CLOSE WINDOW

N4148: rgyal ba'i lam la 'jug pa
Wyliee-texts based on the ACIP/ALL Input

སྨན་པས་ས་ཡང་རབ་ཏུ་གཡོས། །དགེ་ལེགས་བསམ་པ་དག་པས་དགོངས་པ་མཐར་ཡང་ཆུབ།། །། *། །རྒྱལ་བའི་ལམ་ལ་འཇུག་པ་ཞེས་བྱ་བ་པཎྜི་ཏ་བུདྡྷ་ཤྲཱིཛྙཱ་ནས་བོད་དུ་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ ་ཛི་ན་མཱརྒཱ་བ་ཏཱ་ར། བོད་སྐད་དུ། རྒྱལ་བའི་ལམ་ལ་འཇུག་པ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་བག་ལ་ཉལ་ནི་བག་ཆགས་བཅས་དང་བདུད་དགྲ་མ་ལུས་ཐམས་ཅད་ནི། །གཉེན་པོ་ཡང ་དག་གཟུང་བའི་སྟོབས་ཀྱིས་ངེས་བཅོམ་བྱང་ཆུབ་མཆོག་ནི་རྒྱས་ལྡན་ཞིང། །ཀུན་མཁྱེན་བདེ་གཤེགས་ཐུགས་རྗེ་བདུད་རྩིའི་རང་བཞིན་སྐྱོབ་པ་རབ་སྟོན་མངའ་བདག་པོ། །དེ་དང་བླ་མ་ཆོས་དང་དགེ་འདུན་བཅས་ལ་གུས་པས་རྟག་པར་ཀུན་ནས ་འདུད།། །ཉེན་པོ་ཡོངས་སུ་གཟུང་བ་ཡིས། །མི་མཐུན་ཕྱོགས་དེ་ཀུན་སྤངས་དང། །བྱང་ཆུབ་མཆོག་གི་རྟོགས་པ་དང། །འགྲོ་བའི་དོན་ནི་འདོད་པ་ཡིས། །རྒྱལ་བའི་ལམ་ལ་འཇུག་པ་འདི། །ཇི་ལྟར་ལུང་བཞིན་མདོར་བསྡུས་པས། །རང་གིས་རྟོགས་པར་བྱ་བ ་དང། དགེ་སློང་མཁས་པ་བྱམས་དཔལ་བཟང། །ཞེས་བྱ་ཆོས་ཀྱི་དོན་གཉེར་བ། །དེ་ཡིས་གུས་པར་བསྐུལ་བ་དང། །རང་ཉིད་མཆོག་ཏུ་གོམས་འཕེལ་ཕྱིར། །རང་གི་ཤེས་རབ་ཀྱིས་བརྟགས་བརྗོད། །སྤྱོད་ཡུལ་མིན་ལ་གོམས་བྱས་ནས། །དོན ་མཆོག་རིགས་པ་ལྡན་གྱུར་ཏེ། །རྫོགས་པའི་བྱང་ཆུབ་འདོད་པ་ཡིས། །ཚོད་མ་སྦྱིན་ལའང་འབད་བཞིན་ནོ། །མདོ་དང་དལ་འབྱོར་རྙེད་དཀའ་དང། །མི་རྟག་ཉིད་དང་སྲིད་སྡུག་བསྔལ། །ཐོག་མེད་སྲིད་པའི་སྡུག་བསྔལ་གྱི། །མཚོ་ལས་འགྲོ་བ་བསྒྲལ་འདོད་དང། །དཔལ ་ལྡན་བླ་མའི་མཚན་ཉིད་དང། །བྱང་སེམས་བསྐྱེད་དང་སྡོམ་པ་དང། །རང་བཞིན་ཁ་ན་མ་ཐོར་བཅས། །སྡིག་བཅུ་འབྲས་བུ་དང་བཅས་དང། །བག་མེད་འདོད་སྲེད་བུད་མེད་ཆང། །བག་ལ་ཉེལ་དང་དེ་སྦཞིན་དུ། །ཉེ་བའི་ཉོན་མོངས་དང་བདག་མེད་།རྟེན་ཅིང ་འབྲེལ་འབྱུང་འཁོར་ལོ་དང། །འཕགས་པའི་བདེན་པ་བཞི་རྣམས་དང། །དམ་ཆོས་མཉམ་པ་ལ་སོགས་དང། །ཕ་རོལ་ཕྱིན་བཅུ་རྣམས་གསུངས་པ། །འཇིག་རྟེན་པ་དང་དོན་དམ་དང། མི་སྟག་རྣམ་པ་གསུམ་དང་ནི། ་གཞན་ཡང་དབུགས་རྔུབ་འབྱུང་རྗེས་དྲན། །སྦྱོར་བའི་ལམ་དང་མཐོང་བའི་ལམ། །བསྒོམ་པའི་ལམ་དང་དེ་བཞིན་དུ། །ཁྱད་པར་ལམ་ཞེས་གྲགས་པ་དང། །ས་རྣམས་ཡོངས་སུ་སྦྱང་བ་དང། །ཡོངས་སྨིན་སྐུ་བཞི་བརྗོད་པ་དང་དེ་བཞིན་དུ་ནི་སྨོན་ལམ་སྟེ། ་རྒྱལ་བའི་ལམ་ལ་འཇུག་པ་འདི། །མདོ་རུ་བསྡུས་ཏེ་ཡོངས་བརྗོད་ན། །འདི་ལྟར་ལེའུ་སུམ་ཅུར་ནི། །གོ་རིམ་བཞིན་དུ་གནས་པ་ཡིན། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མདོར་བསྡུས་ཀྱི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།མི་ཡི་དངོས་པོ ་རྙེད་པར་ཤིན་ཏུ་དཀའ་། །རབ་བསྔགས་སྐྱེ་བ་ཡོངས་སུ་འཛིན་པ་དང། །རབ་བསྔགས་ཡུལ་དང་འཚེ་དང་སྐྲག་པ་མེད། །ནད་མེད་པ་དང་དབང་པོ་ཚང་གྱུར་དང། །ལང་ཚོ་ལྡན་གྱུར་ནས་ཀྱང་ཚེ་རིངས་དང། །འཁོར་བའི་སྡུག་བསྔལ་ཆུ་བོར་གཡེངས་པས་འཇིགས། ་དཀའ་ཚེགས་མེད་པའི་གོས་དང་བཟའ་ལ་སོགས། །སྙིང་པོ་ཡོད་མེད་དཔྱོད་ཤེས་བློ་ལྡན་དང། །སངས་རྒྱས་བྱོན་དང་དེ་ཡི་ཆོས་གསུངས་དང། །ཆོས་ཐོས་འདོད་ཅིང་མངོན་པར་བརྩོན་པ་དང། །དཔལ་ལྡན་བླ་མ་དམ་པའི་བསྙེན་བཀུར་དང། །ཐོས་དོན་སེམས ་དང་བསྒོམ་སོགས་ཤིན་ཏུ་དཀོན། །དེ་ལྟར་སྟོན་པས་གསུངས་ཏེ་འཇིག་དུས་ཀྱི། །རླུང་གིས་ཆེར་གཡེངས་གཅིག་བྱུང་རྒྱ་མཚོ་ཡིས། །གཉའ་ཤིང་བུ་གར་ལོ་བརྒྱ་ནས་འཐོན་པའི། །རུས་སྦལ་མགྲིན་པ་ཆུད་ལྟར་མི་རྙེད་དཀའ་། །སྔར་བཤད་ལས་ལྟོས་ལྷག ་པར་ཁྱད་པར་དུ། དེ་དེ་རིམ་པ་རིམ་པ་རྙེད་པར་དཀའ་། །དེ་ཕྱིར་དལ་འབྱོར་རིན་ཆེན་ལེགས་རྙོད་པ། །མི་ཡི་ལུས་ཀྱི་སྐྱེས་བུའི་དོན་བསྒྲུབས་ཏེ། །གལ་ཏེ་འདི་ལ་ཕན་པ་མ་བསམས་ན། །ཕྱིས་ནི་གསུངས་པའི་དལ་འབྱོར་ག་ལ་རྙེད། བླ་མའི་བཀའ་ལུང་རང་གི་རིག ་པ་ཡིས། བློ་དང་ལྡན་པས་བརྟག་ཅིང་དཔྱད་པར་བྱ། འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་དལ་འབྱོར་རྙེད་པར་དཀའ་བ་བརྒྱུད་པའི་རིམ་པའི་ལེའུ་གཉིས་པའོ།། །།སྐྱེས་པ་ཙམ་ནས་སྐྱེ་འགྲོ་ཡི། མདུན་ན་བརྩེ་བ་མེད་པ་ཡི། འཆི་བ་ཞེས ་བྱའི་འདྲེ་ཆེན་གནས། ཤིན་ཏུ་བཟློག་དཀའ་འཇིགས་པར་བྱེད། །མ་དང་ཕ་དང་བུ་དང་ནི། སྤུན་དང་སྲིང་མོ་དེ་བཞིན་དུ། །ཆུང་མ་གཉེན་གཤེས་མཛའ་བོ་དང། །མི་མཛའ་ཀུན་ཀྱང་གཤིན་རྗེས་གསོད། བྱིས་པ་རྒན་པོ་གཞོན་ནུ་དང། །དར་མ་དང་ནི ་མཆོག་གཟུགས་ཅན། །ལང་མཚོ་ཅན་དང་ལང་ཚོ་མེད། ཁྲེལ་མེད་མཆེ་བས་ཟ་བའོ། འཁོར་ལོས་སྒྱུར་དང་མི་ཡི་ནི། དབང་པོ་བླུན་པོ་ལ་སོགས་དང། ཚངས་པ་ལ་སོགས་ལྷ་རྣམས་དང། ནོར་རྒྱས་ལ་སོགས་ཀླུ་རྣམས་ཏེ། འདི་དག་ཀུན་ཀྱང་འཆི་བས་ཟོས ་བསམ་གཏན་ཅན་དང་ཤེས་པ་ཅན། །ཞི་དང་ཐུབ་དང་སྙིང་རྗེ་མཆོག་།གཏོང་དང་དགེ་བའི་ལས་ཅན་དང། །སྣ་ཚོགས་རིག་པའི་ཕ་རོལ་ཕྱིན། བདེ་ལྡན་རྙེད་ལྡན་ཁ་དྲག་དང། སྨྲ་མཁས་པ་དང་ཆོས་སྨྲ་རྣམས། འཆི་བ་ཡིས་ནི་འཇོམས་པ་སྟེ། ཀུན་ལ་གཏོང ་བ་གང་ཡང་མེད། །བཅུགས་པ་དང་ནི་ངོ་ཡང་མེད། །དད་པ་ཅན་དང་གུས་ཅན་མད། །ས་མཚམས་དང་ནི་རྟོག་དཔྱོད་མེད། གར་ཡང་འཆི་བདག་འདི་ནི་འབྱུང། །སྣོད་དང་སེམས་ཅན་འཇིག་རྟེན་གྲགས། །དུས་གསུམ་གྱི་ནི་ཁམས་གསུམ་རྣམས། །སྐྱེས ་པ་ནས་གཟུང་བརླག་གི་བར། །མདོར་ན་འཇིགས་པའི་རྗེས་སུ་ཕྱོགས། །ཡིད་བརྟན་མི་རུང་འཆི་བདག་འདི། བྱས་དང་མ་བྱས་མི་སྡོད་འཇོམས། །བདེ་དང་མི་བདེ་ཡིད་བརྟན་མེད། །གནམ་ལྕགས་ཆེན་པོ་གློ་བུར་བ། གསོད་པའི་གནས་སུ་གསད་བྱ་ཡི། །སྐྱེས་བུ་སྟོབས ་ཀྱིས་ཁྲིད་པ་ལྟར། །སྐྱེ་འགྲོ་རྣམས་ནི་སྐྱེས་ཙམ་གྱིས། །དེ་ནི་སྐད་ཅིག་སྐད་ཅིག་འཆི། །དལ་འབྱོར་རིན་ཆེན་རྙེད་དཀའ་སྟེ། །རྙེད་ཀྱང་སྐད་ཅིག་འཇིག་རང་བཞིན། །དེ་མཐོང་ཡང་ནི་ཅི་གནས་རང། །འཆི་བ་ཉིད་དུ་མི་རྟོགས་ཏེ། །རྒས་མེད་འཆི་མེད་བདག་ཉིད་དུ། །གོ་ཞིང་ལུས ་ཅན་གསོད་བ་སྟེ། འདོད་དང་གཏི་མུག་འཇིགས་ཁྲོ་ཡིས། བླ་མ་དང་ནི་ཕན་འདོགས་དང། །གང་ཡང་རུང་སྟེ་སུ་ཡང་གསོད། །བླ་མ་དཀོན་མཆོག་གསུམ་དང་ཡང། །ཡོན་ཏན་ཅན་དང་སྡུག་ཕོངས་ཀྱི། །རྫས་ནི་དོགས་པ ་མེད་པར་འཕྲོག་།ལོངས་སྤྱོད་དོན་དུ་ལྷ་བཞིན་དུ། འདོད་པས་ལོག་པར་སྤྱོད་པ་རྣམས། །རུང་དང་མི་རུང་རྣམས་དཔྱོད་མིད། གསེར་འགྱུར་རྩི་ཡི་རྙེད་བཞིན་དུ། །རྟེན་ཅིང་རབ་ཏུ་ཚིམ་པར་བྱེད། །རྫུན་དང་ཕྲ་མ་ཚིག་རྩུབ་དང། ངག་འཁྱལ་བ་ཡི་ཚིག ་དང་ནི། རོལ་རྩེད་བྱེད་དང་སེམས་ཅན་ནི། །ཕ་རོལ་སེམས་ལ་ཟུག་རྔུ་བྱེད། །གཞན་གྱི་ནོར་ལ་བདག་པོར་ནི། འདོད་པ་སྐྱེད་པར་བྱེད་པ་དང། །གཞན་ཡང་ནོད་པར་སེམས་པར་བྱེད། ཆོས་དང་ཆོས་མིན་ཕྱིན་ཅི་ལོག་།འདི་ལྟར་སྡིག་པ་བྱས་ཀྱང ་ནི། རྒས་མེད་འཆི་བ་མེད་བཞིན་རོལ། །ཤིན་ཏུ་ལྷུང་སྟེ་ཆེར་རྩུབ་པའི། །དམྱལ་བ་མི་བཟང་མྱོང་བར་འགྱུར། མཆོག་ཏུ་ཚེ་རིང་མི་རྣམས་ཀྱང། །ཚེ་ལོ་བརྒྱ་པ་ཡིན་པར་བརྗོད། སྟོང་ཕྲག་སུམ་ཅུ་རྩ་དྲུག་གི་།ཞག་ལ་ལོ་ནི་བརྒྱ་ཡིན་ཏེ། དེ་རྣམས ་ནང་ནས་གང་རུང་བའི། །ཉིན་ཞག་ལ་ནི་ངེས་པར་འཆི། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །ཁ་ཅིག་སྐྱེས་མ་ཐག་ཏུ་འཆི། །སྐད་ཅིག་འཇིག་པའི་རང་བཞིན་དུ། ཆོས་རྣམས་ཡང་དང་ཡང་དུ་བསམ། བླ་མ་དཀོན་མཆོག་གསུམ་པོ་ལ། བློ་ལྡན་འབད ་པས་སྐྱབས་སུ་འགྲོ། འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མི་རྟག་པ་བརྟན་པའི་ལེའུ་སྟེ་གསུམ་པའོ།། །།སྤྱིར་ནི་འཁོར་བ་སྡུག་བསྔལ་གྱི། །ཕུང་པོར་རབ་ཏུ་གྲགས་པ་ཡིན། སྐྱེ་དང་རྒ་དང་ན་དང་འཆི། དེ་བཞིན་དུ་ནི་ངན་སོར་གསུམ ་སྡུག་བསྔལ་རང་བཞིན་ཉིད་དུ་གསུངས། །འཁོར་བ་ཅིས་ཀྱང་འབྱུང་བ་ཡིན། །ཞིང་ལས་གཡོ་དང་ཚོང་དང་ནི། །ཕྱུགས་སྐྱོང་བ་ཡི་སྡུག་བསྔལ་དང། །སྡུག་པ་དང་བྲལ་སྡུག་བསྔལ་དང། །མི་སྡུག་དང་ཕྲད་སྡུག་བསྔལ་དང། །འདོད་ཡོན་བཙལ་ཡང་མ་རྙེད་དང། ། ་ཤིན་ཏུ་བཀྲེས་སྐོམ་སྡུག་བསྔལ་དང། །དབུལ་བའི་སྡུག་བསྔལ་ཤིན་ཏུ་ཆེ། །དག་རྣམས་སྣ་ཚོགས་སྡུག་བསྔལ་དང། བསམ་པ་མ་གྲུབ་ནོར་ཟད་དང། །གྲགས་མེད་སྡུག་བསྔལ་སྡུག་བསྔལ་ཉིད། །འགྱུར་བའི་སྡུག་བསྔལ་ཆེན་པོ་ནི། །དབང་པོ ་ལྔ་ནི་རྒྱས་བྱེད་པའི། །དབང་པོའི་སྤྱོད་ཡུལ་ལོངས་སྤྱོད་ཀུན། །དེ་བཞིན་རྒྱལ་པོ་དབང་ཕྱུག་སོགས། །ཁམས་གསུམ་པོ་ནི་མ་ལུས་ཀྱི། །མདེར་ན་ཟག་བཅས་བདེ་བ་འདི། །མཐར་ནི་འབྲལ་བར་འགྱུར་བ་སྟེ། །འདི་ནི་སྡུག་བསྔལ་ཉིད་ཡིན་ནོ། །ངེས་པར ་སྡུག་བསྔལ་འདི་རྣམས་ཀྱི། །ཉེར་ལན་རྒྱུ་ནི་སྲེད་པ་སྟེ། །དེ་བཟློག་པ་ཡི་ཆད་དུ་ནི། །ཆོས་ཀྱི་བདག་མེད་བསྒོམ་པར་བྱ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་འཁོར་བའི་སྡུག་བསྔལ་བརྗོད་པའི་ལེའུ་སྟེ་བཞི་བའོ།། །།ཐོག་མ་མེད ་པའི་འཁོར་བ་རུ། །ལས་རླུང་ཤུགས་ཀྱིས་གང་འཁོར་བ། །འདི་དག་དལ་བ་མེད་པར་འཁོར། །སྡུག་བསྔལ་འཆི་བའི་ཆོས་ཅན་དེ། །ཐོག་མ་མེད་ལྡན་འཁོར་བར་ནི། །སྐྱེ་བ་བརྒྱུད་མར་འཁོར་བ་ན། །རེས་འགའ་ལ་ལར་གང་ལ་ལ། །ཕ་དང་མ་དང་བུ་དང་ནི། ། ་སྣག་གཉེན་སོགས་སུ་བརྒྱ་སྟོང་དུ། །འདི་ལ་གང་ཞིག་མ་གྱུར་མེད། །བུ་དང་ཚ་བོ་སོགས་འབྲེལ་བ། །ཉེ་འཁོར་གཉེན་དང་རྩ་ལག་རྣམས། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་རུ། །བྱིང་པའི་སེམས་ཅན་བསྒྲལ་བའི་ཕྱིར། །ནན་ཏན་གྱིས་ནི་ལེགས་བརྟགས་ནས།། ་དཔལ་ལྡན་བླ་མ་དམ་པ་བསྟེན། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་འགྲོ་བ་བསྒྲལ་བར་འདོད་པའི་ལེའུ་ཞེས་བྱ་བ་སྟེ་ལྔ་བའོ།། །།ལྟ་བ་ཀུན་གྱི་གནད་ཤེས་ཤིང། །སྙིང་པོ་ཡོད་མེད་རྣམ་དཔྱོད་ཅན། །རྟོག་གེའི་བསྟན་བཅོས་ཀུན་དོན་དང ་དབུ་མའི་དོན་ལ་རྣམ་དག་བློ། །རྒྱགས་མིན་ང་རྒྱལ་མེད་པ་དང། །སྙོམས་ཤིང་མཆོག་ཏུ་སྙིང་རྗེ་ཅན། །སྲིད་པའི་ལོང་སྤྱོད་བོན་མི་གཉེར། །བླ་མ་དཀོན་མཆོག་གསུམ་ལ་བརྟེན། །གཞན་ལས་རྙེད་པ་དོན་མི་གཉེར། །ཆོག་ཤེས་རང་གི་ལས་ལ་སེམས། །ཕ་རོལ ་དཔལ་དང་རྙེད་པ་དང། །བཀུར་སྟི་ཡོན་ཏན་གྲགས་པ་ཡིས། །བདེ་དང་ལྡན་ན་ཤིན་ཏུ་དགའ་། །མདོ་དང་ཆོས་མངོན་འདུལ་བ་ཡི། །འགལ་བའི་དོན་ནི་གསལ་བྱེད་ཅིང། །བླ་མ་རྒྱུད་པའི་རིམ་པ་ཡི། །ཐེག་པ་ཆེན་པོའི་དོན་སྟོན ་པ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་གསོང་པོར་ལེགས་སྨྲ་བ། །ཚུལ་ཁྲིམས་འཆལ་ཡང་ལམ་ལ་གནས། །བྱས་པའི་ལྟུང་བ་འཆོས་པར་བྱེད། །དེ་ལ་སོགས་ཏེ་གསུང་རབ་ལས། །གསུངས་པའི་བླ་མའི་མཚན་ཉིད་ལྡན། །དེ་འདྲའི་དཔལ ་ལྡན་བླ་མར་བྱ། །དེ་ལས་གཞན་པ་བདུད་ཀྱི་ཕྱོགས། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་དཔལ་ལྡན་བླ་མའི་མཚན་ཉིད་བསྟན་པའི་ལེའུ་སྟ་དྲུག་པའོ།། །།རྣམ་དག་ཚེས་དང་གཟའ་ལ་སོགས། རྗེས་སུ་མཐུན་པ་ཀུན་བཟུང་ལ། །གུས་པས་བླ་མ ་དཀོན་མཆོག་ལ། །ཆོ་ག་བཞིན་དུ་མཆོད་བྱས་ཏེ། །ཐ་མ་འབྲིང་སོགས་དབྱེ་བ་ནི། །རྫོགས་སངས་རྒྱས་གསུང་ཆོ་ག་ཡིས། །བླ་མ་དང་ནི་དཀོན་མཆོག་ལ། །ཅི་ནུས་པ་ཡི་ཡོན་དབུལ་བྱ། །འཁོར་བའི་སྡུག་བསྔལ་གྱིས་སྐྲག་པའི། །ཡིད་ཀྱིས་བསྟོད་ཅིང་ཕྱག་ཀྱང ་བྱ། བྱང་ཆུབ་སྙིང་པོ་མ་ཐོབ་པར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །བླ་མ་མཆོད་པ་ལ་སོགས་པའོ། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང ་ནི། གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་དག་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས ་ལུས་ངག་དང། །ཡིད་ཀྱིས་གནོད་བགྱིས་གང་ལགས་དང། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་ཆགས། །སྡིག་པ་བཤགས་པའོ། །འདྲེན་པ་རྣམས ་ཀྱིས་བདག་གི་སྡིག་།ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །མི་བྱེད་པར་སྡོམ་པའོ། །ཕྱོགས་བཅུ་ནམ་མཁའ་ཨི་མཐས་ཁྱབ་པ། །འཇིག་རྟེན་ཁམས་ན་བཞུགས་པ་ཡི། །སངས་རྒྱས ་བྱང་སེམས་དེ་དག་ཀུན། །དུས་གསུམ་དུ་ནི་བྱུང་རྣམས་དང། །ཉན་ཐོས་བསེ་རུ་སངས་རྒྱས་དང། །འཕགས་མིན་ལུས་ཅན་རྣམས་ཀྱི་ནི། །དུས་གསུམ་བསོད་ནམས་ཐམས་ཅད་ལ། །དགའ་བས་རྗེས་སུ་ཡི་རང་ངོ། །བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །རྗེས་སུ་ཡི་རང ་བགྱིས་པ་ལེས། །བསོད་ནམས་དཔག་མེད་གང་སྐྱེས་པ། །དགེ་དེས་སྐྱེ་བོ་ཐམས་ཅད་རྣམས། །རྫོགས་པའི་བྱང་ཆུབ་ཐོབ་གྱུར་ཅིག་།བསོད་ནམས་ཡོངས་སུ་བསྔོ་བའོ། །འཇིག་རྟེན་ཁམས་བརྗོད་སངས་རྒྱས་གང། །དུས་གསུམ་འབྱུང་བའི་བརྩེ་ཅན་རྣམས། །རྣམ ་པ་ཀུན་ཏུ་དྲག་པར་ནི། །ཆོས་ནི་གསུང་ཞིང་བསྟན་དུ་གསོལ། །བསྐུལ་བའོ། །ཡོངས་སུ་མྱ་ངན་འདའ་བཞེད་པའི། །སྐྱོབ་པ་རྟག་པར་བཞུགས་སུ་གསོལ། །དམ་ཆོས་ཐོས་དེས་སེམས་ཅན་རྣམས། །སྲིད་པ་ལས་ནི་ཕྱིར་ཕྱོགས་ཤོག་།གསོལ་བའོ། །མགོན་པོ་ཁྱོད་ལ ་ཐམས་ཅད་དུ། །ངེས་པར་བདག་ཉིད་དབུལ་བར་བགྱི། །དེང་ནས་བཟུང་ནས་བྲན་ཉིད་དུ། །འཁོར་བའི་འཇིགས་པས་མཆི་བར་བགྱི། །མགོན་པོ་བླ་མ་སངས་རྒྱས་དང། །བྱང་སེམས་རྣམས་ཀྱིས་བདག་བཟུང་མཛོད། །མི་འཇིགས་པ་ནི་བདག་ལ་གསོལ།། ་དེང་ནས་འགྲོ་བའི་དོན་བགྱིའོ། །བདག་ཉིད་དབུལ་བའོ། །དེ་ནས་རྫོགས་པའི་བྱང་ཆུབ་ཀྱི། །སེམས་ནི་བླ་ན་མེད་པར་བསྐྱེད། །ལུང་ལས་གསུངས་པའི་ཆོ་ག་ཡི། །སེམས་ནི་རྩེ་གཅིག་དང་བྱས་ལ། །འདི་ལྟ་སྟེ། འདི་ལྟ་སྟེ། ཕྱོགས་བཅུ་ནམ་མཁའ་ཀུན་ཁྱབ་པའི། །འཇིག་རྟེན ་ཁམས་ན་བཞུགས་པ་ཡི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང། །དེ་སྲས་བྱང་ཆུབ་སེམས་རྣམས་དང། འཕགས་པ་ཉན་ཐོས་བྱང་ཆུབ་གང། །འདན་པ་རང་རྒྱལ་རྣམས་དང་ནི། །རྫུ་འཕྲུལ་ཆེན་པོའི་ལྷ་ལ་སོགས། །དེ་དག་བདག་ལ་དགོངས་སུ་གསོལ། །ཕྱོགས་སུ ་ནམ་མཁའ་ཨི་མཛའ་གཏུགས་པའི། །འཁོར་བའི་འཆིང་བ་དམ་པོ་ལས། །སེམས་ཅན་ཁམས་རྣམས་བསྒྲལ་ཕྱིར་དང། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད ་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་རྣམ་པ་གསུམ་བསྲུངས་ཏེ། །སངས་རྒྱས་སྦྱོར་སྐྱེས་སྡོམ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་བརྟན་པར ་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ནས་བཟུང་བར་བགྱི། །དེ་ལྟར་སེམས་ནི་བསྐྱེད་ནས་ཀྱང། །དེ་ནས་དེ་ལ་མི་མཐུན་ཕྱོགས། །ཆོམ་རྐུན་སྐབས་ཚོལ་སྤངས་བའི་ཕྱིར། །དེ་ལ ་ཞུགས་ཏེ་སེམས་ཀྱིས་བསྲུང། །སྒྲིབ་པའི་མུན་པ་ཀུན་འཇོམས་ཤིང། །ཀུན་མཁྱེན་ཡེ་ཤེས་བྱེད་པ་པོ། །གང་ལ་ཕན་ཡོན་དཔག་མེད་པ། །ཐུབ་པ་སྐྱེས་མཆོག་གིས་གསུངས་ཤིང། །དཔལ་ལྡན་ཀུན་ཏུ་བཟང་སྤྱོད་སོགས། །སྨོན་ལམ་མཛའ་ཡས ་ཀྱིས་བཅིངས་པས། །རྡོ་རྗེ་ལྟ་བུར་བརྟན་པ་སྟེ། འགྲོ་བའི་སྡུག་བསྔལ་སེལ་བའི་མཆོག་།ཕུན་སུམ་ཚོགས་པ་ཀུན་བསྐྱེད་ཅིང། །བདུད་ནི་ཐམས་ཅད་འཇིགས་བྱེད་པ། སྡུག་བསྔལ་རྒྱ་མཚོ་ཀུན་སྐྱོབ་པའི། །རིན་ཐང་མེད་པའི་རིན་ཆེན་མཆོག་།བྱང ་ཆུབ་སྤྱོད་འཇུག་ལ་སོགས་སུ། །བདག་ཉིད་ཆེན་པོ་རྣམས་ཀྱིས་ནི། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། །མདོར་སྡུས་གསུངས་པ་རིག་པར་བྱ། །ཇི་ལྟར་ཡིད་བཞིན་ནོར་བུ་དང། །བུམ་པ་བཟང་པོ་མི་ཟད་གཏེར། །དཔག་བསམ་ཤིང་གི་མྱུ་གུ་ནི། །རྙེད་བཞིན ་འབད་པས་བསྲུང་བར་བྱ། །ཆོ་ག་བཞིན་དུ་སྡོམ་བླངས་ན། །བྱང་ཆུབ་སྨོན་པ་ལྡན་འགྱུར་ཏེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །བྱང་ཆུབ་སེམས་སུ་རབ་ཏུ་གྲགས། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །རྒྱུ་དང་འབྲས་བུའི ་དབྱེ་བའམ། །དེ་བཞིན་ལྷན་ཅིག་སྐྱེ་བར་བརྗོད། །ཉོན་མོངས་ལ་སོགས་ཀྱིས་བསྒྲིབས་ཕྱིར། །དེ་ཡི་གཟུགས་ནི་མ་གསལ་བའི། །མ་རིག་པ་ཡི་གཟུགས་ཡིན་ཕྱིར། །རྣམ་པར་རིག་བྱེད་མིན་ཞེས་བརྗོད། །སྡོམ་པར་བརྗོད་པ་དེ་ཡང་ནི། །དཀར་པོའི་ཕྱོགས་ཀྱི ་རྒྱུན་ཡིན་ནོ། །ཐར་པའི་ཆ་མཐུན་གནས་པ་ནི། །ཆུང་ངུ་ལ་སོགས་དབྱེ་བ་གསུམ། །འདུན་པ་ལྷན་ཅིག་མཚུངས་ལྡན་སེམས། །དག་ཅིང་བཟང་བའི་ཞིང་ས་བཞིན། །བསོད་ནམས་ཡེ་ཤེས་ཚོགས་མཆོག་ནི། །སྐྱེ་ཞིང་འབྱུང་བའི་རྟེན་ཡིན་ནོ། །བསམ་པ་རྗེས་སུ་ཞུགས་པའི ་སེམས། །དག་པའི་གསེར་དང་མཚུངས་པ་སྟེ། །ད་ལྟར་དང་ནི་ཕྱི་ནས་ཀྱང། །རྣམ་པ་ཀུན་དུ་འགྱུར་བ་མེད། །ལྷག་པའི་བསམ་པ་མཚུངས་ལྡན་པའི། །དཀར་ཕྱོགས་ཟླ་བ་ཚེས་པ་བཞིན། །དགེ་བའི་ཆོས་ནི་ཐམས་ཅད་ཀྱང། །གོང་ནས་གོང་དུ་འཕེལ་བར་བྱེད།། ་ལས་ནི་དང་པོ་པར་གནས་ལ། །རིམ་པ་བཞིན་དུ་གསུམ་གསུངས་པ། །ཆུང་ངུ་འབྲིང་དང་ཆེན་པོ་སྟེ། །ཐར་པའི་ཆ་དང་མཐུན་གྱུར་པའི། །སྦྱོར་བའི་ལམ་དང་མཚུངས་ལྡན་པའི། །སེམས་ནི་མེ་དང་འདྲ་བ་སྟེ། །མི་མཐུན་ཕྱོགས་ཀྱི་བུད་ཤིང་བསྲེག་།རབ་ཏུ ་སྦྱོར་བ་འཕྲོ་ཕྱིར་འབྱུང། །སྦྱིན་པའི་ཕ་རོལ་ཕྱིན་ལྡན་པ། །མི་ཟད་པ་ཡི་གཏེར་དང་འདྲ། །འདོད་དོན་ཀུན་གྱིས་ཚིམ་བྱས་ཀྱང། །འདོད་དོན་ཡོངས་སུ་ཟད་པ་མེད། །ཚུལ་ཁྲིམས་ཕ་རོལ་ཕྱིན་ལྡན་པ། །རིན་ཆེན་འབྱུང་གནས་ལྟ་བུར་འགྱུར། །ཡོན་ཏན་རིན་ཆེན་དེ ་དག་ཀུན། །སྐྱེ་བའི་རྟེན་ནི་དེ་ཡིན་ནོ། །བཟོད་པའི་ཕར་ཕྱིན་རྣལ་འབྱོར་པའི། །སེམས་ནི་རྒྱ་མཚོ་ཆེན་པོ་བཞིན། །མི་འདོད་པ་ཀུན་ཐོག་བབ་ཀྱང། །རྒྱུད་ལ་བདེ་བ་འཁྲུག་མི་འགྱུར། །བརྩོན་འགྲུས་ཕ་རོལ་ཕྱིན་ལྡན་པས། །རྨད་དུ་བྱུང་བའི་རྡོ་རྗེ་བཞིན། །ཡིད་ཆེས་མངོན ་པར་བརྟན་པ་སྟེ། །བདུད་ཀྱི་རིགས་ཀྱིས་མི་ཚད་པའོ། །བསམ་གཏན་ཕར་ཕྱིན་རྣལ་འབྱོར་པའི། །སེམས་ནི་རི་རྒྱལ་ལྟ་བུ་སྟེ། །དམིགས་པ་ཀུན་གྱིས་གཡེངས་པ་ཡི། །བདག་ཉིད་ཆེ་རྣམས་མི་བསྐྱོད་པའོ། །ཤེས་རབ་ཕ་རོལ་ཕྱིན་ལྡན་པ། །ལྷ་རྫས་སྨན་ཆེན་ལྟ་བུ་སྟེ། ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ནད། །དེས་ནི་ཀུན་ཏུ་འཇོམས་པ་ཡིན། །ཐབས་ཀུན་གྱིས་ནི་ཕར་ཕྱིན་ལྡན། །དགེ་བའི་བཤེས་གཉེན་ལྟ་བུ་སྟེ། །ཀུན་ནས་རྟག་པར་ཐམས་ཅད་དུ། །སེམས་ཅན་དོན་ནི་ཡོངས་མི་གཏོང ་སྨོན་ལམ་དང་ནི་མཉམ་ལྡན་པའི། །སེམས་ནི་ཡིད་བཞིན་ནོར་བུ་བཞིན། །སྨོན་ལམ་གྱི་ནི་ནུས་པ་ཡིས། །འབྲས་བུ་སྨིན་པ་འཕེལ་བ་ཉིད། །སྟོབས་ཀྱི་ཕ་རོལ་ཕྱིན་ལྡན་པའི། །སེམས་ནི་ཉི་མ་ལྟ་བུ་སྟེ། །རང་གི་གདུལ་བྱའི་ལ་ཏོག་ཀུན། །ཡོངས་སུ་སྨིན ་པ་ཉིད་དུ་བྱེད། །ཡེ་ཤེས་ཕ་རོལ་ཕྱིན་ལྡན་པ། །གླུ་དབྱངས་སྙན་པ་སྒྲོགས་པ་བཞིན། །ཆོས་རྣམས་ཡང་དག་བསྟན་པས་ནི། །སེམས་ཅན་འདུན་པར་བྱེད་པའོ། །སེམས་ནི་བཅུ་པོ་འདི་རྣམས་ནི། །རིམ་པས་ས་ནི་བཅུ་པ་སྟེ། །མཐོང་ལམ་བསྒོམ་ལམ ་ཞེས་པ་ལས། །དེར་ནི་གཅིག་དང་གོ་རིམས་བཞིན། །མངོན་པར་ཤེས་དང་མཚུངས་ལྡན་དང། །འཁོར་ལོ་སྒྱུར་བའི་རྒྱལ་པོ་བཞིན། །ཐོགས་པ་མེད་པའི་མཐུ་ཡིས་ནི། །སེམས་ཅན་དོན་ཀུན་བྱེད་པ་ཉིད། །བསོད་ནམས་ཡེ་ཤེས་ཚོགས་ལྡན་པ། ། ་བང་མཛོད་དང་ནི་མཚུངས་པ་སྟེ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས། །མཛོད་ནི་ངེས་པར་གནས་པ་ཉིད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དང། །ལྡན་པ་ས་སྐྱོང་ལམ་དང་འདྲ། །འཕགས་པའི་གང་ཟག་མ་ལུས་པ། །འགྲོ་བ་དང་ནི་འདེ་བ་ཉིད ་ཞི་གནས་ལྷག་མཐོང་ལྡན་པ་ནི། །བཞོན་པ་ལྟ་བུར་དགོངས་པ་ཡིན། །ཟུང་འཇུག་ལམ་དུ་འགྲོ་བས་ན། །སྲིད་དང་ཞི་བར་མི་ལྟུང་ཉིད། །བཟུང་དང་སྤོབས་པ་དང་ལྡན་པ། །བཀོད་མའི་ཆུ་དང་འདྲ་བ་སྟེ། །ཐོས་དང་མ་ཐོས་ཆོས་རྣམས་ཀུན། །རྟག་པར་འཛིན ་ཅིང་སྟོན་པའོ། །རིམ་པ་བཞིན་དུ་བརྗོད་པ་ཡི། །སེམས་ནི་ལྔ་པོ་འདི་དག་ཉིད། །བྱང་ཆུབ་སེམས་དཔའ་ཨི་ས་ལ་ནི། །ཁྱད་པར་ལམ་ཀྱིས་བསྡུས་པའོ། །ཆོས་ཀྱི་སྦྱིན་པ་དང་ལྡན་པ། །ཀུན་དགའ་ཨི་སྒྲ་སྙན་ལྟ་བུ་སྟེ། །ཐར་པ་འདོད་པའི་གདུལ་བྱ་ལ། །ཀུན་དགའ་ཨི་ཚིག་ནི ་སྒྲོག་པར་བྱེད། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་དང་འབྲེལ་ཏེ་སངས་རྒྱས་སར། །འཇུག་སྦྱོར་བ་ཡི་ལམ་གྱིས་བསྡུས། །དེ་ལས་གཞན་ཡང་གང་ཞིག་ནི། །བགྲོད་པ་གཅིག་པའི་ལམ་གྱིས་ནི། །རྗེས་ཞུགས་གང་གཱའི་ཆུ་རྒྱུན་བཞིན། །སྙིང་བརྩེ་ཤེས་རབ ་དབྱེར་མེད་ཅིང། །གཅིག་ཏུ་སྦྱོར་བས་གཞན་དོན་བྱད། །ཆོས་སྐུ་མངོན་པར་ལྡན་པ་ཡི། །སེམས་ནི་སྤྲིན་དང་འདྲ་བར་འདོད། །མཛའ་ཡས་ལུས་ཀྱི་སྤྲུལ་སྤྲིན་གྱིས། །སེམས་ཅན་དོན་བྱེད་རྒྱུ་ཉིད་དོ། །རྫོགས་སངས་རྒྱས་ཀྱི་སས་བསྡུས་པའི། །སེམས་ནི་གཉིས་ནི་རིམ ་པ་བཞིན། །སྔོན་དུ་གསུང་བ་དངོས་གཞིའི་སྐབས། །ཕྱི་མ་རྗེས་ཀྱི་སྐབས་སུ་འདོད། །འདི་ནི་འཇུག་པ་བྱང་ཆུབ་ཀྱི། སེམས་ཀྱི་དབྱེ་བར་གསུངས་པ་ཡིན། །སྨོན་དང་འཇུག་པའི་དབྱེ་བ་ཡིས། །བྱང་ཆུབ་སེམས་ནི་གཉིས་སུ་གསལ། གང་ནས་བཟུང་སྟེ་སེམས་ཅན་ཁམས ་མཛའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་བ། །དེང་ནས་གཟུང་དེ་གཉིད་ལོག་གམ། །བག་མེར་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག་།ནམ་མཁའ་མཉམ་པར་རབ་ཏུ་འབྱུང། ་བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེར་འབྱུང་ཡང། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །འདི་དག་གིས་ནི་དགེ་བའི་ཆོས། །ཟག་བཅས་ཟག་མེད་ཐམས་ཅད་ཀྱིས། །ལམ་འབྲས་དང་བཅས ་མཚན་ཉིད་རྣམས། །ཡང་དག་བསྡུས་ཏེ་ཇི་བཞིན་གསུངས། །འདི་ནི་རྒྱལ་པའི་ལམ་ལ་འཇུག་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེའུ་སྟེ་བདུན་པའོ། །།མཆོག་ཏུ་དགེ་བ་བཟུང་བ་དང། །མི་དག་ཐམས་ཅད་སྤངས་པ་སྟེ། །དེ་ཡིས་སྡོམ་པ ་བཟུང་བ་ནི། །ཇི་ལྟ་བ་བཞིན་ཡོངས་སུ་བསྲུངས། །བསྟན་པའི་སེམས་ཀྱིས་འཁོར་བ་ཡི། །སྡུག་བསྔལ་རྗེས་སུ་དྲན་པར་བྱ། །སྡུག་བསྔལ་རྒྱུ་ནི་སྤང་བའི་ཕྱིར། །གཉེན་པོ་ཡོངས་སུ་གཟུང་བར་བྱ། །དེ་ནི་དགེ་བསྙེན་བསྙེན་གནས་དང། །དགེ་ཚུལ་དང་ནི་དགེ་སློང་རྣམས། །ལྔ་དང ་བརྒྱད་དང་བཅུ་དང་ནི། །ཐམས་ཅད་སྤོང་ཞིང་བསྲུང་བར་བཟུང། །ཕོ་དང་མོ་ཡི་དབྱེ་བ་ཡིས། །མདོར་ན་སླར་ཡང་བརྒྱད་དུ་དབྱེ། །སོ་སོར་ཐར་པའི་སྡོམ་ཞེས་པ། །འདུལ་པ་ཉིད་དུ་རྒྱས་པར་སྤྲོས། །དགེ་སློང་ལུས་ཀྱི་བསྡམས ་པ་སྟེ། དགེ་སློང་དག་ནི་བསྡམས་པ་ཡིན། །དགེ་སློང་ཡིད་ནི་བསྡམས་པ་སྟེ། །དགེ་སློང་ཀུན་ཏུ་བསྡམས་པ་ཡིན། །སྡིག་པ་ཐམས་ཅད་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ ་ཡིན། དེ་དག་ཉིད་ནི་ཐེག་ཆེན་ལ། །ཞུགས་ནས་ཁྱད་པར་འཕགས་པ་ཉིད། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང། ལྡན་ཞིང་དེ་རྣམས་སོ་སོར་འབྲང། །བྱང་ཆུབ་སེམས་ཀྱི་བསླབ་པ་ནི། །མཛའ་ཡས་ཐུབ་པས་གསུངས་པ་རྣམས། །བྱང་ཆུབ་སྤྱོད ་འཇུག་ལ་སོགས་སུ། །བསྡུས་པ་དེ་རྣམས་བལྟ་བར་བྱ། མདོར་ན་བྱང་ཆུབ་སེམས་རྣམས་ཀྱིས། །བསླབ་པ་སེམས་ཅན་དོན་བསྒྲུབ་ཅིང། ཕུང་པོ་ལ་སོགས་ཆོས་རྣམས་ཀྱི། །ངོ་བོ་ཉིད་མེད་རྣམ་པར་བསྒོམ། །ཚངས་པའི་སྤྱོད་པ་མ་ཉམས་པ། །རབ ་ཏུ་འབད་པས་སྤྱད་པར་བྱ། །ཉན་ཐོས་བྱང་ཆུབ་སེམས་དཔའ་ནི། །ཀུན་རྫོབ་པ་དང་དོན་དམ་སྟེ། །སྡེམ་པ་བླངས་ནས་བསྲུང་བ་ནི། །ཀུན་རྫོབ་པ་རུ་འདོད་པ་ཡིན། །ཚད་མེད་པ་ནི་བཞི་རྣམས་ལ། །བསྙེན་ཅིང་བསྟེན་པ་དོན་དམ་སྟེ། །སྡུག་བསྔལ་དང་ནི ་སྡུག་བསྔལ་གྱི། །རྒྱུ་ལས་འགྲོ་བ་བསྒྲོལ་འདོད་ཉིད། དེ་ནི་སྙིང་རྗེས་ཆེན་པོར་གསུངས། །སྟོན་ཀའི་ཟླ་འོད་བཟང་བཞིན་ནོ། འགྲོ་བ་བླ་མེད་བདེ་བ་ལ། །སྦྱོར་བར་འདོད་པས་བྱམས་པ་ཉིད། །ནམ་མཁའ་ཀུན་ནི་མཐར་ཐུག་བའི། །ིནྡྲ་ནཱི་ལའི་འོད་མཉམ་བའོ ་གཞན་ལ་ཕན་འདོགས་ལ་མཁས་ཤིང། །བྱང་ཆུབ་ལ་ཕྱོགས་སེམས་ཅན་དེ། །མཐོང་ནས་ཚིམ་པ་དགའ་མཚན་ཉིད། པདྨ་རཱ་གའི་འོད་དང་མཚུངས། །རྙེད་པ་ལ་སོགས་འཇིག་རྟེན་ཆོས། །དེ་དག་ཀུན་ལ་བཏང་སྙོམས་པའི། །ཏིང་འཛིན་དེ་བསྐྱེད་རྣལ་འབྱོར ་པ། བཏང་སྙོམས་པདྨའི་འདབ་མའི་འོད། །རང་བཞིན་དང་ནི་མཚན་མ་དང། །འབྲས་བུ་དང་མངོན་དུ་བྱེད་ཀྱི། །སྟོང་པ་ཉིད་ཀྱི་སྙིང་རྗེ་སོགས། །རིམ་བཞིན་འཁྱུད་པར་ཤེས་པར་བྱ། །ཚངས་པའི་གནས་ནི་བཞི་པོ་རྣམས། །དབྱེ་བ་རྣམ་བཞི་བརྟག་བསྒོམ ་བྱ། རྣམ་པར་ཐར་པའི་སྒོ་དེ་ཡིས། །གལ་ཏེ་འཁྱུད་པར་མ་གྱུར་ན། །འདི་དག་ཟག་པ་དང་བཅས་སོ། །ཚངས་པར་སྤྱོད་པ་འདི་གཉིས་ནི། །རྒྱལ་བའི་སྲས་པོ་རྣམས་ཀྱིའོ། །ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །རང་གཞན་རྒྱུད་ཀྱི ་ཉོན་མོངས་པ། །སྤོང་ཞིང་དབེན་པར་གནས་པའི་ཡིད། །བཟའ་བ་ལ་སོགས་པ་རྣམས་ནི། །སྲོག་བསྲུང་ཙམ་གྱིས་ཆོག་ཤེས་པ། །གསུངས་པའི་མཚན་ཉིད་འདི་ཉིད་ནི། །ལྡན་པའི་མི་དེ་རྫོགས་པ་ཡི། །བྱང་ཆུབ་ལམ་ནི་དྲང་པོ་ལ། །སྒོམ་པའི་སྣོད་འགྱུར ་གཞན་དུ་མིན། །འཁོར་བའི་བདེ་དང་ལོངས་སྤྱོད་ནི། སྲེད་པ་ཉིད་དུ་སྲེད་པར་བྱེད། །དེ་ཡིས་རྣམ་གཡེང་སེམས་ཀྱིས་ནི། །ལམ་ལ་གོམས་པ་ཤིན་ཏུ་རིང། །ཐོས་བསམ་རབ་འཕེལ་ལས་བྱུང་ཞིང། སྲེད་དང་སྲིད་པ་རྣམ་སྤོང་བ། །ཐར་པའི་ཆ་མཐུན་དགེ་བ་སྟེ། །དེ་ཐོབ ་བྱང་ཆུབ་སྲས་ཆུ་དུའོ། །བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །སོ་སོའི་སྐྱེ་དང་འཕགས་པ་ཡི། །དབྱེ་བཟག་བཅས་ཟག་མེད་དོ། །མཐོང་བ་ཞེས་བྱ་ཟག་པ་མེད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་སྡོམ་པ་བརྗོད་པའི་ལེའུ་སྟེ་བརྒྱད་པའོ།། །། ་འདི་ལྟར་སྐྱེས་པའི་རིན་ཆེན་སེམས། །བསྲུང་བ་དུ་ནི་འདོད་པ་ཡིས། །ཕན་དང་མི་ཕན་དངོས་པོ་ནི། །རིམ་བཞིན་བླང་དོར་ཤེས་པར་བྱ། དོར་བྱའི་དབྱེ་བ་རང་བཞིན་དང། །བཅས་པའི་ཁ་ན་མ་ཐོ་བའོ། །ཁ་ན་མ་ཐོ་མི་དགེའི་ལས། །ཕྱེ་ནས་ཕྱེ་སྟེ་བཤད་པར་བྱ། ། ་རང་བཞིན་ཁ་ན་མ་ཐོ་ཉིད། མི་དགེ་བཅུ་པོ་འདི་དག་སྟེ། རྣམ་སྨིན་མི་བཟད་སྡུག་བསྔལ་ཉིད། །དེ་དག་རྣམ་པར་སྤང་བར་བྱ། སྲོག་གཅོད་པར་ནི་མ་འཁྲུལ་བར། །བསམས་བཞིན་སྲོག་ཆགས་གསོད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇག ་བུས་བདག་གིར་བྱེད། །བགྲོད་མིན་འགྲོ་བར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་དན་པར་གོ་བའོ། །མིག་སྣ་ཡིད་ཀྱི་རྣམ་ཤེས་དང། །གསུམ་གྱིས ་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག། ཚིག་རྩུབ་པོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་བཀྱལ་པ་ཡིན། །གཞན ་ཡང་ཉོན་མོངས་ཅན་སེམས་ཀྱི། །ཁ་གསག་གླུ་དང་རོལ་མོར་བཅས། །བསྟན་བཅོས་ངན་པའི་ཚིག་ཡིན་ནོ། །བརྣབ་སེམས་གཞན་ནོར་ལོག་པར་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བའོ། །དགེ་དང་མི་དགེ་མི་ལྟ་བ། །ལོག་པར་ལྟ་བ་ཡིན་འདི ་ལ། གསུམ་ལས་བདུན་ནི་ལས་ཀྱང་ཡིན། །དེ་ལ་རྣམ་སྨིན་ཐམས་ཅད་དུ། །དམྱལ་བར་ཡོངས་སུ་བརྗོད་པ་སྟེ། །རྒྱུན་མཐུན་རྒྱུ་འབྲས་མཐུན་པར་ནི། །ས་སྟེང་ཉིད་དུ་མྱོང་བར་བྱེད། །བདག་པོས་ཕྱི་ཡུལ་འདོད་པའི་དོན། །ཕྱིན་ཅི་ལོག་ཏུ་འབྱུང་བའོ། །སྡུག ་བསྔལ་ཕྱིར་དང་གསད་ཕྱིར་དང། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །སྦྱོར་བ་དངོས་གཞི་རྗེས་རྣམས་ཀྱིས། །གནས་སྐབས་གོ་རིམ་བཞིན་དུའོ། །རྒྱུ་མཐུན་སྲོག་གཅོད་པ་ཡིས་ནི། །ཚེ་ཐུང་ལུས་ལ་ནད་ཟུག་སྟེ། །མ་བྱིན་པར་ནི་བླངས་པ་ཡིས ་དབུལ་པོར་འགྱུར་ཞིང་རྒྱལ་པོ་དང། །ཆོམ་རྐུན་སོགས་ཀྱིས་ནོར་ཟང་བྱེད། །འདོད་པས་ལོག་པར་གཡེམ་རྣམས་ཀྱིས། །ཆུད་ན་གཞན་ལ་འཕྱོ་བར་འགྱུར། །རྫུན་དུ་སྨྲ་བས་སྐུར་པ་འདེབས། །ཕྲ་མས་གྲོགས་དང་དབྱེ་བར་འགྱུར། །ཚིག་རྩུབ་བརྗོད་པས ་མི་སྙན་ཐོབ། །དག་འཁྱལ་གྱིས་ནི་ལེགས་བཤད་ཀྱང། །མི་ལེན་གཞན་གྱི་གཞད་གང་རྒྱུ། །བརྣབ་སེམས་ཀྱིས་ནི་འདོད་ཆགས་དག། དྲག་ཅིང་ཡོངས་སྤྱོད་ཟད་པར་འགྱུར། །གནོད་སེམས་ཀྱིས་ནི་ཞེ་སྡང་དྲག་།ལུས་ཀྱང་ངན་པ་ཉིད་ཡིན་ནོ། །གཏི་མུག ་དྲན?་ཅིང་ལྟ་བ་ངན། །ལོག་པར་ལྟ་བའི་འབྲས་བུར་གྲགས། །འདི་ནི་རྒྱུ་མཐུན་འབྲས་བུའོ། །གསང་པས་ཕྱི་རོལ་དངོས་པོ་རྣམས། །འབྲས་བུ་བཅུད་ཆུང་ལ་སོགས་པ། །མ་བྱིན་བླངས་པས་ཐོབ་འབབ་ཅིང། །རྡུལ་གྱིས་རབ་ཏུ་གང་བ་ཉིད། །འདོད་པས་ལོག་པར ་གཡེམ་པ་ཡིས། །ཕྱོགས་ཀུན་རྡུལ་གྱིས་ཁྱབ་པ་ཉིད། །རྫུན་དུ་སྨྲས་པས་ཐམས་ཅད་དུ། །དངོས་པོ་ཐམས་ཅད་དྲི་མི་ཞིམ། །ཕྲ་མའི་ཚིག་གི་འབྲས་བུ་ནི། །ཤིན་ཏུ་མཐོ་དང་དམའ་བ་ཉིད། །ཚིག་རྩུབ་སྨྲས་པ་ལས་འབྱུང་བ། །ས་ནི་ཆུ་མེད་ཚ་སྒོ་ཅན། །ངག་བཀྱལ ་སྨྲས་པ་ལས་འབྱུང་བ། །དུས་ཚིགས་རྣམས་ནི་ལོག་པར་འབྱུང། །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ། །གནོད་སེམས་ཀྱིས་ནི་འབྲས་བུ་རྩུབ། །འབྲས་མེད་པ་འམ་འབྲས་བུ་ཆུང། །ལོག་པར་ལྟ་བ་ལས་བྱུང་བའོ། །ལྷན་སྐྱེས་ཁ་ན་མ་ཐོ་བ། །འབྲས་བཅས་གསུངས ་པ་དེ་སྨད་བའོ། །འདི་ནི་བདག་པོའི་འབྲས་བུའོ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མི་དགེ་བཅུ་བརྗོད་བའི་ལེའུ་སྟེ་དགུ་པའོ།། །།བག་མེད་ལ་དགའ་སྐྱེ་བོ་གང། །འདི་ནི་ཐར་པའི་སྣོད་མ་ཡིན། །བག་མེད་དུག་གིས་བརྒྱལ་བ་ནི། །མྱ་ངན་འདས ་པ་ཤིན་ཏུ་རིང། །དགྲ་བོ་འཇིགས་པ་ཆེར་བྱེད་པ། །བག་མེད་དང་མཉམ་འགའ་ཡང་མེད། །གང་ཡང་བག་མེད་དབང་སོང་བ། །དམྱལ་བ་རུ་ནི་ལྷུང་བར་འགྱུར། །བག་མེད་རབ་ལྡན་མི་དག་ནི། །རྩེ་ཞིང་དོགས་མེད་སྡིག་པ་སྤྱོད། །དེ་ནས་མི་བཟད་དམྱལ ་བར་ལྟུང། །རྟག་པར་བག་ཡོད་མི་རྣམས་ནི། །བསོད་ནམས་ཡེ་ཤེས་ཕ་རོལ་ཕྱིན། །མཆོག་ཏུ་ཞི་བ་འཐོབ་པར་འགྱུར། །དེ་ཡི་འཇིགས་པ་ཐམས་ཅད་ཟད། །གང་ཞིག་མི་བདག་ཐོབ་ནས་ཀྱང། །བག་མེད་པ་ལ་མི་འཇུག་ཅིང། །དེ་ལས་གཞན་དུ་བཟློག་བ ་ནི། དེ་ནི་མཁས་པ་ཞེས་སུ་བརྗོད། །སྔོན་དུ་བདེ་བ་ལྟར་རྟོགས་ནས། །བག་མེད་པ་ལ་རྗེས་སུ་འཇུག། བག་མེད་ལས་བྱུང་འབྲས་བུ་འཐོབ། །ཕྱི་ནང་དེས་པར་དེ་གདུང་འགྱུར། །དགྲ་མང་ཡིད་དུ་མི་འོང་དང། །གྲགས་པ་ངན་ཞིང་ཤིན་ཏུ་སྨོད། །ཚོགས་པའི་ནང་དུ་དམའ ་འབབ་ཅིང། །བག་མེད་ལྡན་པ་སྡུག་བསྔལ་སྣོད། །ཀུན་ཏུ་རྟག་པར་ལས་ཀུན་ལ། །བག་མེད་མཆོག་ཏུ་ཉེས་པ་སྟེ། །གང་ཡང་ཉིན་དང་མཚན་མོ་རུ། །དེ་ལ་དགེ་བ་རྫོགས་མི་འགྱུར། །འཇིག་རྟེན་འཇིག་རྟེན་འདས་བདེ ་བ། ཅུང་ཟད་གང་ཡོད་བག་མེད་དེས། །རླག་པར་བྱེད་པར་དོགས་ནས་ནི། །དེ་ནས་དེ་ནི་སྤང་པར་བྱ། །བག་མེད་འཁོར་བའི་རྩ་བ་སྟེ། བག་ཡོད་མཆོག་ཏུ་འགྲོ་བའོ། །དེ་བས་བག་མེད་སྤངས་པ་དེ། །ཀུན་ཏུ་རྟག་པར་བདེ་པར་འགྱུར། །བག་མེད་བརྒྱ ་ཡིས་བཅིངས་པ་ནི། །ཡུལ་གྱི་རྒྱ་མཚོས་གཡེངས་པ་ཉིད། །སྲིད་པའི་སྒྲོག་གིས་བཅིངས་པ་ཡི། །ལྷ་རྣམས་དཔག་ཏུ་མེད་པར་རྩེ། །སྐྱེས་པ་ཙམ་གྱིས་ལྷ་ཡིས་ནི། །བདེ་བ་སྐད་ཅིག་རིམ་པས་མཛད། །བག་མེད་པ་ཡིས་བརྒྱལ་བ་རྣམས། །སྐད་ཅིག ་ཟད་པར་མི་ཤེས་སོ། །རྟག་ཏུ་ཡུལ་ལ་རོལ་པ་རྣམས། །ཡིད་ལ་བག་མེད་ཀྱིས་གཡེངས་འཁྲུལ། །འདོད་པའི་བདེ་བས་ཆོག་ཤེས་མེད། །དེ་ཡི་ལྷ་རྣམས་སྡུག་བསྔལ་ཉིད། །འདོད་པའི་རིམ་གྱིས་འཁྲུལ་པ་ཡི། །ལྷ་རྣམས་བག་མེད་མུན་པས་བཏིབས། །འབྱོར་པ ་གཡོ་ཞིང་སྲོག་ཀྱང་ནི། །མཐར་ཀྱང་འཇིགས་པར་མི་ཤེས་སོ། །ཐོག་མར་གྲོགས་པོ་བཞིན་དུ་མཐོང། །ཕྱི་ནས་དགྲ་བོ་བཞིན་འགྱུར་ཏེ། །ལུས་ཅན་རྣམས་ཀུན་བག་མེད་ཀྱིས། །ཉ་རྣམས་ལྕགས་ཀྱུས་བརླག་བཞིན་ནོ། །ལྷ་དང་ལྷ་མིན་མི་རྣམས་དང། །ཀླུ ་རྣམས་ལ་ནི་ཁྱད་པར་དུ། །ཀུན་ཏུ་དོན་མེད་བྱེད་པར་མཐོང། །བག་མེད་པས་ནི་དགྲ་བོ་མཆོག་།སྲིད་པའི་སྡུག་བསྔལ་གྱིས་སྐྲག་ཅིང། །རང་དང་མཛའ་བོ་འཆི་བསམས་ཏེ། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། །བག་མེད་ཡང་དག་རབ་ཏུ་སེལ། །འདི་ནི་རྒྱལ ་པའི་ལམ་ལ་འཇུག་པ་ལས་བག་མེད་པའི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།འདོད་པ་རྣམས་ལ་འདོད་མི་བྱ། །འདོད་པ་ཡིས་ནི་ཀུན་ཏུ་བསླུས། །འཁོར་བའི་འཆིང་བ་དྲག་པོ་སྟེ། །ཀུན་ཀྱང་དམྱལ་བའི་རྒྱུ་རྣམས་སོ། །འདི་ལ་ཆགས་དང ་འདོད་པ་གང། །དེ་ཡིས་སྡུག་བསྔལ་མཛའ་ཡས་སོ། །འདོད་པའི་སྦྲུལ་གྱིས་ཟིན་པ་ལ། །ཞི་བའི་རྒྱུ་ནི་གང་ཡང་མེད། །ཆགས་པས་བསླུས་པའི་སེམས་ཅན་རྣམས། །ཞེ་སྡང་ཡོངས་སུ་འབར་བ་སྟེ། །གཏི་མུག་དབང་དུ་གྱུར་པ་ཡིས། །ཚིག་རྩུབ་པོ་ནི་སྨྲ་བ་ཡིན། །གཏུམ་པ ་ལས་བྱུང་གཏུམ་པ་སྟེ། །གྱུར་པ་དང་ནི་དྲག་གཏུམ་ཉིད། །འདོད་པ་དུག་ནི་མི་འདྲ་སྟེ། །རབ་ཏུ་འབད་པས་སྤང་བར་བྱ། །སོ་སོའི་སྐྱེ་བོ་དབང་པོ་ནི། །དབང་པོའི་དོན་ལ་ཞེན་བྱས་ཏེ། །འདོད་པ་འདི་ནི་བྱིས་པ་ཡི། །ཡིད་འཕྲོག་བྱེད་ཅིང་དམྱལ་བར་ལྟུང། འདོད་ཆགས ་མེ་ནི་བསྲེག་བྱ་ཡི། །ཡུལ་ཙམ་གྱིས་ནི་ཚིམ་མི་འགྱུར། །དེ་བཞིན་དུ་ནི་དབང་པོ་ཡང། །ཡུལ་ལས་ཞེན་པ་ཚིམ་པ་མེད། །རྩོལ་བས་མེ་ནི་འབྱུང་བ་སྟེ། །མ་ཕྲད་པར་ནི་འབྱུང་མི་འགྱུར། །མི་རྣམས་ཀྱི་ནི་འདོད་པའི་མེ། །ཕྲད་དང་མ་ཕྲད་ཀྱང་ནི་སྐྱེ། །མེ་ནི་རིང་ན ་འཚིག་མི་བྱེད། །འདོད་མ་རིང་ཡང་བཟོད་པར་དཀའ་། །དུག་ནི་ཟོས་པས་འཆི་བ་སྟེ། །འདོད་ཆགས་དྲན་པ་ཡིས་ཀྱང་འཇོམས། །ཀུན་རྟོག་ལས་བྱུང་ཤིང་ལ་ནི། །འདོད་པའི་རླུང་གིས་སྦར་བ་ནི། །གོ་ལ་ལ་སོགས་ཞེན་ཆགས་ཀྱི། །མར་བླུགས་མེ་ཡིས་ཤིན་ཏུ་བསྲེགས ་འབྱུང་པོ་རྣམས་ནི་སུན་པར་བྱེད། །མིས་ནི་མཆོག་ཏུ་སྲེག་བྱེད་དེ། །ཆགས་མེ་ཤིན་ཏུ་རྣོ་ཡང་ནི། །མི་རྣམས་སུན་པར་མི་བྱེད་དོ། །དེ་ལྟར་བྱུང་བའི་འདོད་པ་ནི། །སྐྱོན་དང་བཅས་ལ་ཁྱད་པར་དུ། །མི་རྨོངས་བདེ་བར་གནས་པ་གང། །དེ་ནི་བརྟན་པ་ཞེས་སུ་བརྗོད། །རླུང ་གིས་བསྐྱོད་བའི་ཤུགས་རླབས་ཀྱིས། །ཤིན་ཏུ་གཡོ་བའི་ཆུ་ཟླ་དང། །དབུ་བ་ལྟ་བུར་སྙིང་མེད་ལ། །མཁས་པ་སུ་ཞིག་དག་འབར་འགྱུར། །ཀུན་རྟོག་བྱུང་ནས་འདོད་ཆགས་ཏེ། །དེ་ནས་ཞེ་སྡང་རབ་ཏུ་སྐྱེ། །ཞེ་སྡང་ཁོང་ཁྲོས་སྐྱེ་བོ་ནི། །དེ་ནས་དམྱལ་བ་ཉིད་དུ་འགྲོ ་དེ་བས་རི་བོ་ཉམས་དགའ་ཞིང། །སྣ་ཚོགས་ལྗོན་ཤིང་ཡོད་པ་རུ། །རྟེན་ཅིང་ངེས་པར་བསམ་གཏན་བྱ། །འདོད་པའི་ཀུན་འབྱུང་མཛད་པ་ཡིན། །དེས་པར་སྐྱོན་རྣམས་འདི་ཀུན་གྱི། །དང་པོའི་བྱེད་མཁན་མ་རིག་ཉིད། །དེ་ཕྱིར་མ་རིག་གཞོམ་བྱ་སྟེ། །དེ་ཡི་ངོ་བོ ་རྣམ་དཔྱད་བྱ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་འདོད་པའི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི། །འཕེལ་བར་བྱེད་པ་སྲེད་པ་ཉིད ་དེ་ཕྱིར་སྡུག་བསྔལ་ཞི་འདོད་པས། །དེ་བས་སྲེད་པ་མཁས་པས་གཞོམ། །དམྱལ་བའི་མེ་བས་སྲེད་པ་ཡི། །མེ་ཉིད་ཤིན་ཏུ་བསྲན་པར་དཀའ་། །ལུས་ངག་ཡིད་ནི་ངས་སྲེག་བྱེད། །དམྱལ་བའི་མི་ནི་དེ་ལྟ་མིན། །ཁམས་གསུམ་པ་ཡི་རྗེས་འཇུག་ཅིང། ། ་ཐོག་པ་མེད་པའི་ལས་གསུམ་ནི། །འབར་མེད་དུས་གསུམ་དུ་འབྱུང་བ། །སྲེད་མེད་ཞེས་བྱ་གཞན་ཡིན་ནོ། །མཐོ་རིས་འདོད་ཆགས་མེ་ཡིས་བསྲེག་།དུད་འགྲོ་ཞེ་སྡང་གིས་བསྲེག་སྟེ། །གཏི་མུག་མེ་ཡིས་ངན་སོང་བསྲེག། སྲེད་མེ་ཀུན་གྱིས་སྲེད་བྱེད་དོ། ། ་ཇ་རྒྱལ་སེར་སྣའི་མེ་དུད་ནི། །ཀུན་ཏུ་རྟོག་པའི་ཤིང་ལས་བྱུང། །འདོད་པའི་མེ་ཡིས་འཇིག་རྟེན་བསྲེག། ཤིང་བྱུང་མེ་ཡི་དེ་ལྟ་མིན། །འདོད་པའི་སྦྲུལ་གྱིས་ཟིན་པ་གང། །དེ་དག་སོས་པར་འགྱུར་བ་མེད། །འདོད་པ་བསྟེན་དང་བསྒོམ་པ་ཡིས། །ཕྱིར་ཞིང་དེ ་ཉིད་འཕེལ་བར་འགྱུར། །ཇི་ལྟར་མེ་ཡིས་སྲེག་བྱ་ཐོབ། །འཕེལ་བར་འགྱུར་བ་དེ་བཞིན་འདི། །འདོད་པའི་མེ་ནི་འཕེལ་བ་ན། །བཟློག་པར་ནུས་པ་མ་ཡིན་ནོ། །འཁོར་ལོ་བཞི་འཁྲུལ་འཇིག་རྟེན་ནི། །འདོད་པས་ཡོངས་སུ་བསླུས་པ་ཉིད། །ཐོག་མེད་ཟག་མེད་འཇིག་རྟེན་ལ ་འདོད་པ་ལྟ་བུའི་དགྲ་མེད་དོ། །འདོད་པས་བསྐུལ་བའི་མི་རྣམས་ནི། །རྒྱ་མཚོ་དྲག་ཤུལ་ཅན་དུ་འཇུག་།མཚོན་ཆ་སྲས?་པའི་གཡུལ་ངོ་ནི། །ཟབ་མོར་རབ་ཏུ་འཇུག་བའོ། །འདོད་པ་ཡིས་ནི་ས་སྐྱོང་ཡང། །ཕན་ཚུན་ངེས་པར་གསོད་པ་སྟེ། །སྤུན་དང་སྤུན་ནི་ལྷན་ཅིག་ཏུ། ། ་ཕ་དང་བུ་ཡང་ཕན་ཚུན་ནོ། །དུག་ཅན་མདའ་ཡིས་ཕོག་པ་ཡི། །རི་དགས་གང་དུ་རྗེས་སུ་རྒྱུག་།དེར་ནི་དུག་དེ་ཉིད་འགྲོ་སྟེ། །དེ་བཞིན་སྲེད་དུག་མི་ལའོ། །སྡུག་བསྔལ་ཅན་གྱི་ཡི་དགས་རྣམས། །ཡི་དགས་ལོངས་སྤྱོད་ལ་རྒྱུག་སྟེ། །དམྱལ་བ་དམྱལ་བ་ཉིད་དུ་ནི། ། ་དེ་ནི་སྲེད་པས་ཆེར་བསྐུལ་བའོ། །ཡུན་ཏུ་ལྷ་ཡི་བདེ་བ་ནི། །སྤྱད་པའི་ལྷ་རྣམས་ལྷ་ཡུལ་ནས། །སྲེད་པའི་ཞགས་པས་དྲངས་ནས་ནི། །སླར་ཡང་དམྱལ་བར་ལྟུང་བའོ། །བླ་མ་དཀོན་མཆོག་གསུམ་དང་ནི། །ཡོན་ཏན་ཅན་དང་བཙུན་མོའི་ནོར། །གཉིས་སྐྱེས་སོགས ་དང་སྡུག་ཕོངས་ཀྱི། །ནོར་ནི་འདོད་ཅན་འཕྲོག་བར་བྱེད། །སྐྱེ་འགྲོ་ཀུན་ནི་བརྩེ་མེད་པས། །སྡིག་པ་ཐམས་ཅད་མེད?