CLOSE WINDOW

N4149: byang chub sems dpa' spyod yul yongs su dag pa'i mdo'i don mdor bsdus pa
Wyliee-texts based on the ACIP/ALL Input

སྭ་པ་ར་ཧེ་ཏ་བྷ་ཏུ་བདག་ཀྱང་གཞན་ལ་ཕན་པར་ཤོག། །།*། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ་སློབ་དཔོན་དཔལ་སྒྲ་གཅན་འཛིན་བཟང་པོས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ་བོ་དྷི་སཏྭ་གོ་ཙཱ་རི་པ་རི་ཤུ་དྡྷི་སཱུ་ཏྭཱ་རྠ་སང་གྲ་ཧ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཛའ་དག་སྤྱོད་ཡུལ་མ་ཡིན་པ། །སྤྱོད་ཡུལ ་སྤྱོད་ཡུལ་མིན་སྤངས་པས། །སྤྱོད་ཡུལ་ཐམས་ཅད་དག་གྱུར་པ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་འདུད། །ཞིང་ནི་ཡོངས་སུ་སྦྱོར་འདོད་པས། །རང་དང་གཞན་གྱི་རྒྱུད་དག་ལ། །བྱང་ཆུབ་སེམས་དཔས་འདི་ལྟར་ཡིད། །སོ་སོའི་སྤྱོད་ཡུལ་འགྱུར་བར་བྱ། །ཐོག་མར ་གཉིད་གསང་དེ་ཡི་ཚེ། །འདི་ལྟར་ཡིད་ལ་བྱ་བ་ནི། །བསོད་ནམས་ཡེ་ཤེས་མངོན་འཕེལ་དོན། །འབད་པ་མེད་པར་མཁས་གྱུར་ཅིག་།བག་མེད་གཉིད་ལས་རྣམ་གྲོལ་ཞིང། སྐྱེ་དགུའི་མི་ཤེས་མཚན་མོ་ཟད། །ཐམས་ཅད་མཁྱེན་པའི་ཉི་ཤར་བཞིན། །བླ་མེད་དེ ་མཐོང་ལྡན་པར་ཤོག་།གཉིད་ཡོངས་སུ་གསང་པ་ཡིའོ། །ལྡང་ཚེ་ཉོན་མོངས་ཉེར་ལེན་གྱི། །འཁོར་བའི་གནས་མལ་སྤངས་ནས་ནི། །དེ་བཞིན་གཤེགས་པས་བརྙེས་དེ་ལྟར། །སྟོབས་དང་བརྩོན་སོགས་བླ་མེད་ཤོག་།གནས་མལ་ལས་ཡོངས་སུ་ལྡང་བའི་འོ། །ངོ་ཚ་དང ་ནི་ཁྲེལ་ཡོད་གོས། །བྱམས་དང་སྙིང་རྗེའི་སྐ་རགས་ནི། །སེམས་ཅན་ཐམས་ཅད་བླ་མེད་པར། །རྒྱལ་བ་ཇི་བཞིན་གྱོན་གྱུར་ཅིག་།སྨད་གཡོགས་གྱོན་པའིའོ། །བྱམས་ཆེན་དང་ནི་བརྩེ་བའི་གོས། །བདེ་གཤེགས་ཇི་བཞིན་གྱོན་པ་དང། །མཛའ་དག་སེམས་ཅན ་ཡན་ལག་ནི། །ལེགས་སྦས་མཉམ་པ་ཉིད་གྱུར་ཅིག་།སྟོད་གཡོགས་གྱོན་པའིའོ། །བླ་མེད་ཐེག་པ་ཆེན་པོར་ནི། །རྐང་པ་འཇུག་པར་བྱེད་གྱུར་ཅིག་།ལྷ་ཡི་བཞོན་དང་ཚངས་པ་ཡི། །བཞོན་པ་ལ་སོགས་ངེས་འབྱུང་གི་།རིམ་པས་མཐར་གྱིས་བགྲོད་པར་ཤོག། ་མཆིལ་ལྷམ་གྱོན་པའིའོ། །ལུས་ཅན་ཐམས་ཅད་ཐམས་ཅད་དུ། །ཐམས་ཅད་བདེ་འགྲོ་མྱང་འདས་དང། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གནས། །སྒོ་ཆེན་པོ་ནི་འབྱེད་པར་ཤོག་།སྒོ་དབྱེ་བའིའོ། །ཁམས་གསུམ་རྨོངས་པ་ཆེན་པོ་ཡི། །སྲིད་པའི་ཁྱིམ་ལས ་ཕྱིར་བྱུང་སྟེ། །ཐམས་ཅད་མཁྱེན་པ་གསལ་འདོད་པ། །འཇིག་རྟེན་མཛའ་དག་དེས་འགྲོ་ཤོག་།ཁང་པ་ལས་ཕྱིར་འབྱུང་བའིའོ། །མི་ཁོམ་ངན་འགྲོའི་གཡངས་ས་ལས། །མཛའ་དག་སྐྱེ་བོ་རྣམས་ཀྱི་སྒོ། །མི་དགེ་གང་བྱས་བྱང་སེམས་དང། །སངས་རྒྱས་ཀྱིས་ཀྱང ་བཅད་གྱུར་ཅིག་།སྒོ་འགེགས་པའིའོ། །བླ་མེད་དེ་བཞིན་གཤེགས་པ་ཡི། །གོམས་པས་ཐམས་ཅད་དུ་བགྲོད་ཤོག་།འགྲོ་བའིའོ། །ཉོན་མོངས་ངན་དུ་སྤྱོད་པ་ཡི། །བཤད་གཅི་དྲི་མ་འདོར་གྱུར་ཅིག་།དྲི་མ་འདོར་བའིའོ། །མི་གཙང་དྲི་མི་ཞིམ་སོགས་འདོར། །ཚུལ་ཁྲིམས ་འཆལ་པའི་དྲི་བསལ་ཏེ། །རྩེ་དང་བྱ་བ་དག་པ་ཡི། །ཕྱག་ཞབས་སེམས་ཅན་ལྡན་གྱུར་ཅིག་།ཁྲུས་ཀྱིའོ། །རྣམ་པར་ཐར་པའི་སྒོ་ནས་སྒོར། །རྣམ་འཕེལ་བདེ་བར་གཤེགས་པ་བཞིན། །ཀུན་མཁྱེན་ཚུལ་ཁྲིམས་དྲི་ཞིམ་དང། །ཡེ་ཤེས་སྣད་པ་འཆར་བར་ཤོག ་འཁྲུ་བ་དང་སོ་ཤིང་ཟ་བའིའོ། །རྟག་ཏུ་སེམས་ཅན་མཉམ་པར་ནི། །ན་རྒས་ཉོན་མོངས་ཐམས་ཅད་དང། །བྲལ་ཞིང་ཐམས་ཅད་མཚུངས་པར་ཡང། །རྡོ་རྗེ་སྙིང་པོའི་ལུས་སུ་ཤོག་།སྨན་ཉེ་བར་སྤྱོད་པའིའོ། །ཀུན་ནས་རབ ་ཏུ་དང་བ་དང། འདོད་ཆགས་ལ་སོགས་རྡུལ་སྤངས་ཏེ། །སེམས་ཅན་རྫོགས་པའི་སངས་རྒྱས་བཞིན། །བལྟ་བས་མི་ངོམས་སྐུར་གྱུར་ཅིག་།ཆག་ཆག་དང་ཕྱག་ངར་བསྐྱང་ནུལ་གྱིའོ། །སྤྱི་གཙུག་འཇིག་རྟེན་མི་མཐོང་དང། །ལྷ་དང་མི་ལ་སོགས་རྣམས་ཀྱི ་ཕྱག་འོས་རྟག་ཏུ་སེམས་ཅན་ཀུན། །རྫོགས་སངས་རྒྱས་མཆོད་རྟེན་བཞིན་མཆོད་ཤོག་།མཆོད་རྟེན་ལ་ཕྱག་བྱེད་པའིའོ། །སྐྱེས་བུ་ཆེན་པོ་སེང་གི་ཡི། །ཆོས་འཛིན་རྡོ་རྗེ་གདན་འདུག་སྟེ། །འོས་སུ་གྱུར་པའི་སེམས་ཅན་གྱི། །བདུད་སྟོབས་སྟོབས་ལས་རྒྱལ ་ཐོབ་ཤོག་།སྟན་དང་གདིང་བའིའོ། །ཀུན་མཁྱེན་དམ་ཆོས་ཐམས་ཅད་ཀྱི། །མཛོད་ནི་འབྱེད་དང་འདོན་པ་དང། །སྐྱེ་བོ་རྣམས་ཀྱི་བཀའ་ལུང་ནི། །ཚངས་དབྱངས་ལྟ་བུ་ཐོབ་པར་ཤོག་།གླེགས་བམ་འབྱེད་པ་དང་འདོན་པ་ལ་སོགས་པའིའོ། །རྡུལ་དང་ནང ་ཀྱི་སྐྱོན་སྤངས་ཏེ། །གསེར་གྱི་མདོག་ཅན་མཉེན་ཉིད་དང། །སྣ་ཚོགས་ཡན་ལག་མཚན་ཉིད་བཟང། །སེམས་ཅན་རྒྱལ་བ་ཇི་བཞིན་ཤོག་།བླ་མེད་རྫོགས་སངས་རྒྱས་ཀྱི་སྤྱན། །དག་པ་ལྔ་དང་རྟག་ལྡན་ཞིང། །ཉོན་མོངས་གདུང་བ་དྲི་མའི་ཚོགས། ། ་ལུས་ཅན་རྣམས་ནི་དག་པར་ཤོག་།དྲིལ་ཕྱིས་དང་སྤྱན་འབྱེད་དང་ཁྲུས་ལ་སོགས་པའིའོ། །ལམ་གྱི་ཡན་ལག་བརྒྱད་ལྡན་ཆུས། །ཡུན་རིང་ཟུག་རྡུར་བྱིང་ཕྱུང་སྟེ། །ཆོས་ཤེས་མདོན་པར་དག་བྱེད་དཔལ། །ལུས་ཅན་རྣམས་ཀྱིས་རྙེད་པར་ཤག་།ཁྲུས་བྱ་པ ་སྦྱིན་པའིའོ། །མ་ལུས་བཀྲེས་དང་སྐོམ་པ་ལས། །བདེ་གཤེགས་བཞིན་དུ་རྣམ་གྲོལ་དང། །ཡེ་ཤེས་བདུད་རྩིས་ལེགས་ཚིམ་ཞིང། །སེམས་ཅན་རྣམས་ནི་ནད་མེད་གྱུར། །བཟའ་དང་བཏུང་བ་ལ་ལོངས་སྤྱོད་པའིའོ། །ཀུན་མཁྱེན་ཡེ་ཤེས་སྤྱོད་པ་ཡིས། །ཁ་མགྲིན ་དབལ་ནི་བརྒྱན་བ་དང། །མི་གནས་མྱ་ང་ན་འདས་པར་ནི། །ཤེས་བརྩེའི་གོམ་པས་རིམ་བགྲོད་ཤོག་།ལུང་བསྟན་རྣམ་པ་བཞི་དག་དང། །སོ་སོར་ཡང་དག་རིག་རྣམ་བཞི། །ཕ་རོལ་ཕྱིན་པ་ཆེན་པོའི་ལམ། །བཞོན་མཆེན་པོར་འཛེག་པར་ཤེག། བརྩེ་དང་ཤེས་རབ་ཡང ་དག་འབྱུང། །མ་ལུས་ལུས་དང་དག་གི་ལས། །གཞན་དོན་ཕྱིར་མི་ལྡོག་པར་ནི། །སེམས་ཅན་ཐམས་ཅད་མཉམ་གྱུར་ཅིག་།ཏམ་པོ་ལ་ཟ་བ་དང། འཆག་པ་དང། འབེལ་བའི་གཏམ་དང། ལམ་དང། བཞོན་པ་ལ་འཛེག་པ་དང། བྱ་བ་རྣམས་ཀྱིའི། །ཐམས་ཅད ་དུ་ནི་སྒྲིབ་བྲལ་གྱིའོ། །དྲན་དང་ཤེས་རབ་ཡོན་ཏན་ལྡན། །སེམས་ཅན་ཐམས་ཅད་དོན་ཕྱིར་ཡང། །སེམས་ཅན་ཀུན་དགེ་བྱེད་གྱུར་ཅིག་།དེ་དང་དེའི་སྤྱོད་ཡུལ་གྱི་སྒོའི་རྣམ་པའོ། །བླ་མེད་དེ་བཞིན་གཤེགས་པ་ཡི་ནི་ཚུལ་ཁྲིམས་དྲི། །བྱང་ཆུབ་ཡན་ལག་མེ ་ཏོག་མཛེས་ཁེབས་དེ་ཡན་ལག། བཟང་པོའི་མཚན་རྣམས་ཀྱིས་ནི་མངོན་པར་བརྒྱན་པ་དང། །སེམས་ཅན་རྣམས་ནི་འགྲོ་བའི་དོན་འདོད་གྱུར་པར་ཤོག་།དྲི་འམ་བདུག་པ་དང་མེ་ཏོག་དང་རྒྱན་བྱིན་པའིའོ། །གྲང་དང་ཆ་བའི་གདུང་བ་སེལ་བར་བྱེད་པའི་དྲི ་ཞིམ་དང། གདུགས་དང་འདྲ་བའི་ཕྱོགས་ཀྱི་གནས་ཡང་བདག་པོ་དང། ཆོས་ཀྱི་རྒྱལ་མཚན་བསྒྲེང་བས་ཕྱོགས་སུ་བརྒྱན་པ་ཡིས། །སེམས་ཅན་རྣམས་ནི་འགྲོ་ལ་རབ་ཏུ་གསལ་གྱུར་ཅིག་།མེ་ཏོག་དང་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེད་པིའོ། ། ་ཤེས་རབ་རབ་ཏུ་གསལ་བས་མུན་པ་རྣམ་བཅོམ་ཞིང། །དེས་ནི་སྡིག་པའི་སྣུམ་དང་སྡོད་བུ་བསྲེགས་ནས་ནི། །སྤྱན་སྔར་ཉེ་བར་འཕེལ་བ་རྣམས་ནི་ཐོབ་པ་དང། །རྒྱལ་བ་ལྟ་བུར་སེམས་ཅན་རྣམས་ནི་རབ་གསལ་ཤོག་།དེ་བཞིན་གཤེགས་པ་བླ་ན་མེད ་པ་མི་འགྱུར་བའི། །སྙན་དང་ལྡན་ཞིང་ལེགས་པའི་ཡིད་ཤེས་དག་དག་དང། །ཚངས་དབྱངས་ལྟར་འགྱུར་དེ་དགེ་ཡོན་ཏན་ཆེན་པོ་ནི། །སེམས་ཅན་བདེ་བར་གཤེགས་པ་དག་དང་མཚུངས་གྱུར་ཅིག་།སྒྲོན་མ་དང་བསྟོང་པ་འབུལ་བའིའོ། །འགྲོ་བ་ཁྱབ་པར་རྒྱུན ་ཆགས་མིན། །མཛའ་དག་སྨོན་ལམ་ཆེན་པོ་རྣམས། །རྒྱུན་ཆགས་མེད་འདས་བརྩེ་བ་ཡི། །མལ་བདེར་ལྟག་པར་ཉལ་གྱུར་ཅིག། མ་སྨད་སྤྱོད་པ་ཐམས་ཅད་དུ། །ཕ་རོལ་སེམས་ཅན་རྗེས་འཛིན་ངེས། །རང་ཚུལ་སྤྱོད་དང་སྤྱོད ་ཡུལ་ནི། །སེམས་ཅན་སངས་རྒྱས་བཞིན་གྱུར་ཅིག་།སྨོན་ལམ་དང་གནས་མལ་དང་མ་སྨད་པའི་སྤྱོད་པ་ཐམས་ཅད་ཀྱིའོ། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ། སློབ་དཔོན་དཔལ་སྒྲ་གཅན་འཛིན་བཟང་པོའི་ཞབས་ཀྱིས་མཛད་པ ་རྫོགས་སོ།། །།དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོ་དང། ལོ་ཙྪ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །། *། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། ། ་