CLOSE WINDOW

N4147: mdo kun las btus pa chen po zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། མཧཱ་སཱུ་ཏྲ་ས་མུ་ཅཚ་ཡ་ནཱ་མ། བོད་སྐད་དུ། མདོ་ཀུན་ལས་བཏུས་པ་ཆེན་བོ་ཞེས ་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ ་ལོ། །གཞི་ཆེན་པོའི་མདོ་ལས། ཡང་ཇི་ལྟར་དགེ་སློང་དག་གིས་མདོ་སྡེ་དག་ལས་དོན་ཕྱུང་ནས་གཏམ་དུ་བྱ་བ་སྦྱོར་བར ་འཚལ་བར་འགྱུར་ཞིང་ཆོས་བསྟན་པ་མཐར་གྱིས་གང་དག་པར་གནས་པར་འཚལ་བར་འགྱུར། །ཇི་ལྟར་ན་འགྱོད་པར་མི་འགྱུར་ཞིང་མདོ ་སྡེ་ཉམས་པར་མི་འགྱུར་བ་ཉིད་ལགས་ཞེས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནང་བར་བྱ་ཡིས། མདོ་སྡེ་དག་ལས་དོན་ཕྱུང་ནས་གཏམ་དུ་བྱ་བར་སྦྱར་བར་བྱའོ། ། ་ཆོས་སྟོན་པའི་རིམ་པ་མཐར་གྱིས་ཡང་དག་པར་གནས་པར་བྱ། །མདོ་སྡེ་དག་ཀྱང་དེ་ཁོ་ན་ལྟར་བཞག་པར་བྱའོ། །སྐྱེ་དགུའི ་བདག་མོ་ཆེན་མོས་ཁྱོད་ཀྱིས་བུ་འདི་ཆོ་འཕྲུལ་ཡ་མ་ཟུང་མཛད་དེ་སྐུའི་སྨད་ནས་མེ་འབར། སྐུའི་སྟོད་ནས་ཆུའི་རྒྱུན་བསིལ་བ ་འབབ། སྐུའི་སྟོད་ནས་མེ་འབར། སྐུའི་སྨད་ནས་ཆུའི་རྒྱུན་བསིལ་བ་འབབ་བོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དགའ་མགུ་ཡི་རངས་མཆོག་ཏུ་དགའ་ ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་བདག་ཉིད་དོང་ངོ། །དོང་ནས། དགའ་བ་དང་གུས་པས་ཆུའི་རྒྱུན་དེ་དག ་ལས་ཆུ་བླངས་ཏེ། བདག་ཉིད་ལས་མངོན་པར་གཏོར་ཞིང་གདོང་ཡང་འཁྲུ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་དགུའི་བདག་མོ་གཽ་ཏ ་མ་ལ་བྱམས་པའི་ཐུགས་ཀྱིས་ཁྱབ་པར་མཛད་དོ། །དེ་ཆུའི་རྒྱུན་དེ་དག་གིས་རེག་པས་དེའི་ལུས་བདེ་བར་གསལ་བར་གྱུར་ཏོ། །རབ་རིབ་དེ་དང་བྲལ ་ཞིང་མིག་ཀྱང་སྔ་མ་བཞིན་དུ་རྣམ་པར་དག་པར་གྱུར་ཅིང་དེ་ནས་ཆོས་མཆོག་ཏུ་གྱུར་ཏོ། །དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་གསང་བ་མི ་མངའ་ཨོ། །སྣོད་དུམ་གྱུར་པ་ནི་མ་གཏོགས་ཏེ། སེམས་ཅན་དམན་པ་དག་ལ་ཇི་ལྟ་བ་བཞིན་རྟོགས་པ་མེད་པའི་ཕྱིར་རོ། །ཤ་རདྭཱ་ཏིའི་བུ་དེའི ་ཕྱིར་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུའི་ངོ་བོ་འདི་འཁོར་བཞི་ལ་རྒྱས་པར་སྟོན་ཅིག་།ཡང་དག་པར་རབ་ཏུ་གསལ་བར་གྱིས་ཤིག་།ཤ ་རདྭཱ་ཏིའི་བུ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་ཐོབ་པ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པ་དང་ལྡན་པར་འགྱུར ་རོ། །གང་དག་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་འདི་ལྟ་བུའི་ངོ་བོ་འདི་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་མི་འཐོབ་ཅིང། །ཕྱི་ནས་མ ་དང་ཕ་ཉེ་བར་སྟོན་པ་དེ་དག་ནི་འདིར་ཚུལ་ཁྲིམས་ཉམས་པའམ། ལྷག་པར་རློམ་པ་འམ། ཆོས་ཡོངས་སུ་མ་དག་པ་སྟོན་པར་འགྱུར་རོ། །གླེད་གཞི་ནི་མཉན ་ཡོད་དུ་སྟེ། ཡང་དེའི་ཚེ་དགེ་སློང་རྣམས་ཀྱིས་ཁྱིམ་པའི་དྲུང་དུ་འདུལ་བ་བཤད་པ་དང། །ཁྱིམ?་པ་རྣམས་ཀྱིས་གང་ལ་སློབ་པར་འགྱུར་བ་དོན་འདི་དག་སྦྱོང་གོ་ཏ་མས་ཉན་ཐོས་རྣམས་ལ་བསླབ་པ་བཅས་མོད་ཀྱི ་དེ་དག་ནི་ཕྱི་ནས་བསླབ་པ་དག་ལ་མི་སློབ་ཅིང། དེ་བཞིན་དུ་ཁོ་བོ་ཅག་གིས་མདུན་དུ་འདུལ་བ་འཆད་དོ་ཞེས་སྨོད་པར་བྱེད་གཞོགས་འཕྱས་བྱེད་ཁ་ཟེར་བར་བྱེད་དོ། །དགེ་སློང་རྣམས་ཀྱིས་སྨོད་པར་བྱེད་པ་དང། གཞོཌ ་འཕྱས་བྱེད་པ་དང། ཁ་ཟེར་བར་བྱེད་པའི་མི་རྣམས་ལ་ཐོས་པར་བྱས་པ་ནས། བཅོམ་ལྡན་འདས་ལ་གསོལ་བའི་བར་དང། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་ཁྱིམ ་པ་རྣམས་ཀྱི་དྲུང་དུ་འདུལ་བ་བཤད་པར་མི་བྱའོ། །གང་འཆད་པ་ལ་ནི་ལྟུང་བ་ཉེས་བྱས་སུ་འགྱུར་རོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པ་གསལ་རྒྱལ་གུས་པ་དང་བཅས་རྗེས་དང་བཅས་པས་དགེ་སློང་རྣམས་ག་ལ ་བ་དེར་དོང་བར་གྱུར་ཏོ། །དོང་ནས་ཀྱང་འདི་སྐད་དུ་འཕགས་པ་རྣམས་ཀྱི་ཆོས་ཟབ་མོ་གང་ཡིན་ཞེས་སྨྲས་པ་དང། གང་འདི་འདུལ་བ་ཞེས་བྱའོ། །འཕགས་པ་རྣམས་ལེགས་སོ། །ཁོ་བོ་ཅག་གི་མདུན་དུ་ཤོད་ཅིག་། ་དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་ལྟར་བཅོམ་ལྡན་འདས་ཀྱིས་བཀག་པ་ལྟར་ཁྱིམ་པ་རྣམས་ཀྱི་དྲུང་དུ་འདུལ་བ་བཤད་པར་མི་བྱའོ་ཞེས་བྱ་བ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་ ་སྩལ་པ། ངས་གནང་བར་བྱ་ཡིས་དེ་ལྟ་བུའི་རང་བཞིན་ཅན་གྱི་རྒྱལ་རིགས་རྣམས་ཀྱི་མདུན་དུ་བཤད་པར་བྱའོ། །ཇི་ལྟར་དགེ་སློང་རྣམས་ལ་གཞོགས་འཕྱས་སུ་མི་འགྱུར་བ་དེ་ལྟར་བཤད་པར་བྱའོ་ཞེས ་བྱ་བའི་བར་དུ་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཁྱིམ་པ་འདུལ་བ་འཛིན་པ་ལ་བརྟེན་ཏེ། ལྟུང་བ་འདུལ་བ་དང་ཉོན་མོངས་པ་འདུལ་བ་ལ་བརྩོན་པར་བྱའོ། །མ་མོ་འཛིན་པ་ལ ་བརྟེན་ཏེ། ལུས་དང་ངག་དང་ཡིད་སྡོམ་པ་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས ་པ་ལ་གསང་བའི་ཆོས་བསྟན་པག་ལ་ཡོད། གསང་བ་གང་ཡིན་པ་དེ་ནི་ཡོངས་སུ་བསགས་པའོ། །དེ་བཞིན་གཤེགས་པའི་དགེ་འདུན་མ་འདུས་མ་བྱས་པའི་དེ་བཞིན་གཤེགས་པ་འདི་ག་ལས་འགྱུར་ཞེ་ན། གསང་བའི་ཆོས ་བསྟན་པ་ལས་ཏེ། འདའ་བར་བྱ་བ་མ་ཡིན་པ་གང་གསང་བ་ནི་དམ་ཚིག་དང་བསགས་པའོ་ཞེས་གསུངས་སོ། །རབ་ཏུ་བྱུང་བར་འགྱུར་བའི་སྦྱིན་པ་བསྟན་པ་ལ། ཉན་ཐོས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཇི་ལྟར་དད ་པས་སྦྱིན་པར་བྱ་བ་ཟ་བར་འགྱུར། གང་ཆུད་ཟ་བར་མི་འགྱུར་བར་ཇི་ལྟར་ཡོངས་སུ་སྟོང། དེ་ཡང་གང་ཆུད་ཟ་བར་མི་འགྱུར་བར་རོ། བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་བསྟན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བསླབ་པ་ལས་འདས་ནས་ཇི་ལྟར་ཡང་སྦྱིན་པ་མི་གཏོང་ངོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དད་པས་སྦྱིན་པ་གནང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྦྱོར་བ་དང་གྲོལ་བ་ལ་ངས་དད་པས་སྦྱིན་པ་གནང་ངོ་ཞས་གསུངས་སོ། །ཚངས་པས་བྱིན་གྱིས་ཞུས་པའི་བདོ ་ལས་ཀྱང། མི་སྦྱོར་བ་ལ་རང་རྟག་ཏུ་འགལ་འགྱུར་ཏེ། །ཇི་ལྟར་རྒྱ་མཚོ་ཆེ་དང་རོ་བཞིན་ནོ། །ཇི་ལྟར་སྐྱེ་བོ་བྱ་དང་འཕྲད་པ་བཞིན། །དེ་ནི་མཁས་པ་རྣམས་དང་ཤིན་ཏུ་རིང། །ནད་མེད་དེ་ནི་འཁྲུལ་བ་ཚོལ་པར་བྱེད། བྲེ་མི་གཏམ་སྨྲའི་སྤྱོད་ཡུལ་ཆོགས ་ལ་དགའ་། །རྒྱལ་བ་རྣམས་ཀྱི་བསྟན་ལ་མ་གུས་འགྱུར། །འདི་ནས་ཤི་འཕོས་མྱུར་དུ་དན་འགྲོར་འགྲོ། །མི་སྦྱོར་བ་ལ་དྲན་མེད་ཤེས་རབ་མེད། །མྱ་ངན་མི་འདའ་མི་གྲོལ་ཚུལ་ཁྲིམས་མེད། །དེ་ནི་དམུས་ལད་ལམ་དང་རིང་པ་བཞིན། །འཕགས ་པའི་ལམ་དང་ཤིན་ཏུ་རིང་བས་རིང། །གང་ཟག་མི་སྦྱོར་དེ་ནི་སྨྲ་བ་མང། །རྒོད་ལ་དགའ་ཞིང་རྟག་ཏུ་དབང་པོ་གཡེངས། །དེ་ནི་བསྟན་ལ་ཆུ་རའི་ཆུ་འོས་མིན། །དེ་ནི་གྲོད་ཟས་ལྕགས་ཀྱི་ཐུ་ལུམ་ཟ། །སྦྱིན་པ་པོ་ཡིས་དང་པས་བྱིན་པ་ནི། སྦྱར་དང་གྲོལ ་བ་ང་ཡིས་གནང་བ་ཡིན། །མི་སྦྱོར་བ་ནི་ཁམ་གཅིག་ཟེས་ན་ཡང། །ངོ་ལོན་རི་རབ་ཙམ་ཡང་བྱ་བ་ཡིན། །སྦྱོར་བ་གང་ཡིན་རྣམས་ཀྱང་འདི་ལ་འཛོམ། །མི་སྦྱོར་དེ་ཡིས་རྒད་ཅིང་ཟོས་ན་ནི། །གླང་ཆེན་བ་ལང་རྟ་བོང་མངལ་དུ་སྐྱེ། །དེ་དག་དེ་ཟོས་བརྙས ་པའི་གཟུགས་སུ་འགྱུར། །དེ་དག་མདོག་ངན་ཉམས་སུ་སྨད་པར་འགྱུར། །ཟས་བསླངས་ཟོས་པ་མི་གཙང་དྲི་དར་འགྱུར། །དེ་དག་དབྱུག་པས་བསྣུན་པས་སྤྱོད་བར་འགྱུར། །སེམས་ཀྱང་གཡེང་ཞིང་དྲན་པ་རྣམ་པར་ཉམས། །སློངས་མོ་བྱེད་ཅིང་སྨྱོན་པ་དག ་ཏུ་འགྱུར། །བསྟན་པ་བསོད་ནམས་སྟེགས་འདི་ཐོབ་ནས་ཀྱང། །བག་མེད་གྱུར་ཏེ་ངན་འགྲོར་ལྟུང་བར་འགྱུར། །ལོ་ནི་བྱེ་བ་ཁྲག་ཁྲིག་མཛའ་ཡས་པར། །ངན་སོང་སྡུག་བསྔལ་མང་པོ་དེས་མྱོང་ནས། །མི་ཁོམ ་མི་ཡི་འཇིག་རྟེན་སླར་ཐོབ་ནས། །སྡིག་བྱས་ཕྱིར་ཡང་ངན་འགྲོར་ལྟུང་བར་འགྱུར། །ལྕགས་ཀྱི་ཐུ་ལུམ་རྒྱ་མཚོ་ཆེན་པོ་ཡི། །ནང་དུ་ལྟུང་བར་འགྱུར་ན་གནས་མེད་དེ། །ལོ་ནི་བྱེ་བ་ཕྲག་སྟོང་སྙེད་དུ་ཡང། །རྒྱ་མཚོ་ཆེ་ལས་སླར་ནི་དབྱུང་མི་ནུས། །དེ ་བཞིན་བྱིས་པ་ངན་འགྲོར་ལྟུང་བ་ཡང། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྙེད་དུ། །དེ་དག་མི་སྐྱེ་བ་ཡང་ཐེ་ཚོམ་ཟ། །དེ་དག་མཐོ་རིས་བྱང་ཆུབ་ག་ལ་ཐོབ། །བསམ་པ་དག་ཅིང་རྟག་ཏུ་བརྩོན་པ་དང། །ལེགས་པར་བསྔམས་ཤིང་གཡོ་སྒྱུ་མེད་པ ་དང། །མཉམ་པའི་སེམས་ཀྱིས་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་མཁྱེན་ཉིད་དཀའ་བ་མེད་ཅེས་གསུངས་སོ། །ཟས་ཀྱི་ཕུང་སྦྱོད་བའི་ཚུལ་ལས་ཀྱང། །ཁྱོད་ཀྱི་ཟས་གཏོང་བ་ལ་བསླབ་པར་བྱའོ། །དགེ་སློང་གིས་བཟའ་བ་ལྔ་བླངས་ནས་མ ་འབག་པར་སྦྱིན་པར་བྱ། །སྦྱིན་པར་བྱེད་པས་འགའ་ཞིག་ལ་སྦྱིན་པར་བྱ་སྟེ། ཕ་དང་མ་ལ་སྦྱིན་པར་བྱ། །ཁྱིམ་པ་ནད་པ་སྐྱེད་མོས་ཚལ་ན་འདུག་པ་ལ་སྦྱིན་པར་བྱ། །ལས་བྱེད་པ་ལ་སྦྱིན་པར་བྱ། །ཕན་འདོགས་པ་ལ་སྦྱིན་པར་བྱ། །འཆིང་བས་བཅིངས ་པ་ལ་སྦྱིན་པར་བྱ། །བུད་མེད་སྦྲུམ་མ་འོངས་པ་གལ་ཏེ་རེ་བ་ན་དྲན་པ་ཉེ་བར་གཞག་སྟེ་སྦྱིན་པར་བྱ། །རབ་ཏུ་འབྱུང་བར་འདོད་པ་ལ་སྦྱིན་པར་བྱའོ། །སྟེང་བ་ན་དད་པས་སྦྱིན་པ་ལ་ཆུང་ཟོས་པ་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ་དད་པས་སྦྱིན་པ་ཆུང་ཟ་བ་ལས། ་ཡང་དེ་དག་དུ་ཞིག་ཅེ་ན། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་པ་ཚུལ་ཁྲིམས་འཆལ་པ་ལ་བྱིན་ན་དང་པས་སྦྱིན་པ་ཆུད་ཟ་བར་བརྗོད་པར་བྱའོ། །ཡང་དག་པར་ལྟ་བ་ལ་བྱིན་པ་ལོག་པར་ལྟ་བ་ལ་བྱིན་ན་དང་བས་སྦྱིན་བ་ཆུད་ཟ་བར་འགྱུར་རོ། །ཡང་དག་པར་ཞུགས ་བ་ལ་བྱིན་པ་ལོག་པར་ཞུགས་པ་ལ་བྱིན་ན་དད་པས་སྦྱིན་པར་བྱ་བ་ཆུང་ཟ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས། །དང་པས་སྦྱིན་པ་ཕ་དང་མ་ལ་སྦྱིན་པར་བྱའོ། །གང་དག་འབྱོར་པ་དང་ལྡན་པར་འགྱུར་བ་དེ་དག་ལ་ནི་ཆོས་ཀྱི་སྦྱིན ་པ་སྦྱིན་པར་བྱ། །གང་དག་སྡུག་བསྔལ་བ་ཉིད་དུ་འགྱུར་བ་དེ་དག་ལ་ནི་སྦྱིན་པར་བྱ་ཞིང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་དག་ལ་ཡང་དག་པར་ཞུགས་པར་བྱའོ། །ཚུལ་ཁྲིམས་དང་ཐོས་པ་དང་བསམ་གཏན་ཏེ། གནས་གསུམ་པོ ་དག་ལ་མངོན་པར་མི་བརྩོན་པར་ཟ་ན་དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་རྣམས་ཀྱི་ཐང་པས་དད་པས་སྦྱིན་པ་བླངས་ཏེ་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་གཞན་དག་ལ་རྗེས་སུ་བྱིན་ན། དང་པས་སྦྱིན་པ་ཆུད་ཟ་པར་འགྱུར་རོ ་མི་བཀྲེས་པར་ཟ་ན་དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །ཆོད་ཤེས་པ་མེད་པར་ཟ་ན་དང་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །དེ་ཇི་ཙམ་གྱིས་ཆོག་པར་འགྱུར་བཞིན་དུ་དེ་ལས་ལྷག་པར་ཁམ་གཅིག་ཀྱང་ཟ་ན་དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་ཏེ། དེའི་ཕྱིར ་ཁྱོད་ཀྱིས་ཆུང་མི་ཟ་བར་བྱའོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་བྱང་ཆུབ་སེམས་དཔའ་ཨི་ས་ལས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ཡང་དག་པར་སློང་བ་པོ་གང་ཞེ་ན། སྡུལ་ཅན་ཉིད་དང་མགོན་མེད་པ་དང་འཇུངས་པ་དང། རྟེན་མེད་པ་རྣམས་ནི། གང་ལ་སྦྱིན་པ ་བཏང་བ་བྱང་ཆུབ་སེམས་དཔའ་ཨི་ཞིང་ངོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང། བསོད་སྙོམས་པའི་དབང་དུ་བྱས་ནས། ཆ་གཅིག་ཚངས་པ་མཚུངས་པར་སྦྱེད་པ་རྣམས་ལ་བཞག་པར་བྱའོ། །གཉིས་པ་ནི་སེམས་ཅན་སྡུག་བསྔལ་བར་གྱུར་བ་རྣམས ་ལའོ། །གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་པ་རྣམས་ལའོ། །བཞི་པ་ནི་བདག་ཉིད་ཀྱིས་བཟའ་བར་བྱའོ་ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང། དགེ་སློང་དགོན་པའི་དབང་དུ་བྱས་ཏེ། ཆ་གཅིག་གྲོང་ཁྱེར་ཐམས་ཅད་ཀྱི་དབུལ་པོ་ལ་སྦྱིན ་པར་བྱའི། །གཉིས་པ་ནི་དགོན་པ་ན་གནས་པའི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ལ་སྦྱིན་པར་བྱའོ་ཞེས་གསུངས་སོ། །བདེན་བའི་རྣམ་པའི་མདོ་ལས་ཀྱང། གང་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར ་བྱུང་བ་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་དེས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱ། ཅི་ཞིག་སྦྱིན་པ་སྦྱིན་པར་བྱ། སྦྱིན་པའི་ངོ་བོ་ཇི་ཙམ་ཞིག་སྦྱིན་པར་བྱ་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། བྱང་ཆུབ་ཀྱི་ཡན ་ལག་ལ་མངན་པར་བརྩོན་པ་དེས་སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡམ་པར་བྱའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱ། །ཁ་ན་མ་ཐོ་བ་རྡུལ་ཕྲན་ཙམ་ལ་ཡང་འཇིགས་པར་ལྟ་བ་དང། ལུས་དང་ངག་དང་ཡིད་ལས་ཀྱི་མཛའ་ཡོངས་སུ་དག་པ་དང། ་འཚོ་བ་ཡོངས་སུ་དག་པ་དང། ཡང་དག་པར་བླངས་ནས་བསླབ་བ་ལ་བསླབ་པར་བྱའོ། །དེས་བསྟན་པ་ལ་བླ་མར་བྱ། ཁ་ཏོན་ལ་བླ་མར་བྱ། ཚུལ་ཁྲིམས་ལ་བླ་མར་བྱ། དགོན་པར་གནས་པ་ལ་བླ་མར་བྱའོ། །ཆོས་ཇི་སྐད་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པ་རྣམས ་རྒྱས་པར་གཞན་དག་ལ་བསྟན་པར་བྱ། ཆོས་ཀྱི་སྦྱིན་པ་པར་འགྱུར་བར་བྱ། ཆོས་ཀྱི་སྦྱིན་བདག་ཏུ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ཞིག་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ལ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་སྟོན་པར་བྱེད་ན། འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། ། ་ཤཱ་རིའི་བུ་དེ་བཞིན་གཤེགས་པས། རབ་ཏུ་བྱུང་བ་ལ་ནི་ཟང་ཟིང་གི་སྦྱིན་པ་མ་གནང་ངོ?། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པས་རིམ་གྲོ་དང་བཅས་པས་བསྐལ་པ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པར་ཁྱིམ་བའམ། རབ་ཏུ་བྱུང་བ་ལ་ཆོས་གོས ་དང་བསོད་སྙོམས་ཀྱི་མགྲོན་དུ་གཉེར་བ་མ་གནང་སྟེ། ཆོས་ཉིད་ལ་གུས་པ་དང་བླ་མ་དང་རི་མོར་བྱས་ནས་ཉེ་བར་བསྟེན་ཏེ་གནས་པ་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དའི་ཉན་ཐོས་རྣམས་ནི་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཀྱི། ཟང་ཟིང་གི་སྦྱིན་པ་སྦྱིན ་པ་ནི་མ་ཡིན། །ཤཱ་རིའི་བུ་གང་གི་རྙེད་པ་ལྷུང་བཟང་དུ་ལྷུང་ཞིང་ལྷུང་བཟེད་དུ་ཆུད་པ་ཆོས་དང་ལྡན་པ་ཆོས་ཀྱིས་རྙེད་པ། དེས་ཆངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་བཟའ་བར་བྱའོ་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང། དེ ་ལ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀོཎྜི་ནྱ་ལ་བཀའ་སྩལ་པ། ཀཽཎྜི་ནྱ་སེམས་ཅན་རྣམས་ཀྱི་རང་སླུ་བ་ལ་ལྟོས། སེམས་ཅན་དབུལ་བའི་འཇིགས་པས་འཇིགས་པ་རྣམས་ཀྱིས། ཆོས་ལ་གནས་པའི་དགེ་སློང་རྣམས་ལ་ཕན་གདགས་པར་བྱ་བའི ་ཕྱིར། རང་གི་ཡོ་བྱད་ཀྱི་དངོས་པོ་སྣ་ཚོགས་པ་གང་དག་ཕུལ་བ་ལས། ལ་ལ་ནི་རང་ཉིད་ཀྱིས་ཡོངས་སུ་སྤྱད། ལ་ལ་ནི་ཡོངས་སུ་ལོངས་སྦྱད་པའི་ཕྱིར་གཞན་དག་ལ་བྱིན། ལ་ལ་ནི་ནན་གྱིས་ཕྲོགས་ཤིང་ཡོངས་སུ་སྦྱད་ལ། དེ་ལྟར་ངན་སོང་གསུམ་དུ་སྡུག་བསྔལ ་བསྟེན་ཏོ། །ཡང་སེམས་ཅན་དབུལ་བའི་འཇིགས་པས་འཇིགས་པ་གང་དག་འཁོར་བའི་བཙོན་ར་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར། སྡོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེ་ལྟར་རབ་ཏུ་བྱུང་མ་ཐག་ཏུ། ་རྣལ་འབྱོར་ཡིད་ལ་བྱེད་པ་དོར་ཞིང་ཆོས་དང་ལྡན་པའི་ཁ་ཏོན་དོར་ནས། ཆོས་ལ་གནས་པའི་དགེ་སློང་རྣམས་ལ་དངོས་པོ་སྣ་ཚོགས་པ་དེ་ལྟར་ཕུལ་བ་དེ་དག་།ཁ་ཅིག་གིས་ནི་རང་གིས་ཡོངས་སུ་སྤྱད། ཁ་ཅིག་གིས་ནི་ཁྱིམ་ན་གནས་པ་རྣམས་ལ་བྱིན་ཏེ། ང་གཉིས ་ཀ་ངན་སོང་གི་སྡུག་བསྔལ་གྱིས་བཅོམ་པར་གྱུར་ཏོ། །ཉེས་དམིགས་འདི་གཟིགས་པས་ན་བདག་གིས་ཉན་ཐོས་རྣམས་ལ་དྲན་པ་བསྐྱེད་པའི་ཕྱིར་རབ་ཏུ་བསྟན་པར་བྱའོ། །ངའི་ཉན་ཐོས་སུས་ཀྱང་དགེ་སློང་ལ་ཕུལ་བ་དང། དགེ་སློང་གི་དགེ་འདུན་ལ་ཕུལ ་པའི་མེ་ཏོག་དང་འབྲས་བུ་དང་ལོ་མ་དང་བཅུང་ཁྱིམ་ན་གནས་པ་རྣམས་ལ་སྦྱིན་པར་མི་བྱ་ཞིང། ཡང་གང་ཟག་གི་འདུ་ཤེས་ཀྱིས་ཀྱང་ཡོངས་སུ་སྤྱད་པར་མི་བྱའོ། །དགེ་སློང་གཞན་ལ་ཉོ་ཚོང་མི་བྱའོ། །སེམས་ཅན་གྱི ་ཟང་ཟིང་ཡོངས་སུ་བཟུང་བའི་རྐྱེན་བསྒྱུར་བཟློག་དང་གསེར་སྒྲུབ་པས་ངན་སོང་གི་སྡུག་བསྔལ་དུ་ལྟུང་བར་མི་བྱའོ་ཆོས་ཀྱི་བསྡུ་བས་སེམས་ཅན་རྣམས་བསྡུ་བར་བྱའོ། །མི་ཕྱེད་པའི་དད་པ་བཞི་དང། ཐེག་པ་གསུམ་དང་རྣམ་པར་ཐར་པའི་སྒོ་གསུམ་པ་དག ་ལ་རྣམ་པར་གནས་པར་བྱའོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་རབ་ཏུ་བྱུང་བ་ལ་གཞོལ་པར་བྱའོ། །དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གལ་ཏེ་བདག་གིས་ཉི་མ ་གཅིག་ལ་མཆོད་སྦྱིན་གངྒཱའི་ཀླུང་གི་བྱ་མ་སྙེད་ཀྱང་སྦྱིན་པར་བྱེད། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་ན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་སེམས་ཀྱིས་ཟིལ་གྱིས་གནོན་ཏོ། །བདག ་གིས་སྦྱིན་པ་ལ་སྙིང་པོར་དགའ་བར་རིག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་སྦྱིན་པ་ནི་དམན་ཏེ། ཅི་དད་པ་མེད་པ་དང་བྱས་པ་མི་ཤེས་པ་དང། ཆོམ་རྐུན་པ་དང་གདོལ་པ་དང་རྒྱལ་པོས་བཀྲབས་པ་དང། བློན་པོ་རྣམས་ཀྱང་སྦྱིན་པ་སྦྱིན་པར ་མི་བྱེད་དམ། ཁྱིམ་བདག་ཡང་བདག་གིས་སྦྱིན་པ་ལ་སྙིང་པོ་ལ་དགའ་བར་རིག་པར་མི་བྱའི་བདག་གིས་ཐོས་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སྙིང་པོ་ཅན་དུ་འགྱུར་བར་བྱའོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་གྱང། བྱམས་པ་ཡང་ཕྱི་མའི་ཚེ། ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ། ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆོས་གོས་དང་བསོད་སྙོམས་ཀྱི་ཆེད་དུ། མེ་ཏོག་གི་སྐྱེས་དག་དང། ་འབྲས་བུའི་སྐྱེས་དག་དང། ལོ་མའི་སྐྱེས་དག་དང། ཡོ་བྱད་ཀྱི་སྐྱེས་དག་དང། བྱས་པ་ལ་ལན་དུ་བྱས་པའི་སྐྱེས་དག་གིས་ཁྱིམ་རྣམས་སུ་འགྲོ་བར་འགྱུར་བས། བྱམས་པ་དགེ་སློང་གིས་ནི་མེ་ཏོག་འཕྲེང་བརྒྱུད་ལྟ་བུར་མི་བྱ་ཞིང། བྲན་དང་ལས་མི་ལྟ་བུར་ཡང་མི ་བྱའོ། །བྱམས་པ་དགེ་སློང་ཁྱིམ་རྣམས་སུ་འགྲོ་བར་འདོད་པས་ནི། ཆོས་ཀྱི་སྐྱེས་ཀྱིས་འགྲོ་བར་བྱ་བ་མ་གཏོགས་པར། སྐྱེས་གཞན་བསྐུར་བར་མི་བྱ་སྟེ། དེས་ནི་མང་དུ་ཐོས་པ་དང། གཞུང་ལ་ཤིན་ཏུ་ཞུགས་པ་དང། འཇིགས་པ་མེད་པ་དང། བརྐམ་ཆགས་མེད ་པ་དང། ཚུལ་འཆོས་པ་མེད་པ་དང། ཁ་གསག་མེད་པ་དང། བདག་གིར་བྱ་བ་མེད་པར་བྱ་ཞིང། ཆོས་ལ་དགའ་བ་བསྐྱེད་ནས། ཁྱིམ་རྣམས་སུ་འགྲོ་བར་བྱའོ། །ཁྱིམ་རྣམས་སུ་སོང་ནས་ཀྱང། སངས་རྒྱས་དང། ཆོས་དང། དགེ་འདུན་གྱི་བསྔགས་བ་བརྗོད་པར་བྱ་བ་དང། ་སྦྱིན་པ་དང་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་བསྔགས་པ་བརྗོད་པར་བྱ་ཞིང། ཆོས་ཀྱི་གཏམ་བྱ་བའི་སྐྱེས་མ་གཏོགས་པར་ཁང་ཁྱིམ་གྱི་ཆེད་དམ། ཞིང་ལས་ཀྱི་ཆེད་དམ། རྙེད་པའི་ཆེད་དམ། རེག་པ་བདེ ་བའི་ཆེད་དམ། རྒྱལ་པོའི་གཏམ་མམ། ཆོམ་རྐུན་གྱི་གཏམ་མམ། གྲོང་གི་གཏམ་མམ། གྲོང་ཁྱེར་གྱི་གཏམ་མམ། ལྗོངས་ཀྱི་གཏམ་མམ། བུའི་གཏམ་མམ། བུ་མོའི་གཏམ་མམ། གཏམ་གཞན་གྱི་སྐྱེས་དག་མི་བྱའོ། །བྱམས་པ་གང་གིས་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་བྱིན་པར་གྱུར་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་ཡང་བདེ་བའི་ཡོ་བྱད་ཡོད་པ་དེ་དག་ཐམས་ཅད་ཉེ་བར་བསྡུས ་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་བྱིན་ནི། ནོར་གྱི་ཕུང་པོ་དེ་ཙམ་དང། བདེ་བའི་ཡོ་བྱང་དེ་ཙམ་གྱིས་ནི། དེས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ། སྙིང་བརྩེ་བའམ། ཕན་བཏགས་པར་མི་འགྱུར་གྱི། དེས་ཚིག་བཞི་བའི་ཚིགས་སུ་བཅད་པ ་གཅིག་ཅམ་ཞིག་ཉན་དུ་བཅུག་སྟེ། དེ་ཡང་དེའི་རྣ་བའི་རྣམ་པར་རིག་པར་གྲགས་ཤིང། ཐོས་པ་ཙམ་ཁོ་ནར་ཟད་ཀྱི་རེ་ཞིག་དང་པ་ཐོབ་པར་མ་གྱུར་དུ་ཟིན་ཀྱང། དེ་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་རྒྱས་པ་དང། ཕན ་འདོགས་པ་དང། སྙིར་བརྩེ་བ་ཆེས་ཤིན་ཏུ་མང་དུ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང། ཤཱ་རིའི་བུ་བཀྲེས་པས་རང་གི་བརླའི་ཤའམ། དཔུང་བའི་ཤ་ཟོས་པ་ནི་བླའི། ཉེས་དམིགས་སུ་མི་ལྟ་བ་དང། འབྱུང་བར་མི་ཤེས ་པས་དང་པས་སྦྱིན་པ་ལ་ལོངས་སྤྱོད་པར་བྱེད་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་སྦྱོར་བ་རྣམས་དང་གྲོལ་བ་རྣམས་ལ་དད་པས་བྱིན་པ་རྗེས་སུ་སྣང་སྟེ། དེ་དག་ལས་གཞན་པ་ལ་ནི་མ་ཡིན་ནོ། །ཤཱ་རིའི་བུ་ཇི་ཙམ་ཞིག་གིས་སྦྱོར་བ་ཡིན། ་ཇི་ཙམ་ཞིག་གིས་གྲོལ་བ་ཡིན་ཞེ་ན། གང་མཐོང་བའི་ཆོས་འདི་ཉིད་ལ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ན། དེ་ལྟ་བུ་ནི་སྦྱོར་བ་ཡིན་ནོ། །མི་དགེ་བའི་ཆོས་སྤང་བའི་ཕྱིར་དང། དགེ་བའི་ཆོས་མངོན་སུམ་དུ་བྱ་བའི་ཕྱིར་སྤོང་བ་དང ་འཕགས་པའི་ལམ་གོམས་པར་བྱ་བ་ལ་མགོ་འམ། གོས་ལ་མེ་འབར་བ་ལྟ་བུར་བྱེད་པ་ལྟ་བུ་ནི་སྦྱོར་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་བའོ་སྙམ་དུ་མོས་ནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པས་རྣམ་པར ་ཐར་པའི་སྒོ་གསུམ་ལ་ལྷག་པར་མོས་པར་གྱུར་པ་དེ་ལྟ་བུ་ནི་སྦྱོར་བ་ཡིན་ནོ། །དགེ་བ་ཅི་ཡིན་ཞེས་ཚོལ་ཞིང་འདྲི་བའི་རང་བཞིན་ཅན། གོ་ཆ་ཆེན་བོ་བགོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ནི། ཡང་དག་པའི་བྱང་ཆུབ ་ཀྱི་ཡན་ལག་རྣམས་ལ་མངོན་པར་བརྩོན་པ་ཡིན་ཏེ། གང་དག་ལམ་ལ་ཞུགས་པ་དེ་དག་འདི་སྙམ་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་བྱའོ་སྙམ་དུ། དེའི་བྱ་བ་ལ་གནས ་པ་ཡིན་ཏེ། དགེ་བའི་ཆོས་རྣམས་ལ་གང་དག་ཁོང་དུ་ཆུ་འཕར་བྱ་བའི་ཕྱིར། ལྷག་པའི་བསམ་པས་གནས་པ་འདི་ཙམ་ཞིག་གིས་སྦྱོར་བ་ཡིན་ནོ། །ངན་སོང་གསུམ་ལས་གྲོལ་བ་རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ ་བཅོམ་པ་བྱ་བ་བྱས་པ་དག་ནི་གྲོལ་བ་ཞེས་བརྗོད་དོ། །ཤཱ་རིའི་བུ་གང་དག་ཡང་བསླབ་པ་གསུམ་པོ་དག་ལ་བསླབ་བ་དེ་དག་ནི་གྲོལ་བ་ཞེས་བྱ་སྟེ། དེ་དག་ཀྱང་དང་པས་བྱིན་པ་འཐོབ་པ་ཡིན། ཤཱ་རིའི་བུ་འདི་དག་ཙམ་གྱིས་སྦྱོར་བ་ཡིན་ཞིང། འདི་དག་ཙམ་གྱིས ་གྲོལ་བ་ཡིན་ཏེ། དེ་ལྟ་བུའི་སྦྱོར་བ་དང། དེ་ལྟ་བུའི་གྲོལ་བ་གང་ཡིན་པ་དེ་དག་ལ་ངས་དང་ལ་སྦྱིན་པ་རྫེས་སུ་གནང་ངོ། དེ་དག་གིས་ལེགས་པར་ཡོངས་སུ་སྦྱེད་པར་འགྱུར་རོ་ཞེས་གསུངས་སོ། །ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང། དེ་སྐད་ཅེས་གསེལ་པ་དང། ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཚངས་བྱིན་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི། བསྟན་པ་འདི་ལ་ཞུགས་པའི་རབ་ཏུ་བྱུང་བའི་གཡང་ས་དག་སྟེ། བཞི་པོ་གང་ཞེ་ན། སངས་རྒྱས་ལ་མ་གུས་པ་ཉིད་དང། དམ་པའི་ཆོས་སྤོང་བ་དང། ཆོས ་སྟོན་པ་ལ་རྣམ་པར་སྡང་བ་དང། མངོན་པར་མི་བརྩོན་པས་དད་པས་བྱིན་པ་ལེན་པ་དང། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན ་གནས་པས་ནི། སྦྱིན་པ་གཉིས་ལ་གནས་པར་བྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་སྦྱིན་པ་དང་ཟད་ཟིང་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་རྗེས་སུ་ཆགས་པ་མེད་པ་དང། ཁོང་ཁྲོ་བ ་མེད་པས་སྦྱིན་པ་དེ་གཉིས་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི། སྦྱིན་པ་རྒྱ་ཆེན་པོ་བཞི་ལ་གནས་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྨྱུ་གུ་སྦྱིན་པ་དང། སྣག་ཚ་སྦྱིན་པ་དང། ་གླེགས་བམ་སྦྱིན་པ་དང། ཆོས་སྦྱིན་པ་དང། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི། སྦྱིན་པ་བཞི་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི། གཏོང་བ་གསུམ་ལ་གནས་པར་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ་གཏོང་བ་དང། གཏོང་བ་ཆེན་པོ་དང། ཤིན་ཏུ་གཏོང་བ་ལའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་ཡོངས་སུ་གཏོང ་པའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའོ། །ཤིན་ཏུ་གཏོང་བ་ནི་མགོ་དང་ལག་པ་དང། རྐང་པ་དང། མིག་དང། པགས་པ་དང། རུས་པ་དང། རྐང་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི། ཡོངས་སུ་གཏོང་པ་གསུམ་པོ་དེ་དག་ལ་གནས་པར་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུར་པོའི་མདོ་ལས་ཀྱང། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བར་གཏོགས་པ་རྣམས་ནི། ཆོས་སྦྱིན་པར་བྱེད་པས ་གནས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ནི། ཟང་ཟིང་ཐམས་ཅད་ཡོངས་སུ་གཏོང་བ་ངག་ལ་སེར་སྣ་མེད་པར་གནས་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཕྱིར་ཆོས་ཀྱི་སྦྱིན་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་སངས་རྒྱས་པར་ནུས་ཀྱི། དེ་ལྟར་ཟང་ཟིང་གི་སྦྱིན་པ་དག་གིས་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཁྱིམ་ལ་སེར་སྣ་བྱེད་པ་ལ་དགོངས་པ་བསྟན་པ་ལ། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་ཀྱང། ཤཱ་རིའི་བུ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས ་དཔའ་ཆོས་ལྔ་དང་ལྡན་ན། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་ཡང་མི་བརྟེན་དལ་བ་ཕུན་སུམ་ཚོགས་པའང་མི་འཐོབ། །ཇི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་རྣམས་ཀྱང་ཆུད་ཟ་བར་བྱེད། སྡོམ་པ་ལ་གནས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་རྗེས་སུ་སློབ་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ལྔ་གང་ཞེ་ན། འཆལ་པའི་ཚུལ་ཁྲིམས་སྤྱོད་པ་དང། དམ་པའི་ཆོས་ལ་སྨོད་པ་དང། ་རྙེད་པ་དང་བཀུར་སྟི་དང། ཚིགས་སུ་བཅད་པ་ལ་ཆགས་པ་དང། བདག་ཏུ་ལྟ་བའི་འཐིབས་པོ་དང། གཞན་གྱི་ཁྱིམ་ལ་ཕྲག་དོག་དང་སེར་སྣ་སྐྱེ་བ་སྟེ། ཤཱ་རིའི་བུ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་པོ་དེ་དང་ལྡན་ན། སངས་རྒྱས་འབྱུང་བ་མཉེས ་པར་མི་བྱེད་པ་དང། དགེ་བའི་བཤེས་གཉེན་ལ་མི་བརྟེན་པ་ནས་དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བའི་བར་དུའོ། །ཤཱ་རིའི་བུ་འདི་ལྟ་སྟེ། ཁྱི་ལྟོགས་པ་ཀེང་རུས ་ཤ་མེད་པ། ཁྲག་གིས་འབགས་པ་བླངས་ནས། དེ་སྲང་གི་སྒོ་ནས་གནས་ཏེ། ཁ་ཆུས་གོས་པ་དེ་འཆལ་བ་ལས། དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུས། ཁྱི་ལྟོགས་པའི ་ཕྱོགས་སུ་འོང་བ། ཁྱི་དེས་རྒྱང་མ་ནས་འོང་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བདག་གིས་ཁ་ཟས་རོ་ཞིམ་པོ་ནི་འཕྲོག་པ་ཞིག་གོ་སྙམ་ནས། དེ་ཤིན་ཏུ་ཟུགས་ཤིང་མིག་ཚུགས་སུ་བལྟ་ལ། མཆེ་བ་བསྙེར་ཏེ། སྐད་ཆེར་ཟུགས་ན། ཤཱ་རིའི་བུ་དེ་ཇི ་སྙམ་དུ་སེམས། སྐྱེས་བུ་དེ་ཀེང་རུས་ཤ་མེད་ཁྲག་གིས་འབགས་པ་དེ་འདོང་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བདེ་བར་གཤེགས་པ་དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱི་དེ་ཅིའི་ཕྱིར་ཤིན་ཏུ་ཟུགས་ཤིང། ་མིག་ཆུགས་སུ་བལྟ་བ་མཆེ་བ་བསྙེར་ཏེ། སྐད་ཆེར་ཟུགས། གསོལ་པ། དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་སྙམ་སྟེ། ཤིན་ཏུ་ཟུགས་ཤིང་མིག་ཚུགས་སུ་བལྟ་བ། མཆེ་བ་བསྙེར་ཏེ་སྐད་ཆེར་ཟུགས་སོ། །བཀའ་སྩལ་པ། ་ཤཱ་རིའི་བུ་དེ་བཞིན་དུ་གང་ཁྱིམ་གྱི་སེར་སྣལ་བརྩོན་པ། བཤད་པ་དང་གཅི་བས་ཀུན་ཏུ་བསྐོར་བ་ལ་ཆགས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། གང་འདི་ལྟ་བུའི་ངོ་བོ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས། ཆུང་ཟོས་པར ་བྱེད་པ་དེ་དག་ནི་ངས་ཁྱི་དང་འདྲའོ་ཞེས་བརྗོད་དོ། དེ་དག་གིས་ཕྱིར་དེ་བཞིན་གཤེགས་པ་འདི་ལྟ་བུའི་ངོ་བོ་བརྗོད་པའི་གནས་བྱེད་པ་འབའ་ཞིག་མ་ཡིན་གྱི། ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེ་བོ་མང་པོ་ལ་ཕན་པ ་དང། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དེ་དག་ནི་བདག་གི་ཤ་ཡང་ཡོངས་སུ་གཏོང་ན། གཞན་གྱི་ཁྱིམ་དག་ལ་རྟོག་ཅིང་བསྙེན་པའི་ཕྱིར་ཕྲག་དོག་དང་སེར་སྣ་བྱེད་པར་མི་འགྱུར་བ་ལྟ་ཅི་སྨོས། ཡང་ཤཱ་རིའི་བུ་སྐྱེས་བུ་གཏི ་མུག་པ་འཚོ་བ་དོན་དུ་གཉེར་བ། ཟང་ཟིང་གི་བྲན། འཇིག་རྟེན་གྱི་ཟང་ཟིང་ལྷུར་བྱེད་ཅིང་ཟས་དང་གོས་ལྷུར་བྱེད་པ་དེ་དག་།རྟོག་ཅིང་བསྙེན་པའི་ཕྱིར། གཞན་གྱི་ཁྱིམ་ལ་ཕྲག་དོག་དང་སེར་སྣ་བསྐྱེད་པར་འགྱུར་ཏེ། ཤཱ་རིའི་བུ་གང་དགེ་སློང་མཐོང་ནས ་བདག་གིས་སྔན་ཆང་འདིར་བཤེས་ནས། ཕྱི་མ་འདི་ག་ལས་འོངས་པ་ཞིག་།འདི་ནི་སྡོན་བདག་དང་གདམས་པ་ཡིན་ན། ཕྱི་མ་འདི་ག་ལས་འོངས་པ་ཞིག་སྙམ་དུ་ཕྲག་དོག་དང་སེར་སྣ་སྐྱེད་པར་བྱེད་པའི་ད་ལྟ་བུ་ནི་མི་རིགས་སོ། །གལ་ཏེ་དེ་ལ་ཁྱིམ་བདག ་དེ་དག་གིས་ལྷུང་བཟེད་དང། ཆོས་གོས་དང། བསོད་སྙོམས་དམ་བཅས་པར་འགྱུར་བ་དང། མལ་སྟན་དང། ན་པའི་གསོས་ཀྱི་སྨན་དང། ཡོ་བྱང་ཁས་བླངས་པར་གྱུར་པ་ན། དེ་སྔོན་དམ་བཅས་པར་གྱུར་པ། ཕྱིས་འོངས་པ་ལ་སྟེར་གྱི་བདག་ལ་ནི ་མ་ཡིན་ནོ་སྙམ་ནས། དེ་དེ་ལ་ཉེས་པ་གསུམ་བསྐྱེད་དེ། གསུམ་གང་ཞེ་ན། གནས་འདི་ནས་འགྲོ་བར་བྱའོ་སྙམ་གནས་ལ་ཉེས་པ་སྐྱེད་པར་བྱེད་པ་དང། ཤེས་པར་བྱ་བ་མ་ཡིན་པ་ཤེས་ཤིང་ཤེས་པར་བྱ་བ་མི་ཤེས་པ་དང། གང་ཅི་ཡང་རུང་བ་བརྟེན ་པ་མི་བསྟེན་པ་དེ། ཁྱིམ་པ་རྣམས་ཀྱི་དྲུང་དུ་ཉེས་པ་སྒྲོགས་པར་བྱེད་པའོ། །དགེ་སློང་དེ་གནས་གསུམ་རྗོད་པར་བྱེད་དེ། གསུམ་གང་ཞེ་ན། ཁྱིམ་གྱི་ཉེས་པ་བརྗོད་པར་བྱེད་དེ། ཉམས་མི་དགའ་བར་རིག་པར་བྱེད་ཅིང། ཁྱིམ་ལ་སྒྲོ་འདོགས་པར་བྱེད་པ ་དང། མི་བདེན་པའི་གཏམ་ཟེར་བར་བྱེད་པ་སྟེ། སྐྱེས་བུ་དམ་པ་མ་ཡིན་པ་འདི་དག་ཡིད་བརྟན་པའི་སྦྱོར་བས་སྦྱོ་བར་བྱ་བའི་ཆོས་གསལ་བར་བྱེད་དོ། །ཤཱ་རིའི་བུ་དེ་ལྟ་ན་ཁྱིམ་ལ་སེར་སྣ་བྱེད་པ་ཆོས་དཀར་པོ་ཡོངས་སུ་ཉམས་པར་བྱེད་པ་གནས་སོ། །ཡང ་ཤཱ་རིའི་བུ་ཁྱིམ་ལ་སེར་སྣ་བྱེད་པ་ལ་གནས་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བཏང་བར་འགྱུར་ཏེ། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པར་མི ་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་རྣམ་གྲངས་འདིས་དེ་ལྟར་རིག་པར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཁྱིམ་ལ་སེར་སྣ་བྱེད་པ་སྤད་བར་བགྱི། རབ ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་སྐྱེད་པར་བྱ་སྟེ། གང་བདག་གིས་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱང་ཐམས་ཅད་སྦྱིན་པར་བྱའོ། །འདི་དག་ནི་རང་གི་བསོད་ནམས་ཁོ་ནས་བདེ་བ་ཡིན་པས། དེ་ལ ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤོས་པའི་ཏིང་ངེ་འཛིན་ལས་ཀྱང། བདག་ནི་དུས་རྟག་ཕྲག་དོག་མེད་འགྱུར་ཞིང། །བདག་གིས་ཁྱིམ་ལ་བརྟེན་མི་འགྱུར་བར་བྱ། ཁྱིམ་ལ ་ཆགས་ལ་ཕྲག་དོག་འབྱུང་འགྱུར་ཏེ། །ཕྲག་དོག་མེད་པ་ན་གསུ་དགའ་པ་མྱོང་ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་དྲུག་ཅུ་པོ་དེ་དག་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། དེ་བཞིན་གཤེགས་པ་ལོག་པར་དང་སེལ་གྱི་གསུང་རབ་ལ། རབ་ཏུ་བྱུང་སྟེ་འཁོད་པ། ཚུལ་ཁྲིམས་ཀྱི་རྒྱགས་པས ་མྱོས་པ། མང་དུ་ཐོས་པའི་རྒྱགས་པས་མྱོས་པ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་ཞེན་པ་ཁྱེད་ཀྱིས། དགེ་སློང་ཆོས་སྨ་བ་གཉིས་ལ་འདི་ལྟར་རྙེད་པ་དང་བཀུར་སྟིའི་རྒྱུ་དང། མཛའ་བཤེས་ཀྱི་ཁྱིམ་དང་སློངས་མོ་སྟེར ་བའི་ཁྱིམ་གྱི་གཞི་ལས་ཕྲག་དོག་དང་སེར་སྣ་དང་ལྡན་པས། ཞེ་སྡང་བའི་སེམས་ཀྱིས་འཁྲིག་པའི་སྐུར་བས་བསྐུར་ཏེ། ཆོས་སྨྲ་བའི་དགེ་སློང་དེ་གཉིས་ཀྱི་མཛའ་བཤེས་ཀྱི་ཁྱིམ་དང། སློངས་མོ་སྟེར་བའི་ཁྱིམ་དུ་གྱུར་པ་གང་ཡིན་པ་དེ ་རྣམས་ཀྱང་ཁྱེད་ཀྱིས་ཕྱེ་སྟེ། ཐེ་ཚོམ་བསྐྱེད་ཅིང་མ་དད་པར་བྱས་ལ། དགེ་སློང་ཆོས་སྨ་བ་དེ་གཉིས་ལ་མི་སྙན་པ་མང་པོ་དག་ཀྱང་སྨྲས། བསྔགས་པ་མ་ཡིན་པའི་སྐུར་པ་དེས་ཀྱང་སེམས་ཅན་དེ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བཅད་ཅིང་དགེ་བའི་རྩ ་བ་ལ་སྒྲིབ་པ་བྱས་ཏེ། མི་དགེ་བའི་ལས་ཀྱི་སྒྲིབ་པ་དེས་ཁྱེད་ལོ་དྲུག་ཁྲིར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །ལོ་བཞི་ཁྲིར་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོ་སུ་སྐྱེས་སོ། །ལོ་ཉི་ཁྲིར་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ ་སྐྱེས་སོ། ལོ་བརྒྱ་སྟོང་དུ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེས་སོ། །དེས་ཁྱེད་དེ་ནས་ཤི་འཕོས་ནས། མི་ལུས་རྙེད་རྙེད་ནས། ཚེ་རབས་ལྔ་བརྒྱར་མིག་མེད་དེ་དམུས་ལོང་དུ་གྱུར་ཏོ། །ཁྱེད་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས། གང་དང་གང་དུ་སྐྱེས་པ ་དེ་དང་དེ་དག་ཐམས་ཅད་དུ་སེམས་རྟུལ་བ་དང། བརྗེད་ངས་བར་གྱུར་ཏོ། །མི་དགེ་བའི་རྩ་བའི་སྒྲིབ་པས་བསྒྲིབས་ཤིང་དབང་ཆུང་བར་གྲགས་པར་གྱུར་ཏོ། །མི་སྡུག་པའི་སྐྱོན་གྱིས་ཟིལ་གྱིས་ནོན་པ་དང། སྨད་པ་དང། བཤུད་པ་དང། སྐུར་པ་མང་བ་དང ་ཡུལ་ངན་བ་དང། ཡུལ་འཁོར་ངན་པ་དང། ལྗོངས་ངན་པ་དག་ཏུ། རིགས་ངན་དང། དབུལ་པོའི་རིགས་དག་ཏུ་སྐྱེས་སོ། །རྙེད་པ་ཆུ་བ་དང། བཀུར་སྟི་ཆུང་བ་དང། མི་བཀུར་བ་དང། མི་མཆོད་པར་གྱུར་ཏོ། །དེས་འདི་ནས་ཤི་འཕོས་ནས། ལྔ་བརྒྱ་བ་ཐ་མ་ལ། ་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ། ཡུལ་དན་པ་དང། ལྗོངས་ངན་པ་དག་ཏུ། རིགས་དམའ་བ་དང། དབུལ་པོ་དག་ཏུ་སྐྱེ་བར་འགྱུར་ཏེ། སྐུར་པ་མད་བ་དང། བརྗེད་ངས་པ་དང། དགེ་བའི་རྩ་བ་སྤོང་བ་དང། བརྩོན་པ་བྱས་ཀྱང་བར་ཆད་འབྱུང་བ་དང། ཁྱེད་ལ ་སྣང་བ་བྱུང་ཡང་ཕྱིར་ནུབ་པར་འགྱུར་རོ། །ཁྱེད་ལྔ་བརྒྱ་ཐ་མ་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། ཟང་པར་བྱས་ནས། དེ་བཞེན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་བཞིན ་གཤེགས་པ་འོད་དཔག་མེད་དེ་ཡང། ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང། བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ། བྱང་ཆུབ་སེམས་དཔར་ཁས ་འཆེ་བ་མང་པོ་འབྱུང་བ་དེ་དག་གི་སྡིག་པ་འདོད་པ་གང་དག་ཡིན་པ་དེ་དག་བཤད་པར་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁས་འཆེ་བ་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་འདོད་པ་དང། བཀུར་སྟི ་འདོད་པ་དང་གཡོ་བྱེད་པ་དང། ཡང་བའི་འཚོ་བས་འཚོ་བར་བྱེད་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔར་ཁས་འཆེ་བ་ཡིན་པར་རིག་པར་བྱའོ། །བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ ་བྱང་ཆུབ་སེམས་དཔར་ཁས་འཆེ་བ། ཁྱིའི་ཆོས་ཀུན་ཏུ་སྤྱོད་པ་མང་པོ་དག་བྱུང་བར་འགྱུར་ཏེ། བྱམས་པ་འདི་ལྟ་སྟེ། དཔེར་ན་ཁྱི་ནི་ཁྱིམ་འགའ་ཞིག་ཏུ་སྔར་ཕྱིན་པར་གྱུར་ལ། དེ་ཁྱི་གཞན་ཞིག་རྒྱད་རིང་པོ་ནས་འོང་བ་མཐོང་ན། དེ་ལ་ཟུགས་པར་བྱེད། འཁེན? ་སྐད་འབྱིན། ཁྲོ་བས་ལྟ་བར་བྱེད། གནོད་སེམས་ཀྱིས་ཉེས་པ་སྐྱེད་པར་བྱེད་དེ། གཞན་གྱི་ཁྱིམ་ལ་བདག་གིར་བྱེད་ཅིང། ཁྱིམ་འདི་ནི་བདག་གི་ཡིན་སྙམ་ནས། བདག་གི་བར་འདུ་ཤེས་སྐྱེད་པར་བྱེད་དོ། །བྱམས་པ་དེ་བཞིན་དུ ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། བྱང་ཆུབ་སེམས་དཔར་ཁས་འཆེ་བ། ཁྱིའི་ཆོས་ཀུན་ཏུ་སྤྱོད་པ་མང་པོ་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་གཞན་གྱི་ཁྱིམ་དག་དང་གཞན་གྱི་གྲོང་དག་ལ་བདག་ཉིད་ཀྱི་ཡིན་པར་འདུ་ཤེས་སྐྱེད་པར་བྱེད ་ཅིང། བདག་ཉིད་ཀྱི་ཡིན་པར་འདུ་ཤེས་བསྐྱེད་ནས། ཡོངས་སུ་འཛིན་པར་བྱེད་དེ། དགེ་སློང་ངེས་སྔོན་ཕྱི་མའི་ཁྱིམ་དེར། དགེ་སློང་གཞན་ཞིག་འོང་བ་མཐོང་ནས། ཁྱིམ་འདི་ནི་བདག་གི་ཡིན་ནོ་སྙམ་ནས། ཁྲོ་བས་ལྟ་བར་བྱེད། གནོད་སེམས་སྐྱེད་པར ་བྱེད། འཐབ་མོ་དང། འཐབ་བ་དང། རྩོད་པ་དང། འགྱེད་པ་སྐྱེད་པར་བྱེད། ཕན་ཚུན་དབྱེན་གྱི་ཚིག་སྨྲ་བར་བྱེད། ཚིག་རྩུབ་མོ་རྗོད་པར་བྱེད། གཅིག་ལ་གཅིག་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་ལ། ཉེས་པ་འདི་ལྟ་བུ་ཡོད་དོ། །དགེ་སློང་མ་ཆེ་གེ་མོ་ཞེས ་བྱ་བ་ལ། ཉེས་པ་འདི་ལྟ་བུ་ཡོད་དོ་ཞེས་མི་སྙན་པ་རྗོད་པར་བྱེད་ཅིང། ཁྱིམ་བདག་ལ་ཡང་དགེ་སློང་ཆེ་གེ་མོ་བསྟེན་པར་མི་བྱའོ། །གལ་ཏེ་ཁྱོད་ཁོ་བོ་བསྟེན་པར་འདོད་ན། དགེ་སློང་མ་ཆེ་གེ་མོ་ལ་མ་བརྟེན་ཅིག་ཅེས་ཟེར་ཏེ། དེ་དག་ནི་སྐྱུག་པའི་རྒྱུར་གྱུར ་བ། རིང་དུ་མི་གནས་པ། སྨད་པར་བྱ་བའི་ཁ་ཟས་ཙམ་གྱི་ཕྱིར་བསོད་ནམས་མ་ཡིན་པ་མང་པོ་སྐྱེད་པ་ཡིན་ནོ། །དེ་དག་ནི་ཡི་དགས་ལ་བརྟེན་པའི་ཆོས་ཀུན་ཏུ་སྤྱོད་ཅིང། དབུལ་བ་དང། སེམས་དམན་པ་དང། སེམས་དང་ལྡན་པ་དང། བདག་ཉིད་གསོལ ་ངར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་མིང་གིས་བྱང་ཆུབ་སེམས་དཔའ་ཡིན་པར་ཁས་འཆེ་བར་བྱེད་ཅིང། བདག་ཉིད་ཚུལ་ཁྲིམས་འཆལ་པ་དང། སྡིག་པ་ཅན་གྱི་འདོད་པ་དང་ལྡན་པ་དང། སྡིག་པ་ཀུན་ཏུ་སྤྱོད་པ་ཡིན་བཞིན་དུ། སངས་རྒྱས་ཀྱི ་བསྔགས་བ་རྗོད། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བསྔགས་བ་བརྗོད་ཅིང། བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ། གཞན་དག་གི་བསྔགས་པ་ཡང་བརྗོད་ནས། ཟས་དང་གོས་སྒྲུབ་པར་བྱེད་དོ། །བྱམས་པ་དེ་དག་ཇི་ཙམ་དུ་མི ་བཟད་པར་འགྱུར་བ་ལ་ལྟོས། སེང་གེའི་སྒྲ་བསྒྲགས་ཞིང། སེང་གེའི་ལས་རྣམས་བྱ་བར་རིགས་བ་གང་དུ། ཝའི་སྒྲ་སྒྲོགས་ཤིང། ཝའི་ལས་རྣམས་བྱེད་པ་དང། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་བསྔགས་པ་རྗོད་པར་བྱེད་ཅིང། འཇིག་རྟེན ་གྱི་ཟང་ཟིང་ཡུན་མི་རིང་བ་ཡོངས་སུ་གཏོང་བར་མི་བྱེད་ལ། སེར་སྣས་ཟིལ་གྱིས་ནོན་ཅིང། ཡོ་བྱད་ཀྱི་དྲི་མས་གྲགས་པ། གཏོང་བ་ཕྱི་རོལ་ཏུ་བྱས་པ་དེ་དག་གིས། ཕན་པའི་དངོས་པོའི་བསྔགས་བརྗོད་པར་བྱད་ཅིང། གནོད་སེམས་དང། ཐ་བ་དང། ་ཁོང་ཁྲོ་བའི་ཉེས་པ་མང་པོ་བྱེད་པ་དང། བཟོད?་འི་བསྔགས་པ་རྗོད་པར་བྱེད་ཅིང། གཅིག་ཏུ་གནོད་སེམས་ཀྱི་སེམས་སུ་བྱེད་པ་དང། བསྡུ་བའི་དངོས་པོ་བཞི་པོ་དག་གི་བསྔགས་པ་རྗོད་པར་བྱེད་ཅིང། སེམས་ཅན་དགའ་ཡང་སྦྱིན་པ་འམ། སྙན ་པར་སྨྲ་བའམ་དོན་སྤྱོད་པའམ། དོན་མཐུན་པས་སྡུད་པར་མི་བྱེད་པ་ནས། དེ་དག་ནི་ཚིག་ཙམ་གྱི་དངོས་པོ་པའི་བར་དུ་འགྱུར་བ་དེ་དག་།བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་མོས་པའི་ཡོན་ཏན་ཡང་དག་པར་བླང་པ་དང། འབྲེལ་བའི་སྤྱོད་པ་ལ ་རྗེས་སུ་སློབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། བློ་གྲོས་རྒྱ་མཚོ་ཆོས་བཞི་བོ་འདི་དག་ནི་ཐག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ། །བཞི་པོ་གང་ཞེན། ཕ་རོལ་གྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་ཆོས ་སྟོན་པ་རྣམས་ལ་གཡོས་བསྟེན་པ་དང། རྙེད་པ་དང་བཀུར་སྟི་ལ་ཆགས་པས་གཟིངས་བའི་བློས་སྒྱུས་ཉེ་བར་སྤྱོད་པ་དང། སླུབས་སེམས་མི་བརྟན་པ་ཉིད་དོ། །བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་བར་དུ་གཅོད་པར་བྱེད་པར་འགྱུར་རོ ་ཞེས་གསུངས་སོ། །ཚངས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང། རྒྱལ་པོ་ངས་ནི་འདས་པའི་དུས་དྲན་ཏེ། །སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བ་བྱུང། །ལོ་ནི་བརྒྱད་ཁྲི་ཐམ་པའི་བར་དག་ཏུ། །ཆོས་རྣམས་བསྟན་ནས་རྒྱལ་བ་མྱ ་ངན་འདས། །རྒྱལ་བ་ད་ནི་འདས་པའི་དུས་ཀྱི་འོག། དམ་པའི་ཆོས་ནི་ཉམས་ཤིད་ཐུག་པ་ན། །དགེ་སློང་དྲན་པའི་བློ་ཅན་ཞེས་བྱ་བྱུང། །གཟུངས་ཐོབ་མ་ཡིན་སྤོབས་པ་ཐོབ་པར་འགྱུར། །མཛེས་ཤིང་དེས་ལ་ལེགས་པར་སྨྲ་བ་དང། །རྟག་ཏུ ་ངན་དོན་ཙམ་གྱིས་ཆོག་ཤེས་པ། །སྐྱེ་དགུ་སྤྲིན་གྱི་ཆུས་ནི་ཚིམ་བྱེད་ལྟར། །ལྷར་བཅས་འགྲོ་བ་ཆོས་ཀྱིས་ཚིམ་པར་བྱེད། །དེ་ཡི་དུས་ཀྱི་ཚེ་ན་ས་སྟེང་དུ། །བཀོད་པའི་རྒྱལ་པོ་ཞེས་བྱའི་གྲོང་ཁྱེར་བྱུང། །ཁོར་ར་ཁོར་ཡུག་དཔག་ཚད ་བརྒྱད་དུ་གྱུར། །བདེ་ཞིང་ལོ་ལེགས་མི་དེ་རྣམས་བློ་ལྡན། །ཆོས་སྨྲ་དྲན་པའི་བློ་ཅན་དེ་འོངས་ནས། །སྲོག་ཆགས་རྣམས་ལ་ཕན་ཕྱིར་ཆོས་ཀྱང་སྟོན། །སྲོག་ཆགས་བྱེ་པ་སྟོང་ཕྲག་ཉི་ཤུ་གསུམ། །བླ་མེད་བྱང་ཆུབ་ལ་ནི་བཀོད་པར་གྱུར། མེ ་ཏོག་རྣམས་དང་སྤོས་དང་གོས་རྣམས་དང། །བཅའ་བ་བཏུང་བ་ཇི་ལྟར་འཚམ་པ་ཡི། །གླུ་དབྱངས་རོལ་མོའི་སྒྲ་རྣམས་རབ་མཆོག་གིས། །དེ་དག་དེ་ལ་སངས་རྒྱས་བཞིན་དུ་མཆོད། །དགེ་སློང་ལྔ་བརྒྱ་ཤིན་ཏུ་མི་མཐུན་གྱུར། །གྲོང་ཁྱེར་དུ་ནི ་དེ་ཡི་བསྔགས་མིན་སྒྲོགས། །ཚུལ་ཁྲིམས་ལྡན་དེའི་ཉེས་པ་དེད་ཤེས་ཞེས། །རེ་རེ་ནས་ནི་ཁྱིམ་པའི་མདུན་དུ་བརྗོད། །ཟླ་བ་ཉ་ཡི་གསོ་སྦྱོང་བབ་པ་ན། །སྡིག་པའི་དགེ་སློང་ལྷུང་བཅས་ལངས་ནས་ནི། །གལ་ཏེ་དོ་ནུབ་མྱུར་དུ་མ་སོད་ན། །གནད ་རྣམས་བཏུབ་ཅིང་སྲོག་ཀྱང་གཅད་དོ་ཞེས། །སྨྲ་བའི་དགེ་སློང་དེ་དག་ཉིད་ལ་སྙིང་རྗེ་ནས། །སེམས་ཅན་དག་པ་དེ་ནི་མ་ཞུམ་སོང། །སངས་རྒྱས་སྲས་ཅི་ཕྱིར་ན་བརྙས་བྱེད་ཅེས། །ལྷ་རྣམས་སྟོང་དག་མི་དགའ་ངུ་བར་བྱེད། །དེ་ནས་དགེ་སློང་ལྔ་བརྒྱ ་དེ་དག་ཀུན། །རྒོད་ཅིང་མགུ་བས་མཚན་མོ་འདའ་བར་བྱེད། །ཀྱེ་མ་བདེག་ཅག་དེ་ལས་ལེགས་པར་ཐར། །ཁུར་ལྕི་བོར་བསྙམ་དུ་ཉམས་ལ་སེམས། །དགེ་སློང་ལྔ་བརྒྱ་དུས་ལས་འདས་གྱུར་ནས། །བསྐལ་པ་བརྒྱད་ཅུར་དམྱལ་བར་གནས་པར་གྱུར ་བསྐལ་པ་བྱེ་སྟོང་བདུན་ཅུ་རྩ་དྲུག་ཏུ། །ཡི་དགས་འཇིག་རྟེན་དེར་ནི་དགེ་སློང་གནས། །སེམས་ཅན་དེ་དག་ཚེ་རབས་རྟག་ཏུ་ལྡོངས། །དེ་དག་སྦྲུལ་གདུག་སྐྱེས་ཏེ་ས་རྡུལ་ཟ། །བྱིས་པ་རྣམས་ཀྱིས་མཐོང་ནས་བོང་བས་རྒྱབ། །བསྐྱབས་ཀྱང་མེད་དབུང་གཉེན ་མེད་པར་གྱུར། །ཚེ་རབས་བྱེ་བ་སྟོང་ཕྲག་བཅོ་བརྒྱད་དུ། །མི་ཡི་ནང་དུ་སྐྱེས་ནས་དབུལ་པོར་གྱུར། །སྨྱོ་ཞིང་ལྡོངས་ལ་རྟག་ཏུ་ལུས་ཀྱང་རུལ། །མདོག་ངན་སྨད་བར་གྱུར་ཏེ་མཐུ་ཡང་ཆུང། །དེ་ལྟར་བྱེད་པ་ང་རྒྱལ་ཟིལ་གྱིས་ནོན། །བདག་ཉིད་རྟག་ཏུ་མི་སྡུག ་མང་པོ་བྱེད། །གཞན་གྱི་སྦྱིན་པ་ལ་ནི་སྐྱོན་ཡང་འདོགས། །གཡང་ས་ཆེན་པ་བདག་ཉིད་འདོར་བར་བྱེད། །མ་འོངས་དུས་ན་བསྐལ་པ་དྲུག་ཅུ་པ། །གྲགས་ཆེན་ཞེས་བྱའི་བསྐལ་པ་འབྱུང་བར་འགྱུར། །དེར་ནི་སྐྱོབ་པ་འཇིག་རྟེན་དོན་མཛད་པ། །བདེ་གཤེགས་སྟོང ་ཕྲག་བཅུ་དག་འབྱུང་བར་འགྱུར། །དེ་དག་རྣམས་ནི་སངས་རྒྱས་ཐ་མའི་ཚེ། །དེར་ནི་དེ་དག་མི་ལུས་ཐོབ་འགྱུར་ཏེ། །སངས་རྒྱས་དེ་མཐོང་ནས་ནི་བཟོད་པ་ཐོབ། །སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་བར་འགྱུར། །སྔོན་ནི་ལྷན་ཅིག་དེ་དག་ཐམས་ཅད་ཀྱིས། ། ་ཐམས་ཅད་མཁྱེན་པའི་སེམས་སུ་སྨོན་ལམ་བཏབ། །དེར་ནི་དེ་དག་བྱང་ཆུབ་སེམས་མ་ཉམས། །བསམ་པའི་བྱེ་བྲག་གིས་ནི་ངན་འགྲོར་ལྟུང། །ང་ནི་དེ་ཚེ་ཆོས་སྨྲ་རྒྱལ་པའི་བུ། །དྲན་པའི་ཁོ་ཅན་ཞེས་བྱ་དེར་ཡང་གྱུར། །གང་དེ་སུན་འབྱིན་སྟོན་ལ་སུན་འབྱིན ་འགྱུར། །དེ་ཕྱི་རང་རྒྱལ་སྤངས་ཤིང་བོར་ནས་ནི། །ཚུལ་མིན་སྤངས་ཏེ་ཡེ་ཤེས་སྦྱོར་གྱིས་ཤིག། གང་ཞིག་བདག་ཉིད་བསླང་པར་མི་འདོད་པ། །དེས་ནི་མི་ཤེས་ཚིག་རྣམས་སྤངས་ནས་ཀྱང། །མེ་ཡི་ཕུང་པོ་བཞིན་དུ་ཕྲག་དོག་སྤོང། །མཐོང་དང་མ་མཐོང ་ཐོས་དང་མ་ཐོས་དང། །བདེན་དང་མི་བདེན་པས་ནི་གཞན་མི་གླེང། །བྱང་ཆུབ་མཆོག་ཏུ་འཚང་རྒྱ་འདོད་པ་ཡིས། །དགེ་སློང་དེས་ནི་བདག་གི་ཉེས་པ་གསལ། །དེས་པ་རྣམས་ནི་ནང་དང་དེ་བཞིན་ཕྱིའི། །དངོས་པོ ་དེ་ཀུན་བྱང་ཆུབ་ཕྱིར་གཏོང་བྱེད། །གང་ཞིག་ང་ཡི་བྱང་ཆུབ་མཆོག་ལ་འདུན། །དེ་དག་ཅི་ཕྱིར་གཞན་ལ་ཁྲོ་བ་སྐྱེད། །ཕྱི་མའི་དུས་ན་ང་ཡི་བསྟན་པ་ལ། །དམུ་རྒོད་མང་པོ་བྱང་ཆུབ་སུན་ཡང་འབྱིན། །དེ་དག་གཅོད་རོད་གཡང་ས་ཆེན་པོར་འགྲོ། བསམ ་པ་ཉམས་ལ་བྱང་ཆུབ་ཅི་བྱར་ཡོད། །ང་ཡི་བྱང་ཆུབ་མཆོག་འདོད་གང་ཡིན་པས། །རིགས་ངན་བུ་འདྲར་ང་རྒྱལ་སྤངས་བྱས་ལ། །སེམས་ཅན་ཀུན་ལ་བྱམས་པའི་སེམས་བསྐྱེད་ནས། །ཐོབ་དང་མ་ཐོབ་མི་དགར་ཡོང་མི་བྱ། །རྒྱལ་པོ་ཆེན་པོ ་གཞན་ཡང་གང་ན་གུས་པ་མེད་པ་དང། མ་དད་པ་དང། གཞན་དག་ལ་སྡང་བ་དང། གླགས་ལྟ་བ་དག་ཡོད་པ་དེར་ནི། དེ་བཞིན་གཤེགས་པ་རྣམས་དང། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཡུན་རིང་དུ་མངོན་པར་དགའ་བར་མི་འགྱུར ་ཏེ། མྱུར་བ་ཁོ་ནར་འདོར་བར་འགྱུར་རོ་ཞེས་གསུངས་སོ། །ཚུལ་འཆོས་པའི་སྐྱོན་བརྗོད་པའི་དགོས་པ་བསྟན་པ་ལ། གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། ཚུལ་འཆོས་པ་ཅན་བཅུ་གང་ཞེ་ན། ནགས་ཡངས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། ་བདག་གཞན་གྱིས་ཇི་ལྟར་ཤེས་པར་འགྱུར་སྙམ་པ་རྒྱུ་མཚན་དུ་བྱས་ནས་ནགས་ཀྱི་ནང་རིང་པོར་འགྲོ་བའོ། །བཅོམ་བསྐྱངས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། རྒྱུ་མཚན་དུ་བྱས་ནས་ཆིག་ཞན་པ་ཞན་པར་སྨྲ་བར་བྱེད་པའོ། །མལ ་སྟན་རིང་དུ་སྤོང་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། བདག་དགེ་འདུན་གྱི་མལ་སྟན་ལོངས་མི་སྤྱོད་པ་དེའི་ཚེ། བདག་ལ་མཆོད་པར་འགྱུར་རོ་སྙམ་པའོ། །སྒྲ་སྒྲོགས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་བདག་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས ་པ་བསམ་གཏན་པའོ་ཞེས། བདག་ཉིད་སྒྲོགས་ཤིང་སྒྲོགས་སུ་འཇུག་པའོ། །སྔོན་དུ་འགྲོ་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་དགེ་སློང་འདི་རྫུ་འཕྲུལ་དང་ལྡན་པར་ཇི་ལྟར་གཞན་གྱི་ཤེས་པར་འགྱུར་ཞེས་ཕྱི་ན་འདུག་ནས་སྔོན་དུ་རྒྱུག་པའོ། །འདོད་པ་ཆུང་བ ་སྨྲ་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་འདོད་པ་ཆུང་བར་སྨྲ་ཞིང་སེམས་ཀྱིས་རྙེད་པ་འདོད་པ་སྟེ། ཡོ་བྱང་བསྙུངས་པར་སྟན་པའོ། །ས་ལ་འདུག་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་རྒྱུ་མཚན་དུ་བྱས་པའི་རྒྱུས་ས་ལ་ཉལ་བའོ། །ཚོགས་བསྒྲགས་པའི ་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། བདག་ནི་ཚོགས་ག་གེ་མོ་ཞིག་ཏུ་ཡོངས་སུ་ཤེས་སོ་ཞེས་དེ་ལྟ་བུ་རྒྱུ་མཚན་དུ་བྱེད་པའོ། །རི་གཞན་དུ་སྟོན་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། སྐད་ཅིག་གཅིག་ལ་རི་གཞན་དང་གཞན་ལ་བདག་ཉིད་སྟོན་པའོ ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། བློ་གྲོས་རྒྱ་མཚོ་བཞི་འདི་དག་ནི་ཐེག་པ་ཆེན་པོའི་ཆོས་ལ། བར་དུ་གཅོད་པའི་ཆོས་སུ་འགྱུར་ཏེ། བཞི་པོ་གང་ཞེ་ན། ལུས་ཀྱི་ཚུལ་འཆོས་ནི་སྤྱོད་ལམ་གྱིས་སོ། །དག་གི་ཚུལ་འཆོས་ནི་ལོག་པར་སྨྲ ་བ་ཉིད་ཀྱིས་སོ། །སེམས་ཀྱི་ཚུལ་འཆོས་ནི་སྡིག་པ་འདོད་པ་ཉིད་ཀྱིས་སོ། །ཐམས་ཅད་ནས་ཚུལ་འཆོས་པ་ནི་འཚོ་བ་ཡོངས་སུ་མ་དག་པ་ཉིད་ཀྱིས་སོ། །བློ་གྲོས་རྒྱ་མཚོ། བཞི་པོ་འདི་དག་ནི་ཐེག་པ་ཆེན་པོའི་ཆོས་ལ་བར་དུ་གཅོད་པའི་ཆོས་སུ་འགྱུར་རོ་ཞེས་གསུངས་སོ། ། ་ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །བཞི་པོ་གང་ཞེ་ན། ཡུལ་འཁོར་སྐྱོད་མ་གུས་པ་ཉིད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཡུལ་འཁོར་སྐྱོང་བྱས ་པ་མི་ཤེས་པ་དང་གཡོས་བསྟེན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཡུལ་འཁོར་སྐྱོང་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཡུལ་འཁོར་སྐྱོང་ཚུལ་འཆོས་པ་དང། ཁ་བསག་ཉིད ་ཀྱིས་རྙེད་པ་དང་བཀུར་སྟི་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས་སྟེ། ཡུལ་འཁོར་སྐྱོང་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས་རྣམས་སོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ ་ལས་ཀྱང། འོད་སྲུངས་དེ་ལ་དགེ་སློང་གི་ཆོམ་རྐུན་གང་ཞེ་ན། བཞི་པོ་འདི་དག་ནི་དགེ་སློང་གི་ཆོམ་རྐུན་ཡིན་ཏེ། བཞི་གང་ཞེ་ན། འོད་སྲུང་འདི་ལ་དགེ་སློང་དགེ་སློང་གི་ཁ་དོག་དང། རྟགས་དང། དབྱིབས་ལ་གནས་ཤིང། དེ་ཡང་ཚུལ་ཁྲིམས ་འཆལ་པ་དང། སྡིག་པའི་ཆོས་ཅན་ཡིན་པར་གྱུར་ན། དེ་ནི་དགེ་སློང་གི་ཆོམ་རྐུན་དང་པོ་ཡིན་ནོ། །དབེན་པའི་གནས་སུ་སོང་སྟེ། གནས་པ་ནི་མི་དགེ་བའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ན། དེ་ནི་དགེ་སློང་གི་ཆོམ་རྐུན་གཉིས ་པ་ཡིན་ནོ། །བདག་ཉིད་འབྲས་བུ་མ་ཐོབ་ཅིང། །སོ་སོ་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་རྙེད་པ་དང། བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བར ་བྱེད་ན། དེ་ནི་དགེ་སློང་གི་ཆོམ་རྐུན་གསུམ་པ་ཡིན་ནོ། །བདག་ལ་བསྟོད་ཅིང་གཞན་ལ་སྨད་པར་བྱེད་ན། དེ་ནི་དགེ་སློང་གི་ཆོམ་རྐུན་བཞི་པ་ཡིན་ཏེ། འོད་སྲུངས་བཞི་པོ་དེ་དག་ནི་དགེ་སློང་གི་ཆོམ་རྐུན་ཡིན་ནོ། །འོད་སྲུངས་སྐྱེས་བུ་གཏུམ་པ། ་བརླང་བ། དྲག་ཤུལ་གྱིས་ལས་དང་ལྡན་པ། ཉམས་སྟོབས་དང་ལྡན་པ། སྟོབས་པོ་ཆེའི་ཤུགས་དང་ལྡན་པ། གང་ལ་ལ་ཞིག་བྱུང་པར་གྱུར་ལ། འོད་སྲུངས་སྐྱེས་བུ་དེས་འཛམ་བུའི་གླིང་པའི་མི་གང་ཇི་སྙེད་པ་རྣམས་དབྱུག་པས་བརྡེགས་སམ ་མཚོན་གྱིས་བཏབ་བམ། །བུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས། ཉེ་བར་སྤྱད་པའི་ལོངས་སྤྱོད་དབྱིག་དང། གསེར་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། ས་ལེ་སྦྲམ་དང། དངུལ་དང། རིན་པོ་ཆེ་སྣ ་ཚོགས་དང། ཁང་ཁྱིམ་དང། བཞོན་པ་དང། གོས་དང། བཟའ་བ་དང། བཏུང་བ་དང། མལ་ཆ་དང། སྟན་གྱི་ཉེ་བར་སྤྱད་པ་དང། ཡོངས་སུ་སྤྱད་པ་དང། དགའ་བ་དང། རྩེ་བའི་ལོངས་སོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིད་ཕྲོགས་ཏེ། ཁྱེར་པར་གྱུར་ན། འོད ་སྲུངས་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མི་ཡིན་པ་མང་དུ་བསྐྱེད་སྙམ་མམ། འོད་སྲུང་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུང་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང། །སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། །དེ་རྙེད་པ་དང། བཀུར་སྟེ་དང། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག ་ཉིད་རྒྱུན་དུ་ཞུགས་པ་ཡིན་པར་ཁས་འཆེ་བར་བྱེད་ཅིང། ཐ་ན་བསོད་སྙོམས་ཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ ་དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་དཔེ་བསྟན་པས། སྡོམ་པའི་གནས་བཀའ་སྩལ་པ། དེ་ནི་དོ་མཚར་ལགས་ཏེ། བཅོམ་ལྡན་འདས་དཔེ་རིན་པོ་ཆེ་དེ་ལྟ ་བུ་ཐོས་ནས་སུ་ཞིག་འབྲས་བུ་མ་ཐོབ་པར་ཐ་ན་དང་པས་སྩལ་‚པ། ཆབ་སྣོད་གང་ཙམ་ཡང་ལེན་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། མགོ་དང་གོས་ལ་མེ་འབར་བ་ལྟ་བུས་གནས ་པར་བྱ་ཞིང། འབྲས་བུ་མ་ཐོབ་པར་ཐ་ན་དད་པས་བྱིན་པ་ཆུ་སྨོད་གང་ཙམ་ལ་ཡང་བླང་བར་མི་བྱའོ། །འོད་སྲུངས་མི་གཉིས་པ་ཆེས་གཏུམ་པ། ཆེས་བརླད་བ། ཆེ་དྲག་ཤུལ་གྱི་ལས་དང་ལྡན་བ། ཆེས་ཉམ་སྟོབས་དང་ལྡན་པ། ཆེས་སྟོབས་ཆེན་པོའི་ཤུགས ་དང་ལྡན་པ། གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་མི་དེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན། མི་གང་ཇི་སྙེད་པ་རྣམས་དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས་ཉེ་བར ་སྤྱད་པའི་ལོངས་སྤྱོད་དབྱིག་དང། གསེར་དང། ནོར་བུ་དང། མུ་ཏིག་དང། དུང་དང། མན་ཤེལ་དང། བྱུ་རུ་དང། ས་ལེ་སྦྲམ་དང། དངུལ་དང། རིན་པོ་ཆེ་སྣ་ཚོགས་དང། ཁང་ཁྱིམ་དང། བཞོན་པ་དང། གོས་དང། བཟའ་བ་དང། བཏུང་བ་དང། མལ་ཆ་དང། ་སྟན་གྱི་ཉེ་བར་སྤྱད་དང། ཡོངས་སུ་སྤྱད་པ་དང། དགའ་བ་དང། རྩེ་པའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ། ཁྱེར་བར་གྱུར་ན། འོད་སྲུངས་འདི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་སྙམ ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག ་བདག་ཉིད་འབྲས་བུ་མ་ཐོབ་ཅིང། སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་ལན་ཅིག་ཕྱིར་འོང་བ་ཡིན་པར་ཁས་འཆེ་བར་བྱེད་ཅིང། ་ཐ་ན་བསོད་སྙོམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །འོད་སྲུངས་གླིང་བཞི་པའི ་འཇིག་རྟེན་གྱི་ཁམས་ན་མི་གང་ཇི་སྙེད་པ་ཐམས་ཅད་ཀྱི་ཉེ་བར་སྤྱད་པའི་ལོངས་སྤྱོད་རྣམས་ལྟ་ཞོག་གི་།འོད་སྲུངས་མི་གསུམ་པ་ཆེས་ཤིན་ཏུ་གཏུམ་པ། ཆེས་ཤིན་ཏུ་བརླང་བ། ཆེས་ཤིན་ཏུ་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཤིན་ཏུ ་ཉམས་སྟེབས་དང་ལྡན་པ། ཆེས་ཤིན་ཏུ་སྟོབས་ཆེན་པོའི་ཤུགས་དང་ལྡན་པ། གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་མི་དེས་སྟོང་ཆུད་དུའི་འཇིག་རྟེན་གྱི་ཁམས་ན། མི་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཐམས་ཅད་དབྱུག་པས་བརྡེག་སྔ་སྨམ?། མཚོན་གྱིས་བཏབ་བམ? ་ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས་ཉེ་བར་སྤྱད་པའི་ལོངས་སྤྱོད་དབྱིག་དང། གསེར་དང། ནོར་བུ་དང། མུ་ཏིག་དང། པེ་ཌཱུ་རྱ་དང། དུང་དང། །མན་ཤེལ་དང། བྱུ་རུ་དང། སལ་སྦྲམ་དང། དངུལ་དང། རིན་པོ་ཆེ་སྣ་ཚོགས་དང། ཁང་ཁྱིམ་དང། བཞོན་པ་དང། གོས ་དང། བཟའ་བ་དང། བཏུང་བ་དང། མལ་ཆ་དང། སྟན་གྱི་ཉེ་བར་སྤྱད་པ་དང། ཡོངས་སུ་སྤྱད་པ་དང། དགའ་བ་དང། རྩེ་བའི་ལོང་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲགས་ཏེ་ཁྱེར་བར་གྱུར་ན། འོད་སྲུངས་ངེ་ཇི་སྙམ་དུ་སེམ། གཞི་དེ་ལས་མིད་བསོད་ནམས་མ་ཡིན་པ་མང་དུ ་བསྐྱེད་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞག་བདག་ཉིད་འབྲས་བུ་མ་ཐོབ ་ཅིང། སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་ཕྱིར་མི་འོད་བར་ཁས་འཆེ་བར་བྱེད་ཅིང། ཐ་ན་བསོད་སྙོམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། འདི ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། འདི་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །འོད་སྲུངས་སྟོང་ཆུད་དུ་ཕྲ་མོའི་འཇིག་རྟེན་གྱི་ཁམས་ན། མི་གང་ཇི་སྙེད་པ་དེ་ཐམས་ཅད་ཀྱི་ཉེ་བར ་སྐྱད་པའི་ལོངས་སྤྱོད་རྣམས་ལྟ་ཞོག་གི་།འོད་སྲུངས་མི་བཞི་པོ་ཆེས་ཤིན་ཏུ་རབ་ཏུ་གཏུམ་པ། ཆེས་ཤིན་ཏུ་རབ་ཏུ་བརླང་བ། ཆེས་ཤིན་ཏུ་རབ་ཏུ་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཤིན་ཏུ་རབ་ཏུ་སྟོབས་ཆེན་པོའི་ཤུགས ་དང་ལྡན་པ། གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་མི་དེས་སྟོང་གི་འཇིག་རྟེན་གྱི་ཁམས་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པའི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་པ་ན། ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས་ཉེ་བར་སྤྱད་པའི་ལོངས་སྤྱོད་དབྱིག་དང ་གསེར་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། ས་ལེ་སྦྲམ་དང། དངུལ་དང། རིན་པོ་ཆེས་ཚོགས་དང། ཁང་ཁྱིམ་དང། བཞོན་པ་དང། གོས་དང། བཟའ་བ་དང། བཏུད་བ་དང། ་མལ་ཆ་དང། སྟན་གྱི་ཉེ་བར་སྤྱད་པ་དང། ཡོངས་སུ་སྤྱོད་པ་དང། དགའ་བ་དང། རྩེ་བའི་བདེ་བའི་ཡོ་བྱད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིད་ཕྲོགས་ཏེ། ཁྱེར་བར་གྱུར་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས ་མ་ཡིན་པ་མང་དུ་བསྐྱེད་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁང ་དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང། སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང་བཀུར་སྟི་དང། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར ་ཁས་འཆེ་བར་བྱེད་ཅིང། ཅི་ནས་ཀྱང་གཞན་དག་གིས་དགྲ་བཅོམ་པ་ཡིན་པར་ཤེས་པར་བྱའོ་སྙམ་ནས། དགྲ་བཅོམ་པ་སྟེང་དུ་འབྱུང་བ་ལྟར་སྟེང་དུ་འབྱུང་བར་ཡང་བྱེད། དགྲ་བཅོམ་པ་དཔེ་སྟོན་པ་ལྟར་དཔེ་སྟོན་པར་ཡང་བྱེད་ལ། དེ ་ལྟར་སྡིག་པ་ཅན་གྱི་འདོད་པ་དེ་ལྟ་བུ་དང་ལྡན་པས། ཐ་ན་གཞན་གྱིས་བྱིན་པའི་དད་པས་བྱིན་པ་བསོད་སྙམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད ་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །འོད་སྲུངས་དེ་ལྟ་བས་ན་གང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱང་ཐམས་ཅད་འཕྲོག་པར་སྤྲོ་བ་དེ་ནི། སྡིག་པ་ཅན་གྱི་འདོད་པ་དེ་ལྟ་བུ་དེས་དད་བས་བྱིན་པ ་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ། །འོད་སྲུངས་ངས་ནི་སྡིག་པ་ཅན་གྱི་འདོད་པ་དེ་ལས་གཞན་པ། རབ་ཏུ་བྱུང་བའི་ཆོས་ཤིན་ཏུ་ཐ་ཆད། ཅིག་ཤོས་གཞན་མ་མཐོང་ངོ། །འོད་སྲུངས་བཞི་པོ་འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་པ་རབ་ཏུ་བྱུང་བའི་སྡིག་པ་འདོད་པ ་ཡིན་ཏེ། བཞི་གང་ཞེ་ན། མ་འོངས་པའི་སངས་རྒྱས་མཐོང་བར་འདོད་པ་དང། འཁོར་ལོ་སྒྱུར་བའི་རྒྱལ་སྲིད་འདོད་པ་དང། གཞན་ཡང་རྒྱལ་རིགས་དག་འདོད་པ་དང། བྲམ་ཟེའི་རིགས་དག་འདོད་པ་དང། བཞི་པོ་འདི་དག་ཉིད་ནི་ཉན་ཐོས་ཀྱི་ཐེག་པ་པ་རབ་ཏུ་བྱུང་བའི་སྡིག་པ་འདོད་པ་ཡིན་ནོ། །གང་དུ་འགའ་ཞིག་ལ་སྨོན་པར་བྱེད་ན། ཆེར་ན་མྱ་ངན་ལས་འདས་པ་ལ་སྨོན་པར་བྱེད་ན་ཡང། དེ་ཡང་དེའི་སྡིག་པ་འདོད་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པས་དེ་ལས་དགོངས་ནས། དགེ་སློང་དག་ང་ནི་ཆེར་ན། ་ཕུང་བོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡང་རུང་སྟེ། སྐད་ཅིག་ཙམ་སྐྱེ་བ་ལ་ཡང་བསྔགས་པ་མི་བརྗོད་དོ་ཞེས་སྟོན་ཏོ། །འོད་སྲུངས་བཞི་པོ་འདི་དག་ནི་དགེ་སློང་གི་དྲི་མ་སྟེ། རབ་ཏུ་བྱུང་བས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱའོ། ། ་བཞི་གང་ཞེ་ན། འཇིག་ཚོགས་ལ་མདོན་པར་ཞེན་པ་དང། གང་ཟག་ཏུ་འཛིན་པ་དང། བསླབ་པ་ལས་འདའ་བ་དང། མ་འོངས་པའི་སངས་རྒྱས་མཐོང་བར་མི་འདོད་པ་སྟེ། བཞི་པོ་དེ་དག་ནི་དགེ་སློང་གི་དྲི་མ་ཡིན་ཏེ། རབ་ཏུ་བྱུང་བ་དེ་དག་ཐམས ་ཅད་ཀྱི་ཐམས་ཅད་དུ་མི་བྱའོ། །འོད་སྲུངས་དགེ་སློང་དང། བྲམ་ཟེ་འཚོ་བ་ཡོངས་སུ་དག་པ། སྡིག་པ་འདོད་པ་མེད་པ། ཚུལ་ཁྲིམས་དང་ལྡན་པ། དྲང་པོའི་རང་བཞིན་ཅན། གཡོ་མེད་པ། སྒྱུ་ཅན་མ་ཡིན་པ། ཁེངས་པ་མ ་ཡིན་པ་ཡོངས་སུ་མྱ་ངན་ལས་འདའ་བ་འདོད་པ་རྣམས་ཀྱི་ཆེད་དུ། ང་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན། འོད་སྲུངས་ཏེ་དག་དབུགས་འབྱིན་པར་བྱེད་པ་བརྗོད་པར་བྱ་སྟེ། དེ་ཐོས་ནས་རྣལ་འབྱོར་པ། རྣལ་འབྱོར་སྤྱོད་པ ་དག་།དགའ་བ་དང་མགུ་པར་འགྱུར་རོ། །འོད་སྲུངས་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད ་ཐམས་ཅད་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་བས་ནི། ཡང་དག་པར་ཞུགས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། འཚོ་བ་ཡོངས་སུ་དག་པ་ཞིག་གིས། སྤྱིན་པ་པོ་གང་གི་དད་པར་བྱིན་པ། ཐ་ན་ཆུ་སྣོད་གང་ཙམ་ཞིག་བདག་གིས་བྱས ་པར་གྱུར་ན། དེ་ཉིད་དེ་ལ་བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེར་འགྱུར་གྱི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བསྐལ་པ་འམ། བསྐལ་པ་ལས་ལྷུག་པའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟེར་བྱས། བླ་མར་བྱས། རི་མོར ་བྱས། མཆོད་པར་བྱས་པ་དེ་ལ་ནི་དེ་ལྟ་མ་ཡིན་ནོ། །འོད་སྲུངས་ཇི་ལྟར་མི་བླུན་པ་སྡིག་པ་འདོད་པ་དང་ལྡན་པ་དེས་གང་གི་དྲུང་ནས་ཆོས་གོས་སམ། བསོད་སྙོམས་ཡོངས་སུ་ལོངས་སྤྱད་པ་དེའི་དོན་དེ་ཡོངས་སུ་ཉམས་པར་བྱེད་པ་དེ་ལྟར་ནི། དགྲ་བོ་དང། གཤེད་མ་དང། ་ཕྱིར་རྒོལ་པ་དང། ཕས་ཀྱི་དགྲས་ཀྱང་ཡོངས་སུ་ཉམས་པར་བྱེད་མི་ནུས་སོ་ཞེས་གསུངས་སོ། །ཉི་མའི་སྙིང་པའི་མདོ་ལས་ཀྱང། དེའི་ནང་ན་ཀླུ་གཞན་མིག་མེད་པ་ལོང་པ་འབྲས་བུ་ཉམ་ཆུང་བ་ཞེས་བྱ་ཞིག་ཡོད་དོ། །དེས་གསང་བསྟོད་ནས་འོ་དོད་བོས་ཏེ་གསོལ་པ། སེམས་ཅན ་རྣམས་ལ་ཐུགས་བརྩེ་བདག་ཅག་བསྐྱབ་པར་གསོལ། །ཡུན་རིང་བདག་གིས་ལུས་ལ་སྡུག་བསྔལ་ཚོར་བ་རབ་མི་བཟད། །སྲིན་བུ་སྦལ་པ་སྐྱེ་བོ་སྲོག་ཆགས་སྣ་ཚོགས་འཚལ་བར་བགྱིད། །བཟའ་བ་བཏུང་བ་མ་མཆིས་ཆབ་ཚན་ནང་ན་བདག་གནས་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་འཇིག་རྒྱལ་བསྟན་པ་ལ། །སྔོན་ནི་དགེ་སྦྱོང་ཁྱིང་གྱུར་ཏེ། །མཁས་ཤིང་གཙང་སྤྲ་སྤྱོད་ལམ་ལྡན། །དབེན་པ་དག་ཏུའི་སྡིག་པ་མེད། །ལྷན་ཅིག་གནས་པ་དག་ཀྱང་མེད། །ཁྱོད་བདག་སྟོན་པ་འདྲ་པར་འགྱུར། །དགྲ་བཅོམ ་རྫུ་འཕྲུལ་ཆེན་པོར་ཡང། །ཁྱོད་ལ་སློབ་མ་རྣམས་ཀྱིས་བརྗོད། །རྙེད་དང་བཀུར་སྟེ་བྱུང་བ་ནི། །ཁྱོད་གཅིག་པུ་ཡིས་ལོངས་སྤྱད་ཅིང། །ཁྱོད་ཀྱི་དགེ་སློང་ངེས་པ་མཐོང། །དེ་དག་ལ་ནི་མི་སྙན་བརྗོད། །ལྷན་ཅིག་གནས་དེར་མི་དགར་གནས། །ཁྱོད་ནི་ཚེ་རབས་སྟོང ་དག་ཏུ། །དེད་ཀྱི་ཟས་སུ་གྱུར་ཅིག་ཅེས། །དེ་ལྟ་བུ་ཡི་སེམས་བསྐྱེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དེས། །འདིར་ཡང་ཁྱོད་ནི་ལག་འགྲོར་སྐྱེས། །ཁྱོད་རང་གི་ཡང་ལྷན་ཅིག་གནས། །ཕྱི་ཕྱིར་ཟ་བར་བྱེད་པ་ཡིན། །ཆུ་ཚན་ནང་ན་གནས་པ་དང། །ལོང་བར་དེ་ཡིས་གྱུར ་པ་ཡིན། །ཀུན་ཏུ་འབར་བའི་ལྕགས་དང་ཟངས། །ཕྱིས་ཀྱང་དམྱལ་བར་ཟ་བར་འགྱུར། །སྟོབས་མེད་ཡིད་ནི་མི་དགའ་བས། །ཀླུ་དབང་ཀུན་གྱི་ནང་ན་དུ། །ཉེས་པ་སོ་སོར་བཤད་པས་ན། །སྡུག་བསྔལ་རྣམས་ལས་ཡོངས་སུ་གྲོལ་ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི ་མདོ་ལས་ཀྱང། འོད་སྲུངས་ཆོས་བཞི་དང་ལྡན་ན། སྡིག་པའི་དགེ་སློང་དུ་རིག་པར་བྱ་སྟེ། བཞི་པོ་གང་ཞེ་ན། ལུས་ཀྱིས་ཚུལ་འཆོས་པར་འགྱུར་བ་དང། དག་གིས་ཚུལ་འཆོས་པར་འགྱུར་བ་དང། སེམས་ཀྱིས་ཚུལ་འཆོས་པར་འགྱུར་བ་དང། སྤྱད་ལམ་གྱིས་ཚུལ ་འཆོས་པར་འགྱུར་བ་སྟེ། བཞི་པོ་འདི་དག་གོ་།དེ་ལ་ལུས་ཀྱི་ཚུལ་འཆོས་པ་གང་ཞེ་ན། དལ་གྱིས་འགྲོ་བའི་ཚུལ་འཆོས་པར་འགྱུར་བ་དང། མགོ་སྨད་པའི་ཚུལ་འཆོས་པར་འགྱུར་བ་དང། གཉའ་ཤིང་གང་ཙམ་དུ་བལྟ་བའི་ཚུལ་འཆས་པར་འགྱུར་པ་དང། ཆེད་དུ་བྱས ་ནས་ཆོས་གོས་འཆང་བ་ལེན་པའི་ཚུལ་འཆོས་པར་འགྱུར་བ་དང། དགོན་པར་གནས་པའི་ཡོན་ཏན་མི་ཚོལ་ཞིང་དགོན་པར་གནས་པའི་ཚུལ་འཆོས་པར་འགྱུར་བ་དང། བསོད་སྙོམས་ཀྱི་འདུ་ཤེས་མི་སྤོང་ཞིང་བསོད་སྙོམས་ལ ་རྒྱུ་བའི་ཚུལ་འཆོས་པར་འགྱུར་བ་དང། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྗེས་སུ་མི་འཇུག་ཅིང། ཕྱག་དར་ཁྲོད་ཀྱི་གོས་འཆང་བའི་ཚུལ་འཆོས་པར་འགྱུར་བ་དང། རྟེན་ཅིང་འབྲེལ་པར་འབྱུང་བལ་མི་འཇུག་ཅིང་འབྲས་བུ་དང། རྩཝ་དང་ཤིང་དྲུང་ན་གནས་པའི་ཚུལ ་འཆོས་པར་འགྱུར་བ་དང། ཆོས་ཀྱི་བདུད་རྩིའི་སྨན་མི་འཚོལ་ཞིང་བཀུས་ཏེ་བོར་པའི་སྨན་གྱི་ཚུལ་འཆོས་པར་འགྱུར་བ་སྟེ། འོང་སྲུངས་འདི་དག་ནི་ལུས་ཀྱི་ཚུལ་འཆོས་པར་བརྗོད་དོ། །བདག་ཆེ་གེ་མོས་ཡོངས་སུ་ཤེས། བདག་ཆེ་གེ་མོས་འགྲོན་དུ་གཉེར། ་བདག་གིས་ནི་ཇི་ཙམ་འདོད་པ་རྙེད་དོ། །བདག་གིས་རྙེད་པ་གུས་པར་བྱས་ཏེ་རྙེད་དོ། །བདག་གིས་གྱ་ནོམ་པ་རྙེད་དོ། །བདག་གིས་མང་དུ་རྙེད་དོ། །བདག་གིས་མང་དུ་ཐོས་སོ། །བདག་གིས་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་ནོ། །བདག་ནི་འགྲན་དུ ་གཉེར་བར་འོས་པའོ། །བདག་ནི་ལན་དུ་མར་འགྲོན་དུ་གཉེར་འོས་པའོ། །བདག་ནི་ནུས་པ་སྐལ་པ་དང་ལྡན་པ། ཤིན་ཏུ་སྟོབས་དང་ལྡན་པའོ། །བདག་ནི་དོན་དང་དོན་རྣམ་པར་ངེས་པ་ལ་མཁས་པའོ། །ཆེ་གེ་མོ་ཞིག་གིས་བདག་ལ་འདི་སྐད་དུ་སྨྲས་ཏེ། བདག ་གིས་དེ་ལ་འདི་སྐད་དུ་སྨྲས་སོ། །བདག་གིས་ཚར་བཅད་ཅིང་སྤོབས་པ་མེད་པར་བྱས་སོ། །བདག་གིས་ལ་ཁོར་མངོན་པར་མགུ་བར་བྱས་སོ། །བདག་གིས་ལོགས་སོ་ཞེས་བྱ་བ་རྙེད་དོ། །བདག་གིས་དེ་ལས་གོས་རྙེད་དོ། །བདག་ནི་ཡང་ནས་ཡང་དུ་འོང་བར་བྱ་བའི་ཕྱིར ་འགྲོན་དུ་གཉེར་ཏོ། །འོད་སྲུངས་དེ་ལྟར་རྣམ་པར་མ་དཔྱད་པའི་སེམས་དང་ལྡན་པའི་ངག་གིས་བརྗོད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་མདོན་པར་མི་བརྩོན་པ་རྣམས་ཀྱི་ངག་གི་ཚུལ་འཆོས་པ་ཡིན་གྱིས། །མངོན་པར་བརྩོན་པ་རྣམས་ཀྱི་ནི་མ་ཡིན་ཏེ། ་འདི་ནི་ངག་གི་ཚུལ་འཆོས་པའོ། །འོད་སྲུངས་དེ་ལ་སེམས་ཀྱི་ཚུལ་འཆོས་པ་གང་ཞེ་ན། ཆོས་གོས་དང། བསོད་སྙོམས་དང། མལ་སྟན་དང། ནད་ཀྱི་རྐྱེན་སྨན་དང། ཡོ་བྱད་རྣམས་རྙེད་པར་གྱུར་ཅིག་སྙམ་དུ་གང་སེམས་ཀྱིས་རྟོག་ཅིང། ཚིག་ཏུ་ང་ལ་ཆུ་ཐད་ཀྱི་མི་དགོས ་ཞེས་སྨྲ་བ་སྟེ། གང་སེམས་ཀྱི་རྙེད་པ་འདོད་ཅིང། ཚིག་གིས་འདོད་པ་ཆུང་བར་སྨྲ་བ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བརྗོད་དོ། །དེ་ལ་འདི་སྐད་དུ་བཀའ་སྩལ་པ། རྙེད་ལྡན་གྱུར་ཅིག་སྙམ་དུ་སེམས་བྱེད་ཅིང། ཚིག་གིས་བདག་ལ་འགས་ཀྱང་དགོས་པ་མེད་པར་སྨྲ། འདི ་ན་འགས་ཀྱང་བདག་ལ་དོན་མེད་ཅེས་སྨྲ་པ། །ཡང་དག་མིན་པའི་ངོ་བོའི་རྒྱགས་པས་ཆགས་པར་འགྱུར། དེ་ནི་ནམ་ཡང་བདེ་པ་རྙེད་ལྡན་འགྱུར་མ་ཡིན། ལྷ་དང་ཀླུ་རྣམས་ལྷ་མིག་ལྡན་པ་དག་ཀྱང་ནི། །སེམས་དང་བསམ་པ་ཚུལ་འཆོས་ཅན་གྱིས་སླུ་བར་བྱེད། །ཉམས་པའི་སེམས ་ཀྱིས་ནམ་ཡང་དག་པར་འགྱུར་པ་མིན། །འདི་ནི་དེ་བཞིན་གཤེགས་པ་ཀུན་གྱིས་མཁྱེན་པར་འགྱུར། །འོད་སྲུངས་དེ་ལྟར་ན་ཚུལ་མ་ཡིན་པ་སྤྱད་པའི་སྤྱོད་པ་ཡང་བདེ་ལྟ་བུའི་ངོ་བོ་འདིས་ཆོས་དང་མི་ལྡན་པ། སྡིག་པའི་དགེ་སློང་དམྱལ་པ་དང། དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན ་དུ་འགྲོ་བར་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་ཟས་བཞི་པོ་འདི་དག་ནི་དམྱལ་པ་དང། དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་ཏེ། བཞི་པོ་གང་ཞེ་ན། གྲོགས་པོ་དག་ཟས་གང་སྲོག་གཅོད ་པ་དང། སྲོག་ལ་འཚེ་བ་དང། སྲོག་འཇོམས་པས་ལོངས་སྤྱོད་པར་བྱེད་དེ། གྲོགས་པོ་དང། ཟས་དང་པོ་འདི་ནི་དམྱལ་པ་དང། དུང་འགྲོ་དང། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་རོ། །གྲོགས་པོ་དག་གཞན་ཡང་ཟས་གང་མ་བྱིན་པར་ལེན་པ་ཉིད་དང། ་གཞན་གྱི་ལོངས་སྤྱོད་རྣམ་པར་བཅོམ་པ་ཉིད་དང། དབྱུག་པ་དང། རལ་གྲི་དང། མཚོན་གྱིས་བཏབ་པ་ཉིད་ཀྱིས་ལོངས་སྤྱོད་པ་སྟེ། གཉིས་པ་འདི་དང། གྲོགས་པོ་དག་གཞན་ཡང་ཟས་གང་ཚུལ་འཆོས་པ་དང། ཁ་གསག་ཉིད་དང། གཞན་ཆེས་གཟིར་བ ་ཉིད་དང། སྤྱོད་ལམ་དག་པར་ཉེ་བར་སྟོན་པ་ཉིད་དང། ཚུལ་ཁྲིམས་ཉམས་པ་ཉིད་དང། སྤྱོད་པ་ཉམས་པ་ཉིད་དང། ལྟ་བ་ཉམས་པ་ཉིད་དང། ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་ལོངས་སྤྱོད་པ་སྟེ། གསུམ་པོ་འདི་དར ་གྲོགས་པོ་དག་གཞན་ཡང་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ་ཉིད་དང། ཡང་དག་པ་མ་རྟོག་པར་ཡང་དག་པར་རྟོག་པ་ཁས་འཆེ་བ་ཉིད་དང། དགེ་སྦྱོང་མ་ཡིན་པར་དག་སྤྱོད་དུ་ཁས་ཆེ་བ་ཉིད་ཀྱིས་ལོངས་སྤྱོད་པར་བྱེད་པ་སྟེ། ནས་བཞི་པ་འདིས་ནི་དམྱལ་བ ་དང། དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་རོ། །གྲོགས་པོ་དག་ཇག?་ཟས་བཞི་པོ་འདི་དག་གཅད་པར་བྱ་བའི་ཕྱིར་ཆོས་སྟན་པར་ཕྱའོ། །གྲོགས་པོ་དག་ལུས་གསོ་བར་བྱ་བའི་ཕྱིར་སྲོག་བཅད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་ནི་སེམས་ཅན ་ཐམས་ཅད་ལ་འཕངས་པ་དང། ཡིད་དུ་འོང་བའོ། །གྲོགས་པོ་དག་དེའི་ཕྱིར་བདག་སྲུང་བའི་ཕྱིར་དང་འཇིག་རྟེན་ཕ་རོལ་བསྲུང་པར་བྱ་བའི་ཕྱིར་དང། སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསུང་བར་བྱ་བའི་ཕྱིར་མཁས་པས་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱ་ཞིང་བྱ་བ་མ ་ཡིན་པ་མི་བྱའོ་ཞེས་གསུངས་སོ། །ཆོས་སྨྲ་བ་པོ་ལ་སྐྱོན་འདོགས་པའི་དགོངས་པ་བསྟན་པ་ལ། ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང། དེ་ལ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་གང་དུ་འདི་ལྟ་བུའི་དགེ ་སློང་དག་གིས་བྱང་ཆུབ་དོན་དུ་གཉེར་བ། སྐྱེ་བོ་མད་པོ་ལ་བརྩེ་བ་ཅན་རྣམས་ལ་གཤེ་བར་བྱེད། སྤྱོ་བར་བྱེད། ཚངས་པར་སྤྱོད་པ་མ་ཡིན་པ་འཁྲིག་བའི་ཆོས་ཀྱིས་སྐུར་བར་བྱེད། དེ་ལྟ་བུའི་རང་བཞིན་ཅན་གྱི་དགེ་སློང་གི་དྲུང་ནས། སྐྱེ་བོ་མང་པོ་འབྱེད་པར་བྱེད་པ ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སྤྱོད་པ་དག་ལ་ལྟོས། འོད་སྲུངས་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དག་ན། དེའི་ཚེ་དེའི་དུས་ན། གང་ཁྱབ་འཇུག་གླིང་འགྲོ་ཞེས་བྱ ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་གྱུར་པ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །འོད་སྲུངས་དེ་བཞིན་གཤེགས་པ་དེ་འཚེ་ཞིང་གཞེས་པ་ན། རྣམ་པར་སྒྲོགས་པའི་རྒྱལ ་བོ་ཞེས་བྱ་བའི་དགེ་སློང་མང་དུ་ཐོས་པ། སྣ་ཚོགས་པ་གཏམ་པར་བྱེད་པར་སྤོབས་པ་བཟང་པ། དེ་གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་དག་ཏུ་ཆོས་སྟོན་པར་གྱུར་ཅིང། ཆོས་སྟོན་པ་ལ་སྙོམས་ལས་མེད་པར་གྱུར་ཏོ། །ཆོས་གོས་དང། ་བསོད་སྙོམས་དང། མལ་སྟན་དང། འཚོ་པའི་རྐྱེན་སྨན་དང། ཡོ་བྱང་རྣམས་རྙེད་པར་ཡང་གྱུར་ཏོ། །ཡང་དེའི་ཚེ་ལེགས་ཐོབ་ཅེས་བྱ་བའི་དགེ་སློང་ཞིག་བྱུང་བར་གྱུར་ཏོ། །དེ་རྣམ་པར་སྒྲོགས་པའི་རྒྱལ་པོ་ལ་གཤེ་བར་བྱེད། སྤྱི?་བར་བྱེད། ཆངས་པར་སྤྱོད་པ་མ་ཡིན་པ་འཁྲིག ་པའི་ཆོས་ཀྱིས་བཀུར་བར་བྱེད། ཕྱོགས་དང་ཕྱོགས་མཚམས་སུ་མི་སྙན་པ་དང། བསྡམས་པ་ཡང་མ་ཡིན་པ་རྒྱས་པར་བྱེད་པར་གྱུར་ཏོ། །ཡང་དེའི་ཚེ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་བྱུང་བར་འགྱུར་ཏོ། །དེས་མི་སྙན་པ་དང་བསྔགས་པ་མ་ཡིན་པ་དེ་ཐོས་ནས་སེམས ་མ་རངས་པས། ཆོས་ཉམས་པའི་ཕྱིར་དོང་བར་མ་གྱུར། གཞན་སྲོག་ཆགས་སྟོང་ཕྲག་བརྒྱ་ཚང་བ་ཡང་མ་སོང། །དེ་དག་ཀྱང་མ་སོང་བས་མཐོ་རིས་སུ་སྐྱེ་བ་དང། དལ་བ་རྙེད་པ་དང། འབྲས་བུ་ཐོབ་པ་ལས་ཡོངས་སུ་ཉམས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན ་པོ་ནི་བཟོད་པ་ལས་ཡོངས་སུ་ཉམས་པར་གྱུར་ཅིང། ལུས་ཞིག་ནས་ཤི་པའི་འོག་རོལ་ཏུ་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་དམྱལ་བ་ངུ་འབོད་ཆེན་པོར་སྐྱེས་ཏེ། དེ་དང་དེ་དག་དེར་ལོ་བྱེ་བ་ཕྲག་དྲུག་ཏུ་འཚེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ནི་དམྱལ ་བ་ཆེན་པོ་ཚ་བར་སྐྱེས་ཤིང། དེར་ཡུན་རིང་པོ་མ་གནས་ཏེ། དེ་ཐང་གཅིག་གིས་ལྡང་པར་གྱུར་ཏོ། །འོད་སྲུངས་ཡང་དགེ་སློང་ལེགས་ཐོབ་བྱང་ཆུབ་སེམས་དཔའ་དེ་ལ་སྐུར་པ་བཏབ་ནས། སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་སྐྱེས། །གང་ཡང་འདིས་སྲོག་ཆགས ་སྟོང་ཕྲག་དེ་དག་ཕྱེ་ཞིང། མི་དགེ་བའི་རྩ་བ་དེས་དེ་སེམས་ཅན་རེ་རེའི་རྒྱུས་ལོ་བྱེ་བ་ཚང་བར་གན་རྐྱལ་དུ་ཐུར་མ་བརྒྱ་ཕྲག་མང་པོས་ཕུག་ཅིང། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏོ། །ལོ་བྱེ་བ་ཡོངས་སུ་ཚང་བར་ཁ་སྦུབ་ཏུ་དང། ་ལོ་བྱེ་བ་ཡོངས་སུ་ཚང་པར་གཡས་ལོགས་སུ་དང། ལོ་བྱེ་བ་ཡོངས་སུ་ཚང་བར་གཡོན་ལོགས་སུ་དང། ལོ་བྱེ་བ་ཡོངས་སུ་ཚང་བར་འགྲེད་བ་ཉེད་དང། ལོ་བྱེ་བ་ཡོངས་སུ་ཚང་བར་སྤྱིའུ་ཚུགས་ཉིད་དུ་ཐུར་མ་བརྒྱ་ཕྲག་མང་པོས་ཕུག་ཅིང་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར ་ཏེ། གང་ཡང་བྱང་ཆུབ་སེམས་དཔའ་དེ་ལ་སྐུར་པ་བཏབ་པ་དང། བྱང་ཆུབ་སེམས་དཔའ་དེ་ཕྱེ་ཞིང། མི་དགེ་བའི་རྩ་བ་དེས་དེ་བསྐལ་པ་བརྒྱ་སྟོང་དུ་དམྱལ་བ་ནས་ཤི་འཕོས་ཏེ་དམྱལ་བ་རྣམས་སུ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་སྨྲ་བ་པོའི་དགེ་སློང་རྣམས་ཀྱི ་བསྔགས་པ་མ་ཡིན་པ་རྒྱས་པར་བྱ་བའི་ཕྱིར། མངོན་པར་བརྩོན་པ་དེ་ནི་འོད་སྲུངས་དེ་བཞིན་གཤེགས་པའི་བསྟན་པ་ནུབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །འོད་སྲུངས་ཆོས་སྨྲ་བ་པོའི་དགེ་སློང་ལ་རེ་ཞིག་བདེན་པའི་བསྔགས་པ་མ་ཡིན་པ་ཡང་རྒྱས་པར་མི་བྱ་ན་ཡང་དག་པ ་མ་ཡིན་པ་མ་རྟོགས་པ་བཞིན་དུ་སྦྱར་ནས་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་དེ་ལྟ་བུའི་ངོ་བོའི་དགེ་སློང་རྣམས་ནི་ཉམས་པ་གསུམ་དང་ལྷན་ཅིག་མི་གནས་སོ། །འོད་སྲུངས་དེའི་ཚེ་དེའི་དུས་ན་དགེ་སློང་རྣམ་པར་སྒྲོགས་པ་ཆོས་སྨྲ་བར་གྱུར་པ་དེ་ཁྱོད་དེ་ལྟར་གཞན་ཞིག་ཡིན་སྙམ ་དུ་སེམས་ན། འོད་སྲུངས་ཁྱོད་ཀྱིས་དེ་ལྟར་ནི་ཁྱོད་ཀྱི་ལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ད་ཉིད་དེའི་ཚེ་དེའི་དུས་ན། དགེ་སློང་རྣམ་པར་སྒྲོགས་པའི་རྒྱལ་པོ་ཆེས་སྨྲ་བར་གྱུར་པ་དེར་གྱུར་ཏོ། །འོད་སྲུངས་ཁྱོད་དེའི་ཚེ་དེའི་དུས་ན། གང་དགེ་སློང་ལེགས་རྙེད་ཀྱིས་ཕྱེ་བ་བྱང་ཆུབ་སེམས ་དཔའ་བརྩོན་འགྲུས་ཆེན་པོར་གྱུར་པ་དེ་ནི་གཞན་ཡིན་སྙམ་དུ་སེམས་ན། འོད་སྲུངས་ཁྱོད་ཀྱིས་ད་ནི་དེ་ལྟར་བརྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་པ་དེ་ཉིད་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོར་གྱུར་ཏོ། །འོད་སྲུངས་དེའི་ཚེ ་དེའི་དུས་ན་དགེ་སློང་ལེགས་རྙད་དུ་གྱུར་པ་དེ་ནི། ཁྱོད་དེ་ལྟར་གཞན་ཞིག་ཡིན་སྙམ་དུ་སེམས་ན། འོད་སྲུངས་ཁྱོད་ཀྱིས་དེ་ལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་བྱིན་འདི་ཉིད་དེའི་ཚེ་དེའི་དུས་ན། ལེགས་རྙེད་ཞེས་བྱ་བ་སྡིག་པའི་དགེ་སློང་དུ་གྱུར་ཏོ། །འོད་སྲུངས་དེའི་ཕྱིར་ཁྱོད་མོས ་པར་བྱ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་ཡང་དེ་དོན་དུ་གཉེར་པ་དང། ཕན་པ་འདོད་པ་ནི། དཔེར་ན་དགེ་སློང་ལེགས་རྙེད་ལྟར་དགེ་བའི་བཤེས་གཉེན་སྙིང་བརྩེ་བ་ཅན་ལ་ཕྱིར་ཕྱོགས་པར་མི་འགྱུར་རོ་ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ ་ལས་ཀྱང། རིགས་ཀྱི་བུ་ལྷས་བྱིན་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པ་ལ་ལྟོས། རིགས་ཀྱི་བུ་ལྷས་བྱིན་ནི་མི་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པར་གྱུར་ཏོ། །དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་པ་དེ་ཡང་ཆོས་ཀྱི་ཚུལ་འདི་མ་ཤེས་པས། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ ་ཆད་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང། ཇི་ལྟར་ཆོས་ཀྱི་ཚུལ་འདི་ཁོང་དུ་མ་ཆུད་པ་རྣམས་ཀྱི་དགེ་བའི་རྩ་བ་ཆད་པར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ ་ཤིན་ཏུ་བགྲང་པ་ལས་འདས་པ། ཚད་མེད་པ། ཡངས་པ། གཞལ་དུ་མེད་པ་དེའི་ཕ་རོལ། དེའི་ཡང་ཕ་རོལ་གྱི་ཆེས་ཕ་རོལ་ཞིག་གིས་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག ་བརྒྱ་སྟོང་དགུ་བཅུ་རྩ་དགུར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ནི་གསེར་གྱི་མདོག་འོད་འཕྲོ་བ་ཞེས་བྱ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ནི་གསེར་གྱི་རྒྱུ་ལས་གྲུབ་པར་གྱུར་ཏོ། །སེམས་ཅན་རྣམས་ཀྱང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་དང། ཐེག་པ་གསུམ་པོ་ཉིད་ཀྱིས་མྱ་ངན་ལས་འདའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་ཚོགས་དང་པོ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ ་ཟད་པ། ཁུར་པོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྤྱོད་པ་ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤ་སྟག་གི་ཆོས་སུ་གྱུར་ཏོ། །ཚོགས་གཉིས་པ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག?