| Wylie | e-texts based on the ACIP/ALL Input |
པར་སྣང་མཛད་འོད་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ལ་ཕྱག་བཙལ་བར་བསམ་ཞིང། སྔགས་ཀྱི་གྲངས་གོང་མ་བཞིན་དུ་བརྗོད་དོ། །དེ་ནས་བརྟེན་འབྲེལ་གྱི་སྡ? ་བཟླས་ཤིང་གདབ་བོ། །དེ་ནས་འབྲུ་འམ་མེ་ཏོག་ལ་བརྟེན་འབྲེལ་གྱི་སྔགས་ལན་གསུམ་མམ་བདུན་བཟླས་ལ་དབུལ་ལོ། །དེ་ནས་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་དའི་དབའ ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག། ཅེས་སྨོན་ལམ་གད་བོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙཊས་གདབ་པའི་ཆོ་ག། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་ཨོཾ་ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱ་ན་ཏ་ཐཱ་ག་ཏོ་ཧཡ་ད་ཏ་ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ:།། །།*། །བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་བཞུགས།། །།རྒྱ་གར་སྐད་དུ། གུ་རུ་ཀྲི་ཡ་ཀྲ་མ། བོད་སྐད་དུ། བླ་མའི་བྱ་བའི ་རིམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་ཚད་དང་ལྡན་པའི་སློབ་དཔོན་གྱིས། སློབ་མ་ལ་དད་བ་དང་ཡིད་ཆེས་པ་དང་འདོད་པའི་དད་པ་སྐྱེས་ལ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་ལ་སྤྲོ་བ་བསྐྱེད་པར་བྱའོ ་དེ་ནས་གནས་ཁང་ཁྱད་པར་ཅན་དུ་མཆོད་པའི་ཚོགས་ཁྱད་པར་ཅན་བཤམས་ལ། འཕགས་པའི་ཚོགས་སྤྱན་དྲངས་ཏེ། ཕྱག་བཙལ་བ་དང། ཞབས་བསིལ་ཞིང་གདན་འབུལ་བ་དང། བླ་ན་ཡོད་པ་དང། བླ་ན་མེད་པའི་མཆོད་པའི་ཚོགས་ཀྱིས་ལེགས་པར ་མཆོད་ཅིང། མཆོད་པའི་སྤྲིན་གྱི་སྔགས་ཀྱང་ལན་གསུམ་བརྗོད་དོ། །སྟོང་པ་བྱེད་པས་བདེ་བར་གཤེགས་པའི་ཡོན་ཏན་ཁྱད་པར་ཅན་དྲན་པའི་སྒོ་ནས་གུས་བས་བསྟོད་ཅིང། །དེ་དང་དེ་འཕལ་བའི་ཚིག་ཀྱང་བརྗོད་དོ། །ད་ནས་བཤགས་པ་དང་རྗེས་སུ་ཡི་རང་བ་དང། བསྐུལ? ་བ་དང། གསོལ་བ་གདབ་པ་དང་བསྔོ་བ་ལ་སོགས་པ་བྱ་སྟེ། དེ་ནས་སློབ་མ་དད་པ་དང་ལྡན་པས་སློབ་དཔོན་ལ་ཕྱག་བྱས་ལ། གསོལ་བ་གདབ་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལེགས་པར་བསྐྱེད་ལ། །དེ་དག་གི་རང་གི་ངོ་བོ་དང། དབྱེ་བ་དག། ཁྱད ་པར་ཡང་བརྗོད་དོ། །དེ་ནས་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང། བསྡུ་པའི་དངོས་པོ་བཞི་དང། ཚད་མེད་པ་བཞི་ལ་སོགས་པའི་མཚན་ཉིད་དང། རྒྱུ་དང་འབྲས་བུ་དང། བསླབ་པའི་གོ་རིམ་དང། ཉམས་པ་དང་མཉམས་པའི་སྐྱོན་ཡོན་དང། ཚུལ་ཇི་ལྟར ་བསླབ་པ་ལ་སོགས་པ་ཡང་རྒྱས་པར་བསྟན་པར་བྱའོ། །དེ་ཡང་བག་ཡོད་པ་དང། ཤེས་བཞིན་དང། དྲན་པས་ཟིན་པར་བྱའོ་ཞེས་བསླབ་པར་བྱའོ། །དེ་དག་གི་མཚན་ཉིད་དང། རོ་རིམ་དང། ཉམས་པ་དང་མ་ཉམས་པའི་སྐྱོན་ཡོན་ལ་སོགས་པ་ཡང ་བསླབ་པར་བྱའོ། །དེ་དག་བྱེད་པ་ལ་ཡང་བརྩོན་འགྲུས་དྲག་པོས་བསྐྱེད་ལ་ཇི་མི་སྙམ་པ་དང། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། མ་ཡེངས་པའི་བསམ་གཏན་དང། ཤེས་རབ་ཀྱིས་རང་བཞིན་མེད་པར་ཤེས་པར་བྱས་ལ། བསླབ་པ་གསུམ་མམ ་ཤེས་རབ་རྣམ་པ་གསུམ་ལ་མཉམ་པར་བཞག་པ་དང། སྤྱོད་ལམ་གྱི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བསྟན་པར་བྱའོ། །མཐར་སྨོན་ལམ་གྱིས་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་ཀྱང་བརྗོད་པར་བྱའོ། །འདི་ནི་སློབ་དཔོན་གྱིས་བསྟན་པའི་ལས་ཀྱི་གོ་རིམ ་མོ། །སློབ་མས་ཀྱང་ཚུལ་ཇི་ལྟར་བསྟན་པ་དེ་བཞིན་དུ་བསླབ་པར་བྱའོ། །འདི་ནི་མཚན་ཉིད་ཐག་པ་ཆེན་པོའི་སེམས་བསྐྱེད་པ་དང། བསླབ་པ་བསྟན་པའི་ཚུལ་ལམ་གོ་རིམ་ཆེ་ལོང་ཙམ་བསྟན་པ་ཡིན་ནོ། །རྒྱས་པར་ནི་གཞན་ནས་ཤེས་པར་བྱའོ། །བླ་མའི་བྱ ་བའི་རིམ་པ་མདོར་བསྡུས་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྡོགས་སོ།། །།སྡོམ་པ་གསུམ་གྱི་རིམ་པ་བཞུགས།། ། །།རྒྱ་གར་སྐད་དུ། དྲི་ས་བ་ར་ཀྲ་མ། བོད་སྐད་དུ། སྡོམ ་