CLOSE WINDOW

N4161: byang chub sems dpa'i lam gyi rim pa mdor bsdus pa
Wyliee-texts based on the ACIP/ALL Input

པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང། བོད་ཀྱི་ལོཙཊས་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་རིམ་པ་མདོར་བསྡུས་པ་བཞུགས་སོ།། །།རྒྱ་གར་སྐད་དུ། པོ་དྷི་སཏྭ་སྱ ་མ་རྒ་ཀྲ་མ་སཾ་གྲ་ཧ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་རིམ་པ་མདོར་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་ཀུན་ཁྱབ་རྟག། ཡེ་ཤེས་ཐུགས་རྗེ་དབྱེར་མེད་པས། །སེམས ་ཅན་དོན་ཀུན་བསྒྲུབ་མཛད་པ། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །གདུལ་བྱའི་སྐྱེ་བོ་རྗེས་བཟུང་ཕྱིར། །བྱམས་དཔལ་ལོ་ཙཱས?་རབ་བསྐུལ་བས། །རྒྱལ་སྲས་ལམ་རིམ་མདོར་བསྡུས་ནི། །བདག་གིས་ཇི་ལྟར་བཟོད་ལྟར་བརྗོད་དོ། །ཐོག་མར་བཤེས ་གཉེན་བསྟེན་བྱ་སྟེ། །དེ་ཡི་ལེགས་སྤྱད་ཡོན་ཏན་བླང། །དེ་ཡང་སེམས་ཅན་དོན་བསྟན་ནུས། །ཤེས་སོགས་ཡོན་ཏན་ཕ་རོལ་ཕྱིན། །ཕུན་ཚོགས་དལ་བ་མྱུར་དུ་འཇིག། ལས་དང་དེ་འབྲས་སྡུག་བསྔལ་ཡིན། །དེ་སྤོང་ཤེས་རབ་སྙིང་རྗེ་བསྒོམ། །ཀུན་མཁྱེན ་བསྟན་པའི་སྙིང་པོའོ། །མི་ཁོམ་བརྒྱད་སྤངས་འབྱོར་བཅས་པའི། །དལ་བ་ཕུན་ཚོགས་རྙེད་དཀའ་སྟེ། །རྒྱ་མཚོ་ཆེར་ཡངས་ཤིང་བུག་ཏུ། །རུས་སྦལ་མགྲིན་ཆུད་དང་མཚུངས་གསུངས། །དེ་ཡང་མི་རྟག་མདུན་གནས་ཏེ། །སྐད་ཅིག་མི་སྡོང་རྣམ་པར་འཇིག་། ་འདུ་བྱེད་སྡུག་བསྔལ་རང་བཞིན་འདིར། །ཆོས་དང་གར་ཟག་བདག་མེད་ཉིད། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ལུས་དག་ཡིད་ཀྱིས་བསྐྱེད་པ་ཡི། །དགེ་དང་མི་དགེ་ཀུན་འབྱུང་བ། །ལས་དང་ཉོན་མོངས་མིང་གིས་གངགས། །སྡིག་པས་ངན་འགྲོར་ལྷུང ་འགྱུར་ཏེ། །སྡུག་བསྔལ་སྡུག་བསྔལ་འཐོབ་པར་འགྱུར། །དགེ་བས་ལྷ་དང་མིར་འཕེན་མོད། །དེ་ཡང་ཡོངས་འགྱུར་སྡུག་བསྔལ་ཉིད། །དེ་བས་སེམས་ཅན་དོན་སྒྲུབ་ཕྱིར། །བྱང་ཆུབ་སེམས་བསྐྱེད་དེ་ཡི་རྒྱུན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམ་བྱ་ལམ་གྱི ་མཆོག་ཡིན་ནོ། །ལུས་དང་ཚོར་བ་སེམས་དང་ཆོས། །ཕྱི་ནང་གཉིས་བདག་ཚུལ་ལུས་ཀྱི། མཚན་ཉིད་ངེས་བརྟགས་མཉམ་འཇོག་པ། །དྲན་པ་ཉེ་བར་གཞག་བཞི་བསྒོམ། །དགེ་ཆོས་བསྐྱེད་ཅིང་རྣམ་འཕེལ་དང། །སྡིག་སེམས་མི་སྐྱེད་ཉར་འཇོམས་པ། །བདེ་གཤེགས ་ཀྱིས་གསུངས་སྐྱོན་སེལ་ཕྱིར། །ཡང་དག་སྤོང་བ་བཞི་རབ་བསྒྲགས། །འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་བྱེ་བྲག་གིས་ཕྱེ་བ། །མི་མཐུན་མཉེན་པོའི་ཕྱོགས་དབང་གིས། །རྫུ་འཕྲུལ་རྐང་པ་བཞིར་འདོད་དོ། །དད་དང་བརྩོན་བགྲུས་དྲན་པ་དང། །ཏིང་འཛིན་ཤེས ་རབ་ཅེས་གྲགས་པ། །ཐར་པའི་རྒྱུ་ཡི་སྦྱོར་བ་ཡིས། །རྒྱལ་སྲས་དབང་པོ་ལྔར་གསུངས་སོ། །དད་སོགས་རྣམ་འཕེལ་ལྔ་ཐོབ་པ། །མི་མཐུན་ཕྱོགས་འཇོམས་ཟག་བཅས་དང། །ཟག་པ་མེད་མཛའ་བཅས་འདི་དག། སངས་རྒྱས་རྣམས་ཀྱིས་སྟོབས་ཞེས་བསྟན། །དྲན་དང་ཤེས ་རབ་འབྱེད་བརྩོན་འགྲུས། །དགའ་དང་ཤིན་ཏུ་སྦྱངས་པ་དང། །ཏིང་ངེ་འཛིན་དང་བཏང་སྙོམས་རྣམས། །བྱང་ཆུབ་ཡན་ལག་བདུན་དུ་འདོད། །ཡང་དག་ལྡན་དང་རྟོག་པ་དང། །ངག་དང་ལས་མཛའ་འཚོ་བ་དང། །བརྩོན་འགྲུས་དྲན་དང་ཏིང་འཛིན་ནི། །འཕགས་ལམ་ཡན་ལག ་བརྒྱད་དུ་བཞེད། །སངས་རྒྱས་ཀུན་གྱི་བགྲོད་པའི་ལམ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །བློ་ལྡན་རྣམས་ཀྱིས་མཉན་རྗེས་སུ། །ཟབ་ཡང་རྗེས་འབྲེངས་རྟག་ཏུ་བསྒོམ། །དེ་ལ་གསུམ་ནི་ཚོགས་ཀྱི་ལམ། །གཉིས་རིམ་ངེས་འབྱིན་ཡན་ལག་དང། །བྱང་ཆུབ་ཡན་ལག ་མཐོང་ལམ་སྟེ། །ཡན་ལག་བརྒྱད་ནི་བསྒོམ་ལམ་དུའོ། །སྡུག་བསྔལ་མེ་གསུམ་གྱིས་སྐྲག་པས། །སྐྱེ་བོ་འཁོར་བ་ལས་དབྱུང་ཕྱིར། །སྙིང་བརྩེ་བརྩོན་འགྲུས་དང་ལྡན་གྱིས། །སངས་རྒྱས་ཉིད་བསྒྲུབ་བློ་གྲོས་བསྐྱེད། །ཕུང་པོ་བདག་མིན་དེ་ལ་བདག། ལྡན་མིན་བདག་ཀྱང ་དེ་མིན་ཏེ། །དེ་ལྡན་མ་ཡིན་བྱ་བྱེད་ཀྱིས། །མཐུན་དངོས་མིན་བདག་སྟོང་པ་ཉིད། །ཁྱབ་དང་རྟག་པར་བྱེད་པོ་དང། །རང་དབང་ལོངས་སྤྱོད་ཆོས་ཉིད་ཅན། །བདག་ནི་ཕུང་པོ་དང་འགལ་པས། །དེ་ཕྱིར་དེ་གཅིག་ཇི་ལྟར་འགྲུབ། །བྱ ་དང་བྱེད་བའི་དངོས་པོ་ནི། །རྟག་ཏུ་ལྷན་ཅིག་སྲིད་མ་ཡིན། །དེ་ཡང་དེ་ལྡན་མ་ཡིན་པས། །དེ་ཡི་གཞན་ཕྱོགས་གསུམ་ཡོང་ངོ། །ཕུང་པོ་ཡང་དེར་རིགས་མིན་ཏེ། །དེ་ཡིས་དེ་ལྟར་འདོད་བྱས་ནས། །རྟག་ཏུ་ཐར་པ་ཐོག་འགྱུར་ཏེ། །གཟུགས་སོ། །དངོས་བྲལ་མཛའ་ ་ཕྱིར་རོ། རྒྱུ་འདྲའི་ཕྱི་རོལ་གཟུང་དོན་མེད། །དེ་མེད་དེར་འཛིན་ཡོད་མ་ཡིན། །རྣམ་རིག་ཙམ་དེ་ཤེས་དེ་ཡང། །གདོད་ནས་མ་སྐྱེས་དེ་བདག་མེད། །བརྩེ་བ་ཙམ་གྱིས་སྲིད་པར་འཕན། །ཤེས་རབ་དམན་པས་མྱ་ངན་འདའ་། །དེ་ཕྱིར་ཕན་ཚུན་མཉམ་ལྡན་པས། ། ་རྒྱལ་བས་བླ་མེད་ལམ་དུ་གསུངས། ཐེ་གུ་ལས་སྦྲུལ་འདིར་བསལ་མེད། །ཐེ་གཱུང་གསར་གཞག་ཅི་ཡང་མེད། །མར་མེས་ཐེ་གུ་ཡང་དག་མཐོང། །དེ་མཐོང་འཇིགས་པ་རྣམ་པར་སྤངས། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། ། ་ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་གྲོལ་བཤད། །འདི་དག་དམན་པར་བསྒོམ་ན་ནི། །འཕགས་ལམ་བྱང་ཆུབ་དམན་ཉིད་འཐོབ། །བསམས་སོགས་ཡང་ནི་དམན་ཉིད་ཀྱིས། །བདག་ཏུ་ལྟ་བ་སྤོང་བར་བྱེད། །རྒྱ་ཆེན་འགྲོ་བའི་དོན་བསྒྲུལ ་བས། བྱང་ཆུབ་སེམས་དཔའ་ཉིད་ཁོ་ནས། །སྐུ་གསུམ་བྱང་ཆུབ་འཐོབ་པར་འགྱུར། །བདག་གིས་འདི་བསྡུས་བསོད་ནམས་ནི། །བསྐྲུན་གྱུར་གང་དེས་སྐྱེ་བོ་ཀུན། །རྫོགས་པའི་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་ལ་ཕན་བདེ་སྦྱིན་པར་ཤོག་།དགེ་སློང་ཤཱཀྱའི་དཔལ ་བཟང་མེད། །བདག་ཀྱང་གདུལ་བྱ་ལྷན་ཅིག་ཏུ། །བྱམས་མགོན་འཕགས་པའི་ཞབས་པད་དྲུང། །སྐྱེས་ནས་དེ་དགོངས་གསལ་སྐྱེད་ཤོག། བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་རིམ་པ་དེ་ཁོ་ན་ཉིད་བསྡུས་བ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་བྲལ་པའི་པནཌི་ཏ་ཆེན ་པོ། མ་བྱོན་པའི་སངས་རྒྱས་གསུམ་བར་ཡོངས་སུ་གྲགས་པའི་ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོས་མཛད་པ་རྫོགས་སོ།། །།པནཌི་ཏ་ཆེན་པོ་དེ་ཉིད་དང་ལོ་ཙྪ་བ་བྱམས་པའི་དཔལ་ལྡན་གྱིས་རྒྱང་རོས་ལུའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །། ་དཔལ་ལྡན་བྱང་ཆུབ་སེམས་དཔའ་ཨི་ལམ། །མདོར་བསྡུས་རིམ་པ་ལེགས་མཉན་པའི། །བསོད་ནམས་བདག་གིས་གང་བསྒྲུབས་དེས། །འགྲོ་ཀུན་བདེ་གཤེགས་མྱུར་ཐོབ་ཤོག་།ལྔ་རིག་བརྟུལ་ཞུགས་དྲི་མེད་རྣམ་ཐར་དང། །བསྟན་པའི་སྙིང་པོ་བསྒྲུབ་པ་ལྷུར་མཛད ་པ། ཉི་འོག་ཁམས་ན་མཚུངས་མེད་གཅིག་པུ་དེའི། །གསུང་འདི་ཕྱོགས་སུ་ཉི་ལྟར་རྒྱས་གྱུར་ཅིག། །།*། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག་བཞུགས་སོ།། །།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག། སངས་རྒྱས ་