| Wylie | e-texts based on the ACIP/ALL Input |
ཀྱང་བདག་གི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་བ་ཞིང་བློ་ཞན་ཏེ། དེ་ལྟ་ཡིན་ཏུ་ཟིན་ཀྱང་གང་བདག་གིས་གླེགས་བམ་དུ་བྱས་པའི་ཆོས་བཀླགས་པར་བྱ་སྟེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་རྣམས་ཀྱི་རྣ་ལམ་དུ་གྲག ་པ་དེ་དག་།དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག་ཅེས། ལན་གསུམ་བརྗོད་པར་བྱའོ། །ཁ་ཏོན་དང་གླགས་བམ་ཀླག་པའི་ཆོག་།སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཕ་རོལ་ཏུ ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་སོ་བྷ་ག་བ་ཏེ། བཻ་རོ་ཙ་ནཱ་ཡ་བྲ་བྷ་རཱ་ཛཱ་ཡ། ཏཱ་ཐཱ་ག་ཏ་ཡ། ཨརཧ་ཏེ་ས་མྱཀས་བུདྡྷི་ཡ། ཏདྱ་ཐཱ། ཨོཾ་སུཀྵཾེ་སུཀྵྨེ་ས་མེ་ས་མེ། ཤཱནྟེ་དཱནྟེ་ཨ་ས་མཱ་རོ་པ་ཡ ་ན་ལཾ་བྷེ། ཏ་རཾ་བྷེ་ཡ་ཤོ་བ་ཏི་མཧཱ་ཏེ་ཛ། ཏཱི་བ་ཀུ་ལེ། ནི་རི་བ་ཎེ། སརྦ་བུདྡྷ་ཨ་དྷིཥྛ་ན། མ་དྷིཥྛ་ཏི་སྭཱཧཱ་གཟུངས་འདི་འཇིམ་པའི་གོང་བུ་འམ་བྱེ་མའི་འོག་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མཆོད་རྟེན་བྱའོ། །མཆོད་རྟེན་དེ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི ་མཆོད་རྟེན་བྱེ་བ་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱོབ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་ནས་སྐྱེ་བ་དྲན་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དང་པོར་འཇིམ་པ་བརྡུང་བ་བདག་གམ་གཞན་ཡང་རུང་བའི་བྱམས་པ་དང་སྙིང་རྫས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་བརྡུང། །དེ་ནས་འབི་འབི་བྱིན་གྱིས་བརླབ་པ་ནི་འོག་མིན་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི ་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ལ་ཕྱག་བཙལ་བར་བསམ་ཞིང་སྔགས་ཀྱི་གྲངས་གོང་མ་བཞིན་དུ་བརྗོད་དོ། །དེ་ནས་རྟེན་འབྲེལ་གྱི་སྔགས་བཟླས་ཤིང་གདབ་བོ། །དེ་ནས་འབྲུ་འམ་མེ་ཏག་ལ་རྟེན་འབྲལ ་གྱི་སྔགས་ལན་གསུམ་མམ། །བདུན་བཟླས་ལ་དབུལ་ལོ། །དེ་ནས་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་དཔའ་ཀློང་འཁྲུག་པ་ཡི། །སྲེད་པའི་མཚོ་ལས་འགྲོ་བ་འདྲེན་པར་ཤོག་།ཅེས་སྨོན་ལམ ་གདབ་གོ་།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་བའི་མཆོག་།སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧ་བ་དང། ཏེ་ཥཱལཙ་ཡོ་ནི་རོ་དྷ་ཨེ་བ་འབི་དཱི་མཧཱ ་ཤྲ་མ་ཎ།། །། *། །རྒྱ་གར་སྐད་དུ། གུ་རུ་ཀྲི་ཡ་ཀྲ་མ། བོད་སྐད་དུ། བླ་མའི་བྱ་བའི་རིམ་པ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་ཚད་དང་ལྡན་པའི་སློབ་དཔོན་སློབ་མ་ལ་དད་པ་དང། ཡིད་ཆེས་པ་དང།། ་འདོད་པའི་དད་པ་སྐྱེད་ལ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་གནས་ཁང་ཁྱད་པར་ཅན་དུ་མཆོད་པའི་ཚོགས་ཁྱད་པར་ཅན་བཤམས་ལ་འཕགས་པའི་ཚོགས་སྤྱན་དྲངས་ཏེ། ཕྱག་འཚལ་བ་དང། ཞབས་བསིལ་ཞིང་གདན་དབུལ ་བ་དང་བླ་ན་ཡོད་པ་དང་བླ་ན་མེད་པའི་མཆོད་པའི་ཚོགས་ཀྱིས་ལེགས་པར་མཆོད་ཅིང། མཆོད་པའི་སྤྲིན་གྱི་སྔགས་ཀྱང་ལན་གསུམ་བརྗོད་དོ། །བསྟོད་པ་བྱེད་པས་བདེ་བར་གཤེགས་པའི་ཡོན་ཏན་ཁྱད་པར་ཅན་དྲན་བའི་སྒོ་ནས་གུས་པས་བསྟོད་ཅིང། དེ་དང་དེ་འཕེལ་བའི ་ཚིག་ཀྱང་བརྗོད་དོ། །དེ་ནས་བཤགས་པ་དང། རྗེས་སུ་ཡི་རང་བ་དང། བསྐུལ་བ་དང། གསོལ་བ་གདབ་པ་དང། སྔོ་བ་ལ་སོགས་པ་བྱ་སྟེ། དེ་ནས་སློབ་དཔོན་ལ་ཕྱག་བྱས་ལ། གསོལ་བ་གདབ་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལེགས ་པར་བསྐྱེད་ལ། དེ་དག་གི་རང་གི་ངོ་བོ་དང། དབྱེ་བ་དང། ཁྱད་པར་ཡང་བརྗོད་དོ། །དེ་ནས་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང། བསྡུ་བའི་དངོས་པོ་བཞི་དང། ཚད་མེད་པ་བཞི་པོ་ལ་སོགས་པའི་མཚན་ཉིད་དང། རྒྱུ་དང། འབྲས་བུ་དང། བསླབ ་