CLOSE WINDOW

N4180: skyabs su 'gro ba bstan pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ས་ར་ཎ་གཙྪཱ་དེ་ཤ་།བོད་སྐད་དུ། སྐྱབས་སུ་འགྲོ་བ་བསྟན་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ངན་སོང་གསུམ་དང་འགྲོ་བ་ལྔའི། །སྡུག་བསྔལ་མ་ལུས་སེལ་མཛད་ཅིང། །མཐོ་རིས་བྱ་ངན་འདས་པ་ཡི། །བདེ་བ་སྩོལ་མཛད་དེ་ལ་འདུད ་འདིར་སྐྱབས་སུ་འགྲོ་བ་བཤད་པར་བྱ་སྟེ། །སྡོམ་ལ་རྟེན་དང་གནས་དང་བསེམ་པ་དང། །དུས་དང་རང་བཞིན་ཆད་དང་ནི། །ཚུལ་དང་བསླབ་པ་དེས་པའི་ཚིག་།ལས་དང་དཔེ་དང་དབྱེ་བ་དང། །ཉེས་དམིགས་དགོས་པ་ཕན་ཡོན་ཏེ། །རྣམ་པ་བཅོ་ལྔ་དག་ཏུ་བརྗོད། །དེ་ལ་རྟན་གྱི ་གང་ཟག་ནི་གཉིས་ཏེ། །ཐེག་པ་ཆེན་པོའི་རིགས་ཅན་དང། །ཐེག་པ་ཆུང་ངུའི་རིགས་ཅན་ནོ། །གནས་ནི་རྣམ་པ་གཉིས་ཏེ། ཐེག་པ་ཆེ་ཆུང་གི་བྱེ་བྲག་གིས་སོ། །དེ་ལ་ཐེག་པ་ཆེན་པོ་པའི་གཞུང་གིས་དཀོན་མཆོག་གསུམ་འདི་ལྟ་བུ་ཡིན་ཏེ། །དེ་ཁོ་ན་ཉིད་ཀྱི་དཀོན་མཆོག ་གསུམ་དང། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང། །མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་མོ། །དེ་ཡང་འདི་ལྟར་ཤེས་བྱ་ཕྱིན་ཅི་ལོག་པར་མཁྱེན་བ། རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ལ་གནས་པ་དང། ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དང། མཉམ་པར་བཞག་པའི་དུས་སུ་ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་ལྟ་བུར་ཤེས་པའི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་དང། ཡང་འདི་ལྟར་གཟུགས་ཀྱི་སྐུ་རྣམས་པ་གཉིས་དང། ་བདན་པ་བཞི་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། ས་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྒྱུད་ལ་གནས་པ་དང། སྦྱོར་བའི་ལམ་པའི་བྱང་ཆུབ་སེམས་དཔའ་དང་ཡང་འདི་ལྟར་རི་མོ་བྲིས་པ་དང། འབུར་དུ་གཏོང་པ་དང། ལུགས་མ་དང། ལྡེར་སོ་ལ་སོགས ་པ་དང། གསུང་རབ་ཡན་ལག་དགུའི་པོ་ཏི་དང། གླེགས་བམ་ལ་སོགས་པ་དང། ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའ་ཨོ། །ཐེག་པ་ཆུང་ངུའི་གཞུང་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང། དམྱ་ངན ་འདས་ལ་སྐྱབས་སུ་འགྲོ། ཞེས་བྱ་བ་ཡིན་ནོ། །དེ་ལ་བསམ་པ་ནི་ཐེག་པ་ཆེན་པོ་པའི་ནི། །སེམས་ཅན་མ་ལུས་པའི་དོན་དུ་སེམས་པའོ། །གཅིག་ནི་བདག་འབའ་ཞིག་གི་དོན་དུ་སེམས་པའོ། །དེ་ལ་དུས་ནི་ཐེག་པ་ཆེན་པོ་པའི་ནི་བྱང་ཆུབ་ཀྱི་སྙིང་པོའི་བར ་དུའོ། །གཅིག་ནི་ཇི་སྲིད་འཚོའི་བར་དུ་དམ་འཆའ་པའོ། །དེ་ལ་རང་བཞིན་ནི་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་དང་ལྡན་པ་དང། རྣམ་པར་རིག་བྱེད་མ་ཡིན་པ་སྐྱེས་པའོ། །དེ་ལ་ཚད་ནི་ལས་བླངས་པ་དང། སྐྱབས་བྱེད་པ་དང། རྣམ་པར་རིག་བྱེད་སྐྱེས་པའོ། །དེ་ལ་ཚུལ་ནི་སྐྱབས་སུ་འགྲོ་བའི ་ཚིག་ཡིན་ཏེ། དེ་ནི་བླ་མ་ལ་ཞུ་བར་བྱའོ། །དེ་ལ་བསླབ་པ་ནི་ཐུན་མོང་དང། ཐུན་མོང་མ་ཡིན་པ་སྟེ། བླ་མའི་ཞལ་སྔ་ནས་ཤེས་པར་འགྱུར་རོ། །དེ་ལ་ངེས་པའི་ཚིག་ནི་འབངས་ཡིན་པ་འམ། དེ་ལས་གཞན་པའི་ཇོ་བོ་མི་ཚོལ་བས་སྐྱབས་སུ་སོང་བའོ། །དེ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་ཀྱི ་ལྗོན་ཤིང་སྐྱེ་བའི་རྩ་བར་གྱུར་པ་དང། ཐར་པའི་གྲོང་ཁྱེར་ཆེན་པོའི་སྒོར་གྱུར་པ་དང། བསྙེན་གནས་ལ་སོགས་པའི་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །དེ་ལ་དཔེ་ནི་རྒྱལ་པོ་འམ། བློན་པོའི་འབངས་དག་དེ་ཡི་བཀའ་ལས་མི་འདའ་ཞིང་ཅི་ནས་ཀྱང་དེ་མགུ་བར་བྱེད་པ་བཞིན་ནོ།། ་དེ་ལ་དབྱེ་བ་ནི་ཐུན་མོང་བ་དང། ཐུན་མོང་མ་ཡིན་པའི་བྱེ་བྲག་གོ་།དེ་ལ་ཉེས་དམིགས་ནི་གཉིས་ཏེ། སྐྱབས་ཉམས་པ་འམ། །མི་ཤེས་པའོ། །སྤངས་པ་འམ། ཉམས་བ་ནི་ཇི་སྐད་དུ། ཟླ་གྲགས་ཀྱི་ཞལ་སྔ་ནས། རྟེན་གྱིས་དམ་པ་བླངས་ནས་ནི། །སླར་ཡང་སྨན་ལ་བསྟེན་གྱུར་ན། ཉམས ་བཅས་ཕྱོགས་ལ་གནས་པས་ན། །དེ་ནི་དམ་པའི་བཞད་གོང་འགྱུར། ཞེས་གསུངས་ཏེ་མཚོན་པ་ཙམ་མོ། །དེ་ལ་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འཇིགས་པས་སྐྱག་པའི་མི་རྣམས་ནི། །ཕལ་ཆེད་རི་དང་ནགས་ཚལ་དང། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང ་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང། གང་ཚེ་གང་ཞིག་སངས་རྒྱས་དང། །ཆོས་དང་དགེ་འདུན་སྐྱབས་སོང་ནས། །སྡུག་བསྔལ ་སྡུག་བསྔལ་ཀུན་འབྱུང་དང། །སྡུག་བསྔལ་ཡང་དག་འདས་པ་དང། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང། །འཕགས་པའི་བདེན་པ་བཞི་པོ་དག་།ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས ་དེ་ཡ་ནི་བརྟེན་ནས་ཀྱང། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཞེས་གསུངས་སོ། །སྐྱབས་སུ་འགྲོ་བའི་དགོས་པ་ནི་དེ་ལྟ་བུའོ། །དེ་ལ་ཕན་ཡོན་ནི་གསུམ་སྟེ་རྒྱུའི་དུས་ཀྱི་ཕན་ཡོན་དང། ལམ་གྱི་དུས་ཀྱི་ཕན་ཡོན་དང། འབྲས་བུའི་དུས་ཀྱི་ཕན་ཡོན་ནོ། །རྒྱུའི་དུས་ཀྱི་ལ་ཚེ་འདིའི་དང། ་ཚེ་རབས་གཞན་གྱིའོ། །ཚེ་འདིའི་ཕན་ཡོན་ནི་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བའི་བྱེད་པ་དང། བར་ཆད་མེད་པ་དང། བསྟན་པ་ལ་དགའ་བའི་ལྷ་དག་སྟོང་གྲོགས་བྱེད་པ་དང་འཆི་པའི་དུས་སུ་ཡིད་དགའ་བ་ལ་སོགས་པའོ། །ཚེ་རབས་གཞན་གྱི་ནི་འཁོར་པའི་སྡུག་བསྔལ་དང། ་ངན་སོང་གི་སྡུག་བསྔལ་ལས་འདྲེན་པའི་མཛད་པ་དང། མྱ་ངན་ལས་འདས་པ་དང། མཐོ་རིས་ཀྱི་བདེ་བ་སྩོལ་བའོ། །ལམ་གྱི་ཕན་ཡོན་བདེན་པ་བཞི་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ལ་སྦྱོར་བར་མཛད་བའོ།། ་འབྲས་བུའི་ཕན་ཡོན་ནི་མྱ་ངན་ལས་འདས་པ་གཉིས་དང། སྐུ་གསུམ་ཐོབ་པར་བྱེད་པའོ། །འདི་དག་ནི་མདོར་བསྡུས་པ་ཡིན་ལ། རྒྱས་པར་གཞུང་དང་བླ་མ་ལས་ཤེས་པར་བྱའོ། །སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། བླ་མ་བྱང་ཆུབ་སེམས་དཔའ་དཱི་བཾ་ཀ་ཤྲཱི་ཛྙཱ་ནས ་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་ཝརྞ་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསམ་རྒྱས་མི ་