| Wylie | e-texts based on the ACIP/ALL Input |
པ། ཉི་འོག་ཁམས་ན་མཚུངས་མེད་གཅིག་པུ་དེའི། །གསུང་འདི་ཕྱོགས་སུ་ཉི་ལྟར་རྒྱས་གྱུར་ཅིག། །།*། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག་བཞུགས་སོ།། །།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ོཾ་ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ནཱ་ཡ་བྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་རཧ་ཏེ་སཾ་མྱག་ཀསཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་སུཀྵྨེ་སུ་ཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱ་ནྟེ། ཨ་ས་མཱ་རོ་བེ། ཨ་ན་ལམྦྷེ། ཏ་རཾ་བྷེ། ཡ་ཤ། ཝ? ་ཏི། མཧཱ་ཏེ་ཛ། ནི་ར་ཀུ་ལེ། ནི་རི་བ་ཎེ། སརྦ་བུདྡྷ། ཨ་དྷི་ཥྛ་ན་ཨ་དྷིཥྛི་ཏེ་སྭཱཧཱ། གཟུངས་འདིས་འཇིམ་པའི་གོང་བུ་འམ་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་རྟེན་བྱའོ། །མཆོད་རྟེན་དེ་ལ་རྡུལ་ཕྲ་རབ་ཀྱི་གྲ་དས་ཇི་སྙེད་ཡོང་པ ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་གྲངས་ཇི་སྙེད་ཡོད་བདེ་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་དྲན་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དང་པོར་འཇིམ་པ་བརྡུང་བདག་གམ་གཞན་ཡང་རུང་བས་བྱམས་པ་དང་སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་བརྡུང་ངོ། །དེ་ནས་འབི་འབི་བྱིན་གྱིས་བརླབས་པ། འོག་མིན་ནས་བཅོམ་ལྡན་འདས་རྣམ ་པར་སྣང་མཛད་འོད་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ལ་ཕྱག་བཙལ་བར་བསམ་ཞིང། སྔགས་ཀྱི་གྲངས་གོང་མ་བཞིན་དུ་བརྗོད་དོ། །དེ་ནས་བརྟེན་འབྲེལ་གྱི་སྡ? ་བཟླས་ཤིང་གདབ་བོ། །དེ་ནས་འབྲུ་འམ་མེ་ཏོག་ལ་བརྟེན་འབྲེལ་གྱི་སྔགས་ལན་གསུམ་མམ་བདུན་བཟླས་ལ་དབུལ་ལོ། །དེ་ནས་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་དའི་དབའ ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག། ཅེས་སྨོན་ལམ་གད་བོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙཊས་གདབ་པའི་ཆོ་ག། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་ཨོཾ་ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱ་ན་ཏ་ཐཱ་ག་ཏོ་ཧཡ་ད་ཏ་ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ:།། །།*། །བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་བཞུགས།། །།རྒྱ་གར་སྐད་དུ། གུ་རུ་ཀྲི་ཡ་ཀྲ་མ། བོད་སྐད་དུ། བླ་མའི་བྱ་བའི ་