་པ་ཡིན། །ནོར་དེ་བོར་ནས་འགྲོ་བ་སྟེ། །ཤི་ནས་སྡིག་དང་ལྷན་ཅིག་འབྲང། །དེ་ནས་དམྱལ་བ་ལ་སོགས་པའི། །མི་བཟང་སྡུག་བསྔལ་དེ་འབྱུང ་འགྱུར། །དྲག་ཤུལ་སྐྱོབ་པ་མེད་པ་དེ། །ལས་དེ་ཡིས་ནི་མྱོང་བར་འགྱུར། །སྲེད་པའི་ཡུལ་ནི་ངེས་གྲོལ་ཞིང། །ཆགས་པའི་སོལ་མེ་རྣམ་སྤངས་པ། །རྡོ་དང་རིན་ཆེན་མཉམ་པ་ནི། །མྱ་ངན་འདས་ལ་བད་བར་འགྱུར། །བློ་ལྡན་ཡེ་ཤེས་ཆུ་ཡིས་ནི། །འདོད ་པའི་མེ་ནི་འབད་དེ་བཞོམ། །འདོད་པ་མ་བཀུམ་པ་ལ་ནི། །མྱ་ངན་འདས་པ་ཤིན་ཏུ་རིང། །སྐད་ཅིག་དགའ་སྟེ་ཤེས་པར་དཀའ་། །རྣམ་པར་སྨིན་པ་མེ་དང་མཚུངས། །མྱ་ངན་འདས་པའི་བདེ་འདོད་པས། །དེ་ཕྱིར་སྲེད་པ་དེས་གཞོམ་བྱ། །སེད་པའི་ཞགས ་པས་རྣམ་གྲོལ་ཞིང། །ཆགས་སྡང་ཞེ་སྡང་སྤང་བ་དང། །སྡིག་པའི་དྲི་མ་བྲལ་བ་ཡི། །མཁས་པ་རྣམས་ནི་མྱ་ངན་བྲལ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་སྲེད་པའི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།བུད་མེད ་ངན་སོང་རྩ་བ་སྟེ། །ཐམས་ཅད་དུ་ནི་ནོར་ཟད་བྱེད། །བུད་མེད་ངག་ཉན་མི་དག་ནི། །ཚོགས་པ་རུ་ནི་བཞད་གད་རྒྱུ། །བུད་མེད་རྣམས་ནི་དོན་མེད་ཆགས། །གཡོ་དང་སེར་སྣ་ཆེ་བ་སྟེ། །འཇིག་རྟེན་གཉིས་སུ་རླག་བྱེད་པ། །སྐྱེས་པ་རྣམས་ལ་ཉེ་བར་གནས། །ཆགས ་ལས་སྲེད་པའི་རྣམ་འགྱུར་ཚིག་།འཇམ་ཞིང་མྱོས་བྱེད་རྣམ་པར་ལྟ། །དེ་ཡི་སྙིང་ནི་གཞན་དུ་སྟེ། །ཡོངས་སུ་བརྗོད་པ་གཞན་དུའོ། །འཇམ་ཞིང་སྣུམ་ལ་རེག་བདེ་ཡང། །འཛིད་ན་རྡོ་རྗེ་ལྟ་བུ་སྟེ། །ཕན་བྱས་བཀུར་བྱས་མི་དྲན་ཞིང། །དྲི་མ་ཅན་གྱི་བསམ་པའོ། །གོས ་དང་ཟས་དང་ལུས་རྒྱན་སོགས། །སྟེར་བའི་གཞོན་ནུ་ཡིད་འོངས་བ། །རང་གི་བདག་པོ་བོར་ནས་ནི། །བྱིས་མི་ལ་ནི་འགྲོ་བར་བྱེད། །གང་དུ་འགྲོ་བའི་གྲོགས་དེ་ལ། །བུད་མེད་དགའ་བར་བྱེད་པ་སྟེ། །གནས་པའི་སྐྱེས་པ་མྱུར་མྱུར ་བ། འདི་ནི་སྤོང་བར་བྱེད་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་གི། བཅུང་ཟད་ནས་ནི་སྤོང་བ་ལྟར། །དེ་བཞིན་སྐྱེད་པ་ནོར་ཟད་ནས། །བུད་མེད་ཀྱིས་ནི་སྤོང་བར་བྱེད། །རལ་གྲིའི་སྙིང་སྟེ་རྩུབ་ཅིང་གཡོ། །སྡིག་པའི་མུན་པས་བསྒྲིབས་པ་སྟེ། །བུད་མེད་སྐྱེས་པ་བརླག་བྱའི ་ཕྱིར། སྐྱེས་ཏེ་རྒྱུ་གཞན་ཅི་ཡང་མེད། །ལྷ་རྣམས་ལ་ཡང་བུད་མེད་ཀྱི། །འཆིང་བ་ལས་དམ་གཞན་མེད་དེ། །བུད་མེད་འཆིང་བས་ངེས་བཅིངས་པ། །ཕྱི་ནས་དམྱལ་བར་ལྟུང་བའོ། །བུད་མེད་ཀྱིས་ནི་བྱས་པའི་ལས། །རྒྱུ་སོགས་ཁྲམ་ནི་མངོན་པ་འམ། །བུད ་མེད་ཆགས་པས་རྨོངས་པའི་མི། །རྨོངས་པའི་ཕྱིར་ན་མི་རིག་གོ། བློ་གཏད་སྐྱེས་པ་སླུ་བྲིད་ཀྱི། །འབད་པ་ཡིས་ནི་བཅིངས་ནས་ཀྱང། །ལོངས་སྤྱོད་ཀྱི་ནི་བཅུད་འཕྲོག་སྟེ། །བུར་ཤིང་བཞིན་དུ་འཇིབས་ནས་འདོར། །སྐྱེས་པ་ཐབས་ཀུན་འཆང་བས་ནི། །རྣམ ་པ་ཀུན་གྱིས་ཡོངས་བསྲུངས་ཀྱང། །བུད་མེད་དབང་དུ་བྱ་བར་ནི། །ཐམས་ཅད་དུ་ནི་མི་ནུས་སོ། །ཡིད་འོང་ཚིག་གི་སྐྱེས་པ་རྣམས། །རི་དགས་བཞིན་དུ་སྨོངས་བྱེད་ཅིང། །ཕྱི་ནས་རྒུད་པར་གྱུར་པ་ན། །མི་གཙང་ཐལ་བ་བཞིན་དུ་སྤོང། །ཕན་བྱས་མི་དྲན ་བཀུར་བྱས་ན། །དེ་བཞིན་དབང་ཕྱུག་བྱམས་བྱས་པ། །ཁྱོད་ལ་རྒུད་པ་ཉེར་གནས་ན། །བུད་མེད་ཀྱིས་ནི་མི་དྲན་ནོ། །མེ་ཏོག་རྙིད་པ་སྤངས་ནས་ནི། །བུང་བ་བཞིན་དུ་རྒྱུག་པ་སྟེ། །དེ་བཞིན་ཁྱོ་ནི་རྒུད་པ་ལ། །མོ་ལ་རྩེ་དང་ངོ་ཚ་མེད། །སྙིང་དགའ་བ་རིན་མ་ངེས་ཤིང ་ངེས་པ་མེད་ཅིང་སྙིང་བཟང་དང། །གཡོ་ཞིང་བྱེད་པ་ཡིད་དུ་འོང། །ང་རྒྱལ་ཅན་ནི་ཐམས་ཅད་དུ། །ཇི་ལྟར་དུག་འདྲེས་སྤྲང་བཞིན་ནི། །བུད་མེད་ཕལ་ཆེར་སྡིག་བསམ་ཅན། །སྲིད་པའི་བང་མཛོད་འཆད་བ་རྣམས། །མི་མཐུན་ཐམས་ཅད་འབྱུང་བའི་ཕྱིར། །ཐར་པ ་འདོད་པས་ཤིན་ཏུ་སྤང། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་བུད་མེད་ཀྱི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།གང་ནི་སྐྱོན་ཀུན་བྱེད་པ་ཉིད། །ཆང་ནི་བཏུང་བར་མི་བྱ་སྟེ། །དེ་ཡིས་བག་མེད་ཀྱང་འབྱུང་ཞིང། །ཁྱད་པར ་དུ་ནི་ཡོན་ཏན་འཛོམས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཆེར་ནི་ཤིན་ཏུ་འབར་བྱེད་པའོ། །འཇིག་རྟེན་བཞད་གང་ལེ་ལོ་དང། །ངག་སྐྱོན་ཀུན་དང་ནོར་ཟད་བྱེད། །བློ་གཏད་མེད་ཅིང་བརྫུན་ཚིག་དང། །རྣམ་འཕྲུལ་བྱ་བ་ཉམས་པ་ཉིད། །བློ་ནི་གཡོ་ཞིང་ལུས་དབང ་མེད། ནད་དང་བློ་ནི་རྒུད་པ་དང། །ངོ་ཚ་མེད་ཅིང་ཁྲེལ་མེད་པ། །རྩོད་ཅིང་ཕ་རོལ་ཀུན་སྨོད་དང། །ངེས་པ་མེད་པའི་བྱ་བ་ཉིད། །དེ་བཞིན་སྡིག་པ་སྤྱོད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །མི་བཟད་སྡུག་བསྔལ་ཆེར་བྱེད་པའོ། །འདི་དག་ལ་སོགས་ཉེས་འབྱུང་བས། །དེ་བས ་ཆང་ནི་རྣམ་པར་སྤང། །གང་དང་གང་གི་བསླབ་པའི་གཞི། །ཇི་ལྟར་ཐུབ་པས་བཅས་པ་གང། །རྒྱ་ཆེར་བཅས་པ་དེ་ཉམས་ན། །དེ་ནི་ཁ་ན་མ་ཐོབ་པའོ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ཆང་གི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། ་མང་དུ་བརྗོད་པས་ཅི་ཞིག་བྱ། །ཉོན་མོངས་ཉེ་བའི་ཉོན་མོངས་ཉིད། །ཉེས་པ་ཀུན་གྱི་རྟེན་འདི་རྣམས་།རབ་ཏུ་འབད་པས་གཞོམ་པར་བྱ། །ཉོན་མོངས་ཉེ་བའི་ཉོན་མོངས་འབྱུང། །འདུ་བྱེད་རྣམས་ལས་དགེ་སོགས་དང། །དེ་ལས་འཁོར་བའི་ཕུང་པོ་འདི། །མཚན་ཉིད ་སྡུག་བསྔལ་རབ་ཏུ་སྐྱེ། །བག་ལ་ཉལ་དྲུག་རྩ་བ་སྟེ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་ལྟ། །མ་རིག་ཐེ་ཚོམ་ཉོན་མོངས་ཏེ། །འདི་ལ་འདོད་ཆགས་རྣམ་པ་གཉིས། །འདོད་པ་ཁམས་ཀྱི་འདོད་ཆགས་ཏེ། །འདོད་པའི་འདོད་ཆགས་ཞེས་སུ་བརྗོད། །གཟུགས་དང་གཟུགས་མེད་གྱུར ་པ་ནི། སྲིད་པའི་ཆགས་པའོ་ལྟ་བ་ནི། །བདག་དང་བདག་གི་རྟག་ཆད་དང། །མེད་དང་དམན་ལ་མཆོག་ལྟ་དང། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་རྣམས་ལྟ་བ་ལྔ་ཡིན་ནོ། །ཉོན་མོངས་བཅུ་ནི་ཁམས་གསུམ་དུ། །དགུ་བཅུ་རྩ་བརྒྱད་དུ་ཕྱེ་བ། །འདི་དག་འཕགས་པའི་བདེན་བཞི་ནི ་མཐོང་དང་སྒོམ་ལམ་རྣམས་ཀྱིས་སྤོང། །འདི་རྣམས་རྒྱ་ཆེར་སྤྲོས་ནས་ནི། །མཐོང་ལམ་སྐབས་སུ་མངོན་པར་བརྗོད། །འདི་ནི་མི་མཐུན་ཕྱོགས་ཀྱི་ནི། །གནས་སྐབས་ཙམ་དུ་བརྗོད་པ་ཡིན། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས ་བགལ་ཉལ་བའི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཁྲོ་དང་ཁོན་འཛིན་གཡོ་ཕྲག་དོག་།འཆབ་དང་འཚིག་དང་སེར་སྣ་དང། །སྒྱུ་དང་རྨུགས་དང་ཉེས་རྩོམ་དང། །ང་ཆ་མེད་དང་ཁྲེལ་མེད་དང། །ཐོབ་འཇལ་དང་ནི་ཚུལ་འཆོས་དང། ་ཁ་གསག་རྙེད་པས་རྙེད་འདོད་དང། །གཞོགས་སློང་ཞེས་བྱ་འདི་དག་ནི། །ལོག་པར་འཚེ་བ་ལྔ་རྣམས་སོ། །སྐྱོན་ཟློས་རྒྱགས་དང་སྤུངས་མེད་དང། །ཞེན་དང་ཡོངས་སུ་ཞེ་ན་ཉིད་དང། །ཡིད་ལ་མི་ཁྱེད་མི་བཟོད་དང། །ཆགས་དང་མི་རིགས་ཆགས་པ་དང། །སྙོམས་པ་དང ་ནི་ཆོས་མིན་ཆགས། །ཞུམ་དང་ཟས་མི་འདོད་པ་དང། །ཐོབ་འདོད་དང་ནི་འདོད་བདུན་དང། །གནོད་སེམས་དང་ནི་རྒོད་འགྱེད་དང། །རྨུགས་དང་གཉིད་དང་སྡིག་འདོད་དང། །ལེ་ལོ་དང་ནི་འདོད་ཆེན་དང། །བཀའ་བློ་མི་བདེ་ཚུལ་མེད་དང། །སྐྱེ་བོ་ངན་མཚུངས་མི་དགའ་ ་དང། རྟོག་པའི་དབྱེ་བ་བཞི་དང་ནི། །ང་རྒྱལ་དབྱེ་བ་བདུན་དུ་ཤེས། །ཐེ་ཚོམ་རྣམས་ནི་ཉེ་ཉོན་མོངས། །དྲི་མ་འདི་རྣམས་སྤང་བྱའོ། །ཉེ་བའི་ཉོན་མོངས་པ་མདོར་བསྟན་པའོ། །ཁྲོ་བ་སེམས་རབ་འཁྲུག་པ་སྟེ། །ཁོ་ན་འཛིན་དེ་དང་རབ་འབྲེལ་ཉིད། །སེམས་ཀྱི་གྱ་གྱུ་གཡོ ་ཡིན་ཏེ། །གཞན་སྐྱིད་མི་བཟོད་ཕྲག་དོག་གོ་།རང་སྐྱོན་སྒྲིབ་པས་འཆབ་པའོ། །འཚིག་པ་སྡིག་ལ་ཞེན་པ་ཉིད། །སེར་སྣ་རབ་ཏུ་མི་གཏང་བའོ། །སྒྱུ་ནི་ཕ་རོལ་སླུ་བའོ། །ནོན་པ་སྤོབས་པ་ཉམས་གྱུར་པའོ། །ཉེས་རྩོམ་ཁྲོས་པས་ནོན་པའོ། །ངོ་ཚ་མེད་དང་ཁྲེལ་མེད་པ། །རང་དང་གཞན་ལ་མི་འཇེམ་པའོ ་ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁགས་ག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་སྔགས་བྱེད ་པའོ། གཞན་གྱི་རྫས་ལ་མངོན་ཞེན་པས། །གཞན་གྱི་རྫས་ལ་སྔགས་བྱེད་པ། །གཞོག་སློངས་ཉིད་དེ་ལྔ་འདི་དག་།ལོག་པས་འཚོ་བར་འདོད་པའོ། །སྐྱོན་ཟློས་གཞན་ཁོས་སེམས་ལ་ནི། །གསོལ་འདེབས་པ་ལ་བརྗོད་པའོ། །རྒྱགས་པ་དྲེགས་པའོ་སྤུངས་མེད་ནི། །སེམས་ནི་རྟོགས་པར ་གྱུར་པའོ། །ཞེན་པ་ཀུན་ནས་དཀྲིས་པ་ཆུང། །འདོད་པའི་འདེད་ཆགས་ལས་བྱུང་བའོ། །ཡོངས་སུ་ཞེན་པ་འདད་པ་ལ། །ཀུན་ནས་དཀྲིས་པ་ཆེ་བའོ། །ཡིད་ལ་མི་བྱེད་དོན་རྣམས་ལ། །སེམས་ཀྱི་སོར་རྟོགས་མེད་པའོ། །མི་བཟོད་གནོད་པ་བྱད་པ་དང། །སྡུག་བསྔལ་དག་ཀྱང་མི་བཟོད་པའོ ་ཆགས་པ་རང་གི་རྫས་ལ་ནི། །ཆགས་པའི་འདོད་ཆགས་ལྡན་པའི་ཡིད། །གཞན་གྱི་རྫས་ལ་ཞེན་པ་ནི། །མི་རིགས་ཆགས་པ་ཞེས་བྱའོ། །སྙོམས་པ་རྩོམ་པ་མེད་པའི་ལུས། །སྐྱིད་ལུག་དོན་གྱི་ལེ་ལོའོ། །སྤང་བྱ་བུད་མེད་ལ་ཆགས་པ། །ཆོས་ལོག་ཆགས་པ་ཞེས་འདོད་དེ། །རང་གི ་ཡོན་ཏན་བསྐྱེད་ནས་ཀྱང། །སེམས་དམན་ཞུམ་པ་ཡི་ཆད་པའོ། །ཟས་མི་འདོད་པ་བཟའ་དྲགས་པས། །ལུས་མི་བདེ་བ་ཡིན་པར་བརྗེད། །ཐེབ་འདོད་བདག་ཉིད་ཅི་ནས་ཀྱང། །ཡོན་ཏན་ཡང་དག་ལྡན་ཞེས་བརྗོད། །འདོད་བདུན་ཡོན་ཏན་ལྔ་རྣམས་ལ། །འདོད་པ་དོན་དུ་གཉེར་བ ་ཡིན། གནོད་སེམས་བརླག་པར་སྨོན་པ་ཡིས། །གཞན་ལ་གནོད་པར་སེམས་པའོ། །ལུས་སེམས་རབ་ཏུ་མ་ཞི་ཉིད། །རྒོད་པར་ཡང་དག་རབ་ཏུ་བརྗོད། །འགྱོད་པ་ངན་བྱས་ཕྱི་ནས་ནི། །ཡང་དག་རབ་ཏུ་གདུང་འགྱུར་བའོ། །རྨུཊ་པ་???་ཡིས། །ལས་ལ་སྦྱོར་བར་མི ་ནུས་ཉིད། །གཉིད་ནི་རྣམ་ཤེས་དབང་པོ་ལ། །འདུས་པ་གཉིད་ཅས་བརྗོད་པའོ། །སྡིག་འདོད་ཡོན་ཏན་མེད་བཞིན་དུ། །ཡོན་ཏན་ལྡན་པར་ཚུལ་འཆོས་པའོ། །ལེ་ལོ་ལས་ལ་སུན་སྐྱོ་བས། །ལུས་སེམས་བྱིང་པ་ཉིད་ཡིན་ནོ། །འདོད་ཆེན་རབ་ཏུ་བསྐམ་པ་སྟེ། དཔལ་ལྡན་ཆོག ་ཤེས་ལས་འདའ་བའ་ཨོ། །བཀའ་བློ་མི་བདེ་གང་གསུངས་པ། །ཆོས་ལ་སྨོས་པའི་ཚིག་ཡིན་ནོ། །ཚུལ་མེད་སློབ་དཔོན་བླ་མ་ཡི། །བྱ་བ་རྣམས་ལ་མི་གུས་པའོ། །བླ་མར་གུས་པ་ཉམས་པ་ཉིད། །འདི་ནི་སྐྱེ་ན་མཚུངས་པའོ། །སེམས་ནི་འདོད་སོགས་ལ་ཞེན་པས། །བསྟན་ཉམས་པ ་ནི་མི་དགའ་བའོ། །ཉེད་དུ་དང་འབྲེལ་རྟོག་པ་ནི། །ཉེད་དུ་ལ་བྱམས་འདུ་ཤེས་སོ། །དེ་བཞིན་ཡུལ་སྲེད་དེ་དོན་དུ། །དེ་ཡི་ཡོན་ཏན་བརྗོད་པའོ། །དེ་བཞིན་མི་འཆིར་རྟོག་པ་དང། །འཆི་བའི་འཇིགས་བས་མི་དོགས་པའོ། །རྗེས་རྣམས་རིག་དང་ལྡན ་རྟོག་ནི། །བདག་ཉིད་ཅི་ནས་གཞན་དག་གིས། །ཡོན་ཏན་བདོག་པའི་རྣམ་པ་ཡིས། །བླ་མར་བྱེད་པར་འགྱུར་སྙམ་པའོ། །གཞན་རྗེས་ཆགས་དང་ལྡན་པ་ཡི། །རྣམ་རྟོག་གང་ཡིན་གཞན་དག་ལ། །ཆགས་དང་གནོད་སེམས་རེག་པ་ཡིས། །ཕན་དང་མི་ཕན་རྣམ ་སེམས་པའོ། །ཀུན་ཏུ་བརྟགས་པའི་ཁྱད་པར་གྱིས། །གང་གིས་ཅི་ནས་ཡིད་ཀྱི་ནི། །རྣམ་ཤེས་འཇུག་པ་ང་རྒྱལ་ལོ། །འདི་ནི་ཐུན་མོང་ཉིད་ཡིན་ནོ། །དམན་པས་དམན་པ་ང་རྒྱལ་ཏེ། །རང་ལས་དམན་ལས་དམན་སྙམ་པ། །ང་རྒྱལ་ཉིད་དུ་ངེས་པའོ། །དམན་པ་ཉིད ་དང་བདག་ཉིད་ནི། །མཉམ་སྙམ་པ་འམ་ང་རྒྱལ་ཏེ། །དམན་པ་ལས་བདག་ལྷག་སྙམ་པའི། །བློ་དེ་ཡང་ནི་ང་རྒྱལ་ཉིད། །མཉམ་དང་བདག་ཉིད་མཉམ་སྙམ་པ། །མཉམ་པ་ཡི་ནི་ང་རྒྱལ་ལོ། །ཁྱད་འཕགས་པ་དང་བདག་མཉམ་པར། །རློམ་པ་ལྷག་པའི་ང ་རྒྱལ་ལོ། །ཁྱད་འཕགས་ལས་བདག་ཁྱད་འཕགས་བློ། །ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །གར་ཡང་བདག་ནི་དགོས་མེད་ཅེས། །དམན་པའི་ང་རྒྱལ་ཉིད་ཡིན་ནོ། །ངོ་བོ་ཉིད་སྟོང་ཉེར་ལེན་གྱི། །ཕུང་པོ་ལྔ་ལ་བདག་བློ་གང། །ངའོ་སྙམ་དུ་རློམ་པ་ནི། །དེ་ནི་ངའོ་སྙམ ་པར་བཤད། །བསམ་གཏན་དང་ནི་དེ་འབྲས་བུ། །མ་ཐོབ་པ་ཡང་བདག་གི་ནི། །ཐོབ་པ་ཉིད་དུ་རྟོག་པ་དེ། །མངོན་པའི་ང་རྒྱལ་ཞེས་སུ་བརྗོད། །ལོག་པའི་ལམ་ལ་སེམས་ཆགས་པས། །མི་འདོད་འབྲས་བུ་གང་ཞིག་ལ། །བདེན་པའི་ལས་ཀྱིས་དངོས་པོར་རྟོགས། ། ་དེ་ནི་ལོག་པའི་ང་རྒྱལ་བརྗོད། །ཐ་དད་འདུ་ཤེས་འདུ་ཤེས་གང། །ཆགས་སྡང་མུན་གྱིས་བསྒྲིབས་པའོ། །བདེན་དང་དཀོན་མཆོག་གསུམ་སོགས་ལ། །བློ་རྣམ་གཉིས་ནི་ཐེ་ཚོམ་མོ། །འདི་དག་ཉེ་བའི་ཉོན་མོངས་ཏེ། །ལྔ་བཅུ་རྩ་བདུན་རབ་ཏུ་བརྗོད། །ཕྲན་ཚེགས་བཞིར ་ནི་གངས་པ་རྣམས། །ཐར་པ་འདོད་པས་སྤང་བར་བྱ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ཉེ་བའི་ཉོན་མོངས་པའི་ཉེས་དམིགས་བརྗོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །འདི་དག་ཆོས་ཀྱི་བདག་མེད་པ། །རྟོགས་པས་བག་ཆགས་བཅས་པ་རྣམས ་རབ་ཏུ་སྤོང་ངོ་ཡང་ན་ནི། །རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས། །ཡང་དག་པར་ནི་མཐོང་བས་སོ། །ཡང་ན་འཕགས་པའི་བདེན་པ་བཞི། །ཡང་དག་མི་མཐོང་ཞིང་ཕུང་པོ་སོགས། །སྟོང་པ་ཉིད་དུ་གོམས་པ་དང། །འགྲོ་བའི་དོན་ལ་བསྒོམ་པ་སྤོང། །ཕུང་པོ་འདི་སྤངས ་གཞན་དུ་ནི། །ཉིད་འཚམས་སྦྱོར་བར་བྱེད་པ་གང། །ཕུང་པོ་རྣམས་ལས་གཞན་པའི་བདག་།སྲིད་པའི་ལམ་དུ་འགྲོ་བ་མེད། །བྱེད་པ་པོ་དང་ལས་རྣམས་དང། །དི་འབྲས་སྤྱོད་དང་རྟག་པ་ལ། །དེ་ནི་བྱེད་པོ་ཟ་བ་པོ། །བྱ་བའི་ནུས་པ་བྲལ་བ་ཉིད། །ཕུང་པོ་བདག་མིན ་བདག་ལ་ནི། །ཕུང་པོ་མི་ལྡན་བདག་གི་ནི། །ཕུང་པོ་མ་ཡིན་བདག་ཀྱང་ནི། །ཕུང་པོ་ལ་ནི་གནས་མ་ཡིན། །གཞན་གྱིས་ཡོངས་སུ་བརྟགས་པ་ཉིད། །བརྟགས་ཕྱིར་བདག་ཏུ་རིགས་མ་ཡིན། །ཕུང་པོ་བདག་ལས་འབྲེལ་མེད་དོ། །དེ་དག་རྣམ་པར་འགལ་བས་སོ། །སྟོན ་དང་ཕྱི་མ་གཅིག་པའི་གཟུགས། །མི་རྟག་དང་འབྲེལ་གལ་སྲིད། །འོན་ཏེ་འབྲེལ་ན་རྟག་པ་ཡང། །མི་རྟག་བདག་ཉིད་དུ་ནི་འགྱུར། །མི་རྟག་པ་ཡང་རྟག་ཉིད་དུ། །རྟག་ཏུ་འབྲེལ་པ་ཉིད་དུ་འགྱུར། །དེ་ལྟར་དཔལ་ལྡན་འཕགས་པ་ནི། །ཀླུ་སྒྲུབས་ཞབས་ཀྱིས་གསུངས ་པ་སྟེ། མུ་སྟེགས་ཅན་གྱིས་གང་བརྟགས་པའི། །བདག་དེ་རིག་པས་རྣམ་དཔྱད་ན། །ཕུང་པོ་ཀུན་གྱི་ནང་རྣམས་ནི། །གང་ཞིག་ནས་ཀྱང་རྙེད་མིན་ཏོ། །ཕུང་པོ་རྣམས་ཡོད་དེ་དག་མིན། །དེ་ཡང་བདག་གི་ངོ་བོ་མིན། །གང་ཡང་རྟག་དང་མི་དག་དག་།རྟེན་དང ་བརྟེན་པའི་ངོ་བོར་མེད། །ཕུང་པོ་ཙམ་ཞིག་བདག་ཏུ་ནི། །འདོད་པ་ཉིད་ནི་མི་འགགས་ཏེ། །དེ་ཉིད་སྤོམ་དང་དག་ར་ལ་སོགས། །ང་རུ་རློམ་པས་འཕེལ་བ་ཉིད། །དེ་ཡང་སྒྱུ་མ་ལྟར་བརྗོད་དེ། །གང་ཕྱིར་རྣམ་དཔྱད་སྤྱོད་ཡུལ་མིན། །རྣམ་པར་དཔྱོད་པ་རྒྱ་ཆེའི་ཕྱིར། །འདིར་ནི ་བདག་གི་མ་སྤྲོས་ཏེ། །དེ་ཡི་དོན་ནི་རྟོག་གེ་དང། །དབུ་མའི་བསྟན་བཅོས་དག་ན་ཡོད། །ཆོས་དང་གང་ཟག་དབྱེ་བ་ཡིས། །བདག་མེད་རྣམ་པ་གཉིས་སུ་འདོད། །དབུ་མ་ལ་ནི་འཇུག་པ་རུ། །ཟླ་གྲགས་ཞབས་ཀྱིས་གསུངས་པ་ནི། ། ་བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །དེ་ཉིད་རྣམ་མང་ཕྱེ་སྟེ་སླར་ཡང་ནི། །དེ་ལྟར་གདུལ་བྱ་རྣམས་ལ་སྟོན་པས་གསུངས། །སྤྲོས་དང་བཅས་ནས་སྟོང་པ་ཉིད། །བཅུ་དྲུག་བཤད་དེ་མདོར་བསྡུས་ནས། ། ་སླར་ཡང་གཞི་རུ་བཤད་པ་སྟེ། །དེ་དག་ཐེག་པ་ཆེན་པོར་འདོད། །གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བརྗོད་པར་བྱ། །ཐེར་ཟུག་གནས་མིན་འཇིག་མིན་ཉིད། །ཉེ་བར་གཟུང་བའི་ངོ་བོ་ཉིད ་མིག་སོགས་དྲུག་པོ་གང་ཡིན་པ། །ནང་སྟོང་ཉིད་དུ་དེ་འདོད་དོ། །གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང། །དེ་བཞིན་སྒྲ་རོ་དྲི་དང་ཆོས། །རེག་བྱའི་བར་དཱུང་ཤེས་པར་བྱ། །གཟུགས་ལ་སོགས་པ་དངོས་མེད་པ། །ཕྱི་རོལ་སྟོང་པ་ཉིད་དུ་འདོད ་གཉི་གའི་ངོ་བོ་སྟོང་པ་ནི། །ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཆོས་རྣམས་རང་བཞིན་སྟོང་བ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བརྗོད། །སྟོང་ཉིད་དེ་ཡང་སྟོང་པ་ནི། །སྟོང་པ་ཉིད་ཀྱི་ངོ་བོར་འདོད། །སྟོང་ཉིད་སྟོང་པ་ཉིད་བརྗོད་པ། །སྟོང་ཉིད་སྟོང་པ་ཉིད་འདོད་དེ། །སྟོང་ཉིད་དངོས་པོའི་བློ ་ཅན་གྱི། །འཛིན་པ་བཟློག་ཕྱིར་གསུངས་པ་ཡིན། །སེམས་ཅན་སྣོད་ཀྱི་འཇིག་རྟེན་ནི། །མ་ལུས་པ་ལ་ཁྱབ་བྱེད་ཕྱིར། །ཚད་མེད་དཔེ་མེད་མུ་མཛའ་ནི། །མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད། །ཕྱོགས་རྣམས་བཅུ་ཉིད་འདི་དག་ཀྱང། །ཕྱོགས་རྣམས་བཅུ་ཉིད་འདི་དག་ཀྱང། །ཕྱོགས་ཀྱི་སྟོང་པ་ཉིད་དེ་ནི། །ཆེན་པོ ་སྟོང་པ་ཉིད་དུ་གསུངས། །ཆེན་པོར་འཛིན་པ་བཟློག་ཕྱིར་རོ། །དེ་ནི་དགོས་པ་མཆོག་ཡིན་ཕྱིར། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་ཉིད་གང། །དེ་ནི་དོན་དམ་སྟོང་ཉིད་དེ། །མྱང་འདས་དངོས་བློ་ཅན་རྣམས་ཀྱི། །དངོས་པོར་འཛིན་པ་བཟློག་པའི་ཕྱིར། །དོན་དམ་པ་ཡི ་སྟོང་པ་ཉིད། །དོན་དམ་མཁྱེན་པས་གསུངས་པ་ཡིན། །རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུས་བྱས་ཡིན་པར་ངེས་པར་བརྗོད། །དེ་ནི་དེ་ཡིས་སྟོང་ཉིད་གང། །དེ་ནི་འདུས་བྱས་སྟོང་ཉིད་གསུངས། །གང་ལ་སྐྱེ་གནས་མི་རྟག་ཉིད། །དེ་དག་མེད་པ་འདུས་མ་བྱས། ། ་དེ་ནི་དེ་ཡིས་སྟོང་ཉིད་གང། །འདུས་མ་བྱས་སྟོང་ཉིད་དུ་གསུངས། །གང་ལ་མཛའ་ནི་ཡོང་མིན་པ། །དེ་ནི་མཛའ་ལས་འདས་པར་བརྗོད། །དེ་ནི་དེ་ཉིད་ཀྱིས་སྟོང་ཉིད། །མཛའ་ལས་འདས་བ་སྟོང་ཉིད་བརྗོད། །ཐོག་མ་དང་པོ་ཐ་མ་མཛའ་། །དེ་དག་མེད་པས་འཁོར་བ་ནི། ། ་ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོད་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང། །དེ་ནི་ཐོག་མ་དང་ཐ་མ། །མེད་པ་སྟོང་པ་ཉིད་དོ་ཞེས། །བསྟན་བཅོས་ལས་ནི་དེས་པར་བརྗོད། །དོར་བ་ཞེས་བྱ་བཀྲམ་པ་དེ། །བཏང་བ་ལ་ནི་ངེས་པར་བརྗོད། །དེ་སྤངས་དོར ་པ་མེད་པ་སྟེ། །འགའ་ཡང་བཏང་མེད་གད་དེ་ནི། །དོར་བ་མེད་པ་དེ་ཉིད་ཀྱིས། །དེ་ཉིད་སྟོང་པ་ཉིད་གང་ཡིན། །དེ་ཕྱིར་དེ་ལ་དོར་བ་མེད། །སྟོང་པ་ཉིད་ཅེས་དེས་པར་བརྗོད། །སློབ་མ་རང་སངས་རྒྱས་རྣམས་དང། །བྱང་སེམས་དེ་བཞིན་གཤེགས་རྣམས་ཀྱིས། །འདུས ་བྱས་སོགས་ཀྱི་ངོ་བོ་ཉིད། །གང་ཕྱིར་མ་བྱས་དེ་ཕྱིར་ནི། །འདུས་བྱས་སོགས་ཀྱི་ངོ་བོ་ཉིད། །རང་བཞིན་དུ་ནི་བརྗོད་པ་སྟེ། །དེ་ཉིད་ཀྱིས་དེ་སྟོང་ཉིད་གང། །དེ་ནི་རང་བཞིན་སྟོང་པ་ཉིད། །བཅོ་བརྒྱད་ཁམས་དང་རེག་པ་དྲུག་།དེ་ལས་སྐྱེས་པའི་ཚོར་བ་དྲུག་།གཟུགས་ཅན ་གཟུགས་ཅན་མིན་པའི་ཆོས། །དེ་བཞིན་འདུས་བྱས་འདུས་མ་བྱས། །གང་ཡིན་དེ་དག་དེས་དབེན་ཕྱིར། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །གཟུགས་ལ་སོགས་པ་དངོས་མེད་གང། །དེ་ནི་རང་མཚན་སྟོང་པ་ཉིད། །གཟུགས་ནི་གཟུགས་རུང་མཚན་ཉིད་དོ། །ཚོར་བ་མྱོད ་བའི་མཚན་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པ། །ཡུལ་རྣམས་སོ་སོར་རིག་པ་ནི། །རྣམ་ཤེས་རང་གི་མཚན་ཉིད་དོ། །ཕུང་པོའི་མཚན་ཉིད་སྡུག་བསྔལ་ཏེ། །ཁམས་ཀྱི་མཚན་ཉིད་སྤྲུལ་གདུག་འདོད། །སྐྱེ་བའི་སྒོར་གྱུར་སྐྱེ་མཆེད་དེ། ། ་སངས་རྒྱས་རྣམས་ཀྱི་སྐྱེ་མཆེད་གསུངས། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །རྐྱེན་ཚོགས་པ་ཡི་མཚན་ཉིད་ཅན། །གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་བ་མེད་མཚན་ཉིད། །བཟོད་པ་ཁྲོ་མེད་མཚན་ཉིད་དེ། ། ་བརྩོན་འགྲུས་ཁ་ན་མ་ཐོ་མེད། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཤེས་རབ་མ་ཆགས་མཚན་ཉིད་ཅན། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་ནི་བརྟན་པ་ཡིན། །བསམ་གཏན་རྣམས་དང་ཚད་མེད་རྣམས། །གཞན་ཡང་གར་དག་གཟུགས ་མེད་པ། །འདི་དག་མི་འཁྲུགས་མཚན་ཉིད་དུ། །ཡང་དག་མཁྱེན་པས་གསུངས་པ་ཡིན། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས། །དེས་པར་འབྱུང་བྱེད་རང་མཚན་ཉིད། །སྟོང་པ་ཉིད་གང་དབེན་པའི་ཕྱིར། །དེ་ཡི་མཚན་ཉིད་དམིགས་མེད་འདི། །དེ་ཕྱིར་མཚན་པ ་མེད་པ་སྟེ། །གསུམ་པའི་ཉིད་མཚན་སྡུག་བསྔལ་དང། །རྨོངས་མེད་རྣམ་པར་ཐར་པ་ཡི། །མཚན་ཉིད་རྣམ་པར་གྲོལ་བའོ། །ཤིན་ཏུ་རྣམ་པར་ངེས་པ་ཡི། །ངོ་བོར་སྟོབས་རྣམས་ཀྱང་བརྗོད་དོ། །སྐྱོབ་པ་མི་འཇིགས་པ་རྣམས་ནི། །ཤིན་ཏུ་བརྟན་པའི་ངོ་བོའོ ་སོ་སོ་ཡང་དག་རིག་རྣམས་ནི། །སྤོབས་སོགས་ཚད་མེད་མཚན་ཉིད་ཅན། །འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ངེས་པར་བརྗོད། །སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །སྙིང་རྗེ་ཆེན་པོའི་དགའ་བ་ནི། །རབ་དགའ་ཨི་མཚན་ཉིད་བཏང ་སྙོམས་ནི། །མ་འདྲེས་མཚན་ཉིད་ཅན་ཞེས་བྱ། །སངས་རྒྱས་ཆོས་ནི་མ་འདྲེས་པ། །བཅུ་དང་བརྒྱད་དུ་གང་འདོད་རྣམས། །གང་ཕྱིར་སྟོན་པ་དེས་མི་འཕྲོགས། །དེ་ཕྱིར་མི་འཕྲོགས་མཚན་ཉིད་ཅན། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད ་ཅན་དུ་འདོད། །གཞན་ནི་ཕྱོགས་གཅིག་པ་ཡིན་ཕྱིར། །མངོན་སུམ་ཞེས་བྱར་མི་འདོད་དོ། །འདུས་བྱས་མཚན་ཉིད་གང་ཡིན་དང། །འདུས་མ་བྱས་ཀྱི་མཚན་ཉིད་གང། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་མཚན་སྟོང་པ་ཉིད། །ད་ལྟར་འདི་ནི་མི་གནས་ཤིང། །འདས ་དང་མ་འོངས་ཡོང་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ནི་མི་དམིགས་པ་ཞེས་བརྗོད། །མི་དམིགས་པ་དེ་རང་ངོ་བོ། །དེ་ཡིས་དབེན་པ་ཉིད་གང་དེ། །ཐེར་ཟུག་གནས་མིན་འཇིགས་མིན་པས། །མི་དམིགས་ཤེས་བྱའི་སྟོང་ཉིད། །སྦྱོར་བ་ལས་གྱུར་གཟུགས ་རྣམས་མེད། །དངོས་པོའི་རྐྱེན་ལས་བྱུང་བའི་ཕྱིར། །རྐྱེན་ལས་བྱུང་རྣམས་དེ་ཉིད་ཀྱིས། །སྟོང་པ་དངོས་པོ་སྟོང་པ་ཉིད། །དངོས་པོའི་སྒྲ་ཡིས་བརྗོད་པ་ནི། །མདོར་བསྡུས་ཕུང་པོ་ལྔ་རྣམས་ཏེ། །དེ་རྣམས་དེ་ཡིས་སྟོང་ཉིད་གོང། །དེ་དངོས་སྟོང་པ་ཉིད་དུ་བཤད། །མདོར ་བསྡུས་ན་ནི་དངོས་མེད་པར། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ནི་དངོས་པོ་མེད་དེ་སྟོང་ཉིད། །དངོས་པོ་མེད་པ་སྟོང་པ་ཉིད། །རང་བཞིན་ངོ་བོ་ཉིད་མེད་ནི། །ངོ་བོ་ཉིད་བརྗོད་སྟོང་ཉིད་དེ། །འདི་ལྟར་རང་བཞིན་མ་བྱས་པས། །ངོ་བོ་ཉིད་ཅེས་བསྟན་པ་ཡིན། །སངས་རྒྱས ་རྣམས་ནི་བྱུང་ཡང་རུང། །མ་བྱུང་ཡང་ནི་དངོས་པོ་ཉིད། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོ་རབ་ཏུ་བསྒྲགས། །ཡང་དག་མཛའ་དང་དེ་བཞིན་ཉིད། །གང་དེ་གཞན་དངོས་སྟོང་པ་ཉིད། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དེ་དག་ནི་རབ་ཏུ་བསྒྲགས། །འདི་ནི ་རྒྱལ་བའི་ལམ་ལ་འཇུག་པ་ལས་བདག་མེད་པ་བརྗོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཐོག་མ་མེད་དང་ཉོན་མོངས་ཀྱིས། །འདུས་བྱས་ཕུང་པོ་མཚན་ཉིད་དེ། །ཐོག་མ་མེད་པའི་སྲིད་འཁོར་ལོར། །རྒྱུན་དུ་ཡོངས་སུ་འཁོར་བ་སྟེ། །དཔལ་ལྡན་དབྱིག་གཉེན་ཞབས་ཀྱིས ་ནི། ཆོས་མངོན་མཛོད་དུ་གསུངས་པ་ནི། །བདག་མེད་ཕུང་པོ་ཙམ་ཉིད་དེ། །ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ནི། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག ་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མར་གཉིས་གཉིས་དང། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །སྔོན་སྐབས་ཉོན་མོངས་མ་རིགས་པ། འདུ་བྱེད་དག་ནི་སྔོན་ལས ་ཀྱི། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིད་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་དུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག ་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐེབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་གང་ཡིན་དེ་སྲིད་པ། །ཉིད་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི ་ཡིན། འདི་ནི་གནས་སྐབས་བར་འདོད་ལ། །གཙོ་བོའི་ཕྱིར་ནི་ཡན་ལག་བསྒྲགས། །སྔོན་དང་ཕྱི་མཛའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཉོན་མོངས་གསུམ་པོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འབྲས་བུ་ཡིན། །གཉིས་ཀྱི་རྒྱུ་འབྲས་མདོར་སྡུས་པ། ། ་བར་མའི་རྗེས་སུ་དཔག་པ་ལས། །ཉོན་མོངས་པ་ལས་ཉོན་མོངས་དང། །བྱ་བ་ཉིད་དོ་དེ་ལས་བཞི། །དེ་ལས་བཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས་།འདི་ནི་རྒྱལ་པའི་ལམ་ལ་འཇུག་པ་ལས་རྟེན་འབྲེལ་གྱི་འཁོར་ལོ་བརྗོད་པའི་ལེའུ་སྟེ་བཅོ་བརྒྱད ་པའོ།། །།འཕགས་པའི་བདེན་པ་བཞི་རྣམས་ཏེ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །སྡུག་བསྔལ་དེ་ཡི་འགོག་པ་དང། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ། །བདེན་པ་འདི་རྣམས་སོ་སོར་ཡང། །རྣམ་པ་བཞིར་ནི་དེས་པ་སྟེ། །ཐར་པ ་འདོད་པས་འབད་པ་ཡིས། །འབད་པས་འགྱུར་བ་བསྒོམ་པར་བྱ། །སྡུག་བསྔལ་གྱི་ནི་བདེན་པ་ཡང། །མི་བདག་སྡུག་བསྔལ་སྟོང་བདག་མེད། །རྒྱུ་ནི་རྒྱུ་དང་ཀུན་འབྱུང་དང། །རབ་ཏུ་སྐྱེ་བ་དེ་བཞིན་རྐྱེན། །འགོག་པའི་འགོག་དང་ཞི་བ་དང། །གྱ་ནོམ་པ་དང་ངེས་འབྱུང ་པའོ། ལམ་གྱི་ལམ་དང་རིག་པ་དང། །སྒྲུབ་དང་ངེས་པར་འབྱིན་པའོ། །དེ་ལྟར་ཉོན་མོངས་སྤངས་བྱའི་ཕྱིར། །འཕགས་པའི་བདེན་བཞི་བསྒོམ་པར་བྱ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར། །མི་རྟག་སྐྱེ་དང་འཇིག་པ་ཉིད། །སྡུག་བསྔལ་རྗེས་སུ་མི་མཐུན་ཕྱིར། །ཟག་པ ་དང་བཅས་དངོས་པོ་ནི། །བདག་མེད་དེ་དང་མི་ལྡན་པའོ། །རྟགས་པའི་ཆོས་ནི་སྙོང་པའོ། །རྣམ་པ་བཞི་པོ་འདི་དག་ནི། །ཐར་པ་འདོད་པས་རྟག་ཤེས་བྱ། །སྡུག་བསྔལ་འཁོར་བའི་ཕུང་པོ་རྣམས། །དགའ་བའི་བག་ཆགས་ཡང་དག་འབྱུང། །དགའ་ལ་ཆགས་དད་ཡང ་དག་ལྡན། །སྲེད་དང་སྲེད་པའི་བྱེད་པ་པོ། །རྟག་ཏུ་བདེན་པའི་ལམ་སྒོམས་པས། །དེ་ནི་འབད་བས་བཞོམ་པར་བྱ། །རྒྱུ་ངེ་ས་པོན་ཆོས་ཡིན་ཕྱིར། །ནང་དང་སྡུག་བསྔལ་བཞིན་ཉིད་དོ། །སྡུག་བསྔལ་ཡང་དག་སྐྱེ་དེའི་ཕྱིར། །སྡུག་བསྔལ་ཀན་འབྱུང་ཉིད་ཤེས་བྱ། །གླ་བུར ་མྱོང་བའི་སྡུག་བསྔལ་ལ། །འབྲས་བུ་ཞེས་ནི་མངོན་པར་བརྗོད། །རབ་ཏུ་སྦྱོར་བ་འབྲེལ་སྦྱོར་ཉིད། །དེ་ནི་སྡུག་བསྔལ་ཟུག་རྔུའི་རྒྱུར། །མངོན་པར་བརྗོད་བྱ་དོན་གྱིས་ནི། །རྐྱེན་ནི་ཆུ་བོའི་ཆང་བ་ཉིད། །འཕེལ་བའི་རྒྱུ་ནི་ཉོན་མོངས་རྣམས། །ཕྲལ་བའི་སྦྱོར་བ་འགོག་པའོ། ། ་སྡུག་བསྔལ་ཕུང་པོ་དང་བྲལ་བས། །ཞི་བ་ཞེས་སུ་མངོན་པར་བརྗོད། །ཉོན་མོངས་སྡུག་བསྔལ་བྲལ་བ་དང། །དགེ་དང་བདེ་བ་གྱ་ནོམ་པ། །ངེས་པར་འབྱུང་བ་བདག་མེད་དེ། །ཕན་དང་བདེ་བ་རྗེས་སུ་འཕེལ། །ཡང་ན་མ་རིག་འགོག་པས་ན། །འགོག་པ་ཡི་ནི་བདག་ཉིད་དོ ་ཞི་བ་སྡུག་བསྔལ་ཡང་དག་ཟད། །གྱ་ནོམ་བདེ་བ་འབའ་ཞིག་གོ་།ངེས་པར་འབྱུང་བསྟོང་ཉིད་སེགས། །རྣམ་ཐར་བདེ་བའི་མཚན་ཉིད་དོ། །བདག་དད་བདག་གི་བས་སྟོང་ཕྱིར། །ངོ་བོ་ཉིད་ཀྱིས་སྟོང་པའོ། །འདུས་བྱས་ཀུན་གྱི་རྒྱུ་རྣམས་ནི། །རྣམ་པར་ཞི་བ་མཚན་མ ་མེད། སྨོན་པ་མེད་པ་ཁམས་གསུམ་ནི། །ཀུན་ཏུ་སྨོན་པ་ཟད་པའོ། །ལས་རྣམས་མངོན་པར་འདུས་བྱས་ཏེ། །དངོས་མེད་མངོན་པར་འདུས་མ་བྱས། །ཡང་ན་འཁོར་བའི་ཕུང་པོ་རྣམས། །རྒྱུ་ནི་ཟད་པ་འགོག་པ་སྟེ། །ཞི་བ་ཆགས་སོགས་ཉོན་མོངས་པ། །མི ་བཟད་མི་དཔུང་ཞི་བ་ཉིད། །གནོད་བ་ཀུན་ལས་དེས་གྲོལ་ཞིང། །བདེ་བ་མི་ཟད་གྱ་ནོམ་པའོ། །མི་མཐུན་ཕྱོགས་ཀུན་ངེས་གྲོལ་བ། །ངེས་པར་འབྱུང་བར་རབ་ཏུ་གྲགས། །འདི་ཡིས་རྒྱལ་བའི་སྲས་རྣམས་ནི། །དེ་ཉིད་དོན་ཚོལ་བྱེད་ཕྱིར་ལམ། །རིགས་པ་ཡང་ནི་མི ་རིགས་པའི། །ཉོན་མོངས་རྣམས་ཀྱི་གཉེན་པོ་ནི། །ཐོབ་པར་བྱེད་པ་སྒྲུབ་པ་སྟེ། །ལམ་ནི་རྣམ་པར་བསྒོམ་པ་ཡིས། །རྟག་པར་ཕྱིན་ཅི་ལོག་ཟད་བྱེད། །ཆགས་ཐོགས་མེད་པའི་ཐེག་པ་གང། །ངེས་འབྱུང་ཡིན་ཏེ་དེར་འབྱུང་བ། །ངེས ་པར་འབྱིན་པ་ཞེས་བརྗོད་དེ། །སྲིད་ལས་ཤིན་ཏུ་འབྱུང་ཕྱིར་རོ། །ཡང་ན་འགྲོ་བའི་དོན་གྱིས་ལམ། །རིགས་པ་སྦྱོར་བས་རིགས་པའོ། །ཡང་དག་པར་ནི་ཐོབ་བྱེད་པའི། །དོན་གྱིས་སྒྲུབ་པར་རབ་ཏུ་བརྗོད། །འཁོར་བ་ལས་ནི་ཡང་དག་པར། །འབྱུང་བས་ངེས་པར་འབྱིན ་པའོ། །འདི་རྣམས་བཤད་པར་གཞན་ཡང་ནི། །རྣམ་པར་བཞག་པ་ཡོད་མོད་ཀྱི། །གཞུང་བསྡུས་པ་ཡི་ཕྱིར་ན་ནི། །མ་སྦྱར་བཟོད་པ་ཉིད་དུ་རིགས། །འཕགས་པའི་བདེན་པ་བཞིན་པོ་ནི། །ཀུན་ཏུ་དེ་ལྟར་བརྟག་བསྒོམ་བྱ། །འདི་ནི་ཉན་ཐོས་རང་རྒྱལ་གྱིས། ། ་བྱང་ཆུབ་ལམ་གྱི་རྗེས་འབྲང་སྟེ། །གཞན་དུ་སྲིད་མཚོའི་སྡུག་བསྔལ་ལས། །སུས་ཀྱང་ཕ་རོལ་བགྲོད་པ་མེད། །འདི་ལྟར་འཕགས་པའི་བདེན་པ་བཞི། །ངོ་བོ་ཉིད་མེད་དམིགས་པ་ཉིད། །ཆགས་པ་ཐམས་ཅད་རྣམ་སྤངས་པ། །བྱང་ཆུབ་སེམས་དཔས་སྒོམ་པར ་བྱ། །འཕགས་པའི་བདེན་བཞིའི་རྣམ་པ་ནི། །རང་གི་རང་བཞིན་བྲལ་བ་ཉིད། །ཇི་ལྟ་པར་ནི་གསུངས་པ་རྣམས། །རྒྱལ་བའི་སྲས་ཀྱིས་བསྒོམ་པར་བྱ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་འཕགས་པའི་བདེན་པ་བཞི་བརྗོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །། ་འོན་ཀྱང་མི་མཐུན་ཕྱོགས་དང་ནི། །གཉེན་པོའི་ཆོས་རྣམས་ངེས་པ་ནི། །དམ་ཆོས་མཉན་ལས་གཞན་དུ་མིན། །དེ་བས་དམ་ཆོས་མཉན་པར་བརྗོད། །ཉེས་པ་ཐམས་ཅད་སྤང་ཕྱིར་དང། །ཀུན་མཁྱེན་གོ་འཕང་ཐོབ་བྱེད་པའི། །རྒྱུ་ནི་དམ་ཆོས་ཉིད་ཡིན་ཏེ ་དེ་བས་འབད་བ་ས་འདི་ཉན་བྱ། །དམ་ཆོས་འབད་པས་མཉན་བྱས་ནས། །ཡང་དག་བསམ་ཞིང་ཡོངས་སུ་བསྒོམ། །སྡུག་བསྔལ་ཐམས་ཅད་རྣམ་གྲོལ་བ། །ཀུན་གྱི་བདག་པོ་རྒྱལ་བར་འགྱུར། །ཤིན་ཏུ་གྱ་ནོམ་གོས་དང་ནི། །བཟའ་བ་དང་ནི་སྟན་དག་དང། ། ་བཞོན་པ་འམ་ནི་མལ་ཆ་ཡིས། །རང་གི་ལུས་ནི་བསྐྱེད་མི་བྱ། །བྱས་པ་མི་གཟོ་སྲན་མི་ཐུབ། །སྡུག་བསྔལ་ཀུན་གྱི་འབྱུང་གནས་ཏེ། །ལུས་ནི་དགྲ་སྟེ་དེ་དོན་དུ། །མཁས་པ་སུ་ཞིག་སྡིག་པ་བྱེད། །ནད་ཀུན་གྱི་རྟེན་གནོད་པ་ཅན། །མི་གཙང་མཛའ་དག་འདུས་པ ་སྟེ། ཤིན་ཏུ་དྲི་ངའི་བདག་ཉིད་ཅན། །རང་དབང་མེད་པས་འཇིགས་པའི་རྒྱུ། །གློག་དང་མགལ་མེའི་འཁོར་ལོ་བཞིན། །གཡོ་ཞིང་སྐད་ཅིག་འཇིག་རང་བཞིན། །འདོད་པས་ཚིམ་མེད་ཤེས་བྱས་ནས། །མཁས་པས་འདི་ཡི་བསྙེན་བཀུར་སྤངས། །དེ་ཡང་འཚོལ ་ཙམ་བྱིན་ནས། །འདི་ནི་ཡོངས་སུ་སྐྱང་བར་བྱ། །རང་གཞན་བསོད་ནམས་སོགས་ལ་སོགས། །བསྒྲུབ་ཕྱིར་ལེགས་པར་འཚོ་བར་བྱ། །དམ་ཆོས་འཛིན་ལུས་དོན་མེད་དུ། །སྡུག་བསྔལ་ཉིད་དུ་མི་བྱ་སྟེ། །ལུས་ལ་བརྟེན་ནས་སྲིད་པ་ཡི། །རྒྱ་མཚོ་ལས་ནི་བརྒལ ་བར་བྱའོ། །ཇི་སྲིད་འཆི་བ་མ་བྱུང་ཞིང། །བློ་ནི་རྟོགས་པར་མ་གྱུར་པ། །དེ་སྲིད་བློ་ལྡན་འབད་པ་ཡིས། །ཡིད་ནི་ཆོས་ལ་དགའ་པར་བྱེད། །འཚོ་བ་ཐམས་ཅད་བརླག་ཕྱིར་དང། །བདེ་བ་ཐམས་ཅད་ཟད་བྱ་དང། །སྡུག་པ་ཀུན་དང་བྲལ་བྱའི་ཕྱིར། །འཆི་བ་མངོན་པར ་འོང་པར་འགྱུར། །མཆོག་ཏུ་མི་ཟད་འཆི་པ་ནི། །ཐོབ་ནས་ཤིན་ཏུ་བཟློག་དཀའ་སྟེ། །དེ་ཚེ་ཆོས་ལས་གཞན་སྐྱབས་མེད། །དེ་བས་ཆོས་ལ་དགའ་བར་བྱ། །ཤི་ནས་ངན་སོང་ལས་སྐྱོབས་པ། །ཆོས་ལས་མཆོག་ནི་གང་ཡང་མེད། །སྡུག་པའི་བུ་དང་ཆུང་མ ་སོགས། །འབྲེལ་པ་ཡང་ནི་ཤིན་ཏུ་རིང། །གང་ཡང་བདག་དང་བདག་གིས་འབྲེལ། །སྔོན་དང་ཕྱི་མར་གང་དང་ན། །གང་ལ་ཡང་མེད་པར་བགྱི་ཡང། །ཐ་སྙང་ཕྱིར་ན་མི་རིག་པ། །དེ་ཡང་རང་གིས་བྱས་པའི་ལས། །དགེ་བའམ་ཡང་ན་མི་དགེ་བ། །བདེ་དང་སྡུག་བསྔལ ་ཉེར་སྤྱོད་ཕྱིར། །འཁོར་དང་མཛའ་དང་མི་མཛའ་མེད། །དེ་ཕྱིར་བུ་དང་ཆུང་མ་སོགས། །ཤིན་ཏུ་ཞེན་པ་སྤང་པར་བྱ། །སྡང་ལ་སླར་ཡང་ཞེ་སྡང་སྤང། །དཔེན་པར་ཆོས་ནི་བཀླག་པར་བྱ། །གལ་ཏེ་འཁོར་བའི་སྡུག་བསྔལ་མཚོས། །འཇིགས་པ་མི་བཟད་ཡོད་ན་ནི། །ཆོས ་ཀྱི་བློ་ནི་བྱ་བ་སྟེ། །འདི་ལྟར་བདེ་བ་ཐོབ་པར་འགྱུར། །གང་ཉིད་སྐྱེས་པའི་སྐྱེ་འགྲོ་ནི། །དེ་ཉིད་འཆི་བར་ངེས་པ་སྟེ། །ཇི་ལྟར་ཉིན་མོའི་མཛའ་རུ་ནི། །མཚན་མོ་ཅིས་ཀྱང་འབྱུང་བ་བཞིན། །ཇི་སྲིད་འཆི་བ་མ་བྱུང་བ། །ཇི་སྲིད་ཉིད་དུ་རབ ་འབད་ནས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཆོས་བསམ་པ་གཉིད་མཆོག་ཏུ་བརྗོད། །སེམས་ནི་ཀུན་ཏུ་དམ་ཆོས་ལ། །མཁས་བས་ཞེན་པ་ཉིད་དུ་བྱ། །གཟུགས་ལ་སོགས་པའི་ཡུལ་ཚོགས་ལས། །འབད་བས་རབ་ཏུ་བཟློག་པར་བྱ། །སེམས ་ནི་ཀུན་ཏུ་རྟག་པར་ནི། །རང་དག་བྱས་ཏེ་བློ་ཅན་གྱིས། །སེམས་ཀྱི་དབང་དུ་འགྲོ་མི་བྱ། །སེམས་ཀྱི་དབང་གྱུར་དམྱལ་བར་ལྟུང། །བཟློག་པར་དཀའ་ཞིང་འཁྲུལ་པ་དང། །གཡོ་ཞིང་དྲི་མ་ཅན་ཉིད་གང། །དམ་ཆོས་འཛིན་པས་གཡོ་མེད་ཅིང། །དྲི་མ་མེད་པར ་བྱས་པ་སྟེ། །བག་ཆགས་ཀུན་དང་བདུད་དང་ནི། །མཛའ་དག་དགྲ་ནི་ཕན་བྱེད་ཅིང། །མྱ་ངན་འདས་པའི་གྲོང་གི་ལམ། །སྐྱེས་བུ་དམ་པས་སྦྱོང་བ་ཉིད། །སེམས་ཀྱི་དབང་གི་ལས་འབྱུང་སྟེ། །ལས་ཀྱི་དབང་གི་འབྲས་བུ་འབྱུང། །སེམས་ཀྱི་ལས་ལས་ཡང་དག ་འབྱུང། །འཁོར་བ་ཞེས་ནི་ཡོངས་སུ་བརྗོད། །སྡིག་དང་བསོད་ནམས་ལས་དང་ན། །དེ་ཡི་འབྲས་བུ་སེམས་ཀྱི་བྱས། །བདེ་དང་སྡུག་བསྔལ་གང་ཅུང་ཟད། །སེམས་ལས་གཞན་པའི་བྱེད་པ་མེད་།བྱ་བ་ཐམས་ཅད་སེམས་དབང་སྟེ། །འབྲས་བཱུང་སེམས་ཀྱི་དབང་དུ ་ཤེས། ཇི་ལྟར་སེམས་ནི་སྣ་ཚོགས་པ། །དེ་བཞིན་འབྲས་བུ་ཡང་ནི་ཤེས། །ཇི་ལྟར་རི་མོ་མཁན་གཅིག་གིས། །རི་མོ་སྣ་ཚོགས་འདྲི་བྱེད་པ། །དེ་བཞིན་སེམས་ནི་གཅིག་གིས་ཀྱང། །སྣ་ཚོགས་སྲིད་པའི་ལས་བྱེད་དོ། །སེམས་ཀྱི་སྤྲུལ་པ་ལས་ཡིན་ཏེ། །ལས་ཀྱི་སྦྲུལ་པ ་འགྲོ་བའོ། །ལས་ཀྱི་སྤྲུལ་པ་སྡུས་པས་ནི། །ས་གཉིས་པོ་ནི་བསྡུས་པར་འགྱུར། །ཇི་ལྟར་སེམས་ནི་སྣ་ཚོགས་པ། །དེ་ལས་འབྲས་བུ་སྣ་ཚོགས་ཤེས། །འགྲོ་བ་གསུམ་པོ་འདི་དག་ཀུན། །སེམས་ཀྱིས་བྲིས་པ་ཉིད་དུ་དགོངས། །ཐོག་མེད་མ་རིག་པས་བཅིངས་པའི། ། ་སེམས་ནི་འཁོར་བར་བརྗོད་པ་སྟེ། །དེ་ཉིད་འབའ་ཞིག་དག་པ་སྟེ། །མྱ་ངན་འདས་འཆི་མེད་ཞི་བའོ། །སེམས་དང་སེམས་དེས་སྤྲུལ་པའོ། །བསྐྱེད་པ་ཡི་ནི་ཁམས་གསུམ་པ། །སྒྱུ་མ་ལྟ་བུར་རྣམ་ཤེས་པའི། །བློ་དང་ལྡན་པའི་དོན་དམ་ཉིད། །དེས་ན་དེ་བཞིན ་གཤེགས་པ་ཡིས། །ཡང་དག་དམ་ཆོས་མཉན་ལ་འབད། །ཀུན་རྟོག་ཐམས་ཅད་བསྡུས་ནས་ནི། །བློ་ལྡན་གྱིས་ནི་ཆོས་དོན་བསྒོམས། །འདི་ལྟར་དམ་ཆོས་ཀུན་ལ་ནི། །རྟག་པར་བརྫུན་ནི་མི་མཐུན་ཉིད། །སྲིད་སྡུག་བསྔལ་གྱི་འཇིགས་འདི་ལ། །བློ་དང་ལྡན ་པས་དེ་དག་སྤང། །བདེན་དང་མི་ལྡན་མི་རྣམས་ནི། །ལེགས་པ་ཐམས་ཅད་རྣམ་པར་སྤངས། །འཇིག་རྟེན་འདིར་ནི་རྩཝ་བཞིན་འགྲོ། །ཕ་རོལ་ངན་འགྲོ་སྡུག་བསྔལ་ཉིད། །གང་ཞིག་ཆོས་ལ་མཆོག་རྟོན་པ། །གང་དུ་ཡང་ནི་བརྫུན་མི་སྨྲ། །མཆོད་འོས་ཡིད ་ཆེས་པ་ཡི་གནས། །དེ་ཡི་ངག་ནི་འགྲུབ་པར་འགྱུར། །བརྫུན་སྨྲ་དག་ནི་མི་བཙུན་ཞིང། །ཤིན་ཏུ་སྐལ་ངན་ཆུང་བར་འགྱུར། །ཁ་ནི་རུལ་པའི་དྲི་མ་ཅན། །ཕྱི་ནས་འགྱོད་པས་གདུང་བར་འགྱུར། །འདི་ལྟར་བདེན་པ་ཉམས་པ་ན། །དེ་ཡི་ཆོས་ནི་ཤིན་ཏུ་རིང ་ཆོས་ནི་ཉམས་པར་བྱས་པ་ཡིན། །མཛའ་ཡས་སྡུག་བསྔལ་རིམ་པར་བརྒྱུད། །ཇི་ཙམ་བསོད་ནམས་ཡེ་ཤེས་ཚོགས། །རྩ་བ་བདེན་པ་མཆོག་ཏུ་འདོད། །དེ་ལས་བཟློག་པ་སྐྱོན་དུ་བཞེད། །བདེན་པ་མཆོག་གཞན་བཙལ་མི་བྱ། །ཡུལ་གཞན་དུ་ནི་འགྲོ་མི ་དགོས། །འཇུག་ངོགས་རྣམས་ལས་འཇུག་ངོགས་མཆོག་།ཆུ་ཡི་བཀད་བ་འཇུག་ངོགས་ཡིན། །སྒྲོན་མའི་ནང་ན་སྒྲོན་མཆོག་ཏུ། །བདེན་པ་སངས་རྒྱས་རྣམས་ཀྱིས་གསུངས། །སྨན་གྱི་ནང་ན་དེ་མཆོག་སྟེར། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། ། ་བདེན་པ་གཉིས་དོན་འདི་ཉིད་དུ། །དམ་ཆོས་སངས་རྒྱས་རྣམས་ཀྱིས་གསུངས། །བདེན་པ་སྨྲ་བ་ཐོབ་གྱུར་པ། །འཁོར་བའི་འཆིང་བ་ལས་གྲོལ་བའོ། །རྫུན་དང་ཕྲ་མ་ཚིག་རྩུབ་དང། །ངག་ཀྱལ་པ་ནི་སྨྲ་བ་སྟེ། །དམྱལ་བའི་མེ་དང་ཁྱད་མེད་པའི། །དག་སྐྱོན་དེ་དག ་སྤང་བར་བྱ། །བདེན་དང་ཕན་དང་ཡིད་ཚིམ་དང། །རྒྱ་ཆེན་དོན་ནི་ཚིག་ཉུང་བ། །སྐབས་དང་ལེགས་པར་འབྲེལ་པ་དང། །བརྗོད་བྱ་འབྱམ་པོར་སྨྲ་བར་བྱ། །ཆོག་ཤེས་པ་དང་རྒྱགས་མིན་དང། །སེམས་ཅན་ཀུན་ལ་ཕན?་འདོད ་ཅིང། ཆགས་པར་ཞེ་སྡང་རྣམ་གྲོལ་པའི། །བྱ་བ་བསྒྲུབ་པར་ངེས་པར་གནས། །མཛའ་དང་མི་མཛའ་དབྱེ་བ་མེད། །སེམས་སྙོམས་པ་ཡིས་ལུས་ཅན་ནི། །ངན་སོང་ལས་ནི་རྣམ་གྲོལ་ཞིང། །བསམ་པའི་དོན་ནི་རབ་སྒྲུབ་འགྱུར། སྡོམ་ལ་གནས་ཤིང་ཞི ་བ་དང། །བླ་མ་མཆོད་ལ་དགའ་བ་དང། །བྱ་དང་བྱ་མིན་ཆོ་ག་ཤེས། །ནན་ཏན་དོན་ནི་རབ་ཏུ་འགྲུབ། །གཡོ་མེད་ཤིན་ཏུ་བརྩོན་པ་དང། །རྟག་པར་དག་ནི་ཡིད་འོང་དང། །བསམ་གཏན་ཁ་ཏོན་ལ་ཆགས་པའི། །བྱ་བ་འགྲུབ་པ་རིང་བ་མིན། །ཡུལ་དང་དུས་དང་ཆོ ་ག་ཤེས། །སྒྲུབ་དང་སྒྲུབ་མིན་བྱེ་བྲག་ཤེས། །ནུས་པ་དང་ནི་ཐབས་དང་ལྡན། །དངོས་གྲུབ་ཐམས་ཅད་ཉ་བར་གནས། །གཞན་ཡང་མི་ཁྲོས་ཁྲོ་བ་འཇོམས། །བཟོད་པས་མི་བཟོད་ཡིད་འཇོམས་ཏེ། །ཆོས་ཀྱིས་ཆོས་མིན་ངེས་པར་འཇོམས། །འོད་ཟེར་གྱིས ་ནི་མུན་པ་འཇོམས། །རྫུན་གྱི་ཚིག་ནི་བདེན་པས་འཇོམས། །ཕྲ་མ་ཏིང་ངེ་འཛིན་གྱིས་ཏེ། །ཚིག་རྩུབ་འཇམ་པའི་སེམས་ཀྱིས་སོ། །དག་ཀྱལ་ཕན་པར་སྨྲ་ཉིད་ཀྱིས། །གསོད་པ་བྱམས་པ་བསྒོམས་པས་ཏེ། །རྐུ་བ་སྦྱིན་པས་རྟག་ཏུ་རྒྱལ། །ཚུལ་བཞིན་མ་ཡིན་ཡིད ་བྱེད་པ། །དེ་ཁོ་ན་ཉིད་བསྒོམས་པས་འཇོམས། །ཇི་ལྟར་ཉིན་མོས་མཚན་མོ་བཞིན། །མ་རིག་རིག་པས་དེས་པར་འཇོམས། །དཀར་པོའི་ཕྱོགས་ཀྱིས་ནག་པོ་ཡི། །ཕྱོགས་ནི་འཇོམས་པ་དེ་བཞིན་དུ། །འདོད་ལོག་སྤྱོད་དང་འདོད་པ་རྣམས། །བློ་ཡིས་དེ་ཉིད་བརྟགས ་བས་སོ། །འཕགས་པའི་བདེན་པའི་ལམ་གྱིས་ནི། །ལས་ངན་པ་རྣམས་རྟག་པར་འཇོམས། །མི་འཇིགས་བཞི་པོ་དེ་དག་གིས། །ཉམ་ང་བ་ནི་ལེགས་པར་སྤོང། །བརྗོད་དེས་སྤོད་པ་དྲན་པ་སྟེ། །དེ་བཞིན་གཤེགས་པས་མི་ཤེས་སྤོང། །མེ་ཡིས་ཤིང་ལ་བྱེད་བཞིན ་དུ། ཡང་དག་གིས་འཇོམས་ཡང་དག་མིན། །འཇིག་ཚོགས་ལ་ནི་ལྟ་པ་ཀུན། །སྟོང་ཉིད་བསྒོམ་པས་འཇོམས་པའོ། །རྟག་པར་འཛིན་པ་རབ་འཇོམས་པ། །སྐད་ཅིག་འཇིག་པར་བསྒོམས་པས་སོ། །ལེ་ལོའི་གཏི་མུག་འཕེལ་པ་ཀུན། །བརྩོན་འགྲུས་ཀྱིས་ནི ་འཇོམས་པའོ། །ཡེ་ཤེས་ལྷག་ལྡན་རྟག་པར་འདུལ། །སྐྱེས་བུ་དེ་ཉིད་སྨྲ་བ་ཡིས། །རྫུན་སྨྲ་མ་རུངས་ལས་ཅན་གྱི། །མི་རྣམས་ངེས་པར་འཇོམས་པའོ། །མུ་སྟེགས་གྱ་གྱུའི་བསམ་ཅན་ཀུན། །སངས་རྒྱས་ཀྱིས་ནི་ཕན་པར་མཛོད། །ལྷ་མིན་ལྷ་ཡས་ཕན་པ ་སྟེ། ཆོས་ཉིད་ཀྱིས་ནི་གནས་པ་ཡིན། །འདི་ནི་རྒྱལ་པོའི་ལམ་ལ་འཇུག་པ་ལས་དམ་པའི་ཆོས་མཉན་པ་ལ་སོགས་བརྗོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ཆགས་པ་ཐམས་ཅད་རྣམ་སྤངས་ནས། །སྦྱིན་པ་བཏང་ཏེ་རྣམ་པ་བཞི། །ཟང་ཟིང་མི་འཇི ་ཆོས་དང་ནི། །བྱམས་པར་བརྗོད་དེ་ལ་མར་གསུམ། །ཇི་སྲིད་གང་དུ་ཆགས་གྱུར་པ། །དེ་སྲིད་འཁོར་བའི་འཆིང་བ་སྟེ། །ཆགས་པ་ཐམས་ཅད་སྤང་དོན་དུ། །འདི་ལྟར་སྦྱིན་པ་སྦྱིན་པར་བྱ། །གང་ཞིག་ཕྱུགས་དང་དབང་ཕྱུག་དང། །ནད་མེད་པ་དང་རྒྱལ་པོ་ནི། །སྟོབས་ཀུན་དང ་ནི་ལྡན་པ་དང། །སྐལ་བཟང་ཚེ་རིང་གྱུར་པ་ནི། །དེ་ནི་སྦྱིན་པ་ལས་བྱུང་འབྲས། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །རབ་ཏུ་སྦྱིན་པ་སྟོབས་ཀྱི་མཆོག་།སྦྱིན་དང་མི་ལྡན་ངང་འགྲོར་ལྟུང། །སྐྱེས་བུ་ཀུན་གྱི་ཐ་མའོ། །འདོད་དང་སེར་སྣས་བཅིངས་པ་རྣམས། །བུ་དང་ཆུང་མའི ་དབང་དུ་འགྲོ། །བཟའ་བ་འབའ་ཞིག་འདོད་པས་ནི། །མི་དག?