CLOSE WINDOW

N4177: chos kyi dbyings lta ba'i glu
Wyliee-texts based on the ACIP/ALL Input

པཎྜི་ཏ་བཛྲ་ཎི་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །།རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་ས་ར་གཱི་ཏི། བོད་སྐད་དུ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ཏུ་མ ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ནས། །ཆོས་དབྱིངས་ལྟ་ཞིང་གཞན་མིན་པར། །དེ་དག་རིམ་བཞིན་བརྗོད་པར་བྱ། །ཟབ་ཞི་སྤྲོས་བྲལ་དེ་བཞིན་ཉིད། །འོད་གསལ་འདུས་མ་བྱས་པ་གང། ། ་མ་སྐྱེས་མ་འགགས་གཟོད་ནས་དག། རང་བཞིན་མྱ་ངན་འདས་པ་ཡིན། ཆོས་དབྱིངས་མཛའ་དང་དབུས་མེད་པ། །བློ་མིག་ཞིབ་མོ་རྟོག་བྲལ་བ། །བྱིང་རྒོད་རབ་རིབ་མེད་པས་བལྟ། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ནི་མྱ་ངན་འདས། །ཆོས ་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མང་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི ་མེད་འགྱུར། །ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པའི་བུ་ག་བཏོང་གྱུར་པ། །དེ་དང་དེ་ཡིས་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང ་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཛའ་དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻ་ཌཱུརྱ། །དུས་རྣམས་ཀུན་དུ ་འོད་གསལ་ཡང། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པས། །འཁོར་བར་འོད་ནི་གསལ་མ་ཡིན། །ཇི་ལྟར་སྤུན་པས་གཡོགས་གྱུར་པ། །སོ་བ་འབྲས་ཉིད་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས ་གཡོགས་པས། །དེ་ནི་སངས་རྒྱས་ཤེས་མི་བརྟག་།ཇི་ལྟར་སྤུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཇི་ལྟར་སྒྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས ་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་མ་ཡིན། །གཟུང་བ་ཀུན་ལས་རྣམ་གྲོལ་བས། །ཇི་ལྟར་འཛིན་པར་བརྟག་པར་བྱ། །མི་གཙང་མི་རྟག་སྡུག་བསྔལ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད།། ་སྟོང་པ་ཉིད་ནི་སྟོང་པའི་མདོ། །རྒྱལ་བས་ཇི་སྐད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག་།ཁམས་དེ་ཉམས་པར་བྱེད་མ་ཡིན། །མཆོག་ཏུ་སེམས་ཞི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཇི་ལྟར་རི་བོང་མགོ་བོའི་རྭ། །བརྟགས་པ་ཉིད་དེ་མེད་པ་ལྟར། །དེ ་བཞིན་ཆོས་རྣམས་ཐམས་ཅད་ཀྱང། །བརྟགས་པ་ཉིད་དེ་ཡོད་མ་ཡིན། །ཕྲ་རབ་རྡུལ་གྱིས་ངོ་བོ་ཡིས། །གླང་གི་རྭ་ཡང་དམིགས་མ་ཡིན། །ཇི་ལྟར་སྔོན་བཞིན་བྱིས་དེ་བཞིན། །དེ་ལ་ཇི་ཞིག་བརྟག་པར་བྱ། །བརྟེན་ནས་འབྱུང་བར་འགྱུར་བ་དང། །བརྟེན་ནས་འགག་པར་འགྱུར་བ་དང། ་གནས་བ་དག་ཀྱང་ཡོད་མིན་ན། །བྱིས་པ་ཇི་ལྟར་རྟོག་པར་བྱེད། །ཆོས་དབྱིངས་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །སྐྱེ་དང་རྒ་དང་གནས་པ་དང། །འཇིག་པ་མེད་པ་འདུས་མ་བྱས། །སངས་རྒྱས་ཆོས་དབྱེར་མེད་པ་དང། །དེ་རིགས་དེ་བཞིན་ཐོབ ་པ་དང། །བརྫུན་མེད་བསླུ་མེད་འཚེ་མེད་པས། །གདོད་ནས་རང་བཞིན་ཞི་ཉིད་དོ། །གང་ཕྱིར་དེ་ནི་རྒྱ་མཚོ་ལྟར། །སྒྲ་དང་དཔེ་དང་བློ་རྣམས་ཀྱིས། །གཏིང་དང་ཕ་རོལ་མི་རྙེད་པ། །དེ་ཕྱིར་རབ་ཏུ་ཟབ་བ་ཉིད། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ལྟ་བ་ཐ་དད་རུང་མ་ཡིན། །འོན་ཀྱང་བློ་ཡི ་བྱེད་བྲག་གིས། །ལྟ་བ་ཐ་དད་ཅུང་ཟད་བརྗོད། །དབུ་མ་ཉིད་དུ་སྨྲ་བ་རྣམས། །དེ་དོན་བདེན་པ་གཉིས་སུ་འདོད། །ཀུན་རྫོབ་དང་ནི་དོན་དམ་མོ། །བདེན་གཉིས་རྣམ་དབྱེ་ཤེས་པ་དག་།ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ ་བ་ཉིད། །བདག་དང་བདག་གི་རྟག་ཆད་དང། །ཉོན་མོངས་རྣམས་བྱང་རྒྱུ་འབྲས་དང། །གཟུང་དང་འཛིན་པར་གང་སྤྲོས་པ། །འདི་ནི་ཀུན་རྫོབ་བདེན་པའོ། །སྟོང་ཉིད་བདག་མེད་ཞི་བ་གང། །སྤྲོས་པ་རྣམས་ཀྱི་མ་གོས་པ། །ཐ་དད་དོན་མིན་རྣམས་མི་རྟོག་།འདི་ནི་དོན་དམ་བདེན་པའོ།། ་ཡང་དག་ཡང་དག་མ་ཡིན་དང། རྣམས་གྲངས་རྣམ་གྲངས་མ་ཡིན་པས། །དེ་གཉིས་སོ་སོར་དབྱེ་བ་བྱས། །གཏགས་ཙམ་སྣང་གྲགས་དངོས་པོ་དང། །ཐ་སྙད་འཁྲུལ་བ་སྒྱུ་མ་དང། །ཀུན་རྫོབ་ཉིད་ནི་རྣམས་གྲངས་སོ། །སྟོང་པ་ཉིད་དང་ཡང་དག་མཛའ་། །མཚན་མ་མེད་དང་དོན ་དམ་དང། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གང་ཕྱིར་སྒྲིབ་པ་ཀུན་རྫོབ་སྟེ། །འགྱུར་བ་མེད་ཕྱིར་དོན་དམ་མོ། །ཡང་དག་ཡང་དག་མ་ཡིན་པའི། །ཤེས་པ་གཉིས་ཕྱིར་བདེན་པ་གཉིས། །ཡང་དག་ཤེས་པ་མེད་ཅེ་ན། །བདེན་ཏེ་ཐ་སྙད་ཙམ་དུ་ཡོད། །དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས ་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་དམ་རྟོགས་ཤིང་ཆགས་པ་མེད། །ཕྱིས་ནི་རྣམ་པར་དབེན་དོན་ཉིད། །བདེན་གཉིས་གཅིག་དང་ཐ་དད་མིན། །ཉེས་པ་བཞི་བཞི་གསུངས་ཕྱིར་རོ། །གཅིག་དང་ཐ་དད་གང་རྟོག་པ། །དེ་ནི་ཚུལ་མིན་ཞུགས་པ་ཡིན། །དངོས་པོར་ཁས་ལེན་ཡོད ་ན་ནི། །འདོད་ཆགས་ཞེ་སྡང་མི་བཟོད་འབྱུང། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དམིགས་པའི་འདུ་ཤེས་ཅན་ལ་ནི། །ཐོས་པ་མེད་ཅིང་མངོན་རྟོགས་མེད། །རྗེས་མཐུན་བཟོད་པའང་ཡོད་མིན་ན། །མྱ་ངན་འདས་པའང་སྨོས་ཅི་དགོས། །སྟོང་པ་ཉིད་ལ་ལྟ ་ཉེས་ན། །ཤེས་རབ་ཆུང་ལྡན་འཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་གཟུང་ཉེས་དང། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །རྒྱལ་བ་ཀུན་གྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །གང་དག་རང་ ་དངོས་གཞན་དངོས་ཀྱི། །དངོས་དང་དངོས་མེད་ཉིད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །མེད་པ་ཡོད་པའི་ཟླས་དྲངས་ཏེ། །ཡོད་པའང་ཞེད་པའི་ཟླས?