CLOSE WINDOW

N4211: tshogs kyi gtam
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། སམ་བྷཱ་ར་པ་རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ། །གསུང་གི་མངའ་བདག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་གིས་དེ་རིང་བསོད་ནམས་དང། །ཡེ་ཤེས་ཚོགས་ནི་གང་ཞིག་གམ། །གཞན་ལ་ཕན ་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་ཡང་ཡང་བསམ། །བསོད་ནམས་རང་བཞིན་ཡེ་ཤེས་ཚེ། །ཚོགས་ནི་གང་གིས་རྫོགས་འགྱུར་དང། །ཇི་ལྟར་གཞན་ཕན་བྱེད་འགྱུར་བ། །དེ་ནི་ལེགས་པར་བཤད་པར་བྱ། །གང་གིས་ལུས་དང ་སྲོག་དག་ནི། །སེམས་ཅན་ཀུན་ལ་བཏང་བར་བྱ། །ལུས་ཅན་ཀུན་ལ་བྱམས་པ་དང། །སྙིང་རྗེ་ཉིད་ཀྱིས་ཁྱབ་པར་བྱ། །སྡིག་པ་ཀུན་གྱི་རྣམ་སྨིན་ནི། །རང་གི་རྒྱུད་ལ་མངོན་འདོད་ཅིང། །བསོད་ནམས་ཀུན་ལ་ཡི་རང་དང། །སངས་རྒྱས ་བདག་ཉིད་ཆེ་ལ་བསམ། །དེ་ལྟར་ཡང་དང་ཡང་བྱ་བ། །འདི་ནི་ཆོ་ག་གཞན་ཡིན་ནོ། །བྱང་ཆུབ་སེམས་ནི་སྔོན་འགྲོ་བས། །རྩོམ་པ་ཀུན་ཀྱང་བྱ་བ་ཡིན། །དེ་ལྟ་བུ་ཡི་ཐབས་དེ་ཡིས། །རྩོམ་པའི་དལ་བ་མེད་པར་ཡང། །བསོད་ནམས་ཡེ་ཤེས ་ཚད་མེད་པ། །ཡང་དང་ཡང་དུ་སོགས་པར་འགྱུར། །སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང། །ཡོངས་སུ་བསྐྱབ་པའི་ཕྱིར་དང་ནི། །རང་གི་ལུ་དང་སྲོག་ཉིད་ནི། །ཡིད་ཀྱིས་རྗེས་བཞིན་བཏང་བར་བྱ། །བཀྲེས་སྐོམ་ངལ་དང་ཚ་གྲང་དང། །རླུང ་དང་ཆར་གྱི་གཉེན་པོ་དང། །མཆོག་ཐོབ་པ་ལས་བདག་ཉིད་ནི། །འདི་ན་བདེ་མྱོང་གང་ཡིན་དང། །ཉམས་དགའ་ཁང་བཟང་གཞིར་གནས་དང། །གཙང་ཞིང་ཞི་བའི་གནས་གཏོགས་དང། །ལུས་སེམས་གདུང་དང་བྲལ་བ་ཡི། །བདེ་བ་ཐོབ་པ ་གང་ཡིན་དང། །བསམ་གཏན་བདེ་བ་ཐོབ་པ་ཡིས། །བདེ་བའི་གནས་སྐབས་ཐོ་བ་གང་དང། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །དགྲ་བཅོམ་ཤིན་ཏུ་སྦྱངས་ཞི་ཉིད། །དེ་ནི་སེམས་ཅན་ཐམས་ཅད་ལ། །བྱེ་བྲག་མེད་པར་ཉེ་བར་བསྟག ་ཕལ་ཆེར་མཉམ་པར་མ་གཞག་ཚེ། དེ་ལྟར་བྱམས་པ་ཉེར་བསྟེན་ལ། །མཉམ་པར་བཞག་སྟེ་དབང་གིས་རྟོགས། །དགའ་དང་ཤིན་ཏུ་སྦྱངས་པ་ཉིད། །ཇི་ལྟར་ཉམས་སུ་མྱོང་བ་དང། །དེ་བཞིན་གཞན་ལ་ལྷག་མོས་བྱ། །སྐྱེས་བུ་འདི་ནི ་སྡུག་བསྔལ་གྱི། །ཆུ་བོར་ནུབ་དང་དེ་རྒྱུ་ཅན། །ངན་འགྲོ་དང་ནི་བདེ་འགྲོ་དག་།བརྩེ་ལ་འབད་པས་བརྟག་པར་བྱ། །དེ་ལས་ཀྱང་ནི་དམྱལ་བ་དག་།སྡུག་བསྔལ་རྣམ་པ་མང་པོ་དང། །དུས་རིང་རྒྱུན་མི་འཆད་པ་ཡི། །བཅད་གཤེགས་མེ ་ཡིས་གདུངས་པ་དང། །འཚང་ཅིང་གཏགས་པ་ལས་བྱུང་བའི། །ཤིན་ཏུ་ཉམ་ཐག་རབ་ཏུ་འཕེལ། །ཐལ་ཆུ་ལྟ་བུར་རབ་འཚེད་པའི། །བསྲེག་ཅིང་ཚ་རིམས་འདྲར་ཉམ་ཐག་།དུད་འགྲོ་ཕན་ཚུན་སྡང་དང་སྲོག་།རང་དབང་མེད་པར ་བསད་སོགས་ཀྱིས། །རྟག་ཏུ་སྡུག་བསྔལ་གྱིས་གདུངས་པས། །ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཡི་དགས་མེ་ལྕེའི་ཕྲེང་བ་ཡིས། །བསྐོར་ཅིང་སྐད་གསང་ཐོན་པོར་སྒྲོགས། །ལ་ལ་ཁ་ན་མེ་འབར་གཞན། །མགྲིན་པ་བབ? ་མིག་ལྟོ་རི་ཙམ། །རྟག་ཏུ་བཀྲེས་སྐོམ་ལ་སོགས་པས། །སྲེག་ཅིང་ལུས་ནི་སྐམས་པ་དང། །ཁ་ཅི་སྐྱུགས་པ་ཟ་བ་སྟེ། །གཞན་དག་དེ་ཡང་རབ་རྙེད་དཀའ་། །ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང། །སྡུག ་བསྔལ་གཟིར་བས་དམྱལ་བ་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང། །མཐུ་ལྡན་སྟོབས་ཀྱི་མཐུ་མེད་པ། །རྣམ་པར་གནོན་ཅིང་འཚོ་བ་དག་།ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ ་ལས་གྱུར་དང། །གཞན་དག་ཆོག་མི་ཤེས་ལས་བྱུང། །ཡོངས་འཚོལ་སྡུག་བསྔལ་མི་བཟད་དང། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། །འདོད་སྤྱོད་ལྷ་ནི་གང་ཡིན་པ། །དེ་ལའང་བདེ་བའི་སེམས་མེད་དེ། །འདོད་པའི་འདོད་ཆགས ་རིམས་བཏབ་པའི། །ནང་གི་མེ་ཡིས་བསྲེགས་འགྱུར་པས། །གང་ཞིག་སེམས་གཡེང་གྱུར་པ་དག་།དེ་ལ་བདེ་བ་ག་ལ་ཡོད། །གཡེངས་མེད་སེམས་ལ་སྐད་ཅིག་ཀྱང། །དབང་བྱེད་པ་ནི་མ་ཡིན་པས། །རྣམ་གཡེངས་དཀྲུགས ་པའི་བདག་ཉིད་ཅན། །ནམ་ཡང་ཞི་བར་མི་འགྱུར་ཏེ། །རླུང་བཅས་འབར་བས་ཁྱབ་པ་ཡི། །མེ་ནི་ཤིང་དང་བཅས་དང་མཚུངས། །ཤིན་ཏུ་ངོམས་མེད་ཐ་མར་ནི། །དབང་མེད་ཤིན་ཏུ་མྱ་ངན་བྱེད། །ལྷ་དང་མི་ནི་ལ་ལ་དག་།སྡུག ་པའི་ཆགས་པ་དམ་དུ་ཞེན། །བསོད་ནམས་སྔོན་ཆད་དེ་དང་དེས། །འདོད་པ་རྨོངས་པས་གདུངས་པར་འགྱུར། །དེ་ཡང་ཉོན་མོངས་སྣ་ཚོགས་དང། །སྡིག་པའི་ལས་ནི་རྒྱུན་མི་འཆད། །རྣམ་པར་ལྟུང་བའི་མཐར་གནས་པས། ་བག་མེད་གྱུར་ལ་བརྩེ་བྱ་རིགས། །ནང་སོས་ཡུན་རིངས་མ་ལོན་བའི། །ནད་བས་མི་འཕྲོད་ཟོས་དང་མཚུངས། །གང་ཞིག་གཟུགས་ཅན་གཟུགས་མེད་པ། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང། །ཏིང་འཛིན་བདེ་བའི་བདག་ཉིད་ཅན།། ་བསྐལ་བར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་དཔའ་ཨོ་ཀླང་ལས། །འདས་པ་ལྟ་བུ་འབྱུང་འགྱུར་བ། །འབད་ཀྱང་ཇི་ལྟར་རིང་མོ་གནས། །མཁའ་ལ་ལྡིང་བའི ་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའའཕངས་ལྟར། །དེ་ནི་ལྟུང་བའི་མཛའ་ཅན་ཡིན། །མར་མེ་རིང་དུ་འབར་བ་དག་།སྐད་ཅིག་རེ་རེར་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་བྱ་ཡི། །སྡུག་བསྔལ་དག་གིས་ཉེ་བར་བཙེས།། ་གཤིན་བའི་ཆོས་ཅན་གྱིས། །ཉོན་མོངས་ནང་ན་རྒྱུ་སགས་ཀྱིས། །གང་ཕྱིར་ཐམས་ཅད་གདུངས་པས་ན། །དེ་ཕྱིར་ཤིན་ཏུ་བརྩེ་བྱ་རིགས། །སྲོག་ཆགས་ཀུན་གྱི་སྡིག་པ་རྣམས། །ཐམས་ཅད་བདག་ལ་སྨིན་པར་ནི། །དེ་ལྟར་སྡིག་པ་ལན ་བྱེད་ཅིང། །འགྲོ་བའི་ཕོངས་པས་སྡུག་བསྔལ་བྱས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །འཕགས་པ་དག་དང་འགྲོ་བ་ཡི། །དུས་ནི་ཐམས་ཅད་དག་གི་ཡང། །བསོད་ནམས་ཀུན་ལ་ཡི་རང་བྱ། །ཚོགས་ནི་ཤིན་ཏུ་བྱ་དཀའ་དང། ། ་སངས་རྒྱས་ཆོས་ནི་བླ་མེད་པ། འགྲོ་བའི་དོན་གྱི་བྱ་བ་ཉིད། །སངས་རྒྱས་རྣམས་ཀྱི་རྗེས་སུ་བསམ། །མང་དུ་ཐོས་ལ་མངོན་བརྩོན་དང། །ཇི་བཞིན་དོན་ནི་སེམས་པ་དང། །འགྲོ་བའི་ཤེས་པ་ཉེར་བསྡུས་པའང། །རྟེན་འབྲེལ་ཡིད ་ལ་བྱེད་པ་ཡིས། །འདུ་བྱེད་ཙམ་ལ་སྐད་ཅིག་མ། །བྱ་བ་མེད་ལ་འཇུག་པར་བྱ། །ཐམས་ཅད་རྟེན་འབྲེལ་ལས་བསམ་ལ། །རྟག་ཏུ་བདག་མེད་བསྒོམ་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །དོན་དམ་པར་ནི་འཕེལ་བར་འགྱུར།། ་བྱང་ཆུབ་སེམས་ནི་ཉེར་འཕེལ་བས། །ཚོགས་ནི་ཐམས་ཅད་རྫོགས་པར་འགྱུར། །དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི། །རང་བཞིན་ཆུ་བོས་འགེངས་པ་དག་།འགྲོ་བའི་ཐར་ལམ་གཅིག་ཏུ་མཁས། །བྱང་ཆུབ་ལག་བའི ་མཐིལ་ན་གནས། །སྦྱིན་དང་སྙན་པར་སྨྲ་བ་དང། །དོན་སྦྱོད་དོན་ནི་མཐུན་པ་ཉིད། །དེ་ལྟར་བསྡུ་བའི་དངོས་པོ་རྣམས། །འགྲོ་ལ་ཕན་པར་བྱེད་པ་ཉིད། །དེ་ནི་གང་ལ་སྦྱིན་པ་བྱིན། །གང་ཞིག་ལ་ནི?་སྙན་སྨྲ་འམ། །དོན་དཔྱོད་བ་ནི་བྱས ་འགྱུར་བ། །གང་ལ་དོན་མཐུན་བྱས་གྱུར་ཞེས། །དེ་ལྟར་རྟག་ཏུ་བརྩོན་པ་ཡིས། །འགྲོ་བའི་དོན་ནི་ཅི་ནུས་བྱ། །གཞན་ཀུན་བདག་གིར་བྱ་བ་དང། །རང་ལ་གནས་པ་གཞན་གྱིས་བྱ། །ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གཾ་གཱི་དྷ་ར་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨཥྚ་བཀྵ་ཎཱ་ཀ་ཐཱ། བོད་སྐད ་