་བརླག་ནས་འགྲོ་བ་སྟེ། །འདོད་པས་བཅིངས་པ་དགྲོལ་ཕྱིར་དང། །ང་རྒྱལ་ཤིང་ནི་ཟད་བྱ་དང། །སྡིག་པའི་ཕུང་པོ་གཞོམ་བྱ་ལ། །རབ་ཏུ་སྦྱིན་པ་སྟོབས་ཀྱི་མཆོག་།སྦྱིན་པ་མདུན་ནས་འགྲོ་བསྟེ། སྦྱིན་པ་པོ་ནི་དེ ་རྗེས་འགྲོ། །ལམ་སྟོན་པ་ནི་སྦྱིན་པའོ། །འཇིག་རྟེན་ཕ་རོལ་རབ་འགྲོ་བའི། །སྦྱིན་པའི་ཆུ་ཡིས་མི་བཀྲུས་ནས། །ཚུལ་ཁྲིམས་རླབས་ཀྱིས་ཡོད་བསྒོས་ཏེ། ཡེ་ཤེས་ཀྱིས་བརྒལ་དྲི་མ་མེད། །སྡུག་བསྔལ་ཕ་རོལ་རབ་ཏུ་འགྲོ། །སྐྱེས་བུ་ཕན་པར་འདོད་པ་ཡིས། །སྒྲོན་མ ་གསུམ་ནི་རབ་བརྟེན་བྱ། །སྦྱིན་དང་ཚུལ་ཁྲིམས་ཡེ་ཤེས་ཏེ། །འདི་དག་སྐྱོན་རྣམས་སེལ་བྱེད་པའོ། །སྦྱིན་པ་མ་བྱས་ངོ་ཚ་ཡིས། །ཉོན་མོངས་སྐྱོན་གྱིས་བསླུས་པ་རྣམས། །ལྷར་སྐྱེས་ནས་ཀྱང་དམན་འགྱུར་ཏེ། །དེ་ཕྱིར་སྦྱིན་པ ་མཆོག་ཏུ་འགྱུར། །སྦྱིན་པ་རིམ་གྱིས་འཕེལ་ལྡན་པས། །སེར་སྣའི་སྟོབས་ནི་སྤངས་པ་རྣམས། །ལྷ་ཡི་རྩེད་མོ་ལ་གཞོལ་ཞིང། །སེམས་ནི་ཚིམ་པ་ཉིད་དུ་འགྱུར། །ཡི་དགས་ཡང་དག་རབ་གཟིར་བའི། །སྐྲེས་སྐོམ་རང་བཞིན་མེ་གང་ཡིན། །སེར་སྣ་དགྲ་ཡི་འབྲས ་བུར་ནི། །ཐམས་ཅད་སངས་རྒྱས་ཉིད་ཀྱིས་གསུངས། །སྙིང་རྗེའི་མཆོག་ལྡན་གང་ཞིག་ནི། །སྡུག་བསྔལ་ཅན་ལ་བདེ་སྦྱིན་པ། །སྦྱིན་པས་དེ་ལ་བདེ་བར་འགྱུར། དེ་ཕྱིར་སྦྱིན་པ་རབ་ཏུ་བསྔགས། །སྦྱིན་པ་འཇིག་རྟེན་སྒྲོན་མ་བྱེད། །གང་དུ་འགྲོ་བའི་རྗེས་སུ་འགྲོ། ། ་ཉེས་པ་ཟད་པའི་ཚིག་གི་གནས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སེར་སྣའི་སྒྲ་ནི་ངེས་བཅོམ་པར། །བྱས་ནས་སེམས་ནི་ལེགས་བསྒོམས་ཏེ། །གང་ཞིག་སྦྱིན་པ་རབ་གཏོང་བ། །དེ་ནི་སྲིད་པའི་མཚོ་ལས་བརྒལ། །དང་པོ་རྟག་ཏུ་སྦྱིན་པ་སྦྱིན། །འབད ་པས་ཚུལ་ཁྲིམས་བསྲུང་བར་བྱ། །སྲེད་པ་ཡེ་ཤེས་ཀྱིས་གཞོམ་བྱ། །ལམ་འདི་བདེ་བར་འཇུག་པའི་ལམ། །སེར་སྣ་དང་ནི་ལྡན་པའི་སེམས། །རྟག་པར་ཀུན་ཏུ་དེ་གཞོམ་བྱ། །བདག་མེད་བསྒོམ་པ་གོམས་པ་ཡིས། །ཆགས་པ་ཐམས་ཅད་གཞོམ་པར་བྱ། །སྦྱིན་པ་མ་བཏང ་བཀྲེས་སྐོམ་གྱིས། །ཡི་དགས་གནས་སུ་གདུང་བར་འགྱུར། །སྦྱིན་པས་ཆོས་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །སྦྱིན་པའི་ས་ལ་བརྟེན་ནས་ནི། །ཚུལ་ཁྲིམས་སྲུང་རྣམས་མཁས་པ་ཡིན། །ཚུལ་ཁྲིམས་ལྡན་པ་དུས་ཀྱིས་ནི། །ཡེ་ཤེས་ཀྱིས་ནི་ཡོངས ་སུ་གྲོལ། །སྡུག་བསྔལ་ལས་འབྱུང་ལམ་དུ་ནི། །འདི་ནི་ཐོབ་པ་རྣམས་ཀྱིས་བསྔགས། །དེ་ལྟར་རིག་ནས་མཁས་པས་ནི། །རྟག་ཏུ་སྦྱིན་ལ་དགའ་བར་བྱ། །སྔོན་དུ་བག་མེད་སྤྱད་པ་གང། །སྦྱིན་པ་ལ་སོགས་མ་སྦེལ་བ། །ཕྱི་ནས་འཆི་བའི་དུས་ཀྱི་ཚེ། །དེ་ནི་རང་སེམས ་གདུད་བར་འགྱུར། །སྦྱིན་པ་བྱེད་མིན་ནོར་དེ་ནི། །རྟག་པར་ལོངས་ནི་མི་སྤྱོད་པ། །འབད་པས་ཡོངས་སུ་བསྲུངས་པ་ཡིས། །ནོར་དེ་རྣམས་ནི་ཆུང་ཟོས་འགྱུར། །བླ་མའི་ཚོགས་ལ་སྦྱིན་པའི་ཕྱིར། །རྟག་ཏུ་ནོར་ནི་སྤྱོད་བེར?་པའི། །ནོར་དེ་མཛེས་པར་ལྟར་ཡིན། །དེ་ལས་བཟློག་པ ་རྩཝ་དད་མཚུངས། །སྟོབས་ཆུད་པ་དང་དུལ་རྣམས་ལས། །སྡིག་དང་མ་འདྲེས་སྤྱིན་བྱིན་ན། །སེམས་ཅན་རྣམས་ཀྱི་མིག་ཇི་བཞིན། །འཇིག་རྟེན་འདི་དང་ཕ་རོལ་ན། །སྦྱིན་པ་མི་ཡི་འཇིག་རྟེན་དུ། །བྱིན་པས་དགེ་བར་འགྲོ་བའོ། །ལྷ་རྣམས་སྦྱིན་པ་མི་གཏོང་སྟེ། །འདི་ནི་འབྲས་བུའི ་ས་རུ་འདོད། །མི་རྣམས་ལས་ཀྱིས་ཡིན་ཏེ། །ལྷ་རྣམས་འབྲས་བུའི་ས་ཡིན་ནོ། །ལས་ཀྱི་དབང་གི་འབྲས་བུ་སྟེ། །རྒྱུ་མེད་པ་ལས་འབྲས་བུ་ཡིན། །བསམ་གཏན་དང་ནི་ཉན་པ་སྤང། །སྦྱིན་དང་ཚུལ་ཁྲིམས་རྣམས་སྤང་ཞིང། །རྩོད་དང་རྩུབ་དང་རྨོངས་པ་ཡིན། །གསོན་ཡང་ཤི་དང ་མཚུངས་པའོ། །གང་ཞིག་ཆོས་ཀྱི་རྗེས་འབྲང་ན། །འཇིག་རྟེན་འདིར་ནི་སྲོག་དང་བཅས། །རང་གི་ཐམས་ཅད་རབ་བྱིན་པས། །རྟག་པར་སེམས་ཅན་དོན་བྱ་སྟེ། །སེམས་ཅན་ལ་གནོད་སྦྱིན་པ་ནི། །རྒྱལ་སྲས་རྣམས་ཀྱིས་མི་བྱའོ། །འཇིགས་དང་སྐྲག་དང་ངོ་ཆེས་མིན་།ལམ་ལ་རེ ་བས་སྦྱིན་མི་བྱ། །ལྷག་བསམ་མ་ཡིན་གཡོ་དང་སྒྱུ། །རྒྱགས་དང་བཅས་པས་མི་སྦྱིན་ནོ། །དེ་ཡི་འབྲས་བུ་སྤྱོད་འདོད་དང། །བརྫུན་དང་རྒོད་པའི་སེམས་ཀྱིས་མིན། །བདག་སྟོད་པ་དང་གཞན་སྨོད་དང། །ཁྲེ་དང་ཞེ་སྡང་གཏི་མུག་དང། །ཡིད་ལ་གཅགས་དང་འགྱོད་པ་དང། །གྲགས ་དང་བདེ་པའི་བདུན་པས་མིན། །དེ་ནི་སྦྱིན་པ་བྱས་ནས་ཀྱང། །སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ། །ཁམས་གསུམ་ཀུན་དུ་ཁྱབ་པ་ཡི། །བདག་མེད་པ་ནི་ཡོངས་སུ་བསྒོམ། །རྒྱུ་མཐུན་འབྲས་བུ་རྣམ་གྲོལ་ཏེ། །བདུད་ཀྱི་འཇིགས་པ་ཀུན་བཟློག་པའོ། །གཅིག་ཏུ་མ་ངེས་ཀུན་ཁྱབ ་པ། སེམས་ཅན་ཐམས་ཅད་ཉེར་འགྲོ་བའི། །རྣམ་ཐར་བཞི་ནི་ཡོངས་དག་པའི། །ཚངས་གནས་བཞི་པོ་བསྒོམ་པར་བྱ། །ཉོན་མོངས་ཀུན་དང་བྲལ་བྱེད་ཅིང། །ཁྱད་པར་འགྲོ་བའི་གཞུང་ལམ་སྟེ། །མཛའ་མེད་ཆད་པ་མེད་པ་ཡི། །ཀུན་མཁྱེན་ཡེ་ཤེས་བྱེད་པས་སོ། །ཇི་ལྟར ་གསུངས་པའི་སྐྱོན་བྲལ་ཞིང། །ཇི་ལྟར་གསུངས་པའི་ཡོན་ལྡན། །སྦྱིན་པ་དེ་ནི་མི་བཟད་དེ། །མི་མཐུན་ཕྱོགས་ཀྱི་མི་ཤིགས་སོ། །རྒྱ་མཚོ་ཆེན་པོར་ཆུ་ཁྱོར་གང། །བླུགས་པ་མི་ཟད་ཇི་བཞིན་ནོ། །འདི་ནི་སྦྱིན་པའི་གཏམ་མོ། །བདེ་བ ་ཐམས་ཅད་ཐོབ་བྱ་དང། །སྡུག་བསྔལ་ཐམས་ཅད་ཞི་བྱའི་ཕྱིར། །མཐོ་རིས་ཚོགས་ཀྱི་བྱེད་པ་པོ། །ཚུལ་ཁྲིམས་རྟག་པར་བསྲུང་བར་བྱ། །སྡོམ་དང་སེམས་ཅན་དོན་ཀུན་བྱེད། །དགེ་བའི་ཆོས་ནི་སྡུད་པ་དང། ཚུལ་ཁྲིམས་རྣམ་པ་གསུམ་དུ་གྲགས། །ཉི་མའི ་གཉེན་གྱིས་གསལ་བར་གསུངས། །ནོར་གྱི་ནང་ན་ཚུལ་ཁྲིམས་མཆོག་།འོད་ནང་ཉི་མ་ཇི་བཞིན་ནོ། །ནོར་དེ་སྤངས་ནས་འགྲོ་བ་སྟེ། །ཚུལ་ཁྲིམས་ཉིད་ནི་མདུན་ནས་འགྲོ། །ཇི་ལྟར་ཉི་མས་མུན་འཇོམས་པ། །དེ་བཞིན་ཚུལ་ཁྲིམས་སྡུག་བསྔལ་འཇོམས། །མཐེ་རིས ་སོད་ནམས་ལྗོན་ཤིང་ཀུན་བརླག་བྱེད། །རང་བཞི ་ལ་བར་བྱེད། །སྲིད་པའི་ལོངས་སྤྱོད་ཕྱིར་ཕྱོགས་ཕྱིར། །ཚུལ་ཁྲིམས་དེ་ནི་མཆོག་ཏུ་བསྲུང། །དེ་ཉིད་འཇིག་རྟེན་ཕྱི་མར་ཡང། །ཚུལ་ཁྲིམས་ཉིད་ནི་དེས་རྟེན་འགྱུར། །ཚུལ་ཁྲིམས་ཀྱིས་ནི་འདིར་ཡང་སྐྱོབ། །ཕ ་རོལ་ཏུ་ཡང་ངན་སོང་སྦྱོང། །ཚུལ་ཁྲིམས་བདེ་འགྲོའི་སྐས་ཡིན་ནོ། །དེ་བས་ཚུལ་ཁྲིམས་ལྷག་པར་སྤྱོད། །ཚུལ་ཁྲིམས་མེ་ཟད་མཛོད་དུ་འགྱུར། །ཚུལ་ཁྲིམས་མི་ཟད་བདེ་བའོ། །རྒྱལ་པོ་ཆོམ་རྐུན་ཆུ་སོགས་ཀྱིས། །ཚུལ་ཁྲིམས་ནོར་ནི་འཕོག་མི་ནུས། །ཁྲིམས་ཀྱིས་ལུས ་སོགས་དགེ་ལས་རྣམས། །ཉོན་མོངས་མེད་པའི་འབྲས་བུར་འགྱུར། །སྙན་དང་སྐལ་བཟང་མཆོག་ཏུ་འདི། །བག་ཡོད་ཤིན་ཏུ་འོད་བཟང་དང། །དྲི་མེད་སྲིད་ལ་ཆགས་བྲལ་སོགས། །ཚུལ་ཁྲིམས་སངས་རྒྱས་ཀྱིས་རབ་བསྔགས། །འཁྲོ་བ་ཀུན་གྱི་སྤྱོད་པ་ལས། །ཞི ་དབེན་ཐོབ་པར་བྱ་ཕྱིར་རོ། །ཚུལ་ཁྲིམས་དམ་པའི་གོས་གྱོན་པ། །ངོ་ཚ་དང་བཅས་སྐྱེས་བུ་མཆོག་།གཞན་དུ་གཅེར་བུར་ཐ་མ་སྟེ། །དུད་འགྲོ་དང་མཚུངས་ངོ་ཚ་བྲལ། །ཡན་ལག་ལྔ་ཡི་སྒོ་ནས་ནི། །དཀོན་མཆོག་གསུམ་ལ་ཕྱག་བྱ་སྟེ། །བླ་མར་གུས་ཤིང་ཉན ་པར་འདོད། །དང་པ་ཤིན་ཏུ་བསྐྱེད་པར་བྱ། །ཁ་ན་མ་ཐོ་རྡུལ་ཙམ་གྱིས། །འཇིགས་བས་མ་སྦས་ཚུལ་ཁྲིམས་སོ། །ཐེག་པ་གཞན་ལ་མ་བརྟེན་པས། །མ་ཉམས་པ་ཡི་ཚུལ་ཁྲིམས་ཉིད། །མ་རུངས་མི་བཟད་མི་སྐྱེ་བ། །སྐྱོན་མེད་པ་ཡི་ཚུལ་གྲིམས་ཉིད། །ཉོན་མོངས ་སྐྱེ་བོས་མ་བཅིངས་པ། །དེ་བཞིན་མ་འདྲེས་ཚུལ་ཁྲིམས་ཉིད། །དབེན་ཞིང་ལྷང་མ་ཞུགས་པའི་ཕྱིར། །དཀར་པོའི་ཆོས་ནི་སྣུམ་འཕེལ་ཉིད། །ཇི་ལྟར་འདོད་བཞིན་འགྲོ་བའི་ཕྱིར། །སྨིན་པ་ཡི་ནི་ཚུལ་ཁྲིམས་ཉིད། །མཁས་པས་རབ་ཏུ་བསྔགས་པ་ནི། །ཀུན་ལ་ཡང་དག ་བསྔགས་པའོ། །ཀུན་ནས་ཁ་ན་མ་ཐོ་བ། །མེད་ཕྱིར་མ་སྨད་པར་བརྗོད་དོ། །རྫོགས་པའི་སངས་རྒྱས་ཀུན་གྱིས་དེ། །རྣམ་པར་གཟིགས་ནས་རབ་ཏུ་བསྒྲགས། །དེ་དག་ལ་སོགས་རྣམ་པ་ནི། །དྲུག་ཅུ་རྩ་ལྔ་དག་པ་ནི། །ཚུལ་ཁྲིམས་ཕུང་པོ་རྣམ་པར་དག་།འགྱུར་ཞིང་ཡོངས་སུ ་མི་བཟད་བརྗོད། །གཞུང་བསྡུས་ཕྱིར་ན་བདག་གིས་ནི། །དེ་དག་ཐམས་མ་བསྡུས་སོ། །ཚུལ་ཁྲིམས་འཆལ་བའི་རབ་རིབ་ཀྱིས། །བག་མེད་པ་ནི་རྣམ་པར་སྤྱོད། །སྡིག་པ་བྱེད་ཅིང་ངན་འགྲོ་ཆེར། །རབ་ཏུ་ལྷུང་ཞིང་འཇིགས་བྱེད་མྱོང། །དེ་བས་ཀུན་ཏུ་རབ་འབང་པས། ། ་རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་བསྲུངས། །ཆོས་ཀུན་བདག་མེད་རྣམ་བསྒོམས་པས། །ཐེག་པ་ཆེན་པོའི་རྗེས་སུ་འགྲོ། །སྲིད་པའི་ལོངས་སྤྱོད་མ་ལུས་པའི། །གཟུང་ཡུལ་ལུས་ལ་སོགས་པ་སྡོམ། །ཚུལ་ཁྲིམས་ཕུང་པོ་རྣམ་དག་པས། །རང་བཞིན་མེད་པ་གསལ་བར ་ལྡན། །དེ་ཉིད་རྫོགས་པའི་བྱང་ཆུབ་རྒྱུ། །དོན་ནི་ཐམས་ཅད་སྒྲུབ་པ་པོ། །དེ་ནི་དཔག་མེད་རྣམ་པ་སྟེ། །དེ་ལྟར་མདོ་རུ་བསྡུས་ཏེ་བརྗོད། །དེ་བས་ཀུན་ཏུ་རྟོག་པ་ཀུན། །རབ་ཏུ་བསྡུས་ལ་གོམས་བྱ་སྟེ། །གང་ཕྱིར་ཚུལ་ཁྲིམས་ཀུན་གྱི་ནི། །སྤྲོས་རྣམས་འདིར་ནི་འདུས ་འགྱུར་བའོ། །དེ་ནི་ཚུལ་ཁྲིམས་ཀྱི་གཏམ་མོ། །ཁྲོ་བའི་མེ་ནི་བཟོད་དཀའ་བས། །བསོད་ནམས་ལྗོན་ཤིང་ཀུན་བརླག་བྱེད། །རང་བཞིན་ལུས་སོགས་སྤོང་གདུང་པ། །སྐལ་བ་ངན་པའི་རྒྱུ་གཅིག་པོ། །ཞེ་སང་ལས་སྐྱེད་ཁྲོ་བ་དང། །བོན་དུ་འཛིན་པ་དགྲ་ཆེན་པོ། །གང་ཞིག་ཁོང ་ཁྲོ་ལ་སོགས་ཀྱིས། །དབང་ཕྱུག་གཞན་ལ་གནོད་བྱེད་དེ། །གཞན་གནོད་ལས་སྐྱེས་སྡུག་བསྔལ་ནི། །མི་བཟད་ཤིན་ཏུ་བཟོད་པར་དགའ་། །དེ་ནི་སྣ་ཚོགས་ཚུལ་གྱིས་ནི། །འབད་པས་བཟོད་པ་བསྒོམ་པར་བྱ། །དཔལ་ལྡན ་ཞི་བ་ལྷས་གསུངས་པ། །ཞེ་སྡང་ལྟ་བུའི་སྡིག་བ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་ལས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །བདེ་གཤེགས་སྲས་ཀྱིས་གཤེ་བ་ལ། །སླར་ཡང་གཤེ་བར་མི་བྱ་སྟེ། །སྒྲ་རྣམས་སྒྲ ་སྙན་ལྟ་བུར་ནི། །ཡང་དང་ཡང་དུ་བསམ་པར་བྱ། །རྡེག་པ་ལ་ནི་སླར་ཡང་ནི། །འདིས་ནི་བརྡེག་པར་མི་བྱ་སྟེ། །ལུས་ནི་གཟུགས་བརྙན་དང་མཚུངས་པར། །མཁས་པས་ཡུན་རིང་ཡང་དག་བསམ། །ཁྲོས་ལ་ཁྲོ་བར་མི་བྱ་སྟེ། །སེམས་ནི་སྒྱུ་མ་དང ་མཚུངས་ཞེས། །ལྷག་པའི་བསམ་པ་ཉིད་ཀྱིས་ནི། །དོན་དམ་པ་ལ་དམིགས་པས་ཀྱང། །ཤིན་ཏུ་བཟོད་པ་འབྱུང་བ་ཡིན། །དེ་ཡང་ཆོས་རྣམས་ཀུན་གྱི་ནི། །རང་བཞིན་རྣམ་པར་རིག་པ་ཡིས། །ངོ་བོ་ཉིད་མེད་ལ་བཟོད་པ། །མཆོག་གི་བཟོད་པ ་སྐྱེ་བར་འགྱུར། །བཟོད་པ་ཁྲོ་བའི་སྦྲུལ་གྱི་ནི། །ནམ་མཁའ་ལྡིང་གི་གསང་སྔགས་མཆོག་།ཁོང་ཁྲོའི་རབ་རིབ་མུན་པ་ནི། །སེལ་བའི་སྨན་མཆོག་བཟོད་པའོ། །དམ་ཆོས་ནོར་ནི་ཉམས་པ་ཡིས། །འཁོར་བའི་འགྲོ་བ་ལྔ་པོ་ལ། །གང་དག་བཟོད་ནོར་རང་བཞིན ་ཅན། སེམས་ཅན་དེ་རྣམས་ཕྱུག་པོར་ཤེས། །སྐྱེས་བུ་རྣམས་ལ་ཐར་པ་སྟོན། །འཁོར་བའི་འཇིགས་པ་སེལ་བ་པོ། །མཐོ་རིས་སྐྱབས་སུ་གྱུར་པ་དེ། །དམྱལ་བའི་མེ་ནི་བརླག་བྱེད་པའོ། །བདུད་དགྲ་ཀུན་གྱི་དཔུང་སྟོབས་ནི། །རབ་ཏུ་འཇོམས་བྱེད་རྒྱུ་ཡི་མཆོག་། ་ཞེ་སྡང་སོགས་ཀྱི་གཉེན་པོར་ནི། །མཁས་པས་བརྟག་ཏུ་བཟོད་བསྒོམ་བྱ། །སྔག་བསྔལ་ལྷག་བཟོད་ཆོས་ལ་ནི། །ངེས་པར་སེམས་དཔའ་ཨི་མཆན་ཉིད་ཅན། །གཞན་གྱི་གནོད་པ་ཇི་མི་སྙམ། །ཞེས་བྱ་བཟོད་པ་གསུམ་དུ་བརྗོད། །དེ་བས་འཁོར་བའི་སྡུག་བསྔལ་ལས ་འགྲོ་བ་བསྒྲལ་བར་འདོད་པ་ཉིད། །གཟིངས་དང་འདྲ་བའི་བཟོད་པ་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་བསྒོམ། །འདི་ནི་བཟོད་པའི་གཏམ་མོ། །སྐྱེས་བུ་ཀུན་གྱི་ཡང་དག་དོན། །འགྲུབ་བའི་རྒྱུ་ཡི་བརྩོན་འགྲུས་བརྩམ། །ཀུན་ཏུ་བརྩོན་འགྲུས་ཉིད་མེད་ན། །འདོད་པ་ཅུང ་ཟད་མི་འགྲུབ་སྟེ། །ལེ་ལོ་དང་ནི་གནོད་སྤྲོ་དང། །ཡི་ཆད་དང་ནི་ཅུང་ཟད་མཆོག་།མི་མཐུན་ཕྱོགས་ཏེ་གཞོམ་བྱའི་ཕྱིར། །འདི་ལྟར་བརྩོན་འགྲུས་རྣམ་བསྒོམས་བྱ། །བརྩོན་འགྲུས་བརྒྱད་ནི་ཡང་དག་པར། །བླང་བར་དེ་བཞིན་གཤེགས་པར་གསུངས། །དེ་ལས ་ཅུང་ཞིག་ཡང་དག་དྲངས། །མདོར་བསྡུས་ནས་ནི་མངོན་པར་བརྗོད། །བྱང་ཆུབ་སེམས་དཔའ་ཨི་གོ་ཆ་དང། །གཞན་དོན་སོགས་ལ་མཆོག་འགྲོ་དང། །ཡང་དག་རྙེད་དང་འགྲོ་བ་སྨིན། །བསོད་ནམས་ཡེ་ཤེས་ཚོགས་མཆོག་དང། །ཤེས་རབ་ཅེས་བྱ་ཉིད་ཀྱི་ཚོགས། ། ་ཡང་དག་རྫོགས་པའི་སངས་རྒྱས་ཆོས། །ཡང་དག་བླངས་པའི་བསོད་ནམས་ཚོགས། །མི་ཟད་པར་ནི་ཡོངས་སུ་བརྗོད། །དེ་ལ་གོ་ཆ་མི་ཟད་པ། །དེ་ནི་བསྐལ་པ་ལ་སོགས་པ། །གྲངས་མེད་འཁོར་བར་མི་སྐྱོ་ཉིད། །སེམས་ཅན་ཀུན་གྱི་རྒྱུ་ཡིན་ཕྱིར། །བསོད་ནམས ་ཡེ་ཤེས་ཚོགས་གང་ཡིན། །ཕ་རོལ་ཕྱིན་པ་མངོན་རྫོགས་བྱེད། །ཡང་དག་སངས་རྒྱས་ཐམས་ཅད་ཀྱི། །དམ་ཆོས་ཉན་དང་འཛིན་ལ་སོགས། །དཀོན་མཆོག་གསུམ་དང་བླ་མ་ལ། །མཆོད་དང་ཉེ་བར་གནས་པ་སོགས། །འདི་དག་མི་ཟད་གོ་ཆ་སྟེ། །བསྐལ་པ་ལ་སོགས ་གངས་མེད་པའོ། །འདི་ལྟའི་བྱ་བ་རྣམས་ལ་ནི། །རབ་ཏུ་སྤྲོ་སྟེ་ནམ་མཁའ་ཨི་བཞིན། །བསྐལ་པའི་ས་མཚམས་ཡངས་པ་འདི། །བྱང་ཆུབ་སེམས་དཔའ་ཨི་བརྗོད་པའོ། །གོ་ཆའི་བརྩོན་འགྲུས་ཀྱི་ཚོགས་སོ། །སངས་རྒྱས་རྣམས་ནི་ལྟ་ཕྱིར་དང། །དམ་པའི་ཆོས་ནི་མཉན་ཕྱིར ་དང། སེམས་ཅན་ཡོངས་མིན་བྱ་ཕྱིར་དང། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །ཁོར་ཡུག་ཆེན་པོའི་བར་དུ་ནི། །ས་མཚམས་མེད་པར་མེ་མདག་ཁེངས། །འཇིག་རྟེན་ཁམས་སུ་འཇུག་འགྲོ་ཡང། །ཡང་དག་སྤྲོ་བ་བརྟན་པ་སྟེ། །རྟག་པར་བརྩོན་བ ་གཞན་དོན་ཕྱིར། །འགྲོ་སྟེ་མཆོག་ཏུ་འགྲོ་བའོ། །དཀོན་མཆོག་གསུམ་ལ་བྱང་ཆུབ་སེམས། །བསྒོམ་བྱ་གསུངས་པའི་རིམ་པས་སོ། །མཆོག་ཏུ་འགྲོ་བའི་བརྩོན་འགྲུས་ཀྱི་ཚོགས་སོ། །གང་དག་ཅུང་ཟད་བླངས་པ་ཡིས། ། ་བསོད་ནམས་ཚོགས་དེ་བསྔོ་བར་བྱ། །རྒྱ་མཚོར་འབབ་པའི་ཆུ་བཞིན་དུ། །བྱང་ཆུབ་བསྔོས་དེ་མི་ཟད་གསུངས། །སེམས་ཅན་རྣམས་ནི་བྱང་ཆུབ་ལ། །དགོད་པའི་ཕྱིར་ནི་ཡོངས་སུ་བསྔོ། །མི་ཟད་ཡང་དག་ཐོབ་པ་ནི། །བྱང་ཆུབ་སེམས་དཔའ་ཤེས་པར་བྱ། ། ་ཡང་དག་རྙེད་པའི་བརྩོན་འགྲུས་ཀྱི་ཚོགས་སོ། །ཉི་མ་རེ་རེར་སྟོང་གསུམ་གྱི། །སྟོང་ཆེན་དུ་ནི་གཏོགས་པ་ཡི། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །སེམས་ཅན་གནས་པ་དེ་ཡང་ནི། །སྣ་ཚོགས་ཐབས་ཀྱི་སངས་རྒྱས་ནི། །ཉིད་དུ་ཐུབ་སྲས་ཡོངས་སྨིན་བྱེད། །འདི ་ལྟར་རིམ་པས་བསྐལ་པ་ནི། །གྲངས་མེད་བྱེ་བ་བརྒྱར་ཡོད་དོ། །དེ་ལྟ་མོད་ཀྱི་སེམས་ཅན་ཁམས། །མཛའ་ཡས་གྲངས་མེད་པ་ཡི་ནི། །སྟོང་གི་ཆ་ཡི་ཆ་གཅིག་ཀྱང། །དེ་ནི་ཡོངས་སུ་སྨིན་མ་གྱུར། །རྗེས་བསྟན་འདི་ལྟར་ཐོས་ནས་ཀྱང། །དེ་ལས་མཆོག་ཏུ་སྤྲོ་བ་ཐོབ ་མི་ཟད་ཡོངས་སུ་སྨིན་པ་ནི། །བྱང་ཆུབ་སེམས་དཔའ་ཨི་ཡིན་པར་བརྗོད། །འགྲོ་བ་སྨིན་པའི་བརྩོན་འགྲུས་ཀྱི་ཚོགས་སོ། །ཇི་སྙེད་ནམ་མཁའ་ཨི་མཐར་ཐུག་པའི། །འཇིག་རྟེན་གསུམ་ན་གནས་པ་ཡི། །སེམས་ཅན་དེ་དག་ཀུན་དང་ཡང། །སློབ་པ་རྣམས་དང་བྱང་སེམས་དང། ། ་བསེ་རུ་ཉན་ཐོས་བྱང་ཆུབ་ནི། །དུས་གསུམ་བཞུགས་པ་དེ་ཀུན་གྱི། །བསོད་ནམས་ཚད་ནི་ཇི་ཙམ་པ། །དེ་ཙམ་བསོད་ནམས་བཅུ་འགྱུར་དུ་བསགས་པ་ཡི་ནི་ཐུབ་པ་ཡི། །བ་སྤུའི་བུ་ག་གཅིག་སྐྱེའོ། །དེ་ལྟར་བ་སྤུའི་བུ་ག་རྣམས། །ཐམས་ཅད་སྐྱེ་བའི་དགེ་བ ་ཡིས། བསོད་ནམས་བརྒྱ་འགྱུར་དག་ལས་ནི། །དཔེ་བྱད་གཅིག་ནི་འགྲུབ་པར་འགྱུར། །དཔེ་བྱད་ཐམས་ཅད་བསྡུས་པ་ཡི། །བསོད་ནམས་ཕུང་པོས་མཚན་ཡིན་ཏེ། །སྟོང་ཕྲག་གཅིག་ཏུ་བསྡོམ་པས་ནི། །མཚན་རྣམས་ཀུན་གྱི་རྒྱུ་ཡིན་ནོ། །སྟོང་ཕྲག་བཅུ་ནི་བསྡོམ ་པ་ཡིས། །ཐུབ་པའི་མཛོད་པུ་གཅིག་ཡིན་ནོ། །མཛོད་པུའི་དགེ་བའི་ཕུང་པོ་ནི། །འབུམ་གྱིས་གཙུག་ཏོར་འབྱུང་པའོ། །བསོད་ནམས་འབུམ་དེ་བྱེ་བས་ནི། །ཆོས་ཀྱི་དུང་ནི་རབ་ཏུ་སྐྱེ། །མི་ཟད་པ་ཡི་བསོད་ནམས་ཚོགས། །བརྩོན་ཆེན་ཐུབ་པས་གསུང་པ་ཉིད། །དེ་སྨེད?་པར ་ནི་ཆེ་སྤྲོ་བ། །བྱང་ཆུབ་སེམས་དཔའ་ལ་སྐྱེའོ། །བསོད་ནམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་སོ། །སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ནི། །སེམས་ཅན་དད་རྗེས་འབྲང་གྱུར་པར། །ཡོངས་སུ་བརྟག་པ་ཉེར་བཟུང་སྟེ། །ཐམས་ཅད་འདི་ལྟར་གྱུར་ཀྱང་ནི། །ཆོས་ཀྱི་རྗེས་འབྲང་རྟོགས་པ ་ཡི། ཆ་དང་དཔེ་ཡིས་བསྟན་མི་བཟོད། །དེ་བཞིན་དུ་ནི་ཇི་སྲིད་དུ། །ས་བཅུའི་ཡི་ཤེས་བཐོབ་པ་ཡིས། །དེ་བཞིན་གཤེགས་པའི་གནས་དང་ནི། །གནས་མིན་མཁྱེན་པའི་སྟོབས་ཀྱི་ནི། །དེ་དག་ཀུན་ཀྱི་ཆ་དང་ནི། །དཔེ་བསྟན་པར་ཡང་ཉེ་མི་འགྱུར། །དེ་ལྟར་མི་བཞིན ་སངས་རྒྱས་ཆོས། །མ་འདྲེས་པ་ནི་ཐམས་ཅད་ལ། །འཇུག་ཅིང་དེ་རྣམས་ལ་ཡང་ནི། །ཚེར་སྤྲོ་བ་ཡང་མི་ཟད་པའོ། །དེ་ཡང་ཡེ་ཤེས་ཚོགས་ཀྱི་ནི། །བརྩོན་འགྲུས་བརྩོན་པ་བརྗོད་པ་ཉིད། །འདི་དག་བྱང་སེམས་མ་གཏོགས་པ། །གཞན་གྱི་སེམས་ཀྱི་སྤྱོད་ཡུལ ་ཡིན། ཡེ་ཤེས་ཀྱི་བརྩོན་འགྲུས་ཀྱི་ཚོགས་སོ། །རྒྱ་ཆེན་ནམ་མཁའ་ཀུན་གནས་པའི། །དུས་གསུམ་གནས་པའི་སེམས་ཅན་རྣམས། །ཀུན་གྱི་སེམས་ཀྱི་སྤྱོད་པ་ནི། །གང་གི་ཀུན་དུ་ཤེས་འགྱུར་བ། །དེ་ལྟར་ཤེས་རབ་ཀྱི་ནི་ཚོགས། །བློ་ལྡན་བྱང་ཆུབ་སེམས ་དཔའ་ཡིས། །ཐོབ་པར་བྱ་བ་དེ་ནི་ཡང། །སྤྲོ་བ་ཆེན་པོ་སྐྱེ་བར་འགྱུར། །ཤེས་རབ་ཀྱི་བརྩོན་འགྲུས་ཀྱི་ཚོགས་སོ། །དགེ་པའི་རྩ་བའི་ཚེགས་གང་གི་།བྱང་ཆུབ་སེམས་ལ་སོགས་བསྡུས་པ། །སེམས་ནི་དང་པོ་ནས་བརྩམས་ནས། །བྱང་ཆུབ་སྙིང་པོ་ཡིན་བར། །བསགས ་སྟེ་ཡང་དག་གཟུངས་རྣམས་དང། །དེ་བཞིན་སངས་རྒྱས་ཆོས་རྣམས་ཀུན། །ཡང་དག་བླངས་པའི་ཆེགས་དེ་ནི། །མི་བཟད་ཡང་དག་བླངས་པར་བརྗོད། །ཡང་དག་བླངས་པའི་ཚོག་གིས་སོ། །བརྩོན་འགྲུས་འདི་ཀུན་མཛའ་དག་ལ། །ཆོས་ཀྱི་བདག་མེད་བསྒོམས་པ་ཉིད། ་ནམ་མཁའ་བཞིན་དུ་རྣམ་དག་འགྱུར། །གཞན་དུ་ལྟ་བ་ལྡན་པས་མིན། །འགྲོ་ཀུན་ངོ་བོ་ཉིད་མེད་པས། །དབང་པོ་དྲུག་ནི་རབ་བསྡུས་ནས། །ཞེན་པ་མེད་པའི་སེམས་ཀྱིས་ནི། །འདི་དེ་རྟག་པར་བསྒོམ་པའོ། །འདི་ནི་བརྩོན ་འགྲུས་ཀྱི་གཏམ་མོ། །སྐྱོན་རྣམས་སེལ་པའི་བསམ་གཏན་དང། །དེ་བཞིན་གནས་པའི་བསམ་གཏན་མཆོག་།དབང་འབྱོར་དང་གསུམ་ཤེས་པར་བྱ། །ཚངས་པའི་བདེ་བ་རབ་སྒྲུབ་པའོ། །རྟོག་དང་དཔྱོད་དང་དགའ་བ་དང། །བདེ་དང་རྩེ་གཅིག་སེམས་དང་ནི། ། ་ཡན་ལག་ལྔ་པོ་འདི་དག་ལྡན། །བསམ་གཏན་དང་པོ་རབ་ཏུ་སྐྱེ། །ནང་ནི་ཡོངས་སུ་དང་བ་དང། །དགའ་དང་བདེ་བ་རྩེ་གཅིག་སེམས། །རྣམ་པ་བཞི་པོ་འདི་དག་ལྡན། །བསམ་གཏན་གཉིས་པ་ལ་གནས་གསུངས། །བཏང་སྙོམས་དང་ནི་དྲན་པ་དང། །ཤེས་བཞིན ་བདེ་བ་རྩེ་གཅིག་སེམས། །ཡན་ལག་ལྔ་པོ་འདི་དག་ལྡན། །བསམ་གཏན་གསུམ་པ་ཉིད་དུ་འགྱུར། །བཏང་སྙོམས་དྲན་ལྡན་སྡུག་བསྔལ་མིན། །བདེ་མིན་པ་ནི་མྱོང་བ་སྟེ། །རྩེ་གཅིག་སེམས་ལྡན་ཡན་ལག་ནི། །བཞི་ལྡན་བསམ་གཏན་ཐ་མའོ། །ཡང་ན ་གཟུགས་སོགས་སྤྱོད་ཡུལ་གྱིས། །གཡང་བྱེད་འདོད་པའི་སྡིག་ཆོས་ནི། །བཟོད་དཀའ་དེ་རྣམས་སྤངས་པ་ཡིས། །དབེན་པའི་བསམ་གཏན་དང་པོ་སྟེ། །རྟོག་དང་དཔྱོད་པ་གཉིས་པོ་ཡིས། །ཤིན་ཏུ་དབེན་པ་ལས་སྐྱེས་པའི། །དགའ་དང་བདེ་བ་མཚུངས་ལྡན་པ། ་བསམ་གཏན་དང་པོ་མཉམ་པར་བཞག་།བསམ་གཏན་དང་པོའི་རྗེས་མཐུན་གང། །རྟོག་པ་ཉེ་བར་བརྟགས་པ་དང། །ཤེས་དང་མཐོང་དང་དཔྱོད་པ་ཉིད། །དོན་གཅིག་པ་ཡི་ཚིག་རྣམས་སོ། །བརྟགས་པ་དེ་ཉིད་ལ་སྤྱོད་དང། །ཡོངས་སུ་སྦྱོར་དང་རྗེས་སུ་འགྲོ། །འཇུག་དང ་རྣམ་དཔྱོད་ཀྱང་དོན་གཅིག་།གནས་པ་ཉེ་བར་རྫོགས་པ་སྟེ། །ཡང་དག་མྱོང་བ་ལེགས་སྐྱོང་བའོ། །དེ་ལ་གནས་ནས་མཐོང་བའི་ལམ། །ཐོབ་པར་འདོད་པའི་འདུན་པ་འཐོབ། །མཐོང་ལམ་འདུན་པ་ཐོབ་ནས་ནི། །སྔར་གྱི་བསམ་གཏན་ལ་མི་ཆགས། །དང་པོ་ལས་ནི་ཁྱད ་འཕགས་པའི། །བསམ་གཏན་གཉིས་བ་ཚོལ་བར་བྱེད། །རྟོག་པ་དང་ནི་དཔྱོད་པ་ཡི། །སྒྲིབ་པ་རབ་ཏུ་འཇོམས་པ་ཡི། །བསམ་གཏན་གཉིས་པ་ཐོབ་པ་ནི། །ནང་ཡོངས་དང་ཞིང་སེམས་ཀྱི་རྒྱུན། །གཅིག་ཏུ་གྱུར་པའི་བློ་དེ་ནི། །དགའ་ཞིང་བདེ་པའི་བདག་ཉིད་དོ། །རྟོག་དཔྱོད་ཉེ ་བར་ཞི་བ་དང། །ནད་ནི་ཡོངས་སུ་དང་བར་གྱུར། །རྒྱུན་ནི་གཅིག་ཏུ་འགྱུར་ཞེས་པ། །འདི་ཡང་རོ་ཉམས་གྱུར་བ་ཡི། །རྒྱ་མཚོ་ཆེན་པོའི་ཆུ་བཞིན་དུ། །ཏི་ངེ་འཛིན་གྱི་རོ་གཅིག་འགྱུར། །དགའ་བ་དཀོན་མཆོག་གསུམ་ལ་སྟེ། །དེ་ཕྱིར་དེ་ནི་དབེན་སྐྱེས་བདེ། །བསམ་གཏན ་གཉིས་པ་ཐོབ་ནས་ནི། །དེ་ལ་གནས་ན་སླར་ཡང་ནི། །མི་སྐྱེའི་ཆོས་ལ་བཟོད་པ་ནི། །ཐོབ་པར་བྱ་ཕྱིར་ཐམས་ཅད་དུ། །འདུན་པ་སྐྱེ་བོ་དེ་ནས་ནི། །བསམ་གཏན་གཉིས་པ་ཡིད་སྐྱོ་ནས། །བསམ་གཏན་ངེ་བས་བླ་མེད་པའི། །བསམ་གཏན་གསུམ་པ་དེ་ཚོལ་བྱེད། །བསམ ་གཏན་གཉིས་པའི་སྒྲིབ་པ་ནི། །དགའ་བ་ཡིན་ཏེ་དེ་སྤངས་ནས། །བསམ་གཏན་གསུམ་པ་ཐོབ་པ་ནི། །དེ་བཞིན་དགའ་མེད་བདེ་བའོ། །དེ་བས་བསམ་དུ་མེད་འདི་དག་།དགའ་བ་མེད་པའི་བདེ་བ་བརྗོད། །འདི་དག་མཆོག་གྱུར་མ་ཡིན་ཏེ། །ཟད་པའི་ཆོས་ཕྱིར་དེ་ལས་ཡང། ་མི་སྐྱེའི་ཆོས་ལ་བཟོད་པ་ནི། །ཐོབ་པར་བྱ་ཕྱིར་དེ་བཞིན་དུ། །འདུན་པ་དྲག་མཆོག་མི་བཟད་པ། །བློ་ལྡན་རྣམས་ལ་སྐྱེ་པ་ཉིད། །དེ་ནི་བདེ་ཡང་མ་ཆགས་པས། །བསམ་གཏན་བཞི་པ་ཐོབ་འགྱུར་ཏེ། །བཏང་སྙོམས་དྲན་པ་ཡོངས་སུ་དག་།སྡུག་མིན་བདེ་མིན་ཞི་བའོ། ། ་བསམ་གཏན་འདི་དག་སྙོམས་འཇུག་པས། །དེ་ཡི་སེམས་ནི་འཇམ་པར་འགྱུར། །དགའ་ཞིང་ཤིན་ཏུ་དུལ་བ་སྟེ། །བརྟན་ཞིང་དྲང་ལ་འོད་གསལ་བ། །ལུས་ཅན་རྣམས་ཀྱི་ཕན་བདེ་བ། །སྐྱེད་ལ་རབ་ཏུ་ཞུགས་པ་ཡི། །སྐྱེ་བ་མེད་པའི་ཆོས་ལ་ནི། །བཟོད་པ་སྣད་བ་སྐྱེ ་བར་འགྱུར། །དེ་ནས་མཆོག་ཏུ་ལྷུན་གྲུབ་ཅིང། །ཤིན་ཏུ་སྦྱངས་པའི་ལམ་ལ་འཇུག་།ཉན་ཐོས་ལ་སོགས་ལམ་དང་ནི། །བསམ་གཏན་ཐུན་མོང་བ་རུ་བརྗོད། །ཟག་མེད་རྣམ་པ་བཅུ་དྲུག་རྣམས། །བྱང་ཆུབ་སེམས་དཔའ་ཨི་མ་འདྲེས་པའོ། །བསམ་གཏན་ཕ་རོལ་ཕྱིན ་གསུངས་པ། །ཉན་ཐོས་སོགས་ཀྱི་སྤྱོད་ཡུལ་མིན། །གཞུང་ནི་ཡང་དག་བསྡུས་པའི་ཕྱིར། །འདིར་ནི་ལུང་ལས་མ་བསྡེབས་སོ། །འདི་ནི་བསམ་གཏན་གྱི་གཏམ་མོ།། །།ཐོས་བསམ་སྒོམ་ལས་འཁྲུངས་པ་ཡི། །ཤེས་རབ ་གསལ་བར་ཐར་པའི་བློ། །གཟུང་དང་འཛིན་པ་རྣམ་བཅོམ་པས། །གཉིས་མེད་ཡེ་ཤེས་སྣང་བ་སྟེ། །གཅིག་དང་དུ་མ་ལས་ངེས་གྲོལ། །དངོས་དང་དངོས་མིན་རྣམ་པར་སྤངས། །རྒྱུ་དང་འབྲས་བུ་ལས་འདས་པ། །མཚན་བཞི་མཚན་ཉིད་ལས་གྲོལ་བ། །དུས ་གསུམ་ཁམས་གསུམ་ཤིན་ཏུ་འདས། །ཀུན་རྟོག་རྟེན་ནི་ངེས་པར་སྤང། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །དག་ཅིང་ཤིན་ཏུ་དྲི་མ་མེད། །གནོད་པ་མེད་ཅིང་ཡང་དག་དོན། །དོན་དམ་པ་ཡི་ངོ་བོ་ཉིད། །མ་ལུས་ཆོས་ཀྱི་བདག་མེད་ཀྱི། །ཡེ་ཤེས་ཤེས་རབ་འདྲས ་བུའི་བདག་།འདི་ནི་ཤེས་རབ་ཀྱི་གཏམ་མོ།། །།རང་གི་སྐྱོན་ནི་གཞོམ་པ་དང། །སེམས་ཅན་ཐམས་ཅད་ལ་མ་གཞུག་དང། །མྱུར་དུ་བདེ་བ་མངོན་རྟོགས་བྱེད། །ཐབས་ནི་རྣམ་པ་གསུམ་དུ་འདོད། །འདི་ནི་ཐབས་ཀྱི་གཏམ་མོ།། །།སྨོན ་ལམ་དབྱེ་པ་གསུམ་ཞེས་པ། །རང་གི་ཚོགས་རྒྱུན་མི་ཆད་དང། །འགྲོ་བའི་དོན་གྱི་རྒྱུ་དང་ནི། །སངས་རྒྱས་ཞིང་ནི་རྣམ་སྤྱོད་བའོ། །ཞེས་པ་ནི་སྨོན་ལམ་གྱི་གཏམ་མོ།། །།ལས་ཀྱི་ཟློག་པར་བྱེད་པ་དང། །ཉོན་མོངས་པ་ནི་སེལ་བ་དང། །རྒོལ་བ་དང་ནི ་བདུད་དགྲ་ཀུན། །བཟློག་པའི་སྟོབས་དང་གསུམ་ཞེས་གསུངས་ཞེས་པ་འདི་ནི་སྟོབས་ཀྱི་གཏམ་མོ།། །།རྟོག་དང་རྟོག་མེད་མཉམ་ཉིད་དུ། །སྣ་དང་རྣམ་པར་མི་རྟོག་དང། །སེམས་ཅན་དོན་ཐབས་ངེས་སྣང་སྟེ། །ཡེ་ཤེས་གསུམ་དུ་དབྱེ་བའོ། །ཞས་པ་ནི ་ཡེ་ཤེས་ཀྱི་གཏམ་མོ།། །།སྦྱིན་པ་ལ་སོགས་འདི་དག་རྣམས། །བྱང་ཆུབ་སེམས་ནི་སྔོན་འགྲོ་བས། །བྱམས་པའི་བསམ་པ་མངོན་བསྒོམས་རྣམས། །སླར་ཡང་ཕར་ཕྱིན་འཇིག་རྟེན་པ། །འདི་ནི་འཇིག་རྟེན་པ་རྣམས་སོ། །དམིགས་བའི་ཡུལ་ནི་གསུམ་པོ་རྣམས ་ཆོས་ཀྱི་བདག་མེད་བསྒོམས་པ་ཡིས། །དེ་རྣམས་འཇིག་རྟེན་འདས་པར་ཤེས། །དེ་ཉིད་རྟོགས་པའི་མཚན་ཉིད་ཅན། །འདི་ནི་འཇིག་རྟེན་ལས་འདས་པ་རྣམས་སོ། །བྱམས་པའི་བསམ་པ་ཁྱད་མེད་ཀྱང། །ཆོས་ཀྱི་བདག་མེད་དང་ལྡན་པའི། །སྦྱིན་པའི་ཕ་རོལ་ཕྱིན་སོགས ་རྣམས། །ཡོངས་དག་པ་ཡི་ཁྱད་པར་རོ། །འདི་ནི་ས་རྣམས་ཀྱི་ཁྱད་པར་གྱི་རྒྱུའོ། །སྦྱིན་པས་རབ་དགའ་ཨི་རྣལ་འབྱོར་ཏེ། །ཚུལ་ཁྲིམས་ལྡན་པས་དྲི་མེད་འགྱུར། །བཟོད་པས་འོད་བྱེད་བརྩོན་འགྲུས་ཀྱིས། །འོད་འཕྲོ་འདི་ནི་བསོད་ནམས་ལྡན། །བསོད་ནམས་ལས་ནི་སྦྱང ་དཀའ་བ། །ཤེས་རབ་ཀྱིས་ནི་མངོན་འགྱུར་མཐོང། །རིང་དུ་སོང་བ་ཐབས་ཆེན་པོས། །སྟོབས་དང་ལྡན་པས་མི་གཡོར་འགྱུར། །སྨོན་ལམ་གྱིས་ནི་ལེགས་བློ་ཅན། །ཡེ་ཤེས་ལྡན་པས་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་པ་བཅུ་པོ་ནི། །དག་པའི་རིམ་པས་ས་བཅུའོ། །གཞན ་ཡང་འདིར། །ལས་ཀྱི་རྫུ་འཕྲུལ་སེམས་དང་ཚེ། །བསོད་ནམས་ཡེ་ཤེས་ཡོ་བྱད་དང། །ཆོས་དང་ཡེ་ཤེས་དབང་ཕྱུག་ཉིད། །སྟོབས་ཀྱང་བཅུ་སྟེ་ནན་ཏན་དང། །སྤོབས་དང་དད་དང་ཐོས་དང་སྒོམ། །ཡོངས་དག་སོ་སོར་བརྟག་པ་དང། །བསོད་ནམས་ཡེ་ཤེས་བཟོད་པའོ ་འདི་ནི་དབང་བཅུ་སྟོབས་བཅུ་དང། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲས་བུ་དང་བཅས་པའོ། །ས་འདི་རྣམས་ཀྱི་དམིགས་པ་ནི། །ཁྱད་པར་མེད་སྟོང་ཉིད་དོ། །ཆོས་དང་གང་ཟག་བདག་མེད་ཀྱི། །མཚན་ཉིད་དེ་བཞིན་གཉིས་མེད་པའོ། །དེ་དང་དེ་ཡི་རྟོག ་པ་ནི། །གཞོམ་ཕྱིར་དེ་ཡི་ངོ་བོ་དགོངས། །དངོས་སུ་རྟོག་པའི་དབྱེ་བ་ཡིས། །རྣམ་པ་མཛའ་ཡས་རྣམ་པར་སྨིན། །འདི་ནི་རྒྱལ་པའི་ལམ་ལ་འཇུག་པ་ལས་ཕ་རོལ་ཏུ་ཕྱིན་པ་བཅུ་འབྲས་བུ་དང་བཅས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།བླང་བྱ་དང་ནི་དོར་བྱའི་ཆ། ། ་འདི་ནི་མངོན་དུ་ཤེས་དང་ནི། །ད་དུང་ཡེ་ཤེས་སར་འཇུག་ཕྱིར། །ཆོ་ག་ཡང་དག་རབ་བསྟན་བྱ། །དེ་ལ་འཇུག་པ་མི་སྡུག་དང། །དབུགས་རྔུབ་འབྱུང་བ་དྲན་པ་སྟེ། །དེ་ལ་ཆགས་ཅན་མི་སྡུག་པས། །ཆགས་པ་ཡོངས་སུ་ཟད་པར་བྱེད། །ཆགས་པ་ཁ་དོག་དབྱིབས་དང་ནི་རག་བྱའི་དྲི ་སོགས་ཡུལ་ཡིན་ནོ། །མི་སྡུག་གོམས་པས་དེ་ཟད་དེ། ཞི་གནས་ཡང་དག་འབྱུང་བའོ། །རང་ལུས་ཤ་དང་རུལ་དང་ཟགས། །རུལ་བའི་དྲ་བ་ཙམ་དུ་བསམ། །དེ་ནི་རིམ་པས་འཕེལ་ནས་ནི། །ས་ནི་གང་པ་ཉིད་དུ་ལྟ། །དད་མོས་འཕེལ་ཕྱིར ་འདི་གསུངས་ཏེ། །སླར་ཡང་དེ་བཞིན་བསྡུས་ནས་ནི། །རང་ཉིད་ལ་ནི་བསྒོམ་བྱ་སྟེ། །རུལ་པ་ཡི་ནི་ལུག་རྒྱུད་དུའོ། །བསྒོམ་པའི་དངོས་པོ་གསལ་པ་ན། །ལས་དང་པོ་ནི་རྫོགས་པའོ། །ཀེང་རུས་དང་ནི་ཐོད་ཕྱེད་པར། །བཏང་པས་སྦྱང་པ་བྱས་པར་བཤད། །ཤིན ་ཏུ་འདས་ནས་ཡིད་བྱེད་པ། །སྨིན་མཚམས་དཀྱིལ་དུ་སེམས་བཟུང་བྱ། །རྣམ་པར་སྤེལ་དང་སྡུ་བ་ཡི། །རིམ་པ་ཉིད་ནི་རྣམ་པར་བསྒོམ། །མི་སྡུག་རྣམ་གསུམ་གསུངས་པ་ནི། །དམན་དང་འབྲིང་སོགས་དབྱེ་བ་ཉིད། །མི་འདོང་བདག་ཉིད་རང་བཞིན་ནི། །དེ་ནི ་ཆགས་པའི་གཉེན་པོ་སྟེ། །མི་སྡུག་བསྒོམ་པ་གསུམ་པའོ། །འདི་ལྟར་ལུས་པ་ཡང་དག་བརྟག་སོ་དང་སྐྲ་དང་སེན་མོ་སྐྱེ། །ཁྲག་དང་པགས་པ་ཤ་དང་ནི། །རྡུལ་དང་ཚིལ་དང་ཞག་ཆུ་སེར། །རྒྱུས་པ་རྐང་དང་མཆེར་པ་དང། །སྙིང་རུས་མཁྲིས་གློ་མཆིན་པ་དང ་ཕོ་བ་རྒྱུ་མ་ཞག་དང་ནི། །གླད་པ་དང་ནི་མིག་རྣག་དང། །ཕྱིས་དང་ནི་བད་ཀན་དང། །རྣབས་དང་མཆི་མ་གཅིན་དང་ནི། །མཆིལ་མ་དང་ནི་ཁུ་བ་དང། །སྲིན་བུ་རྣག་སོགས་དེ་དག་གི། ཕུང་པོ་ལ་ནི་ལུས་ཞེས་བརྗོད། །དྲི་མ་ངན་དང་མི་སྡུག་དང། །རང་དབང་མེད་པའི ་རང་བཞིན་ཉིད། །མངོན་སུམ་མི་གཙང་བསྡུས་པ་འི། །སོན་མེད་ཀུན་གྱི་སྣོད་ཡིན་ནོ། །འདི་ལ་ཆགས་ཏེ་བཟློག་དཀའ་བ། །མ་རིག་པས་བསྒྲིབས་ཡ་མཚན་ཆེ། །ག་བུར་ལ་སོགས་དྲི་བཟངས་དང། །གང་དང་འགྲོགས་པས་བརླག་པར་འགྱུར། །འདི་ལྟར་དུར་ཁྲོངས ་དབུས་སུ། །སོང་ནས་ཤི་པའི་རོ་ལ་ནི། །བལྟ་ཞིང་རང་གི་གཉེན་གྱིས་སློང། །གཞན་ཡང་འཇིགས་པ་བྱེད་པས་སོ། །རླུང་གིས་ཤིན་ཏུ་གཡེངས་པ་སྟེ། །རྣམ་པར་བསྔོས་ཤིད་རྣམ་པར་གཟེགས། །ཕྱེད་ཟོས་པ་དང་འབུ་ཡིས་ནི། །རབ་ཏུ་མངོན་པར་གཞིག་པ་ཉིད ་ཤ་མེད་རྣམ་པར་གཙིགས་པ་དང། །རུས་པ་ཀེང་རུས་རང་བཞིན་ཉིད། །རྣམ་པར་འཐོར་བ་མཐོང་ནས་ནི། །མཁས་པས་རང་གི་ལུས་དང་མཉམ། །དེ་ལྟར་མི་སྡུག་ཡང་དག་པར། །བསྒོམས་པ་ཡིས་ནི་མི་འཆགས་འགྱུར། །དེ་ཡིས་ཞི་གནས་རྫོགས་པ ་སྟེ། །དེ་ནི་བསྒོམ་པཱི་སྣོད་ཡིན་ནོ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མི་སྡུག་པ་བསྒོམ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།རྟོག་དཔྱོད་མང་ན་དབུགས་རྔུབ་དང། །དབུགས་འབྱུང་དྲན་པས་བརྟན་པར་བྱ། །ཐམས་ཅད་དུ་ནི་སེམས ་བསྡུས་ཏེ། །དེ་བས་སྲོག་ལ་དམིགས་པ་མཆོག། འཇུག་པ་འམ་ནི་འབྱུང་བ་ཡི། །སྲོག་གི་རླུང་ནི་བགྲང་བར་བྱ། །དྲན་པ་ཙམ་དུ་གཅིག་ལ་སོགས། །གཅིག་བཅུའི་མཐར་བགྲང་སླར་དེ་བཞིན། །གལ་ཏེ་བར་དུ་གཡེངས་ན་ནི། །སླར་ཡང་དེ་ནི་བགྲང་བར་བྱ། ། ་སེམས་ནི་འདུས་དང་གཡེངས་པ་དང། །ཆང་དང་ལྷག་པས་མ་ཡིན་ནོ། །ཡང་ན་དབུགས་འབྱུང་ལ་སོགས་རུང། །འགྲོ་བ་རྟག་ཏུ་རྗེས་འགྲོ་བྱ། །ཇི་ཙམ་རིང་བར་འཇུག་པ་དང། །འབྱུང་བ་ཡང་ནི་སེམས་ཀྱིས་བརྟག། གཞག་པ་ཞེས་བྱ་སྣ་རྩེ་ནི། །རྐང་སོར་མཐར་ནི ་ཡང་དག་གནས། །ནོར་བུའི་ཐག་པ་བཞིན་དུ་ནི། །རྩེ་གཅིག་སེམས་ཀྱིས་བསམ་པར་བྱ། །ཅི་འདི་རྗེས་སུ་མཐུན་པ་འམ། །ཉེ་བར་འཇོམས་པའི་རླུང་རྣམས་ཞེས། །དབུགས་རྔུབ་འབྱུང་པ་དྲན་པ་བསྒོམ། །ཞི་གནམ་དང་ནི་ནད་མེད་རྒྱུ། །བགྲང་དང་རྗེས་འགྲོ་འཇོག་པ ་དང། རྟོག་པ་དང་ནི་བསྒྱུར་པ་དང། །ཡོངས་སུ་དག་དང་དྲུག་འདི་ནི། །དབུགས་རྡུབ་དབུགས་འབྱུང་དྲན་པར་འདོད། །འདིར་ནི་གཞུང་བསྡུས་འདོད་པས་ནི། །རྣམ་པ་གསུམ་ནི་རྣམ་པར་ཕྱེ། །དྲུག་པོ་རྣམས་ལས་གང་རུང་བས། །ཡང་དག་འདོད་དོན་འགྲུབ་པ་ཡིན། ། ་འདི་ནི་རྒྱལ་བིང?་ལམ་ལ་འཇུག་པ་ལས་དབུགས་འཇུག་པ་དང་འབྱུང་།པ་དང་བགྲང་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།ཞི་གནས་རྫོགས་པར་བྱས་པ་ལས། །དྲན་པ་ཉེར་གཞག་བསྒོམ་པ་ནི། །ལུས་དང་ཚོར་བ་སེམས་དང་ཆོས། །མཚན་ཡིད་བྲལ ་བ་ཡོངས་སུ་བསྒོམ། །ལུས་འདི་ཡང་ནི་བརྟགས་པ་ཙམ། །དོན་དེ་བཞིན་དུ་བརྟེན་པ་མེད། །ཡུལ་གཅིག་ན་མེད་ཐམས་ཅད་ཀྱི། །ཆ་ལ་ཡང་ནི་མ་གནས་སོ། །ལག་པ་ལ་སོགས་གཅིག་ལ་ཡང། །ལུས་ཀྱི་བློ་ནི་ཀྱེ་མི་འགྱུར། །ཆ ་ཤས་ལས་གཞན་ལུས་ཀྱི་བློ། །གང་ལ་ངེས་པ་སྐྱེ་མི་འགྱུར། །ཆ་ཤས་རྣམས་ནི་ལུས་ཉིད་ན། །འདི་དག་མ་ལུས་ལུས་སུ་འགྱུར། །ཕྱོགས་ཀྱི་ཆ་ཡིས་རྣམ་ཕྱེ་བས། །ཕྲ་རབ་རྡུལ་ཡང་ཆ་དང་ལྡན། །ཆ་ཇི་སྙེད་ནི་གཅིག་མིན་ཏེ། །དེ་བས་དུ་མ་ཉིད་ཀྱི་མིན། །གཅིག ་དང་དུ་མ་རྣམ་བྲལ་གང། །དངོས་མེད་ནམ་མཁའ་ཨི་མེ་ཏོག་བཞིན། །དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཡང་དྲུག་ཆར་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །དེ་བས་ན་ནི་ངོ་བོ་ཉིད། །མེད་ཀྱང་ལུས་ཀྱི་བློ་སྐྱེ་དང། ། ་ཐོག་མེད་མ་རིག་པ་ལས་འབྱུང། །འཇིག་ཚོགས་ལྟ་བར་རབ་ཏུ་སྐྱེ། །ལུས་མི་སྲིད་ན་མིག་ལ་སོགས། །སྲིད་པ་ཡང་ནི་ཤིན་ཏུ་རིང། །དེ་ཕྱིར་མིག་སོགས་འདུས་རེག་ལས། །འབྱུང་བའི་ཚོར་བ་ག་ལ་ཡོད། །གཟུང་བྱའི་དངོས་མེད་སེམས་དེ་མེད། །དེ་ཕྱིར ་འཛིན་པ་པོ་མི་སྲིད། །གཟུང་དང་འཛིན་པ་ངེས་གྲོལ་ན། །སླར་ཡང་འཛིན་པ་ག་ལ་ཞིག། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རྟེན་ཅིང་འབྲེལ་པའི་སྤྱོད་ཡུལ་རྣམས། །ཐམས་ཅད་སྐྱེ་མེད་ངོ་བོ་ཉིད། །དངོས་པོ་རང་ལས་མ ་སྐྱེས་ཏེ། །ངོན་མེད་ཕྱིར་ཏེ་དེ་མི་སྲིང། །རྫོགས་པར་སྐྱེ་བར་འགྱུར་བ་ནི། །སླར་ཡང་རྒྱུ་ཉིད་དུ་ནི་འགྱུར། །གང་ཚེ་རྒྱུ་ཉིད་འབྲས་བུ་ན། །དེ་ཡི་རྒྱུ་ནི་སོ་སོ་རུ། །ཁ་དོག་དབྱིབས་དང་རོ་ནུས་པ། །རྣམ་པར་སྨིན་པར་མི་འགྱུར་རོ། །སྔ་མའི་གཟུགས་ནི་ཡོངས་སྤངས ་ནས། ཕྱི་མའི་གཟུགས་ནི་ཡོངས་འཛིན་པ། །དེ་ཡི་དེ་ཉིད་ཇི་ལྟར་ཡིན། །དེ་ཕྱིར་རང་ཉིད་ལས་མི་སྐྱེ། །རྒྱུ་དང་འབྲས་བུ་གཉིས་གཅིག་པར། །འཇིག་རྟེན་པ་ཡང་མི་རྟོག་གོ་།གང་ཕྱིར་རྒྱུ་དེ་ཉམས་ནས་ཀྱང། །འབྲས་བུར་གསལ་བ་མ་མཐོང་སྟེ། །དེ་བས་འཇིག་རྟེན ་དུ་མི་རིགས། །དེ་ཁོ་ན་ཉིད་དུ་ཡང་མིན། །རང་ལས་སྐྱེས་པའི་ཕྱོགས་འདི་ནི། །དཔག་ཏུ་མེད་པའི་སྐྱོན་དུ་འགྱུར། །གཞན་ལས་ཀྱང་ནི་མི་སྐྱེ་སྟེ། །གཞན་ཉིད་ལ་ནི་ཁྱད་མེད་ན། །དངོས་པོ་ཀུན་ལས་དངོས་པོ་ཀུན། །སྐྱེ་བ་དུ་ནི་འགྱུར་བའོ། །གང་ལས་གང་ནི་སྐྱེ་བར ་འགྱུར། །རྗེས་སུ་འགྲོ་ལས་ལྡོག་པ་དང། །ཕ་རོལ་ཉིད་ལས་ཁྱད་མེད་ཀྱང། །གང་ལས་གང་ནི་སྐྱེ་འགྱུར་བ། །དེ་ཉིད་དེ་ཡི་རྒྱུ་ཡིན་ན། །གང་ལས་དེ་ཉིད་སྐྱེ་འགྱུར་བ། །དེ་དག་ཉིད་ནི་གང་ན་སྟེ། །གང་སྟེ་མཐོང་ཕྱིར་ཞེ་ན་མིན། །གང་ཕྱིར་སྒྱུ་མས་མ་ངེས་ཉིད། །ཤཱུ?་ལུག ་སོགས་ལས་ཀྱང་ནི། །ཤཱ་ལུཀ་སྐྱེས་ཅི་ལས་ཀྱང། །སྐྱེ་མཐོང་རྭ་ལས་མདའ་མཐོང་སྟེ། །ས་དག་པ་ལས་པདྨའོ། །རང་ཉིད་གྲུབ་ནས་གཞན་འབྱུང་སྟེ། །གཞན་གྲུབ་ནས་ནི་རང་ཉིད་འདོད། །དེ་གཉིས་བལྟོས་ནས་གྲུབ་པ་སྟེ། །ཕ་རོལ་ཚུ་རོལ་བཞིན་དུ་དུ་གསུངས་སོ། ། ་གཉིས་ཀ་ལས་ཀྱང་སྐྱེ་མིན་ཏེ། །སྐྱོན་ནི་གཉིས་ཀ་འབྱུང་བར་འགྱུར། །རྒྱུ་མེད་ལས་ཀྱང་རིགས་མིན་ཏེ། །ཀུན་ཏུ་རབ་ཏུ་ཐལ་འགྱུར་ཏེ། །རྒྱུ་གཞན་ལ་ནི་མི་བལྟོས་ཕྱིར། །རྟག་ཏུ་ཡོད་དང་མེད་པར་འགྱུར། །བལྟོས་པ་ཡི་ནི་དངོས་པོ་རྣམས། །རས་འགའ་བ་ཉིད་དུ་ནི་འགྱུར། ་དངོས་རྣམས་ཡོད་པ་སྐྱེ་མིན་ཏེ། །རང་ཉིད་ཐོབ་ཕྱིར་དོན་མེད་ཉིད། །སྐྱེས་པ་ཡང་ནི་སྐྱེ་བ་ན། །དེ་ནི་ཐུག་པ་མེད་པར་འགྱུར། །དངོས་རྣམས་མེད་པ་སྐྱེ་མིན་ཏེ། །རི་བོང་རྭ་སོགས་ཇི་བཞིན་ནོ། །ཐམས་ཅད་ཉིད་ལས་འདི་དག་ཀུན། །རྟག་པར་སྐྱེ་བར་རབ་ཏུ་ཐལ། །ཡོད་དང་མེད ་ལས་མི་སྐྱེ་སྟེ། །འགལ་པའི་ཕྱིར་ན་མི་སྲིད་དོ། །གཉིས་ཀ་མིན་ལས་མི་སྐྱེ་སྟེ། །དེ་ལྟའི་དོན་མི་སྲིད་ཕྱིར་རོ། །ལུས་ལ་སོགས་རྣམས་ཇི་ཙམ་བཞིན། །དབུ་མ་རྩ་བ་ལ་སོགས་སུ། །གསུངས་པ་གང་དེ་ཡོངས་ཤེས་བྱ། །བསྡུས་པའི་ཕྱིར་ན་འདིར་མ་བརྗོད། །གང་གང་ཅུང་ཟད་གང་གི་ཚེ ་གང་དུ་དེ་ལྟར་ཉིད་སྣང་པ། །དེ་ཀུན་དེ་ཚེ་དེ་རུ་ནི། །དེ་ལྟ་ཉིད་དུ་རབ་ཏུ་མེད། །དེ་ཕྱིར་གང་ལ་གང་གཟུགས་ཀྱི། །ཇི་སྲིད་ཅུང་ཟད་རབ་རྟོགས་ན། །དེ་ཡི་གཟུགས་ཀྱིས་དེ་སྟོང་སྟེ། །སྒྱུ་མའི་གྲོང་ཁྱེར་སྤྲུལ་བཞིན་ནོ། །འདི་ལྟར་ལུས་ལ་སོགས་པ་ནི། །ངོ་བོ་ཉིད་མེད་རྣམ་བསྒོམས་པས། ། ་དེ་ལ་ངོ་བོ་ཉིད་མེད་པའི། །རང་བཞིན་ཉིད་དུ་དྲན་པ་སྐྱེ། །ཐོས་བསམ་སོགས་ཀྱི་ཤེས་རབ་ནི། །དྲན་པའོ་དེ་ལས་ཉེ་བར་འཇོག། ཉེ་བར་གཞག་པའོ་ལུས་ལ་སོགས། །འདི་དག་དབྱེ་བ་རྣམ་པ་བཞི། །ཕྱིན་ཅི་ལོག་ནི་བཞི་པོ་ཡི། །གཉེན ་པོ་ཡི་ནི་ངོ་བོ་ཉིད། །གཙང་སོགས་འཁྲུལ་པ་གཞོམ་པ་ཉིད། །བཞི་པོ་འདི་དག་དབྱེ་བའོ། །ཇི་ལྟར་གསུངས་པའི་དྲན་ཉེར་གཞག་།བསྒོམས་པ་བྱས་ཏེ་ལེགས་པར་གནས། །མདོར་ན་ལུས་ལ་སོགས་པ་ནི། །མི་རྟག་སོགས་སུ་བལྟ་བར་བྱ། །དེ་ནས་དྲོད་དུ་འགྱུར ་ཞེས་པའི། །དགེ་བའི་རྩ་བ་སྐྱེ་བར་འགྱུར། །སྡུག་བསྔལ་ལ་སོགས་བདེན་བཞི་ནི། །རྣམ་པ་བཅུ་དྲུག་སྤྱོད་ཡུལ་ལོ། །གཙུབ་ཤིང་གཙུབས་པ་ལ་སོགས་པས། །ཇི་ལྟར་ཕྱི་རོལ་མི་འབྱུང་བཞིན། །ཡང་དག་ཤེས་པའི་མེ་ལས་ནི། །འབྱུང་བའི་རྟགས་ནི་དང་པོར ་བརྗོད། །མངོན་ཤེས་ལ་སོགས་བཅོས་པ་ཡི། །རྣམ་པ་ཉེ་བར་མཚོན་པ་སྟེ། །ལུས་སོགས་ལས་སུ་རུང་དང་ཞི། །མངོན་པར་ཤེས་སོགས་ཡོན་ཏན་ཡང། །ཆུད་དང་འབྲིང་དང་ཆེན་པོ་སྟེ། །དེ་ནི་རིམ་པས་སྐྱེ་བར་འགྱུར། །རྣལ་འབྱོར་ཤིན་ཏུ་དང་པ་ཡིས། །བདེན ་པ་ཉིད་དུ་ཤིང་ཏུ་བསྒོམས། །དེ་ལས་དེ་ཡི་མི་མཐུན་ཕྱོགས། །སྐྱེས་པ་རྣམས་ནི་སྤོང་བར་བྱེད། །སླར་ཡང་དེ་དག་མི་སྐྱེད་ཅིང། །ཀུན་ཏུ་སྐྱེས་པ་འཇོམས་པར་བྱེད། །གཉེན་པོའི་ཕྱོགས་རྣམས་མ་སྐྱེས་པ། །བསྐྱེད་ཕྱིར་ཡང་དག་འབད་པར་བྱེད། །སྐྱེས་པ་རྣམས་ནི་ནན ་ཏན་གྱིས། །བསྲུང་ཞིང་ཡོངས་སུ་འཕེལ་བར་བྱེད། །འདུན་པ་བསྐྱེད་ཅིང་བརྩོན་འགྲུས་ནི། །རྩོམ་སྟེ་ཐུབ་པའི་སྲས་ཀྱིས་སོ། །བརྟན་པས་ཡང་དག་སྤོང་བ་ནི། །བཞི་པོ་འདི་དག་བསྒོམ་པར་བྱའོ། །དེ་ནས་རྩེ་མོར་གྱུར་ཞེས་པའི། །དགེ་བའི་རྩ་བ་སྐྱེ་བར་འགྱུར། །དེ་འཕེལ་བ་ལས ་སྐྱེས་དེ་ནི། །སྤོང་བའི་བརྩོན་འགྲུས་ལྡན་པ་ཞེས། །གསུངས་པའི་བརྩོན་འགྲུས་ཅན་ལ་ནི། །རྫུ་འཕྲུལ་རྐང་པ་འདི་དག་འབྱུང། །འདུན་དོང་བརྩོན་འགྲུས་སེམས་དང་ནི། །སྤྱོད་པའི་ཏིང་འཛིན་འདི་དག་གོ་།འདུན་པ་དྲག་པོའི་སྟོབས་ལྡན་པས། །དགེ་བའི་ཆོས་ནི་རྣམ་བསྒོམས་པས ་དེ་ལ་རྩེ་གཅིག་སེམས་ཀྱིས་ནི། །ཏིང་འཛིན་ཉེ་བར་སྐྱེ་བར་འགྱུར། །ཡང་དག་སྤོང་བའི་བརྩོན་འགྲུས་དེ། །ཡང་དག་ལྡན་པའི་རྣལ་འབྱོར་པ། །དེ་ཡི་བདག་རྐྱེན་བརྩོན་འགྲུས་ཀྱི། །ཏིང་འཛིན་ཉེ་བར་སྐྱེ་བར་འགྱུར། །སེམས་སྐྱོད་ལྡན་པ་ཡི་ནི་སེམས། །དེ་ཁོ་ན་ཉིད་གཅིག ་བུའི་སེམས། །སེམས་ནི་བདག་པོས་མ་སྐྱེས་པར། །དེ་ལ་ཏིང་འཛིན་སྐྱེ་བར་འགྱུར། །ད་ལྟ་བདག་ལ་སྡག་པའི་ཆོས། །ཡོད་པ་ཉིད་དམ་འོན་ཏེ་མེད། །དཔྱོད་པ་ཞེས་པའི་ཏིང་འཛིན་གྱི། །རྒྱལ་པོར་སེམས་ནི་རྩེ་གཅིག་འགྱུར། །འཇིག་རྟེན་འདས་པའི་རྫུ་འཕྲུལ་གྱི། །རང? ་པའི་རྒྱ་དང་རྐྱེན་རྣམས་སོ། །རྫུ་འཕྲུལ་རྐད་པ་བཞི་པོ་དག། གསུངས་པ་འདི་དག་ཏིང་འཛིན་ཏེ། །འདི་ལས་བཟོད་པར་འགྱུར་ཞེས་པའི། །དགེ་བའི་རྩ་བ་སྐྱེ་བར་འགྱུར། །དེ་བཞིན་གཤགས་པས་ཡང་དག་བསྟན། །ཆོས་ཀུན་མངོན་པར་འདོད་པར་འགྱུར། །བཟད་ཐོབ་ངེན་སོད་མི ་འགྲོ་ཞིང། །རྒྱལ་བས་བྱང་ཆུབ་ལུང་སྟོན་འགྱུར། །རྒྱལ་བའི་སྲས་ནི་སེམས་བསྐྱེད་ནས། །གྲངས་མེད་བསྐལ་པས་ངེས་འབྱུང་འགྱུར། །དད་དང་བརྩོན་འགྲུས་དྲན་པ་དང། །དེ་བཞིན་ཏིང་འཛིན་ཤེས་རབ་བཅས། །དབང་པོ་ལྔ་སྟེ་མཐོང་ལམ་གྱི། །སྐྱེད་པ་ཡི་ནི་བདག་པོ་ཉིད། ། ་བདེན་དང་དཀོན་མཆོག་དགེ་སོགས་ལ། །དད་དང་ཡེ་ཤེས་བདག་ཉིད་དེ། དེ་ཡང་རྣམ་པ་གསུམ་དུ་འདོད། །དང་དང་ཡོད་ཉིད་ནུས་པ་ཉིད། །ལེ་ལོ་དོན་མེད་བརྩོན་པ་དང། །ཡི་ཆད་པ་དང་ཞུམ་བདག་ཉིད། །དེ་དག་གཉེན་པོ་བརྩོན་འགྲུས་ཏེ། གལ་སྤོ་བའི ་མཚན་ཉིད་དོ། །དྲན་པ་དུས་གསུམ་ས་ལ་ནི། །སེམས་ནི་ཉམས་པ་མེད་པའོ། །སེམས་རྩེ་གཅིག་པའི་ཆོས་ལ་ནི། །ཏིང་ངེ་འཛིན་དུ་ཡོངས་སུ་བརྗོད། །ཤེས་རབ་ཐོས་བསམ་ལས་བྱུང་ཞིང། །ཆོས་རབ་འབྱེད་པའི་བདག་ཉིད་དོ། །འདི་དག་སྔོན་དུ་སྐྱེས་ཀྱང་ན། །རིམ་པ ་འདིས་ནི་རྒྱས་པའོ། །དེ་ནས་ཆོས་མཆོག་དེ་བཞིན་ཉིད། ཞེས་པའི་དགེ་བའི་རྩ་བ་འབྱུང། །འཇིག་རྟེན་པ་ཡི་ཆོས་ཀུན་གྱི། །མཆོག་ཉིད་ཕྱིར་ནི་དེ་བཞིན་བརྗོད། །དབང་པོ་རྣམས་དང་སྟོབས་རྣམས་སུ། །རིམ་པས་འཕལ་བ་ཉིད་དུ་འགྱུར། །བཟོད་པ་ཆོས་མཆོག་ལ་གནས་ཏེ ་དད་པ་ལ་སོགས་སྟོབས་ལྡན་པ། །གང་ཚེ་ལྷ་དང་བདུད་དང་ནི། །ཉོན་མོངས་ཀུན་གྱིས་ཐུབ་དཀའ་ཞིང། །ཏིང་འཛིན་གྲངས་ལས་འདས་པ་ནི། །བློ་ལྡན་ལ་ནི་སྐྱེ་བར་འགྱུར། །འདི་ནི་ངེས་པར་འབྱེད་པ་ཡི། །ཆ་བཞི་རུ་ནི་བརྗོད་པ་ཡིན། །ཆུང ་དང་འབྲིང་སོགས་དབྱེ་བ་ཡིས། །ཐ་དད་སོ་སོའི་དགེ་བ་ཡིས། །ཐ་དད་སོ་སོའི་དགེ་བ་གསུམ། །འདི་དག་སྦྱོར་བའི་ལམ་དུ་འགྱུར། །ཚོགས་ཀྱི་ས་ནི་ཞེས་ཀྱང་ངོ། །དེ་བཞིན་སོ་སོའི་སྐྱེ་བའི་ས། །མངོན་པར་དགའ་བ་རིན་ཆེན་འོད། །འདི་ནི་རྒྱལ་བའི་ལམ་ལ་འཇུག ་པ་ལས་སྦྱོར་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་བའོ།། །།ད་ནི་བྱང་ཆུབ་སེམས་དཔའ་ཡི། །མཐོང་བའི་ལམ་ནི་བརྗོད་པར་བྱ། །ཡང་དག་དེ་ཉིད་ཡང་དག་མཐོང། །མི་མཐུན་ཕྱོགས་ནི་སྤོང་བར་འགྱུར། །མཐོང་ལམ་དེ་ཡི་དྲི་མ་ནི། ་རྩ་བའི་བག་ལ་ཉལ་དྲུག་སྟེ། །ཆགས་དང་ཁོང་ཁྲོ་ང་རྒྱལ་ལྟ། །མ་རིག་ཐེ་ཚོམ་ཞེས་ཉོན་མོངས། །འདོད་ཆགས་ལ་ཡང་རྣམ་གཉིས་ཏེ། །འདོད་པའི་ཁམས་ཀྱི་འདོད་ཆགས་གང། །དེ་ནི་འདོད་པའི་འདོད་ཆགས་མཆོག་།གཟུགས་དང་གཟུགས་མེད་གྱུར ་པ་ནི། སྲིད་པའི་ཆགས་པའོ་ལྟ་བ་ནི། །བདག་དང་བདག་གི་རྟག་ཆད་དང། །མེད་དང་དམན་ལ་མཆོག་ལྟ་དང། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་རྣམས་ལྟ་བ་ལྔ་ཡིན་ནོ། །ཉོན་མོངས་བཅུ་ནི་ཁམས་གསུམ་དུ། །བརྒྱད་ཅུ་རྩ་བརྒྱད་དུ་དབྱེ་སྟེ། །འཕགས་པའི་བདེན་པ་བཞི་རྣམས ་ཀྱིས། ལྟ་བ་འདི་དག་སླར་ཡང་སྤངས། །གང་འདི་འདོད་པར་སྤྱོད་པ་ཡི། །སྡུག་བསྔལ་བདེན་པ་ཡིད་བྱེད་ན། །མི་རྟག་སྡུག་བསྔལ་སྟོང་པ་དང། །བདག་མེད་རྣམ་པར་སྐྱེ་བར་འགྱུར། །སྡུག་ལ་ཆོས་ཤེས་བཟོད་པ་དང། །སྡུག་བསྔལ་ལ་ཆོས་ཤེས་འདི་གཉིས། །འདོད་པའི་ཆུ་བོའི ་ཉོན་མོངས་གང། །སྔར་བསྟན་དེ་རྣམས་ཀུན་སྤོང་བྱེད། །དེ་བཞིན་གཟུགས་དང་གཟུགས་མེད་པའི། །སྲིད་པའི་སྡུག་བསྔལ་བདེན་བསྒོམ་པས། །སྡུག་བསྔལ་རྗེས་སུ་ཤེས་བཟོད་དང། །དེ་ཤེས་པ་ནི་ཡང་དག་སྐྱེ། །གཟུགས་དང་གཟུགས་མེད་ཉོན་མོངས་ནི། །དེ་ཉིད་ཁོང་ཕྲོ་མ་གཏོཊ་པ། ་རབ་ཏུ་འཇོམས་ཏེ་སོ་སོ་རུ། །རྣམ་པ་དགུ་གཉིས་བཅོ་བརྒྱད་དོ། །འདི་ལྟར་ཁམས་གསུམ་ཉོན་མོངས་ནི། །སྡུག་བསྔལ་བདེན་པ་མཐོང་བ་ཡི། སྐད་ཅིག་བཞི་པོ་འདི་ཉིད་ཀྱིས། །ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང། །འདོད་པའི་ཀུན་འབྱུང་བདེན་པ་ནི། །རྒྱུ་དང་ཀུན་འབྱུང་དང་ཡང་ནི། །རབ་ཏུ་སྐྱེ་དང་དེ ་བཞིན་རྐྱེན། །རྣམ་པ་བཞིར་ནི་ཡིད་ལ་བྱ། །ཀུན་འབྱུང་ལ་ཆོས་ཤེས་བཟོད་དང། །དེ་ཤེས་པ་ནི་ཡང་དག་སྐྱེ། །ཚུལ་ཁྲིམས་བརྟུལ་ཞུགས་འཇིགས་ཚོགས་ལྟ། །མཐར་འཛིན་ལྟ་རྣམས་མ་རྟོགས་པ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང། །མ་རིག་ཐེ་ཚོམ་འདི་དག་དང། །ལོག ་ལྟ་ལྟ་བ་མཆོག་འཛིན་ཏེ། །འདོད་པའི་བདུན་རྣམས་ཟད་པར་འགྱུར། །གཟུགས་དང་གཟུགས་མེད་གྱུར་པ་ཡི། །ཀུན་འབྱུང་བདེན་པ་བསྒོམས་པ་ལས། །ཀུན་འབྱུང་ལ་རྗེས་ཤེས་བཟོད་དང། །དེ་ཤེས་པ་ནི་རབ་ཏུ་སྐྱེ། །གཟུགས་དང་གཟུགས་མེད་ཉོན་མོངས་ནི། ། ་ཁོང་ཁྲོ་མ་གཏོགས་རབ་འཇོམས་ཏེ། །སོ་སོར་དྲུག་དྲུག་བཅུ་གཉིས་སོ། །དེ་ལྟ་ཁམས་གསུམ་ཉོན་མོངས་རྣམས། །ཀུན་འབྱུང་བདེན་པ་མཐོད་བ་ལས། །སྐད་ཅིག་བཞི་པོ་འདི་དག་ནི། །ཉིད་ཀྱིས་བཅུ་དགུ་ཟད་པར་བྱེད། །འགོག་དང་ཞི་དང་དེ་བཞིན་དུ། །གྱ་ནོམ་པ་དང ་ངེས་འབྱུང་སྟེ། །འགོག་པའི་བདེན་པ་འདོད་པ་དེ། །རྣམ་པ་བཞི་འདི་ཡིད་ལ་བྱ། །འགོག་ལ་ཆོས་ཤེས་བཟོད་པ་དང། །དེ་ཤེས་ཡང་དག་སྐྱེས་པ་ལས། །གང་དེ་ཀུན་འབྱུང་དུ་གསུངས་རྣམས། །ཉོན་མོངས་བདུན་ནི་རབ་ཏུ་སྤོང། །བློ་ལྡན་བྱང་ཆུབ་སེམས་དཔའ་གང། ་གཟུགས་དང་གཟུགས་མེད་ཁམས་ཕྱིན་ནས། །སླར་ཡང་འགོག་པའི་བདེན་པ་ནི། །ཡིད་ལ་བྱས་པ་དེ་ལ་ནི། །འགོག་ལ་རྗེས་ཤེས་བཟོད་པ་དང། །དེ་ཤེས་ཡང་དག་སྐྱེས་པ་ལས། །གཟུགས་དང་གཟུགས་མེད་སྲིད་ཉོན་མོངས། །རྣམས་ནི་སོ་སོར་དྲུག་རིམ་བཞིན། ་གཉིས་པོར་དེ་ལྟར་བཅུ་གཉིས་ཏེ། །ཁམས་གསུམ་པོར་ནི་སྐད་ཅིག་བཞིའི། །འགོག་བདེན་དེ་ནི་མཐོང་བ་ལས། །བཅུ་དགུ་རབ་ཏུ་སྤོད་པའོ། །ལམ་གྱི་བདེན་པ་བསྒོམ་པ་ནི། །འདོད་པའི་ཁམས་སུ་རྣམ་པ་བཞི། །ལམ་དང་ངེས་པར་འབྱིན་པ་དང། །རིགས་པ་སྒྲུབ་པའི ་རང་བཞིན་ལས། །ལམ་ལའང་ཆོས་ཤེས་བཟོད་པ་དང། །དེ་ཤེས་ཡང་དག་སྐྱེས་པ་ལས། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང། །བཅས་པ་བརྒྱད་ནི་འདོད་པའི་འོ། །གཟུགས་དང་གཟུགས་མེད་གྱུར་པ་ནི། ། ་དེ་བཞིན་ལམ་བདེན་བསྒོམ་པ་ལས། །གཞན་ཡང་ལམ་ལ་རྗེས་ཤེས་པའི། །བཟོད་དང་དེ་ཤེས་སྐྱེས་པ་ལས། །གཟུགས་དང་གཟུགས་མེད་གྱུར་པ་ན། །བདུན་བདུན་དེ་ནི་བཅུ་བཞིའོ། །དེ་ལྟར་ཁམས་གསུམ་ཉོན་མོངས་རྣམས། །ལམ་གྱི་བདེན་པ ་མཐོད་པ་ལས། །སྐད་ཅིག་བཞི་པོ་འདི་ཡིས་ནི། །ཉི་ཤུ་རྩ་གཉིས་རབ་ཏུ་སྤོང། །འདི་དག་གིས་ནི་བྱང་སེམས་ཀྱི། །མཐོང་བའི་ལམ་ནི་རབ་ཏུ་སྐྱེ། །འཕགས་པའི་བདེན་པ་བཞི་པོ་རྣམས། །ད་ལྟར་མཐོང་བའི་ལམ་དེ་ཉིད། །ཉོན་མོངས་པ་ནི་བརྒྱད་ཅུ ་བརྒྱད། །བདེན་པ་ཡིས་ནི་རབ་འཇོམས་སོ། །འགྲོ་ཀུན་ངོ་བོ་མེད་པ་སྟེ། །གཟུགས་བརྙན་དང་མཚུངས་གསལ་བའོ། །དག་ཅིང་གཉིས་མེད་ནམ་མཁའ་མཉམ། །དེ་ཉིད་དེ་ནས་མཐོང་བར་འགྱུར། །མཐོང་ལམ་དུ་ནི་བདེན་མཐོང་བའི། །བདེན་པའི་རྒྱ་མཚོ་སྐྱེ ་བའོ། །མཐུ་དང་སེམས་ཅན་དོན་དང་ནི། །ཏིང་འཛིན་ཡོན་ཏན་མཛའ་ཡས་ལྡན། །དྲན་དང་ཆོས་རབ་འབྱེད་པ་ཡི། །ཤེས་རབ་བརྩོན་འགྲུས་གོང་དུ་བརྗོད། །དགའ་བ་སེམས་ལས་བྱུང་བར་གསུངས། །ཤིན་ཏུ་སྦྱངས་པ་ལུས་བདེ་སྟེ། །སྙོམས་པར་གནས ་པའི་བཏང་སྙོམས་སོ། །ཏིང་འཛིན་སེམས་ནི་རྩེ་གཅིག་པའོ། །བྱང་ཆུབ་ཡན་ལག་བདུན་ལྡན་པའི། །ཆོས་འདི་དག་ནི་ཟག་པ་མེད། །དེ་ནས་ཀུན་བདེན་མི་འགྱུར་བའི། །ཏིང་འཛིན་དེ་ནས་དེ་ལ་སྐྱེ། །དབུ་ནི་བཅད་ནས་སྦྱིན་བྱེད་ཀྱང། །སྡུག་བསྔལ་བར་ནི་མི ་འགྱུར་རོ། །དེ་ལྟར་དགའ་བའི་ས་དེ་ལ། །སྦྱིན་པའི་ཕ་རོལ་ཕྱིན་རྗེས་འབྲང། །བྱང་ཆུབ་སེམས་དཔས་དང་པོ་ཡི། །མཆོག་ཏུ་དགའ་བ་ཐོབ་པ་ཉིད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མཐོང་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། ་དེ་ནས་ཡང་ནི་བསྒོམ་པའི་ལམ། །ཐེག་པ་གསུམ་ལ་རྗེས་གནས་པའི། །ཕྲ་ཞིང་ཕྲ་བའི་དྲི་མ་ནི། །ཟད་བྱེད་འབད་པས་བསྒོམ་པར་བྱ། །མཐོང་བའི་དོན་གྱི་དེ་ཉིད་ལ། །སེམས་ཀྱིས་ཡང་ཡང་བསྐྱེད་ཅིང་བསྒོམ། །གོམས་ནས་ཐར་པས་འགྲོ་བའི་ལམ། །ཆུང་དང་འབྲིང ་དང་ཆེན་པོ་སྟེ། །སླར་ཡང་གསུམ་དུ་དབྱེ་བ་ནི། །ཆུང་ངུའི་ཆུང་ངུ་ཆུང་ངུའི་འབྲིང། །ཆུང་དུ་ཡི་ནི་ཆེན་པོ་དང། །དེ་བཞིན་འབྲིང་དང་ཆེན་པོ་ཡང། །འདོད་པའི་སར་ནི་དགུ་རུ་དབྱེ། །བསམ་གཏན་གཟུགས་མེད་སྙོམས་འཇུག་གི་།ས་བརྒྱད་པ་ལ་དེ་བཞིན་ནོ། །སོ་སོ་སོ་སོའི ་ས་ལ་ནི། །དགུ་དགུ་ཡི་ནི་རྣམ་པར་འགྱུར། །འདི་ལྟར་སྒོམ་ལ་ཁམས་གསུམ་དུ། །བརྒྱད་ཅུ་རྩ་གཅིག་དབྱེ་བ་ནི། །མི་མཐུན་སྤང་བྱ་ལས་ཕྱེ་བ། །ཆགས་དང་ཁོང་ཁྲོ་ང་རྒྱལ་དང། །མ་རིག་བག་ལ་ཉལ་འདི་བཞི། །འདོད་པའི་ཁམས་ཀྱི་མི་མཐུན་ཕྱོགས། །བསྒོམ ་པས་སྤང་བར་བྱ་རྣམས་སོ། །དེ་བཞིན་གཟུགས་ཀྱི་ཁམས་སུ་ནི། །ཁོང་ཁྲོ་མ་གཏོགས་གསུམ་དེ་ཉིད། །གསུམ་ནི་གཟུགས་མེད་ཁམས་སུ་སྟེ། །བཅུ་པོ་འདི་ནི་ཁམས་གསུམ་དུའོ། །ཆུང་ངུའི་འབྲིང་དང་ཆེན་པོ་ནི། །སླར་ཡང་གསུམ་དུ་དབྱེ་བ་སྟེ། །ཆུང་ངུའི་ཆུང་སོགས ་དབྱེ་བ་ནི། དགུ་རུ་འདོད་པའི་ས་རྣམས་སུའོ། །བསམ་གཏན་གཟུགས་མེད་ས་བརྒྱད་ལ། །མི་མཐུན་ཕྱོགས་ནི་དགུ་དགུའོ། །འདོད་པ་ལ་སོགས་ས་དགུ་ལ། །རྣམ་པ་བརྒྱད་ཅུ་རྩ་གཅིག་འགྱུར། །ལམ་ལ་བཟློག་པའི་རིམ་པ་ཉིད། །ཆུང་ངུའི་ཆུང་ངུ་ལ་སོགས་ཀྱིས། །ཆེན ་ངོའི་ཆེ་སོགས་དྲི་མ་སྤོང། །གསུངས་པའི་མཐོང་དང་བསྒོམ་པའི་ལམ། །མཐོང་བ་ཞེས་ནི་གསུངས་པ་དང། །སྒོམ་ལམ་ཞེས་པ་ལ་རྟེན་ནས། །ཉན་ཐོས་སོགས་ཀྱི་ཚུལ་གྱིས་ནི། །ས་བརྒྱད་པོ་ནི་ཐོབ་པར་འགྱུར། །དེ་ཡང་རིགས་ཀྱིས་དང་པོ། །གཉིས་པ་དེ་བཞིན་བརྒྱད་པ ་སྟེ། མཐོང་བ་ཞེས་བྱ་གསུམ་པའོ། །བཞི་པ་དེ་བཞིན་བསྲབས་པའི་ས། །ལྔ་པ་འདོད་ཆགས་བྲལ་ཞེས་པ། །དྲུག་པ་བྱས་པ་བསྲུང་བ་སྟེ། །བདུན་པ་ཉན་ཐོས་ཞེས་པའོ། །བརྒྱད་པ་དེ་བཞིན་རང་རྒྱ་ལས། །ཉན་ཐོས་རང་རྒྱལ་བྱང་ཆུབ་ཀྱི། །ལམ་ཞུགས་པ་ལ་གསུངས་པའོ། ་བྱང་ཆུབ་སེམས་དཔའ་ཤེས་བྱ་ནི། །དྲི་མ་མེད་སོགས་ས་དགུ་སྟེ། །འཕགས་ལམ་ཡན་ལག་བརྒྱད་པོ་དང། །མཚུངས་པར་ལྡན་པར་བསྒོམ་པའི་ལམ། །ལྟ་བརྟོག་པ་ངག་དང་ལས། །འཚོ་བ་དང་ནི་རྩོལ་པ་དང། །དྲན་པ ་།ཡོངས་ས ་ཨང་དག་ལྡན། །ལམ་གྱི་ཡན་ལག་བརྒྱད་པོར་ཤེས། །གཉིས་པ་དྲི་མ་ཀུན་ཟང་ཕྱིར། །ཉེས་དང་དྲི་མ་ཀུན་ཟང་ཕྱིར། །ཚུལ་ཁྲིམས་ཕ་རོལ་ཕྱིན་དག་པ། །སྟོན་ཀའི་ཟླ་འོད་ཨོངས་སུ་ངས་སོ། །བཟོད་པའི་ཕ་རོལ་ཕྱིན་དག་པ། །གསུམ་པ་འོད་བྱེད ་པ་ཡང་ནི། །ཡེ་ཤེས་མེ་ལྕེ་རབ་འབར་བས། །འཛིན་པ་གཉིས་ནི་ལེགས་པར་བསྲེགས། །བཞི་པ་འོད་འཕྲོ་བ་ཡང་ནི། །ཡང་དག་ཡེ་ཤེས་འོད་འཕྲོའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་ལྷག་ཅིང། །བྱང་ཆུབ་ཕྱོགས་ཀྱིས་རྒྱན་དུ་བྱས། །ལྔ་པ་རྒྱལ་བར་དགའ་? ་པ་ཡང། །བདུང་ཀུན་གྱིས་ཐུབ་ཤིན་ཏུ་དཀའ་། །བསམ་གཏན་ཕར་ཕྱིན་གྱིས་བཅིངས་པ། །བསོད་ནམས་ཚོགས་ཀྱི་བསྒྲུབས་པ་ཉིད། །དྲུག་པོ་མངོན་དུ་འགྱུར་ཞེས་པ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཉིད། །ཤེས་རབ་ཕ་རོལ་ཕྱིན་དག་ག་འགོག ་པའི་བདེན་པ་ཐོབ་སྟེ་རྒྱས། །བདུན་པ་རིང་སོང་ཐབས་ཆེན་པོ། །རྗེས་སུ་རིང་དུ་སོང་བའི་ཕྱིར། །བློ་ལྡན་སྐད་ཅིག་སྐད་ཅིག་དེར། །འགོག་པ་ཡང་ནི་ཐོབ་པར་འགྱུར། །དེ་བཞིན་བརྒྱད་པ་མི་གཡོའི་ཕྱིར། །གཞོན་ནུའི་ས་སྟེ་མི་གཡོ་བ། །སྨོན་ལམ་རྣམ་པར་དག་པའི ་ས། འགོག་ལས་རྒྱལ་བ་སྐུལ་བྱེད་པའོ། །དགུ་པ་ལེགས་པའི་བློ་གྲོས་ཞེས། །བགྱི་བའི་ས་སྟེ་སྟོབས་ལ་བརྟེན། །འདིར་ནི་བློ་ལྡན་ལེགས་པ་ཡི། །བློ་གྲོས་སོ་སོར་རིག་པ་ཐོབ། །བཅུ་པ་ཆོས་ཀྱི་སྤྲིན་ཡང་ནི། །དམ་ཆོས་ཆར་ནི་མངོན་པར་འབེབས། །འདིར་ནི་བྱང ་སེམས་དབང་བསྐུར་ཏེ། སངས་རྒྱས་རྣམས་ཀྱི་དག་པར་བྱེད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་སྒོམས་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ལམ་གཞན་ཀུན་ལ་ཁྱད་འཕགས་ཤིང། །རྩེ་མོ་ཉིད་དུ་ཕྱིན་པ་ལས། །ཁྱད་པར་ལམ་དུ ་གྲགས་པ་ཡང། །ས་ནི་བཅུ་བཅུ་ནང་དུའོ། །སངས་རྒྱས་ཞིང་དང་མངོན་ཤེས་དང། །དམ་པའི་བསོད་ནམས་ཡེ་ཤེས་ཚོགས། །བརྗོད་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས། །རྣམས་དང་ཞི་གནས་ལྷག་མཐོང་བཅས། །གཟུགས་དང་སྦོབས་པ་རྣམས་དང་ནི། །ཤལ་སོགས་པའི ་སྤྱན་ལྔ་དང། །འདི་དག་ལ་སོགས་ཆོས་རྣམས་ཀུན། །ཐམས་ཅད་དུ་ནི་ཡོངས་སུ་སྦྱོང། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ཁྱད་པར་གྱི་ལམ་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ས་འདི་རྣམས་ཀྱི་སྤྱོད་པའི་ལམ། །འཕགས་པ་མི་ཕམ་ཞབས ་ཀྱིས་ནི། །མངོན་པར་རྟོགས་པའི་རྒྱན་དུ་གསུངས། །ཡོངས་སུ་སྤྱོད་པ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་པ་ཤེས་གཉེན་བསྟེན་པ་དང། །དམ་ཆོས་དམིགས་པ ་ཆོལ་བ་དང། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང། །སངས་རྒྱས་བཀུར་འདོད་དགའ་བ་དང། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྤྱོད་པར་ཤེས་པར་བྱ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། ་རབ་ཏུ་དགའ་དང་སྙིང་རྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཐོས་པ་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང། །འཁོར་བས་ཡོངས་སུ་མི་སྐྱེ་དང། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད ་བདག་ཉིད་དེ་རྣམ་ལྔ། །ནགས་གནས་འདོད་ཆུང་ཆོག་ཤེས་དང། ར།སྦྱངས་པ་ཡང་དག་སྡོམ་རྟེན་དང། །བསླབ་པ་ཡོངས་སུ་མི་གཏོང་དང། །འདོད་པ་རྣམས་ལ་སྨོད་པ་དང། མྱ་ངན་འདས་དང་བདོག་ཀུན་གཏོང། །མི་ཞུམ་པ་དང་ལྟ་བ་མེད། །འདྲིས་དང་ཁྱིམ་དང་འཁྲེན་པ་དང། །འདུ ་འཛིན་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང། །མི་དགེ་ལས་ཀྱི་ལམ་བཅུ་དང། །རློམ་པས་ཁེངས་དང་ཕྱིན་ཅི་ལོག་།བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ནས། །ས་ལྔ་པ་ནི་ཡང་དག་འཐོབ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས ་བསམ་གཏན་ཤེས་རབ་རབ་རྫོགས་པས། །སླེབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་དང། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི ་དྲུག་པ་ཡང་དག་འཐོབ། །བདག་དང་སེམས་ཅན་འཛིན་པ་དང། །སྲོག་དང་གང་ཟག་ཆད་རྟག་དང། །མཚན་མ་རྒྱུ་དང་ཕུང་པོ་དང། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང། །དཀོན་མཆོག་གསུམ ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང། །སྟོང་པ་ཉིད་ལ་རྩོད་པ་དང། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །རྣམ་ཐར་སྒོ་གསུམ་ཤེས་པ་དང། །འཁོར་གསུམ་རྣམ་པར་དག་ཉིད་དང། །སྙིང་རྗེ་དང ་ནི་རློམ་མེད་དང། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང། །ཞི་གནས་ངེས་བར་སེམས་པ་དང། །ལྷག་མཐོང་ལ ་ནི་མཁས་པ་དང། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང། །ཆགས་པའི་ས་མིན་གར་འདོད་པའི། །ཞིང་གཞན་དུ་ནི་མཉམ་འགྲོ་དང། །ཀུན་དུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །སེམས་ཅན་ཀུན་ཡིད་ཤེས་པ་དང། ། ་མངོན་པར་ཤེས་པས་རྩེ་བ་དང། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྐྱོང་སྒྱུ་མ་ལྟར་གནས་དང། །བསམ་བཞིན་སྲིད་པ་ལེན་པ་དང། །ལས་ནི་རྣམ་པ་འདི་བརྒྱད་བཤད། ། ་སྨོན་ལམ་དག་ནི་མཛའ་ཡས་དང། །ལྷ་ལ་སོགས་པའི་སྐད་ཤེས་དང། །སྤོབས་པ་ཆུ་བོ་ལྟ་བུ་དང། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང། །ཡོན་ཏན་ཕུན་སུམ ་ཚོགས་པ་ཡིན། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ས་བཅུ་ཡོངས་སུ་སྤྱོད་བའི་ལམ་བརྗོད་པ་སྟེ་ལེའུ་ཉི་ཤུ་རྩ ་བརྒྱད་པའོ།། །།ཚོགས་ནི་ཐམས་ཅད་མ་ལུས་པས། །ལམ་ནི་ཡོངས་སུ་དག་པའི་རྒྱུན། །སངས་རྒྱས་རྣམས་ཀྱི་སྐུ་བཞི་ནི། །བློ་ཆེན་རྣམས་ཀྱིས་རྫོགས་པར་འགྱུར། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ། །རྡག་ཅིང་ཞི་ལ་མཁའ་མཉམ་པ། ། ་བརྟག་དཀའ་རྟོགས་པར་དཀའ་བ་ཡི། །བདེན་ཞིང་དཔེ་མེད་མཐུག་པོ་སྟེ། །མཆོག་གི་བདེ་བས་ཁྱབ་པའོ། །མཆོག་ཏུ་མི་འགྱུར་བདེ་དམ་པ། །རྣམ་པར་རྟོག་མེད་ཆ་ལས་འདས། །ཡང་དག་མཛའ་སྟེ་འོད་གསལ་བ། །རྣམ་པར་ཤེས་པའི་ཆོས་གཉིས་འདས། །ཕྲ་རབ ་རྡུལ་ནི་རྣམ་པར་སྤངས། །སྐྱེད་ཅིང་འཇིགས་མེད་སྙིང་རྩེ་ཡི། །མཐར་ཕྱིན་ཆོས་རྣམས་རང་བཞིན་བདག་།ལྷན་སྐྱེས་ངོ་བོ་ཉིད་ཅེས་པའི། །སྐུ་དེ་སངས་རྒྱས་སྤྱོད་ཡུལ་ལོ། །མངོན་པར་རྟོགས་པའི་རྒྱན་དུ་ནི། །འཕགས་པ་མི་ཕམ་པས་གསུངས་ཏེ། །ཐུབ་པའི་ངོ་བོ་ཉིད ་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག། ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་ཕྱོགས་སོགས་ཆོས་རྣམས་ནི། །རྫོགས་སངས་རྒྱས་རྣམས་སྤྱོད་ཡུལ་ལོ། །སྒྲིབ་པ་ཀུན་ལས་ངེས་གྲེལ་པ། །སྟོང་པ་ཉིད ་དང་རོ་གཅིག་མཆོག་།ཆོས་རྣམས་དེ་དག་ཀུན་གྱི་ནི། །རྟེན་དུ་ཡང་དག་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཁྱབ་བདག་སྟོང་ཉིད་རོ་གཅིག་སྟེ། །རྣམ་དག་སྟོང་ཉིད་གཅིག་པའི་བདག་།སྣ་ཚོགས་གཟུགས་འཛིན་དམ་པ་སྟེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད ་པས། དངོས་དང་དངོས་མིན་གཅིག་མཚན་ཉིད། །བདེན་པ་ཉིད་ཀྱི་བདག་ཉིད་དུ། །དཔལ་ལྡན་ཆོས་སྐུ་སྟོན་པའོ། །གཙོ་བོ་ཡེ་ཤེས་ཚོགས་ཉིད་ནི། །ཡོངས་སུ་སྨིན་པ་མཁའ་དང་མཚུངས། །གཙོ་བོ་སེམས་གང་གསལ་དག་པ། །ཐུབ་པ་ཟུང་འཇུག་བདག་ཉིད་དོ། ། ་རྫོགས་སངས་རྒྱས་དང་དེ་སྲས་ཀྱིས། །ཆོས་ཀྱི་སྐུ་དེ་གསུངས་པ་སྟེ། །མངོན་རྟོགས་རྒྱན་དུ་གསུངས་པ་ནི། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང ་ཟད་པར་བཅུ་ཡི་བདག་ཉིད་དང། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང། །ཉོན་མོངས་མེད་དང་སྨོན་མཁྱེན་དང། །མངོན་ཤེས་སོ་སོ་ཡང་དག་རིག་།རྣམ་པ་ཐམས་ཅད་དག་བཞི་དང། །དབང་བཅུ་དང་ནི་སྟོབས་བཅུ ་དང་།མི་འཇིགས་པ་ནི་བཞི་དག་དང། །བསྲུང་བ་མེད་པ་རྣམ་གསུམ་དང། །དྲན་པ་ཉེར་གཞག་རྣམ་གསུམ་དང། །བསྙེལ་པ་མི་མངའ་ཨི་ཆོས་ཉིད་དང། །བག་ཆགས་ཡང་དག་བཅོམ་པ་དང། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང། །ཐུབ་པ་ཁོ་ནའི་མ་འདྲས ་ཆོས། བཅོ་བརྒྱད་བཤད་པ་གང་ཡིན་དང། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཆོས་ཀྱི་སྐུའོ། །ཐེག་ཆེན་ཀུན་གྱི་རྣམ་པ་ནི། །སྡུད་པའི་ཆོས་ནི་ཡང་དག་གསུངས། །ས་བཅུ་དབང་ཕྱུག་རྣམས་དང་ནི། །དེ་ནི་བདེ་བ་ལོངས་སྤྱོད ་ཉིད། ཐོགས་མེད་ཟག་མེད་ཁྱབ་པ་སྟེ། །གསལ་ཞིང་འབྱུང་བའི་རྡུལ་ཕྲན་སྤངས། །དབང་པོའི་གཞུ་དང་ནམ་མཁའ་ཡི། །སྐར་ཚོགས་དྲི་མ་མེད་པ་བཞིན། །མེ་ལོང་རྣམས་སུ་ཕན་ཚུན་དུ། །དེ་ནི་གཟུགས་བརྙན་གཟུགས་བརྙན་བཞིན། །སུམ་ཅུ་གཉིས ་མཚན་བརྒྱད་ཅུ་ཡི། །དཔེ་བྱད་རྒྱན་དུ་བྱས་ཏེ་འབར། །བསོད་ནམས་ཚོགས་ནི་གཙོ་བོ་རུ། །རྣམ་པར་སྨིན་པ་གསུང་བདག་ཉིད། །མ་ལུས་ནམ་མཁའ་ཡོངས་གང་ཞིང། །མཛའ་ཡས་འོད་གསལ་མཛའ་ཡས་པ། །དེ་ལྟར་མངོན་རྟོགས་རྒྱན་ལས་གསུངས ་མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ལོངས་སྤྱོད་རྫོགས་པའི་སྐུའོ། །ཇི་ལྟ་ཇི་ལྟའི་གཟུགས་ཀྱིས་ནི། །སེམས་ཅན་འདུལ་བར ་འགྱུར་བ་སྟེ། །སེམས་ཅན་བསམ་པའི་རྗེས་བརྟགས་ནས། །ཤཱཀྱ་ཐུབ་པ་ལ་སོགས་པའི། །ཐུབ་པས་འཁོར་བ་མ་སྟོངས་པར། །ཀུན་དུ་སྐྱེ་དང་བྱང་ཆུབ་སོགས། །བསྟན་ནས་འགྲོ་དོན་བྱེད་པ་སྟེ། །ལུས་གཙོར་སྤྲུལ་པའི་མཚན་ཉིད་དེ། །འཕགས་པ་རྒྱལ་བ ་བྱམས་པས་གསུངས། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག་།མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །སྤྲུལ་སྐུའོ། །གཞན་ཡང་རྒྱལ་བས་ལུང་བསྟན་པ། །འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ། །ཁམས ་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་ཀུན་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་བདེན་མཆོག་བཞིའི་རང་བཞིན་རྣལ་འབྱོར་པ་ཉིད་ཡུལ། །རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། །རྒྱལ་བའི་བདེན ་པ་མཉམ་མེད་མཉམ་སྐུ་མི་རྟོག་སྐུ་གཅིག་ལ་ཕྱག་འཚལ། །ལྷན་ཅིག་སྐྱེས་པའི་སྐུའོ། །གང་ཞིག་གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ཕན་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་དང་དངོས་མེད་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོག་པར ་དཀའ་བའི་རང་བཞིན་ཅན། །འགྱུར་མེད་གོས་པ་མེད་ཅིང་ཞི་ལ་མི་མཉམ་མཉམ་པ་ཁྱབ་པ་པོ་སྟེ་སྤྲོས་མེད་པ། །སོ་སོར་རང་རིག་དཔེ་མེད་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་ནི་ཕྱག་འཚལ་ལོ། །ཆོས་སྐུའོ། །གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ ་ལེགས་བྱས་དམ་པའི་འབྲས་བུའི་བདག་ཉིད་དུ། །འབྱོར་བས་འཁོར་གྱི་ནང་དུ་སྣ་ཚོགས་གསལ་མཛད་བློ་ལྡན་ཆེན་པོ་རྣམས་ནི་དགའ་བའི་སྐུ། །སངས་རྒྱས་རྣམས་ནི་འཇིག་རྟེན་ཀུན་ལས་རབ་བྱུང་རྒྱུན་མི་འཆད་པར་རྒྱ་ཆེན་དམ་ཆོས་སྒྲོགས། །ཆོས་ཀྱི་རྒྱལ་སྲིད ་ཆེ་ལ་རབ་བཞུགས་ལོངས་སྤྱོད་རྫོགས་སྐུ་དེ་ལ་འདིར་ནི་བདག་ཕྱག་འཚལ། །ལོངས་སྤྱོད་རྫོགས་པའི་སྐུའོ། །གང་ཞིག་སེམས་ཅན་སྨིན་པའི་ཆེད་དུ་ལ་ལར་མེ་བཞིན་དུ་ནི་གསལ་བར་སྣང་གྱུར་ཅིང། །ཡང་ནི་ལ་ལར་རྫོགས་པར་བྱང་ཆུབ་ཆོས་འཁོར་བསྐོར་ནས་སླར་ཡང ་མྱ་ངན་འདས་གང་མཐོང། །རྣམ་པ་དུ་མར་བཞུགས་ནས་སྲིད་གསུམ་འཇིགས་པ་སེལ་བའི་ཐབས་སུ་སྣ་ཚོགས་གཟུགས་ཀྱིས་ནི། །ཕྱོགས་བཅུར་རྗེས་སོང་དོན་ཆེན་ཐུབ་པ་རྣམས་ཀྱི་སྤྲུལ་པའི་སྐུ་ལ་འདིར་ནི་ཕྱག་འཚལ་ལོ། ། ་སྤྲུལ་པའི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་གནས། །མཚན་དང་དཔེ་བྱད་རྣམས་ཀྱི་ཡང། །སྤྲོས་པ་རྒྱ་ཆེ་བ་ཡི་ཕྱིར། །སོ་སོ་རུ་ནི་མངོན་པར་བརྗོད། །བླ་མའི་རྗེས་འགྲོ་ལ་སོགས་པས། །ཕྱག་ཞབས་འཁོར་ལོས་མཚན་པའོ། །མི་ཕྱེད་སྡོམ་པ་བླངས་པ་ཡིས། ། ་ཞབས་ནི་རབ་ཏུ་ལེགས་པར་གནས། །བསྡུ་བའི་དངོས་པོ་བཞི་པོ་ནི། །ཡུན་རིངས་དུ་ནི་བསྟེན་པ་ཡིས། །ཕྱག་དང་ཞབས་ཀྱི་སོར་མོ་ནི། །ངང་བ་བཞིན་དུ་དྲ་བས་འབྲེལ། །གྱ་ནོམ་པ་ཡི་བཟའ་བཅའ་སོགས། །རབ་ཏུ་བྱིན་པས་ཕྱག་ཞབས་ནི། །གཞོན་ཞིང་འཇམ ་སྟེ་བྱིས་པ་ནི། །སྐྱེ་མ་ཐག་པ་ཇི་བཞིན་ནོ། །ལྔག་པ་ལ་སོགས་བྱིན་པ་ཡིས། །ཕྱག་ཞབས་གཉིས་ཀྱི་རྒྱབ་དང་ནི། །ལྷག་ཁུང་ཕྲག་པ་གཉིས་ཏེ་བདུན། །མཐོ་བ་ཡི་ནི་སྐུ་ཅན་ཉིད། །བསོད་པའི་སྐྱེ་བོ་ཐར་བྱས་པས། །ལག་པའི་སོར་མོ་རིང་བ་ཉིད། །སྐྱེ་འགྲོའི་མཚོ ་ལ་ཕན་བཏགས་པས། །རྟག་ཏུ་རྟེད་པ་ཡངས་པ་ཉིད། །སྲོག་གཅོད་པ་ནི་སྤངས་པ་ཡིས། །སྐུ་ཆེ་ཤིན་ཏུ་དྲང་བ་ཉིད། །དགེ་ཆོས་བླངས་པའི་གཙོ་བོ་ཡིས། །ཞབས་ཀྱི་ལོང་བུ་མི་མངོན་ཉིད། །དགེ་བ་བླངས་ཏེ་སྤེལ་བ་ཡིས། །སྤུ་ནི་གྱེན་དུ་ཕྱོགས་པ་ཉིད། །རིག་དང ་བཟོ་སྲོགས་གུས་བྱས་ཏེ། །བྱིན་པ་ཨེ་ཎེའི་བྱིན་པ་ཉིད། །སློང་ལ་བདོག་པའི་ནོར་བྱིན་པས། །ཕྱག་ནི་རིང་ཞིང་མཛེས་པ་ཉིད། །གསང་བའི་ཚིག་ནི་བསྲུངས་པ་དང། །འགྲོ་བ་ཚངས་སྤྱོད་ལ་བསྐོད་པས། །འདོམས་ཀྱི་ལྤ་བ་སྦུབས་སུ་ནི། །ནུབ་པ་ཉིད་དུ་གྲགས་པའོ། ། ་གདིང་བ་གྱ་ནོམ་པ་བྱིན་པས། །མདོག་ནི་གསེར་འདྲ་བ་ཉིད་དང། །ཁང་བཟངས་དམ་པ་བྱིན་པ་ཡིས། །པགས་པ་འཇམ་ཞིང་གསེར་མདོག་ཉིད། །འདུ་འཛི་ལ་སོགས་སྤངས་པ་ཡིས། །སྦུ་ནི་རེ་རེ་ནས་གཡས་འཁྱིལ། །དགེ་བའི་བཤེས་གཉེན་ཐམས་ཅད་ནི། །གནས? ་ཇི་ལྟ་བཞིན་བསྐོད་པ་ཡིས། །ཞལ་མཛོད་སྤུས་མཚན་དྲག་ཚིག་ནི། །མེད་པས་སེང་གེའི་རོ་སྟོང་འདྲ། །སྙན་དང་རིམ་པས་ལེགས་སྨྲས་པས། །དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད། །སྨིན་ལ་སོགས་པ་རབ་འབྱིན་པས། །ཐལ་གོང་ཡང་དག་རྒྱས་པ་དང། །དེ་བཞིན་ནད་པའི་གཡོག་བྱས་པས། །རོ་ནི་བྲོ་བའི་མཆོག་ཉིད་དོ། །ནགས་ཚལ་ཀུན་དགའ་ར་བ་སོགས། །མི་རྣམས་ཡང་དག་བྱེད་བཅུག་པས། །སྐུ་ཡི་དཀྱིལ་འཁོར་མཉམ་ཉིད་དེ། །ནྱ་གྲོ་དྷ་ཡི་དཀྱིལ་འཁོར་བཞིན། །གཙུག་ལག་ཁང་སོགས་བྱིན་པ་ཡིས། །དབུ་ནི་གཙུག ་ཏོར་ལྡན་པ་ཉིད། །འཇམ་ཞིང་སྙན་པའི་ཚིག་སྨྲས་པས། །ལྗགས་ནི་རིང་ཞིང་སྲབ་པ་ཉིད། །དམ་ཆོས་ལེགས་པར་གོ་བྱས་པས། །དེ་བཞིན་ཚངས་པའི་གསུང་ཉིད་དོ། །སེམས་ཅན་ཀུན་ལ་ཚིག་བཀྱལ་པ། །སྤངས་པས་སེང་གེའི་འགྲམ་པ་ཉིད། །སེམས་ཅན་ཀུན་ལ ་ལེགས་བཀུར་བའི། །སྦྱིན་པ་སོགས་ཀྱིས་ཚེམས་དཀར་ཉིད། །འཚོ་བ་དག་པ་དོན་གཉེར་བས། །ཚེམས་ནི་མཉམ་པ་ཉིད་དུ་བརྗོད། །བདེན་ཚིག་ཀུན་དུ་སྤྱད་པ་ཡིས། །ཚེམས་ནི་ཐགས་ནི་བཟང་བ་ཉིད། །ཕྲ་མའི་ཚིག་ནི་སྤངས་བ་ཡིས། །ཚེམས་ནི་བཞི ་བཅུ་ཚང་བ་ཉིད། །སེམས་ཅན་ཀུན་ལ་མཉམ་ཉིད་དུ། །བལྟས་པས་སྤྱན་ནི་མཐོན་མཐོང་ཉིད། །ཁོང་ཁྲོ་སོགས་དང་བྲལ་ལྟས་པས། །རྫི་མ་བ་ཡི་ལྟ་བུ་ཉིད། །གསུངས་པ་འདི་དག་ཐུབ་ཆེན་གྱི། །མཚན་ནི་སུམ་ཅུ་རྩ་གཉིས་སོ། །འདུ་བྱེད་ཀུན་ལ་མ་ཆགས་པས། །ཐུབ ་པའི་སེན་མོ་ཟངས་མདོག་ཉིད། །སེམས་ཅན་ཀུན་ལ་ཕན་བསམས་པས། །སེན་མོའི་མདོག་ནི་སྣུམ་པ་ཉིད། །རིགས་ཀྱི་མཆོག་ལས་འཁྲུངས་པའི་ཕྱིར། །སེན་མོ་མཐོ་བ་ཉིད་ཡིན་ནོ། །ཚུལ་ནི་ཁ་ན་མ་ཐོ་བ། །མེད་པས་སོར་མོ་བླུམ་པ་ཉིད། །ལེགས་པར་དགེ་བ་བསཊ ་པ་ཡིས། །སོར་མོ་རྣམས་ནི་རྒྱས་པ་ནི། །མཐར་གྱིས་ཞུགས་པ་ཉིད་ཀྱིས་ནི། །སོར་མོ་བྱིན་གྱིས་ཕྲ་བ་ཉིད། །ལུས་སོགས་ལས་དང་འཚོ་བ་ནི། །རབ་བསྲུངས་རྩ་མི་མངོན་པ་ཉིད། །ཉོན་མོངས་མདུད་པ་རྣམ་དགྲོལ་བས། །རྩ་ཡི་མདུད་པ་མེད་པ་ཉིད། །སེམས ་ལ་ཆོས་ནི་སྤས་པ་ཡིས། །ལོང་བུ་མི་མངོན་པ་ཉིད་དོ། །སྐྱེ་བོ་ཀུན་བགྲོད་དཀའ་བསྒྲལ་བས། །ཞབས་མི་མཉམ་པ་མེད་པ་ཉིད། །མི་ཟིལ་གནོན་མཁས་བསོད་ནམས་ཀྱིས། །སེང་གེའི་སྟབས་སུ་གཤེགས་པ་ཉིད། །ཀླུ་ཟིལ་གནོན ་མཁས་བསོད་ནམས་ཀྱིས། །གླང་པོའི་སྟབས་སུ་གཤེགས་པ་ཉིད། །མཁའ་ལ་གཤེགས་མཁས་བསོད་ནམས་ཀྱིས། །དང་བའི་སྟབས་སུ་གཤེགས་པ་ཉིད། །སྐྱེས་བུ་ཁྱུ་མཆོག་བསོད་ནམས་ཀྱིས། །ཁྱུ་མཆོག་སྟབས་སུ་གཤེགས་པ་ཉིད། །བསྐོར ་ཕྱོགས་ལམ་མཐུན་གཤེགས་པ་ཡིས། །གཡས་སུ་ལྡོག་ཅིང་གཤེགས་པ་ཉིད། །མཛེས་པའི་དགེ་མཁས་ཉིད་ཀྱིས་ནི། །ཡང་དག་མཛེས་པར་གཤེགས་པ་ཉིད། །རྟག་ཏུ་གྱ་གྱུའི་སེམས་མེད་པས། །མི་གཡོ་བར་ནི་གཤེགས་པ་ཡིན། །རྣམ་དག་ཡོན ་ཏན་ཐོབ་པའི་ཕྱིར། །སྐུ་ནི་འཁྲིལ་བག་ཆགས་པ་ཉིད། །སྡིག་པའི་ཆོས་དང་མ་འཕགས་པས། །སྐུ་ནི་བྱི་དོར་བྱས་འདྲ་ཉིད། །འདུལ་བྱ་ཀུན་གྱི་སེམས་བརྟགས་ནས། །དམ་པའི་ཆོས་ནི་སྟོན་པ་དང། །ལུས་སོགས་གཙང་སྒྲའི་ཚུལ་གྱིས་ནི། །སྐུ་ནི་རིམ་པར་འཚམ་པ ་དང། སྐུ་སོགས་ཀུན་སྤྱོད་གཙང་བའི་ཕྱིར། །སྐུ་ནི་ཤིན་ཏུ་གཙང་བ་ཉིད། །ཐུགས་ནི་བརྩེ་ཆེན་གྱིས་བརླན་ཕྱིར། །སྐུ་ནི་ཤིན་ཏུ་འཇམ་པ་ཉིད། །ཐུགས་ནི་ཤིན་ཏུ་ཡོངས་དག་ཕྱིར། །སྐུ་ནི་རྣམ་པར་དག་པ་ཉིད། །ཆོས་འདུལ་བ་ནི་རྫོགས་པ་ཡིས། །ཐུབ་པའི ་མཚན་ནི་རྫོགས་པ་ཉིད། །ཡངས་མཛེས་ཡོན་ཏན་བརྗོད་པ་ཡིས། །སྐུ་ཡི་ཁོ་ལག་ཡངས་པ་ཉིད། །ཀུན་ལ་ཐུགས་ནི་སྙོམས་བའི་ཕྱིར། །གོམ་པ་ཤིན་ཏུ་སྙོམས་པ་ཉིད། །རྣམ་དག་ཆོས་ནི་ཡང་དག་སྟོན། །སྤྱན་ནི་ཤིན་ཏུ་ཡོངས་དག་ཉིད། །གོ་སླའི ་ཆོས་ནི་སྟོན་པའི་ཕྱིར། །ཤིན་ཏུ་གཞོན་ཤ་ཅན་ཉིད་དང། །ཐུགས་ནི་རྟག་ཏུ་མ་ཞུམ་ཕྱིར། །སྐུ་ནི་ཞུམ་པ་མེད་པ་ཉིད། །དགེ་བ་ཡང་དག་འཕགས་པ་ཡིས། །ཤིན་ཏུ་རྒྱས་ཤིང་མཐོ་བའི་སྐུ། །ཡང་སྲིད་པ་ནི་ཟད་པའི་ཕྱིར། །སྐུ་ནི་ཤིན་ཏུ་གྲིམས་པ་ཉིད། ་ཏེན་ཅིང་འབྲེལ་འབྱུང་གསལ་སྟོན་པས། །ཡན་ལག་རྣམ་པར་བྱེད་པ་ཉིད། །ཚིག་དོན་ཤིན་ཏུ་རྣམ་དག་པར། །སྟོན་པས་གཟིགས་པ་དག་པ་ཉིད། །བརྟུལ་ཞུགས་ཕུན་ཚོགས་སློབ་མ་ནི། །བསྡུས་པས་སྐུ་ནི་ཟླུམ་པ་ཉིད། །བདུད་སྟོབས་འཇོམས་པས་སྐུ་མ་ཞོམ། ་དེ་བཞིན་དམ་པའི་སྐུ་ཉིད་དོ། །ཆོས་ཟད་པ་ནི་བཟློག་པའི་ཕྱིར། །ཕྱལ་ནི་ཕྱ་དེ་བ་ཉིད་དོ། །ཤིན་ཏུ་ཟབ་པའི་ཆོས་སྟོན་པས། །ལྟེ་བ་ཟབ་པ་ཉིད་ཡིན་ནོ། །སློབ་མ་མཐུན་པར་འཛིན་པ་ཡིས། །ལྟེ་བ་གཡས་ཕྱོགས་འཁྱིལ་པ་ཉིད། །ཐམས་ཅད་དུ་ནི་རབ་མཛེས་པའོ། ། ་འཁོར་འབྱུང་བ་ཡི་ཆོས་ཉིད་ཀྱིས། །དེའི་ཕྱིར་ཀུན་ཏུ་རྟག་པར་ནི། །ཀུན་ནས་མཛེས་པ་ཉིད་ཡིན། །ཐུགས་ནི་ཀུན་དུ་ཡང་དག་ཕྱིར། །ཀུན་ཏུ་སྤྱོད་པ་གཙང་པ་ཉིད། །དུས་མིན་ཆོས་དང་བྲལ་བའི་ཕྱིར། །སྐུ་ལ་སྨ་བ་ནག་སྤག་མེད། །ལུས་སོགས་ཐོ?་མདོག་བདེ ་བ་ཡིས། །རྒྱུ་ཡི་ཆོས་ནི་བསྟན་པའི་ཕྱིར། །ཕྱག་གཉིས་ཤིང་བལ་ལྟ་བུར་ནི། །ཤིན་ཏུ་ལེགས་པར་འཇམ་པ་ཉིད། །དགེ་སྦྱོང་ཆེན་པོ་བརྙེས་པ་ཡིས། །ཕྱག་གི་རི་མོ་མདངས་ཡོད་ཉིད། །ཆོས་ཟབ་མོ་ལ་གནས་པའི་ཕྱིར། །ཕྱག་གི་རི་མོ་ཟབ་པ་ཉིད། །ཕྱི་རྗེས་སུ་ནི ་ཡང་དག་པར། །ཡོངས་དག་ཆོས་ནི་སྟོན་མཛད་དང། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། །ཕྱག་གི་རི་མོ་རིང་བ་ཉིད། །བསླབ་པ་རབ་མང་ཀུན་སྟོན་པས། །ཞལ་ནི་ཧ་ཅང་མི་རིང་ཉིད། །ཁམས་གསུམ་པོ་ནི་ཐམས་ཅད་ཀྱི། །ཤིན་ཏུ་རབ་ཏུ་གསལ་བར་ནི། །གཟུགས ་བརྙན་ལྟ་བུར་ཤེས་པའི་ཕྱིར། །མཆུ་ནི་བིམ་པ་ལྟར་དམར་ཉིད། །འཇམ་པོར་སྨྲས་པས་ལྗགས་མཉེན་ཉིད། །ཡོན་ཏན་མཆོག་མངས་ལྗགས་སྲབ་ཉིད། །ཆགས་པའི་བྱིས་པས་གཏིང་དཔག་དཀའ་ཨི། །ཆོས་ཀྱི་འདུལ་བས་ལྗགས་དམར་ཉིད། བསྙེངས་བ ་ཐམས་ཅད་མི་མངའ་བས། །འབྲུག་གི་སྒྲ་དང་ལྡན་པ་ཉིད། །ཤིན་ཏུ་སྙན་ལ་སོགས་གསུངས་པས། །གསུང་སྙན་མཉེན་ལ་འཇམ་པ་ཉིད། །སྲིད་པའི་ཀུན་སྦྱོར་བསྔམས་པའི་ཕྱིར། །མཆེ་བ་ཟླུམ་པ་ཉིད་ཡིན་ནོ། །གདུལ་དཀའ་ཨི་སེམས་ཅན་འདུལ་བའི་ཕྱིར། །མཆེ་བ ་རྣོ་བ་ཉིད་ཡིན་ནོ། །ཤིན་ཏུ་དཀར་བའི་ཆོས་ཀྱིས་ནི། །བཏུལ་ཕྱིར་མཆེ་བ་དཀར་བ་ཉིད། །མཉམ་པའི་ས་ལ་རབ་གནས་ཕྱིར། །མཆེ་བ་རབ་ཏུ་མཉམ་པ་ཉིད། །རིམ་པས་ཆོས་ནི་ངེས?་རྟོགས་ཤིང། །གསལ་བས་མཆེ་བ ་བྱིན་གྱིས་ཕྲ། །ཤེས་རབ་མཆོག་ལ་གནས་པའི་ཕྱིར། །ཤངས་ནི་མཐོ་ཞིང་ཡིད་དུ་འོང། །སྐྱེ་འགྲོ་གཙང་མ་ཕུན་ཚོགས་པས། །ཤངས་ནི་ཡང་དག་གཙང་བ་ཉིད། །ཆོས་ནི་ཤིན་ཏུ་རྒྱ་ཆེའི་ཕྱིར། །སྤྱན་ནི་སྤངས་པ་ཉིད་ཡིན་ནོ། །དོན་གི་ཚོགས་ནི་བསྡུས ་པ་ཡིས། །མཆོག་ཏུ་རྫི་མ་སྟུགས་པ་ཉིད། །གཞོན་ནུ་མ་ཀུན་མངོན་མགུ་བས། །སྤྱན་ནི་པད་འདབ་རྒྱས་འདྲ་ཉིད། །རྟག་ཏུ་ཕྱི་རྗེས་གཟིགས་པའི་ཕྱིར། །དེ་བཞིན་སྨིན་ཚུགས་རིང་བ་ཉིད། །ཆོས་འདུལ་འཇམ་པོ་ལ་མཁས་པས། །སྨིན་མ་ཤིན་ཏུ་འཇམ་པ ་ཉིད། ཐུགས་རྒྱུད་དགེ་བས་བརླན་པའི་ཕྱིར། །སྨིན་མ་ཤིན་ཏུ་སྣུམ་པ་ཉིད། །ཐམས་ཅད་དུ་ནི་སྐྱོན་གཟིགས་ཕྱིར། །སྨིན་མའི་སྤུ་ནི་མཉམ་པ་ཉིད། །མཆོག་ཏུ་གནོད་པ་བཟློག་མཛད་པས། །ཕྱག་ནི་རིང་ཞིང་རྒྱས་པ་ཉིད། །ཆགས་སོགས་གཡུལ ་ལས་ངེས་རྒྱལ་བས། །སྙན་གཉིས་མཉམ་པ་ཉིད་ཡིན་ནོ། །སེམས་ཅན་ཀུན་གྱི་རྒྱུད་ལ་ནི། །རབ་ཏུ་གནོད་པ་སྤངས་པ་ཡིས། །སྒྲ་གསན་སྙན་གྱི་དབང་པོ་ནི། །ཉམས་པ་རྣམ་པར་སྤངས་པ་ཉིད། །ལྟ་བས་བྱས་པ་ཐམས་ཅད་ཀྱིས། །གཞན་དུ་མི་འགྱུར ་བ་ཉིད་ཀྱིས། །དཔྲལ་བ་ལེགས་པ?་བྱེས་རྩོད་པ་ཀུན། །ཞི་བྱས་དབྱེས་ནི་ཆེ་བ་ཉིད། །སྨོན་ལམ་ཡོངས་སུ་རྫོགས་པ་ཡིས། །དབུ་ནི་ཡོངས་སུ་རྒྱས་པ་ཉིད། །འདོད་ལ་ཞེན་པ་བཟློག་པ་ཡིས། །དབུ་སྐྲ་བུང་བ་ལྟར་གནག་ཉིད། །མཐོང་དང་བསྒོམ་པའི་སྤང་བྱ་ནི། ། ་བཅོམ་པས་དབུ་སྐྲ་སྟག་པ་ཉིད། །བསྟན་པ་བློ་ནི་འཇམ་པོ་ཡིས། །ཡོངས་སུ་ཤེས་པས་དབུ་སྐྲ་འཇམ། །དྲི་མས་ཐུན་ནི་མ་འཁྲུགས་པས། །སྐྲ་ནི་མ་འཛིངས་པ་ཉིད་དོ། །རྟག་པར་ཚིག་རྩུབ་མ་བརྗོད་པས། །སྒྲ་ནི་མི་གཤོར་བ་ཉིད་དོ། །བྱང་ཆུབ་ཡན་ལག ་མེ་ཏོག་ནི། །བགྲམ་ཕྱིར་དབུ་སྐྲ་དྲི་ཞིམ་ཉིད། །རྟག་པར་ཀུན་ཏུ་མཛེས་པར་ནི། །འགྱུར་བའི་བསོད་ནམས་ཉིད་ཀྱིས་ནི། །དཔལ་བེའུ་དང་ནི་བཀྲ་ཤིས་མཚན། །དཔལ་གྱིས་མཛེས་པའི་ཕྱག་ཞབས་གཉིས། །འདི་དག་ནི་མཚན་སུམ་ཅུ་རྩ་གཉིས་དང། དཔེ ་བྱད་བཟང་པོ་བརྒྱད་ཅུ་སྟེ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་གནས་པའོ། །འདི་ནི་རྒྱལ་པོའི་ལམ་ལ་འཇུག་བ་ལས་སྐུ་བཞི་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།རྒྱལ་བའི་ལམ་འཇུག་ཡང་དག་པར། །སྦྱར་ལས་བསོད་ནམས་ཆད་མེད་གང། ། ་དེ་ཡིས་འགྲོ་ཀུན་རྒྱལ་བ་ཡི། །ལམ་ལ་ལེགས་པར་འཇུག་པར་ཤོག་།བདག་གི་བསོད་ནམས་འདི་ཡིས་ནི། །ནམ་མཁའ་ཀུན་ཁྱབ་སྐྱེ་བོ་རྣམས། །ངན་འགྲོ་ཀུན་ལས་ངེས་གྲོལ་ཞི། །མི་ཁོམ་ཐམས་ཅད་རྣམ་པར་སྤངས། །སྐྱེ་བར་ལྷ་དང་མི་ཡིན། །སྐྱེ་བ་ཡོངས་སུ་ཐོབ་པར ་ཤོག། སྲིད་པའི་སྡུག་བསྔལ་གྱིས་སྐྲག་པས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང། །དམ་ཆོས་ཉན་སེམས་དོན་བསྒོམ་དང། །སེམས་ནི་དབེན་པར་གནས་པར་ཤོག། ཐེག་པ་ཆེན་པོ་ལ་གནས་ཏེ། །ཚངས་པའི་སྤྱོད་དང་ལྡན་པར་ཤོག། ལམ་ཀུན ་རྣམ་པར་བསྒོམས་པ་ཡིས། །ས་ལ་སོགས་པ་ཀུན་ཐོབ་ནས། །ཞིང་ཀུན་ཡང་དག་སྦྱངས་ནས་སུ། །མྱུར་དུ་རྒྱལ་བ་ཐོབ་པར་ཤོག་།ཇི་སྲིད་འཁོར་བའི་གནས་སྐབས་སུ། །བསམ་པའི་དོན་ཀུན་ཐམས་ཅད་ནི། །ནམ་མཁའ་ཨི་མཛད་བཞིན་མཁའ་ཉིད་ནས། །སེམས ་ཅན་ཀུན་ལ་འབྱུང་བར་ཤོག་།ཕྱོགས་བཅུ་ནམ་མཁའ་ཨི་མཐར་གནས་པའི། །འཇིག་རྟེན་ཁམས་ནི་དེ་དག་རྣམས། །དོན་གྲུབ་འཇིག་རྟེན་ཁམས་བཞིན་དུ། །དེ་དག་ཐམས་ཅད་རྣམ་དག་ཤོག་།བདག་ཀྱང་བྱང་ཆུབ་སྙིང་པོའི་བར། །ཟང་ཟིང་མི་འཇིགས་དམ ་ཆོས་དང། །བྱམས་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ཅིང། །རྟག་པ་ཉིད་དུ་ཚངས་སྤྱོད་དང། །སྡོམ་པ་ཀུན་གྱིས་བསྔམས་པར་ཤོག་།སེམས་ཅན་དོན་ཀུན་བྱེད་པ་དང། །ཆོས་ཀུན་དོན་ནི་སྟོན་པར་ཤོག། ་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཀུན། །བདག་ལ་གནོད་པ་བྱེད་ཀྱང་ནི། །བདག་ནི་དེ་དག་ཐམས་ཅད་ལ། །ཕན་འདོགས་བྱེད་པ་ཉིད་དུ་ཤོག་།འཁོར་བའི་སྡུག་བསྔལ་བསྲན་ནས་བདག་།རྟག་པར་སེམས་ཅན་དོན་ལ་བརྩོན། སེམས ་ནི་དམ་ཆོས་བསམ་གཏན་ལ། །རོ་གཅིག་བསྟན་པ་ཉིད་དུ་ཤོག་།ཇི་ལྟར་བརྩོན་ལྡན་བརྩོན་འགྲུས་བཞིན། །བདག་ཀྱང་གོ་ཆ་སྦྱར་བ་དང། །དེ་བཞིན་མི་ལྡོག་པ་ཞེས་པའི། །བརྩོན་འགྲུས་དང་ནི་ལྡན་པར་ཤོག་།ཏིང་འཛིན་ཕུན་སུམ་ཚོགས་པ་ཡི། །ཚོགས་ཀྱི ་བྱང་ཆུབ་བསྒྲུབས་པ་ཡིས། །བསམ་གཏན་ཀུན་ལ་གཅིག་ཏུ་གནས། །བདག་སེམས་རྡོ་རྗེ་ལྟ་བུར་ཤོག་།ཤེས་རབ་ནམ་མཁའ་ཨི་མཛའ་ཁྱབ་པ། །རྡོ་རྗེ་ཡི་ནི་མཚན་ཉིད་དང། །རབ་མཐུག་ཀུན་དགའ་ཚོགས་དང་ནི། །སྙིང་རྗེའི་རོ་ཡིས་ངེས་གང་ཞིང། །ཐབས་དང་སྨོན ་ལམ་དེ་བཞིན་དུ། །སྟོབས་ནི་རབ་ཏུ་འབྱོར་བ་དང། །ཡེ་ཤེས་བདག་ཉིད་འདི་དག་ནི། །བདག་ལ་རྣམ་པར་དག་པར་ཤོག་།མངོན་ཤེས་ཀུན་གྱི་མཐར་ཕྱིན་ཏེ། །ཁྱད་པར་ལམ་ནི་ཐོབ་པར་ཤོག་།སངས་རྒྱས་ཞིང་ནི་རྣམ་སྦྱངས་ཏེ། །བདག་ནི་སངས་རྒྱས་ཉིད ་གྱུར་ཅིག་།འདི་ཉིད་ཀྱི་ནི་རིམ་པ་ཡིས། །བདག་གི་བསོད་ནམས་མཐུ་ཡིས་ནི། །འཁོར་བ་པ་ཡི་སེམས་ཅན་ཀུན། །མྱུར་དུ་རྒྱལ་བ་ཉིད་དུ་ཤོག་།བསོད་ནམས་ཡོངས་སུ་བསྔོ་བ་འདི། །བདག་ཉིད་ཀྱི་ནི་བློ་ཡིས་བྱས། །ཀུན་ནས་ཀུན་དུ་མ་ལུས་པ། །སངས ་རྒྱས་ཉིད་ཀྱིས་མཁྱེན་པས་ན། །ཀུན་དུ་བཟང་པོ་ཞེས་བགྱི་བའི། །སྨོན་ལམ་རྒྱ་མཚོ་ཇི་ལྟ་བ། །དེ་བཞིན་དུ་ནི་བདག་ལ་ཡང། །དགེ་བ་རྒྱ་མཚོ་དེ་མྱུར་དུ། །འབྲས་བུ་དང་ནི་བཅས་པར་ཤོག་།ཕྱོགས་བཅུ་ནམ་མཁའ་ཀུན་ཁྱབ་པའི། །སངས་རྒྱས་ཞིང་གི་རྒྱལ ་རྣམས་གང། །དེ་དག་ཇི་ལྟར་སྨོན་ལམ་ནི། །མངོན་དུ་བྱས་པའི་རིམ་པ་རྣམས། །དེ་ཙམ་ཉིད་དུ་བདག་གིས་ཀྱང། །བསམ་པ་བརྟན་པ་དེ་བཞིན་གྱི། །བསོད་ནམས་མཐུ་ཡིས་འདི་དག་ནི། །དེ་བཞིན་དུ་ནི་འགྲུབ་པར་ཤོག་།ཇི་ལྟར་དཔལ་ལྡན་འཇམ་དབྱངས ་ཀྱི། སྨོན་ལམ་དེ་ལྟར་བདག་གི་ཡང། །དུས་ནི་ཡུན་མི་རིང་བ་ཡིས། །སྨོན་ལམ་འདི་ནི་ཡོངས་རྫོགས་ཤོག་།སངས་རྒྱས་ཀུན་རྣམས་རང་རང་གི་།ཞིང་བཞུགས་མྱ་ངན་མི་འདའ་ཞིང། །མཁའ་མཉམ་ཆོས་ཀྱི་ཆར་གྱིས་ནི། །རྟག་ཏུ་སེམས་ཅན་ཕན་བྱེད་ཤོག། སེམས ་ཅན་རྣམས་ཀྱང་སངས་རྒྱས་ཆོས། །དགེ་འདུན་བཅས་པ་ཐམས་ཅད་ལ། །ལྷ་རྫས་མཆོད་སྤྲིན་མཛའ་ཡས་པས། །ཡང་དག་པར་ནི་མཆོད་བྱེད་ཤོག་།དེ་བཞིན་གཤེགས་པའི་ཡོན་ཏན་གྱིས། །འཇིག་རྟེན་ཁམས་ཀུན་གང་བར་ཤོག་།མཆོག་གི་ཆོས་རྣམས་སེམས ་འགྱུར་ཞིང། །སྲིད་པ་སྦྱོང་བར་བྱེད་པར་ཤོག་།ལུང་དོན་གང་དང་འགལ་བ་དང། །དོན་མེད་པའམ་ཡང་ན་ནི། །གོད་འོག་འཆོལ་དང་སྒྲ་ངན་ལྡན། །གཞུང་གི་སྐྱོན་ནི་ཅུང་ཟད་གང། །བརྩ་བ་ཅན་གྱིས་དག་བྱེད་པའམ། འོན་ཏེ་སྒྲོ་སྐུར་སྤངས་ཏེ་བྱས། །ཆོས་ཀྱི་བློ་ཙམ་གྱིས ་བྱས་ཕྱིར། །མཁས་པས་བདག་ལ་བཟོད་པར་རིགས། །བློ་ནི་ཞན་པར་གྱུར་པ་དང། །སོ་སོ་སྐྱེ་བོ་ཡིན་པའི་ཕྱིར། །འདིར་ནི་བདག་གིས་སྐྱོན་བསྡུས་གང། །སྦང་ཞིང་ཆོས་དང་མཐུན་བཟུང་སྟེ། །བློ་ཅན་བརྩེ་བས་བཟོད་པར་མཛོད། །འདི་ནི་རྒྱལ་པའི་ལམ་ལ་འཇུག་པ་ལས ་སྨོན་ལམ་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།ཇི་སྐད་བཤད་པའི་སྤང་བྱ་དོར། །གཟུང་བྱ་ཐམས་ཅད་བླང་བར་བྱ། །རྟོག་པ་ཐམས་ཅད་བསྡུ་བྱ་ཞིང། །ཆོས་ཀྱི་བདག་མེད་གོམས་པར་བྱས། །རང་གཞན་ཕྱིར་ནི་སློབ་དཔོན་ནི། །སངས་རྒྱས་ཡེ་ཤེས་དཔལ་གྱིས་བྱས ་རྒྱལ་བའི་ལམ་ལ་འཇུག་པ་ཡི། །ཆོས་བསྡུས་པ་ནི་རྫོགས་པའོ། །རྒྱལ་བའི་ལམ་ལ་འཇུག་པ་ཞེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་རིགས་པའི་གནས་ལྔ་ལ་སྦྱངས་ཤིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་བུདྡྷ་ཤྲཱི་ཛྙཱ་ན་ཞེས་བྱ་བས་མཛད་པ་རྫོགས་སོ།། །། ་ཨེ་མ། རྩོམ་པའི་ཚད་ལྡན་པཎ་ཆེན་གྱིས་མཛད་རྒྱལ་བའི་ལམ་འཇུག་འདི། །ཉུད་ལ་གསལ་རྫོགས་ལུང་རིགས་དང་འབྲེལ་དོན་ཆེན་ལྡན་མཐོང་སྟེ། །ལེགས་སྦྱར་སྐད་ཀྱིས་དབེན་པའི་མི་རྣམས་ལ་ནི་ཕན་འདོད་ནས། །རྩོད་དུས་སྐྱེས་ཀྱང་རིག་གནས་ལྔ་སྦྱངས་སྡོམ་གསུམ་ལ ་གནས་པའི། །བོད་ཡུལ་དབུས་ཀྱི་དགེ་སློང་དག་བཅོམ་ལེགས་པར་མཉན་ཏེ་བསྒྱུར། །ཕྲག་དོག་འགྲན་ཁེངས་དྲེག་སེམས་སྤངས་ཏེ་བླངས་ན་དོན་ཆེན་འགྱུར། །གང་དག་སྲིད་ཞེན་བློ་ཞན་འཚོ་མེད་ལོང་མེད་བསྒོམ་འདོད་སོགས། ། ་ཐོས་བྲལ་རྣམས་ཀྱང་འདི་ཙམ་ཅིག་ཉན་ནུས་ན་ཐོས་མང་འགྱུར། །གཞུང་འདིའི་ཚད་ནི་ཚིག་བཅད་སྟོང་དང་ཆིག་བརྒྱས་ལྷག་པ་སྟེ། །སྒྲ་དོན་དཔྱད་ནས་བསྒྱུར་ཀྱང་ནོངས་ན་མཁས་རྣམས་བཟོད་པར་བཞེས། །བརྩམས་ཞུས་བསྒྱུར་བའི་མཁན་པོ་གསུམ ་གྱིས་འབད་འབྲས་འདི་དར་ནས། །དགེ་དེས་བདག་སོགས་འགྲོ་ཀུན་རྒྱལ་བའི་ལམ་ཞུགས་ཀུན་མཁྱེན་ཤོག་།བསྒྱུར་བའི་དགོས་འབྲེལ་དང་གཞན་ལ་གདམས་པ་དང་བཟོད་པར་གསོལ་བ་དང་བསྔོ་བ་ལ་ཤཱོོ་ཀ་གསུམ་ལོ་ཙྪ་བས་བགྱིས་སོ།། །། ་སྭ་པ་ར་ཧེ་ཏ་བྷ་ཏུ་བདག་ཀྱང་གཞན་ལ་ཕན་པར་ཤོག། །།*། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ་སློབ་དཔོན་དཔལ་སྒྲ་གཅན་འཛིན་བཟང་པོས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ་