| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་དོ།། །།རྒྱ་གར་སྐད་དུ། ཙཨཱ་རྱ་སཾ་གྲ་ཧ་པྲ་དཱི་བཾ། བོད་སྐད་དུ། སྤྱོད་པ་བསྡུས ་པའི་སྒྲོན་མ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གིས་གསུང་གི་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པའི། །དམ་པའི་སྐྱེས་མཆོག་དེ་ལ་འདུད། །གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་བསྒྲུབ་པོ་ཞེས། ་བླ་མ་སངས་རྒྱས་གསུང་བས་ན། །དེ་དོན་བདག་གིས་བྲི་བར་བྱ། །གསང་སྔགས་འདི་རུ་བརྗོད་མི་བྱ། །ཕ་རོལ་ཕྱིན་ལུགས་སྤྱོད་པ་ཡི། །བྱང་ཆུབ་སེམས་པའི་སྤྱོད་པ་དང། །མདོ་ཙམ་བདག་གིས་བཤད་པར་བྱ། །སེམས་སྐྱེད་སྔོན་དུ་སོང་བ་ཡིས། །བྱང་ཆུབ་སེམས་དཔའ་ཨི ་སྡོམ་པ་བླང། །མདོ་སྡེ་མ་ལུས་ཀུན་བལྟ་ཞིང། །བསྟན་བཅོས་མཛའ་དག་མཉན་པར་བྱ། །ལུས་དང་ངག་དང་ཡིད་གསུམ་གྱིས། །ཇི་སྐད་བཤད་པའི་སྡོམ་པ་རྣམས། །མ་ཉམས་གཙང་མར་བསྲུངས་བྱས་ལ། །ཚུལ་ཁྲིམས་རྣམ་པར་དག་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར ་བྱ། །དབང་པོ་རྣམས་ཀྱིས་སྒོ་ཡང་བསྡམ། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །མི་ཉལ་རྣལ་འབྱོར་བརྩོན་པར་བྱ། །ཁས?་མ་ཐོ་ཕྲ་རབ་ལ་འང། །ཤིན་ཏུ་འཇིགས་པ་བསྐྱེད་པར་བྱ། །མཚན་མོ་ཆ་གསུམ་བགོ་བྱ་སྟེ། །ཐ་མའི་ཆ་ལ་ལྡང་པར་བྱ། །གདོང་ལ་སོགས་པ་བཀྲུ་བ་འམ། །ཡང ་ན་མ་བཀྲུས་པ་ཡང་རུང། །བདེ་བའི་སྟན་ལ་འདུས་ནས་ནི། ཆོས་རྣམས་ཆོས་ཉིད་དྲན་པར་བྱ། །མཚན་མས་གཡེངས་སམ་མ་ནུས་ན། །ལངས་ལ་དངོས་པོ་སྣང་བ་ཀུན། །སྒྱུ་མ་ལྟ་བུར་ཉེ་བར་བརྟག་།བར་སྐབས་དེར་ཡང་དགེ་སྦྱོར་ནི། །ཡན་ལག་བདུན་པ་རྫོགས་པར་བྱ། ། ་སྨོན་ལམ་ཤིན་ཏུ་རྒྱ་ཆེན་གདག་།ཡང་ན་སྔར་གྱི་སྒོམ་པ་བསྒོམ། །དེ་ནས་ཟས་ཀྱིས་དུས་དག་ཏུ། །སྙིང་པོ་མེད་པའི་ལུས་འདི་ཡིས། །སྙིང་པོ་དམ་པ་བཙལ་བྱ་ཞེས། །ལུས་ལ་གྲུ་ཡི་བློ་བཞག་ལ། རྒྱགས་པ་བསྐྱེད་ཕྱིར་མི་བཟའ་ཞིང། །རོལ་ཆགས་པས་མི་བཟའ་ཨོ། །ཟས་ལ་ཆ་བཞིར་འགོ ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་རྗེས་ཆོས་ཀྱི་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེན་གཏང། །རང་གིས་ཟོས་ཤིང་འཐུངས་པ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །བར་སྐབས་དེར་ཡང་སྒྲུང་རྒྱུད་དང། །ངོ་མཚར་ཅན་གྱི་གཏམ་ཡང་བྱ་དེ་ནས་ལངས་ལ་ཅུང་ཞིག ་བཅག་།ཡང་ན་རྟེན་ལ་བསྐོར་བ་བྱ། །བཟླས་བརྗོད་གླེགས་བམ་ཀླག་པ་འམ། །ཡང་ན་བདེ་གཤེགས་གཟུགས་བརྙན་བྱ། །ཇི་སྲིད་རྡུལ་ནི་མ་བྱུང་བ། །དེ་སྲིད་སྐོར་བ་མ་ཡེངས་པར། །བྱས་ལ་སྨོན་ལམ་རྒྱ་ཆེན་གདག་།མདོར་ན་མགོན་པོ་བྱམས་པ་ཡིས། །བཤད་པའི་ཆོས་སྤྱོད་བཅུ་པོ་རྣམས ་ཡི་ནི་རབ་ཏུ་?གཡེངས་ཤིང། །སྒྱུ་མ་ལྟ་བུར་དྲན་པས་སྦྱང། །གལ་ཏེ་ཡོང་ན་དགེ་འདུན་མཆོད། །ཡང་ན་བྱིས་པའི་སྟོན་མོ་བྱ། །མགོན་མེད་ངག་ལ་སྦྱིན་པ་ནི། །རྣལ་འབྱོར་བསོད་ནམས་ཚོགས་སུ་འགྱུར། །ཉིན་མོའི་བྱ་བ་རྫོགས་པ་དང། །མཚན་མོའི་ཆ་ནི་དང་པོ་རུ།། ་།།ཆོས་ཉིད་སྤྲོས་པ་དང་བྲལ་བ། །ཤེས་པའང་སྤྲོས་དང་བྲལ་བར་བཞག་།མཚན་མོའི་གུང་ལ་བབ་པ་ན། །ལྡང་དང་སྣང་བའི་འདུ་ཤེས་ཀྱི། །སེང་གེ་ཇི་ལྟར་ཉལ་བ་ལྟར། །དགེ་བའི་གཉིད་ནི་ལོག་པར་བྱ། །སྤྱིར་ན་མཉམ་གཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར ་མི་བྱ། །ཡང་ན་མཉམ་གཞག་མི་གསལ་ན། །འཇིག་རྟེན་མཐུན་འཇུག་བྱ་བའི་ཕྱིར། །ལུས་ངག་དགེ་བ་ཅི་ནུས་བྱ། །འཇིག་རྟེན་སེམས་དང་མ་མཐུན་ན། །འདི་ནི་བདག་གིས་ཆོས་མིན་ཞེས། །བསམ་པ་བཟང་པོ་སྔོན་བཏང་ལ། འཇིག་རྟེན་ཡུལ་ཆོས་དྲི་བར་བྱ། །ནཻ་པ་ལ་ཡིས་ཡུལ་དུ་ནི།། ་རང་གི་གྲོགས་པོས་བསྐུལ་ནས་བྱས། །གསང་སྔགས་ལུགས་ལ་མི་མོས་ན། །འདི་ལྟར་མཛོད་ཅིག་སྠཱ་བི་ར། །སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ ་ན་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ།། །།རྒྱ་གར་སྐད་དུ། ས་ཏྱདྭ་ཡཱ་བ་ཏཱ་ར། བོད་སྐད་དུ། །བདེན་པ་གཉིས་ལ་འཇུག་པ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན ་