| Wylie | e-texts based on the ACIP/ALL Input |
རྟོགས་པ་སྤྱད་པ་དང། །ཐབས་ལ་སློབ་པ་གཙོ་བོར་བྱ། །མཉམ་པར་བཞག་པའི་དུས་དག་ཏུ། །ཞི་གནས་ལྷག་མཐོང་ཆ་མཉམ་ཞིང། །དེ་རྒྱུན་རྟག་ཏུ་གོམས་པར་བྱ། །དེ་ལྟར་ཚུལ་བཞིན་བསླབས་པའི་མཐུས། །དྲོད་སོགས་རྣམ་པ་བཞི་ཐོབ་ནས། །ས་བཅུའི་ཡེ ་ཤེས་རིམ་གྱིས་སྐྱེས། །དེ་ཡིས་མྱུར་དུ་དེ་འཚང་རྒྱ། །ནོར་བུ་བཞིན་དུ་གཞན་གྱི་དོན། །ལྷུན་གྱིས་འགྲུབ་པར་དེ་བྱེད་འགྱུར། །ཤིན་ཏུ་བསྡུས་ན་གོ་ནི་འགྱུར། །ཤིན་ཏུ་སྤྲོས་ན་གཞུང་མངས་འགྱུར། །བློ་དང་ལྡན་པས་ལེགས་སྤྱད་ན། །གོ་བའི་ཆེད་དུ་བདག་གིས་གདམས། །བདག ་གི་བླ་མ་ཡོན་ཏན་མང་མངའ་རྒྱ་མཚོ་ཆེ་དང་མཚུངས། །འཇིག་རྟེན་ཆོས་ལ་མི་གཟིགས་ཉིད་གཞན་དོན་ཕྱིར་སྒྲུབ་པ་སྙིང་པོར་མཛད། །འཇིག་རྟེན་མ་རིག་གིས་ལོང་ཤེས་རབ་མིག་འབྱེད་མཐུ་མངའ་དུ་མ་ཡིས། །གདགས་པའི་དོན་དང་གཙུག་ལག་བསྟན་བཅོས་ལས ་བཤད་བསླབ་དགོས་ཞེས། །གཞན་ལ་ཕན་པ་འབྱུང་སྲིད་བསམ་པས་ཡི་གེར་གནས་པར་བྱས། །རང་དང་ཤེས་རབ་ནོར་ལྡན་སྒྲུབ་པ་སྙིང་པོར་བྱེད་འདོད་གང། །ཐེག་པ་ཆེན་པོའི་ལམ་གྱི་སྒྲུབས་ཐབས་ཡང་དག་ཡི་གེར་བསྡུས་འདི་ལ། །གལ་ཏེ་མོས་པ་ཡོད་སྲིད་འདི ་བཞིན་བྱས་ན་རང་གཞན་དོན་དུ་འགྱུར། །ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས ་བསྒྱུར་ཅིག་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་སཾ་གྲེ་ཧ། བོད་སྐད་དུ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདས་པ་དང ་ད་ལྟར་བདེ་གཤེགས་ཀུན། །སྐྱེད་པའི་ཡབ་དང་ཡུམ་གྱུར་པ། །སྒྲུབ་པའི་ཆོས་ལ་རབ་གུས་ཤིང། །ངག་ཡིད་དང་པས་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་ཆེ་བ་མངའ་། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །བྱང་ཆུབ་སྒྲུབ་ལ་རག་ལས་པས། །སྒྲུབ་པ་ལྷུར་བླངས་སྙིང་པོར་བྱ།། ་དེ་ཡིས་གསུམ་ལ་སྐྱབས་འགྲོ་ཞིང། །མི་དགེ་ཀུན་ལས་ལྡོག་པ་ཡིས། །ལྷག་པའི་ཚུལ་ཁྲིམས་དག་པར་བསྲུངས། །བྱང་ཆུབ་སེམས་ཀྱི་བཞོན་པ་ལ། །བརྟན་ནས་འཆི་བ་རྗེས་དྲན་གྱི། །ལྕག་ནི་ཡང་དང་ཡང་གདབ་ཅིང། །སྲིད་ལམ་འཇིགས་པ་ཆེ་ས་ཡི། །ལམ་འདི་མྱུར་དུ་འདས ་བྱས་ལ། །འཇིགས་མེད་སངས་རྒྱས་སར་ཕྱིན་བྱ། །སྨོན་པའི་གཞི་ལ་གནས་པ་ཡིས། །སེམས་དཔའ་ཨི་སྡོམ་པ་རབ་གཟུང་ཞིང། །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །སེམས་དཔའ་ཨི་སྤྱོད་པ་ཚུལ་བཞིན་སྤྱད། །དེ་བསྡུས་ཐབས་དང་ཤེས་རབ་ལ། །མི་གནས་མྱ་ངན་འདས་ཕྱིར་བསླབ།། ་དེ་ཡིས་སྙིང་པོ་རྣམ་པ་གཉིས། །མེ་དོན་གཉེར་པར་གཙུབ་ཤིང་ལྟར། །ཆགས་པའི་རླན་དང་བྲལ་བ་ཡིས། །རྟག་ཏུ་རྒྱུན་ལྡན་གུས་པར་བསྒོམ། །དེ་ཡིས་མྱུར་དུ་དེ་འཚང་རྒྱ། །ནོར་བུ་བཞིན་དུ་གཞན་གྱི་དོན། །ལྷུན་གྱིས་གྲུབ་པར་དེ་བྱེད་འགྱུར། །ཐེག་ཆེན་སྒྲུབ་ཐབས་བསྡུས་འདི་ལ། །སྐལ ་ལྡན་རྣམས་ཀྱི་ལེགས་པར་བསླབ། །སྙིང་ལ་བདུད་རྩིའི་ཐིགས་པ་ཆགས། །བློ་མ་སྦྱངས་པས་བློས་རིག་དཀའ་། །འདི་བསྡུས་དགེ་བས་འགྲོ་བ་ཀུན། །ཐེག་ཆེན་སྒྲུབ་པ་ལྷུར་ལེན་ཤོག་།བདག་ཀྱང་སངས་རྒྱས་ས་ཐོབ་ནས། །འགྲོ་བའི་འདྲན་པ་བྱེད་པར་ཤོག་།ཐེག་པ་ཆེན་པོ་ལམ་གྱི ་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎདྲི་ཏ་དེ་ཉིད་དང། ལོ་ཚཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རང་གི་བྱ་བའི་རིམ ་པ་བསྐུལ་བ་དང་བཅས་པ་ཡི་གེ་འབྲིས་པ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཁོར་བ་ཐོག་མ་མེད་པ་ནས། །ཉོན་མོངས་བག་ཆགས་ཚད་མེད་པས། །ཡུལ་ངན་རྐྱེན་དང་ཕྲད་པ་ལས། །ཉོན་མོངས་སྡུག་བསྔལ་སྐྱེ་བའི་ཚེ། །རང་གི་དྲན་པའི ་ཕྱིར་དུ་འདི། །བྱས་པས་དེ་ཚེ་དྲན་པར་ཤོག་།ནང་གི་སེམས་ནི་དུལ་གྱུར་ན། །ཕྱི་ཡི་དགྲ་འདིས་གནོད་མི་ནུས། །རང་གི་ནང་སེམས་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ནས། །ནང་གི་དགྲ་འདིས་རང་རྒྱུད་སྲེག་།དེས་ན་ནང་གི་དགྲ་འདི་གཞོམ། །དུག་ཅན་སྣོད་ཀྱིས་ཟས་བརླག་གཞིན།། ་