CLOSE WINDOW

N4158: ltung ba bshags pa'i cho ga
Wyliee-texts based on the ACIP/ALL Input

འཆབ་པའི་སེམས་ཀྱིས་མཐོལ་ལོ་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་ལགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ ་དུ་བཟླས། ལྟུང་བ་དེ་དག་ལ་ལྟུང་བར་མཐོང་ངམ། ཁ་ཅིག་ལ་ཁུམས་ལགས། ཕྱིན་ཆད་ཤིན་ཏུ་ལེགས་པར་སྔོམ་མམ། ཆོས་ཇི་ལྟ་བ་དང། འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་བཞན་དུ་ལེགས་པར་སྡོམ་ལགས་ཀྱིས། ་ཡང་འདི་ལྟར་ཤེས་བཞིན་དུ་ཕྱིན་ཆད་མི་བགྱིད་ལགས་སོ་ཞེས་དང། ཐབས་ཡིན་ནོ་ལགས། །ལྟུང་བ་བཤགས་པའི་ཆོག་ཐམས་ཅད་ཡང་པར་སྨྲ་བའི་པཎྜི་ཏེ་དེ་བ་ཤཱནྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བོདཱི་བི ་ཀར་ཤྲཱི་ཛྙཱ་ན་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨ་བཏྟི་དེ་ཤ་ན་བི་དྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཚོགས་སངས་རྒྱས་ལ་ཕྱག ་འཚལ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག ་མ་མ་མཆིས་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མི་དགེ་བ་བཅུ་བགྱིས་པ་དང། མཚམས་མེད་པ་ལྔ་དང། དེ་དང་ཉེ་བ་ལྔ་དང། སོ་སོར་ཐར་པའི་སྡོམ་པ ་དང་འགལ་བ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང་འགལ་བ་དང། གསང་སྔགས་གྱི་དམ་ཚིག་དང་འགལ་བ་ལ་སོགས་པ་མདོར་ན་མཐོ་རིས་དང་མཐར་བའི་གེགས་སུ་གྱུར་ཅིང། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ནི ་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། བཙུན་པའི་སྤྱན་སྔར་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་དག་པར ་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་མཐོང་སྔོ་མ་དྲིས་ལ་ཐབས་ཡིན་ནོ། །ལེགས་སོ་བརྗོད་དོ། །དང་པོར་སྦྱོར་བའི་ཆོ་ག་ནི་བདག་མིང་འདི་ཞེས་བགྱི་བ་ལ་འཁོར་བ་ཐོག་མ་མེད་པ ་ནས་ཕྱི་ཉོན་མོངས་པ་མང་བ་འམ། བག་མེད་པ་ལ་སོགས་པའི་སྟོབས་ཀྱིས་ཉེས་ལྟུང་གི་ཚོགས་མང་པོ་བདོག་སྟེ་མཆི་བས། དེ་དག་དགེ་འདུན་གྱི་སྤྱན་སྔར་བཤགས་པར་འཚལ་བས་ཐུགས་ཀྱིས། བཟང་འཚལ་ཞེས་པ་དང། མཇུག་ལྟུང་བ་ལས་བསླང་བ་ཤན ་ཏུ་བཀའ་དྲིན་ཆེ་ལག་ཞེས་པ་དང། ཆོས་བཞིན་དུ་མཛད་པ་རྗེས་སུ་མི་རང་ཞེས་བརྗོད་པར་བྱའོ། །ལྟུང་བ་བཤགས་པའི་ཆོག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། བོད་ཀྱི་ལོཙྪ་བདག ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།རྒྱ་གར་སྐད་དུ། ཙ་ཏུ་རཾ་ག་དྷརྨཱ་ཙརྱ། བོད་སྐད་དུ། ཆོས་སྤྱོད་ཡན་ལག་བཞི་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྟོན་པ་བདག་ལ་དགོངས་སུ་གསོལ་བདག ་མིད་འང?་ཞེས་བགྱི་བས་ནི། །སྙིང་པོ་བྱང་ཆུབ་མཆིས་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་སྐྱོབ་པ་བླ་ན་མེད། །རབ་ཏུ་གུས་པས་སྐྱབས་སུ་མཆི། །རྟེན་གཟུང་བར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བའི་ཡན་ལག་སྟེ་དང་པོའོ། །སློབ་དཔོན་བདག་ལ་དགོངས་སུ ་གསོལ་ལོ་།བདག་མིང་འདི་ཞེས་བགྱི་བ་ཡིས། །ཐོག་མེད་དུས་ནས་ད་ལྟའི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་དང་ངག་དང་ཡིད་སྒོ་ནས། །སྡིག་པ་མི་དགེ་ཅི་བགྱིས་པ། །མ་ལུས་འགྱོད་པས་སོ་སོར་བཤགས། །སླན་ཆད་ཅི་ནུས་བསྡམ་པར་བགྱི། །རྒྱུད ་