེར་གྱི་སྣོད་ནི་གང་ཡིན་པར། །ལྷ་ཁང་ལྷ་ཡི་བུ་མོ་ནི། །བྲང་གི་དཀྱིལ་ན་ནུ་མ་ནི། །བུམ་པ་ལྟ་བུའི་འབུར་ལྡན་པའི། །རབ་མཛེས་བཙུགས་དང་ལྷན་གཅིག་ཏུ།། ་སྦྲང་རྩི་ལྟར་མངར་བཏུང་འཐུང་བ། །ཡོན་ཏན་ལྡན་པའི་ཚོགས་ལ་ནི། །བཏུང་བ་ཡིད་འོངས་བྱིན་པ་ཡི། །འབྲས་བུ་ཡིན་པར་མཁས་རྣམས་གསུང། །གང་ཞིག་ཁ་དོག་དྲི་ཞིམ་སོགས། །ཚོགས་ལྡན་སྐོམ་པའི་གདུང་བ་སེལ། །བད ་ཀན་རླུང་དྲག་རབ་ཞི་བྱེད། །ཁ་ར་པི་པི་ལིང་བསྲེས་ཚོར། །ཙན་དན་ལྟ་བུར་ཚ་བ་སེལ། །ཟླ་བའི་འོད་ཟེར་དང་ལྡན་པའི། །སྣོད་དུ་བླུགས་ནས་དེ་དག་གིས། །གུས་པར་དགེ་འདུན་ལ་ཕུལ་བས། །ཕ་རོལ་གྱི་ནི་སྐྱེ་གནས་སུ། །ལྷ་ཡི་བཏུང་བ ་ཐོབ་པར་འགྱུར། །མངར་ཞིང་མངར་མཆོག་གུས་པ་ཡིས། །བཏུང་བ་ཚོགས་མཆོག་ལ་ཕུལ་པས། །ལྷ་དང་མི་ཡི་གནས་རྣམས་སུ། །ལྷ་ཡི་བུ་མོ་མཆོག་རྣམས་དང། །ཡུན་རིང་བཏུང་བ་ལྷན་ཅིག་འཐུང། །གང་ཞིག་ས་གནས་མི་རྣམས ་ཀྱིས། །དང་བའི་དད་པའི་ཡིད་ཀྱིས་ནི། །དགེ་འདུན་ལ་ནི་བཏུང་བ་མཆོག་།དུས་ལ་བབ་པར་དྲངས་པ་ཡིས། །འཁོར་པའི་རི་ཁྲོད་གནས་པ་ན། །རྟག་ཏུ་བཏུང་བའང་ཞི་བཟང་འཐོབ། །བཏུང་པའི་གཏམ་སྟེ་བཅུ་གསུམ་པའོ།། །། ་གང་ཞིག་སྔོ་སེར་ལྗང་དམར་དཀར། །སྣ་ཚོགས་ཁ་དོག་འོད་བཟང་ལ། །མཛེས་གསལ་གོས་ཀྱི་ཕྲེང་བ་ནི། །ཡོན་ཏན་མཆོག་དང་ལྡན་པ་ཡི། །འཇིག་རྟེན་བླ་མ་ལ་ཕུལ་བས། །བསྔགས་པའི་གོས་མཆོག་ཐོབ་པར་འགྱུར། །གང་ཞིག ་དགེ་འདུན་མཚོག་སོགས་ལ། །གང་ཞིག་དད་དང་གུས་པ་ཡིས། །གོས་ཀྱི་ཕྲེང་བ་འབུལ་བྱེད་བ། །དེས་ནི་ངོ་ཚ་ཤེས་གོས་དང། །མཆོག་ཏུ་གྱུར་པའི་ཆོས་ཀྱི་གོས། །ཉོན་མོངས་གཉེན་པོའི་ཆོས་གོས་འཐོབ། །ཁ་དོག་སྣ་ཚོགས ་ཀྱིས་སྤྲས་པའི། །སྔོན་པོ་སེར་པོ་དཀར་པོ་དང། །གཞན་ཡང་དམར་པོ་ཡིད་འོང་བ། །ཤིན་ཏུ་མཛེས་པའི་གོས་དག་དང། །ཆོས་གོས་ཕྲེང་བ་འབུལ་བྱེད་པ། །བདེ་འགྲོ་ཡིས་ནི་བདེ་བར་འགྲོ་།གཟུགས་དང་ལྡན་ཞིང་ཡིད ་འོང་ལ། །ལྷ་ཡི་གོས་ནི་ཟད་མེད་དང། །ངོ་ཚ་ཤེས་པའི་གོས་ཀྱིས་བརྒྱན། །བདག་བློ་དང་གིས་མཁས་པ་དང། །དེ་ནི་ཆོས་ཀྱི་དབང་ཕྱུག་འགྱུར། །གོས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །།མེ་ཏོག་བཟང་པོ་དགེ་འདུན་ལ། ། ་རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས་སྤྱོད་ལྡན། །པདྨའི་དབང་པོ་ལྟ་བུར་མཛེས། །མཆོག་ཏུ་གྲགས་པ་དང་ལྡན་ཞིང། །རྟག་ཏུ་དེ་ནི་སྐད་ཅིག་གིས། །དགྲ་ལས་རྣམ་པར་རྒྱལ་བར་འགྱུར། །ས་རྣམས་ལ་ནི ་སྤྱོད་བྱེད་བའི། །རིན་ཆེན་མཆོག་གི་མིར་འགྱུར་རོ། །སྤོས་མཆོག་དང་ནི་དྲི་བཟང་གིས། །རྒྱལ་བ་རྣམས་ལ་འབུལ་བྱེད་པ། །ལུས་ཀྱི་གྲགས་པའི་དྲི་ཡིས་ཁྱབ། །ུཏཔལ་སྔོ་དང་མཉམ་པ་ཡི། །མིག་ནི་དྲི་མེད་དཀྱུས་རིང་མཛེས།། ་བཻ་ཌཱུརྱ་དང་མུ་ཏིག་དང། །རིན་པོ་ཆེ་ཡིས་ཡན་ལག་བརྒྱན། །ལུས་ཀུན་ཀུ་ཤའི་གོས་ཀྱིས་གཡོགས། །སྐྱེ་བ་ཀུན་ཏུ་མི་ཡི་མཆོག་།གཟུགས་དང་ལྡན་པར་གྱུར་བ་ནི། །དགེ་འདུན་དྲི་བཟངས་ཕུལ་བ་ཡིས། །སྣ་ཚོགས་པ་ཡི་སྨན ་རྣམས་ནི། །དེ་དག་དགེ་འདུན་ལ་ཕུལ་བས། །མཛེ་ལ་སོགས་པའི་ནད་རྣམས་ཀྱི། །སྡུག་བསྔལ་མི་བཟད་པ་ལས་གྲོལ། །བཞིན་ནི་མཛེས་ཤིང་གསེར་རྣམས་དང། །མཉམ་ཞིང་ཁ་དོག་ཡིད་དུ་འོང། །རྒྱལ་པོ་ཡི་ནི་འཚེ་བ་རྣམས། །གང ་ཡིན་པ་དང་བྲལ་བ་འཐོབ། །མེ་ཏོག་ལ་སོགས་པའི་གཏམ་སྟེ་བཅོ་ལྔ་བའོ།། །།ས་བདག་འཁོར་ལོ་སྒྱུར་གང་ལ། །ཐལ་མོ་སྦྱར་བ་བྱས་ནས་ནི། །མཁུར་བ་རྣ་རྒྱན་མཛེས་ལྟུང་བས། །གུས་ལྡན་ལེགས་བར་སྤྱི་བོ་ཡིས། །ལན ་མང་དུ་ནི་ཕྱག་བྱེད་པ། །དེ་དག་སངས་རྒྱས་ཕྱག་བྱེད་པའི། །འབྲས་བུ་ཡིན་ཞེས་མཁས་རྣམས་སྨྲ། །སྐྱེས་པ་ཙམ་གྱིས་གཙོར་འགྱུར་པའི། །རྟག་ཏུ་མཐོན་པོའི་རིགས་སྐྱེ་ཞིང། །རྟ་དང་གླང་པོས་རྒྱུ་བྱེད་པ། །དེ་དག་བླ་མ་འཕགས་པ་ལ།། ་ལེགས་པར་ཕྱག་ནི་བྱས་པས་ཡིན། །སྙན་པ་ཡིས་ནི་ཁྱབ་འགྱུར་ཞིང། །ངེས་པར་ལེགས་བར་འཛིན་པ་དང། །གསལ་པར་བྱེད་པའི་འོད་ཀྱིས་ནི། །སྡུག་བསྔལ་ཐམས་ཅད་སྤོང་བྱེད་ཅིང། །ནད་ནི་ཐམས་ཅད་འཇོམས་པར་བྱེད།། ་འཇིག་རྟེན་དུ་ནི་བདེ་འགྲོར་ངེས། །མི་དབང་གི་ནི་རྒྱུད་དུ་འགྱུར། །འབྲས་བུ་དཔལ་དང་ལྡན་པ་ཡང། །ཐུབ་དབང་ཕྱག་བྱས་པ་ལས་ཡིན། །འཁོར་ལོ་སྒྱུར་རྒྱལ་སྟོབས་གྲགས་ལྡན། །ཡན་ལག་སུམ་ཅུ་གཉིས་མཚན་ལྡན། །རྒྱལ་འགྱུར ་ས་སྟེངས་གཙོ་བོ་དེ། །སངས་རྒྱས་ལ་ནི་ཕྱག་བྱས་པའི། །འབྲས་བུ་ཡིན་པར་བློ་ལྡན་གསུངས། །དེ་ལྟར་ཡོན་ཏན་ཚོགས་ཤེས་པས། །ལུས་འདི་འཇིག་པར་ཤེས་ནས་ནི། །མཁས་པས་སངས་རྒྱས་ཕྱག་བྱ་ཞིང། །ལུས་ཀྱི ་ལས་ནི་ལེགས་པར་སྤྱད། །ཕྱག་གཅིག་འཚལ་བར་གྱུར་པ་ཡིས། །འཁོར་པ་སྤོང་པའི་རྒྱུ་འཐོབ་ཅིང། །འཁོར་བའི་འཇིགས་མཐོང་གུས་བ་ཡིས། །དེ་ལྟར་སུ་ཞིག་ཕྱག་མི་བྱེད། །ཕྱག་གི་གཏམ་སྟེ་བཅུ་དྲུག་བའོ།། །།ཀྲིཥྞ་སཱ ་ར་ལྟར་མཛེས་གཟུགས། །སྟོབས་ལྡན་འཇམ་ཞིང་ཤིན་ཏུ་སྣུམ། །དགུན་དུས་བསྲོ་ཁང་གོས་བཟང་བགོས། །ཡིད་འོང་མཛེས་མ་ལ་འཁྱུད?་ནས། །མི་དབང་གང་ཞིག་རྩེ་བྱེད་ཅིང། །རོ་མཆོག་སྣ་ཚོགས་ལྡན་པ་ནི། །རིན་ཆེན་སྣོད་བླུགས ་འཐུང་པ་དེ། །དེ་དག་སྒྲོན་མེ་ཕུལ་བ་ཡི། །ཤིན་ཏུ་འབྲས་བུ་མངོན་ཡིན་པར། །ཡང་དག་རྫོགས་སངས་རིན་ཆེན་གསུངས། །འབར་ཤིང་མེ་ལྕེ་རྒྱས་དང་ལྡན། །ཁང་པའི་ནང་དུ་མེ་འབར་གསལ། །དགུན་དུས་གྲང་བ་སེལ་བྱེད་པའི། ་སྣང་བ་ཐུབ་པའི་དབང་པོ་ནི། །མཆོག་ཏུ་གྱུར་ལ་ཕུལ་བ་ཡིས། །ལྷ་དང་མི་ཡི་འཇིག་རྟེན་ན། །གསལ་ཞིང་རབ་ཏུ་འབར་གྱུར་དང། །དྲི་ཟ་ལྷ་མིན་མི་འམ་ཅི། །བྱད་བཞིན་མཛེས་དང་ལྷན་ཅིག་ཏུ། །སྟོན་ཟླ་དང་འདྲ་རབ་མཛེས་པ། ་སྡུག་པ་པང་བར་འཁྱུད་ནས་ནི། །ལུས་ནི་ཡིད་དུ་འོང་བ་དང། །མཐོ་རིས་སུ་ནི་སྤྱོད་བྱེད་པ། །དེ་དག་གང་ཚེ་འཕགས་ཚོགས་ལ། །སྣང་བ་དང་བས་ཕུལ་བ་ཡིན། །རྐུན་མ་ལས་རྒྱལ་བཞོན་པར་ལྡན། །ས་རྣམས་མ་ལུས་རྗེས་སུ་སྐྱོང། །བྱང ་བཟང་གསེར་གྱིས་ཡན་ལག་བརྒྱན། །དེ་དག་གིས་ནི་སྣང་བ་རྣམས། །ཕུལ་བའི་འབྲས་བུ་འདི་དག་ཡིན། །སྣང་བའི་གཏམ་སྟེ་བཅུ་བདུན་པའོ།། །།རི་རྣམས་ཀྱིས་ནི་བསྒྲིབས་པ་དང། །མཆོག་ཏུ་རིང་ན་གནས་པ་དང། །ཤིན་ཏུ ་ཕྲ་བའི་དངོས་པོ་དང། །མཚན་མོ་སླག་གིས་བསྒྲིབས་པ་དག་།གང་ཚེ་ལག་མཐིལ་གནས་པ་ལྟར། །དགེ་སློང་མ་འགགས་པ་ཡིས་མཐོང། །དེ་ནི་བདེ་བར་གཤེགས་པ་ལ། །ཞུགས་ཕུལ་བ་ཡི་འབྲས་བུ་ཡིན། །སྤྱན་གྱིས་དངོས་ཀུན ་གཟིགས་པའི་ཕྱིར། །བདེ་གཤེགས་མར་མེ་ཕུལ་བ་ཡིས། །སངས་རྒྱས་ཉིད་ནི་བརྙེས་ཤེས་གྲགས། །ཕུལ་བའི་བཅོམ་ལྡན་གང་ཞེ་ན། །ཐུབ་དབང་དྲི་མེད་སྤྱན་ལ་ཕུལ། །རིང་དང་ཕྲ་དང་བསྒྲིབ་པ་དང། །དཔག་ཚད་ཀྱིས་ཆོད་མཐོང་ལ ་ལྟོས། །རྒྱལ་ལ་ཞུགས་མར་ཕུལ་བ་ཡི། །དེ་འབྲས་ཡིན་པར་ཐུབ་པས་གསུངས། །ས་བདག་རྒྱལ་པོ་གང་ཡིན་ལ། །ཟླ་བ་ལྟ་བུའི་གཟུགས་ལྡན་པ། །ུཏཔལ་ལྟ་བུར་མིག་དཀྱུས་རིང། །གང་ཞིག་ལྷ་ཡི་འཇིག་རྟེན་ན། །གསེར་མདོག ་འོད་ཀྱིས་སྣང་བ་ལྟར། །རང་གི་འོད་ཀྱིས་སྣང་བྱེད་པའི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། །ནོར་བུ་བརྒྱ་ཕྲག་འོད་ཟེར་གྱིས། །ས་རྣམས་རྒྱུ་ཞིང་སྣང་བྱེད་པ། །དེ་དག་ཤཱཀྱ་སེང་གེ་ལ། །གུས་པར་མར་མེ་ཕུལ་བ་ཡིས། །རྒྱ་ཆེར་འཕེལ ་བར་གྱུར་པ་ཡིན། །ལྷ་གང་འཇིག་རྟེན་གསལ་བྱེད་ཅིང། །ུཏཔལ་ལྟ་བུའི་མིག་ལྡན་པ། །སྨིན་མ་ལེགས་ཤིང་གསེར་འདོག་ལྡན། །མིག་སྟོང་དང་ནི་ལྡན་པ་ཡི། །བརྒྱ་བྱིན་ལྷ་ཡི་བདག་པོ་ཉིད། །ལྷ་ཡི་གདན་ལ་འདུག་པ་དང། །གང་ཞིག་འདོད་བྲལ་ཆངས་པ་ནི། །འོད ་གསལ་ལྷ་མཆོག་ཕྱག་བྱེད་ཅིང། །ལྷ་ཡི་ཤིང་རྟ་གཡོ་བྱེད་པ། །སྟོན་པ་ཡི་ནི་རིང་བསྲེལ་ལ། །མར་མེ་ཕྲེང་བ་མིས་ཕུལ་པས། །འབྲས་བུ་རྒྱ་ཆེན་གྱུར་པ་ཡིན། །མར་མེའི་གཏམ་སྟེ་བཅོ་བརྒྱད་པའོ།། །།མི་དབང་དུས་ནི་ཐམས ་ཅད་དུ། །ཉམས་དགའ་བ་ཡི་ཁང་བཟང་མཆོག་།རོལ་མོའི་གནས་ཀྱིས་ཉམས་དགའ་རབ། །འཚོ་ཞིང་རྒྱལ་བའི་སྒྲ་སྒྲོགས་པ། །བཙུན་མོའི་འཁོར་དང་རོལ་བྱེད་པ། །གྲང་བ་སེལ་བའི་ཁང་པ་ནི། །ཕྱོགས་བཞི་ནས་ནི་བྱོན་པ་ཡི། །དགེ་འདུན ་བཞུགས་གནས་ཕུལ་བས་ཡིན། །ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གིས་རབ་ཏུ་བསྐུལ་བ་དང། །ཚོགས་པ་ཡི་ནི་གྲོགས་བྱེད་ཅིང། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པ་འམ ་ལངས་པ་ནི། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཤེས་རབ་རྡོ་རྗེ་མཚོན་ཆ་ཡིས། །ཕྱིན་ཅི་ལོག་གི་རི་བཅོམ་ནས། །ས་དང་བཅས་པའི་ཁང་བཟངས་འགྱུར། །དགེ་འདུན་ལ་ནི་ཡོ་བྱད་དང། །ལོངས་སྤྱོད་བཟང་པོ་དང་བཅས་པ།། ་གཙུག་ལག་ཁང་ནི་གང་ཞིག་བྱེད། །རྣམ་པར་རྒྱལ་བའི་ཁང་བཟངས་ནི། །རིན་ཆེན་མཆོག་གི་རང་བཞིན་གྱི། །རྩིག་པ་ཀ་བ་གདུང་ལྡན་པའི། །མཛེས་དང་ལྷན་ཅིག་དུས་ཀུན་དུ། །དེ་ནི་ལྷ་ཡི་འཇིག་རྟེན་འདིར། །ཡུལ་རིངས་དུ་ནི ་མངོན་པར་དགའ་། །དཔལ་དང་ལྡན་པའི་བླ་རེ་དང། །སྣ་ཚོགས་ཀྱི་ནི་གོས་ཀྱིས་སྤྲས། །ཁང་བཟངས་མཆོག་ནི་ཡིད་འཕྲོ་བ། །ཡང་དག་གནས་པར་གྱུར་པ་ནི། །ཡོན་ཏན་ཚོགས་ལྡན་ཕུལ་བ་ཡིས། །བརྒྱ་བྱིན་གྱི་ནི་ཁང་བཟངས་མཆོག་།རྣམ ་པར་རྒྱལ་བྱེད་ཐོབ་པ་ཡིན། །གཙུག་ལག་ཁང་བཞེངས་པའི་གཏམ་སྟེ་བཅུ་དགུ་པའོ།། །།ཕྱོགས་དང་སྟན་ནི་མཉམ་དུ་རུ། །འབོལ་སྟན་ལ་ནི་ཆུང་མ་ནི། །ནུ་མ་རྒྱས་དང་ལྷན་ཅིག་ཏུ། །མན་སྟན་ལ་ནི་ས་བདག ་ཉལ། །ཉེས་པའི་ཚོགས་སྤངས་དམ་པ་ལ། །དེ་ཡིས་མཎྜལ་ཕུལ་བས་ཡིན། །རྐང་རྟེན་དང་བཅས་ཁྲི་ལ་ནི། །སྣ་ཚོགས་གོས་ཀྱིས་བརྒྱན་ལ་འདུག་།དབྱངས་སྙན་རོལ་མོ་དང་མགྲིན་བསྡེབས། །རིན་ཆེན་རང་བཞིན་སྟན་ལ་ནི། །དྲི་ཞིམ་པ་ཡིས ་བྱུགས་པ་ཡིས། །ངད་ལྡང་མལ་དང་ལྡན་པ་ལ། །དཔུང་པ་ལེན་མགོ་བརྟེན་ནས། །ཡུན་རིང་ལྷ་ཡི་ཁང་པ་རུ། །འཇིགས་པ་མེད་པར་བདེ་བར་ཉལ། །དེ་དག་མལ་ཆ་སྟན་རྣམས་ནི། །དགེ་འདུན་རྣམས་ལ་ཕུལ་བ་ཡིས། །འདི་ནི་འབྲས་བུ ་ཡིན་པར་བཤད། །ག་བུར་ཙན་དན་ཨ་ཀ་རུ། །ལུས་བྱུགས་པ་ཡི་ལྷ་མོ་ནི། །ནུ་མ་ཟུང་ལྡན་ལུས་བརྟེན་ནས། །གོས་མཆོག་འབོལ་སྟན་ལ་རྟག་ཉལ། །དེ་དག་མཆོད་རྟེན་རྣམས་ལ་ནི། །གདུགས་དང་གོས་ཁྲི་ཕུལ་བས་ཡིན། །མལ་ཆ ་དང་སྟན་གྱི་གཏམ་སྟེ་ཉི་ཤུ་པའོ།། །།གླིང་བཞི་ལས་ནི་རྣམ་རྒྱལ་ནས། །སྟོབས་ལྡན་བརྒྱ་བྱིན་གནས་བྱིན་ཏེ། །ང་ལས་ནུ་ཡིས་སུམ་ཅུ་གསུམ། །བདག་པོའི་སྟན་ཕྱེད་དབང་བྱས་ནས། །འདོད་པའི་བདེ་བའི་དགའ་བ་མྱོང།། ་ཞག་བདུན་བར་དུ་དབྱིག་རྣམས་ཀྱིས། །ཆར་ནི་ཁང་པར་དཔག་མེད་ཕབ། །དེ་དག་ལྷུང་བཟེད་དུ་གཏོར་བའི། །སྦྱིན་པ་ཆེན་པོ་དེ་ཡི་ནི། །འབྲས་བུ་ངོ་མཚར་ཆེན་པོ་ཡིན། །སྣོད་ནི་དེ་དང་དེ་དག་གི་།རྒྱུ་བཞི་དག་ལ་བརྟེན་པ་ཡིས ་སྡུག་བསྔལ་ལ་སོགས་བྱེ་བྲག་གིས། །འབྲས་བུ་ཐ་དད་ཐ་དད་འགྱུར། །དེ་ཕྱིར་མི་དབང་ཁྱད་འཕགས་རྒྱལ། །ཟླ་བ་ལྟ་བུའི་བཞིན་དང་ནི། །ུཏཔལ་ལྟ་བུའི་ཁ་དོག་དང། །མི་རྣམས་ནང་དུ་རྟག་པར་ནི། །དྲི་མེད་མིག་ལྡན་རོ ་སྟོང་ཡངས། །དགའ་ཞིང་སྟན་དང་མལ་ཆ་དང། །ཟས་དང་སྣོད་དུ་ལྡན་པ་ཡི། །མི་རྣམས་སྦྱིན་པས་ཡང་དག་འཐོབ། །མི་མཆོག་གིས་ནི་ནད་པ་དང། །དམན་པ་དང་ནི་དབུལ་བ་རྣམས། །སྙིང་རྗེ་ཅན་གྱིས་སྦྱིན་བཏང་བས། །དཔལ་ལྡན་ཡང་དག་ཁྱད་འཕགས ་འགྲོ་།མི་དབང་བརྒྱ་བྱིན་དང་མཉམ་རྩེ། །དགའ་ཞིང་བུ་དང་བྲན་གཡོག་བཅས། །ཟླ་བ་དང་འདྲ་བཞིན་གྱི་མཆོག་།མིག་ཡངས་ལུས་ནི་ཉི་མ་བཞིན། །གྲགས་པ་སྙན་པ་དག་དང་ལྡན། །མི་དབང་དགྲ་ཡི་སྟོབས་འཇོམས་ཤིང། །བདེ་བ་ཐམས་ཅད ་འཐོབ་པ་ནི། །དེ་ཡིས་རང་གི་བླ་མ་དང། །ཕ་མ་རྣམས་ལ་སྦྱིན་ལས་བྱུང། །གང་ཞིག་རྟ་དང་ཤིང་རྟ་གླང། །ཞོན་ལ་སྐྱེ་བོའི་ཚོགས་ཕྱག་འཚལ། །གསེར་གྱི་ཡུ་བ་དང་ལྡན་པ། །ཟླ་བའི་དབྱིབས་དང་ལྡན་པ་ཡི། །ཉི་མའི་འོད་ཟེར་ཟློག་བྱེད ་ཐོགས། །མི་དབང་མཆོག་ཏུ་གྱུར་པ་སྟེ། །འཁོར་ལོ་སྒྱུར་བྱེད་རྒྱལ་པོ་ནི། །ས་རྣམས་དབང་ཕྱུག་དང་བཅས་པའི། །གང་ཞིག་རྒྱལ་པོར་གྱུར་པ་ཡི། །ཡང་དག་ཞིང་ལ་དེ་དག་གིས། །སྦྱིན་པའི་ས་བོན་སྦྱངས་པ་ཡི། །ཡོན་ཏན་མཆོག་གི་འབྲས ་དེ་ཡིན། །དམན་པའི་སྣོད་ལ་སྦྱིན་པ་ཡིས། །མང་དུ་བྱིན་ཡང་འབྲས་བུ་ཉུང། །ཡུར་མ་ཆེར་མའི་སྐྱོན་བཅས་དང། །རྡོ་བའི་སྟེང་གི་ཞིང་རྣམས་ལ། །ས་བོན་མང་པོ་བཏབ་པ་བཞིན། །འདོད་ཆགས་ཞེ་སྡང་གཏི་མུག་སྤང། །ཡོན་ཏན ་གྱིས་བརྒྱན་ཞིང་ལ་སྦྱིན། །ཉུང་དུ་བྱིན་ཡང་མང་དུ་འབྱུང། །ནྱ་གྲོ་དྷ་ཡི་ས་བོན་བཞིན། །ཞིང་གི་གཏམ་སྟེ་ཉི་ཤུ་གཅིག་པའོ།། །།གང་གིས་ཆོས་ཀྱི་སྐྱིན་བྱིན་ཞིང།། བྲི་བ་དང་ནི་ཉན་པ་དང། །རྟག་ཏུ་དེ་དག་སེམས་ཉིད ་དང། །གལ་ཏེ་ཡང་དག་སྒོམ་བྱེད་ན། །སྐྱེ་བ་དྲན་པ་རྟག་ཏུ་འཐོབ། །གང་ཞིག་ལྷ་ཡི་འཇིག་རྟེན་ན། །དཔག་བསམ་གྱི་ནི་ཤིང་གི་མཆོག་།དོན་རྣམས་ཐམས་ཅད་འགྲུབ་བྱེད་པ། །ལྷ་ཚོགས་བདེ་བའི་མཆོག་གྱུར་པ། །དེ་ནི་བ་མཆོག ་བྱིན་པ་ཡི། །རྒྱ་ཆེ་བ་ཡི་འབྲས་བུ་ཡིན། །གང་ཞིག་མངལ་དུ་རྫོགས་པར་ནི། །གཙང་ཞིང་ཡིད་འོང་རོ་མྱང་ལ། །མར་དང་སྦྲང་རྩི་སྟོབས་དང་ནི། །གང་ཞིག་འོ་མ་འཐུང་ཚེ་ཡང། །པདྨའི་གེ་སར་མདངས་ལྡན་པ། ། ་ཁུ་ལྕོའི་དུས་གང་ཡིན་པར་འཐུང། །སྐྱེད་རྫོགས་ནས་ཀྱང་དེ་བཞིན་ཏེ། །བདུད་རྩིའི་མཆོག་ཀྱང་འཐུང་བྱེད་པ། །དེ་ནི་བ་མཆོག་བཏང་ལས་བྱུང། །སེང་གེའི་ཁྲི་ནི་རབ་དགའ་ཞིང། །མཛེས་པ་གུས་པའི་ཆོས་ལ་ནི། །རིམ་པ་བཞིན ་དུ་ངེས་ཕུལ་བས། །གཞིག་པ་མི་ནུས་རྡོ་རྗེ་གདན། །རབ་མཆོག་སེང་གེའི་ཁྲི་ལ་བཞུགས། །ལྷ་ཀླུ་གྲུབ་པ་ཕྱག་འཚལ་འགྱུར། །གསེར་གྱི་སྣོད་དུ་རྟག་ཏུ་དེར། །རོ་ལྡན་འོ་མ་བླུགས་ནས་ནི། །མི་ཡི་མཆོག་ནི་འཐུང་བྱེད་ཅིང། ། ་དཔལ་ལྡན་ཕུན་སུམ་ཚོགས་པ་དང། །པདྨའི་མདོག་ལྡན་བུད་མེད་རྙེད། །དེས་ནི་མ་ཧེ་མཆོག་བཏང་ཡིན། །རྟག་ཏུ་ནད་པ་ཉམ་ཆུང་ལ། །བཞོན་པ་མཆོག་ནི་སྦྱིན་པ་དང། །བླ་མ་རྣམས་ནི་མཉེས་བྱས་ནས། །བཙུན་ཞིང་མི་རྣམས་ཀྱིས ་སྟོང་འགྱུར། །གསེར་གྱི་ཆས་ཀྱིས་བརྒྱ་པ་ཡི། །རྟ་ནི་ཡིད་དུ་འོང་བ་ལ། །མི་མཆོག་རྟག་ཏུ་ཞོན་ནས་རྒྱུ། །ཤིན་ཏུ་རིང་བའི་ཡུལ་རྣམས་སུ། །རྫུ་འཕྲུལ་གྱིས་ནི་འགྲོ་བྱེད་པ། །བཞོན་པ་མཆོག་ནི་སྦྱིན་པ་ཡིས། །དེ་ལྟ་བུ་ཡི་མི་རུ ་འགྱུར། །དོ་ཤལ་དང་ནི་དོ་ཤལ་བྱེད། །འོག་བག་དང་ནི་ལྡན་པ་ཡི། །ཡིད་འོང་ལྷ་མོ་རྣམས་ལ་རྩེ། །སུམ་ཅུ་རྩ་གསུམ་བདག་བསྒྲུན་པ། །བལྟོས་པ་མེད་པར་སྦྱིན་པ་ལས། །བྱུང་བར་མཁས་རྣམས་རབ་ཏུ་བཤད། །བདུད་ཀྱི་ཟིལ ་གྱིས་མི་ནོན་ཞིང། །ལེགས་པར་གསུངས་པ་རྟག་ཏུ་ནི། །བདུད་རྩི་ལྟ་བུར་མཉན་པར་གྱིས། །ས་གཞི་ལྟ་བུར་ཆོས་ཀྱི་ཡུམ། །ཉོན་མོངས་དགྲ་ནི་སྤོང་བར་བྱེད། །འཁོར་བའི་བདེ་བ་ཉམས་མྱོང་ཞིང། །ཕུན་སུམ་ཚོགས་པ་ཐམས ་ཅད་ཀྱི། །རབ་མཆོག་ཉིད་ནི་ཐོབ་པར་འགྱུར། །དུབ་པའི་དུས་ནི་ཐམས་ཅད་དུ། །མཁས་པས་གནས་ནི་ཕུལ་བ་ཡིས། །མཐོ་རིས་ཕྱིན་ནས་རྟག་ཏུ་དགའ་། །བརྒྱ་བྱིན་དང་ནི་ལྷན་ཅིག་ཏུ། །རྟག་ཏུ་དགའ་བ་མྱོང་བར་བྱེད། །འདིར་ནི་སྐྱེད་མོས་ཚལ་ཕུལ ་བས། །སྣ་ཚོགས་པ་ཡི་ཤིང་རྣམས་ལ། །མེ་ཏོག་དྲི་ཞིམ་དང་ལྡན་ཞིང། །མངོན་པར་མཐོ་བའི་མིང་ཐོབ་ནས། །སྐྱེད་མོས་ཚལ་རྣམས་ལོངས་སྤྱོད་ལྡན། །ཆུ་བོ་རྒལ་བར་དཀའ་བ་ཡི། །གནས་སུ་ཟམ་པ་འཛུགས་བྱེད་པ། །མ་དེ་ལོངས་སྤྱོད་དང ་ལྡན་པའི། །མཐོ་རིས་གནས་སུ་འགྲོ་བར་འགྱུར། །གསེར་མདོག་ལྟ་བུའི་ལུས་དང་ལྡན། །ཉམས་དགའ་རྫིང་བུ་བྱེད་པའི་མི། །མཐོ་རིས་གནས་ནི་ཐོབ་པར་འགྱུར། །འཇིག་རྟེན་འདི་རུ་མིར་གྱུར་ནས། །རྒྱལ་པོ་ཡིན་ནི་དགའ་བ་དེ་ཐོབ། །ཁྲོན་པ ་དང་ནི་བུ་ཉེན་ཁང། །སེམས་ཅན་རྣམས་ནི་རྟེན་པ་དང། །ཐན་པ་གྲགས་པས་རློབ་གྱུར་པ། །བྱེད་པའི་མི་མཆོག་གང་ཡིན་པ། །ལྷ་ཡི་བདེ་བ་མྱོང་བར་འགྱུར། །ཉི་མའི་འོད་ཟེར་ཚ་བ་ཡིས། །ཤིན་ཏུ་སྡུག་བསྔལ་ལྡན་པ་ལ། །གང་ཞིག ་གདུགས་ནི་སྦྱིན་བྱེད་པ། །གདུགས་དང་འདྲ་བར་དེ་དག་ནི། །དགྲ་ཡི་ཚོགས་ལས་རྒྱལ་འགྱུར་ཞིང། །རྟག་ཏུ་བདེ་བ་མཆོག་དང་ལྡན། །མཆིལ་ལྷམ་རྒྱན་གྱིས་བརྒྱན་པ་ནི། །སེམས་ཅན་ཐམས་ཅད་དག་ལ་ནི། །གུས་པ་ཡིས་ནི་སྦྱིན་བྱེད་པ། ། ་དེ་དག་བཞོན་པ་མཆོག་རྣམས་ལ། །ལྷ་དང་མི་ཡི་འཇིག་རྟེན་དུ། །ཡུན་རིང་ཞོན་པར་སྐྱེ་བར་འགྱུར། །ཡོན་ཏན་རྣམས་ནི་སྒྲོགས་པ་ཡིས། །རྒྱལ་བ་མཆོག་གིས་བསྟོང་བྱེད་པ། །ཐམས་ཅད་དག་ནི་བཏུད་པ་ཡིས། །ལུས་ཀྱི་ཕྱག་ནི ་འཚལ་བྱེད་པ། །བླ་མར་བསྟེན་པའི་རིགས་སྐྱེ་ཞིང། །དེ་དག་སོ་སོར་རིག་པ་འཐོབ། །རྫ་རྔ་པི་ཝང་པཊ་ཧས། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །མིར་གྱུར་ནས་ནི་དབྱངས་སྙན་ལ། །སྒྲ་ནི་ཤིན་ཏུ་སྙན་པར་འོས། ། ་ཡིད་དུ་འོང་བའི་གཟུགས་དང་ལྡན། །བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་ནི་འཇུག་བྱེད་ཅིང། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་རྒྱ་ཆེ་ཞིང། །དཔལ ་ནི་ཕུན་སུམ་ཚོགས་པར་འཐོབ། །མིར་གྱུར་པ་ནི་མ་ལུས་པའི། །བདག་པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་རྒྱན་ལྡན་པས། །ས་རྣམས་སྦྱིན་པར་བཏང་བ་ལས། །ཡིན་པ་རུ་ནི་མཁས་པ་འཆད། །མཆོད་རྟེན་དང་ནི་རྒྱལ ་བ་ཡི། །སྐུ་མཆོག་རྣམས་ནི་བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཇུག་བྱེད་པ། །མཐོ་རིས་ཡང་དག་འདིར་ཐོབ་ནས། །མི་རྣམས་ཀྱིས་ནི་བསྟོང་པར་འགྱུར། །གང་ཞིག་དང་པོ་སངས་རྒྱས་ལ། །ས་དང་ལྕི་བས་བྱུགས་ནས་ནི།། ་མེ་ཏོག་འབྲས་བུ་ཟས་སྐོམ་ཕུལ། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྒྱལ་པོའི་བུ་ནི་ཐོབ་པར་འགྱུར། །རྒྱ་ཆེན་མར་མེ་སྣ་ཚོགས་དང། །དྲི་ཞིམ་མེ་ཏོག་བདུག་པ་དང། །བུ་རམ་ལ་སོགས་བཏུང་བ་རྣམས། །དགེ་འདུན་ལ་ནི་འབུལ ་བྱེད་ལ། །དེ་ཡང་ནོར་དང་ལྡན་འགྱུར་ཞིང། །ལྷ་མིའི་བདེ་བ་དག་དང་ལྡན། །མཆོད་རྟེན་གདུང་བཅས་གཙུག་ལག་ཁང། །མིག་འབད་པས་ཉེན་འཁོར་ཕྱགས། །ཀུན་ནས་དྲི་མ་མེད་བྱེད་པ། །གསེར་གྱི་ཁ་དོག་འདྲ་བར་འགྱུར།། ་རྟག་ཏུ་སྣང་བ་འབུལ་བྱེད་ཅིང། །གྲང་དུས་གོས་དང་ཁང་པ་དང། །རྒྱན་དང་བུ་མོ་བཏུང་བ་བྱིན། །སྐྱེ་གནས་རྣམས་སུ་བདེ་ལྡན་འགྱུར། །ས་སྟེངས་དུ་ནི་ཚེ་རིང་ཞིང། །ཐམས་ཅད་ནད་ལས་གྲོལ་བར་འགྱུར། །མཉམ་པ་མེད་པའི ་བདེ་བ་འཐོབ། །དེ་དག་རྟག་ཏུ་བདེ་དང་ལྡན། །ལྷ་ཡི་བདེ་བ་སྣ་ཚོགས་པ། །ཉམས་སུ་མྱོང་ཞིང་འབྱུང་འགྱུར་བ། །སྲོག་གཅོད་སྤངས་པ་ལས་ཡིན་པར། །ངེས་པར་མཁས་པ་རྣམས་ཀྱིས་བསྟན། །གཞན་མཐོང་བརྣབ ་སེམས་མི་བྱེད་པ། །ཆོམ་རྐུན་ལས་ནི་དབེན་གྱུར་ཅིང། །རྫས་ནི་ཡོངས་སུ་སྲུང་བར་བྱེད། །གསེར་ནི་དཔག་མེད་ཕུན་ཚོགས་ཐོབ། །རྐུན་མ་བརྒྱ་ཕྲག་དག་གིས་ནི། །མི་དབང་ལས་ནི་དབྲལ་མི་ནུས། །ཆུང་མ་གཞན་ལ་མི་འཕྱོ་ཞིང། །ལེགས་བསྲུངས ་ཆུང་མ་ཉམ་མེད་རྙེད། །སྐྱེ་བར་དཔྲར་གྱུར་ཅུང་ཟད་མེད། །འདིར་ནི་འཇིག་རྟེན་ཡིད་རྟོན་ཅིང། །དེ་ལ་ཡིད་མི་ཆེས་ཡོད་མིན། །དེ་དང་དེར་ནི་སྐྱེ་བ་ན། །ུཏཔལ་སྔོན་པོ་ལྟ་བུར་ནི། །དྲི་དང་ཡིད་དུ་འོང་བའི་གཟུགས། །དེ་ནི་མི་འགྱུར་ཁ་དྲི་ཞིམ། །བརྫུན ་གྱི་ཚིག་ཀྱང་སྨྲ་མ་ཡིན། །དམ་པ་ཡི་ནི་གྲོགས་ལྡན་ཞིང། །མི་དབང་གིས་ནི་གུས་པས་མཆོད། །བུ་དང་ཆུང་མ་བྲན་དང་ནི། །ལོངས་སྤྱོད་རྒྱ་ནི་ཆེན་པོ་ཡིས། །དཔག་ཏུ་མེད་པའི་བདེ་ཐོབ་པ། །རྟག་ཏུ་ཕྲ་མ་སྤངས་པ་ཡིན། །ཡིད་དུ་འོང་ཞིང་སྒྲ ་སྙན་ལ། །དག་ནི་མཉན་པར་འོས་པ་དང། །རྟག་ཏུ་ཤིན་ཏུ་མཛེས་པ་དང། །མི་རྣམས་དང་ནི་ལྷ་རྣམས་སུ། །དེ་རྒྱལ་ཚིག་ནི་རྩུབ་མོ་དག་།མི་དེ་ཡིས་ནི་སྤངས་པས་ནི། །ཆོས་དོན་བདེན་ལ་དགའ་བ་ཡི། །སྨྲ་བ་དེ་ནི་འཇིག་རྟེན་གྱི། ། ་རྟག་ཏུ་མཆོག་ཏུ་ཡིད་འོང་འགྱུར། །ཡང་ཡང་མཆོད་པ་དེ་ཡིས་འཐོབ། །རིན་ཆེན་མང་དང་བཞོན་པས་ཕྱུག་།མངོན་མཐོ་འཇིག་རྟེན་སྣ་ཚོགས་པའི། །བདེ་བ་མཛའ་ཡས་མྱོང་བར་གྱུར། །བདག་གཞན་ཆགས་པ་སྤངས་པ་ཡིས།། ་དེ་འདིར་འདོད་ཆགས་ཆུང་འགྱུར་ཞིང། །རྟག་ཏུ་ལོངས་སྤྱོད་རྒྱ་ཆེན་ལྡན། །དག་ལ་དབང་ཞིང་གྲགས་ལྡན་འགྱུར། །རབ་ཏུ་མཛེས་པ་ཉིད་འཐོབ་ཅིང། །དེ་ནི་རྟག་ཏུ་ཕྱུག་ཅིང་བདེ། །རྒྱལ་སྲིད་ཀྱིས་མཐོ་འཇིག་རྟེན་གྱི། །ཚངས་པ་ཉིད་ནི ་ཐོབ་འགྱུར་ཞིང། །ཡང་དག་བྱམས་པའི་སེམས་ལྡན་ལ། །དབང་པོ་ཡོད་པའི་མི་རུ་སྐྱེ། །མཐོ་རིས་ཐར་འབྲས་བདེ་བ་ཐོབ། །ཡང་དག་རྫོགས་དང་མི་དེ་ལྡན། །གང་ཕྱིར་འདི་དག་ཐམས་ཅད་ནི། །ཡང་དག་ལྟ་བ་མཆོག་ཏུ་ནི། །དགེ ་བའི་རྩ་བའི་འབྲས་བུ་ཡིན། །དད་དང་བློ་གྲོས་དང་ལྡན་པའི། །བསོད་ནམས་ཀྱི་ནི་ཞིང་མཆོག་ལས། །ས་གསུམ་བདེ་བ་རྒྱ་ཆེན་སྐྱེ། །དེ་ལྟའི་ཁྱད་པར་མི་ཤེས་ནས། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་བའི ་དད་པ་ཡི། །རྟག་ཏུ་དེ་ཡིས་བསྟེན་པར་བྱ། །དད་པ་ཡིས་ནི་མ་བཞིན་དུ། །དགེ་བ་རྣམས་ནི་བསྐྱེད་པར་བྱ། །དེ་བས་ཐོག་མར་སྐྱེས་བུ་ཡིས། །ཡིད་ཀྱིས་ལེགས་པར་བསྟེན་པར་བྱ། །འབྱུང་གནས་དད་པ་སྤངས་པ་ཡིས། །དམ་ཆོས ་རིན་ཆེན་བྱང་ཆུབ་ཕྱོགས། །ངེས་པར་གཟུང་བར་ནུས་མ་ཡིན། །རྒྱལ་པོ་ལས་ནི་ཉམས་པ་ཡིས། །ལོངས་སྤྱོད་འབྲས་ལས་ཉམས་པ་ལྟར། །དད་པའི་དབང་པོ་ལས་ཉམས་ན། །དེ་བཞིན་འབྲས་རྣམས་ཐོབ་མ་ཡིན། །དེ་ཕྱིར ་སྐྱེས་བུ་མཁས་པ་ནི། །འཇིག་རྟེན་བདེ་གཤེགས་བྱེད་འདོད་པས། །ཡིད་ནི་རབ་ཏུ་དད་པ་ཡིས། །རྟག་ཏུ་ཕན་པ་ཉིད་དུ་གྱིས། །ལྷག་མས་ཉེས་པ་ཞི་མ་ཡིན། །གཞན་དུ་དད་པ་དང་ལྡན་པའི། །ཉེས་པའི་ཚོགས་ནི་ཐམས་ཅད ་སྲེགས། །དམན་ཞིང་གོས་མེད་རྨོངས་པ་དང། །ལག་པ་ན་ནི་ཐོད་པ་ཐོགས། །འཇིག་རྟེན་འདི་ནི་སློང་བ་སྣང། །སྦྱིན་པ་མེད་པའི་འབྲས་ལ་བལྟོས། །ཐ་དང་ཁྱིམ་དུ་སློང་ཞིང་རྒྱུ། །རྟག་ཏུ་བཀྲེས་པར་ཀུན་ཏུ་འཁོར། ། ་གང་ཞིག་ལུས་ལག་སྐྱོང་བ་ལ། །ཁྱི་དང་འདྲ་བར་རིང་ན་གནས། །ཀུན་ཏུ་འཇུག་ཅིང་སློང་བ་ལ། །ཕྱིར་ལྡོག་ཉུང་ཤས་ཕྱོགས་ཅིག་ཀྱང། །གང་ཞིག་ཁ་ཟས་མི་སྟེར་བ། །ཁ་ནི་ཁབ་ཙམ་ལྟོ་བ་རེ། །ལུས་བསྐམས་སྐྲ་ཡི་གོས ་ཀྱིས་ནི། །ཉི་མའི་འོད་ཟེར་སྣང་མིན་ལ། །ཡི་དགས་སྐོམ་གྱིས་གདུངས་པ་སྣང། །འབྲས་དེ་ལག་གིས་མ་བྱིན་ཞིང། །དུས་མ་སྦྱིན་པའི་འབྲས་བུར་གསུངས། །སྣ་ཚོགས་བསྡུས་པའི་གཏམ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། ་བསོད་ནམས་སྤྲོ་བསྐྱེད་མཉན་པར་གྱིས། །གཏོང་དང་བསོད་ནམས་དཀོན་པ་ཏེ། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །སྐུ་གདུང་རྣམས་ནི་བཅུག་བྱས་ན། །ཁྲུལ་གསོལ་གདུགས་ནི་འདེགས་པ་དང། །མཎྜལ་ཟས་དང་སྐོམ་རྣམས ་དང། །གོས་དང་མེ་ཏོག་ལ་སོགས་དང། །སྣང་བ་དང་ནི་མར་མེ་དང། །གཙུག་ལག་ཁང་དུ་མལ་སྟན་དང། །ཞིང་དང་སྣ་ཚོགས་ཕུལ་ནས་ནི། །བསྟོད་ཅིང་ཕྱག་ནི་འཚལ་བྱེད་པ། །འདི་འདྲ་དུ་མ་ཕུན་སུམ་ཚོགས། །གཏམ་ནི་ཉི ་ཤུ་རྩ་གཉིས་ཀྱིས། །ཡང་ཡང་སྦྱིན་པའི་བསྔགས་པ་བརྗོད། །མཚོ་ནི་སྦྲུལ་གྱི་གང་བཞིན་དང། །མེ་ཏོག་ལོ་མ་རྒྱས་པ་ཡི། །ལྗོན་ཤིང་ཚེར་མ་དང་བཅས་བཞིན། །ཐོས་དང་དཔྱོད་དང་རིགས་ལྡན་བཞིན། །དེ་ལྟ་བུ་ཡི་བྱེ་བྲག ་ཅན། །ཚུལ་ཁྲིམས་ལ་ནི་རྒྱབ་ཕྱོགས་ཡིན། །དབུལ་ཡང་ཁྲིམས་ལྡན་མཆོག་ཡིན་གྱི། །ཡོན་ཏན་བརྒྱན་དང་བྲལ་བ་ཡི། །ནོར་ལྡན་རྣམས་དང་མཚུངས་མ་ཡིན། །དབུལ་ཡང་སྐྱེས་བུ་དམ་པ་རྣམས། །དེ་དག་ཡོན་ཏན་རོ་མྱོང་བས།། ་བདུད་རྩི་ལྟ་བུར་ཁྱད་པར་འཕགས། །ཡང་དག་དྲན་བྱ་བླ་མ་བཞིན། །ཡོན་ཏན་ལྡན་འཕགས་གཟི་བརྗིད་ལྡན། །ནོར་རྣམས་དང་ནི་རྒྱན་དང་ནི། །དེ་དག་རྒྱལ་པོ་རྣམས་ཀྱིས་ནི། །དྲུང་དུ་ཉེ་བར་མཆོད་འདོད་པས། །ཚུལ་ཁྲིམས ་འདི་ནི་བསྲུང་བར་གྱིས། །འཇིག་རྟེན་བདེ་བ་རྣམ་རྒྱལ་བའོ། །འཇིགས་དང་ཞེ་སྡང་བཅས་པ་ལ། །ཆོས་ཀྱི་བདག་ཉིད་བློས་བྱས་ཏེ། །བདེ་མཆོག་ཕྱིར་ནི་སྐྱེས་བུ་ཡིས། །བདེ་བ་རྒྱ་ཆེན་མི་འཕྲོགས་བ། །ཐོབ་པར་འདོད་པ་དེ་ཡིས་ནི། །ཚུལ་ཁྲིམས་ཉིད་ནི ་བསྲུང་བར་གྱིས། །ཚུལ་ཁྲིམས་ལས་ཉམས་འདུལ་ཞིང་འཚེ། །དེ་ཡིས་འཇིགས་བཅས་ཉམས་སུ་མྱོང། །ཚུལ་ཁྲིམས་ལྡན་ལ་དེ་དག་མེད། །དེ་ནས་འཇིག་རྟེན་ཕ་རོལ་ཏུ། །མཛའ་ཡིས་གཏུགས་ཤིང་འགྲོ་བ་ན། །བདེ་བའི་ཡུལ་རྣམས་འདོད་པ ་ཡིས། །དེ་ཡིས་ཚུལ་ཁྲིམས་འདི་ཉིད་སྲུངས། །ཚུལ་ཁྲིམས་བརྟན་དང་ངེས་ལྡན་ན། །བདེ་འགྲོ་ཉོན་མོངས་བདག་ཉིད་མིན། །ལོག་པར་ལྟ་བས་ལམ་གོལ་ཕྱིར། །དེ་ཕྱིར་ཐར་པར་རབ་བྱུང་ཞིང། །རྟགས་ལྡན་མཐོ་རིས་འདོད་པ ་ཡིས། །དེ་ཡིས་ཚུལ་ཁྲིམས་འདི་ཉིད་སྲུངས། །མི་འཇིག་དབྲོག་ཏུ་མེད་པའི་རྒྱན། །ཚུལ་ཁྲིམས་འདི་ཡིན་བསྲུང་བར་གྱིས། །ཚུལ་ཁྲིམས་ནོར་གྱི་མཆོག་ཡིན་ཏེ། །གཞན་གྱིས་དབྲོག་ཅིང་རྐུར་མི་ཚུགས། །ཚུལ་ཁྲིམས་བརྟེན་ཏེ་འཆི་བ་ན། །གཞན་དུ ་རྗེས་འབྲངས་ལུས་མ་ཡིན། །ཚུལ་ཁྲིམས་རྗེས་སུ་འབྲང་བའི་གྲོགས། །ཚུལ་ཁྲིམས་རྒྱན་གྱི་མཆོག་ཡིན་ཏེ། །རྒྱན་དེ་ལ་ནི་སྟོར་བ་མེད། །ཡིད་བཅུགས་པ་ཡི་གྲོགས་པོ་ཡིན། །ཚུལ་ཁྲིམས་ལྟ་བུའི་ཕན་བྱེད་མེད། །ཚུལ་ཁྲིམས་ཡང་དག་ངེས་པའི ་གཉེན། །ཕ་དང་མ་དང་བུ་ཡིན་ཏེ། །འདོད་པ་སྟེར་བ་ཚུལ་ཁྲིམས་ཏེ། །མཐུ་ཡིས་འབྲས་བུ་འདི་སྦྱིན་བྱེད། །ཚུལ་ཁྲིམས་ཀྱི་གཏམ་སྟེ་ཉི་ཤུ་གསུམ་པའོ།། །།བསྐལ་པ་སྟོང་དུ་བསགས་པ་ཡིས། །སྦྱིན་དང་བདེ་གཤེགས་མཆོད་ལ ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་དང་མཉམ་སྡིག་པ་མེད། །བཟོད་དང་མཉམ་པའི་དཀའ་ཐུབ་མེད། །དེ་ཕྱིར་འབད་པས་བཟོད་པ་བསྒོམ། །སྣ་ཚོགས་པ་ཡིས་ཚུལ་གྱིས་ནི། །ཞི ་བའི་ཡིད་ཀྱིས་མ་བཟུང་ན། །དགའ་དང་བདེ་བ་མྱོང་བ་ཡིན། །སྡང་བའི་ཟུག་རྔུ་ཡིད་གནས་ལ། །གཉིད་མེད་བརྟན་པ་ཡོད་མ་ཡིན། །ཞེ་སྡང་བྲལ་བར་མ་གྱུར་ན། །ཇི་སྲིད་འཚོ་བར་གནོད་དང་བཅས། །ཁྲོ་བ་གཅིག་ཕུ་བཅོམ་པ་ཡིས། །རྣམ ་པར་སྡང་བ་ཐམས་ཅད་བཅོམ། །རྟོག་པའི་བུད་ཤིང་ལ་མཆེད་པའི། །ཁྲོ་བའི་མེ་ཡིས་འགྲོ་བ་སྲེག་།དང་པོར་བདག་ཉིད་སྲེག་བྱེད་ལ། །གཞན་དག་སྲེག་པ་འམ་ཡང་ན་མིན། །རྒས་པ་ཡིས་ནི་གཟུགས་བཞིན་དང། །ཁྲོས་དང་མུན ་པས་མིག་དང་ནི། །བློ་དང་བྲལ་བས་འདོད་དོན་ལྡན། །ད་བས་ཁྲོ་བས་འཇོམས་པར་བྱེད། །དགེ་བའི་ལས་ལ་འདིར་སྦྱར་བྱ། །བདག་ལ་གནོད་བྱེད་འབྱུང་བ་དང། །དེ་ལས་ཟློག་པར་བྱ་སྙམ་ན། །སྡིག་ལྡན་སེམས་ཡིན་ཁྲོར་ཅི་ཡོད། །མཚོན་སོགས་བྱེད ་པོ་སྤངས་ནས་ནི། །འཕེལ་བ་ཅི་ཞིག་ཁྲོ་རུ་ཡོད། །རྩོད་བྱེད་ཞེ་སྡང་ཡིན་པས་ན། །དེ་ཕྱིར་ཞེ་སྡང་ལ་སྡང་བསྔགས། །བཟོད་པའི་གཏམ་སྟེ་ཉི་ཤུ་བཞི་པའོ།། །།ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པ་བརྩོན་འགྲུས་ཏེ། །ཉོན་མོངས ་རྒྱ་མཚོ་ཀུན་སྒྲོལ་བའི། །རྒྱ་ཆེན་མཆོག་ནི་བརྩོན་འགྲུས་ཡིན། །བརྩོན་འགྲུས་ཤིང་རྟ་གང་ཡིན་པ། །དངོས་པོ་བསམ་པས་མི་འཐོབ་པ། །དེ་འདྲ་འགྲོ་ན་ཡོད་མ་ཡིན། །གླང་པོ་རྟ་དང་རྐང་ཐང་དང། །མདར་དང་མདའ་ཆེན་དགྲ་སྟ་དང། །མཚོན་ཆ་ཡིས ་ནི་གཡུལ་འགྱེད་ཅིང། །དགྲ་བགེགས་མཐར་ནི་རྒྱལ་བྱེད་པའི། །འདི་སྟེ་སྟོབས་དང་ལྡན་པ་ཡི། །བརྩོན་འགྲུས་དཔའ་བོ་ཆེན་པོ་ཡིན། །རྒྱ་མཚོ་ཆུ་སྲིན་ཚོགས་གནས་ཤིང། །ཆུ་རླབས་མཐོན་པོར་རིམ་རྒྱུ་བ། །བརྩོན་འགྲུས་ལྡན་པའི་དཔའ་བོ་ཡིས། ་བ་ལང་རྗེས་བཞིན་འགོམ་པར་བྱེད། །རིན་ཐང་མེད་པའི་རིན་ཆེན་གྱི། །གཏེར་ནི་ལེན་པར་བྱེད་པ་ཡིན། །འདོད་ཆགས་ལ་སོགས་སྦྲུལ་གདུག་རྣམས། །ལུས་ལ་བརྩོན་འགྲུས་ཅན་གྱི་སྤོང། །ཁྲིམས་ལྡན་སྐྱེ་བོ་དམ་པ་ནི། །སེམས་ནི་དྲི་མེད་ཁྱད ་འཕགས་པས། །མིང་ནི་ཡང་དག་མཉམ་གཞག་འཛིན། །རི་རབ་མཛེས་པའི་རྩེ་མོ་རུ། །བལྟ་ན་སྡུག་པའི་ལྷ་མོལ། །བང་དུ་ལག་པས་འཁྱུད་པ་ཡིས། །བདེ་དང་ལྡན་ཞིང་དགའ་བར་བྱེད། །མཁའ་གནས་ལྷ་ནི་གང་ཡིན་པས། །གཉིས་གཉིས ་ལྡན་པ་ངེས་སྤངས་ནས། །ཡང་དག་ཡིད་ཀྱི་བདེ་བ་མྱོང། །ཤིན་ཏུ་འབྲས་བུ་རྒྱ་ཆེ་བ། །སྐྱེད་པའི་རྒྱུ་ནི་བརྩོན་འགྲུས་ཏེ། །བརྟན་པ་ལ་སྦྱོར་དེ་སྦྱོར་བྱེད། །བརྩོན་འགྲུས་ཀྱི་གཏམ་སྟེ་ཉི་ཤུ་ལྔ་པའོ།། །།ཉོན་མོངས་དགྲ་ཡི་སྡེ་མཚན ་རྣམས། །བསམ་གཏན་ལྡན་པས་ཟིལ་མནན་ནས། །ཡང་དག་བྱང་ཆུབ་དཔལ་རྣམས་འཐོབ། །བྱང་ཆུབ་ཡན་ལག་རབ་སྦྱིན་ཞིང། །འཆི་མེད་སྐྱེ་བའི་རྒྱུར་གྱུར་བ། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ཉེས་པ་ཐམས་ཅད་སེལ ་བ་ཡིས། །རྒྱུ་ནི་བསམ་གཏན་ཡིན་པ་རུ། །བློ་ལྡན་དེ་ཡིས་རབ་ཏུ་གསུངས། །ནམ་མཁའ་དང་ནི་སེམས་མཉམ་ལ། །གསེར་དང་བོང་བར་མཉམ་པ་ཡི། །བསམ་གཏན་སྒོམ་བྱེད་སྐྱེས་བུ་ཡིས། །ཡོན་ཏན་རྣམས་ཀྱི་རྒྱུ་རུ་གསུངས། །ཉོན་མོངས ་དགྲ་ཚོགས་ལས་རྒྱལ་བའི། །དགེ་བའི་སྟོབས་ཀྱིས་བསྒྲུབས་པ་ལས། །མཚན་ནི་ཐམས་ཅད་ལྡན་པ་ཡི། །ཡང་དག་རྫོགས་པའི་བྱང་ཆུབ་དཔལ། །ཡང་དག་རབ་མཆོག་བདག་ཉིད་ཅན། །དཀོན་པའི་རིགས་པ་ཐོབ་པར་འགྱུར། །སེམས་ལ ་ཡེ་ཤེས་བདག་པོ་ཡིས། །དགྲ་ཡི་འཇིགས་པ་རྣམས་སྤངས་ནས། །གང་གིས་མི་ཡི་དབང་པོ་སྐྱེད། །བསམ་གཏན་གཅིག་པུ་དེ་རྒྱུ་སྟེ། །ཡོན་ཏན་ཀུན་གྱི་གཏེར་ཡིན་པར། །འཕགས་པའི་ཡོན་ཏན་གྱིས་ཕྱུག་གསུངས། །རྨོངས་པའི་མུན ་པ་སེལ་མཛད་ཅིང། །རྒྱུན་གྱིས་རྟག་པའི་ཡེ་ཤེས་ཀྱིས། །རྫོགས་སངས་རྒྱས་ཀྱི་ཉི་མ་དང། །མི་རྣམས་དང་ནི་ལྷ་རྣམས་ཀྱིས། །བདེ་རྒྱུ་བསམ་གཏན་རབ་མཆོག་ཡིན། །བསམ་གཏན་གྱི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།ཤེས ་རབ་སྟོབས་དང་བྲལ་བ་ནི། །སྐྱེས་བུའི་གཟུགས་ཅན་འབའ་ཞིག་སྟེ། །སྙིང་པོ་སྤངས་པའི་མཐར་ཐུག་པར། །རི་མོར་བྲིས་པའི་གཟུགས་དང་མཚུངས། །བློ་ལྡན་བརྩོན་འགྲུས་དང་ལྡན་པའི། །བློ་ལྡན་དེ་ལ་འབྲས་འདོད་འབྱུང། །བླ་མེད ་བདག་ཉིད་གསོད་པའི་དགྲ། སྐྱེ་བ་དུ་མས་གང་ཆོད་དང། །བདག་ཉིད་སྐྱེ་བར་འགྱུར་བ་ཡི། །རིགས་དང་མིང་དང་རུས་རྣམས་དང། །དབུས་བཞིན་དུ་ནི་མཛའ་བཟུང་ལ། །རྣལ་འབྱོར་བ་ཡི་ཤེས་པ་འཇུག་།ཤེས་རབ་སྟོབས་ཀྱིས་དེ ་ཤེས་གསུངས། །འཇིག་རྟེན་རྣམས་ནི་དྲི་མ་ཡི། །རབ་རིབ་ཚོགས་ནི་སེལ་བྱེད་པས། །དེ་བས་བློ་དེ་ཆེས་མཆོག་ཡིན། །ཡེ་ཤེས་སྣང་བ་བསྐྱེད་པ་ཡིས། །མི་རྣམས་ཀྱི་ནི་ཉེས་པའི་ཚོགས། །རྟག་ཏུ་སྟོངས་པར་བྱེད་པ་ཡིན། །དང་པོར་དབང་པོ ་འདི་བསྒྲུབ་བྱ། །ཡིད་ཀྱི་ཕྲ་རབ་རྣམ་ཤེས་ཤིང། །རིགས་པ་ཐམས་ཅད་གསལ་བྱེད་ཡིན། །ཤེས་རབ་དེ་ཡང་རྟག་པར་ནི། །སྟོབས་ཀྱིས་དགེ་བ་སྐྱེད་བྱེད་པའི། །རྒྱུ་ཡིན་པར་ནི་རྟག་ཏུ་གྲགས། །བྱ་བའི་རྒྱ་མཚོའི་ནང་དུ་ནི། །གདོན་མི་ཟ་བར་ནུབ ་པ་དང། །གཡུལ་གྱི་ནང་དུ་ཤེས་རབ་གཙོ། །ཤེས་རབ་སྟོབས་ཀྱིས་རྣམ་རྒྱལ་ཐོབ། །ཐོས་པའི་ཤེས་རབ་གང་ཡིན་དེ། །དགེ་བ་རྣམས་ཀྱི་རྒྱུ་རུ་འགྱུར། །དེ་ལྟས་ཡོན་ཏན་ཐམས་ཅད་ནི། །སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། །གདོན་མི་ཟ་བར་ཤེས་རབ ་བསྒྲུབ། །ཤེས་རབ་མེད་པའི་སྐྱེས་བུ་ནི། །མི་གསལ་ཐོ་རངས་མར་མེ་བཞིན། །ཤེས་རབ་ཀྱི་གཏམ་སྟེ་ཉི་ཤུ་བདུན་པའོ།། །།མཐོ་རིས་མཐར་པའི་ཡོན་ཏན་ནི། །རིན་པོ་ཆེ་ཡི་གཏེར་གྱུར་པ། །ཕ་རོལ་ཕྱིན་པ་དྲུག་འདི་ཉིད། །ས་གཞི་བཞིན ་དུ་ཤེས་པའི་མིས། །བདག་ཕན་བསྒྲུབས་པ་དེ་ཡིས་ནི། །གཞན་ལ་ཕན་པར་བྱ་བའི་ཕྱིར། །མྱུར་དུ་རྟག་པར་རྒྱུན་ཏུ་འབབ། །ཕ་རོལ་ཏུ་ཕྱིན་པའི་གཏམ་སྟེ་ཉི་ཤུ་བརྒྱད་པའོ།། །།ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི ་གཏམ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རུ་དྲ་དང། ལོ་ཙཱ་བ་ཆེན་པོ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཙ་ཏུརྦི་བདྱ་ཀ་ཐཱ། ་