CLOSE WINDOW

N4207: mya ngan bsal ba
Wyliee-texts based on the ACIP/ALL Input

སྔ་ནས་མཛེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷཱ་ཀ་ར་ཝརྨ་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཤོ་ཀ་བཱི་ནོ་ད ་ན། བོད་སྐད་དུ། མྱ་ངན་བསལ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །གང་ཞིག་དགའ་བྲལ་ཉམས་ཐག་སྟེ། །རབ་ཏུ་མྱ་ངན་མེ་འབར་བ། །བསྒྲིམས་ནས་ཤིན་ཏུ ་སྤྲོ་བ་སྲིང་ཞིང། །རང་གི་སེམས་ཉིད་བརྗོད་པར་བྱ། །ལས་ཀྱི་ལམ་ཞུགས་ཐོབ་པ་ཡི། །སྒྲོན་པ་མེད་པར་སྐྱེ་བོ་གང། །ཉེས་པ་མ་བྱས་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང། །ཅི་སྟེ་དེ་ཉིད་འཆི་པར་འགྱུར། །གཞན་ནི ་སུ་ཡང་མིན་ན་གོ་།འདི་ནི་གྱུར་ཆེན་ནོན་པ་ཞེས། །ཆོ་དེ་ཆེན་པོ་གདབ་པར་རིགས། །འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་བ་འཆི་བ་སྟེ། །ཀུན་ཀྱང་འཕོ་བར་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་པ་མིན། །མཛའ་དང ་འགྲོགས་པ་བརྐམ་པ་ཡི། །སྐྱེ་བོ་མྱ་ངན་གྱིས་གདུངས་པ། །རྔ་རྩིད་དག་ལ་ཆགས་པའི་འབྲི། །རྔོན་པས་ནགས་ཀྱི་ནང་དུ་བཞིན། །གང་ཚེ་ཀུན་གྱིས་བགྲོད་བྱ་ཞིང། དེ་དང་དེར་ནི་འགྲོ་བ་ཡི། །སྔ་ནས་དེ་དེར་སོང་པ་ལས། །ཅི་ཡི་ཕྱིར་ན་མྱ་ངན་བྱེད། །མི ་བཟད་འཆི་བའི་བདག་པོ་ལ། །རབ་ཏུ་སྨྱོས་པའི་སྐྱེ་བོ་འདི། །ནགས་ན་གསོད་སྲེད་སེང་གེ་ཡི། །མདུན་ན་རི་དགས་གནས་པ་བཞིན། །འཆི་བ་བཟློག་པར་བྱ་བ་ཡིས། །གང་ཚེ་ཐབས་ཀུན་མེད་པས་ན། །སྤྲོ་བསྲིང་བ་དག་མི་སྐྱེད་པར། །ཆུ་ལས་ཉ་བཞིན? ་ཅི་ཞིག་འདྲེ། །ས་འམ་ཅི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཁམས་གསུམ་འདི་དག་ཐམས་ཅད་ལ། །མི་རྟག་མེ་ཡིས་བསྲེག་གྱུར་པ། །དགོན་པར་མེ་ནི་འབར་བ་ཡིས ་དགོན་པའི་མེ་ཏོག་ཇི་ལྟ་བཞིན། །རྟག་པར་འདུ་ཤེས་རྣམ་ལོག་ན། །སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས། །འཆི་བའི་ཞགས་པས་དྲངས་གྱུར་པ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་བདེ་མྱོང་བ། །ཚངས་པ་ཚངས་པའི་གནས་ལས ་ཀྱང། །མི་རྟག་ཕྱིར་ནི་ལྷུང་གྱུར་པ། །ཆུ་ཡི་ཀླུང་གི་འགྲམ་ས་བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས་དང། །འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་ལ་རླུང་གིས་བཞིན། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། ། ་མཁའ་ལ་རྒྱང་རིང་འགྲོ་བ་ཡང། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། །གང་དུས་རྣམས་བསྲེགས་གྱུར་པ། །ལྷུན་པོའང་ཐལ་བར་འཇིག་པ་དང། །རྒྱ་མཚོའི་ཆུ་ཡང་བསྐམས་གྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྤྲོས?། ་ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་དག་སྨོས་ཅི་དགོས། །གཉེན་གྱིས་ཕང་དུ་བླངས་པ་ཡི། །སྐྱེ་བོ་རྣམས་ནི་འཆི་བས་ཕྲོགས། །རྒྱ ་མཚོའི་ནང་ན་གནས་པ་ཡི། །ཀླུ་ལ་ནམ་མཁའ་ལྡིང་གིས་བཞིན། །ཀྱི་ཧུད་མིག་སྲོག་ཀྱེ་གཉེན་ཞེས། །ཤིན་ཏུ་སྡུག་བསྔལ་ངུ་འབོད་པ། །ཇི་ལྟར་སྤྲུལ་གྱིས་སྦལ་བ་བཞིན། །འགྲོ་གཞན་རྣམས་ནི་འཆི་བས་མིང། །རབ་ཏུ་བགྲོད་དཀའ་དོན་གྱི ་མཐར། །མ་ཕྱིན་པར་ནི་འཇིག་རྟེན་འདི། །རབ་ཏུ་འཆི་བའི་ཁར་བཅུག་པ། །ཆུ་སྲིན་གནས་སུ་ཆུ་འབབ་བཞིན། །གང་དུས་འཇིག་རྟེན་ཕ་རོལ་ཏུ། །འགྲོ་བའི་རྗེས་འགྲོ་འགའ་མེད་ན། །དགྲ་འམ་ཅི་སྟེ་མཛའ་སྡུག་རྣམས། །འདི་ལ་བྱེ ་བྲག་མེད་པར་འགྱུར། །སྐྱེ་བོ་གཞན་ལ་བྱམས་བྱེད་ཕྱིར། །སྐྱེ་བོ་རང་འཁོར་འདུ་ཤེས་པ། །བསམ་པའི་འདམ་དུ་བྱིང་བ་ནི། །གླང་པོ་འདམ་དུ་བྱིང་བ་བཞིན། །ཁྱོད་ཀྱིས་ཇི་སྙེད་གཉེན་བཤེས་རྣམས། །འཁོར་བའི་ནང་ན་བླང་བོར་བ། །གང་གཱའི་བྱེ ་མ?་རྣམས་ལ་ཡང། །དེ་སྙེད་ཙམ་དུ་ཡོད་མོ་ཡིན། །གང་ཉིད་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །བརྩེ་བའི་བུ་ཡི་འདུ་ཤེས་པ། །དེ་ཉིད་ཚེ་རབས་གཞན་དུས་ན། །རྡེག་པར་བྱེད་ཅིང་དགྲར་འདུ་ཤེས། །རང་གིས་བཤེས་པའི་ནུ་མ་ཡང། །ཁྱོད་ཀྱིས ་འཐུངས་པ་སྲིད་གཞན་ན། །དེ་ཡི་ཁྲག་ཉིད་འཐུངས་པ་དང། །རྒྱབ་ནས་ཤ་ཡང་ཟོས་པ་ཡིན། །གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ། །མགོ་ལ་ལན་གྲངས་བརྒྱར་རྗེད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྟོག་པས་ལན་གྲངས་བརྒྱར་ཡང་བཏགས།། ་འགྲོ་བའི་རྒྱུ་ཡི་དངོས་པོ་ཡིས། །སྔོན་ཆད་གཞན་དུ་སྣང་གྱུར་པ། །གཞན་ན་ཡོངས་སུ་འགྱུར་པ་སྟེ། །མེ་བདུན་དྲང་སྲོང་བདུན་ཚོགས་བཞིན། །ཇི་ལྟར་ནམ་མཁའ་ཨི་ཆར་ཐིགས་བཞིན། །ཚོགས་ཤིང་རྣམ་པར་འཇིག་འགྱུར་བ། །དེ་བཞིན་འཁོར་བའི ་སྲོག་ཆགས་ཀྱང། །ཚོགས་ཤིང་རྣམ་པར་འཇིག་པར་འགྱུར། །ལྡན་བ་དང་ནི་བྲལ་བ་ཡི། །ལུས་ཅན་རྣམས་ནི་ཡུད་ཙམ་སྟེ། །འབབ་ཆུ་དཔའ་ཀློང་འཁྱིལ་ཤུགས་ལ། །ཤིང་དག་ཇི་ལྟར་བཙུགས་པ་བཞིན། །ངོ་མཚར་ཆེའོ་མ་རིག་མཐུས། །གང ་གིས་འགྲོ་བ་རྣམས་རྨོངས་པས། །བྲལ་བའི་སྡུག་བསྔལ་དྲན་ཉམས་ཤིང། །ལྡན་པ་རྣམས་ལ་སྲོད་པར་བྱེད། །གཙང་མའི་གནས་རྣམས་མ་གཏོགས་པར། །སྣ་ཚོགས་ལས་ཀྱིས་ཆས་ནས་སུ། །བྲོས་ས་གང་དཱུང་མི་ལྟུང་པ།། ་སེམས་ཅན་འགའ་ཡང་ཡོད་མ་ཡིན། །ཡང་དང་ཡང་དུ་དམྱལ་བར་ནི། །ཟངས་བཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོ་ནང་གི་ཆུ་ལ་ཡང། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཕྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་པ་ནི་གང་ཟོས་པ། །རི་ཡི་རྒྱལ ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་ཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་ནང་དུ་གང་རྒྱུས་པ། །མིག་གི་མཆི་མའི་ཐིགས་པ་ཡི། །སྣོད་དུ་རྒྱ་མཚོ་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་བཅད ་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོབ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པས། །ས་ལུད་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ན་ཤིན་ཏུ་འགང། །ཡི་དགས་འཇིག ་རྟེན་མི་བཟང་པར། །བཀྲེས་སྐོམ་སྡུག་བསྔལ་གང་མྱོང་བ། །དེ་ནི་དྲན་ཕྱིར་རང་གི་སྙིང། །རང་གི་ཤ་ཡང་འདོར་མི་འགྱུར། །མི་ལ་དབུལ་བའི་ཉེས་པ་ཡིས། །ཐོ་བཙམས་པ་ནི་གང་མྱོང་དེ། །བརྗོད་པས་བདག་ལ་མཐུ་མེད་པ། །རང་གི ་ལྕ་ལ་ངོ་ཚ་བཞིན། །རི་བོའི་ངོས་ལ་ཡུན་རིང་དུ། །ལྷ་ཡི་བདེ་བ་མྱོང་འགྱུར་བ། །ལྷ་རྫས་ཡུལ་གྱིས་མི་ངོམས་ཏེ། །ཤིང་སྐམ་པོ་ལ་མེ་བཞིན་ནོ། །དགེ་བའི་ལས་རྣམས་ཡོངས་ཟད་བས། །བདེ་འགྲོ་ལས་ཀྱང་ཤི་འཕོས་ཏེ། །ཚེ་ཟངས ་ལ་ལྟུང་བ་ནི། །འདབ་ཆགས་བྱ་ནི་མཁའ་ལ་བཞིན། །ལས་ཀྱི་ཤུགས་ཀྱིས་འགྲོ་བ་ནི། །གང་ཕྱིར་འཁོར་ལོ་བཞིན་དུ་འཁོར། །དེ་བས་ཆགས་པ་ཡོངས་སྤངས་ཤིང། །ཐར་པ་ལ་ནི་བློ་ཞེན་བྱ། །མྱ་ངན་བསལ་བ་ཞེས་བྱ་བ། །སློབ ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ་