| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་དཱི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་སེམས་དཔའ་ ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང། །དགེ ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཆུང་ངུ་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད ་རབ་གསལ་བ། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་གི་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང ་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང། །སྡིག་པའི་ལས་ལས་ལྡོག་བདག་ཉིད། ། ་གང་ཞིག་རང་དོན་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག ་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །སེམས་ཅན་དམ་པ་བྱང་ཆུབ་མཆོག་།འདོད་པར ་གྱུར་པ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །རྫོགས་སངས་བྲིས་སྐུ་ལ་སོགས་དང། །མཆོད་རྟེན་དམ་པ་མངོན ་ཕྱོགས་ནས། །མེ་ཏོག་བདུག་སྤོས་དངོས་པོ་དག་།ཅི་འབྱོར་པ་ཡིས་མཆོད་པར་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ ་བདུན་དག་ཀྱང། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་པ་ཡི་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་དད་ཅིང། །པུས་མོའི་ལྷ ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དང་པོར་སྐྱབས་འགྲོ་ལན་གསུམ་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས ་ནི་སྔོན་འགྲོ་བས། །ངན་སོང་གསུམ་དང་སྐྱེ་སོགས་དང། །འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི། །འགྲོ་བ་མ་ལུས་ལ་བལྟས་ཏེ། །སྡུག་བསྔལ ་གྱིས་ནི་སྡུག་བསྔལ་བ། །སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས། །འགྲོ་བ་ཐར་པར་འདོད་པ་ཡིས། །ལྡོག་པ་མེད་པར་དམ་འཆའ ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ ་ལས་བྱམས་པས་རབ་ཏུ་བཤད། །དེ་ཡིས་མདོ་ཀློག་པ་འམ་བླ་མ་ལ་མཉན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཛའ་མེད་པ། །རྣམ་པར ་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ། །དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །དཔས་སྦྱིན་གྱིས་ཞུས་མདོ་དག་ལས། །འདི་ཡི་བསོད ་ནམས་རབ་བསྟན་པ། །གང་དེ་ཚིག་བཅད་གསུམ་ཙམ་དུ། །མདོར་བསྡུས་འདིར་ནི་བྲི་བར་བྱ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །དེ་ལ་གལ ་ཏེ་གཟུགས་མཆིས་ན། །ནམ་མཁའ་ཨི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན ་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱི་སྟེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཛའ་ནི་མ་མཆིས་སོ། །བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི།། ་འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང། །འདི་ནི་སྐྱེ་བ་གཞན་དཱུང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པའང་ཡོངས་སུ་བསྲུང། །འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨོན ་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང། །སོ་སོར་ཐར་བ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དག་།བྱང་ཆུབ ་སེམས་དཔའ་ཨི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །སོ་སོར་ཐར་པ་རིས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། ། ་དགེ་སློང་སྡོམ་པ་དག་ཏུ་བཞེང། །བྱང་ཆུབ་སེམས་དཔའ་ཨི་ས་དག་གིས། །ཚུལ་ཁྲིམས་ལེའུར་གསུངས་ཆོ་ག་ཡིས། །ཡང་དག་མཚན་ཉིད་ལེན་པ་ཡི། །བླ་མ་བཟང་ལས་སྡོམ་པ་ ་བླངས། །སྡོམ་པའི་ཆོ་ག་ལ་མཁས་དང། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །དེ ་ལ་འབད་པས་འདི་འདྲ་བའི། །གལ་ཏེ་བླ་མ་མ་རྙེད་ན། །དེ་ལ་གཞན་སྔོ་མ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །མྦ་རཱ་ཛ་ར་གྱུར་པ་ཡིས། ། ་ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། ། ་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང། །འགྲོ་བ་ཐམས་ཅད་འགྲོན་དུ་གཉེར། །དེ་དགའ་ཁོར་བ་ལས་བསྒྲལ་ལོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང། །སེར་སྣ་དང་ནི་ཕྲག ་དོག་ཉིད། །དེང་ནས་བཟུང་ནས་བྱང་ཆུབ་མཆོག་།ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱང་བྱ་ཞིང། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་ ་པས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི ་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བ་བྱས་པ་དང། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གིས་ལུས་དང་ངག་གི་ལས། ། ་ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་པས། །ཚུལ་ཁྲིམས་བསླབ ་པ་གསུམ་ལ་གུས་ཆེར་འགྱུར། །དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའ་ཨི་སྡོམ་པའི་སྡོམ་དག་ནི། །འབད་པས་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །བསོད་ནམས་ཡེ་ཤེས་རང་བཞིན་གྱིས། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི ་སངས་རྒྱས་ཐམས་ཅད་དག་།མངོས་ཤེས་བསྐྱེད་པ་ཉིད་དུ་བཞེང། །ཇི་ལྟར་འདབ་གཤོག་མ་སྐྱེས་པའི། །བྱ་ནི་མཁར་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །མངོན་ཤེས་ལྡན་པའི་ཉིན་མཚན་གྱིས། །བསོད་ནམས ་དག་ནི་གང་ཡིན་ཏེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱ་མངོན་ཤེས་དག་།འགྲུབ་པར་འགྱུར་གྱིས་ལེ་ལོས་མིན། ཞི་གནས་གྲུབ་པ་མ་ཡིན་པས།། ་མངོན་ཤེས་འབྱུང་བར་མི་འགྱུར་བས། །དེ་ཕྱིར་ཞི་གནས་བསྒྲུབ་བའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམ་བྱས་ཀྱང། །ལོ་ནི་སྟོང་ཕྲག་དག་གིས་ཀྱང། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས ་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །དམིགས་པ་གང་རུང་ཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །རྣལ་འབྱོར་ཞི་གནས་གྲུབ་གྱུར་པ། མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང། བྲར་པས་སྒྲིབ?་བཟང་མི་འགྱུར། །དེ་ཕྱིར ་ཉོན་མོངས་ཤེས་བྱ་ཡིས། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐོབས་བཅས་བསྒོམ་པར་བྱ། །ཐབས་དང་བྲལ་བའི་ཤེས་རབ་དང། ཤེས་རབ་བྲལ་བའི་ཐབས་དག་ཀྱང། །གང་ཕྱིར་འཆིང་བ་ཞེས་གསུངས ་པ། །དེ་ཕྱིར་གཉིས་ཀ་སྤང་མི་བྱ། །ཤེས་རབ་གང་དང་ཐབས་གང་ཞེས། ཐེ་ཚོམ་དག་ནི་སྤང་བྱའི་ཕྱིར། །ཐབས་རྣམས་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཤེས་རབ་ཕ་རོལ་ཏུ་ཕྱིན་སྤངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཚོགས་རྣམས་ཐམས ་ཅད་དག་།རྒྱལ་པོ་རྣམས་ཀྱིས་ཐབས་སུ་བཤད། །ཐབས་བསྒོམས་དབང་གིས་བདག་གིས་བདག་ཉིད་ཀྱི། །གང་ཞིག་ཤེས་རབ་རྣམ་བསྒོམ་པ། དེས་ནི་བྱང་ཆུབ་མྱུར་དུང་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། རང ་བཞིན་སྟོང་ཉིད་ཤེས་པ་ནི། ཤེས་རབ་ཅེས་ནི་ཡོངས་སུ་བཤད། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པའང་ནམ་མཁའ་ཨི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །དངོས་པོ་རང་ལས་མི་སྐྱེ་ཞིང། །གཞིན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ ་མེད་ལས་ཅོ?