་དྲངས་པས། །དེ་ཕྱིར་མེད་པར་བརྗོད་མི་བྱ། །ཡོད་པ་ཉིད་དཱུང་མི་བརྟག་གོ་།ཡོད་པ་པ་ནི ་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སུབ་སྐྱོབས་འཇུག་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་བ་ཉིད་འཐོབ། །གཟུགས་སོགས ་ཇི་ལྟར་སྣང་བ་ནས། །བདེ་གཤེགས་བར་གྱི་ཆོས་རྣམས་ཀུན། །རི་བོང་བ་ལང་རྭ་ཡི་དེ་དཔེས། །དབུ་མ་ཉིད་དུ་གོམས་བར་བྱ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་མིན་བདག་ཉིད་དུ་ཡང་མེད། །མཛའ་བཞི་ཡང་ནི་ངེས་གྲོལ་བས། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །དབུ་མ ་མཐར་ལས་རྣམ་གྲོལ་ན། །མཛའ་དང་བྲལ་ཕྱིར་དབུ་མའང་མེད། །མཛའ་དབུས་མེད་པར་གང་ལྟ་བ། །དེ་ཡི་ཡང་དག་ལྟ་བ་སྟེ། །བླ་ན་མེད་པའི་ལྟ་བ་ཡིན། །བློ་ལྡན་རྣམས་ཀྱིས་རྟག་ཏུ་བསྒོམ། །གང་ཞིག་ལྟ་བ་དེར་ཞུགས་པ། །དེས་ནི་ཐམས་ཅད་མཁྱེན་པ་ཐོབ། །རྣམ་རིག་ཙམ་དུ་སྨྲ ་བ་རྣམས། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་པོ། །རྟག་དང་རྒྱུ་ལས་སྐྱེ་བ་དང། །མི་འགྱུར་ཕྱིར་ན་གོ་རིམ་བཞིན། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་རྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །གཞན་གྱི་དབང་གང ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང། །གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང། །ཡོད་དང་མེད་པའི་མཛའ་གཉིས་ཀྱིས། །དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་མ་ཡིན་པའང་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །ཆུ ་ཤེལ་བཻ་ཌཱུརྱ་ཡི་དཔེས། །ངོ་བོ་ཉིད་གསུམ་ཤེས་པར་བྱ། །བདག་དང་ཆོས་སུ་བརྟགས་པ་དང། །རྣམ་པར་དག་དང་མ་དག་དང། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །རིམ་བཞིན་རེ་རེ་འང་གཉིས་གཉིས་སོ། །བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་པ་ཡིན།། ་གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཆོས་རྣམས་གང་ཡང་སྐྱེ་བ་དང། །འགག་པ་ཅུང་ཟད་ཡོད་མིན་ཏེ། །ཤེས་པ་འབའ་ཞིག་ཁོ་ན་ནི། །སྐྱེ་བ་དང་ནི་འགག་བར་འགྱུར། །ཡོད་མིན་ཆོས་རྣམས་དེ་དག་སྣང། །བེམ་པོ་ལས་མིན ་གཞན་ལས་མིན། །མེད་པ་ལས་མིན་ཉེས་གཉིས་ཕྱིར། །དེ་ཕྱིར་ཤེས་པའི་བདག་ཉིད་ཡོད། །རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བར་འགྱུར། ཁེམ་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པར་འདོད། །ནམ་མཁའ་ས་རླུང་ཉི་མ ་དང། རྒྱ་མཚོ་ཕྱོགས་དང་འབབ་ཆུ་ནི། །ནང་གི་ཤེས་པ་ཡང་དག་གི་།ཆ་ཡིན་ཕྱི་རོལ་ལྟར་སྣང་ངོ། །གསལ་བའི་རང་བཞིན་དུ་སྣང་བས། །དེ་དག་འབྲེལ་བ་ལྐོག་གྱུར་མིན། །གང་དང་འབྲེལ་བས་གང་རིག་པ། །དེ་ཡིས་རིག་བྱ་དེ་རིག་འགྱུར། །རལ་གྲིའི་སོ ་དང་སོར་རྩེ་བཞིན། །བློ་ཡིས་རང་འཛིན་དོར་ཞེ་ན། །རང་ཉིད་སྣང་བ་དོར་མིན་པར། །དགོངས་པ་ངེས་པར་འབྲེལ་ལས་གསུངས། །དེ་ཕྱིར་བློ་ཡི་མཚན་ཉིད་ནི། །རང་རིག་པར་ནི་གྲུབ་པ་ཡིན། །དེ་ཉིད་རྟོགས་པར་དཀའ་བས་ན། །འདི་ཡི་ངོ་བོ་སྤྱད་མི་ནུས། །རང་རིག་དེ ་ཡང་ཕྲ་བའི་ཕྱིར། །སངས་རྒྱས་རྣམས་ཀྱིས་ཕྲ་བར་གཟིགས། །རང་ལ་གནས་ཀྱང་བདག་འདྲ་བས། །རྨོངས་པའི་ཕྱིར་ན་མཐོང་བ་མེད། །གསལ་དང་བློ་ནི་བདག་ཉིད་ཀྱི། །འབྲེལ་པ་ཡོད་ཕྱིར་བློ་ཙམ་ཡིན། །ཤེས་པའི་རང་བཞིན་བདེན་པ་སྟེ། །རྣམ་པ ་བརྫུན་ཞིང་འཁྲུལ་པ་ཡིན། །སེམས་ནི་རྣམ་པར་བསླང་བའི་ཕྱིར། །གཅིག་ཉིད་གཉིས་སུ་སྣང་བ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལས། །ཤིན་ཏུ་མཁས་པ་ཅིས་མ་ཡིན། །གཟུང་བའི་རྣམ་པ་མི་གཡོ་ཕྱིར། །ཕྱི་རོལ་ལྟ་བུར་སྣང་བ་ཡིན། །འཛིན་པའི་རྣམ་པར ་རབ་གཡོ་བས། །ནང་ལྟ་བུར་ནི་སྣང་བ་ཡིན། །མཚན་མ་དེ་ནི་སྤངས་ནས་སུ། །ཡེ་ཤེས་ནམ་མཁའ་ལྟ་བུར་བསྒོམ། །སེམས་ཀྱི་རང་བཞིན་ཟག་པ་མེད། །ཟག་བཅས་ས་བོན་མ་ཟད་བར། །ཀུན་གཞིག་གནས་སྐབས་དེ་བདག་ཉིད། །ཟད་ནས་ཟག་པ་མེད་པའི་དབྱིངས། །རྣམ་པར་གྲོལ་བའི་སྐུ ་དང་ནི། །རྟག་ཏུ་ཉི་ཟེར་ཉི་མ་བཞིན། །སངས་རྒྱས་ཆོས་རྣམས་གནས་ཡིན་པས། །སྐྱོབ་པ་རྣམས་ཀྱིས་ཆོས་སྐུའོ། །ཉན་ཐོས་ཐེག་པར་ཞུགས་པ་རྣམས། །བདག་དང་བདག་གི་དབེན་པ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །བཞི་ལྔ་འམ་དུས་ནི་གསུམ་ཡང་རུང། །ཡོད་པ་ཐམས་ཅད་གཟུང ་བྱ་ཡིན། །དམིགས་དང་བཅས་བས་འཛིན་པར་བྱེད། །དེ་གཉིས་དམ་པའི་དོན་དུ་འདོད། །བདེན་པ་མཐོང་དང་གོམས་པ་ལས། །ཉོན་མོངས་སྤངས་བ་ཞེས་བཤད་པ། །བདེན་པ་དག་ནི་རྣམ་བཞི་སྟེ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང། །འགོག་པ་ལམ་སྟེ་དེ་ལྟ་ན། །དེ་དག་ཇི་ལྟར་མངོན ་རྟོགས་རིམ། །སྡུག་བསྔལ་ཉེར་ལེན་ཕུང་པོའོ། །ཀུན་འབྱུང་ལས་དང་ཉོན་མོངས་ཏེ། །འགོག་པ་མྱ་ངན་འདས་པ་གཉིས། །ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན། །ཚུལ་གནས་ཐོས་དང་སམ་ལྡན་པ། །བསྒོམས་པ་ལ་ནི་རབ་ཏུ་སྦྱོར། །དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས ་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །འབྲས་བུ་བཞི་རྣམས་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཉན་ཐོས་རྣམ་བཞི་སྦྲུལ་པ་དང། །རྫོགས་པའི་བྱང་ཆུབ་འགྱུར་བ་དང། །ཞི་བགྲོད་གྲུབ་མཛའ་འཛིན་པའོ། །དེ་ནི་གཉིས་བཞི་བཅོ་བརྒྱད་དེ།། ་གཉིས་ནི་བྱེ་བྲག་སྨྲ་བ་དང། །དེ་བཞིན་མདོ་སྡེ་སྨྲ་བའོ། །རྣམ་པ་མེད་པའི་ཤེས་པ་ཡིས། །གཟུགས་ལ་སོགས་པའི་དོན་རིགས་འདོད། །དེ་ནི་བྱེ་བྲག་སྨྲ་བ་ཡིན། །གང་ཞིག་དོན་གྱིས་ཕན་བཏགས་པའི། །གཟུགས་བརྙན་རྣམས་ལ་ཉམས་མྱོང་བས། །དོན་རིག་འདོད་པ་མདོ་སྡེ་པའོ།། ་བཞི་ནི་དགེ་འདུན་ཕལ་ཆེན་པ། །ཐམས་ཅད་ཡོད་སྨྲ་གནས་བརྟན་པ། །མང་པོས་བཀུར་བའོ་བཅོ་བརྒྱད་ནི། །ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་བར་སྨྲ་བའི་སྡེ། །བཏགས་བར་སྨྲ་བའི་སྡེ་ཕ་དང། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན ་ཡོད་སྨྲ་འོད་སྲུངས་ཏེ། །ས་སྟོན་སྡེ་དང་ཆོས་སྲུང་སྟེ། །མང་ཐོས་གོས་དམར་སློབ་མ་དང། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །སར་སྒྲོགས་རིས་དང་སྤུང་བ་པ། །གནས་མ་བུ་ཡི ་སྡེ་པ་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་དོ། །རང་རྒྱལ་བྱང་ཆུབ་དོན་གཉེར་བས། །གཟུང་བའི་རྟོག་པ་སྤངས་ཕྱིར་དང། །འཛིན་པ་མ་སྤངས་ཕྱིར་ན་དེ། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །བསྐལ་པ་བརྒྱ་ཡི་མཐར་ཐུག ་པར། །བསྒོམས་པས་བྱང་ཆུབ་རེག་པར་འགྱུར། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བ། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས ་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་མན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་བཅས་ཀྱི། །ཉེ་བར་ལེན་པ་ལོངས ་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་དེ་ཉིད་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་པར་འདོད་དོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །སྔོན་དང་ཕྱི་མཛའ་ ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཉོན་མོངས་གསུམ་མོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འབྲས་བུ་ཡིན། །གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཉིད་དུ་འདོད། །ཡན་ལག་བཅུ ་གཉིས་དེ་དག་ལས། །རྒྱུ་ནི་རྣམ་ལྔ་འབྲས་བུ་བདུན། །འཕེན་པར་བྱེད་དང་འཕངས་པ་དང། །མངོན་པར་འགྲུབ་བྱེད་གྲུབ་པ་དང། །ཉེས་དམིགས་ཀྱིས་ནི་ཡན་ལག་སྟེ། །གསུམ་བཞི་གསུམ་གཅིག་གཅིག་རིམ་བཞིན། །འདུ་བྱེད་སྡུག་བསྔལ་འགྱུར་བ་ཡི། །སྡུག་བསྔལ་ཉིད་ནི་རིམ་བཞིན་དུ། །ལྔ ་དང་གཉིས་དང་ལྔ་ཡིན་ནོ། །ཁམས་གསུམ་དུ་ནི་རིམ་བཞིན་དུ། །བཅུ་གཉིས་བཅུ་གཅིག་བཅུ་ཡིས་འཇུག། རྫུས་སྐྱེས་ཡན་ལག་བཅུ་གཅིག་གིས། །མངལ་དང་སྒོང་སྐྱེས་བཅུ་གཉིས་ཀྱིས། །དྲོད་གཤེར་ལས་སྐྱེས་ཅི་རིགས་འཇུག་།དེ་བཞིན་འགྲོ་བ་ལྔ་ལ་སྦྱར། །གསུམ་པོ་དག་ལས་གཉིས་འབྱུང ་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འཁོར་བའི་ངོ་བོ་རྣམ་པ་དང། །གང་ཞིག་གང་དུ་གང་གིས་དང། །ཇི་ལྟར་ཇི་སྲིད་ཉེས་དམིགས་ནི། །མཛའ་ཡས་ཚོགས་ཀྱིས་རབ་ཏུ་འཇུག་།བརྩམ་པར་བྱ་ཞིང ་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །མྱ ་ངན་གང་ལས་འདའ་བ་དང། །གང་ཞིག་གང་གིས་གང་གི་ཚེ། །གང་དུ་གང་ཕྱིར་ཇི་ལྟ་བུར། །ཇི་སྲིད་ངོ་བོ་རྣམ་པ་དང། ཐོབ་པ་དབྱེ་བ་ཕྲིན་ལས་དང། །ཡོན་ཏན་ཚོགས་ཀྱིས་ལྡོག་པའོ། །མུ་སྟེགས་པ་ནི་རྣམ་པ་གཉིས། །སྤྲུལ་པ་པ་དང་རང་རྒྱུད་པ། །དེ་ཡང་སྐྱེས་ཐོབ་སྦྱོར་བྱུང་ངོ།། ་སྐྱེས་ཐོབ་རིགས་ཆད་ལོག་སྲེད་ཅན། །སྦྱོར་བྱུང་བསམ་གཏན་རྟོག་གེ་པ། །བསམ་གཏན་པ་ནི་མངོན་ཤེས་མཐུས། །ལྟ་བ་དྲུག་ཅུ་གཉིས་སུ་རྟོག་།རྟག་པར་སྨྲ་བ་རྣམ་བཞི་དང། །ཁ་གཅིག་རྟག་པར་སྨྲ་པ་བཞི། །མཛའ་ཡོད་སོགས་བཞི་མི་སྤོང་བཞི། །རྒྱུ་མེད་གཉིས་ནི་སྔོན་མཐར ་རྟོག་།འདུ་ཤེས་མོད་སྨྲ་བཅུ་དྲུག་དང། །མེད་སྨྲ་བརྒྱད་དང་དེ་བཞིན་དུ། །ཡོད་མིན་མེད་མིན་སྨྲ་བ་བརྒྱད། །ཆང་སྨྲ་བདུན་དང་ཚེ་འདི་ལ། །མྱ་ངན་འདའ་བར་སྨྲ་བ་ལྔ། །ཕྱི་མའི་མཐར་རྟོག་ལྟ་བའོ། །རྟོག་གེ་པ་ནི་གྲངས་ཅན་སོགས། །ཚད་མས་གྲུབ་མཛའ་འཛིན་པའོ། །གྲངས་ཅན ་ཡོན་ཏན་གསུམ་དུ་བརྗོད། །སྙིང་སྟོབ་རྡུལ་དང་མུན་པའོ། །རངས་དང་མགུ་དང་ཀུན་དགའ་དང། །བདེ་དང་ཞི་བའི་སེམས་ཉིད་དག། རེས་འགའ་ཡང་ནི་སྣང་འགྱུར་བ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་བ་དང་ཡོངས་གསུངས་དང། །མྱ་ངན་འདོད་དང་མི ་བཟོད་དག་།གང་དུ་སྣ་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང། །བག་མེད་གཉིད་དང་གཡེལ་བ་དང། །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་ནོ། །ཡོན་ཏན་གསུམ་གྱི་རང་བཞིན་མཆོག་།མཐོང་བའི་ལམ་དུ་འགྱུར་མ ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོ་བ། །རང་བཞིན་ལས་ནི་ཆེན་པོ་སྟེ། །དེ་ལས་ང་རྒྱལ་རྣམ་གསུམ་འབྱུང། །དེ་ལས་དབང་པོ་བཅུ་གཅིག་དང། །དེ་ཙམ་ལྔའོ་དེ་ལྔ་ལས། །འབྱུང་བ་ལྔ་སྐྱེ་ཉི་ཤུ་བཞི། །གཙོ་བོ་ཉིད་དང་རྣམ་འགྱུར་རོ། །དེ་དག་སེམས་པ་ཡོད ་མ་ཡིན། །སྐྱེས་བུ་ཀུན་རིག་སེམས་པ་ཅན། །དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་སྤྱི་པོ་འམ་གཙུག་བུད་ཀྱིས། །བསྟི་ནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །བྱེ་བྲག་པ་ནི་དྲུག་དུ་འདོད། །རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག་།རྫས་དགུ་ཡོན ་ཏན་ཉི་ཤུ་བཞི། །ལས་ལྔ་སྤྱི་གཉིས་བྱེ་བྲག་གཉིས། །དེ་བཞིན་འདུ་བའང་རྣམ་གཉིས་ཏེ། །དེ་ཉིད་དྲུག་ཤེས་རིག་པའི་མཆོག་།རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན། །གཅེར་བུ་བ་རྣམས་དོན་དགུ་སྨྲ། །སྲོག་དང་ཟག་པ་སྡོམ་པ་དང། །ངེས་པར་རྒ་དང་འཆི་བ་དང། །ལས་དང་སྡིག་དང་བསོད་ནམས་དང།། ་ཐར་པ་ཞེས་བྱ་དོན་དགུ་པོ། །གང་གིས་མཐོང་དེ་རྣམ་པར་དག་།རིགས་པ་ཅན་དོན་བཅུ་དྲུག་འདོར། །ཚད་མ་གཞལ་བྱ་ཐེ་ཚོམ་དང། །དགོས་པ་དཔེ་དང་གྲུབ་མཛའ་དང། །ཆ་ཤས་རྟོག་གེ་གཏན་ལ་དབབ། །རྩོད་དང་བརྗོད་དང་རྒོལ་བ་དང། །རྒྱུ་ལྟར་སྣང་བ་ཚིག་དོར་དང། །ལྷག་ཚོད་ཆང་བའི་གནས ་རྣམས་ཏེ། །བཅུ་དྲུག་གིས་ནི་ངེས་པར་འབྱུང། །དཔྱོད་པ་པ་ནི་དོན་བཞིར་བརྗོད། །ས་དང་ཆུ་དང་མེ་དང་རླུང། །དེ་དག་འདུས་མ་བྱས་པ་སྟེ། །རྟག་ཏུ་སྐྱེ་འགག་མེད་པར་གནས། །དེ་བས་ལས་འབྲས་ཡོད་མ་ཡིན། །སྔོན་དང་ཕྱི་མཛའ་དེ་བཞིན་མེད། །གང་ཞིག་དེ་ལྟར་རྣམ་སྤྱོད་པ། །མཐོང་བ་ཙམ་གྱིས ་རྣམ་གྲོལ་འགྱུར། །ཁྱབ་འཇུག་བྱེད་རྒྱུར་སྨྲ་བ་རྣམས། །ཉི་མའི་ནང་ན་བདག་ཁྱབ་འཇུག་།སྐར་ནང་འོད་གནས་ཟླ་བ་ཡིན། །རླུང་ནང་ང་ནི་འོད་ཟེར་ཅན། །སྣང་བ་ཅན་ན་ཉི་མ་ཡིན། །རིག་བྱེད་ནང་ན་སྙན་ཚིག་དང། །ལྷ་ནང་ང་ནི་བརྒྱ་བྱིན་ཏེ། །དབང་པོའི་ནང་ན་ཡིད་ཡིན་ནོ། །འབྱུང་བའི་ནང་ནས་ཡིན་ཞིང། །ང་ནི་བདེ ་བྱེད་དྲག་པོའང་ཡིན། །སྲིན་པོ་གནོད་སྦྱིན་ནང་ནོར་བདག་ནོར་ལྷའི་ནང་ན་མེ་ལྷ་ང། །རི་བོའི་ནང་ནང་རི་རབ། །ང་ནི་ཡི་གེའི་ནང་ན་ཨ། །ཉ་དང་དུལ་སྦལ་ཕག་དང་ནི། །མི་ཡི་སང་གེ་མིའུ་ཐུང་དང། །དགའ་བྱེད་རཱ་མ་ཎ་ནག་པ། །སངས་རྒྱས་ཀར་ཀི་ཀེ་དང་བཅུ། །གང་གིས་ཁྱབ ་འཇུག་ཡོན་ཏན་རྣམས། །རྟག་ཏུ་བསྒོམས་ན་བདེ་ཐོབ་འགྱུར། དབང་ཕྱུག་བྱེད་རྒྱུད་འདོད་པ་རྣམས། །འགྲོ་བ་འདི་དག་ཐམས་ཅད་ཀྱི། །བྱེད་པ་པོ་ནི་དབང་ཕྱུག་ཡིན། །དེ་ནི་ཡོན་ཏན་བརྒྱད་དང་ལྡན། །རབ་ཕྲ་ཡང་བ་མཆོད་པར་འོས། །བདག་པོར་གྱུར་དང་དབང་དུ་གྱུར། །གར་ཡང་ཕྱིན་དང་འདོད ་དགུར་ལྡན། །དེ་བཞིན་དགའ་མགུར་གནས་པའོ། །ལག་པ་དག་དང་རྐང་པ་དང། །མིག་དང་གདོང་དང་ལུས་རྣམས་ཀྱིས། །མང་པོ་བསྐྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་བར་བརྗོད་པ་ཡིན། །མཁའ་དང་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས ་ན་ཡན་བར་བརྗོད་བ་ཡིན། །འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང། །གནས་པ་དག་དང་རྒྱུ་བ་དང། །འབྱུང་པོ་ཀུན་གྱིས་རྗེད་བས་ན། །དེས་ན་མཆོད་པར་འོས་པ་ཡིན། །འབྱུང་པོ་ཀུན་ལ་དབང་བྱེད་ཅིང། །གནས་པ་དག་དང་རྒྱུ་བ་དང། །གང་དང་གང་འདོད་དེས་བྱེད་པས། །དེས་ན་བདག་པོར ་གྱུར་ཅེས་བྱ། །བདག་ལ་རག་ལས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་པས་ན། །དེས་ན་དབང་དུ་གྱུར་ཅེས་བྱ། །མཐོ་རིས་ངན་སོང་ཀུན་ཁྱབ་པས། །དེས་ན་གར་ཡང་ཕྱིན་ཅེས་བྱ། །སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལས ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་འགྱུར་བས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པ་འམ་ཡང་ན་ལྷ་འི་ལུས། །གང་དུ་བདག་ཉིད་འདོད་པ་དག་།ཐམས་ཅད་འདོད་པས་ཐོབ་འགྱུར་བས། །དེས་ན་དགའ་མགུར་གནས་ཤེས་བྱ། །གང་ཞིག་ཕྲ་གྱུར་ཅིག་པུ་སྐྱེས་གནས་འདུག་། ་དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པོ་ཤིན་ཏུ་ཞི་བ་འཐོབ། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་མཐོ་རིས ་སམ། །གཡངས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྱུར་ན། །རི་རབ་འདི་མི་འགྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚོ་འང་མ་ཡིན་ཏེ། ཉི་ཟླ་སྐར་ལྡན་འདི་ལྟར་བཀོད་པ་འདི་དག་མིག་ཡུལ་དུ་མི་འགྱུར། །ཡོད་པའི་ཕྱིར་ན ་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་འགའ་ཞིག་སྨྲ། །ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་སྲབ་བྱེད་བ་ཀུན་རིག་ཀུན་བྱེད་པ། །རྣལ་འབྱོར་གོམས་པས་ཐོབ་པ་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའ་ཨི་ལུས་ཅན་ཏེ། །ཞི ་བའི་བདེ་དགའ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། །དུས་ལ་བལྟོས་པར་སྨྲ་བ་རྣམས། །དངོས་ཀུན་དུས་ཀྱིས་བསྒྱུར་བ་སྟེ། །གང་གི་ཞང་པ་ནོར་ལྷ་དང། །གང་ཕ་ནོར་རྒྱལ་ཡིན་པ་ཡི། །འཇིགས་མེད་ཁྲོ་བོའང་བསད་གྱུར་པས། །དུས་ནི་འདའ་བར་དཀའ་བ་ཡིན།། ་འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམས་སྡུང་དུས་ཀྱིས་བྱེད། དུས་ཀྱིས་གཉིད་ལོག་སང་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །སྲུང་བ་གསུམ་རྩེགས་འོབས་ནི་རྒྱ་མཚོ་དང། །དམགས་མི་སྲིན་པོ་ནོར་ནི་ནོར་སྦྱིན་སྦྱོར། །གང་གི་བསྟན་བཅོས་པ་སངས་ཚད་མཉམ ་པའི། །སྒྲ་སྒྲོགས་བུ་དེའང་དུས་ཀྱི་དབང་གིས་ཉམས། །ངོ་བོ་ཉིད་རྒྱུར་སྨྲ་དངོས་རྣམས། །ངོ་བོ་ཉིད་ཀྱིས་འགྲུབ་པར་བྱེད། །མི་ཡི་དམར་བ་ཉིད་དང་ནི། །དམ་པ་གཞན་དོན་བྱེད་ཉིད་དང། །དམ་པ་མིན་པའི་བརྩེ་མིན་ཉིད། །གསུམ་པོ?་ངོ་བོ་ཉིད་ཀྱིས་གྲུབ། །ཚེར་མ་རྣོ་བར་གྱུར་པ་སུ ་ཡིས་བྱས། །རི་དགས་བྱ་ཡི་རི་མོ་སུ་ཡིས་བྱས། །བུ་རམ་ཤིང་མངར་ནིམ་པ་ཁ་བདག་འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ། །ཉི་མ་ཚ་ཞིང་ཟླ་བ་རབ་བསིལ་དང། །སྐྱེ་བོ་ཆགས་ཤིང་ཐུབ་པ་དེ་མིན་ལ། །བདེ་བ་རབ་ཚིམ་སྡུག་བསྔལ་རབ་གདུང་པ། །དྲུག་པོ་འདི་དག་ངོ་བོ་ཉིད ་ཀྱིས་གྲུབ། །གང་དག་རྒྱུ་མེད་སྨྲ་བ་ནི། །ཐམས་ཅད་རྒྱུ་ལ་བལྟོས?་མེད་པར། །དངོས་པོ་རྣམས་ནི་སྐྱེ་བ་སྟེ། །ཉི་མ་པདྨའི་གེ་སར་སོགས། །སྣ་ཚོགས་གང་གིས་བྱས་པ་ཡིན། །རྨ་བྱའི་མདོངས་ལ་སོགས་པ་ཡང། །སྣ་ཚོགས་གང་གིས་སྤྲུལ་པ་ཡིན། །ཇི་ལྟར་ཆར་རླུང་ལ་སོགས་པ། །གློ་བུར་འབྱུང་ཕྱིར ་རྒྱུ་མེད་ལྟར། །སྡུག་བསྔལ་ལ་སོགས་རྒྱུ་མེད་ཉིད། །ཤིན་ཏུ་རྒྱ་ཆེན་རབ་ཟབ་ལ། །སྒྱིང་ལུག་ཤིན་ཏུ་མ་སྦྱངས་པ། །བདག་གཞན་སྨྲ་དག་གཏི་མུག་གིས། །དེ་ལྟར་ཐེག་པ་ཆེན་ལ་སྨོད། །ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས ་འགྲོ། །ལྟ་བས་གོ་འཕངས་མཆོག་ཏུ་འགྱུར། །གཏི་མུག་དབང་གིས་བསྒྲིབས་གྱུར་ཏེ། །གང་ཞིག་ཡང་དག་གེགས་བྱེད་པ། །དེ་ལ་དགེ་བའི་འགྲོ་བའང་མེད། །ཐར་པ་མེད་པ་སྨོས་ཅི་དགོས། །གནོད་པའི་ས་བོན་གྱུར་པ་ཡིས། །མུ་སྟེགས་བྱེད་མང་མཐོང་ནས་ནི། །ཐར་འདོད་སྐྱེ་བ་པོ་རྣམས ་ལ། །སྙིང་རྗེར་མི་འགྱུར་སུ་ཞིག་ཡོད། །དེ་ཕྱིར་ཐར་པ་དོན་གཉེར་རྣམས། །ཆོས་ཀྱི་དབྱིངས་སུ་བལྟ་བར་གྱིས། །ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་སློབ་དཔོན་ཆེན་པོ་དཱི་ར་བཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། །བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨེ་ཀ་སྨྲི་ཏྱཱ་པ་དེ་ཤ། བོད་སྐད་དུ། དྲན་པ་གཅིག་པའི་མན་ངག་།བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ལ་གུས་བཏུད་དེ། །འཕགས་པ་ཀླུ་སྒྲུབ་ཕྱག་འཚལ་ནས།། ་