CLOSE WINDOW

N4152: byang chub kyi sems bskyed pa dang yi dam blang ba'i cho ga
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་བླ་མ་སུ་ནཱ་ཡ་ཤྲཱི་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡིད་དམ ་བླང་བའི་ཆོག་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨུད་བ་ཏ་ས་མ་ད་ན་བིདྷི། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་པར་དང་ཡི་དམ་བླང་བའི་ཆོ་ག། ཐུགས་རྗེ་ཆེན་པོ་ལ་ཕྱག ་འཚལ་ལོ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །འཇམ་མཆོག་མགོན་ལ་རབ་བཏུད་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དང། །ཡི་དམ་གསལ་པོ་བྲི་བར་བྱ། །དེ་ལ་དང་པོ་རེ་ཞིག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང་ལྡན་པའི་ཐད་དུ་སོང་ནས། དཀྱིལ་འཁོར་བྱ་བ་སྔོན་དུ་བཏང་སྟེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ནས་འདི་སྐད་ཅེས། རིགས་ཀྱི་དུ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ ་ཀྱི་སེམས་བདག་ལ་སྩོལ་ཅིག་ཅེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་དེས་ཀྱང་ནུས་པ་ཇི་ལྟ་བ་བཞིན་དུ་སྤྱི་ནོ་ཞེས་ཁས་བླང་ངོ། །དེ་ནས་ས་ཕྱོགས་ཡིད་དུ་འོང་བར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད ་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་སམ། རི་མོ་བཞུགས་སུ་གསོལ་ཏེ། ཆུ་དྲི་ཞིམ་པོས་སྐུ་ཁྲུས་གསོལ་ལ། གོས་དཀར་པོས་ཕྱིས་ནས་ན་བཟའ་སྣ་ཚོགས་གསོལ་ཏེ། འོག་ན་ཆད་པའི་ཚོགས་དཀྱིལ་འཁོར་རྣམས་བྱས་ནས། ཇི་ལྟར་རྙེད་པའི་མེ་ཏོག་ལ་སོགས ་པས་ཕྱི་རོལ་གྱི་མཆོད་པ་བྱའོ། །མེ་ཏོག་བདུན་པ་མར་མེ་དང། དྲི་དང་ལྷ་བཤོས་ཉིད་དང་ནི། །ན་མཛའ་དང་ནི་རྒྱན་དང་གདུགས། །གར་དང་རོལ་མོ་གླུང་དབྱངས་ནི། །ཡིད་འོང་སངས་རྒྱས་སྤྱོད་ཡུལ་དག་།ནམ་མཁའ་མཛའ་དག་ཀུན་ཁེབས་པ། །སངས་རྒྱས་རྣམས ་ཀྱི་སྤྱན་སྔར་ནི། །བློས་སྤྲུལ་ནས་ནི་བདག་འབུལ་ལོ། །ཞེས་ཡིད་ཀྱིས་མཆོད་པས་མཆོད་པར་མཛད་དོ། །མཆོད་པར་བྱ་བ་དང། མཆོད་པར་བྱེད་པ་དང། མཆོད་པ་རྣམས་རང་བཞིན་གྱིས་དབྱེར་མེད་པར་དམིགས་ཏེ། །ཇི་ལྟར་འཇམ་དབྱངས་ལ་སོགས་པ། །རྒྱལ་བ་རྣམས ་ལ་མཆོད་མཛད་པ། །དེ་བཞིན་བདག་གི་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། ཅེས་སྒྲུབ་པས་མཆོད་པར་བྱའོ། །དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ ་ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་ནས་ནི་བདག་ཕྱག་འཚལ་ཞེས་ལན་གསུམ་ཕྱག་བྱས་ལ། །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་རྣམ་པ་ཀུན་ཏུ་འབུལ། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག་། ་གུས་པ་ཁྱོད་ཀྱི་འབངས་སུ་མཆི་བར་བགྱི་ཞེས་བྱ་བ་འདིས་བདག་གི་ལུས་སངས་རྒྱས་རྣམས་ལ་དབུལ་བར་བྱའོ། །དེའི་རྗེས་ལ་ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ལ། །བདག་གི་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །དེ་ནི་འགྱོད་པས་ཤིན་ཏུ་ཡང། །འགྱོད་པར་བགྱིས་ཏེ་བདག་འཆགས་ཀྱིས། །འདྲེན་པ་རྣམས་ཀྱི་ཉེས་པ་ལ། ཉེས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟད་པོ་མ་ལགས ་བས། མགོན་པོ་སླན་ཆད་བདག་མི་བགྱིད། །ཅེས་ཉེས་པ་ཐམས་ཅད་བཤགས་པ་བྱས་ནས། །ཟག་བཅས་ཟག་པ་མེད་པ་ཡི། །དགེ་ལ་དགའ་བས་ཡི་རང་ངོ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །སངས་རྒྱས་རྣམས་ལ་བདག་བསྐུལ་ལོ། །རྒྱལ་བ་མྱ་ངན་འདས ་བཞེད་རྣམས། །བསྐལ་པ་མཛའ་ཡས་བཞུགས་གསོལ། །བདག་གིས་དགེ་ཀུན་བལྟོས་མེད་པར། །རྫོགས་པའི་བྱང་ཆུབ་ཏུ་བསྔོའོ་ཞེས་བརྗོད་པས་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། སངས་རྒྱས་ལ་བསྐུལ་པ་དང། གསོལ་བ་གདབ་པ་དང། ཡོངས་སུ་བསྔོ་བ ་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན་ནོ། །དེ་ལ་རང་ལ་མངོན་དུ་ཕྱོགས་ཤིང་ཙོག་ཙོག་བུར་འདུག་སྟེ། ཐལ་མོ་སྦྱར་ནས་གནས་པ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་ཅེས་བརྗོད་ཅིག་ཅེས་སྨྲར་གཞུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས ་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱང་བདག་ལ་དགོངས་སུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སོགས་པ་ལ་མཆོད་པ་ལ་སོགས་པ་བགྱིས་པས། །བྱང ་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་ལ། ལུས་དང་དེ་བཞིན་ལོངས་སྤྱོད་དང། །དུས་གསུམ་གྱིས་ནི་དགེ ་པ་རྣམས། །སེམས་ཅན་དོན་སྒྲུབ་བྱ་བའི་ཕྱིར། །བལྟོས་པ་མེད་པར་བཏང་བར་བགྱི། །ས་སོགས་འབྱུང་བ་ཆེན་པོ་དང། །ནམ་མཁའ་བཞིན་དུ་རྟག་པར་ཡང། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་བཞིར་ཡང་ཤོག་།དེ་བཞིན་ནམ་བིས ་མཛའ་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་པར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག་།མགོན་པོའི་སྤྱན་སྔར་རྫོགས་པ་ཡི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། སེམས་ཅན་དེ་དག་ཐམས་ཅད་ཀུན། །སངས་རྒྱས་བདེ ་ལ་འགྲོན་དུ་འབོད་།ཅེས་སྨོན་པའི་མཚན་ཉིད་མངོན་དུ་བྱས་སོ། །དེ་ནས་ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང། །དེ་དག་བྱང་ཆུབ་ཐུགས་བསྲུངས་ལ། །དུས་ཀུན་ཏི་ནི་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བདག་གིས་€་བྱང་ཆུབ་སེམས་བསྐྱེད་ཅིང། །དེ་བཞིན་དུ་ནི་དུས་ཀུན་ཏུ། །བདག་གིས་དེ་ནི་བསྲུང་བར་བགྱི་ཞེས་ལན་གསུམ་གྱི་བར་དུ་སྨོན་པ་དང་འཇུག་པའི་སེམས་བཟུང་བར་བགྱིའོ། །ནས་གལ་ཏེ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་གཟུང་བ་ལ་མོས་པ་བསྟན་པོ་ཡོད་ན ་དེའི་ཚེ་སྡོམ་པ་སྤྱི་ནོ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་སེམས་དཔའ་ཨི་བསླབ་བཟུང་སྟེ། །དེ་དག་བྱང་སེམས་བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །དེ་བཞིན་འགྲོལ་ཕན་དོན་དུ་།བྱང་ཆུབ་སྡོམ་པ་བཟུང་བགྱི་ཞིང། །དེ་བཞིན་བསླབ་པ་དེ ་དག་ལ། །རིམ་པ་བཞིན་དུ་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་པས་སྡོམ་པ་སྦྱིན་ནོ། །ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་ཡང་སྐབས་ཇི་ལྟ་བ་བཞིན་དུ་དེ་དག་དགེ་བའི་བཤེས་གཉེན་གྱིས་བསྟན་པར་བྱའོ། །དེ ་ནས་ལངས་ཏེ་དཀོན་མཆོག་གསུམ་ལ་ཕྱག་བཙལ་ནས། དགེ་བའི་བཤེས་གཉེན་གྱིས་ཞབས་གཉིས་ལ་གཏུགས་ཏེ་ནུས་པ་ཇི་ལྟ་བ་བཞིན་དུ་ཡོན་ཕུལ་ནས། དེ་རིང་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས ་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །ཇི་ལྟར་རྙོག་པར་མི་འགྱུར་བར། །དེ་བཞིན་ང་ནི་རང་རིགས་དང། །མཐུན་པའི་ལས་ནི་བདག་གིས་བྱ། ཞེས་བྱ་བས་མཇུག་རྒྱས་པར་བྱའོ། །རྣམ་པ་དེ་ལྟ་བུའི་དགེ་བའི ་བཤེས་གཉེན་མེད་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྱན་སྔར་བྱའོ་ཞེས་བྱ་བ་ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་གཟུང་བའི་ཆོ་གའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་གཟུང་པའི་བྱང ་ཆུབ་སེམས་དཔའ་ཨི་ཚོགས་གཉིས་པོ་སྤྱོད་པས་ཡོངས་སུ་རྫོགས་པར་བྱེད་པ་ངེས་ན་སྤྱོད་པ་ལ་མངོན་པར་སྦྱར་བར་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ལས་དང་པོ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན། ཡི་དམ་གྱི་སྤྱད་པའོ། །མོས་པས ་སྤྱོད་པའི་སྤྱོད་པ་ཅན་ལ་ནི་དགེ་བ་ཆོས་སྡུད་བའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན། ཏིང་ངེ་འཛིན་གྱི་སྤྱོད་པའོ། །ས་ལ་བཞུགས་པ་ལ་ནི་སེམས་ཅན་གྱི་དོན་བྱ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན། སེམས་ཅན་སྟོན་པའི་སྤྱོད་པའོ། །དེ་ལ་ལས་དང་པོ་པའི་ཡི་དམ་གྱི ་སྤྱོད་པ་བརྗོད་པའོ། །ནད་པར་ལངས་ཏེ། ཨོཾ་བྲ་ཀྲི་ཏེ་པ་རི་ཤུ་དྡྷ་སརྦ་དྷ་རྨཱ(མདོ་འགྲེལ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་གཟུགས་སམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། ཐད་ཀ་བཀྲམ་ཞིང། བར་སྣང་ལ་ཡང་ཕྱོགས་དུས་ཀུན་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་དམིགས་ཏེ ་ཨོཾ་ཨ་མ་ལེ། བི་མེ་ལེ། ནིར་མ་ལེ། སྭ་བྷ་བ་ཤུད་དྷོ་སྭཱཧཱ་ཞེས་བརྗོད་ལ། ཆུ་དི་ཞིམ་པོས་སྐུ་ཁྲུས་གསོལ་ཏེ། གོས་དཀར་པོས་ཕྱིས་ནས། ཇི་ལྟར་རྙེད་པའི་གོས་དང་རྒྱན་རྣམས་སྡིགས་འདིས་དབུལ་ལོ། །ོཾ་ཨ་བཛྲ་ཝ་སྟྲ་ཧཱུཾ། ཨོཾ་ཨ་བཛྲ་ལཾ་ཀ?་རེ་ཧཱུཾ། དེ་ནས ་མདུན་དུ་མངོན་པར་ཕྱོགས་ཏེ། བསྡད་ལ། ཨོཾ་བཛྲ་བྷཱུ་མི་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་པའི་སའི་ཆར། ཨོཾ་བཛྲོ་ང་ཀ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་པའི་ལྕི་བ་དང། ཆུས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཉ་བར་བྱུགས་ལ། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཞེས ་བྱ་བས་དཀྱིལ་འཁོར་བཏང་ནས་ལག་པ་བཀྲུའོ། །དེ་ནས་དབུས་ནས་བརྩམས་ཏེ། དབུས་ཉིད་ཀྱི་མཐར་ཐུག་པར་མེ་ཏོག་སྔགས་འདིས་དགྲ་མོ། །ོཾ་ཧཾ་མ་ཧཱ་མེ་ར་བེ་སྭཱཧཱ། དབུས་སུའོ། །ཤར་དང་ལྷོ་དང་བྱང་དང་ནུབ་རྣམས་སུ་ནི། ཨོཾ་ཡཾ་པཱུརྦ་པི་ཏེ་ཧ་ཡ་སྭཱཧཱ། ཨོཾ་རཾ ་ཛཾ་པུ་དྷཾ་པ་ཡ་སྭཱཧཱ། ཨོཾ་ལཾ་ཨུཏྟ་ར་ཀུ་ར་བེ་སྭཱཧཱ། ཨོཾ་བཾ་ཨ་པ་ར་གོ་ཏ་པ་རི་ཡེ་སྭཱཧཱ། མེ་དང་བདན་བྲལ་དང་དབང་ལྡན་དང་རླུང་གི་ཕྱོགས་དག་ཏུ་ནི། ཨོཾ་ཡ(མདོ་འགྲེལ་བ(མདོ་འགྲེལ་ཡ་སྭཱཧཱ། ཨོཾ་རཱ་མ་ཎི་རཏནཱ་ཡ་སྭཱཧཱ། ཨོཾ་ལཱ་མ་ཧཱ་ནི་རཏནཱ་ཡ་སྭཱཧཱ། ཨོཾ་བཱ་ཙ་ཀྲ་རནྟཱ་ཡ་སྭཱཧཱ། ཨོཾ་ཧE་ཨ་དྷོ་མེ་ར་བེ་སྭཱཧཱ། ཞེས་བྱ་བས་ཡང་དབུས་སུ་བཞག་ལ་དབུལ་བར་བྱའོ། །དེ་ནས། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནདྷེ ་ཧཱུཾ། ཨོཾ། བཛྲ་ནེ་ཝི་དྱ་ཧཱུཾ། ཞེས་བྱ་བས་ཇི་ལར་རྙེད་པའི་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་དང་ལྷ་བཤོས་དག་དབུལ་བར་བྱའོ། །དེ་ནས། རྒྱལ་བ་གང་ཟག་བླ་ན་མེད་པ་ཡི། །སངས་རྒྱས་རྣམས་ནི་ཐམས་ཅད་དང། ། ་རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །ཀུན་གྱི་སྐུ་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང། གང་དུ་བྱང་ཆུབ་ལ་རེག་དང། །ཞི་བའི་འཁོར་ལོ་བསྐོར་བ་དང། །ཟག་མེད་མྱ་ངན་འདས་པ་དང། །བདེ་གཤེགས་གང་དུ་བཞུགས་པ་དང། །འཆག ་པ་དང་ནི་བཞེངས་པ་དང། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་བར་དང་འོག་དག་དང། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ་ཞེས་བྱ་བས ་ལན་གསུམ་དུ་ཕྱག་བྱས་ལ་འདུག་སྟེ། རྟེན་གྱི་སྟོབས་ལ་སོགས་པ་རྫོགས་པར་བྱ་བའི་དོན་དུ་ཕུང་པོ་གསུམ་པ་གདོན་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་ཡང་རྗེས་སུ་དྲན་པར་བྱའོ། །དེ་ནས་པར་སྣང་ལ་རང་གི་གཞི་བདག་དང། འཇིག་རྟེན་སྐྱོང་བ་རྣམས ་ཡིད་ཀྱིས་དམིགས་ཏེ། ཨོཾ་ཨཱ(མདོ་འགྲེལ་དེས་ཚིམ་པ་རྣམས་རང་གི་གནས་སུ་སོང་བར་ལྟའོ། །དེ་ནས་ཐེག་པ་ཆེན་པོའི་མདོ་ལྔ་དང། དེ་དང་རྗེས་སུ་མཐུན་པ་དག་ལས་མདོ་གང་ཡང་རུང་བ་ཅི་ནུས་ཀྱིས་བརྟོན་ནས། སྡུག་བསྔལ་བ་དང་མགོན་མེད་པ་དག་ལ་གོས་དང་ཟས་ལ་སོགས་པ་ཐ་ན་ཁམ ་གཅིག་ཙམ་ཆུན་ཆད་བྱིན་ལ། འཁོར་གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་བསྡུས་ནས་སྨོན་ལམ་འདི་སྐད་ཅེས་གདབ་པོ། །ཕྱོགས་བཅུ་ནམ་མཁའ་ཨི་མཐས་གཏུགས་པའི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཇི་ལྟར་འཇམ་དབྱངས ་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག་།ཇི་སྲིད་ནམ་མཁའ་གནས་པ་དང། །འགྲོ་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་འགྲོ་བའི་སྡུག་བསྔལ་ནི། །འཇོམས་པས་བདག་ཀྱང་གནས་པར་ཤོག་།བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད ་ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་དཔའ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག་།དེ་ནས་ཨོཾ་བཛྲ་མུ(མདོ་འགྲེལ་དྲན་པ་སྔོན་དུ་བཏང་ནས་ཇི་ལྟར་བདེ་བར་གནས་པར་བྱའོ། །ཟན་ཟ་བའི་དུས་སུ་ན་སྔར་བཤད་པའི་ཆོ་གས་གཏོར་མ་བྱའོ། །ོཾ་ཧ་རི་ཏེ་མཧཱ་བཛྲ་ཡཀྵི་ཎི་ཨི་དཾ་པ་ལིང་གྲིཧྞ་གྲིཧྞ་ཀཱི། ཞེས་བྱ་བས་འཕྲོག་མ་ལ་ཟན་ཆངས་གཉིས་སྤྱི་ནོ། །ོ་ཨ་གྲ་པཎྜི་ཨ་ཤིབྷཡ ་སྭཱཧཱ། ཞེས་བྱ་བས་ཐོག་མར་ཟ་བ་རྣམས་ལ་ཟན་ཆངས་གཅིག་སྦྱིན་ལ་རན་པ་ཆོད་ཟིན་པར་ཟོས་ནས། ཨོཾ་ཨུ་ཙྪི་ཥྚ་པཎྜ་ཨ་ཤི་བྷཡ(མདོ་འགྲེལ་ཡང་དེ་བཞིན་དུ་བྱའོ། །ནུས་པ་མེད་པ་ནི་སྔར་ཇི་སྐད་བརྗོད་པའི་ཚོགས་དཀྱིལ་འཁོར་བསྐྱང་ནུལ་བྱས་ལ། མཆོད་པ་དང་ཕྱག་འཚལ་པ་ཡང་བྱས་ནས་ཕུང་པོ་གསུམ་པ་བཏོན་ཏེ་སྨོན་ལམ་གདབ་པོ། །དེ་ནི་ཡི་དམ་ལེན་པའི་ཆོ་གའོ། །ཏིང་ངེ་འཛིན་དང་སེམས ་ཅན་མགུ་བར་བྱ་བའི་ཆོ་ག་འདི། །མདོ་སྡེ་དང་བྱང་ཆུབ་སྤྱོད་འཇུག་དང་བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པ་ལས་ཤེས་པར་བྱའོ། །བྱང་ཆུབ་སེམས་དང་ཡི་དམ་གྱི། །ཆོ་ག་བདག་གིས་བྱས་པ་ལས། །དགེ་བ་ཐོབ་པ་གང་ཡིན་ངེས། །འགྲོ་པ་བྱང་ཆུབ ་བསྟེན་པར་ཤོག་།བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡི་དམ་བླང་བའི་ཆོ་ག་།སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་མ་ཏི་ཀཱི་རྟི་དང། ཞུ་ཆེན ་གྱི་ལོ་ཙ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཙིཏྟོ་ཏྭ་ཏ་སམཔ་ར་བྷིདྷི་ཀྲ་མ། བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། འཇམ ་