CLOSE WINDOW

N4198: bshes pa'i spring yig
Wyliee-texts based on the ACIP/ALL Input

བརྩོན་པར་རིགས།། །།རྒྱ་གར་སྐད་དུ། སུ་ཧྲི་ཏ་ལེ་ཁ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས ་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག་།ཅུང་ཟད་ཅིག་བདེ་བས་ཁྱེད་ཀྱིས་གསན་པའི་རིགས། །ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང། །བགྱིས་པ་ཅི་འདྲ་འང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་དྲན ་ཡང། །དམ་ཆོས་བརྗོད་ལ་བསྟེན་སླད་སྨད་མི་བགྱི། །ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག་།ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་དགྱིད་ལགས། །རྒྱལ་བས་སངས་རྒྱས ་ཆོས་དང་དགེ་འདུན་དང། གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག་།རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱི། །དགེ་བའི་ལས་ལམ་བཅུ་པོ་ལུས་ངག་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང། །ཆང་རྣམས་ལས ་ཟློག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛད། །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ ་མཆིས་སོ། །ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོང་མི་དམའ། །མ་འདྲེས་མ་སྤགས་མ་གེས་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང། །དེ་བཞིན་ཤེས་རབ་གཞལ ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །གང་ལ་ཕ་དང་མ་དག་མཆོད་པ་ཡི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པ་ལགས། །དེ་དག་ལ་ཚོད་གྲགས་པར་འགྱུར་བ་དང། །སླད་མ་ལ ་ཡང་མཐོ་རིས་འགྱུར་བ་ལགས། །འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་ངག་ལ་སྩོལ་བར་བགྱིད། །སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང། །རིགས་དང་གཟུགས་དང་ཐོས ་པ་ལང་ཚོ་དང། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །བག་ཡོད་བདུད་བརྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །གང་ཞིག་སྔོན་ཆད་བག ་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང། །ཟླ་བ་སྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །འདི་ལྟར་བཟོད་མཚུངས་དགའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིན་མི་ལྡོག་པ་ཉིད། །འཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །བདག་ནི་འདིས་སྤྱོད་འདིས་བཏགས་ཕམ་པར་བྱས། །འདི་ཡིས་བདག་ནོར་ཕྲོགས་པར་གྱུར་ཏོ་ཞེས། །ཁོན་དུ་འཛིན་པའང་འཁྲུག་ལོང ་རྣམ་སྐྱེད་དེ། །ཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག་།སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོར་བྲིས་པ་དེ་འདྲར་རིག་པར་བགྱི། །དེ་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །རྒྱལ་བས་སྙིང་ལ་འབབ་དང་བདེན ་པ་དང། །ལོགས་པར་སྨན་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྤང་རྩི་མེ་ཏོག་མིང་ཙང་ལྟ་བུའི་ཚིག་།རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང། །སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཛའ་དང་སྣང་ནས་མུན་མཐར་ཐུག་།མུན་ནས་སྣང ་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲད་རྟོགས་མཛོད། །གཞན་གྱི ་ཆུང་མ་མི་བལྟ་མཐོང་ན་ཡང། །ན་ཚང་མཐུན་པར་མ་དང་བུ་མོ་དང། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་རཱུང་ཡང་དག་བསམ་པར་བགྱི། །གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ། ་བར་བསུང་བགྱི་སྟེ། །གདུག་པ་དུག་དང་མཚོན་ཆ་དགྲ་བོ་དང། །མེ་བཞིན་འདོད་པའི་བདེ་ལ་ཡིད་བྱུང་མཛོད། །འདོད་པ་རྣམས་ནི་ཕུང་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོ་ས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕག་སྒྲོགས་གིས། ། ་འཁོར་བའི་བཙོན་དང་འཇིག་རྟེན་འདི་དག་བཅིངས། །གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་ཅིག་།གཡུལ་དོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །བུད ་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲིང་བ་དང་སྒོ་དགུ་དོང་པ་དང། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང། །ལྤགས་པས་གཡོགས་པར་རྒྱན་ཡང་ལོགས་ཤིག་གཟིགས། །ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ན། །བདེ་བའི་དོན་དུ་མེ་ལ་ཀུན་བསྟན ་ཀྱང། །ཞི་བར་མི་འགྱུར་དེ་ཉིད་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པ་འང་མཁྱེན་པར་མཛོད། །དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན ་འགའ་ཡང་མཆིས་པ་མ་ལགས་སོ། །སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང། །ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །འཇིག་རྟེན་མཁྱེན་པ ་རྙེད་དང་མ་རྙེད་དང། །བདེ་དང་མི་བདེ་སྙན་དང་མི་སྙན་དང། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྟ་དང་ནི། །མགྲོན་དང་ཡང་ཡུམ་དག་དང་བཙུན་མོ་དང། །འཁོར ་གྱི་སླད་དཱུང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོང་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱོད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས ་མངོན་པར་འགྱུར། །དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་ནི། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ ་དང། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྟ་མིའི་སྟོན་པས ་གསུངས། ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི ་སྡུག་བསྔལ་དེ་སྙེད་དོ། །རང་བཞིན་དགས་འབྲེལ་བཤེད་མ་ལྟ་བུ་དང། །ཁྱིམ་ཐབ་བརྙས་བགྱིད་ཇོ་མོ་ལྟ་བུ་དང། ཆུང་ངཱུང་རྐུབ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་འདི་དག་རྣམ་པར་སྤངས། །སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང། །མཛའ་མོ་བཞིན ་དུ་སྙིང་ལ་འབབ་པ་དང། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་བཀུར། །ཁ་ཟོས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི ་ཕྱིར་ན་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཨོ་ཞིག་ཕྱིར། །རིགས་པའི་བདག་ཉིད་ཉིན་པར་མཛའ་དག་དང། །མཚན་མོ་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེ་འང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ ་མནལ། །བྱམས་དང་སྙིང་རྗེ་དག་དང་དགའ་བ་དང། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམས་མཛོད་ཅིག་།གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག་།རྣམ ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་པ་འོད་གསལ་དག་དང་དགེ་རྒྱས་དང། །འབྲས་བུའི་ཆེ་ལྷ་རྣམས་དང་སྐལ་མཉམ་འཐོབ། །རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང ་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ལན་ཚ་སྲང་འགས་ཆུ་ནི་ཉུང་ངུ་ཞིག་།རོ་བསྒྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་དུ་ཡང། །དགེ་བའི་རྩ་བ་ཡངས་པས་མཁྱེན་པར་བགྱི། །རྒོད་དང་འགྱོད་དང ་གནོད་སེམས་རྨུགས་པ་དང། །གཉིད་དང་འདོད་པ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་དེ་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །དད་དང་བརྩོན་འགྲུས་དག་དང་ཕྲན་པ་དང། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །འདི ་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེ་བགྱི་རྩེ་མོར་གྱུར་པའང་ལགས། །ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་ནི་བདག་གིར་བྱས་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི ་འགྱུར། །གལ་ཏེ་མཐོ་རིས་ཐར་པ་མངོན་བཞེང་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང། །ཐམས་ཅད་རྣམ་པར་སྨིན་པ་མི་བཟང་ལྡན། །མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང། །མི་རྟག་བདག་མེད་མི་གཙང ་རིགས་པར་བགྱི། །དྲན་པ་ཉེ་བར་མ་གཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞི་དེ་ལྟ་བ་ཕུང་ཁྲོལ་བ། །གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག་།གཟུགས་དང་མི་ལྡན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང ་པོ་ལྷག་མ་བཞིན་ཡང་སྟོང་རྟོགས་བགྱི། །ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག ་འཛིན་དང་ཡུལ་ལ། །ཕྱིན་ཅི་ལོག་པར་ལྟར་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་གྱི། །ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིད་ཅི་ཡང་མ་མཆིས་ཀྱིས། །ཐོས ་ངང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡི། །བདེན་པ་རྣམ་པ་བཞི་ལ་འབད་པ་མཛོད། །ལྷག་པའི་ཚུལ་ཁྲིམས། ལྷག་པའི་ཤེས་རབ་དང། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷ་གཅིག ་ཀྱང། །གསུམ་པོ་འདིའི་ནང་ཡང་དག་འདུ་བར་འགྱུར། །དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་འགྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར ་འགྱུར། །ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྡུབ་དགུ་འབྱུང་གཉིས་ཀྱིས་ལོགས་པ་ལས། །སང་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ལུས་མཛའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང། །ཐ་མར་མི་གཙང་སྙི ་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། ། ་ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱི་ཐུགས་ནི་དབྱུང་བར་མཛོད། རྒྱ་མཚོ་གཅིག་གནས་གཉའ ་ཤིང་བུག་པ་དང། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉེད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཚོས་པར་མཛོད། །གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ནི། ། ་གང་ཞིག་མུ་རུ་སྐྱེས་ནས་སྡིག་པ་དག་།བགྱིད་པ་དེ་ནི་ཚེས་རབ་བླུན་པ་ལགས། །མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིད། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ། ་མངའ་། །དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུང་མ་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལས། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དགས་ཉིད ་དང་དམྱལ་བར་སྐྱེ་བ་དང། །རྒྱལ་བའི་བཀའ་མེད་པ་དང་མཐོང་འོ་ཡབ་འདོང?་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིངས་ལྷ་དང་གང་ཡང་རུང་བ་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ ་འབད་པར་མཛོད། །ངེས་པ་འདོད་པས་ཕོངས་དང་འཆི་བ་དང། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང། །འདི་ཡི་ཉེས་པ་ཤེས་ཀྱང་གསན་པར་མཛོད། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག ་བཤེས་ཉིད་དང། །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་བས། །དེ་བས་ཚེས་མང་ཉིད་ཅིག་བཏུང་འཚལ་ལོ། ། ་རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཛའ་རྒྱུ་ཤུག་ཚིག་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱིས་དབང་གིས་ཕྱར་ཡང ་ས་སྟེར་ལྷུང། །འཁོར་ལོས་སྒྱུར་བ་ཉིད་གྱུར་ནས་ཀྱང། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྒྱས་པ་ལས། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབང་པའི་འཁྲུལ་འཁོར་གྱིས། །རེག་པ ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟང་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲངས་ཤིང་དགའ་བ་དང། །རྣམ ་པར་མཛེས་མཚལ་སོན་པས་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་ཐོབ་པར་འགྱུར། །ངལ་གྱིས་འབབ་པར་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། ། ་སླར་ཡང་དམྱལ་བར་ཆུ་བོ་རབ་མེད་པ། །ཚ་སྒོས་བཟོད་བརླག་ཆུ་ཆེན་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི ་འཆང་པ་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིང་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཛའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པབ་རྐྱང་བ་འང་མི་མཐོང་འགྱུར། །དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས ་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག་།གཅིག་པུ་ཟླ་བ་ཉི་མས་མི་རྫི་བའི། །མན་ངག་མཛའ་ཡས་ནང་དུ་འཇུག་འཚལ་ལོ། །སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚེ་བ་དང། །བསྡུས་འཇོམས ་ཏུ་འབེད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རླག་།ཁ་ཅིག་སོགས་ལེགས་འགྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟང་སོ་རྣོན་རྣམས ་ཀྱིས་གཤེགས། །དེ་བཞིན་གཞན་དག་ཁྲོ་ཆུ་ཞུ་བ་ཡི། །ཞུ་བ་འབར་བ་འཁྲིགས་པ་ལྡུང་པང་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་བརྒྱུད་པར་བགྱི། །ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །གཏུམ ་པོས་དབང་ཅིང་ལག་པ་གནམ་དུ་སྒྲེང། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང། །སེན་མོ་མི་བཟང་ལྡན་པའི་ཁྲ་རྣམས་འཐོག་།ཁ་ཅིག་སྲིན་བུ་སྤུར་བ་སྣ་ཚོགས་དང། །ཤ་སྤྲང་སྦྲང་བུ་མཆུ་རིངས་ཁྲི་ཕྲག་དག་།རེག་ན་མི་བཟང་རྨ་སྲོལ ་ཆེར་འབྱིན་པས། །འཇ་བར་བགྱིད་ཅིངས་འདྲེ་ལྡོག་སྨྲེ་སྔགས་འདོན། །ཁ་ཅིག་མདག་མ་འབར་བའི་སོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེགས་ཁ་ཡང་བསྒྲད། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་བདེན་བཞིན་དུ་འཚེད། ་སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི་།དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ན་རྣམས་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་བ་མཐོང་དང་ཐོས་པ་དང། །དྲ་ནོ་དང་བཀླགས་དང ་གཟུགས་སུ་འགྱིས་རྣམས་ཀྱང། །འཇིགས་བསྐྱོད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །བདེ་བ་ཀུན་གྱི་ནང་ན་སྲེད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད ་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ནི་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །ངེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ། །འོལ་ཡང་མི་འགྲོ་ཆར་ཡང་མི་ཕེད་དོ། །དེ་ལྟར་སྡུག་བསྔལ་ཤིན་ཏུ་མི ་བཟང་ལོ། །བྱ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འཕྲལ་བར་མི་འགྱུར་རོ། །མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ལོ་ཙམ་ཡང་མ་མཆིས་པ། ། ་དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་བར་མཛོད། །དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང། །བཅིང་དང་རྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་པ་སྤངས་པ་རྣམས་ལ་ནི། །ཅིག་ལ་ཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང། །ཤ ་དང་ལྤགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང། །ལྕགས་དང་ལྕགས་ཀྱུ་གདབ་པས་བཏབ་ཏེ་བཀོལ། །ཡི་དགས་ནང་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང། །འཚལ་བའི་མཐུ་དང་ལྡན་པ་མ ་ལགས་སོ། །ཁ་ཅིག་ལྤགས་རུས་ལུས་ཤིང་གཅིར་བུ་སྟེ། །ཏཱ་ལའི་ཡང་ཏོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་འབབ་བྱེ་མ་འཚལ། སྨད་རིགས་འགས་ནི་རྣག་དང་ཕྱི་ས་དང། །ཁྲག་སོགས ་མི་གཙང་བ་ཡང་མི་རྙེད་དོ། །ཕན་ཚུན་གདོང་དུ་འཚོག?་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཆལ་ལོ། །ཡི་དགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མ་འང་གྲང། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། ། ་བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །བར་ཚད་མེད་པར་སྡུག་བསྔལ་རྟེན་གྱུར་པ། །ཉེ་པར་སྦྱང་བའི་ལས་ཀྱི་ཞགས་པ་ཡི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིང་མི་འགྱུར། །དེ་ལྟར་ཡི ་དགས་རྣམས་ཀྱི་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི་།འཆི་འཕོའི་སྡུག་བསྔལ ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང། །སྟན་ལ་མི་དགའ་མེ་ཏོག་ཕྲེང་བ་སྙིངས་དང། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན ་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྔོན་བགྱིད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག་།སྤྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ལྷ་ཡི་འཇིག ་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དགས་དང། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག ་བསྔལ་ཆེ། །དེ་དག་བློ་དང་ལྡན་ན་རང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང། །དམྱལ་བ་དུད་འགྲོ་ཡི་དགས་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར ་ལགས་མཁྱེན་མཛོད། །མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན ་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕངས་མི་རྒ་མི་འཆི་བས་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང། །བཏང་སྙོམས་འདི་བདུན ་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ ་བུར་འཚལ་བར་བགྱི། །ལུང་མ་བསྟན་པ་བཅུ་བཞི་ཏིང་ངེ་འཛིན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། དེ་ཡིས་བློ་འདི་ཞི་བར་བགྱིད་མ་ལགས། །མ་རིག་པ་ལས་ལངས་ཏེ་དེ་ལས་ནི།། ་རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་ལས་ནི། །རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་ལས་ལེན་པར ་སྐྱེ་བར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང། །འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱིས། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །སྐྱེ་བ་འགགས ་པས་འདི་ཀུན་འགག་པར་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམས་ཆོག་མཐོང། །ཡང་དག་ལྟ་དང ་འཚོ་དང་རྩོལ་བ་དང། །དྲན་དང་ཏིང་འཛིན་ངག་དང་ལས་མཛའ་དང། །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། །སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །འདི་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། འདི ་འགོག་པ་ནི་ཐར་པ་ལགས་ཏེ་དེ། །འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །དེ་ལྟར་ལགས་པས་འཕགས་པའི་བདེན་པ་བཞི། །མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི། །པད་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང།། ་ཤེས་པས་ཉོན་མོངས་ཆུ་བོ་ལས་རྒལ་གྱིས། །གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང། །གནམ་ལས་བབས་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་ནས་མཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་སོའི་སྐྱེ་བོར་བས། །བསྙེངས ་དང་བྲལ་བ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཁྱོད་ལ་དེ་སྐད་གདམས་པ་གང་ལགས་ཏེ། །བས་པར ་དགེ་སློང་གིས་ཀྱང་བགྱི་བར་དཀའ་། །འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་མཛོད། །ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང། །ཉིད་ཀྱི་ལགས་པར་སྦྱད་པ་རྣམ་གསུམ་ཡང། །སངས་རྒྱས་ཉིད་ཐོབ་བགྱི་སླད ་ཡོངས་བསྔོས་ནས། །དེ་ནས་དགེ་བའི་ཕུང་པོ་འདི་ཡིས་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་དཔལ་འབྱོར་དབང་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །སྐྱེ་བོ་ཉམས་ཐག་མང་པོ་རྗེས་བཟུང ་སྟེ། །འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། །བསལ་ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །ཤེས་རབ་ཚུལ་ཁྲིམས་གཏོར་བྱུང་གྲགས་ཆེན་དྲི་མ་མེད།། ་ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག་།བདེ་དགས་དགའ་བ་ངས་པར་རབ་ཏུ་ཞི་མཛད་དེ། ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང། །འཆི་བ་ཞི་མཛད་རྒྱལ་བའི་དབང་པོ ་ཉིད་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་གཡོ་བ། །མི་བསྙེངས་ནོངས་མི་མངའ་བའི་གོ་འཕངས་བརྙེས་པར་མཛོད། །དགེ་བཤེས་ཀླུ་ཡིས་གདམས་པའི་ཆར་རྒྱུན་གྱིས། །མི་རྗེ་རྒྱལ་པོ་ཐུགས་ཀྱི་མཚོ་རྒྱས་ནས། །རྒྱལ་སྲིད ་འཁོར་གྱི་ཉ་སྤལ་མང་པོ་དག་།སྐྱབས་མཛད་རེ་བ་ཡིད་བཞིན་སྐོངས་པར་སྨོན། །བཤེས་པའི་སྤྲིང་ཡིག་།སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་བདེ་སྤྱོད་བཟང་པོ་ལ་བསྐུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ? ་བ་དང། །ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། ཤིཀྵ་ལེ་ཁ་།བོད་སྐད་དུ། སློབ་མ་ལ་སྤྲིངས་པའི་སྤྲིད་ཡིག་།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ་