| Wylie | e-texts based on the ACIP/ALL Input |
ནས་བསྟན་པ་ཡིན། །རྒྱས་པར་ཀླུ་སྒྲུབ་གདམས་ངག་དང། །ཐེག་ཆེན་མདོ་སྡེ་བལྟ་བར་གྱིས། །ཅིག་ཅར་འཇུག་པའི་མན་ངག་།པཎྜི་ཏ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པནཌི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །། *། །རྒྱ་གར་སྐད ་དུ། བོ་དྷི་སཏྭ་ཀརྨཱ་དི་མནཱ་བ་ཏཱ་ར་དེ་ཤ་ན། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་འཁོར་བ་འཇོམས་པ་དང། །མངོན་མཐོ་ངེས་འབྱུང་སྩོལ་མཛད་པ། །ཕྱོགས་བཅུའི་དཀོན་མཆོག ་ཐམས་ཅད་དང། །དཔལ་ལྡན་བླ་མའི་ཞབས་ཕྱག་འཚལ། །འདི་ན་གང་དག་རང་བཞིན་གྱིས་སྙིང་རྗེ་དང་ཤེས་རབ་ཆེ་བ་ཐེག་པ་ཆེན་པོའི་རིགས་ཅན་དང། ཡང་གང་དག་སྐྱེ་བ་སྔ་མ་དག་ཏུ་ཐེག་པ་ཆེན་པོ་ལ་གོམས་པར་བྱས་པའི་སྐྱེས་བུ་འཁོར་བ་ལ་ཡིད་ལེགས་བར་བྱུང་བ། ་འཆི་བ་རྗེས་སུ་དྲན་པ། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཞེན་པ་ཆུང་བ། དགེ་བའི་བཤེས་གཉེན་དམ་པ་ཞིག་ལ་ཐེག་པ་ཆེན་པོའི་ལམ་ཕྱིན་ཅི་མ་ལོག་པ་ཞིག་ཐོས་པར་གྱུར་ན་ཅི་མ་རུང། བདག་གིས་དམ་པ་ཞིག་བཙལ་བར་བྱའོ་སྙམ་དུ་སེམས་པ་དེས། དགེ་བའི་བཤེས ་གཉེན་དུ་རུང་བའི་བླ་མ་བཙལ་ཏེ། །གཞན་དུ་བསྟན་པ་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དང། འགྲོ་བ་མཛའ་ཡས་ཡུལ་དུ་བྱས་ཏེ། བསམ་པ་བཟང་པོ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་ཐུན་མོང་མ་ཡིན་པ་བསྐྱེད་པ་དང། ལྷག་པའི ་བསམ་པ་བཟང་པོ་དང་ལྡན་པས་གཡོ་སྒྱུ་དང་བྲལ་བའི་འཇུག་པ་བྱང་ཆུབ་ཀྱི་སེམས་ཆེན་པོའི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལེགས་པར་བླང་པར་བྱའོ། །དེ་ནས་ཁྱི་དང་གདོལ་བ་དང་བྲན་གྱི་འདུ་ཤེས་དང་ལྡན་པ། གཡོ་སྒྱུ་དང་བྲལ་བའི་བྱང ་ཆུབ་སེམས་དཔའ་དེ་ཚོགས་ཀྱི་ལམ་མ་ཡིན་པས་ཉིན་དང་མཚན་དུ་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་དོན་མེད་པར་མི་འགྱུར་རོ། །འདི་ལྟར་སེམས་དེས་ཟས་ཀྱི་ཆོད་རིག་བར་བྱ་བ་དང། དབང་པོའི་སྒོ?་རྣམས་བསྔམ་པ་དང། ཁ་ན་མ་ཐོབ་ཕྲ་རབ་ཙམ ་ལ་ཡང་འཇིགས་པར་ལྟ་བུ་དང། ཉིན་དང་མཚན་དུ་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་གཞན་གྱི་ངན་དུ་འགྱུར་བར་འདོད་པ་ངེས་ཐོ་རངས་ཀྱི་ཐུན་ལས་ལངས་ཏེ། བཤད་བ་དང་གཅིབ་དང་བ་ལ་སོགས་པའི་སྤྱོད་ལམ་ལེགས་པར་བྱས་ནས ་ཡུལ་དབུས་དང་ཡུལ་མཛའ་ཁོབ་ཀྱི་བྱེ་བྲག་གིས་ཁྲུས་བྱས་ལ། །འགྲོ་བ་མཛའ་དག་ལ་དམིགས་ཏེ། །ཚང་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དཀོན་མཆོག་གསུམ་གྱི་གཟུགས་བརྙན་གྱི་སྤྱན་སྔར་བྱུག་རིས་ལེགས་པར་བྱས་ཏེ་མེ་ཏོག་དྲི་ཞིམ་པོ་སིལ་མ་ལེགས་པར་གཏོར་ནས། ་དེ་དག་གི་སྤྱན་སྔར་པུས་མོ་གཉིས་སལ་གཙུགས་ནས་ཐལ་མོ་སྦྱར་ཏེ། ཕྱོག་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས་ཅད་དང་ཆོས་ཐམས་ཅད་དང། ཐེག་པ་ཆེན་པོའི་དགེ་འདུན་གྱི་སྤྱན་སྔར་ལུས་ཀྱི་བཀོད་པ་གྲངས་མེད་ཅིང་བརྗོད་དུ་མེད་པར་སྤྲུལ་ཏེ། དེ་དག་རེ་རེའི་ཞབས་ལ ་ལེགས་པར་ཕྱག་བྱའོ། །དེ་དག་ལ་ཟང་ཟིང་གི་མཆོད་པ་ཚད་མེད་པ་རྒྱ་ཆེ་བ་དཔག་ཏུ་མེད་པས་མཉེས་པར་བྱའོ། །དེ་ནས་ལུས་རེ་རེ་ལ་མགོ་བོ་བརྗོད་དུ་མེད་པ། མགོ་བོ་རེ་རེ་ལ་ལྕེ་བརྗོད་དུ་མེད་པ་སྤྲུལ་ཏེ། བདག་དང་གཞན་གྱི་སྡིག་པ་མ་ལུས་པར་བཤགས་པར་བྱའོ། །བདག་དང ་གཞན་གྱི་དགེ་པ་ལ་རྗེས་སུ་ཡི་རང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་གདབ་པར་བྱའོ། །གང་དག་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཆེའི་འདུ་བྱེད་གཏོང་བ་དེ་དག་ལ ་འཁོར་བ་ཇི་སྲིད་པའི་བར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཅི་ལྟར་མདོ་ལས་འབྱུང་བ་བཞིན་དུ་ཡན་ལག་དེ་དག་དེ་རེ་ལ་ཚིགས་ཤིན་ཏུ་རྒྱས ་པར་བརྗོད་པར་བྱའོ། །དེ་ནས་མཆོད་བ་བདུན་པོའི་རྗེས་ལ་འགྲོ་བ་མཛའ་དག་ལ་དམིགས་ཏེ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ཆོ་ག་ལས་འབྱུང་བ་བཞིན་དུ་བྱའོ། །ཐ་ན་ཡང་འདི་སྐད་དུ། སངས་རྒྱས ་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིའོ། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་བདག་གི་ལུས་དབུལ་བ་དང། དེ་ནས་སྐྱེས་བུ་ཆེན་པོའི་ཆོས་ལུགས ་ཤིང་རྟ་ཆེན་པོའི་ལམ་དེ་ལ་གནས་པར་དམ་བཅའ་བར་བྱའོ། །དེ་ནས་རང་གི་མལ་དུ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་རྗེ་བརྩུན་དཔལ་བྱང་ཆུབ་བཟང་བོས་བཀོད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས་གསུངས་པའི་ཡན་ལག་དགུ་བོ་ཤེས་པར་བྱས་ལ།། ཞི་གནས་དང་ལྷག་མཐང? ་གི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ཡང་བྱིང་བ་དང་རྒོང་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ་བསྒོམ་པར་བྱའོ། །དེ་ནས་མིག་ཕྱེ་ལ་དབུགས་ཕྱུང་སྟེ། ཕྱི་དང་ནང་གི་དངོས་པོ་མཐོང་བ་ན། ཨེ་མའོ་རེ་མཚང། ཨེ་མ་ཧོ་རེ་མ་ཚང་ནམ་མཁའ་ལྟ་བུའི་སྐྱེ་བ་མེད་པ་ལས་རྟེན་ཅིང་འབྲེལ་བར ་འབྱུང་བའི་སྟོབས་ཀྱིས་སྣ་ཚོགས་སུ་སྣང་ཞིང་གནས་པ་འདི་ཨེ་མ་ཧོ་ངོ་མཚར་རོ་སྙམ་དུ་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་ཤེས་པར་བྱའོ། །དེ་ནས་སྙིང་རྗེ་ཆེན་པོའི་ཡིད་ཀྱིས་མི་སྣང་བའི་སེམས་ཅན་ཐམས་ཅད་ལ་ཆོས་བཤད་པའི་ཕྱིར་རྟོགས་པ་ཅི་ཡོད་པས་ཐེག་པ་ཆེན་པོའི་མདོ་སྡེ ་ལ་ཏོན་དུ་གདོན་པར་བྱའོ། །དེ་ནས་ཟས་ཀྱི་བྱ་བའི་དུས་སུ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བའི་ལུས་སྙིང་པོ་མེད་པ་མཐར་འཇིག་པ་འདིས་སངས་རྒྱས་ཀྱི་སྐུའི་སྙིང་པོ་དེ་བཙལ་བར་བྱའོ་ཞེས་བསམས་ལ། རྒྱགས་པའི་ཕྱིར་ཡང་མ་ཡིན་ལ། རོ་ལ་ཆགས་པས་ཀྱང་མ ་ཡིན་ཏེ། །གླུ་ལྟ་བུའི་བློ་བཟའ་བར་བྱའོ། །ཟས་ཀྱི་ཚོད་རིག་པར་ཡང་བྱ་སྟེ། །གསོ་བ་རིག་པའི་ཡན་ལག་བརྒྱད་པ་ལས། །ལྟོ་བའི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་པ་ནི་སྐོམ་གྱིས་སོ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་གཅིག་སྟོང་པར་བཞག་པར་བྱ། །ཞེས་བཤད་དོ། །ཟས་དེ་ལ ་ཆ་བཞིར་བགོ་བར་བྱ་སྟེ། ཆ་དང་པོ་དཀོན་མཆོག་གསུམ་དང་བླ་མ་ལ་དབུལ་བར་བྱའོ། །ཆ་གཅིག་རང་ཉིད་ལོངས་སྤྱད་པར་བྱའོ། །ཆ་གཅིག་བྱིས་པ་དང་མགོན་མེད་པ་དག་ལ་སྦྱིན་པར་བྱའོ། །གཅིག་ནི་ཁྱི་དང་བྱ་རོག་ལ་སོགས་པའི ་བྱོལ་སོང་ལ་སྦྱིན་པར་བྱའོ། །བདག་གིས་སྤྱོད་པ་བསྡུས་པར་ནི་གཞན་དུ་ཡང་བརྗོད་དོ། །ཚུལ་གཞན་ནི་སྤྱོད་པ་བསྡུས་པའི་སྐྱན་མ་ལས་བཤད་པ་བཞིན་ནོ། །དེ་ནས་སྔ་དྲོའི་ཐུན་ལ་ཡང་ཐོ་རངས་ཀྱི་ཐུན་ལ་ཇི་སྐད་བརྗོད་པ་ལྟར་ཐམས་ཅད་བྱའོ། །གུང་གི་ཐུན་དང། རྒོངས་མོའི ་ཐུན་དང། མཚན་མོའི་གུང་གི་ཐུན་ཐམས་ཅད་དུ་ཇི་ལྟར་བརྗོད་པའི་ཆོག་ཐམས་ཅད་རྫོགས་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་ལ་ནི་གཉིད་ལོག་པ་དང་ཉལ་བའི་དུས་ལ་ངེས་པ་མེད་དོ་ཞེས་བླ་མ་དག་གསུང་ངོ། །དེ་ལྟ་བུའི་རྣལ་འབྱོར་པ་ཚོགས་ཀྱི་ལམ་པ་མཐར་པའི་ཆ་དང་མཐུན ་པའི་དགེ་བའི་རྩ་བ་བསྐྱེད་འདོད་པའི་ལས་དང་པོ་པ་ཉིན་དང་མཚན་དུ་དོན་མེད་པར་མི་གནས་པ་ད་ལྟ་བུ་ལ་ལྟུང་བའི་ཉེས་པ་གལ་འབྱུང། གལ་ཏེ་བག་ཆགས་ངན་པའི་སྟོབས་ཀྱིས་ལྟུང་བ་བྱུང་བར་གྱུར་ན། འདི་ལྟར་མྱུར་དུ་གསོ་བྱེད་དེ། དེ་ཡང་འདི་ལྟར་ཐུན་དྲུག་པོ་དེ་དག་དུམ་བུ ་བཅོ་བརྒྱད་དུ་བགོས་ནས་སྐད་ཅིག་མ་ལྔ་བཅུ་རྩ་བཞིར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡང་རབ་འབྲིང་དགུར་འབྱུང་ངོ། །བླ་མའི་མན་ངག་གིས་གསོ་བའི་ཐབས་རྣམས་ཤེས་པར་བྱའོ། །དམ་པ་རྣམས་ཀྱིས་བཤད་པའི་ལམ་བཟང་པོ། །བྱང་ཆུབ་འོད་སོགས་སློབ་མས་བསྐུལ ་བྱས་པས། །ཐེག་ཆེན་རིགས་ཅན་རྣམས་ཀྱིས་བསྲོང་བྱས་ནས། །རྐང་གཉིས་དབང་པོའི་གནས་སུ་འགྲོ་བར?་ཤོག་།རྗེ་བཙུན་བླ་མ་བྱང་ཆུབ་སེམས་དཔའ་ལ། །དགེ་སློང་བྱང་ཆུབ་འོད་ཀྱིས་གསོལ་བ་བཏབ། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཞུས་ནས་བསྒྱུར། །ཐེག་པ་ཆེན་པོ་རྣམས ་སྤྱོད་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་སློབ་དཔོན་དཔལ་མར་མི་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས།། །།པཎྜི་ཏ་དེ་ཉིད་དང། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་པའོ།། །། ་