CLOSE WINDOW

N4212: mi khom pa brgyad kyi gtam
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གཾ་གཱི་དྷ་ར་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨཥྚ་བཀྵ་ཎཱ་ཀ་ཐཱ། བོད་སྐད ་དུ། མི་ཁོམ་པ་བརྒྱད་ཀྱི་གཏམ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། འདིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་གུས་པར་མཉན་པར་བྱ་སྟེ་ཕྱིས་ནི་རྗེས་སུ་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ་གང་གི་ཚེ་འདིར་མི་ཁོམ་པ་བརྒྱད་ལས་གྲོལ་བའི་མི་ནི་ཤིན་ཏུ་དཀོན་ནོ། །མི་ཁཾ་པ་བརྒྱད་པོ་དག་གང་ཞེ་ན་འདི་ལྟ་སྟེ། དམྱལ་བ་དང། དུད་འགྲོ་དང། ཡི་དགས་དང། མཛའ་འཁོབ་ཏུ་སྐྱེས་པ་དང། ལྷ་ཚེ་རིང་པོ་དང། དབང་པོ་མ ་ཚང་བ་དང། ལོག་པར་ལྟ་བ་དང། དེ་བཞིན་གཤེགས་པ་མི་འབྱུང་བ་སྟེ། དེ་ལྟར་མི་ཁོམ་པ་བརྒྱད་པོ་འདི་དག་དང་ལྡན་ན་མི་མཐོབ་པས་གྲོལ་བའི་ཆོས་དང་ལྡན་པར་མི་འགྱུར་རོ། །དེ་དག་ཇི་ལྟ་ཞེ་ན། བརྗོད་པར་བྱ་སྟེ། དམྱལ ་བ་དང། དུད་འགྲོ་དང། ཡི་དགས་དང། ཤ་ཟའི་ལམ་དུ་ཕལ་ཆེར་གནས་པས་འདིར་འགའ་ཞིག་མི་འམ་ལྷར་འགྱུར་གྱི། ཕལ་ཆེར་ནི་མི་འགྱུར་རོ། །དགེ་བའི་རྩ་བ་ཚོགས་བསགས་པ་ནི་དཀོན་པ་ཉིད་དེ། །དེ་འགའ་ཞིག་གི་གཉའ་ཤིང་གི་བུ ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་བཞིན་ནོ། །རིན་པོ་ཆེའི་ཚོགས་ཐམས་ཅད་ཀྱི་གླིང་དུ་གྱུར་པ། བཀྲ་མི་ཤིས་པའི་དྲི་མ་ཐམས་ཅད་འཁྲུང་བ། དམ་པའི་ཆོས་ཀྱི་མཐར་ཐུག་པ། བསྐལ་བ་གྲངས་མེད་པར་ངེས་པར་འབྱུང་བ། སྣ ་ཚོགས་པ་ལ་མཁས་པར་བྱས་པས། སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཅིང་ངེས་པར་ལེགས་པ་ནི་ཐོབ་པ་མཆོག་ཏུ་དཀའ་ཨོ། །བདག་ཉིད་ཀྱིས་དགེ་བ་མདུན་དུ་སྙིང་པོར་བྱས་ཏེ། མི་དགེ་བའི་ཆོས་ཞེ་སྡང་གིས་སྐྱེད་པའི་གཉེན ་པོ་དགེ་བའི་ཆོས་གཙོར་བྱའོ། །རིའི་ཆུ་ལྟར་གཡོ་བ་དང། རླུང་ལྟར་མི་གནས་པ་དང། ཀ་ཤའི་མེ་ཏོག་ལྟར་འཐོར་ཞིང་གཡོ་བ་དང། སྟོན་ཀའི་སྤྲིན་དང། གློག་དང། ཐོ་རངས་ཀྱི་མར་མེ་དང། པདྨའི་འདབ་མ་ཆུ་ཐིགས་དང། དྲི ་ཟའི་གྲོང་ཁྱེར་དང་ངར་ལ་བབ་པའི་སེམས་ལྟར་གཡོ་བའི་མི་རྣམས་ལ་ཡིད་བརྟན་པར་མི་བྱའོ། །དེ་བས་ན་འདི་ལྟར་བསྒྲུབ་པར་བྱ་སྟེ། མེའི་ནང་དུ་ཞུགས་པ་ལྟར་བདག་ལེགས་སུ་འདོད་པས་མྱུར་དུ་ངེས་པར་སྐྱབས་སུ་འགྲོ ་བར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་སྐབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དུ་མ་རྙེད་པ་ནི་དཀོན་ནོ། །གང་གི་ཚེ་ཡང་སོས་དང། །ཐིག་ནག་དང། བསྡུས་འཇོམས་དང། དུ་འབོད་དང། དུ་འབོད་ཆེན་པོ་དང། ཚ་བ་དང། ་རབ?་ཏུ་ཚ་བ་དང། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་འདི་རྣམས་སུ་སྐྱེས་ཤིང་འཁྲུགས་པས་སྐྱུར་ཞིང་འདོན་པ་དང། རྡག?་པ་དང། སྲེག་པ་དང། འཚེད་པ་དང། འདོན་ཅིང་གཏུབ་པ་དང། ཟ་བ་དང། གསོད་པ་དང། འཆིང ་བ་དང། དུ་ཞིང་ང་རོ་འདོན་པས་སྨྲེ་ཞིང་སྡུག་བསྔལ་སྣ་ཚོགས་ཤིང་སྡུག་བསྔལ་དུ་མར་བྱིང་སྟེ། ཆུ་བོ་རབ་མེད་དུ་ནུབ་ཅིང། ལོ་མ་རལ་གྲིའི་ནགས་ཚལ་དང། ཚེར་མ་རྣོམ་པོའི་ཚལ་དང། སྤུ་གྲི་གཏམ་པའི་ལམ་དང། རིམ་པ་མེད་པར ་འགྲོ་བ་དང། ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བ་དང། ཁྲོ་ཆུ་མཐུང་བ་དང། ས་གཞི་འབར་བར་འདུག་པ་དང། མེའི་ཕྲེང་བས་ལུས་སྲེག་པ་ནི་བུད་ཤིང་རབ་ཏུ་འབར་བ་བཞིན་ནོ། །ཡོངས་སུ་སྐྱུར་ཞིང་འབྲོས་པ་དང། བརྒྱལ་བ་དང། སྨྲེ་བ་དང། རྣམ ་པར་འཇོམས་པ་དང། ཉོན་མོངས་པས་ང་རོ་འདོན་ཅིང། མྱ་ངན་བྱེད་ཅིང་དུ་བ་དང། རྣམ་པ་སྣ་ཚོགས་པའི་གཟུགས་དུ་མས་སྡུག་བསྔལ་བརྒྱ་སྟོང་ཕྲག་མྱོང་ངོ། །དེ་དག་གང་དུ་ཇི་ལྟར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །ཀྱི་ཧུད་ཟེར་བ་དང། ་ཨ་ཆུ་ཟེར་བ་དང། སྙིང་རྗེ་རྗེ་སྐད་ཟེར་བ་དང། །རལ་གྲི་རྣོན་པོ་ཐོགས་པའི་གཤིན་རྗེ་གཏུམ་པོས་རྡེག་ཅིང་གཏུབ་པ་དང། མནར་མེད་པར་སྐྱེས་ནས་འབར་བའི་མེས་བསྲེགས་པ་དེ་དག་རབ་ཏུ་སྤངས་ནས་ཆོས་ཀྱི་འདུ་ཤེས་ཇི་ལྟར་སྐྱེ་བར་འགྱུར ་དེ་བས་ན་གུས་པས་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་དག་འདི་ལྟར་ཕན་ཚུན་ཟ་བ་དང། དང་པ་དང། སྐྲག་པར་བྱེད་པ་དང། འཇོམས་པ་དང་བཅས་ཤིང་ཟ་བ་དང་མལ་འཁྲིག་པ་སྤྱོད་པ ་དང། འདི་ལྟ་སྟེ། སྲེ་མོ་དང། ཀུ་ར་དང། རི་དགས་དང། ཕག་དང། རུ་རུ་དང། སྨི་ཤི་ཏ་དང། གནག་དང། སྤྲེའུ་དང། སྲིན་བུ་དང། ཕྱེ་མ་ལེབ་དང། ཆུ་སྲིན་དང། མ་ཧེ་དང། གླང་པོ་དང། གླང་དང། འུག་པ་དང། བྱ་རོག་དང། ཁྲུང་ཁྲུང་དང། ་བྱ་རྒོད་དང། ཁྱི་དང། ཝ་དང། ཅེ་སྤྱང་དང། རྔ་མོ་དང། བོང་བུ་ལ་སོགས་པར་སྐྱེས་ནས་ཕན་འདོགས་པ་དང། བློ་གྲོས་དང། རྟོགས་པ་དང། དྲན་པ་མེད་ཅིང་བླུན་པོར་སྤྱོད་པ་དང། བགྲོད་པར་བྱ་བ་དང་འགྲོད་པར་མི་བྱ་བ་ལ་བལྟོས་པ ་མེད་ཅིང། དགྲ་དང་དགྲ་མ་ཡིན་པ་མི་ཤེས་ཤིང། སྨྲ་བ་དང་བྲལ་ཞིང་རིགས་པ་མི་བྱེད་དོ། དཔལ་དང་བྲལ་བའི་ལུས་དང་ལྡན་པ་དེ་བས་ན་དེ་དག་ལ་ཡང་ཆོས་ཀྱི་འདུ་ཤེས་ཇི་ལྟར་སྐྱེ་བར་འགྱུར། མགོ་དང་མགྲིན་པ་དང་ཁ་དང་རྒྱབ་ལ་ལྕགས ་ཀྱུ་དང། རྔོ་བ་དང། དབྱིག་པ་དང། གཉའ་ཤིང་ལ་སོགས་པས་ཉེ་བར་སྡུག་བསྔལ་ཞིང། སྐྲག་ཅིར་འབྲོས་པ་དང། རྣམ་པར་འཐོར་བ་དང། རྡེག་འཆོས་པ་དང། འགྲེད་བ་དང། རྣམ་པ་སྣ་ཚོགས་པའི་ངོ་བོ་དུ་མས་སྡུག་བསྔལ་བརྒྱ་ཕྲག་དུ་མ་ཉམས ་སུ་མྱོང་བ་དེ་དག་གང་དུ་ཇི་ལྟར་ཞི་བར་འགྱུར་ཞེས་གསུངས་སོ། །དགུན་གྱི་དུས་སུ་རླུང་དྲག་པོ་དང། བ་མོ་མི་བཟད་པས་འཇོམས་ཤིང། དབྱར་གྱི་དུས་སུ་ཉི་མའི་འོད་ཟེར་ཚ་བས་གདུང་བར་བྱེད་པ་དང། ཕན་ཚུན་སྙེམས་ཤིང་འཆི་བའི ་འཇིགས་པས་འཇིག་རྟེན་རྣམས་ལ་རྟག་པར་སྐྲག་པའི་དུད་འགྲོ་ལོག་པར་ལྷུང་བའི་སྲོག་ཆགས་ལ་འདི་ཇི་ལྟར་ཆོས་ཀྱི་འདུ་ཤེས་སྐྱེད་དེ་བས་ན་གུས་པར་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ། །ཞེས་བྱའོ། །ཡང་གང་གི ་ཚེ། བཀྲེས་པ་དང། སྐོམ་པས་གདུངས་ཤིང་ལུས་བསྲེགས་པའི་རྣམ་པ་ལྟ་བུ་དང། མགྲིན་པ་དང། རྐན་དང། ལྕེ་དང། མཆུ་སྐམས་ཤིང། སྙིང་དང་མིག་དང། ལག་པ་དང། རྐང་པ་དང། ཁྲག་དང། ཤ་དང། རུས་པ་དང། གཞུངས་པ་དང། ་སྒྱུ་མ་དང། ནང་གྲོལ་རྣམས་ཕྱུར་བ་ལྟ་བུར་སྐམས་པ་དང། མཆིལ་མ་དང་སྐྱུགས་པ་ཟས་སུ་ཟ་བ་མེ་བསྲེགས་པ་ལྟ་བུའི་ལུས་ཀྱི་རྣམ་པ་དང་ལྡན་པ། སྣང་བ་མེད་པའི་མུན་པར་གནས་པ། མི་གཙང་བ་ཟོས་པས་གོས་ཤིང་སྤགས་པ། ལོ ་བརྒྱ་ཕྲག་དུ་མང་ཟས་སྐོམ་དང་བྲལ་བ། ཉོན་མོངས་པ་རབ་ཏུ་འབར་ཞིང་གཅིག་ལ་གཅིག་གནོད་པས་སྐྲག་ཅིང་སྡུག་བསྔལ་བ། ཤིང་དང་བོང་བ་དང་དབྱུག་པས་བརྡེག་པས་སྐོམ་བཞིན་དུ་བསྲུངས་པས་རིམ་པར་དབང་མེད་པར་སྐོམ་པས ་སྡུག་བསྔལ་བ། བསོད་ནམས་དམན་པ། གདོང་རང་གི་སྐྲས་གཡོགས་པ། དུར་ཁྲོད་མི་བཟད་པར་གནས་པ། ལོ་བརྒྱ་སྟོང་ཕྲག་དུ་མར་སྡུག་བསྔལ་བརྒྱ་སྟོང་ཕྲག་དུ་མ་ཉམས་སུ་མྱོང་བ་དེ་དག་དུས་གང་དུ་ཇི་ལྟར་ཞི་བར ་འགྱུར་ཞེས་ཀྱང་གསུངས་སོ། །བཀྲེས་པ་དང། སྐོམ་པས་སྐམས་ཤིང། ལུས་མེ་འབར་བ་དྲག་པོའི་རྣམ་པ་དང་ལྡན་པ། སྒལ་བུ་རྣམས་ནང་གྲོལ་གྱིས་སྟོངས་པས་རིའི་ཁྲོད་ལྟ་བུ། ནང་ཁྲོལ་ཉམས་པས་གཡོ་བ་དང་བྲལ་བ། ཁ་ཁབ ་ཀྱི་མིག་ལྟར་ཕྲ་བ། སྐྲའི་ཚོགས་ཆེན་པོ་རྩུབ་ཅིང་གྱེན་དུ་བརྫེས་པ། དགེ་བ་ཅུང་ཟད་ཀྱང་མེད་པས་མི་དགེ་བས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་སྟེ། དེ་བས་ན་གུས་པར་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ།། ་ཡང་གང་གི་ཚེ་མཛའ་ཁོབ་ཏུ་སྐྱེས་པར་གྱུར་བ་དེ་དག་ཀྱང་རབ་ཏུ་དྲན་པ་དང། བཅུགས་པ་དང། བློ་གྲོས་དང། རྟོགས་པ་དང་བྲལ་བས་སྤྱོད་ཅིང། ལོ་བརྒྱ་ར?་ཡང་བལྟོས་པ་མེད་དོ། །དེ་དག་དུས་གང་གི་ཚེ་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། ་ཡང་གང་གི་ཚེ་མཛའ་ན་གནས་པ་དང། གླེན་གནས་པ་དང། རི་ཁྲོད་དང། ཤུལ་པ་དང། པར་སིག་པ་དང། རྟ་ཀ་བ་དང། མུ་ཁ་འཇབ་པ་དང། ཀུར་བ་པ་དང། ཁ་ཤ་བ་དང། ར་མ་ཐ་བ་དང། བུག་ན་བ་དང། ཅི་ར་ཐ་བ་དང། ཏང་ཀ་ན་བ ་དང། ལ་ཤ་ན་བ་དང། ཧོར་དང། ཧ་ངས་ག་པ་དང། ནས་ལྡན་པ་དང། ཡ་མན་བ་དང། ཨ་ཏྲ་པ་དང། དྲ་ཅི་ལ་པ་དང། རྣ་ཅན་པ་དང། ཙི་ན་པ་དང། མི་ཚངས་པ་ལ་སོགས་པའི་ཡུལ་དུ་སྐྱེས་པས། གང་དུ་བཅོམ་ལྡན་འདས་ཀྱི་ཉན ་ཐོས་དུས་ཐམས་ཅད་དུ་མི་འགྱུར་བར་འདི་ལྟར་དེང་ག་ནི་སྐྱེས་བུའི་གཟུགས་ཙམ་ལ་བརྟེན་པ་ཡིན་ཏེ། དུད་འགྲོའི་སྐྱེ་གནས་སུ་སོང་བ་ལྟར་བྱ་བ་དང། བྱ་བ་མ་ཡིན་པ་མི་ཤེས་སོ། །ཁྱི་ལྟ་བུར་ཟ་བ་དང། སྐྲག་པ་དང། འདོད་པ་སྤྱོད་པ ་མཁས་པའི་འདུ་ཤེས་ཙམ་མོ། །གཞན་ཡང་སྤོང་བའི་རྟོག་བ་ཙམ་དང་ལྡན་པ་དང། རྐྱེན་གྱིས་ཁྲོ་བ་དང། ང་རྒྱལ་དང་ཕྲག་དོག་དང་ལྡན་པར་སྤྱོད་པ་དེ་དག་དུས་གང་གི་ཚེ་ཞི་བར་འགྱུར་ཞེས་གསུངས་སོ། །མཛའ་ཁོབ་པའི་ཡུལ་ན་གནས་པ་གང ་ཡིན་པ་མཛའ་ཁོབ་ཏུ་སྐྱེས་པ་དགེ་བ་དང་མི་དགེ་བའི་སེམས་མི་ཤེས་པའི་མུན་པ་དང་ལྡན་པ་མཛའ་ཁོབ་པའི་ཡུལ་ན་གནས་པ་གང་ཡིན་པ། ཐོས་པ་དང། དུལ་བ་དང། དཀའ་ཐུབ་པ་དང། ཤེས་པ་དང། སྦྱིན་པ་དང། རབ་ཏུ་སྤྱོད་པ ་མེད་པས་དུད་འགྲོ་རྣམས་དང་འདྲ་བར་ཤེས་བར་བྱའོ། །འདི་ལྟར་འདི་ལྟ་བུ་དང་བྲལ་ཞིང་མིའི་གཟུགས་ཙམ་དུ་ཟད་དེ་ཆོས་མཉན་པར་ཇི་ལྟར་ནུས། ལེགས་པའི་བློ་གྲོས་དང་བྲལ་ཞིང་མི་བཟད་པའི་མུན་པ་དང་ལྡན་པ་ཡིན་ནོ། །དེ་བས་ན ་ཆོས་མཉན་པ་ལ་གུས་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་བར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་གི་ཚེ་འདི་ལྟར་མནདྷ་རའི་རྩེ་མོར་གནས་ཤིང། ལུས་རྒྱས་ཤིང་དགའ་བ་དང་མཛེས་ཤིང་གསལ་ལ་འདོད་པ་གྲུབ་ཅིང། ཕུན་སུམ་ཚོགས་བ་བསྡུས ་པ་མཆོག་ཏུ་གྱུར་པ་པདྨ་དང་ཨུཏཔ་ལ་སྣ་ཚོགས་པའི་མཆོག་དང། ཤིང་སྣ་ཚོགས་པའི་གྲིབ་མ་བསིལ་བ་སྣ་ཚོགས་པའི་བྱ་དང། དུར་བའི་སྐད་སྙན་པ་སྒྲོག་པ་དང། ཆུའི་རྒྱུན་དྲག་ཏུ་འབབ་པ། སྐྱེད་མོས་ཚལ་ཉམས་དགའ་བས་བརྒྱན་པ། ་འདོད་པའི་ཁམས་ཀྱི་མཐར་ཐུག་པ་འདོད་པ་རྩེ་གཅིག་ཏུ་བྱེད་པའི་བྱ་བས་རྟག་ཏུ་གཡེངས་བ། ཕྱག་འཚལ་ཞིང་རབ་ཏུ་འཁོད་བ་ནི་རོལ་ཞིང་རྩེད་མོས་སྐྱོད་པ་སྣ་ཚོགས་པ་བྱེད་ཅིང། ལྟ་བའི་བདེ་བ་དུ་མ་ཉམས་སུ་མྱོང་བ་དེ་དག་དུས ་གང་གི་ཙེ་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །མཐོ་རིས་ཀྱི་བུད་མེད་དང་དགའ་བས་མཚམས་སྦྱོར་ཞིང་གཡེངས་བ་དེ་དང་དེ་དག་གིས་རྩེ་ཞིང། མནདྷ་རའི་ལྷ་མོ་དང་རོལ་ཅིང་གླང་པོ་དང་དཔའ་བོའི་པདྨ་བརྟེན་པ་ལ་ཞོན་ནས་སུམ་ཅུ་རྩ ་གསུམ་པའི་ལྷའི་དབང་པོ་དང་སྐྱེད་མོས་ཚལ་དུ་དགའ་བས་བག་མེད་པས་ཆགས་པའི་ཕྱིར་སངས་རྒྱས་ཀྱི་གསུང་བདུད་རྩི་ལ་མྱང་བར་ཇི་ལྟར་བྱེད། དེ་བས་ན་ཆོས་ཉན་པ་ལ་གུས་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི ་འགྱུར་རོ་ཞེས་བྱའོ། །དེ་ཡུལ་དབུས་སུ་སྐྱེས་ཀྱང་ལྟ་བ་དང། མཉན་པ་དང། མྱང་བ་དང། དབང་པོ་མ་ཚང་བས་གླང་པོ་ལྟ་བུར་བརྟས་མཚོན་པ་དང། འཇིག་རྟེན་པའི་བྱ་བ་རྣམས་ལ་ཡང་བྱ་བའི་བློ་དང་བྲལ་བ་གང། འཇིག་རྟེན་ལས་འདས ་པའི་ཞི་བར་དུས་གང་གི་ཚེ་ན་ཡང་འགྱུར་ཞེས་ཀྱང་གསུངས་སོ། །ཐུབ་པའི་དབང་པོའི་གསུང་ཇི་ལྟར་དབང་པོ་དང་བྲལ་བས་མཉན་པར་ནུས། ཐོས་པའི་སྒོ་མེད་པས་བྱམས་པ་དང་སྙིང་རྗེས་དོན་དུ་གཉེར་བར་ལས་ལོག་པར་གྱུར་པ། མིའི ་བརྗོད་པ་དང་བྲལ་བར་གྱུར་པ། རང་ཉིད་ཀྱིས་ཉས་པར་སྤྱོད་པས་བསླུས་པ། སེམས་ཀྱི་གླང་པོ་ལྕགས་ཀྱུ་མེད་པས་དྲེགས་པ་མ་ཐུལ་བས་ཡན་པ་ཡིན་ཏེ། དེ་བས་ན་ཆོས་གུས་པས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ ་ཞེས་བྱའོ། །གལ་ཏེ་ཡུལ་དབུས་སུ་སྐྱེས་སུ་ཟིན་ཀྱང་ཡང་དག་པའི་ལྟ་བའི་མིག་ལོག་པར་ལྟ་བས་གཡོགས་པའི་བློས། སངས་རྒྱས་ཡོངས་སུ་སྤངས་ཤིང། རྒྱུ་དང་འབྲས་བུ་ཐམས་ཅད་ལ་སྐུར་པ་འདེབས་པ། དགེ་བའི་རྩ་བའི་ཆོས་ཐམས་ཅད ་ལ་མངོན་པར་དགའ་བ་དང་བྲལ་པ། ཉེས་པ་ཐམས་ཅད་ཀྱི་སྟོབས་ཀྱིས་ནད་ལ་གསོ་བར་མི་བྱེད་པ་ལྟ་བུའི་བསམ་པ་ཕྱིན་ཅི་ལོག་གིས་བྱ་བ་བྱེད་པའི་དམྱལ་བ་ཉིད་དོ། །དེ་དག་དུས་གང་གི་ཚེ་ཉེ་བར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ།། ་ཐམས་ཅད་མཁྱེན་པའི་ཉི་མ་ཡིས། །འགྲོ་བ་ཐར་བར་སྨིན་མཛད་པས། །གང་དག་ཡིད་ཀྱི་ཕུག་གནས་པའི། །རྨོངས་པའི་མུན་ཆེན་མི་སེལ་བས། །མེ་ཁྱེར་དང་འདྲའི་མུ་སྟེགས་རྣམས། །ལོག་ལྟའི་ཡིད་ལྡན་དེ་དག་གིས། །སེལ་བར་ནུས་པ ་མ་ཡིན་ཏེ། །ཉི་བདུན་གྱིས་ཀྱང་སེལ་མི་འགྱུར། །དེ་བས་ན་གུས་པས་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །བཅོམ་ལྡན་ཐུགས་ནི་རྣམ་རྒྱས་པ། །སངས་རྒྱས་ཉི་མ་མ་བྱུང་བར། །ཉི་མ་མེད་པར་པདྨ་བཞིན། །ཟླ་བ་མ ་ཤར་བར་དུ་ནི། །ཀུ་མུ་ད་ཡི་ནགས་བཞིན་དུ། །གདུལ་བྱ་ཡི་ནི་པདྨ་རྣམས། །རབ་ཏུ་རྒྱས་པར་འགྱུར་མ་ཡིན་ནོ། །མུན་པ་ཡིས་ནི་མིག་བསྒྲིབས་པས། །རྒྱལ་པོ་ཡི་ནི་ལམ་བཞིན་དང། །གྲུ་སྐྱ་མེད་པའི་གྲུ་བཞིན་དང། །ཚོང་དཔོན་སྤངས་པའི་ཟོང་ཐོགས ་བཞིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །གྲུ་ལ་ཀུན་ནས་མ་ཞོན་པར། །དེ་ནི་རྩེ་གཅིག་སེམས་ཀྱིས་སུ། །རྣམ་པར་གྲོལ་བའི་དགའ་མི་མྱོང། །ཁྲོ་བྲལ་བླ་མ་ཐར་ལ་མོས། །འཆི་མེད་གྲོང་ཁྱེར་མཆོག་ལྟ་བ། །ཉོན་མོངས་ཀུན་གྱི་གཉེན་པོ་ནི། །སྐད་ཅིག ་གཅིག་ལ་དམིགས་པ་ཡིས། །ཞི་བའི་བདེ་བའི་ལམ་ལ་སྦྱོར། །འགྲོ་བའི་ནམ་མཁའ་ཆེ་དཀྱིལ་དུ། །སངས་རྒྱས་ཉི་མ་མ་ཤར་བར། །བསྒོམས་སྤངས་གདུལ་བྱའི་པདྨ་ལ། །ཡེ་ཤེས་ཉི་མས་རྒྱས་མ་ཡིན། །ངན་འགྲོའི་དུས་ནི་ཐམས་ཅད་དུ། །ཆོས་སྨྲ་བ ་ཡིས་གསལ་བྱས་པས། །གང་ཞིག་འདི་ལ་བརྟན་པ་ཡི། །འགྲོ་དེ་དགེ་བའི་བཤེས་ཀྱིས་ཐུལ། །མི་རྣམས་ཐོབ་པར་གྱུར་པ་ནི། །རི་རྩེ་གློག་འགྱུ་ལྟར་གཡོ་ཞིང། །ཁྱོགས་ལྟ་བུར་ནི་གཡོ་བ་དང། །མི་བཟད་མི་ཁོམ་བརྒྱད་ཀྱི་རྩེར། །རབ་ཏུ་འཇིགས་པའི ་གཟའ་ཡིས་ནི། །མིང་བ་ལས་ནི་ཐར་གྱུར་ཅིང། །འཁོར་བའི་རྒྱ་མཚོར་གནས་པ་ཡི། །སངས་རྒྱས་གསུང་གི་རང་བཞིན་གྱི། །དམ་ཆོས་གྲུ་ལ་མ་ཞོན་པར། །གང་ཞིག་ཕ་རོལ་འགྲོ་འདོད་པ། །བློ་གྲོས་ཤིན་ཏུ་དམན་པ་ཡིན། །མི་ཡི་སྐྱེ་བ་འབྲས ་བུ་མེད། །མི་ཁོམ་པ་བརྒྱད་ཀྱི་གཏམ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲེ་ཨ་ཛི་ཏ་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སུ་བྷ་ཥི ་