་ནཻ?་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །ཡང་ན་ཆས་རྣམས་ཐམས་ཅད་དག་།གཅིག་དང་དུ་མས་རྣམས་དཔྱད་ན། །ངོ་བོ་ཉིད་ནི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངས། །སྟོང་ཉིད་བདུན་ཅུའི་རིགས་པ་དང། །དབུ་མ་རྩ་བ་སོགས་ལས་ཀྱང། །དངོས་པོ་རྣམས་ཀྱི་རང ་བཞིན་གྱིས། །སྟོང་པ་ཉིད་ནི་གྲུབ་བཤད་པ། །གང་ཕྱིར་གཞུང་ནི་མངས་འགྱུར་བས། །དེ་ཕྱིར་འདིར་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཛའ་ཙམ་ཞིག་ཏུ། །བསྒོམ་པའི་ཕྱིར་ནི་རབ་ཏུ་བཤད། །དེ་བས་ཆོས་རྣམས་མ་ལུས་པའི། །རབ་བཞིན་དག་ནི་མི་དམིགས་པས། །བདག་མེད་པ ་ནི་སྒོམ་གང་ཡིན། །དེ་ཉིད་ཤེས་རང་བསྔོམ?་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་ཞིང། །ཤེས་རབ་དེ་ཉིད་རིག་བཤད་པ། རྣམ་རྟོག་མེད་པར་དེ་བསྒོམ་བྱ། རྣམ་རྟོག་ལས་བྱུང་སྲིད་པ་འདི། རྣམ་པར་རྟོག་པའི་བདག་ཉིད་དེ། ད ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །དེ་ལྟར་ཡང་ནི་བཅོམ་ལྡན་གྱིས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། རྟོག་མེད་ཏིང་འཛིན་ལ་གནས་པས། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། ཞེས་གསུངས་སོ། རྣམ་པར་མི་རྟོག་པ ་ལ་འཇུག་པའི་གཟུངས་ལས་ཀྱང། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། རྣམ་རྟོག་བགྲོད་?་བ་རྣམས་འདས་ཏེ། རིམ་གྱིས་མ་རྟོག་ཐོབ་པར་འགྱུར། ཞེས་གསུངས་སོ། །ལུང་དང་རིགས་པ་དག་གིས་ནི། ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད ་བ་ངེས་བྱས་ནས། རྣམ་པར་རྟོག་མེད་བསྒོམ་པར་བྱ། །དེ་ལྟར་དེ་ཉིད་བསྒོམ་བྱས་ནས། །རིམ་གྱིས་དྲེད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང། །སྔགས་མཐུ་ཉིད་ལས་གྲུབ་པ་ཡི། ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང། །བདེན་པ་ཡིན་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་བསང་སྔགས་སྤྱོད་འདོད་ན། །དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན ་སོགས་སྦྱིན་དང། བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། བླ་མ་དམ་པ་མཉེས་པར་བྱ། བླ་མ་མཉེས་པར་འགྱུར་པ་ཡིས། ཡོངས་སུ་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །དང་པོ་སངས་རྒྱ་བརྒྱུད་ཆེན་ལས ་རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། གལ་ཏེ་དབང་བསྐུར་དེ་འཛིན་ན། ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྦྱང་པར་གྱུར་པའི་ཕྱིར། དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། བརྟུལ་ཞུགས་ཅན་དག་མ?་བ ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང། །དེ་ནི་ངན་སོང་དེས་ལྟུང་པས། །དྲུག?་པ་ནན་ཙམ་ཡང་འོད་མ་ཡིན། །རྒྱུད་ཀུན་ཉན་དང་འཆད་ག་དང། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐང་རྙེད་གྱུར་ཅིང། །དེ་ཉིད་རིག་ལས་ཉེས་པ་མེད། གནས་རྟན་མར་མེ ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་དོ།། །།རྒྱ་གར་སྐད་དུ། ཙཨཱ་རྱ་སཾ་གྲ་ཧ་པྲ་དཱི་བཾ། བོད་སྐད་དུ། སྤྱོད་པ་བསྡུས ་