| Wylie | e-texts based on the ACIP/ALL Input |
ལུང་འདིར་མི་བརྗོད་དོ། །གཞན་གྱི་དོན་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་དང་སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ལུང་དང་རིགས་པ་ཤིན་ཏུ་མང་མོད་ཀྱི། འདིར་མ་སྨྲོས་སོ། །དབུ ་མའི་མན་ངག་ཅེས་བྱ་བ་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལྷ་ས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །།རྒྱ་གར ་སྐད་དུ། སཾ་གྲ་ཧེ་གརྦྷ་ནཱ་མ། བོད་སྐད་དུ། སྙིང་པོ་བསྡུ་བ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སྡུག་བསྔལ་རྒྱ་མཚོ་ཆེའི། །དབའ་རླབས་ཤིན་འཁྲུགས་པ་ནི། །དགེ་དང་མི་དགེ་ལ་སོགས་པའི། །ཟག་བཅས་ལས་ལས་ངེས་པར་འབྱུང།། ་དེ་དག་ཆགས་སྡང་ལ་སོགས་པའི། །ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། །དེ་དག་འབྱུང་བའི་རྒྱུ་ཉིད་ཀྱང། །ཡིད་དུ་འོང་དང་མི་འོང་སོགས། །གཉིས་སུ་འཛིན་པ་འདི་ལས་བྱུང། །ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི། །རྟག་དང་ཁྱབ་དང་གཅིག་པུ་སོགས། །དངོས་པོར་འཛིན་པའི་གདོན ་ཡིན་ཏེ། །དེ་བས་སྐལ་ལྡན་སྐྱེས་བུ་ནི། །བདག་གཞན་གྲོལ་བ་དོན་གཉེར་བས། །རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི། །རིགས་པ་གང་ལ་གོམས་པ་ཡིས། །དངོས་པོར་འཛིན་པ་བཟློག་པར་བྱ། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །མཚན་མ་ཐམས་ཅད་དང་བྲལ་བའི།། ་ནམ་མཁའ་ལྟ་བུར་ཤེས་བྱ་ལས། །དངོས་འཛིན་གདོན་གྱིས་བརླམས་པ་ཡི། །འགྲོ་ཀུན་ཡུལ་དུ་བྱས་ནས་ནི། །སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པ། །སྙིང་རྗེ་ཆེན་པོ་སྔོན་འགྲོ་བས། །བདག་གཞན་དོན་ཀུན་འབྱུང་བ་ཡིན། །རིན་ཆེན་བྱང་ཆུབ་སེམས་བསྐྱེད་བྱ། །བྱང ་ཆུབ་སྤྱོད་བ་རླབས་ཆེན་པོ། །ཕ་རོལ་ཕྱིན་དྲུག་ལ་སོགས་ལ། །མཉམ་གཞག་ལངས་པའི་སྦྱོར་བ་ཡིས། །ལམ་ལྔ་རིམ་གྱིས་བགྲོད་བྱས་ཏེ། །སྒྲིབ་པ་རྣམ་གཉིས་བསལ་བྱས་ནས། །ཚོགས་གཉིས་ཡོངས་སུ་རྫོགས་པ་ལས། །འབྲས་བུ་སྐུ་གསུམ་བསྒྲུབ་བར་བྱ་སྐུ ་གསུམ་འབྱུང་བའི་མཚན་ཉིད་ཀྱང། །སྟོང་ཉིད་ནམ་མཁའ་ལྟ་བུ་ལས། །བཅོལ་མེད་ཐུགས་རྗེའི་སྤྲིན་འབྱུང་ཞིང། །སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །ཁམས་གསུམ་ཐ་བའི་རྒྱུད་བརླན་ཏེ། །བྱང་ཆུབ་སྙིང་པོའི་ས་བོན་ལས། །དགེ་བའི་ལོ་ཏོག་སྨིན་བར་འགྱུར། །སངས་རྒྱས་ཀུན་གྱི ་སྙིང་པོ་དེ། །འདི་ནི་སྙིང་པོ་བསྡུས་བ་ཡིན། །ཐ་མའི་དུས་སུ་གྱུར་བས་ན། །ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིག་གནས་བའི་མཐུ་མེད་པས། །ཚིག་རྗེས་བཅད་པར་མི་ནུས་ཀྱིས། །བཤེས་གཉེན་དམ་པ་བསྟེན་བྱས་ཏེ། །ཤིན་ཏུ་བརྩོན་པའི ་སེམས་ལྡན་བས། །གཡངས་རབ་ཏུ་དྲན་བྱ་སྟེ། །བདག་གཞན་གྲོལ་བར་བྱ་བའི་ཕྱིར། །སྙིང་པོ་མྱུར་དུ་བསྡུ་བ་ཡིན། །བརྩེ་བས་འདི་བྱས་བསོད་ནམས་ཀྱིས། །སྐལ་ངན་སེམས་ཅན་ཐམས་ཅད་ཀྱང། །བྱང་ཆུབ་སེམས་དང་ལྡན་གྱུར་ནས། །སྙིང་པོ་མྱུར་དུ་སྡུད་པར་ཤོག་།སྙིང་པོ་བསྡུ་བ ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཞི་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཧྲི་ད་ཡ་ནི་ཀྲི་བ་ཏ་ནཱ་མ་། ་བོད་སྐད་དུ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མངོན་མཐོ་ངེས་པར་འབྱུང་སྟེར་བ། །དཀོན་མཆོག་གསུམ་ལ་གུས་བཏུད་ནས། །འཁོར་བའི་འཇིགས་པ་སེལ་བ་ཡི། །སྙིང་པོ་བསྡུ་བ་བཤད་བར་བྱ། །འཁོར་བའི་མཚན་ཉིད་སྡུག་བསྔལ་དང། ་ལས་དང་ཉོན་མོངས་རྣམ་རྟོགས་ཏེ། །དེ་དག་རྒྱུ་འབྲས་གོ་རིམ་ཅན། །འཁོར་བ་བསྡུས་ནས་བསྟན་བ་ཡིན། །ཐར་པའི་མཚན་ཉིད་བྱང་ཆུབ་སྟེ། །ཤེས་རབ་ཐབས་དང་སྤྱོད་པ་དང། །ལམ་ལྔ་དང་ནི་ཚོགས་གཉིས་ལས། །མྱ་ངན་འདས་པའི་སྐུ་གསུམ་འབྱུང། །དེ་ཡང་རྒྱུ་འབྲས་གོ་རིམ ་ཅན། །ཐར་པ་བསྡུས་ནས་བསྟན་པའོ། །ཁམས་གསུམ་སྡུག་བསྔལ་རྒྱ་མཚོ་ཆེ། །དཔའ་རླབས་ཤིན་ཏུ་འཁྲུགས་པ་ནི། །དགེ་དང་མི་དགེ་ལ་སོགས་པའི། །ཟག་བཅས་ལས་ལས་ངེས་པར་འབྱུང། །དེ་དག་གཏི་མུག་ཆགས་སྡང་སོགས། །ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། །ཡིད་འོང ་