| Wylie | e-texts based on the ACIP/ALL Input |
དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་ཞུས་ཆེན་གི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཀརྨ་བི་བྷཾ་ག་ནཱ་མ། བོད་སྐད་དུ། ་ལས་རྣམ་པར་འབྱེད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དིང་སང་དུས་ཀྱི་སྐྱེ་བོ་འདི་དག་གིས། །མཐོ་རིས་བདེ་བདག་ཀྱང་ཐོབ་དཀའ་ན། །མྱ་ངན་འདས་ལ་རེ་བ་ཡོད་མིན་པས། །བདག་ཉིད་ཁོ་ན་དྲན་ཕྱིར་བྲི་བར་བྱ། །ཡོད་མེད་རྟག་ཆད་དང་བྲལ་བ། །བདེ ་བའི་ལོངས་སྤྱོད་ཕུན་སུམ་ཚོགས། །འགྲོ་རྣམས་ཡོངས་སུ་སྨིན་མཛད་པ། །དམ་པ་སྐྱེས་མཆོག་དེ་ལ་འདུད། བཅོམ་ལྡན་འདས་གང་འཇིག་རྟེན་དང། །འཇིག་རྟེན་ལས་འདས་པའི་ཆེན་པོ་ལས་ཀྱང་ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པ་དེ་ལ་ཕྱག་འཚལ་ཅེས་ཇི་ལྟར་བྱ་ཞེ་ན། ལས ་དགེ་བ་དང་མི་དགེ་བ་རྣམ་པར་དབྱེ་བར་བྱ་སྟེ། མངོན་པར་མཐོ་བ་མཐོ་རིས་ལྷ་དང་མི། །ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན། །དེ་ཉམས་གྱུར་པར་ངན་སོང་འགྲོ་བ་ནི། །དམྱལ་བ་ཡིས་དགས་བྱོལ་སོང་འདི་དག་གོ་།ལྷ་དང་མིའི་གཏམ་རྒྱས་པ་འདི་ནི་འཇིག་རྟེན་གཞག་པ་དང། འཇིག་རྟེན ་གདགས་པ་དང་བྱེ་བྲག་ཏུ་བཤད་པ་ཆེན་པོའི་ནང་ནས་ཆེ་ལོངས་དུ་བཏུས་པ་མཐོང་ཀྱི་གནས་གསུམ་པ་ལ་སོགས་པར་བལྟ་བར་བྱའོ། །འདི་ལྟར་ཚ་བའི་སེམས་ཅན་དམྱལ་བ་ནི་ཛམ་བུའི་གླིང་འདིའི་འོག་ན་དཔག་ཚད་ཁྲི་ཕྲག་གཉིས་ན། སེམས་ཅན་དམྱལ་བ་ཆེན་པོར ་གནས་སོ། །གཞན་བདུན་ནི་དེའི་སྟེར་ན་རིམ་པ་བཞིན་དུ་གནས་སོ། །དེ་དག་གི་ཚེའི་ཚད་ཀྱི་རིམ་པ་ནི་མི་རྣམས་ཀྱི་མོའི་རིམ་པ་རྣམས་ལ་འདོད་པའི་ཁམས་ཀྱི་ལྷ་རྣམས་དང། ཡང་སོས་པ་ལ་སོགས་པ་དམྱལ་བ་རྣམས་ཀྱི་ཉིན་ཞག་དང་ཟླ་བ་དང་ལོའི་རིམ་པ་རྣམས་བསྒྲས་ནས་ཤེས ་པར་བྱ་སྟེ། འདི་ལྟར་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ་སོགས་པ་ལས་བསྒྱུར་ནས་ཤེས་པར་བྱའོ་ཞེས་བཤད་པས་སོ། །གྲང་བའི་སེམས་ཅན་དམྱལ་བ་ཡང་ཏི་སེའི་འོག་ན་སྔ་མ་དེ་དག་གི་ཐང་ན་གནས་པ་སྟེ། དེ་དག་གི་ཚེའི་ཚད་བར་ཡུལ་དབུས་ཀྱི་བྲེས་བཅལ ་བའི་ཏིལ་ཁལ་བརྒྱད་ཅུས་བྱུང་བུར་བཀང་བའི་ནང་ནས། སྐྱེས་བུ་ཞིག་གིས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་བ་ན་སེམས་ཅན་དམྱལ་བ་ཆུ་བུར་ཅན་གྱི་ཚེ་ཟད་པ་ཡིན་ཏེ། འོག་མ་རྣམས་ཀྱི་ཚེ་ནི་ཉི་ཤུ་ར་བསྒྱུར་རོ། ། ་འདི་དག་གི་དོན་ཡང་ཅུང་ཟད་ཙམ་ཞིག་མདོ་ལས་བཤད་པར་བྲི་བར་བྱའོ། །དེ་ལྟར་དེ་དག་དམྱལ་བ་ནི། བཅུ་དྲུག་ཅེས་བྱ་རྒལ་བར་དཀའ་། །དྲག་བའི་ལས་ཀྱི་ཀུན་ཏུ་གང། །རེ་རེ་ལ་ཡང་ལྷག་བཅུ་དྲུག་།རྩིག་པ་བཞི་དང་ངོས་བཞི་སྟེ། ་ཕྱེ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ལྕགས་དག་གིས་ནི་གང་བ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཛོད་ལས་ཀྱང་དེ་དག་གིས་ནི་ངོས ་བཞིན། མེ་མར་མུར་དང་རོ་མྱགས་དང། སྤུ་གྲི་ལམ་སོགས་ཆུ་བོ་ཡིན། ཞེས་བཤད་དོ། །སྔོན་གྱི་མཁས་པ་ཆེན་པོ་ཁ་ཅིག་ན་རེ་ཚ་བ་ལ་སོགས་པ་བདུན་པོ་འདི་དག་ནི་མནར་མེད་པའི་སེམས་ཅན་དམྱལ་བའི་གཡས ་ངོས་དང་གཡོན་ངོས་ན་གནས་སོ་ཞེས་ཟེར་རོ། །ཉི་ཚེ་བ་དང་ཉེ་འཁོར་བའི་སེམས་ཅན་དམྱལ་བ་དག་ལ་གན་གྱི་ངེས་པ་མེད་དེ། ཆུ་བོ་དང། རི་དང་མྱ་ངམ་ལ་སོགས་པའི་ཐད་དང། སྟེང་ན་གནས་སོ། །གཏམ་རྒྱས་པར་ནི་དྲན་པ་ཉེ་བར་གཞག་པ ་དང། འཇིག་རྟེན་གཞག་པ་དང། འཇིག་རྟེན་གདགས་པ་ལ་སོགས་པར་བལྟའོ། །ཡི་དགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་དེ། དེ་ན་ཡི་དགས་ཀྱི་རྒྱལ་པོ་གཤིན་རྗེ ་གནས་སོ། །གཞན་ནི་དེ་ལས་འཕྲོས་པ་ཡིན་ནོ། །གཏམ་རྒྱས་པར་ནི་ཡི་དགས་ཀྱི་རྟོགས་པ་བརྗོད་པར་བལྟ་བར་བྱའོ། །བྱོལ་སོང་གི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ། །ཐང་དང། ཆུ་དང། རི་དང། དུར་ཁྲོད་ལ་སོགས་པ་ན ་གནས་པ་ནི་དེ་ལས་འཕྲོས་པ་ཡིན་ཏེ། རྒྱས་པར་ནི་དེ་དང་དེ་དག་ཏུ་བལྟ་བར་བྱའོ། །གནས་གསུམ་པོ་ན་བདེ་བ་མེད། །སྡུག་བསྔལ་རྒྱ་དང་བཅས་པའི་གཏམ། །མདོ་དང་བསྟན་བཅོས་དག་ན་གསལ། །བློ་དང་ལྡན་པས ་བལྟ་བར་གྱིས། དམྱལ་བ་དང། ཡི་དགས་དང། བྱོལ་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་མདོ་དང་བསྟན་བཅོས་དག་ན་གསལ་ལོ། །མའི་སྡུག་བསྔལ་བརྒྱ་རྩ་བཅུ་དག་ནི། འཕགས་པ་ཐོགས་མེད་ཀྱི་མཛད་པའི་ཡོ་ག ་ཙཨཱརྱ་བལྟ་བར་བྱའོ། །ལྷ་དག་ལ་ནི་སྡུག་བསྔལ་གཞན་ནི་མེད་ཀྱི། འོན་ཀྱང་འཆི་ལྟས་ལྔ་དང། ཉེ་བའི་འཆི་ལྟས་ལྔ་འབྱུང་སྟེ། འདི་ལྟར་གོས་ལ་དྲི་མ་འཆགས་པ་དང། མེ་ཏོག་གི་ཕྲང་བརྙིངས་པ་དང། མཚན་ཁུང་ནས་རྡུལ་འབྱུང་བ་དང། ལུས་ལ་དྲི་མ་འབྱུང ་བ་དང། རང་གི་སྟན་ལ་མི་དགའ་བར་འགྱུར་བའོ། །ཉེ་བའི་འཆི་ལྟས་ལྔ་ནི་གོས་དང་རྒྱན་དག་ལས་ཡིད་དུ་མི་འོང་བའི་སྒྲ་འབྱུང་བ་དང། ལུས་ཀྱི་འོད་ཆུང་བར་འགྱུར་བ་དང། ཁྲུས་བྱས་པའི་ཆུའི་ཐིགས་པ་ལུས་ལ་འཆགས་པར་འགྱུར་བ ་དང། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་འཆགས་པར་འགྱུར་བ་དང། མིག་འབྱེད་པ་དང་འཛུམ་པ་སྲིད་པར་འགྱུར་བ་དག་སྟེ། ཉེ་བ་ལྔ་ནི་མ་ངེས་པའོ། །སྡུག་བསྔལ་དེ་དག་ཅི་ལས་བྱུང་ཞེ་ན། ལས་ནི་ལྕི་དང་ཡང་བ་དག་། ་ཡུལ་དང་བསམ་པའི་དབྱེ་བ་ཡིས། །ཉན་ཐོས་ཐེག་པ་ཆེན་པོའི་ལུགས། །རྣམ་པ་གཉིས་སུ་ཤེས་པར་བྱ། །ལྕི་བའི་ནི་གཉིས་ཏེ། ཡུལ་གྱིས་ལྕི་བ་དང། བསམ་བས་ལྕི་བའོ། །ཡང་བ་ཡང་དེ་དང་འདྲའོ། །དེ་ཡང་ཉན་ཐོས་དང་ཐེག་པ་ཆེན ་པོའི་ལུགས་ཀྱི་ལྕི་བ་དང་ཡང་བ་སོ་སོར་ཐ་དད་པར་ཤེས་པར་བྱའོ། །དེ་ལ་ཡང་ཉན་ཐོས་ཀྱི་ཡུལ་གྱི་ལྕི་བ་ནི། འདི་ལྟར་མཚམས་མེད་པ་ལྔ་ལས་པ་བསད་པ་མ་གཏོགས་པ་བཞིའོ། །དེ་ལས་ཀྱང་དགེ་འདུན་གྱི་འཁོར་ལོའི་དབྱེན་ལྕི་བའོ། །གཞན ་ཡང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང། སྲིད་པའི་རྩེ་མོའི་ཏིང་ངེ་འཛིན་ལས་ལངས་པའི་རྣལ་འབྱོར་པ་དང། མཁན་པོ་དང། སློབ་དཔོན་དང། དགེ་སློང་དང། དགེ་སློང་དང། དགེ་སློང་མ་དང། ་ཕ་དང་མ་དང། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དང། ནད་པ་དང། ཆོས་སྨྲ་བ་དང། ངས་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང། རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དག་གསོད ་པ་དང། དེ་དག་ལ་རྡེག་པ་དང། ལྕགས་སྒྲོག་ལ་སོགས་པས་སྡོམ་པ་དང། དེ་དག་གི་ཡོ་བྱད་རྐུ་བ་དང། མཆོད་རྟེན་གྱི་དང། དགེ་འདུན་གྱི་དང། ཆོས་ཀྱི་དང། སངས་རྒྱས་ཀྱི་ཡོ་བྱད་རྐུ་བ་དང། གང་ཟག་སྔ་མ་དེ་དག་དང། དཀོན་མཆོག་གསུམ་ལ་བརྫུན་དུ ་སྨྲ་བ་དང། ཚིག་རྩུབ་པོ་དང། དེ་དག་ཕན་ཚུན་འབྱེད་པ་དང། ཚིགས་སུ་བཅད་པ་མ་ཡིན་པ་སྨྲ་བ་ནི་ཡུལ་གྱིས་ལྕི་བའོ། །བསམ་པས་ལྕི་བ་ནི་ལོག་པར་ལྟ་བ་ཆེན་པོ་སྐྱེད་པ་དང། ཡིད་ཀྱི་ཉེས་པ་ཆེན་པོའོ། །ཡུལ་གྱིས་ཡང་བ་ནི་བྱོལ་སོང ་དང། དུར་ཁྲོད་ཀྱི་ཤ་ཟ་གསོད་པ་ལ་སོགས་པའོ། །བསམ་པས་ཡང་བ་ནི་དེ་ལས་གཞན་པ་རྣམས་སོ། །དེ་ལ་ཐེག་པ་ཆེན་པོའི་ཡུལ་གྱིས་ལྕི་བ་ནི་འདི་ལྟར་བླ་མ་རྣམས་དང། སེམས་དང་པོ་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང། ཕ་དང་མ་དང། དེ་ཁོ་ན་ཉིད་ཀྱི་རྣལ ་འབྱོར་བ་དང། རང་གི་ལྷ་དང། དཀོན་མཆོག་གསུམ་ལ་སོགས་པ་ལ་སྔ་མའི་ཚུལ་རྣམས་བཞིན་དུ་བྱེད་པའོ། །དོན་དེ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་ཞེས་བྱ་བ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཇི་སྐད་དུ། གསང་བའི་བདག་པོ་ཉེས་པར་སྤྱོད་པ་དེ ་དག་ནི་ལྕི་བར་གྱུར་པ་དང། ཐ་མལ་བར་གྱུར་པའོ། །དེ་ལ་ཕ་མ་ལ་སོགས་པ་གསོད་པ་དང། རྡེག་པ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ལྕི་བའོ། །སྲོག་གཅོད་པ་ལ་སོགས་པ་གཞན་གསུམ་ནི་ལུས་ཀྱི་ཉས་བར་སྤྱོད་པ་ཐ་མལ་པའོ། །དམ་པའི་ཆོས་སྤོང་བ་དང། ལྷ་རྣམས་ལ་ཚིག་རྩུབ ་བོ་སྨྲ་བ་དང། ཕ་མ་དང་བླ་མར་གྱུར་པ་ལ་སོགས་པ་ལ་ཚིག་ངན་པ་སྨྲ་བ་ནི་དག་གི་ཉེས་པར་སྤྱོད་པ་ལྕི་བའོ། །སྐྱེས་བུ་འགའ་ཞིག་དད་པས་དགེ་བ་ཉམས་སུ་ལེན་ཅིང་རྩོམ་པའི་གཏམ་གྱི་སྐབས་སུ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་ཚིག། འཇིག་རྟེན་ལས་འདས་པའི་བརྫུན་སྨྲ་བ ་ནི། དག་གི་ཉེས་པར་སྤྱོད་པའི་ལྕི་བའོ། །དགེ་བའི་བར་ཆད་བྱེད་པའི་ཚིག་འཁྱལ་བ་སྨྲ་བ་དང། ལྐོག་འཕྱས་བྱེད་པ་དང། མི་དགེ་བའི་ལས་ཀྱི་གཏམ་རྣམས་ནི་དག་གི་ཉེས་པར་སྤྱོད་པ་ཐ་མལ་བའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་སྟེ། དེ་ཉིད་ལས་སེམས་ཀྱི་ཉེས་པ་དང། ་སེམས་ལས?