| Wylie | e-texts based on the ACIP/ALL Input |
དང་ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། །ད་ཤཱ་ཀུ་ཤ་ལ་ཀརྨ་པཱ་ད་དེ་ཤ། བོད་སྐད་དུ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་བདེ་འགྲོ་ཐོབ ་པར་འདོད་པས་སྤང་བར་བྱ་བ་མི་དགེ་བ་བཅུའི་ལས་ཀྱི་ལམ་རང་བཞིན་གྱིས་ཁ་ནམ་ཐོ་བ་དང་བཅས་པ་འདི་ལྟ་སྟེ། ལུས་ཀྱི་ལས་ནི་རྣམ་གསུམ་དང། ངག་གི་རྣམ་པ་བཞི་ངག་དང། ཡིད་ཀྱི་རྣམ་པ་གསུམ་པོ་དང། །འདི་བཅུ་མི་དགེ་བ་རུ་གསུངས། །འདི་རྣམས་རབ་ཏུ་ཕྱི་ནས ་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་ལུས་ཀྱི་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་སྤྱོད་པའོ། །ངག་གི་ནི་བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ངག་རྩུབ་པོ་དང། ཚིག་ཁྱལ་བའོ། །ཡིད་ཀྱི་ནི་བརྣབ་སེམས་དང། གནོད་སེམས་དང། ལོག་པར་བལྟ་བའོ།། ་དེ་ལ་སྲོག་གཅོད་པ་ནི་སྲོག་ཆགས་སུ་གྱུར་པ་དང། སྲོག་ཆགས་སུ་འདུ་ཤེས་པར་གྱུར་པ་དང་གསོད་པའི་སེམས་ཉེ་བར་གནས་པར་གྱུར་པ་དང། དེའི་ཐབས་ཀྱང་བྱེད་པ་དང། སྲོག་འགགས་པར་གྱུར་བ་སྟེ། ཡན་ལག་ལྔ་པོ་དེ་དག་དང་ལྡན་ན་སྲོག་གཅོད་པ་ཡིན་ནོ། །དེ་ལ་མ་བྱིན ་བར་ལེན་པ་གང་ཞེ་ན། གཞན་གྱི་གྱུར་པ་དང། ཕ་རོལ་གྱིས་ཡོངས་སུ་བཟུང་བར་ཡང་འདུ་ཤེས་པ་དང། བརྐུ་བའི་སེམས་ཀྱང་ཉེ་བར་གནས་བར་གྱུར་པ་དང། དེའི་ཐབས་ཀྱང་བྱེད་པ་དང། གནས་ནས་བསྐྱོད་པ་སྟེ། ཡན་ལག་ལྔ་པོ་དེ་དག་དང་ལྡན་ན་མ་བྱིན་བར་ལེན་པར་འགྱུར་རོ། །འདོད ་པས་ལོག་པར་གཡེམ་པ་ནི་རྣམ་པ་བཞི་སྟེ། ཡུལ་མ་ཡིན་པ་དང། དུས་མ་ཡིན་པ་དང། ཡན་ལག་མ་ཡིན་པ་དང། འགྲོ་བར་བྱ་བ་མ་ཡིན་པའོ། །དེ་ལ་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་དམ་པའི་ཆོས་དང། སྐུ་གཟུགས་ལ་སོགས་པ་དང། བྱང་ཆུབ་སེམས་དཔའ་ཨི་གནས་དང། ་སློབ་དཔོན་དང། མཁན་པོ་དང། སྦྱིན་གནས་དང། ཕ་མ་ལ་སོགས་པ་དང། བླ་མ་དང་ཉེ་བར་གྱུར་པའོ། །དུས་མ་ཡིན་པ་ཞེས་བྱ་བ་ནི་ཉིན་བར་དང། ཟླ་མཆན་དང་ལྡན་པ་དང། སྦྲུམ་མ་དང། བུ་ཆུང་འཚོ་བ་དང། མི་འདོད་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བས་ཉེ་བར ་གདུངས་པ་དང། བསྙེན་གནས་ཡན་ལག་བརྒྱད་ལ་གནས་པའོ། །ཡན་ལག་མ་ཡིན་པ་ཞེས་བྱ་བ་ནི་ཁ་དང། བཤད་བའི་ལམ་དང། ཁྱེའུ་དང་བུ་མོའི་མདུན་དང་རྒྱབ་ཀྱི་བུག་པ་དང་རང་གི་ལག་པའོ་འགྲོ་བར་བྱ་བ་མ་ཡིན་པ་ནི་གཞན་གྱི་བུད་མེད་ཐམས་ཅད་དང། ཆོས་ཀྱི ་རྒྱལ་མཚན་དང་རིགས་ཀྱིས་བསྲུངས་པ་དང། རྒྱལ་པོའི་བསྲུངས་པ་དང། གཞན་གྱིས་བླངས་པའི་སྨད་འཚོང་མ་དང། གཉེན་འབྲེལ་ཅན་དང། བྱོལ་སོང་ངོ། །དེ་ལྟ་བུ་རང་གི་ཆུང་མ་ལའང་བསྟེན་ནས་འདོད་པས་ལོག་པར་གཡེམ་པར་འགྱུར་རོ། །དེ་ལ་བརྫུན་དུ་སྨྲ་བ་ཞེས ་བྱ་བ་ནི་དངོས་པོར་ཡང་མ་གྱུར་པ་དང། དངས་པོའི་གནས་སྐབས་ལས་ཉམས་པར་གྱུར་པ་དང། ལོག་པར་འདུ་ཤེས་པར་གྱུར་པ་དང། ལོག་པའི་ཐབས་ཀྱང་ཉེ་བར་གནས་པར་གྱུར་པ་དང། དེའི་ཐབས་ཀྱང་བྱེད་པ་དང། བརྫུན་གྱི་ཚིག་ཀྱང་སྨྲས་པ་སྟེ། ཡན་ལག་ལྔ་པོ་དེ ་དག་དང་ལྡན་ན་བརྫུན་དུ་སྨྲ་བར་འགྱུར་རོ། །ཕྲ་མ་ཞེས་བྱ་བ་ནི་ཉོན་མོངས་པའི་སེམས་ཀྱིས་གཞན་འབྱེད་པའི་ཚིག་གོ་།ཚིག་རྩུབ་པ་ཞེས་བྱ་བ་ནི་ཕ་རོལ་གྱི་གནད་ལ་འཕོག་པའི་སྡང་ཚིག་གོ་།ཚིག་ཁྱེལ་བ་ཞེས་བྱ་བ་ནི་འདོད་པ་དང་ཉེ་བར་ལྡན་པས་སམ། ཆགས ་པ་དང་ཉེ་བར་ལྡན་པས་སྨྲ་བར་བྱ་བ་མ་ཡིན་པ་སྨྲ་བའོ། །བརྣབ་སེམས་ཞེས་བྱ་བ་ནི་ཕ་རོལ་གྱི་རྫས་དང། དབང་ཕྱུག་དང། ལོངས་སྤྱོད་རྣམས་ལ་ཆགས་པའི་སེམས་མི་བཟད་པའོ། །གནོད་སེམས་ཞེས་བྱ་བ་ནི་སེམས་ཅན་ལ་རྣམ་པར་སྡང?་བ་དང། སེམས་ཅན་འདི་དག་པས་ངོ།། ་བཅིང་ངོ། །བརྡེག་གོ་།བརྟག་གོ་ཞེས་སེམས་པའོ། །ལོག་པར་ལྟ་བ་ཞེས་བྱ་བ་ནི། སྦྱིན་པ་མེད། སྦྱིན་སྲེག་མེད། འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད། དགེ་སྦྱོང་མེད། བྲམ་ཟེ་མེད། ལྷ་མེད། སངས་རྒྱས་བཅོམ་ལྡན་འདས་མེད། དགྲ་བཅོམ་པ་མེད། རང་སངས ་རྒྱས་མེད། ལེགས་པར་སྤྱད་པ་མེད། ཉེས་པར་སྤྱད་པ་མེད། ལེགས་པར་བྱས་པ་དང། ཉེས་བར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ ་བ་དང། ཐེག་པ་ཆེན་པོའི་མདོ་ལས་འབྱུང་བ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་དམྱལ་བ་ཆེན་པོའི་རྒྱུ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བརྟེན་པས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། སློབ་དཔོན་ཆེན་པོ ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་ཞུས་ཆེན་གི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཀརྨ་བི་བྷཾ་ག་ནཱ་མ། བོད་སྐད་དུ། ་