CLOSE WINDOW

N4202: 'phags pa spyan ras gzigs dbang byug gis/ dge slong rab gsal gzhon nu la springs pa'i phrin yig
Wyliee-texts based on the ACIP/ALL Input

ཏེ་བཏན་ལ་ཕབ་པའོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྤྲིང་ཡིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྔོན་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་དང་དགེ་སློང་རབ་གསལ་གཞོན་ནུ་གཉིས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་གྲོགས་པོར་འཐམས་ནས་གང་གི་ལམ་སྔོན་དུ་གྲུབ་པ་དེས་ཅིག་ཤོས་ལ་བསྟངས་པར་དམ་བཅས་པ་ལས་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་གིས་ལམ་སྔོན་དུ་གྲུབ་སྟེ། །དགེ་སློང་རབ་གསལ་གཞོན་ནུ་ལ་བསྟངས་པའི་ཕྱིར་འཕྲིན་ཡིག་གིས་བཟླུགས་པ། །གྲོགས་ཁྱོད་ཅི་བདེ་འམ་དམ་བཅས་བརྗེད་དམ་ཅི། །འདོད་པ་མེ་མདག་དོང་འདྲ་འདི་ལ་ཅི་ཞིག་ཆགས ་ཤིན་ཏུ་སྐྱོ་བའི་ཡིད་ཀྱིས་རབ་ཏུ་མི་འབད་པར། །སྲིད་རྒྱུ་འདོད་ལ་ད་དུང་གདུང་པ་ག་ལ་སྲིད། །ཐེག་པ་མཆོག་གིས་ངེས་འབྱུང་འགྲོ་བའི་དོན་བྱོས་ལ། །སྒྱུ་དང་ཁ་གསག་གྲགས་པ་རྙེད་ལ་མི་གདུང་ཞིང། །འགྲོ་ལས་རྣམ་གྲོལ་ལམ་ལ ་མྱུར་བརྩོན?་མ་འབད་ན། །དུས་གསུམ་རྒྱལ་བས་བསྐྱབ་དཀའ་ཕན་ཐག་ཆད་དུ་འོང། །རྟོག་མེད་རྟོག་བྲལ་དུས་གསུམ་ཐོབ་པ་ཀུན་གཤེགས་ཤུལ། །ཕྲ་ཞིང་ཤེས་དཀའ་ཚིག་གིས་སྤྱོད་ཡུལ་མ་ཡིན་ཡང། །ཕྱོགས་ཙམ་རྟོག་པས ་སྒྲ་བཏགས་རྒྱལ་བའི་མཐུས་བརྗོད་ན། །ཤིན་ཏུ་ལེགས་པར་རབ་ཉེན་ཡིད་ལ་གཟུང་ནས་སམ། །དགེ་སློང་རབ་གསལ་གཞོན་ནུས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་པ། །མཐོ་ལ་མཐོ་སེམས་མི་མཛད ་མཉམ་ལ་འགྲན་མི་མངའ་། །དམའ་ལ་མངན་ཅན་མི་མཛད་ཡོངས་པ་སྙེམས་ལའི་མགོན། །དཔའ་བོ་འོད་ཟེར་སྟོང་འབར་ལམ་མེར་བཞུགས་པ་ཡི། །མདངས་བཟང་ཐུགས་རྗེའི་མངའ་བདག་ད་ལྟར་གང་ན་གཞུགས། །ཁྲི་ལན་བདུད་རིས་པས་མཛད་ཐར ་པའི་ལམ་སྟོན་གསོན། །ཉེས་བཅུ་ཐ་བའི་རྡུལ་བྲལ་སྟོབས་བཅུ་རྩལ་འཕགས་གསོན། །འཇིག་རྟེན་གསུམ་གྱི་གཉེན་གྱུར་སྐྱོབས་པ་དམ་པ་གསོན། །དཔའ་བརྟན་བདུད་ལས་ཤིན་ཏུ་མཚམས་མེད་གཅིག་ཏུ་བརྟན་པ་གསོན། །བདག་ནི་མུན་བཅས ་བདུད་ཀྱི་ཞགས་པར་ཟིན་པ་སྟེ། །ཐར་པའི་ལམ་སྟོར་འཁོར་བའི་དགོན་པར་འཁྱམ་ལགས་ན། །ཅི་འདུལ་གར་ལེགས་ཐབས་ཀྱིས་མྱུར་དུ་མི་སྐྱོབ་པར། །དུས་རིང་བགྲངས་ཀྱི་པར་དུ་མགོན་ཁྱོད་ཅི་ལགས་ཞེས། །ལྷ་དང་མི་ཡི་ཁྱུ་མཆོག་གི་ཚོགས ་རབ་མཛའ་ཡས་དགོངས། །མུ་སྟེགས་ཝ་བརྒྱ་ཕམ་མཛད་སྐྱེས་བུ་སེང་གེ་དགོངས། །ཡིད་བཞིན་དབྱིག་གི་ཏོག་ལྟར་རེ་བ་ཀུན་སྐོང་དགོངས། །ཐུགས་རྗེའི་ཆུ་བོ་རྒྱུན་འབེབས་རྒྱལ་སྲས་ཐུ་བོ་དགོངས། །སྲིད་གསུམ་སྒྱུ་མར་ཆོས་བསྟན་ངོ་བོ་མེད ་བཞིན་དུ། །བདེན་སྤངས་ལོག་པའི་ལམ་ཞུགས་སྲིད་པའི་དབང་གྱུར་པ། །འཁོར་བའི་རྔོས་ཅན་གྲངས་མེད་བསྐྱབ་ཀྱིས་མི་ལང་ཞེས། །དང་ཆེ་ལྷ་ཡིས་ཐུགས་ཀྱང་སྐྱོ་བར་རུང་མོད་ཀྱི། །འོན་ཀྱང་ལེགས་རྒྱུ་ཆོས་ཉིད་གཟོད་ནས་མྱ་ངན་འདས་དོན ་དུ། །འགྲོ་བ་ཡོངས་ཀྱི་ཆེད་ལ་གོ་བགོས་མཛད་ལགས་ཀྱིས། །མགོན་པོ་རབ་གསལ་གཞོན་ནུ་རྗེས་དགོངས་ཉག་བསྲིང་ཞིང། །ཐུགས་རྗེའི་ཐུགས་ཀྱིས་བཟོད་པ་བཞེས་ཏེ་སྐྱབ་ཏུ་གསོལ། །སྟོབས་མཆོག་དཔལ་གྱི་མགུར་ནས་ཡི་གེ་འབྲུས ་བསྙད་པ། །མཁའ་ལ་ཚོན་བགྱི་བཞིན་དུ་སྤྱོད་ཡུལ་མ་ལགས་པས། །རྒྱལ་སྲས་འཁོར་བཅས་རྣམས་ཀྱིས་གསལ་བར་མ་བསྟན་ན། །བདག་འདྲ་མཚན་མར་འཛིན་པས་གཟུང་བར་ག་ལ་ནུས། །འོན་ཀྱང་དོན་གྱི་དམ་པ་སྲིད་པའི་དཔྱིས་འབྱིན ་པ། །གདམས་ངག་བཀའ་དྲིན་མཆོག་འདི་སྤྱི་བོས་བླང་སླང་དུ། །ཅི་ནུས་སེམས་ཀྱི་རྩལ་གྱིས་ལོག་པར་གཟུང་མི་བགྱི། །བླ་མའི་སར་བཞུགས་ཆེ་བའི་མཐུས་ཀྱང་བསྟང་དུ་གསོལ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྤྲིང་ཡིག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང། ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། པྲཛྙཱ་ཤ་ཏི་ཀ་ནཱ་མ་པྲ་ཀཱ ་