་བྱུང་བའི་ཉེས་པ་དང། མ་རིག་པའི་ཉེས་པའོ། །དེ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དེ་ཉིད་ལ་མ་ཆགས་པ་ཉིད་ནི། སེམས་ཀྱི་ཉེས་པར་སྤྱོད་པའོ། །དྲེགས་པ་དང། ང་རྒྱལ་དང། ཁྲོ་བ་དང། སེམས་ཅན་རྣམ་པར་འཇིག་པ་དང། འདོད་ཆགས་ཀྱི་སེམས་ཀྱིས ་གཞན་གྱི་བུད་མེད་ལ་ཆགས་པ་དང། གཞན་གྱི་སྲོག་འཕྲོག་པ་དང། བླ་མར་གྱུར་པ་ལ་སེམས་གྱ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་ལས་བྱུང་བའི་ཉེས་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་འདོར་ཞིང་བརྗོད་ངས་པ་དང། སོམ་ཉིར་གྱུར་པ་དང། ཡིད ་ཤིན་ཏུ་རྨོངས་པར་གྱུར་བ་ནི་མ་རིག་པའི་ཉེས་པར་སྤྱོད་པའོ། །ཞེས་གསུངས་སོ། །དེ་ལ་བསམ་པས་ལྕི་བ་ནི་ཐེག་པ་ཆེན་པོ་པ་སེམས་སྙིང་རྗེའི་དབང་དུ་གྱུར་པ། སེམས་ཅན་ཐམས་ཅད་མི་གཏོང་བར་རྗེས་སུ་འཛིན་པའི་ལྕི་བ་ནི། འདི་ལྟར་ཞེ་སྡང་ཁོ་ན་ཡིན་ཏེ། སློབ་དཔོན་ཞི་བ ་ལྷའི་ཞལ་སྔ་ནས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་གསུངས་སོ། །འདི་ཁོ་ན་ལྕི་བ་ཡིན་པའི་ཁུངས་མང་དུ་ཡོད་མོད་ཀྱི། རེ་ཞིག་བཞག ་གོ་།ཡང་བའི་ལས་ཀྱང་ཚུལ་འདི་ལས་ཤེས་པར་བྱའོ། །ཐེག་པ་གཉིས་པོ་འདི་དག་ཏུ། །ལྕི་དང་ཡང་བའི་ལས་རྣམས་བཤད། །འདོད་ཆགས་ཞེ་སྡང་གཏི་མུག་གིས། རྣམ་པ་གསུམ་དུ་འགྱུར་བའོ། །དེ་ལས་སྲོག་གཅོད་པ་འདོད་ཆགས་ལས་སྐྱེས་པ་ནི། འདི ་ལྟར་ལུས་ཀྱི་ཡན་ལག་གི་ཕྱིར་རམ། ནོར་གྱི་ཕྱིར་རམ། རྩེད་མོའི་ཕྱིར་རམ། བདག་དང་མཛའ་བོ་ཡོངས་སུ་བསྐྱབས་པའི་ཕྱིར་སྲོག་གཅོད་པའོ། །ཞེ་སྡང་ལས་བྱུང་བ་ནི་གསོད་པ་དང་འཁོན་གྱིས་བྱས་པའོ། །གཏི་མུག་ལས་བྱུང་བ་ནི་མཆོད་སྦྱིན་བྱེད་པ་དང། རྒྱལ་པོའི་ཆོས་འདོན་པ་ཚང་མར་བྱས ་ནས་ཆོས་ཀྱི་བློས་གསོད་བ་དང། མི་མི་འགྲུངས་པ་དག་ལ་ཆད་པས་བཅང་ནས་རྒྱལ་པོའི་བསོད་ནམས་ཀྱི་སྣོད་དུ་འོང་ཞེས་ཟེར་ནས་གསོད་པ་ལྟ་བུ་དང། བར་ཚིག་པ་དག་ཇི་སྐད་དུ། ཕ་དང་མ་རྒས་སམ། ནད་ཚབས་པ་ཆེས་ཐེབས་ན་བསད་དོ། །སྤྲུལ་དང། སྡིག་པ་དང་སྦྲང ་བུ་ཏྲཻ་མ་བུ་ཀ་ལ་སོགས་པ་ནི། མི་རྣམས་ལ་གནོད་པར་བྱེད་པས་བསད་དོ། །རི་དགས་དང་ཕྱུགས་དང་བྱ་དང་མ་ཧེ་ལ་སོགས་པ་ནི་ལོངས་སྤྱོད་པའི་ཕྱིར། བསད་དོ་ཞེས་ཟེར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་བྱུང་བ་ནི་གང་ཞིག་གང་དོན་དུ་གཉེར་བ་དེས ་འཕྲོགས་པ་འམ། གཞན་གྱི་རྙེད་པའོ། །བཀུར་སྟི་འམ། གྲགས་པའི་ཕྱིར་རམ་བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའི། །ཞེ་སྡང་ལས་སྐྱེས་པ་ནི་སྔར་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་རྒྱལ་པོའི་ཆོས་འདོན་པ་ཚད་མར ་བྱས་ནས་མི་བགྲུངས་པ་དག་ཆང་པས་བཅད་ནས་འཕྲོག་པ་ལྟ་བུ་དང། བྲམ་ཟེ་དག་ན་དེ་འདི་ཐམས་ཅད་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་བ་ལོན་བ་ལས། ད་ལྟར་བྲམ་ཟེ་རྣམས་ཉམས་པས་རིགས་གཞན་སྤྱོད་དུ་ཟད་མོད། དེ་བས་ན་བྲམ་ཟེ་འཕྲོག་པ་ནི་རྐུབ་མ་ཡིན་གྱི། བྲམ་ཟེ ་བདག་ཉིད་ཀྱི་ལེན་པར་བྱེད་པར་ཟད་པས་བདག་ཉིད་ཀྱིས་ཟ་བ་དང། བདག་ཉིད་ཀྱིས་འཐུང་པ་དང། བདག་ཉིད་ཀྱིས་གྱོན་པ་དང། བདག་ཉིད་ཀྱིས་སྦྱིན་པ་ཡིན་ནོ། །ཞེས་ཟེར་བ་ལྟ་བུའོ། །དེ་ལས་འདོད་པས་ལོག་པར་གཡེམ་པ་འདོད་ཆགས་ལས་བྱུང་བ་ནི། གཞན་གྱི་ཆུང ་མ་ལ་ཆགས་པ་འམ། རྙེད་པ་འམ། བཀུར་སྟིའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་བར་སིབ་པ་དག་ན་རེ། མ་ལ་སོགས་པ་ལ་ཉལ་བ་དང། བ་ལང་འབྲད ་གི་མཆོད་སྦྱིན་ལ་ཆོག་ཅན་གྱི་ཆུ་འཐུང་ངོ། །རྩ་བཅད་དོ། །མའི་གན་དུ་ཉལ་བོ་ལ་འགྲོའོ། །སྲིན་མོའི་གནད་དུ་དང། རུས་གཅིག་པའི་གན་དུ་འགྲོ་བར་བྱའོ་ཞེས་བྱ་བ་དང། བ་ལང་ལ་སོགས་པ་ལ་ཡང་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བས་ན་འདི་ལྟ་བུ་བྱུང ་བ་ན་ནི། རྒྱལ་པོ་བཞད་གད་ལྟ་བུ་བྱེད་པ་དང། བག་མ་ལེན་པའི་ཚེ་དང་གསོད་པ་དང། ནོར་ཀུན་འཕྲོག་ཚེ་བརྫུན་སྨྲས་གནོད་མེད་དེ། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། །ཅེས་ཟེར་བ་དང། གང་ཡང་ལོག་པར་ལྟ་བའི་བརྫུན་དུ་སྨྲ་བའོ། །མི་དགེ་བ་ལྷག་མ་དག ་ཀྱང་སྔ་མ་བཞིན་ནོ། །ཡིད་ཀྱི་གསུམ་ནི་འདོད་ཆགས་ལ་སོགས་པ་གསུམ་གྱི་མཇུག་ཏུ་སྐྱེས་པའོ། །སྲོག་གཅོད་པ་ནི་བསམས་བཞིན་དུ། །མ་ནོར་བར་ནི་གཞན་བསད་ནའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇེ་འབུས་བདག་གིར་བྱེད། །ལོག་གཡེམ་བགྲོད་མིན་བ ་ལ་འགྲོ། །འདུ་ཤེས་གཞན་བསྒྱུར་བརྫུན་ཚིག་དོན། །ཉོན་མོངས་སེམས་ཀྱིས་ཕ་རོལ་འབྱེད། །ཚིག་རྩུབ་པོ་ནི་མི་སྙན་པའོ། །ངག་འཁྱལ་ཀླུ་དང་ཟློས་གར་དང། །བསྟན་བཅོས་ངན་དང་འདུ་འཛིའི་གཏམ། །བརྣབ་སེམས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ ་སྡང་བའོ། །རྒྱུ་འབྲས་མེད་ཟེར་ལོག་ལྟའོ། །དེ་ལྟར་ཐེག་པ་ཆེན་པོའི་འདི་ལྟར་ཡིན་ཏེ། །དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེད་དུ་བསམ་ནས་སྲོག་གཅོད་པ་ལས་སླར ་ལོག་པ་བྱའོ། །དབྱུག་པ་སྤང་ཞིང་ཁོ་ན་དུ་འཛིན་པ་ཡང་སྤང་བར་བྱའོ། །དེས་བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་གཞན་གྱི་སྲོག་ཀྱང་ཡོངས་སུ་བསྲུང་བར་བྱའོ། །མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱི་ཡོངས་སུ་བཟུང་བའི་ལོངས་སྤྱོད་ལ་ཆགས་པ་བསྐྱེད ་པར་ཡང་མི་བྱ་ན། གཞན་གྱིས་ཡོངས་སུ་བཟུང་བའི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་ཅི་སྨོས། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པར་བྱ་སྟེ། དེས་གཞན་གྱི་སེམས་ཡོངས་སུ་བཟུང་བའི་ཆུང་མ་དང། རིགས་དང། མཚན་མ་དང། ཆོས་ཀྱིས་བསྲུངས་པ་རྣམས་ལ ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། ཡན་ལགས་མ་ཡིན་པར་སྤྱོད་པ་དང། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས། །བརྫུན་དུ་སྨྲ་བ་ལས་ལྡོག་པར་བྱ་སྟེ། དེའི་ཆེད་དུ་བསམས་ནས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་བསླུ་བར་འགྱུར་བའི་བརྫུན་གྱི་ཚིག་སྲོག་གི་ཕྱིར་ཡང ་སྨྲ་བར་མི་བྱའོ། །ཚིག་རྩུབ་པོ་ལས་ལྡོག་པར་བྱ་སྟེ། དེས་སེམས་ཅན་རྣམས་ལ་མཉེན་པ་དང། འཇམ་པ་དང། ཡིད་ལ་འབབ་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི ་།ཐོག་མར་འགྲོ་བ་ནི་ཚིག་སྙན་པ་ཡིན་པའི་ཕྱིར་རོ། །ཕྲ་མ་ལས་ལྡོག་པར་བྱ་སྟེ། དེས་ཅི་ནས་ཀྱང་དབྱེན་དུ་མི་འགྱུར་བའི་ཚིག་དང། གནོད་པར་མི་འགྱུར་བའི་ཚིག་དེ་ལྟར་བསྒྲུབ་པར་བྱའི། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་དབྱེ་བ་ལ་ཞུགས་པ་མ་ཡིན་ནོ།། ་ཚིག་འཁྱལ་པ་ལས་ལྡོག་པ་བྱ་སྟེ། དེས་ཡུལ་དང་དུས་དང་དོན་དང་ལྡན་པའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བ་དང། རན་པར་སྤྱོད་པའི་ཚིག་སྨྲ་བར་བྱའོ། །དེའི་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཚིག ་བཟང་པོ་དང་ལྡན་པའི་ཕྱིར་རོ། །བརྣབ་སེམས་ལས་ལྡོག་པར་བྱ་སྟེ། ངེས་གཞན་གྱི་ལོངས་སྤྱོད་དང། གཞན་གྱི་ནོར་ལ་ཆགས་པའི་སེམས་ཅན་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་མ་ཆགས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ ་བདག་སེམས་ཆགས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་གཅིག་ལ་ཉམས་པར་འགྱུར་རོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་ཨི་རབ་ཏུ་དགའ་བ་བསྐྱེད་པ་དེས་འདི་ལྟར་བསམ་པར་བྱ་སྟེ། གང་བདག་གིས་བྱ་དགོས་པ་དེ་དང་དེས་རང་འབྱོར་བར ་གྱུར་པ་དེ་ལེགས་སོ་སྙམ་ནས། སེམས་ཅན་དེ་དག་གི་ལོངས་སྤྱོད་དེ་དག་ཆུང་མི་ཟབ་ལ་ཡང་དང་ཡང་དུ་དགའ་བ་བསྐྱེད་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་གནོད་སེམས་ལས་ལྡོག་པར་བྱ་སྟེ། དེས་ཐམས་ཅད་ལ་བཟོད་པ་དང་ལྡན་པ་དང། བྱམས་པ ་དང། ཁོང་ཁྲོ་བ་མེད་ཅིང་སེམས་སྙོམས་པར་བྱའོ། །ངེས་མཛའ་བོ་ལ་ཇི་ལྟ་བ་བཞིན་དུ་དགྲལ་ཡང་དེ་བཞིན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡིད་ཀྱི་གནས་ངན་ལེན་དང་ལྡན་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་རང་བཞིན ་གྱི་བསམ་པ་ཡོངས་སུ་དག་པ་ཡིན་ནོ། །གསང་བའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གནོད་སེམས་དང་བྲལ་བར་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་འོག་པར་ལྟ་བ་ལས། བལྡོག་པར་བྱ་སྟེ། དེས་ཡང་དག་པའི་ལྟ་བ་དང། ་འཇིག་རྟེན་ཕ་རོལ་ལ་འཇིག་པར་ལྟ་བ་དང། གཡོ་མེད་པ་དང། གྱ་གྱུ་མེད་པ་དང། དྲང་བ་དང། སངས་རྒྱས་དང། ཆོས་དང། དགེ་འདུན་དག་ལ་བསམ་པ་ངེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཨི ་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དགེ་བའི་རྩ་བ་ཐམས་ཅད་གཅོད་པར་འགྱུར་རོ། །འདི་ནི་མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མོའོ། །གསང་བའི་བདག་པོ་དེ་ལྟ་བས་ན་ཐ་ན་བཞང་གང་ཙམ་དུ་ཡང་ལོག་པར་ལྟ་བ་བསྐྱེད་པར་མི་བྱེད་པའོ། །ཞེས་གསུངས་སོ། །ཡུལ ་དང་བསམ་པ་ཉོན་མོངས་དང། །དུས་དང་གྲངས་དང་ཡན་ལག་སོགས། །ཆུང་དང་བྲིང་དང་ཆེན་པོ་སྟེ། རྣམ་པ་གསུམ་དུ་ཤེས་པར་བྱ། །ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་ཡུལ་ལ་སོགས་པ་དེ་དག་གི་དབང་གིས་ཆུང་ངུ་དང། འབྲིང་པོ་དང། ཆེན་པོར ་འགྱུར་རོ། །དེ་ལ་ཡུལ་གྱིས་འགྱུར་བ་ནི་སྔར་ཇི་སྐད་བརྗོད་པའི་ཚུལ་དེ་ལས་ཤེས་པར་བྱའོ། །དེ་ལ་བསམ་པས་གསུམ་དུ་འགྱུར་བ་ནི་མི་ཤེས་པས་བྱས་པ་ནི་ཆུང་ངུའོ། །བག་མེད་པས་བྱས་པ་ནི་འབྲིང་པོ། །མ་གུས་པས་བྱས་པ་ནི་ཆེན་པོའོ། །དེ་ལ་ཉོན ་མོངས་པས་གསུམ་དུ་འགྱུར་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཆུང་ངུ། འབྲིང་དང་ཆེན་པོས་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱེད་པའོ། །དེ་ལ་དུས་ཀྱིས་འགྱུར་བ་ནི་སྦྱོར་བ་དང། དངོས་གཞི་དང། མཇུག་རྣམས་ལས་གཅིག་དེང་ལྡན ་པ་ནི་ཆུང་བའོ། །གཉིས་དང་ལྡན་པ་ནི་འབྲིང་པོའོ། །དེ་དག་གསུམ་ཀ་རྫོགས་པ་ནི་ཆེན་པོའོ། །དེ་ལ་ལས་ཀྱི་ལམ་བཅུ་པོ་དེ་དག་གྲངས་ཀྱིས་འགྱུར་བ་ནི་ལན་ཅིག་བྱས་པའི་ནི་ཆུང་བའོ། །ལན་གཉིས་བྱས་པ་ནི་འབྲིང་པོའོ། །ལན་གསུམ་ཕན་ཆད་བྱས་པ་ནི་ཆེན་པོའོ། །དེ་ལ ་ཡན་ལག་གིས་འགྱུར་བ་ནི་སྲོག་གཅོད་པ་ལ་སོགས་པ་དེ་དག་གི་ཡན་ལག་ཕལ་ཆེར་མ་ཚང་བ་ནི་ཆུང་བའོ། །ཕལ་ཆེར་ཚང་བ་ནི་འབྲིང་པོའོ། །ཐམས་ཅད་རྫོགས་ཤིང་ཚང་བ་ནི་ཆེན་པོའོ། །སོགས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་དེ་དག་ལས་གང་ཡང ་རུང་བ་ལན་ཅིག་བྱས་པ་ཙམ་ནི་ཆུང་བའོ། །དེ་ལ་འགྱོད་པ་མེད་པ་ནི་འབྲིང་པོའོ། །དེ་ལ་གཉེན་པོ་མི་བསྟེན་པ་ནི་ཆེན་པོའོ། །བསྔམ་པར་བྱ་བ་ནི་ཆུང་ངུའོ། །བཤགས་པར་བྱ་བ་ནི་འབྲིང་པོའོ། །ཕམ་པ་ནི་ཆེན་པོའོ། །རྩེད་མོ་དང། གཞན་གྱི་གཡམ་ལ་རྒྱུགས་ཀྱིས་བྱས ་བ་ནི་ཆུང་ངུའོ། །རང་ཉིད་ལ་ཉོན་མོངས་པ་དང་ཉེས་པ་མེད་ཀྱང་གཞན་དབྱ་ཞིང་གཞན་གྱི་སྡིག་པ་བྱེད་པའི་རྐྱེན་བྱེད་བ་ནི་འབྲིང་པོའོ། །རང་ཉིད་ལ་ཉེས་པ་ཡོད་ཅིང་གཞན་གྱིས་དཔྱས་པས་ནི་ཆེན་པོའོ། །གཞན་ཡང་སྡིག་པའི་གྲོགས་པོ་དང་མི་དགེ ་བའི་བཤེས་གཉེན་གྱི་དབང་གིས་རང་དབང་མེད་པར་བྱས་པ་ནི་ཆུང་བའོ། །གྲགས་པ་དང་སྙན་པའི་ཕྱིར་བྱས་པ་ནི་འབྲིང་པོའོ། །རྣམ་པར་སྨིན་པ་ལ་མི་འཇིགས་པ་ནི་ཆེན་པོའོ། །གཞན་ཡང་ལས་ཀྱི་ལམ་བཅུ་པོ་འདི་དག་གི་དོན་རྒྱས་པར་ནི། །འཕགས་པ་དྲན་པ་ཉེ་བར་གཞག་པ་ལ ་སོགས་པའི་མདོ་སྡེ་དང། སློབ་དཔོན་བྲམ་ཟེ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་དང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པ། གཡོག་ཙཨཱརྱའི་ས་ཆེན་པོར་བལྟའོ། །གཞན་ཡང། བསམ་བཞིན་པ་དང་རྫོགས་པ་དང། །མི་འགྱོད ་གཉེན་པོ་མེད་པ་དང། །འཁོར་དང་རྣམ་པར་སྨིན་པར་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན་ཡང། །འཁོར་བར་ལས་ནི་ལྕི་གང་དང། །ཉེ་བ་གང་དང་གོམས་པ་གང། །སྔོན་བྱས་དེ་དག་གང་ཡིན་ལས། །སྔ་མ་སྔ་མ་རྣམ་མིན་འགྱུར། །ཡང། ཤིན་ཏུ་ཡིད་ལ་གཅགས ་པ་དང། །ལས་དེ་གསར་དུ་བྱས་པ་དང། །ཡང་དང་ཡང་དུ་བྱས་པ་གོམས། །དེ་ལས་གང་རུང་སྔར་མྱོང་འགྱུར། །མཐོང་བའི་ཆོས་ལ་མྱོང་འགྱུར་དང། །སྐྱེས་ནས་མྱོང་བར་འགྱུར་བ་དང། །ལན་གྲངས་གཞན་དུ་མྱོང་འགྱུར་དང། །མྱོང་བར་འགྱུར་པར་མ་ངེས་པའོ། །ལས་ནི་དཀར་དང ་གནག་པ་དང། །འདྲེན་མའི་ལས་དང་རྣམ་པ་གསུམ། །མདོ་དང་བསྟན་བཅོས་དག་ན་གསལ། །དེ་བས་ན་ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུང་མི་ཟ་བར་ངེས་བསགས་ནས། །སྨིན་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྟོན་པར་བྱེད། །ཅེས་བྱ་སྟེ། དེ་ལྟ་བུ་ལ ་ཡང་ངེས་པར་ཡིད་ཆེས་པར་བྱའོ། །འགྲོ་རྒྱུད་ལྔ་ཡི་སེམས་ཅན་ཐམས་ཅད་དག་།ཛམ་གླིང་འདིར་སྐྱེས་དགེ་བ་བཅུ་སྤྱད་དོ། །མཐར་གྱིས་བླ་མ་བཟང་པོ་བསྟེན་བྱས་ཏེ། །ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་གྱུར་ཅིག་།ལས་རྣམ་པར་འབྱེད་པ་ཞེས་བྱ་བ། །སློབ་དཔོན་མཁས ་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །། *། །རྒྱ་གར་སྐད་དུ། ས་མཱ་དཱི་ས་བྷཱ་ར་བ་རི་བརྟ། ་