| Wylie | e-texts based on the ACIP/ALL Input |
བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སི་སཱ་ར་མ་ན་ནིརྱ་ཎི་ཀ་སྱ་གཱི་ཏི། བོད་སྐད་དུ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ ་ཞེས་བྱ་བའི་གླུ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་།ེ་མའོ། །འདུ་བྱེད་སྡུག་བསྔལ་འགྱུར་བའི་སྡུག་བསྔལ་དང། །སྡུག་བསྔལ་སྡུག་བསྔལ་ལ་སོགས་བརྒྱ་རྩ་བཅུ། །སྡུག་བསྔལ་ཀུན་ལས་སྐྱོབ་པར་མཛད་པ་ཡི། །སྨན་པའི ་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་ཀྭ་ཡེ་གྲོགས་པོ་དག་།འཁོར་བའི་རྒྱུ་ནི་ཉོན་མོངས་པ་དང་ལས། །ཉོན་མོངས་ཁམས་གསུམ་གནས་ན་དགུ་བཅུ་བརྒྱད། །ཟག་པ་ཆུ་བོ་སྦྱོར་བ་ཉེ་བར་ལེན། །རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་ཀྱིས་བྱུང། །ཀྱེ་ཀྱེ་ཀྭ་ཡེ་གྲོགས་པོ ་དག་།སྣ་ཚོགས་འདི་དག་ལས་ལས་གྱུར། །དེ་ཡང་ཉོན་མོངས་སྟོབས་ལས་བྱུང། །དགེ་དང་མི་དགེ་ལུང་མ་བསྟན། །མཐོང་ལ་མྱོང་བ་སྐྱེས་ནས་མྱོང། །གཞན་དུ་མྱོང་དང་མེ་ངེས་པའི། །དཀར་དང་གནག་དང་འདྲེན་མའོ། །འཁོར་བའི་ལས་ནི་ལྕི་གང་དང།། ་ཉེ་བ་གང་དང་གོམས་པ་གང། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །གྲོགས་དག་སོམས་ཤིག་ཐོག་མ་མེད་པ་ནས། །མ་རིག་ལ་སོགས་བཅུ་གཅིག་རྒ་ཤིའི་མཛའ་། །ཡན་ལག་བཅུ་གཉིས་ཆ་གསུམ་ཟོ་ཆུའི་ཚུལ། །ནང་གི་རྟེན་འབྲེལ་ཡང ་དང་ཡང་དུ་འཁོར། །ཚེ་རབས་ཚེ་རབས་གྲངས་མེད་དེ་དང་དེར། །སྐྱེ་དང་རྒ་དང་ན་དང་འཆི་བ་ཡི། །སྡུག་བསྔལ་རྣམས་ཀྱིས་ཡང་དང་ཡང་དུ་གདུངས། །འཁྲུལ་ནས་འཁོར་གྱུར་འཁྲུལ་ཅིང་འཁོར་བར་འགྱུར། །ཀྱི་ཧུད། སྲིད་པའི་ལམ་གྱིས་དུབ་པའི་འདྲོན་པོ ་རྣམས། །སྡུག་བསྔལ་བདེ་བར་མཐོང་ནས་མི་སྐྱོ་བར། །ཁྱོད་ཡིད་དེ་ལ་རྟག་ཏུ་ཆགས་བྱེད་པ། །ཕྱུགས་དང་ཁྱད་པར་མེད་པར་བླ་མ་གསུང། བླ་མས་ཟིན་པའི་སྐྱེ་བོ་མཁས་པ་དག་།སྐད་ཅིག་སྐད་ཅིག་འགྲོ་བ་ལྔ་པོ་ཀུན། །འཁོར་བའི་སྡུག་བསྔལ་ཚེར་མ་ཟུག་འདྲ ་ལ། །དུས་པའི་གཏིང་ནས་སྙིང་རྗེས་སུ་མི་སྐྱེ། །ལས་ངན་དབང་གིས་འཁོར་པའི་རྒྱ་མཚོ་འདིར། །ཡང་ཡང་སྐྱེ་ཞིང་ཡང་ཡང་རྒ་དང་ན། །ཡང་ཡང་འཆི་འགྱུར་འདི་ནི་མི་སེམས་པར། །ཡུལ་ལ་ཆགས་བྱེད་བདག་གིས་ཇི་ལྟར་བྱ། །ཀྱེ་ཀྱེ་ཀྭ་ཡེ་གྲོགས་པོ་དག་། ་སྲིད་པ་གསུམ་ནང་གནས་པ་ཀུན་སྡུག་བསྔལ། །དེ་ཡང་མི་ཡིས་སྡུག་བསྔལ་བདག་གིས་མཐོང། །མངལ་གྱི་སྡུག་བསྔལ་འདི་ལྟ་བུར་གནས། །ནུར་ནུར་མེར་མེར་གོར་གོར་ནར་ནར་བོ། །ལྟར་ལྟར་མཁྲང་དང་རྐང་ལག་རིམ་གྱིས་རྫོགས། །ནུ་ཞོ་མར་གྱིས་གསོ་བྱེད ་ཅིང། །ཤིན་ཏུ་ཉམ་ཆུང་གན་རྐྱལ་ཉལ། །བྱིས་པ་དར་མ་ལང་ཚོ་དང། རྒས་པས་སླར་ཡང་བྱིས་པར་འགྱུར། །ཚེ་ནི་མི་རྟག་ཤིན་ཏུ་གཡོ་བ་སྟེ། །ཡུད་ཙམ་སྡོད་པའི་མཐུ་ཡང་ཡོད་མ་ཡིན། །བདག་ནི་ངེས་པར་འཆི་འགྱུར་མི་སེམས་པ། །གྲོགས་དག་སྐྱེས་བུ ་དེ་ནི་ངོ་མཚར་ཆེ། །འཁོར་བའི་སྐྱོན་དང་ཉེས་དམིགས་མི་ཤེས་པས། །ཕྱིན་ཅི་ལོག་པ་བཞི་ལ་གནས་ནས་སུ། །བདག་ནི་ངེས་པར་འཆི་འགྱུར་མི་སེམས་པར། །ཡུལ་ལ་མངོན་ཞེན་ཉིན་མཚན་དོན་མེད་འདས། །ཛམ་བུའི་གླིང་པ་དུས་མིན་འཆི་བ་སྟེ། །ངེས་པ་ཅན་ཡང་ཟས་པར ་འགྱུར་བས་ན། །ཡང་དང་ཡང་དུ་ངས་པར་འཆི་འོ་ཞེས། །བསམ་པར་རིགས་སོ་ཀྭ་ཡེ་བཞིན་བཟང་དག་།སོས་ཀ་མེ་ཏོག་རྒྱས་པའི་དུས་འདི་འབྱུང་བར་འགྱུར། །ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི།། ་ཟས་པར་འགྱུར་ཞེས་ཤིན་ཏུ་མིང་གར་འགྱུར་བ་མེད། །དེ་རིང་འདི་བྱ་སང་ནི་འདི་བྱ་དེ་ནས་འདི་དང་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི། །སྐྱེ་དགུ་འཆི་བདག་གི་ནི་ཆུ་སྲིན་ཁར་ནི་གཞི་ཞུགས་པ་ལྟར། །བྱ་བ་མཐར་མ་ཕྱིན་བར་ཡུལ་གྱི་ཆུ་ཡི་དཔའ་ ་ཀློང་ནང་དུ་ལྷུང། །འདི་ནི་སང་བྱའི་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེའི་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བྱེད་ཅིང། །མིག་རྩ་དམར་ཁྲོས་མར་བས་གད་མོ་རེ་སྙམ་འདེབས། །རྣལ་འབྱོར་བསྟན་བཅོས་ཐམས ་ཅད་དང། སྦྱོར་བ་དུ་མ་ཤེས་རབ་ཀྱང། །དེང་བྱ་སང་བྱ་ཞེས་སྨྲ་ཞིང། །བསམ་དང་ལྡན་པར་འཆི་བར་འགྱུར། །ཚེ་ནི་གནོད་མང་རླུང་གིས་བཏབ་འདྲ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྡུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར ་ཆེ། །ཀྱེ་ཀྱེ་ཀྭ་ཡེ་གྲོགས་པོ་དག་།ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་རང་ལ་བླང་བར་གྱིས། །ཀྱེ་ཀྱེ་ཀྭ་ཡེ་གྲོགས་པོ་དག་།འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་ན། །བྱས་པ ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཀྱེ་ཀྱེ་ཀྭ་ཡེ་གྲོགས་པོ་དག་།ཚད་མ་བདུན་དང་བརྡ་སྤྲོད་རྣམ་པ་བཞི། །མངོན་པ་དང་ནི་ཡོ་ག་ཙརྱའི་ས། །མདོ་སྡེ་དང་ནི་འདུལ་བ་མངོན་པ་དང།། ་གཞུང་དུ་བཀོད་པ་མ་ལུས་ཐམས་ཅད་ཀུན། །མ་མཐོང་མ་མཉན་མ་བཤད་མ་བྲིས་ཞེས། །དེ་ལ་གདུང་བ་མི་བསྐྱེད་བཞིན་བཟང་དག་།བླ་མའི་མན་ངག་ཅེས་བྱ་བདུད་རྩིའི་རོ། །གང་གིས་སེམས་མཉམ་འཇོག་པ་དེ་ཙམ་ཞིག། ཡོངས་སུ་བཙལ་གྱི་གཞུང་མང་ཅི་ཞིག་དགོས། ་ཐམས་ཅད་ཡིད་ནི་འཁྲུལ་པར་བྱེད་པའི་རྒྱུ། །འཁོར་བའི་གནས་འདི་ངེས་པ་མེད་པས་ན། །ཕ་མ་ལ་སོགས་ཕ་མར་མ་ངེས་པས། །ཉེ་དུ་འབྲེལ་བ་དག་ལ་ཆགས་པ་སྤང། །དགྲ་ཡང་མ་ངེས་དེ་ལ་སྡང་བ་སྤང། །ནད་མེད་ལང་ཚོ་ཕུན་སུམ་ཚོགས་པ་དང། །འདོད་ཡོན་ལྔ་ལ་རང་བཞིན་གྱིས་ཆགས་སྤང། །རྙད ་པ་དང་ནི་བཀུར་སྟི་གྲགས་པ་དང། །རིགས་དང་རུས་དང་ཚིགས་སུ་བཅད་པ་སྤང། །སློབ་མ་ཡང་སློབ་ཆོས་ཀྱི་འབྲེལ་པ་སྤང། །ཀྱཻ་ཀྭ་ཡེ་གྲོགས་པོ་དག། འཇིག་རྟེན་སྟག་སྦྲུལ་མེ་དང་དུག་འདྲ་བར། །བསམས་ནས་སྤངས་ཏེ་དབེན་བར་གནས་པར་བྱ། །བུད་མེད་མཚན་ཉིད ་སྐྱེས་པའི་མཚན་ཉིད་དང། །སྨན་དང་གླང་ཆེན་བརྟག་པ་འམ་གཟའ་སྐར་རྩིས། །མཚོན་ཆ་བརྟག་པ་འམ་རྟ་དཔྱད་རང་བཟོ་འམ། །བསྟན་བཅོས་ངན་པ་སློབ་དང་ཀླག་པ་སྤང། །ཡུལ་ལ་མངོན་དགའ་ཨི་སེམས་ནི་བྱུང་བ་དང། །རྣམ་རྟོག་དེ་དག་རྣམས་ནི་བྱུང་བ་ན། །བདག་ནི ་ངེས་པར་འཆི་བ་དྲན་བྱས་ལ། །འོག་ནས་འབྱུང་བའི་གཉེན་པོ་རྣམས་ཀྱི་བཟློག། རྣམ་རྟོག་མང་བ་དབུགས་བགྲངས་པ་ཡིས་གཞི་ལ། །འདོད་ཆགས་སེམས་བྱུང་རྣམ་པར་རྟོག་པ་དེ། །རང་བཞིན་མི་གཙང་ཀེང་རུས་ལྟ་བས་བཟློག་།ཞེ་སྡང་ལ་ནི་བྱམས་པའི་ཆུ་ཡིས ་གདང། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །མི་གཙང་བ་དང་བྱམས་པ་རྟེན་འབྲེལ་གྱི། །མན་ངག་བླ་མའི་ཞལ་ནས་བྱུང་བཞིན་བྱ། །འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་བ་ཞེས་བྱ་བའི་གླུ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ཞུས་ཆེན་གྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་དུ་བསྒྱུར་པའོ།། །།སླད་ནས་བླ་མ་དེ་ཉིད་དང། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ།། །། ་