CLOSE WINDOW

N4157: ltung ba bshags pa'i cho ga
Wyliee-texts based on the ACIP/ALL Input

འགྲོ་བ་ཡོངས་ལ་བསྔོ། །སྐྱབས་འགྲོ་ཡན་ལག་དྲུག་པ། སློབ་དཔོན་བི་མ་ལས་མཛད་པ་རྫོགས་སོ།། །།*། །ལྟུང་བ་བཤགས་པའི་ཆོ་ག་པཎྜི་ཏ་དེ་བ་ཤཱནྟིས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་པཏྟི་དེ་ཤ ་ན་བིདྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཆོ་ག། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང། མི་ཤེས་པ་ཉིད་ཀྱིས་འདོད་ཆགས ་དང། ཞེ་སྡང་དང་གཏི་མུག་དང། ཕྲག་དོག་དང། སེར་སྣའི་དབང་གིས། ལུས་མ་བསྒོམས་པ་དང། ཚུལ་ཁྲིམས་མ་བསྒོམས་པ་དང། ཤེས་རབ་མ་བསྒོམས་པ་དང། དྲན་པ་ཉམས་པ་ཉིད་ཀྱིས། ལུས་དང་ངག་དང་ཡིད་ཀྱིས་དགེ་སློང་དང་རྗེས་སུ ་མཐུན་པ་མ་ལགས་པ་བགྱིས་པ་དང། བགྱིད་དུ་སྩལ་བ་དང། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད། དགེ་འདུན་བཙུན་པ་རྣམས་ལ་བཟོད་པར་མཛད་དུ་གསོལ་གྱིས་བཟོད་པར་མཛད་དུ་གསོལ། །ཁྱེད་ལ་ཇི་ལྟར་བཟོད་པར་གསོལ་བ་དེ ་བཞིན་དུ་མཁན་པོ་དང། སློབ་དཔོན་དང། ལྷན་ཅིག་སྐྱེས་པ་དང། ཆོས་དང་ལྟ་བ་མཐུན་པ་དང། རྟག་ཏུ་རྗེས་སུ་འབྲང་བ་དང། གཙུག་ལག་ཁང་དང་བྲང་ཁང་ན་གཉུག་མར་གནས་བའི་ལྷ་དང། ལམ་དང་ཉེ་བའི་ལམ་ན་གཉུག་མར་གནས་པའི་ལྷ་དང ་བསྟན་པ་འདི་ལ་མངོན་པར་དགའ་བའི་ལྷ་དང། གཞན་གྱི་བསྟན་པ་ལ་མངོན་པར་དགའ་བའི་ལྷ་དང། ཕ་དང། མ་དང། གཏོང་བ་པོ་དང། སྦྱིན་བདག་དང། ཇི་སྲིད་སྲིད་པའི་རྩེ་མོའི་བར་གྱི་སེམས་ཅན་དེ། འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་བཅས ་པ་དང། ནག་པོ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ནོངས་པ་བགྱིས་པ་གང་ལགས་པ་དེ་བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཟོད་པར་གསོལ་གྱིས ་བཟོད་པར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཐབས་ཡིན་ནོ་ལགས་སོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ལྟུང་བ་རིགས་ལྔ་པོ་ལྔ། །ལུས་དང་ངག་དང་ཡིད་ཀྱིས་སྦྱོར་བ་དང། ་དངོས་གཞི་དང་མཇུག་རྣམས་སུ། འདོད་ཆགས་ཀྱིས་ཀུན་ནས་བསླང་བ་དང། ཞེ་སྡང་གིས་ཀུན་ནས་བསླང་བ་དང། གཏི་མུག་གིས་ཀུན་ནས་བསླང་བ་དང། ཆད་པས་ཀུན་ནས་བསླང་བ་དང། སྐྱེད་ཀྱིས་ཀུན་ནས་བསླང་བ་དང། དེའི་ཚན་དུ་གཏོགས ་པ་དང། དེའི་སྡེར་གཏོགས་པ་དང། དེའི་རིས་སུ་གཏོགས་པ་དང། དེའི་མཚན་ཉིད་དང། དེའི་ངོ་བོ་ཉིད་དང། ནང་དུ་བཙོས་པ་དང། ནང་དུ་ཞག་ལོན་པ་དང། ཆེད་དུ་བྱས་པ་དང། བཏང་ནས་ཟ་བ་དང། ཁམ་འཕྲར་བཅད་པ་དང། ཁ་བ་ཀང་ནས་སྨྲ ་བ་དང། ལག་ཉར་བླང་བ་དང། བྱིན་ལེན་མ་བྱས་པ་དང། གསོག་འཇོག་བྱས་པ་དང། དུས་མ་ཡིན་པའི་ཟས་དང། མདོར་ན་ཕས་ཕམ་པའི་ཆོས་བཞི་དང། དེས་ཀུན་ནས་བསླང་བའི་ལྟུང་བ་སྦོམ་པོ་སྦྱོར་བ་དང། དངོས་གཞི་དང། མཇུག་གིས་བསྡུས་པ་དང ་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང། དེས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་སྦྱོར་བ་དང། དངོས་གཞི་དང། མཇུག་དང། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང། དེས་ཀུན་ན་བསླང་བའི་ཉེས་པ་སྦྱོར་བ་དང་དངོས་གཞི་དང། མཇུག་དང། ལྟུང་བྱེད་ཀྱི་ཆོས ་དགུ་བཅུ་དང། དེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང། དངོས་གཞི་དང་མཇུག་དང། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང། ངེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང་དངོས་གཞི་དང་མཇུག་དང། བསླབ་པར་བྱ་བའི་ཆོས་བརྒྱ་རྩ་མང་པོ་དང ་ངེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང་དངོས་གཞི་དང་མཇུག་དང། རྩོད་པ་ཉེ་བར་ཞི་བར་བྱ་བའི་ཆོས་བདུན་དང། དེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང། དངོས་གཞི་དང་མཇུག་སྟེ། དེ་དག་དང་གཞན་ཡང་གང་སངས་རྒྱས་ཀྱིས་བཅས་པའི་བསླབ ་པ་དང། འགལ་བ་དང། དགེ་འདུན་གྱིས་བཅས་པའི་ནང་ཁྲིམས་དྲལ་བ་དང། གོམས་པ་དང། གུས་པར་མ་བགྱི་བ་དེ་དག་ཐམས་ཅད། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། དགེ་འདུན་གྱི་སྤྱན་སྔར་མི ་འཆབ་པའི་སེམས་ཀྱིས་མཐོལ་ལོ་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་ལགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ ་དུ་བཟླས། ལྟུང་བ་དེ་དག་ལ་ལྟུང་བར་མཐོང་ངམ། ཁ་ཅིག་ལ་ཁུམས་ལགས། ཕྱིན་ཆད་ཤིན་ཏུ་ལེགས་པར་སྔོམ་མམ། ཆོས་ཇི་ལྟ་བ་དང། འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་བཞན་དུ་ལེགས་པར་སྡོམ་ལགས་ཀྱིས། ་ཡང་འདི་ལྟར་ཤེས་བཞིན་དུ་ཕྱིན་ཆད་མི་བགྱིད་ལགས་སོ་ཞེས་དང། ཐབས་ཡིན་ནོ་ལགས། །ལྟུང་བ་བཤགས་པའི་ཆོག་ཐམས་ཅད་ཡང་པར་སྨྲ་བའི་པཎྜི་ཏེ་དེ་བ་ཤཱནྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བོདཱི་བི ་ཀར་ཤྲཱི་ཛྙཱ་ན་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨ་བཏྟི་དེ་ཤ་ན་བི་དྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཚོགས་སངས་རྒྱས་ལ་ཕྱག ་