་བརྒྱ་སྟོང་བདུན་ཅུའི་ཚོགས་སུ་གྱུར་ཏོ། །ཚོགས་གསུམ་པ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག ་དྲུག་ཅུའི་ཚོགས་སུ་གྱུར་ཏོ། །ཚོགས་བཞི་པ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། །བུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་གི ་ཚོགས་སུ་གྱུར་ཏོ། །དགེ་སློང་མའི་ཚོགས་ནི་དེའི་ཉིས་འགྱུར་དུ་གྱུར་ཏོ། །དགེ་བསྙེན་གྱི་ཚོགས་དང། དགེ་བསྙེན་མའི་ཚོགས་ཀྱང། དེའི་ཉིས་འགྱུར་ཉིས་འགྱུར་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱང་དེའི་ཉིས་འགྱུར་དུ་གྱུར་ཏོ། །ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། མི་སྐྱེ ་པའི་ཆོས་ཀྱི་བཟོད་པ་དང་ལྡན་པ། ཏིང་ངེ་འཛིན་གྱི་ཚུལ། མངོན་པར་སྒྲུབ་པ་ལ་མཁས་པ། སྒོ་མཛའ་ཡས་པའི་གཟུངས་རབ་ཏུ་ཐོབ་པ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཤ་སྟག་གི་ཚོགས་སུ་གྱུར་ན། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་གསང་དུ་ཞུགས་པ་རྣམས་ཀྱི་ཚོགས ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེར་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་ཡང་ཚད་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་དེའི་ཚེ་བཅོམ་ལྡན་འདས་དེའི་ཚེ་འཁོར་གྱི་ཚོགས་ནི་ཚད་མེད་པར་འདུས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་འོད་འཕྲོ་བདེ་ན་ཤིང་དམ། ལྡུམ་བུ་གང་ཅི་ཡོད་པ་ཐམས ་ཅད་ཀྱང་རིན་པོ་ཆེའི་རྒྱུ་ལས་གྲུབ་པར་གྱུར་ཏོ། །ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་གང་འདི་སྟོང་པ་ཉིད་ཀྱི་སྒྲ་དང། མཚན་མ་མེད་པའི་སྒྲ་དང། སྨོན་པ་མེད་པའི་སྒྲ་དང། སྐྱེ་བ་མེད་པའི་སྒྲ་དང། འགག་པ་མེད་པའི་སྒྲ་དང། དངོས་པོ་མེད་པའི་སྒྲ་དང། མཚན་ཉིད་མེད་པའི་སྒྲ་དང། ་དེ་ལྟ་བུའི་སྒྲ་དག་འབྱུང་བར་འགྱུར་ཏེ། སྒྲ་དེ་དག་བྱུང་བས་སེམས་ཅན་དེ་དག་གི་སེམས་རྣམ་པར་གྲོལ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཏེ། དེ་ཕྱིན་ཆད་སྒྲ་དེ་དག་ཀྱང་ཤིང་དེ་དག་ལས་འབྱུང་བ ་མེད་པར་གྱུར་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་དེ་ཡང། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྐོས་ནས། ཡོངས་སུ ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྤྱོད་པའི་བློ་གྲོས་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་ཞིང། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏེ། འདུལ་བའི་སྡེ་སྣོད་ལའང་མངོན་དུ་བྱང ་པར་གྱུར་ཏོ། །དགེ་སློང་དེ་ནི་དཀའ་ཐུབ་ཀྱི་མཆོག་དང་ལྡན། ངན་ངོན་ལ་མོས་པ་འཁོར་གྱི་ནང་ན་སྤྱོད་པ་སྟེ། དེས་གཙུག་ལག་ཁང་གཅིག་བརྩིགས་ནས་དེ་ན་གནས་ཤིང་དེའི་འཁོར་དུ་གྱུར་པ་རྣམས་ཀྱང། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་དག་པ་ལ་བཀོད་པར་གྱུར་ཏེ། སྤྱངས ་པའི་ཡོན་ཏན་གྱི་སྡོམ་པ་ལ་མོས་པར་གྱུར་ཏོ། །དགེ་སློང་དེ་ནི་བརྩོན་འགྲུས་བརྩམས་ཤིང་རྟག་པར་བྱང་ཆུབ་ཀྱི་སེམས་ལ་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་ཀྱང། སྤྱོད་ལམ་དེ་ཉིད་ལ་ཡང་དག་པར་བསྐུལ་ཏེ། དམིགས་པ་ཅན་གྱི་ལྟ་བ་ལ་ཡང་དག་པར ་བསྐུལ་ལོ། །དེས་འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བ་འཛིན་དུ་བཅུག་གོ་།འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞེས་བྱ་བར་འཛིན་དུ་བཅོག་གོ། །འདུ་བྱེད་ཐམས་ཅད་བདག་མེད་ཅེས་བྱ་བར་འཛིན་དུ་བཅུག་གོ། དགེ་སློང་དེ་ནི་ཏིང་ངེ་འཛིན་ལ་མཁས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཨི ་སྤྱོད་པ་ལ་མཁས་པ་མ་ཡིན་ཞིང་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཏོ། །དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་དེ་ནི་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་ཐ་མ་ཤེས་པ་ལ་མཁས་པར་གྱུར་ཏོ། །དེའི་འཁོར་དུ་གྱུར་པ་ཇི་སྙེད་པ་དེ་དག་ཀྱང། སྦྱངས་པའི་ཡོན་ཏན་གྱི་སྡོམ ་པ་ལྷུར་ལེན་པར་གྱུར་ཏེ། མི་དམིགས་པའི་བཟོད་པ་ཅན་ཐབས་ལ་མཁས་པ་དག་ཏུ་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་འཁོར་དང་བཅས་ཏེ། དགེ་སློང་སྤྱོད་པའི་བློ་གྲོས་གང་ན་གནས་པའི་གཙུག་ལག ་ཁང་དེར་ཕྱིན་ནས་དེ་ནས་གནས་པར་གྱུར་ཏེ། དེ་གཙུག་ལག་ཁང་དེ་ནས་ཡང་དང་ཡང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར། གྲོང་དུ་འགྲོ་ཞིང་དེ་དག་ཏུ་ཟས་ཀྱི་བྱ་བ་བྱས་ནས་ཕྱིར་འོང་བར་གྱུར་ཏོ། །དེས་དེ་དག་ཏུ་རིགས་བརྒྱ་སྟོང་དུ་མ་དད་པར་བྱས་པར་གྱུར་ཏོ། །དེའི ་འཁོར་ཇི་སྙེད་པ་དེ་དག་ཀྱང་ཚུལ་ལ་མཁས་པར་གྱུར་ཏོ། །དེ་དག་ཀྱང་དེ་དག་ཏུ་དོང་ཞིང། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་གིས་ཀྱང་སྲོག་ཆགས་བརྒྱ་སྟོང་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པར་གྱུར་ཏོ། །དགེ་སློང་སྤྱོད་པའི ་བློ་གྲོས་ཀྱི་འཁོར་དེ་དག་ནི་བསམ་གཏན་ལྷུར་ལེན་ཅིང་གྲོང་དག་ཏུ་ཡང་འཁོར་བར་མི་དངོ། །དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དག་ལ་མ་དད་པའི་སེམས་བསྐྱེད་ནས། དེ་དག་ནི་གྲོང་དུ་ཡང་དང་ཡང་འཇུག་གོ་ཞེས་དེས་གཎྜི ་བརྡུངས་ཏེ། དགེ་སློང་གི་དགེ་འདུན་བསྡུས་ནས་བཅའ་བ་བྱས་ནས། བདག་ཅག་གི་ནང་ནས་སུས་ཀྱང་གྲོང་དུ་འཇུག་པར་མི་བྱའོ། །ཁྱོད་ནི་ཤེས་བཞིན་མེད་པར་སྤྱོད་པ་ཡིན་ཏེ། ཉུང་དུ་སྨྲ་བ་རྣམས་ཀྱི་མ་ཡིན་གྱིས་ཁྱེད་གྲོང་དུ་འགྲོ་བས་ཀྱང་ཅི་ཞིག་བྱ་སྟེ། ་དགོན་པ་ལ་གནས་པ་ནི། བཅོམ་ལྡན་འདས་ཀྱི་གནང་ཞིང་བསྔགས་པ་ཡིན་གྱིས། ཁྱེད་གྲོང་དུ་མ་དོང་བར་བསམ་གཏན་གྱི་བདེ་བས་རྣམ་པར་སྤྱོད་ཅིག་ཅེས་བསྒོའོ། །རིགས་ཀྱི་བུ་དེ་ནས་སྤྱོད་པ་རྣམ་པར་དག་པར་དེའི་འཁོར་གྱིས་དེ་ཟེར་བ་ལྟར་མ་མཉན་ཏེ། ་ཡང་དང་ཡང་གྲོང་དག་ཏུ་འདོད་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་དག་ན་མ་གྲོང་ནས་ཕྱིར་འོངས་པ་དེའི་ཚེ། དག་སློང་སྤྱོད་པའི་བློ་གྲོས་ཀྱིས་ཡང་གཎྜི་བརྡུངས་ནས། དགེ་སློང་གི་དགེ་བདུན་བསྡུས་ཏེ། འདི་སྐད་དུ་གལ་ཏེ་ད་ཕན་ཆད་ཁྱོད་སྲོང་དུ་འདོད་དང། ཁྱེད་གཙུག? ་ལག་ཁང་འདི་ན་མ་གནས་ཞེས་བསྒོའོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པས། དགེ་སློང་དེའི་སེམས་བསྲུངས་པའི་ཕྱིར་རང་གི་འཁོར་རྣམས་པོས་ཏེ། འདི་སྐད་དུ། ཁྱེད་གྲོང་དུ་སུ་ཡང་མ་འདོད་ཅིག་ཅིས་སྨྲའོ། །དེ་ནས་དེའི་ཚེ་དགེ་སློང་དེ་དག་གིས ་སེམས་ཅན་གང་ཇི་སྙེད་པ་ཅིག་སྨིན་པར་བྱས་པ་དེ་དག་དགེ་སློང་དེ་དག་དང་མ་ཕྲང་བས། ཤིན་ཏུ་མི་དགའ་བར་ཡང་གྱུར། དགེ་བའི་རྩ་བ་ཡང་ཡོངས་སུ་འགྲིབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པར་ཟླ་བ་གསུམ་པོ་དེ་དག ་འདས་ནས། གཙུག་ལག་ཁང་དེ་ནས་གཙུག་ལག་ཁང་དུ་འཕོས་ནས། གྲོང་དང། གྲོང་ཁྱེར་དང། ལྗོངས་དང། ཡུལ་དང། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འགྲོ་ཞིང། སེམས་ཅན་དག་ལ་ཆོས་སྟོན་པར་འགྱུར་རོ། །རིགས་ཀྱི་བུ་དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཆོས་སྨྲ ་བ་སྤྱོད་པ་རྣམ་པར་དག་པ་ཡང་དང་ཡང་དུ་འགྲོ་བ་ཡང་མཐོང། དེའི་འཁོར་རྣམས་ཀྱང་སྤྱོད་ལམ་ཐ་མལ་བ་ཅན་དུ་མཐོང་ནས་དེས་ཀྱང་ང་ལ་མ་དད་པའི་སེམས་སྐྱེད་པར་གྱུར་ཏེ། དགེ་སློང་འདི་ནི་ཚུལ་ཁྲིམས་འཆལ་བ་ཅན། ཚུལ་ཁྲིམས་ལོག་པ་ཅན་ཏེ། འདིས་བྱང ་ཆུབ་ག་ལ་ཐོབ། དགེ་སློང་འདིའི་བྱང་ཆུབ་ནི་རྒྱང་རིང་ངོ། །དགེ་སློང་འདི་ནི་འདུ་འཛིར་གནས་པའོ་ཞེས་འགྲོ་བ་མང་པོ་དག་ལ་དེ་སྐད་ཅེས་བརྗོད་དོ། །རིགས་ཀྱི་བུ་དེ་ནས་དུས་གཞན་ཞིག་ན་དག་སློང་སྤྱོད་པའི་བློ་གྲོས་དེ་འཆི་བའི་དུས་བྱས་པར་གྱུར་ན། དེ་དེ་ལྟར་འཆི་བའི་དུས ་བྱས་པ་དང། ལས་དེའི་རྣམ་པར་སྨིན་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ། །དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་དགུར་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་ནས། ཚེ་རབས་དྲུག་ཅུར་མི་སྙན་པར་བརྗོད་པ་ཐོབ ་པར་གྱུར་ཏོ། །ཚེ་རབས་སྟོང་ཕྲག་སུམ་ཅུ་རྩ་གཉིས་སུ་རབ་ཏུ་བྱུང་བ་ལས་ཕྱིར་བབས་པར་གྱུར་ཏོ། །ལས་ཀྱི་སྒྲིབ་པ་དེ་གཉིས་ཀྱི་ལྷག་མས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕོ་དྲི་མ་མེད་པའི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏོ། ། ་དེ་རབ་ཏུ་བྱུང་ནས་ལོ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཏུ་མགོའི་ཐོད་ལ་མེ་འབར་བ་ལྟར་རྣམ་པར་སྤྱད་ཀྱང། མཐུན་པའི་བཟོད་པ་ཙམ་ཡང་མ་ཐོབ་སྟེ། ཚེ་རབས་བརྒྱ་སྡོང་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དའི་དུས་ན། དགེ་སློང ་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མི་སྒུལ་བ་ནི། དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། ་དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་སྙམ་དུ་མི་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན་ང་ནི་དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། ང་ཡང་དེ་ལྟ་བུའི་ཐབས་ཕྲ་མོ་དེ་ལ་མ་དད་པའི་སེམས་བསྐྱེད་དེ། ལས་ཀྱི་སྒྲིབ་པ ་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བ་དག་ཏུ་ལྷུང་བར་གྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱིས། རིགས་ཀྱི་བུ་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་མི་འདོད་པ་དེ་དག་ནི་གཞན་གྱི་སྤྱོད་པ་ལས་ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས ་པར་བྱའོ། །འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་ཨོ། །དེ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་སྟོན་ཏེ། གང་ཟག་གིས་གང་ཟག་དུ་ཚོད་བཟུང་བར་མི ་བྱ་སྟེ། གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན། རྨ་འབྱུང་བར་འགྱུར་ཏེ། ང་འམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་བའོ། །རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལས་ཡང་བརྟག་པར་མི་བྱའོ། །དེ་དག་ལ་འདི་ནི་འདི་འདྲ ་བའོ། །འདི་ནི་འདི་འདྲའོ་ཞེས་དབྱད་པར་མི་བྱའོ། །ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་ཆོས་ལ་བསྒོམས་པའི་ཡིད་ཀྱིས་བསམ་པ་ཐག་པ་ནས་ཡང་དག་པར་ཞུགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་གཞན་ལ་དཔྱ་བར་བརྩོན་པར་མི ་གནས། །རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས། བྱང་ཆུབ་སེམས་དཔའ་གང་གཅིག་བུ་དབེན ་པར་འདུག་སྟེ། ཆུང་དུ་ན་སེ་གོལ་གཏོགས་པ་ཙམ་དུ་འང་ཆོས་ཐམས་ཅད་ཚུལ་གཅིག་པར་ཡིད་ཆེས་ཤིང། ཐ་ན་ཆུང་དུ་ན་འདྲི་བ་འམ། ལུང་འབོགས་པ་འམ། ཁ་ཏོན་བྱ་བའི་ཕྱིར་གནས་ན་འདི་ནི་དེ་པས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ་རིགས་ཀྱི་བུ་ཚུལ་འདི་ཁོང་དུ་ཆུད་པས། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་འཐོབ་བོ། །སེམས་ཅན་ཐམས་ཅད་ལ་ཆགས་པ་དང། ཁོང་ཁྲོ་བ་དང་བྲལ་བར་གྱུར་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཡང་མྱུར་དུ་འཐོབ་པར་འགྱུར་རོ ་ཞེས་གསུངས་སོ། །སངས་རྒྱས་སྤོང་བའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པ་ལ་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅུ་པོ་འདི་དག ་ཐམས་ཅད་ཀྱིས་ནི་སངས་རྒྱས་སྤོང་བར་བྱས་སོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་སྤོང་བ་ཞེས་བགྱི་བ་དེ་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་སུམ་ཅུ་འདས་པ་དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་སྨིག་རྒྱུ་ཅན་དུ ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་པའི་ད་རོ་ཅན་ཞེས་བྱ་བ་བྱུང་བར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱི་མའི་དུས་ཕྱི་མའི་ཚེ་ན། རིགས་ཀྱི་བུ་བཅུ་བོ་འདི་དག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་ཏོ། །དེའི་ཚེ་རིགས ་ཀྱི་བུ་བཅུ་པོ་འདི་དག་ཐམས་ཅད་ཀྱིས་གཙུག་ལག་ཁར་ལྔ་བརྒྱ་བྱེད་དུ་བཅུག་གོ་།གཙུག་ལག་ཁང་རེ་རེ་ཡང་དགེ་སློང་སྟོང་སྟོང་གནས་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ། ཆོས་སྨྲ་བ་སྤོབས་པ་བརྩེགས་པ་ཞེས་བྱ་བ་གཟུངས་ཐོབ་པ་ཞིག་ཆོས་སྟོན་ནོ། །རིགས་ཀྱི་བུ་ཆོས ་སྨྲ་བ་སྡོགས་པ་བརྩེགས་པ་དེ་ཆོས་ཀྱི་སྟན་ལ་འདུག་པ་ལ། སངས་རྒྱས་ལྔ་སྟོང་སྤོབས་པ་གྲུབ་པར་མཛད་དེ། ལྷ་དུང་ཕྱུར་ཕྲག་བརྒྱད་ཀྱང། ལུས་ཡོངས་སུ་སྦྱངས་པའི་ཕྱིར་བརྩོན་པར་གྱུར་ཏོ། །དེའི་ཆོས་བཤད་པ་གཅིག་གིས ་སྲོག་ཆགས་བདུན་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྲོག་ཆགས་ཁྲི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །རིགས་ཀྱི་བུ་དེའི་ཚེ་རྒྱལ་པོ་ཟླ་བས་བྱིན་པ་ཞེས་བྱ་བ་ཞིག་བྱུང་ངོ། །ངེས་ཆོས་ལ་གུས་པས ་གང་ཞེ་ན། མགོ་ལ་བྱེ་ཚན་མ་བུད་མེད་ལྔ་བརྒྱ་དང། གླུ་དབྱངས་དང་རོལ་མོ་བྱས་སོ། །དགེ་སློང་དེ་ལ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་ཀྱང་མངོན་པར་གཏོར་ཏེ། ཙནདན་གྱིས་བྱུག་པས་ཀྱང་བྱུགས་སོ། །རས་བཅོས་བུ་ལྔ་བརྒྱས་ཀྱང་བཀབ་པོ། །བདེ ་པའི་རིམ་གྲོ་ཐམས་ཅད་ཀྱིས་མཆོད་པ་འདི་ལྟ་སྟ།ེ་ཆོས་སྨྲ་བ་ལ་མཆོད་པའི་མཆོག་གིས་ཞག་བདུན་དུ་རིམ་གྲོ་བྱའོ། །དེ་ནས་དགེ་སློང་དེ་ལ་ཁྱིམ་བདག་གི་བུ་དེ་དག་གིས་འཆལ་པའི་ཚུལ་ཁྲིམས་ཀྱིས་གླེང་སོ། །ལས་དེའི་རྣམ་པར་སྨིན་པས་དེ་དག ་ལོ་དགུ་ཁྲིར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས། །ཚེ་རབས་ལྔ་བརྒྱང་ནི་མི་རྣམས་ཀྱི་ནང་དུ་ཟ་མ་དང། ཀླ་ཀློ་དང། ལོག་པར་ལྟ་བའི་ཁྱིམ་རྣམས་སུ་སྐྱེས་སོ། །ཚེ་རབས་དྲུག་བརྒྱར་ནི་དམུས་ལོང་དང། ལྕེ་མེད་པར་གྱུར་ཏོ། །ཚེ་རབས་བདུན་བརྒྱར་ནི ་རབ་ཏུ་བྱུང་ནས། ཇི་སྲིད་འཚོའི་མཐར་ཐུག་གི་བར་དུ་གཟུངས་མ་ཐོབ་པར་འཆི་བའི་དུས་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་རིགས་ཀྱི་བུ་དེ་དག་བསྒྲིབས། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་མོས་པར་བྱའོ། །ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་རྣམ ་གྲངས་འདི་ཐོས་ནས། ཆོས་སྨྲ་བ་ལ་མངོན་སུམ་དུ་མཐོང་ཡང་ཆལ་བའི་ཚུལ་ཁྲིམ་གྱི་བརྗོད་པར་མི་བྱ་ན་ཐོས་པས་ལྟ་ཅི་སྨོས། རིགས་ཀྱི་བུ་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་བས་ནི། གང་ཞིག་ཆོས་སྨྲ་བ་ལ་གཤེ་བའི་བསམ་པས ་ལྟ་བར་བྱེད་ན། དེ་ནི་དེ་བས་ཆེས་ཁ་ན་མ་ཐོ་བའི་ལས་ཆེ་བ་ཡིན་ནོ། །གང་ཞིག་སེམས་ཅན་ཐམས་ཅད་འཆིང་བར་བྱེད་ལ། གང་ཞིག་ཆོས་སྨྲ་བ་མཐོང་ནས་རྒྱབ་ཀྱིས་ཕྱོགས་ཏེ། འདུག་པར་བྱེད་ན་བསོད་ནམས་མ་ཡིན་པ་འདི་ལ་བསོང་ནམས་མ་ཡིན་པ་སྔ་མ་དེས་རྒྱའི ་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང། འབུམ་གྱི་ཆ་དང། གྲངས་དང་བགྲང་བ་དང། དཔེ་དང། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཕྱིར་ཞེ་ན། གང་ཆོས་སྨྲ་བ་ལ་སྐུར་པ་འདེབས་པ་དེས་ནི་སངས་རྒྱས་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར། །སངས་རྒྱས་ལ་བསྙེན་བཀུར ་བྱ་བར་འདོད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱའོ། །སངས་རྒྱས་ལ་མཆོད་པར་འདོད་པས། །ཆོས་སྨྲ་བ་ལ་མཆོད་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་བར་འདོད་པས་ཆོས་སྨྲ་བ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཁྱེན་པ་ཉིད་ནི་བྱང་ཆུབ་སེམས ་དཔའ་ལས་བྱུང་བའི་ཕྱིར་དང། །སངས་རྒྱས་བཅོམ་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་རོ། །གང་ལ་བརྟེན་ཏེ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལ་བརྟེན་ནས། དེ་ནི་ཉོན་མོངས་པ་རྣམས་ཀྱིས་འདོད་པའི་ལོངས་སྤྱོད་ལ ་གནས་པར་བརྗོད་པར་མི་བྱ། དེ་ནི་ནམ་དུ་ཡང་ཚངས་པར་སྤྱོད་པ་ལ་གནས་པར་བརྗོད་པར་མི་བྱ། དེ་ནི་གཟུགས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་གཟུགས་མེད་པར་འགྲོ་བར་བརྗོད་པ་རྨི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི ་ཉོན་མོངས་པའི་དབང་གིས་མི་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་ག་ཡིད་བང་གིས་སྐྱེ་བའི་ཕྱིར་རོ། །དེ་ནི་བྱིས་པའི་སྤྱོད་པ་ཐམས་ཅད་ལས་གྲོལ་བའི་ཕྱིར། གང་བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་རྣམས་སྟན་པར་འདོད་པ་དེས་ནི། ནམ་མཁའ་ཨི་ཁམས་ཨེཀྱི་གཟུགས ་བསྟན་པར་འདོད་དུ་ཟད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཀླུ་ཐམས་ཅད་ཀླུ་ཉིད་དུ་ཕྱིར་སོང་བ་ཡིན་པས་ཀླུའི་རྒྱལ་པོ་མ་དྲེས་པ་ནི་ཀླུའི་བགྲང་བར་ཡང་འགྲོལ། ཀླུའི་ཉེས་པ་གསུམ་གྱིས་ཀྱང་གོས་པར་མི་འགྱུར་རོ། །གསུམ་གང་ཞེ་ན། མགོ་ལ་བྱེ་ཚན་མི་འབབ་པ་དང ་སྐྱེ་བ་པོའི་ལུས་དང་ལྷན་ཅིག་ཏུ་ཀུན་ཏུ་མི་གནས་པ་དང། དེ་ལ་ནམ་མཁའ་ལྡིང་གི་འཇིག་པ་མི་འབྱུང་བ་སྟེ། རིགས་ཀྱི་བུ་ཀླུའི་སྐྱོན་གསུམ་པོ་འདི་དག་གིས་གོས་པར་མི་འགྱུར་རོ། །རིགས་ཀྱི་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྩེད་མོ་དང། དགའ་བ་ཐམས་ཅད་ཉམས་སུ་མྱོང་བར་བྱེད་ཀྱང་སྲིད་པ་གསུམ་དུ་འདོད་པ་དང། ཉོན་མོངས་པ་དང། སྡུག་བསྔལ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་བརྗོད་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སེམས་ཅན་ཀྱི་རིགས ་ཉ་པ་ཞེས་བྱ་བ་ཡོད་དེ། དེ་ནི་ཆུ་ལ་སྤྱོད་ཆུ་ལ་ལྟ་ཡང། དེར་འཚི་བའི་དུས་བྱེད་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་ན་སྤྱོད་ཀྱང། དེ་ཉིད་དུ་བྱིས་པའི་སྤྱོད་པ་ལ་གནས་ནས། ཡེ་ཤེས་ཀྱི་སྤྱོད་པ ་འཚོལ་ལོ། །ཆོས་ཡང་དག་པར་བླང་བས་ཀྱང། རྨོངས་པར་མི་འགྱུར་རོ། །བྱིས་པ་དང་ལྷན་ཅིག་ཏུ་གནས་པས། སྲིད་པ་གསུམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བསྲུང ་བར་བྱའོ་ཞེས་གསུངས་སོ། །རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་ཀྱང། མི་ཕམ་པ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫེགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་ལོ་ཁྲག་ཁྲིག་བརྒྱད་ཅུར་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ། །དེའི་གསུང་རབ་ལ་དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ་ཆོས ་སྨྲ་བ། གཏམ་སྣ་ཚོགས་སྨྲ་བ། སྐྱེ་བོ་མང་པོ་ལ་ཡང་དག་པར་བསྟན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ། སྐྱེ་བོ་མང་པོ་ཡང་དག་པར་གཟེངས་བསྟོད་པ། སྐྱེ་བོ་མང་པོ་ཡང་དག་པར་དགའ་བར་བྱེད་པ་བྱུང་ནས། དེ་ལ་དེ་བཞིན་གཤེགས ་པ་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་དེས། ཕྱི་མའི་ཚེ་ཕྱི་མའི་དུས་ན། དམ་པའི་ཆོས་བསྡུ་བར་བཅོལ་ཏེ། དེས་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བྱེ་བར་དམ་བཅས་པའི་ཆོས་ཀྱི་ཚུལ་བཟུང་སྟེ། དེ་རྣམ་པར་འཐག་པ་ཐམས་ཅད ་བསྡུས་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ནས་ཆོས་སྟོན་ཏེ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེས་གྲོང་ཁྱེར་སྟོང་ཕྲག་བརྒྱད་ཅུར་སྨོན་ལམ་ཇི་ལྟ་བ་བཞིན་དུ། སེམས་ཅན་རྣམས་རབ་ཏུ་དགའ་བར་བྱས་ནས། དེ་གྲོང་ཁྱེར་ཆེན་པོ ་བཟང་པོ་ཞེས་བྱ་བར་སོད་སྟེ། ཁྱིམ་པ་བྱེ་བ་ཕྲག་བརྒྱད་ཅུ་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས། གྲོང་ཁྱེར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་རབ་ཏུ་དད་པར་བྱས་སོ། །དེའི་ནང་ནས་བྱེ་བ་ཕྲག་གཅིག་ནི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་བྱེ་པ་ཕྲག ་བདུན་ཅུ་རྩ་དགུ་ནི། ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་བཏུལ་ཏོ། །དེ་ནས་དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ། དགེ་སློང་ཁྲི་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་ཡུལ་རྒྱུ་ཞིང་སོང་ངོ། །མི་ཕམ་པ་དགེ་སློང་འཚོ་བ་ཡོངས་སུ་དག་པ་སོད་ནས་རིང་པོ་མ་ལོན་པར ་གྲོང་ཁྱེར་ཆེན་པོ་བཟང་པོ་དེར། དགེ་སློང་ཆོས་ཞེས་བྱ་བ་ཕྱིན་ཏེ། དེས་རྣམ་པར་འཐག་པའི་མདོ་སྟོང་གསུངས་སོ། །བསམ་གཏན་བཞི་ཡང་ཐོབ་པར་གྱུར་ཏོ། །དགེ་སློང་འཚོ་བ་ཡོངས་སུ་དག་པས་ནི། མདོ་སྡེ་བྱེ་བ་ཕྲག་བཅུ་དང། རྣམ་པར་འཐག་པ་མདོ་དྲུག་ཁྲིར་བཟུང ་པར་གྱུར་ཏོ། །དེ་ནས་དགེ་སློང་ཆོས་དེས། གྲོང་ཁྱེར་ཆེན་པོ་བཟང་པོ་དེར་ཚུལ་གཅིག་གི་ཆོས་བསྟན་པས། སྐྱེ་བོ་མང་པོ་རབ་ཏུ་དགའ་བར་བྱས་ཀྱང། དེ་མོས་པ་ཇི་ལྟ་བ་བཞིན་དུ། ཆོས་བསྟན་པ་ལ་མཁས་པ་མ་ཡིན་ཏེ། སྐྱེ་བོ་དག་ལ་ཆོས་ཐམས་ཅད་ནི་སྟོང ་པའོ་ཞེས་སྟོང་པ་ཉིད་ཀྱིས་ལྡེམས་ཤིང། སྟོང་པ་ཉིད་ཀྱི་རྗེས་སུ་སྟོན་ཏེ། གང་ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་བསྟན་པ་འདི་ནི། དེ་བཞིན་གཤེགས་པའི་བཀའ་ཁོ་ན་ཡིན་ནོ། །གང་འཚོ་བ་ཡོངས་སུ་དག་པ་དེས་བཤད་པ། དེ་ནི་སྐྱོན་ཆགས་པ་སྟེ། དགེ་སློང་དེ ་འཚོ་བ་ཡོངས་སུ་དག་པ་མ་ཡིན་ན། ཅིའི་ཕྱིར་དགེ་སློང་དེའི་མིང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ། དེ་ནི་འཚོ་བ་ཡོངས་སུ་དག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་ཡོངས་སུ་ལེན་ཅིང་བླངས་ནས་ཡོངས་སུ་སྤྱོད་དོ། །སོས་དང་བྱུག་པ་ཡོངས་སུ་ལེན་ཅིང ་བླངས་ནས་ཡོངས་སུ་སྤྱོད་དོ། །དེ་ནི་ཤེས་པ་མ་ཡིན་ཏེ་བྱིས་པའོ། །ང་ནི་ཚངས་པར་སྤྱད་ནས་ཡུན་རིང་བ་ཡིན་གྱི་དེ་ནི་གསར་བུ་སྟེ། བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པ་ཡིན་གྱིས། དེ་ལྟར་ཡིད་ཆེས་པར་མ་བྱེད་ཅིག་ཅེས་ཟེར་རོ། །དགེ་སློང་དེ་ནི ་བག་ཡོད་པ་ཡིན་ཏེ། དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་ལ་སྐྱེ་བོ་དག་རབ་ཏུ་དད་པས་དེ་ལྟར་དེས་སྐྱེ་བོ་དེ་དག་ལ་དབྱེན་པར་བྱས་ཀྱང། བྱེ་བར་མི་ནུས་སོ། །དེ་ནས་དགེ་སློང་ཆོས་དེ་འཆི་བའི་དུས་བྱེད་པར་གྱུར་ཏེ། འཆི་བའི་དུས་བྱས་ནས། འདི་ལྟར་དེ་བཞིན་གཤེགས ་པ་ལ་སྐུར་པ་བཏབ་པ་དང། འདི་ལྟར་ཆོས་སྤངས་པས། བསྐལ་པ་བདུན་ཅུར་སེམས་ཅན་དམྱལ་བར་སྐྱེས་སོ། །དེ་བསྐལ་པ་བདུན་ཅུ་པོ་དེ་དག་འདས་ནས། བསྐལ་པ་དྲུག་ཅུར་བྱང་ཆུབ་ཀྱི་སེམས་བརྗོད་དེ། བསྐལ་པ་དྲུག་ཅུ་པོ་དེ་དག་འདས་ནས། དེ་བཞིན ་གཤེགས་པ་ཀུན་ནས་སྤོས་རིན་པོ་ཆེའི་འོད་ཀྱི་གསུང་རབ་ལ། དེ་བཞིན་གཤེགས་པ་དེས་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག་ནས། དེས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཚེ་རབས་དགུ་ཁྲིར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་སོ། །ཚེ་རབས་དྲུག་ཁྲིར་མི་དབུལ ་པོ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ཐམས་ཅད་དུ་ཡང་ལྕེ་མེད་པར་གྱུར་ཏོ། །དེ་སངས་རྒྱས་ཁྲག་ཁྲིག་ཕྲག་ལྔའི་གན་ན་ཆོས་སྨ་བར་གྱུར་ཏེ། ཐམས་ཅད་དུ་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས ་ཐོས?་པར་འོས་པར་གྱུར་ཏོ། །ཆོས་ཐམས་ཅད་ལ་ཡོངས་སུ་དག་པར་ཡང་ཆོས་སྟོན་པར་ཡང་གྱུར་ཏོ། །མི་ཕམ་པ། དེའི་ཚེ་དེའི་དུས་ན། དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། ཁྱོད་ཀྱིས་དེ ་ལྟར་མི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱ་བ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་ཏོ། །མི་ཕམ་པ། དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་ཤེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། ་ཁྱོད་ཀྱི་དེ་ལྟར་མི་ལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་ཤེས་བྱ་བར་གྱུར་ཏེ། ང་ཉིད་ལས་དེ་ལྟ་བུའི་མི་ཚུལ་པ་བྱུང་ངོ། །མི་ཕམ་པ། ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་དེ་ལྟར་ཤེས་པར་དཀའ་སྟེ། ལས་དེའི་རྣམ་པར་སྨིན་པས་ང་སྙིགས་མ ་ལྔའི་དུས་ན། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མི་ཕམ་པ། བྱང་ཆུབ་སེམས་དཔའ་གང་དག་གཉིས་སུ་འབྱེད་ཅིང་ཆོས་སྟོན་པ་དེ་དག་ནི་ལས་དེའི་རྣམ་པར་སྨིན་པས་དུས་ཀྱི་སྙིགས་མའི་ཚེ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག ་གི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་པར་བྱ་བ་དང། ཆོས་བསྟན་པ་ལ་བདུད་དང་བར་ཆད་མང་པོ་འབྱུང་བར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་མཆི་མ་བླགས་ཏེ་ངུས་ནས། ཚིག་འདི་སྐད་ཅེས་དེང་ཕན་ཆད་དགེ་སློང་ཆོས་ཀྱི་ཇི་སྐད་སྨྲས་པ་ལྟར་སུ ་ཡང་ཆོས་སྟོན་པར་མ་གྱུར་ཅིག་ཅེས་འཛེར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དེར་འདུས་པ་དག་ཀྱང་སྟན་ལས་ལངས་ཏེ། ས་ལ་འཁོད་དོ། །ས་ལ་འཁོད་ནས་ཀྱང་དུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། བྱང་ཆུབ་སེམས ་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་ཕྱིར་ས་ལ་འཁོད་ཅིང་དུ། དེ་དག་གི་གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་ལས་ཀྱི་སྒྲིབ་པ་དེ་དང་ལྡན་པར་བདག་ཅག་ཉིད་ཀྱིས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་གསུང་རབ་ལ་ཤེས་རབ་བརྩེགས་ཞེས་བྱ་བ་ཆོས་སྨྲ་བ་ཞིག་བྱུང་བ་ལ་ཁྱེད་ཀྱི་སྨད་དེ། དེ་ཕྱིན་ཆད། ཁྱེད་ཀྱི་ནམ་ཡང་སངས་རྒྱས་མ་མཐོང་ངོ། ། ་ནམ་ཡང་བྱང་ཆུབ་ཀྱི་སེམས་མ་རྙེད་དོ། །གཟུངས་དང་ཏིང་ངེ་འཛིན་མ་རྙེད་དོ། །རིགས་ཀྱི་བུ་དག་ཁྱེད་ངའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཀྱང། བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་གང་དག་འབྱུང་བ་ཐ་མའི་ཆེན ་ཁྱེད་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པར་འགྱུར་རོ། །དེ་ཕྱིན་ཆད་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བས་ན། བྱང་ཆུབ་སེམས་དཔའ་ ་དག་གིས་བྱང་ཆུབ་སེམས་དཔའ་མཐོང་ན། སེམས་ཀྱི་གཞན་བསམ་པར་མི་བྱ་སྟེ། བདག་ཅག་གིས་མཆོད་རྟེན་ནམ། དེ་བཞིན་གཤེགས་པ་མཐོང་ངོ། །བདག་ཅག་གིས་མདུན་ན་སངས་རྒྱས་བཞུགས་སོ་སྙམ་དུ་བསམ་མོ། །རིགས་ཀྱི་བུ་དག་གལ་ཏེ་བྱང ་ཆུབ་སེམས་དཔས། བྱང་ཆུབ་སེམས་དཔའ་མཐོང་ན་མཆོད་རྟེན་གྱི་འདུ་ཤེས་སམ། དེ་བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པ་མ་གཏོགས་པར་འདུ་ཤེས་གཞན་བསྐྱེད་པར་མི་བྱའོ། །གཞན་དུ་གྱུར་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་བྱུང ་བར་འགྱུར་རོ། །དེ་ལ་དགོངས་ཏེ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཐུགས་དམ་བཞེས་པ། གལ་ཏེ་བདག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ། སངས་རྒྱས་ཀྱི་འདུ་ཤེས་མ་བསྐྱེད་ན། ངས་འཇིག་རྟེན་གྱི་ཁམས་དཔག ་ཏུ་མེད་པ་རྣམས་ན། གང་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསླུས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རིགས་ཀྱི་བུ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་ལྔ་བརྒྱ་པ་ཐ་མ་པ་ལ་གང་སུ་དག་གཟུངས་ཐོབ་པ་འམ། ཏིང་འཛིན་ཐོབ་པར་འགྱུར ་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུས་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདི་ལ་སུ་ཡང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེས་ནི། དེ་བཞིན་གཤེགས་པ་སྤངས་པར་འགྱུར། །རིགས་ཀྱི་བུ་གང་སུ་ཞིག་སེམས་ཅན་དག ་ཇི་ལྟ་བ་མོས་པ་བཞིན་དུ། དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འཁོར་གང་དུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་དག་ལན་འགའ་ཞིག་སྤུ་ཟིང་ཞེས་བྱེད་དམ། མཆི་མ་ལན་འགའ་ཞིག་བློག་པ་དེ་ཐམས་ཅད་ཀྱང ་དེ་བཞིན་གཤེགས་པའི་མཐུར་ཤེས་པར་བྱ་བ་ཡིན་ན། དེ་ལ་མི་བླུན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔའ་ཁས་འཆེ་བ། བྱང་ཆུབ་སེམས་དཔའ་སུན་འབྱིན་པར་གྱུར་པར། ཆོས་རྐུ་བ། ཚུལ་འཆོས་པ། ཆོ་གང་ན་བ་ལ་སྤྱོད་པ་དེ་དག་ཁ་ཅིག ་འདི་སྐད་ཅེས་འདི་ལྟ་ཞིག་ཅི་ཤེས་ཞེས་ཟེར་རོ། །བྱམས་པ་ངས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། བདག་ཉིད་ཀྱི་གང་ཚིགས་སུ་བཅད་པ་ཉོས་པ་ནི་རང་གི་ལུས་ཡོངས་སུ་བཏང་བ་དང། ཆུང་མ་ཡོངས་སུ་བཏང་བ་དང། བུ་དང་བུ་མོ་ཡོངས་སུ་བཏང་བ་དང། རྒྱལ་སྲིད་ཡོངས་སུ་བཏང་བ་དང ་ཉོས་ཤིང། བྱམས་པ་ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་གི་ཕྱིར་འཛམ་བུའི་གླིང་བྱིན་ཏེ། ཉོས་པར་ངས་མངོན་པར་དྲན་ན། དེ་དག་ནི་རྙེད་པ་དང། བཀུར་སྟི་བསྲུང་ཞིང་སངས་རྒྱས་དང་འདྲ་བའི་གན་དུ་འགྲོ་བར་མི་སེམས་སོ། །མི་ཕམ་པ། དམ་པའི་ཆོས་ཀྱི ་ཚུལ་འདི་བཟུང་པ་ཡང་འབྱོར་བ་དང་ལྡན་པས་ནུས་ཀྱི་མི་ལྡན་པས་མ་ཡིན་ནོ། །མི་ཕམ་པ་ངས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཆོས་གང་བསྟན་པ་དེ་ལ་དེ་དག་འདི་སྐད་དུ། དེ་ནི་ལུང་མངོན་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ཏེ། སེམས ་ཅན་དེ་དག་འབྱུང་བ་མ་ཡིན་ཏེ་ཉེས་པ་ཆེན་པོ་ཇི་ཙམ་དང་ལྡན་པ་ལ་ལྟོས། མི་ཕམ་པ་དགེ་སློང་ཆོས་དེས་རྣམ་པར་འཐག་པའི་མདོ་སྟོང་བསྟན་ཏེ། བསམ་གཏན་བཞི་བསྐྱེད་ཀྱང་དེ་ལྟ་བུའི་གནས་སུ་གྱུར་ན། གང་ཕྱོགས་ཙམ་མམ་ཆ་ཙམ་ལ་རེག་པ་རྣམ་པར་འཐག་པ ་འཛིན་པའི་དགེ་སློང་རྣམས་ལ་མངོན་པར་མི་དགའ་ཞིང། རྣམ་པར་འཐག་པ་ལ་སྐྱོན་འདོགས་པ་ལྟ་ཅི་སྨོས་ཏེ། དེ་དག་ནི་ཆོས་སྨྲ་བའི་དགེ་སློང་ལ་བསྐུར་བ་འདེབས་པ་ཡིན། སངས་རྒྱས་ཀྱི་ཆོས་སྤོང་བ་ཡིན། རློམ་སེམས་ཆེན་པོས་སྐུར་པ་འདེབས་པ་ཡིན་ཏེ། སེམས་ཅན ་དམྱལ་བར་སྐྱེ་བར་དེ་དག་ལ་ནི་ལེགས་པར་བྱས་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་ཆོས་སྨྲ་བ་ལ་རྣམ་པར་སྨོད་པ་དེ་དག་ནི། སངས་རྒྱས་ལ་རྣམ་པར་སྨོང་པ་ཡིན། ཆོས་ལ་རྣམ་པར་སྨོད་པ་ཡིན་ནོ། །གང་དག་ཆོས་སྨྲ་བ་ལ ་རིམ་གྲོ་མེད་པ་དེ་དག་ནི་སངས་རྒྱས་ལ་རིམ་གྲོ་མེད་པ་ཡིན་ནོ། །གང་དག་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་དག་ནི། སངས་རྒྱས་མཐོང་བར་མི་འདོད་པ་ཡིན། སངས་རྒྱས་ལ་མི་སྙན་པར་བརྗོད་པ་ཡིན་ནོ། །གང་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས ་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་དེ་དག་གིས་ནི། སངས་རྒྱས་ཡོངས་སུ་བཏང་བ་ཡིན་ཏེ། ཇི་སྙེད་དུ་ཁོང་ཁྲོ་བའི་སེམས་སྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་དགོས་སོ། །ཇི་ཙམ་དུ་ཁོང་ཁྲོ་བའི་མིག ་གིས་ལྟ་བ་དེ་སྲིད་དུ་ལོང་བའི་སྐྱེ་མཆེད་ཐོབ་པར་འགྱུར་རོ། །ཇི་ཙམ་དུ་མི་སྙན་པར་བརྗོད་པ་དེ་སྲིད་དུ་ལྕེའི་སྐྱེ་མཆེད་མེད་པ་ཐོབ་པར་འགྱུར་རོ། །མི་ཕམ་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པའི་སེམས་བསྐྱེད་པས། བྱང་ཆུབ་སེམས ་དཔའ་ངན་སོང་དུ་ལོག་པར་ལྟུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ནི་ངས་མ་མཐོང་ངོ། །མི་ཕམ་པ། སེམས་ཅན་གྱི་འདུ་ཤེས་དང། ཆོས་ཀྱི་འདུ་ཤེས་ལ་གནས་པ་རྣམས་ལ་ནི། ལས་མངོན་པར་འདུ་བྱ་བ་ཡོད་དེ། མི་དམིགས་པ་ལ་ནི་མེད་དོ། ་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐ་དད་དུ་བྱེད་ཅིང་སྟོན་པ་དེ་དག་ལ་སྤྲོས་པ་ལ་གནས་པ་ཡིན་ནོ། །མི་ཕམ་པ། བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་སྒྲུབ་པ་ནི། བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་མི་བླུན་པོ ་དེ་དག་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ་ཞེས་ཟེར་ཅིང་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་སུན་འབྱིན་ཏོ། །མི་ཕམ་པ། འདི་ཅི་སྙམ་དུ་སེམས། ཀ་ཤི་ཀའི་རྒྱལ་པོ་གང་ཡིན་པས་མགོ་འབྱིན་པར་གྱུར ་བདེ་འཆལ་བའི་ཤེས་རབ་ཡིན་ནམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱང་འཆི་བའི་དུས་བགྱིས་ནས། དོག་སིལ་སྒོ་ཕྱེ ་སྟེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ། །དེ་སུག་ལས་ཀྱི་སྒྲིབ་པ་དེས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་སེམས་ཅ་དམྱལ་བ་ཆེ་པོ་དག་ཏུ། སྡུག་བསྔལ་ཚོར་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །ཚེ་རབས ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བཞིར་མི་སྙན་པར་བརྗོད་པ་ཐོབ་པར་གྱུར་ཏོ། །བསྐལ་པ་བརྒྱ་སྟོང་མང་པོར་དེ་བཞིན་གཤེགས་པའི་མཚན་ཙམ་ཡང་མ་ཐོས་པར་གྱུར་ཏོ། །ད་དེ་ནས་སླད་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་དག་མཇལ་ཏེ། དེ་དག་གི ་བསྟན་པ་ལ་རབ་ཏུ་བྱུང་ནས། མངོན་པར་མོས་པར་མ་གྱུར་ཏེ། ཚེ་རབས་སྟོང་ཕྲག་བདུན་ཅུ་རྩ་དྲུག་ཏུ་རབ་ཏུ་བྱུང་བ་ལས་སླར་བབས་པར་གྱུར་ཏོ། །སུག་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས། ཚེ་རབས་སྟོང་ཕྲག་མང་པོར་དབང་པོ་རྟུལ་བར་གྱུར་ཏོ། །བཅོམ ་ལྡན་འདས་དེའི་ཚེ། བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་སྨྲ་བ། །རབ་ཏུ་དགའ་བའི་དབང་པོ་ཞེས་བགྱི་བ་བྱུང་བས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ད་ལྟར་བཞུགས་ཤིང་འཚོ་གཞེས་ཆོས་ཀྱང་སྟོན་ཏེ། ། ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་འདས་པ་ན། སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་སྟུག་ཅིང་དྲི་མ་མེད་ལ་ཉི་ཟླ་ཟིལ ་གྱིས་གནོན་པ་བཞུགས་ཤིང། འཚོ་གཞེས་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གང་གྱུར་པ་དེ་ནི། བདག་ཉིད་དེའི་ཚེ་དེའི་དུས་ན། དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གྱུར་ཏེ། བཅོམ་ལྡན་འདས་བདག ་གིས་དེ་ལྟ་བུའི་ཚུལ་འདི་མ་འཚལ་བས། དེ་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་བདག་ནི་དེ་འདྲ་བའི་གནས་སུ་གྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་མ་མཆིས་པའི་སྡུག་བསྔལ། ཡོངས་སུ་བརྟག་པའི་སྡུག་བསྔལ། ཕྱིན ་ཅི་ལོག་གི་སྡུག་བསྔལ་རྣམ་པ་དེ་ལྟ་བུ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་ཞུགས་པ་འམ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་གང་ཡང་རུང་སྟེ། དེ་ལྟ་བུའི་སུག་ལས་ཀྱི་སྒྲིབ་པ་མི་འཚལ་ཞིང། དེ ་ལྟ་བུའི་སྡུག་བསྔལ་མི་འཚལ་ན། དེས་དམ་པའི་ཆོས་སྤང་བར་མི་བགྱིའོ། །དམ་པའི་ཆོས་ལ་དཔྱ་བར་མི་བགྱིའོ། །ཆོས་གང་ལ་ཡང་ཁོང་ཁྲོ་བར་མི་བགྱིའོ་ཞེས་གསུངས་སོ། །ཆོས་སྤོང་བ་ལ་དགོས་པ་བསྟན་པ། སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང ་འཇིག་རྟེན་འབྲས་བུའི་འདུ་ཤེས་ཅན། །ཕྱི་མའི་དུས་ན་འབྱུང་འགྱུར་ཏེ། །དེ་དག་དགྲ་བཅོམ་པ་ཡི་ཟས། །ཟོས་ནས་སངས་རྒྱས་སྤོང་བར་བྱེད། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་ཞིག་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། ་གང་གི་གང་གཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་ཞིག་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། ཞེས་གསུངས་སོ།། །།རྣམ་པར་འཐག་པ་ཐམས་ཅད་སྡུས་པའི་མདོ་ལས་ཀྱང། འཇམ ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ནི་ངན་པར་འདུ་ཤེས་པ་དེ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས། དེ ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་སོ། །འདི་ནི་མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་ཀྱི་ཆེད་དུ་གསུངས་པའོ། ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རངས་སངས་རྒྱས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་བསླང་བ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྤོབས་པ་ཡོད་དོ ་ཞེའམ། སྤོབས་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ནི་ཆོས་མ་ཡིན་པར་སྟོན་ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སངས་རྒྱས་འབྱུང་བ་མེད་པར་ཡང་གཟུངས་ཐོབ་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །གཟུངས་ཐོབ་པའི་ཐོབ་པ་ནི་ཡོངས་སུ་དག་པ་མ་ཡིན་ནོ་ཞེས ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་ཉེ་བར་བྱས་པ་དང་ལྡན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱིས། བག་མེད་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱི ་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་པ་དང། ཚུལ་ཁྲིམས་ཉམས་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པ་གོ་བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སྣང་བ་ལེགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མཆུད་པས་ཚིག་དང་ཚིག་ཏུ ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པར ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །དོན་ལ་ལ་ལ་མོས་ཤིང་དོན་ལ་ལ་ལ་མི་མོས་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ཨའ་ཆད་པའི་ཚེ་གཏམ་གཞན་དུ་སྒྱུར་ན་ཆོས་སྤོང་བ་ཡིན་ནོ། །དཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང ་བ་ཡིན་ནོ། །འདི་ལ་སྤྱད་འདི་ལ་མི་སྤྱད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་སྨྲས་པ་འདི་ནི་ལེགས་པར་མ་སྨྲས་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་སངས་རྒྱས་ཀྱི་བཀའ་ཨི་དམ་ཚིག་གོ་།འདི་ནི་སངས་རྒྱས་ཀྱི་བཀའ་ཨི་དམ་ཚིག་མ ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས ་པའི་མཐུ་ཡིན་ནོ། །འཇམ་དཔལ་ངས་ནི་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད། དེ་བཞིན་གཤེགས་པའི་མཐུ་ལས་བྱུང་བར་སྨོན་ལམ་ལེགས་པར་བཏབ ་པ་ཡིན། འཇམ་དཔལ་ངས་ནི་བྱང་ཆུབ་ཏུ་ཡང་སྨོན་ལམ་འདེབས་པར་བཏབ་པ་ཡིན་ན། འདི་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་ལ་ཡང་སྐྱོན་འདོགས་པར་སེམས་སོ་ཞེས་བྱ་བ་ན། དེ་ནས་བཅོམ་ལྡན་འདས ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ལ་ལ་ཞིག་སྡིག་པའི་གྲོགས་པོའི་དབང་གིས་ཆོས་སྤོང་བ་འདི་ལྟ་བུ་འདི་བགྱིས་པར་གྱུར་ན། བཅོམ་ལྡན་འདས་དེའི་ཚེ་འདི་ཉིད་ལ་ཇི་ལྟར་ཐར་བར་འགྱུར། དེ་སྐད ་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གལ་ཏེ་ལོ་བདུན་གྱི་བར་དུ་ཉིན་གཅིག་ཅིང་།དུས་གསུམ་དུ་ཉེས་པ་ལ་ཉེས་པར་བཤགས་ན། དེའི་འོག་ཏུ་བྱང་བར ་འགྱུར་ཏེ། དེ་ཕྱིན་ཆད་ཉུང་ན་བསྐལ་བ་བཅུས་བཟོད་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ། རིགས་ཀྱི་བུ་མོ་ཞིག་ཆོས་ཀྱི་རྣམ་གྲངས་འདི་མ་བཟུང། མ་བཀླགས་པར་སྨྲས་ན། ཆོས་ཀྱིས་ཕོངས ་པར་འགྱུར་བ་ལས་མ་རྨས་པར་ཤིན་ཏུ་ཐར་པར་དཀའ་ཨོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་འདི་ལ་བསླབས་ནས། ཕྱིས་ཆོས་སྟོན་པར་བྱ་སྟེ། དེ་ལྟར་ན་དེ་རྨས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པའི་མདོ་ལས་ཀྱང། ་ཤཱ་རདྭཱ་ཏིའི་བུ་ལྕགས་ཀྱི་རང་བཞིན་མཚོན་རྣོན་པོས་ལྕེ་བཅད་པ་ནི་སླའི། འཁོར་གྱི་ནང་ན་འདུག་གམ། དབེན་པ་ན་འདུག་གམ། བདག་ཉིད་ཟླ་དང་བཅས་པར་འདུག་ཀྱང་རུང་སྟེ། ཡོངས་སུ་མ་དག་པའི་ཆོས་སྟོན་པ་ནི། མ་ཡིན་པ་ཉིད་དོ། །ཤཱ་རདྭཱ་ཏིའི་བུ ་དེའི་ཕྱིར་རྣམ་གྲངས་འདིས་དེ་ལྟར་རིགས་པར་བྱ་སྟེ། ཤཱ་རདྭཱ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་ཆེན་པོ་ཞེས་བྱ་བའི་བར་ནས། ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དང། བཀོད་པ་ཆེན་པོ་ཞེས་བྱ་བ་དེའི་ཚེ་ཚད་ནི་ལོ་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དུ་གྱུར་ཏོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཆོས ་འདུལ་བ་རྣམ་པ་ལྔར་གྱུར་ཏེ། འདི་ལྟར་ཀུན་ཏུ་དངོས་པོ་པ་ཞེས་བྱ་བ་དང། བརྩོན་འགྲུས་ལེན་ཞེས་བྱ་བ་དང། ཐམས་ཅད་ཀྱི་གསོང་པོར་སྨྲ་བ་ཞེས་བྱ་བ་དང། ངག་ཤེས་པ་ཞེས་བྱ་བ་དང། ཉེ་བར་བཅིངས་པ་ཞེས་བྱ་བར་གྱུར་ཏོ། །ཤཱ་རདྭཱ་ཏིའི ་བུ་དེ་ལ་དེའི་ཚེ་ན། ཀུན་ཏུ་ཞེས་བྱ་བ་དང། བརྩོན་ལེན་ཞེས་བྱ་བ་དང། གསོང་པོར་སྨྲ་བ་ཞེས་བྱ་བ་དང། ངག་ཤེས་ཞེས་བྱ་བ་དང། ཉེ་བར་བཅིངས་པ་ཞེས་བྱ་བ་དང། དགེ་སློང་ལྔ་པོ་དེ་དག་འཁོར་དང་ལྡན་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལ ་གང་ཀུན་དངོས་ལྡན་ཞེས་བྱ་བར་གྱུར་པ་དེ་དག་ནི། སངས་རྒྱས་ཀྱི་གསུང་འདི་ཀུན་ནས་ཤེས་ཤིང་།སྟོང་པ་ཉིད་སྨྲ་བ་དང། དམིགས་པ་མེད་པར་གྱུར་ཏོ། །ཡང་དགེ་སློང་བཞི་པོ་འཁོར་དང་བཅས་གང་ཟག་ཏུ་སྨྲ་བ་དེ་དག་ནི། ཕལ་ཆེར་ལམ ་གོལ་བ་འཛིན་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལ་གང་དག་ཀུན་དངོས་ལྡན་ཞེས་བྱ་བའི་དགེ་སློང་དུ་གྱུར་པ་དེ་ནི། བཞི་པོ་དེ་དག་གིས་ཟིལ་གྱིས་མནན་པར་གྱུར་ཅིང་ལྡང་བར་མ་ནུས་སོ། །བཞི་པོ་དེ་དག་ཀྱང་སྐྱེ་བོ་མང་པོས་བཀུར་བར་བྱ་བར་གྱུར་ཏོ ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་སྡིག་པའི་དགེ་སློང་དེ་དག་གིས་སྐྱེ་བོའི་ཚོགས་ཆེན་པོ་ལོག་པར་ལྟ་བ་ཡང་དག་པར་ལེན་དུ་བཅུག་པར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་དེའི་གསུང་རབ་དེ། གཞན་དང་གཞན་གྱིས་མ་གུས་པ་དང། ་གཞན་དང་གཞན་གྱིས་སྤངས་པ་ཉིད་ཀྱི་བསྣུབ་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་གང་དག་ཀུན་ཏུ་དངོས་པོ་ཞེས་བྱ་བའི་ཆོས་བསྟན་པ་ཀུན་ཏུ་ཤེས་ཤིང་ཁོང་དུ་ཆུད་ལ། ལྷག་པར་མོས་པ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་རྩ་བརྒྱད་པོ་དེ་དག་ནི། སངས་རྒྱས ་ལྔ་སྟོང་དག་གི་ཉན་ཐོས་སུ་གྱུར་ཅིང། དེ་ཉིད་དུ་མྱ་ངན་ལས་འདས་པ་ངས་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་དེ་ལྟར་འགྱུར་ཏེ། དམིགས་པ་མེད་པར་སྤྱོད་པ་དང། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ཡོངས་སུ་མྱ་ངན་ལས ་འདས་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལ་གང་བརྩོན་ལེན་ཞེས་བྱ་བའི་དགེ་སློང་དང། ཀུན་ཤེས་ཞེས་བྱ་བ་དང། དག་ཤེས་ཞེས་བྱ་བ་དང། ཉེ་བར་བཅིངས་པ་ཞེས་བྱ་བ་འཁོར་དང་བཅས་པ་དེ་དག་ཐམས་ཅད་དམིགས་པ་ཅན་དུ་གྱུར། བདག་ཏུ་སྨྲ་བ ་ལ་བརྟེན་པ་དང། གང་ཟག་ཏུ་སྨྲ་བར་འགྱུར། གང་ཟག་སྨྲ་བ་ལ་མངོན་པར་ཞེན་པ་དང། སྐྱེ་བོ་མང་པོའི་འཁོར་དང་ལྡན་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་དམ་པ་མ་ཡིན་པ་དེ་དག་གིས་ཁྱིམ་པ་དང་རབ་ཏུ་བྱུང་བའི་སྐྱེ་བོའི་ཚོགས་ཆེན་པོ་རྣམས ་ལོག་པར་ལྟ་བ་ལ་བཀོད་པར་གྱུར་ཏོ། །དོན་དམ་པ་སྤངས་པར་གྱུར། སྟོང་པ་ཉིད་དང། མཚན་མ་མེད་པ་དང། དམིགས་པ་མེད་པ་དང། སྨོན་པ་མེད་པའི་ཆོས་རྣམས་དང། སངས་རྒྱས་ཀྱི་བྱང་ཆུབ་ལ། གཅེར་བུ་བའི་ཚིག་ཏུ་འདུ་ཤེས་པར་གྱུར་ཏོ། །དེ་དག ་གི་ལོག་པར་ལྟ་བ་ཡོངས་སུ་འཛིན་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལ་གང་དགེ་སློང་བཞི་པོ་འཁོར་དང་བཅས་པ་དང། སྐྱེས་བུ་དམ་པ་མ་ཡིན་པ་བཞི་པོ་དེ་དག་གི་རྗེས་སུ་འབྲང་བ། དེའི་སྨྲ་བ་སྨྲ་བ། དེ་དག་གི་སྨྲ་བ་ལ་གུས་པར་ཉན་པར་གྱུར་པ། དེ་རྣམས་ཀྱིས། དེ་མེད ་པས། གསུང་རབ་བསྣུབས་པར་གྱུར་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལ་གང་དག་དམ་པའི་ཆོས་མ་ཡིན་ནོ་ཞེས་གཟུང་ནས། སྦྱོར་ཞིང་འབད་ལ་རྣལ་འབྱོར་དུ་བྱེད་པ་དེ་དག་གིས་ནི་ནམ་ཡང་ཟས་ཡོངས་སུ་སྦྱོར་བའི་ལས་བྱས་པ་མ་ཡིན་ནོ། །དེ་དག་གི་ནམ་དུ་ཡང་རྗེས་སུ་མཐུན་པའི་བཟོད ་པ་ཡང་མ་སྐྱེད་ན། འབྲས་བུ་ཐོབ་པ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་ན། ཁྱིམ་པར་གྱུར་པ་དང། ཁྱིམ་པར་རབ་ཏུ་བྱུང་བར་གྱུར་པ་གང་དག་ཡིན་པ་དེ་དག་ཅེས་བྱ་བ་ནས། དམ་པའི་ཆོས་ཐམས་ཅད་ནས་ཐམས་ཅད་དུ། དམ ་པའི་ཆོས་ནུབ་པའི་རྒྱུས་སླར་ཡང་ངན་སོང་དུ་འགྲོ་བར་འགྱུར་གྱི། བདེ་འགྲོར་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དང། ཤཱ་རདྭཱ་ཏིའི་བུ་དེ་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སངས་རྒྱས་ཀྱི་བྱང་ཆུབ་དེ་དག་ཀྱང་བསྣུབས་ཤིང། སེམས་ཅན་རྣམས ་ལ་དོན་མ་ཡིན་པ་ཆེན་པོ་བྱས་སོ། །སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ཀྱང་དུས་བྱས་ནས། མནར་མེད་པའི་སེམས་ཅན་དམྱལ་བར་ལྷུང་ངོ། །དེ་ལ་ལོ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུར་གན་རྐྱལ་དང་ཁ་སྦུབ་དུ་བཙོས་སོ། །ལོ་བྱེ་བ་བརྒྱ་སྟོང་ཕྲག་དགུ ་བཅུར་ངོས་གཡས་གཡོན་དུ་ཕབ་སྟེ་བཙོས་སོ། །དེ་དག་དེ་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཆ་བ་དང། ཚ་བ་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། བསྡུས་འཇོམས་དང། ཐིག་ནག་དང། ཡང་སོས་རྣམས་སུ་རབ་ཏུ ་ལྟུང་ངོ། །སེམས་ཅན་དམྱལ་བ་ཆེན་པོ་རེ་རེར། དེ་སྙེད་ཅིག་དུས་དེ་སྙེད་དུ་བཙོས་སོ། །དེ་དག་སླར་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ལས་ཐིག་ནག་དང། བསྡུས་འཇོམས་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་དང། རབ ་ཏུ་ཆེ་བ་དང། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་རབ་ཏུ་ལྟུང་ངོ། །ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་འདིས། དེ་དག་དང་འབྲེལ་པ་ཁྱིམ་པ་དང། རབ་ཏུ་བྱུང་བ། གྲོགས་པོའི་ཚོགས་དང། སློངས་མོ་སྟེར་བའི་ཚོགས་སུ་གྱུར་བ་དེ་དག་ཀྱང་།དེ་དག་དང ་ལྷན་ཅིག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ཤི་འཕོས་ཤིང་སྐྱེས་ནས། ཚོར་བ་ཡིད་དུ་མི་འོང་བའང་མྱོང་བར་འགྱུར་རོ། །གང་དག་དེ་དག་གིས་ཡིན་པར་གྱུར་པ་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་སྔོན་མེད་ཅིང ་ཕྱིས་བྱུང་བ། དེ་དག་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ཤི་འཕོས་ཤིང་སྐྱེས་སོ། །ཤཱ་རདྭཱ་ཏིའི་བུ་གང་དག་གིས་ཡིན་པར་གྱུར་པ་གྲོགས་པོའི་ཚོགས་དང། སློངས་མོ་སྟེར་བའི་ཚོགས་དང། ཉེ་གནས་ཀྱི་ཚོགས་དང། དགེ་སློང་དང། སློབ ་དཔོན་དང། དེའི་སློབ་དཔོན་དང། ཐད་ན་འཁོད་པ་དང། ཉེ་བར་འཁོད་པ་ཇི་སྙེད་པ་དང། དེ་དག་གི་རྗེས་སུ་འབྲེང་བར་གྱུར་བའི་སེམས་ཅན་ཇི་སྙེད་པ་གང་དག་འཛིན་པ། དེས་ལོག་པར་འགྲོ་བར་གྱུར་པ། སྡིག་པའི་དགེ་སློང་དེ་དག་དང་ལྷན་ཅིག ་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ཤི་འཕོས་ཤིང་སྐྱེས་པ། དེ་རྣམས་བགྲང་བར་ཡང་ཇི་ལྟར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་པ་ལྟར། ཁྱེད་ཀྱི་ཤེས་པར་མི་ནུས་སོ། །ཤ་རདྭཱ་ཏིའི་བུ་རྣམ་གྲངས་འདིས་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག ་དྲུག་ཅུ་རྩ་བཞི་པོ་དེ་རྣམས་བསྐལ་པ་ཚང་བར་ངན་སོང་དུ་སྐྱེས་པར་གྱུར་ཏོ། །ཤ་རདྭཱ་ཏིའི་བུ་གཞན་ཡང་གང་གི་ཚེ་བསྐལ་པ་བསྲེག་པར་གྱུར་པ་དེའི་ཚེ་མི་བླུན་པོ་དེ་དག་།དེ་བཞིན་དུ་རབ་ཏུ་ལྷུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་རདྭཱ་ཏིའི་བུ་གང ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་རབ་ཏུ་སྦོད་པའི་ལས་དེ་ནི་མི་ཟད་པའོ་ཞེས་གསུངས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ་འཁོར་དེ་ནས་གུད་དུ་འདོད་པར་འགྱུར་ཏེ། ལུས་དང་སེམས་ཀྱི་མཐུན་པར་སྤྱོད་པར་མི་འགྱུར། །དེ་དག་ནི་ཤེས་རབ་འཆལ་པར་འགྱུར་བའི་ལས་ལ་སོགས་པ་ཡིན་ཏེ། དེ་དག་ཤེས་རབ་འཆོལ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་སྤོང་བར་འགྱུར་ཏེ། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་པས་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས ་པར་འགྱུར་ཏེ། །དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་ཤིང་བསགས་པ་དང། ཆོས་ཀྱི་འཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་མང་པོ་དང། ལོ་བརྒྱ་ཕྲག་མང་པོ་དང། ལོ་སྟོང ་ཕྲག་མང་པོ་དང། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་བར་དུ་སེམས་ཅན་དམྱལ་བར་སྲེག་པར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོད་པར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོ ་འདོད་པའི་ཚེ་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། །ཡང་འཇིག་རྟེན་གྱི་ཁམས་གཞན་དག་གིས ་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་ཏེ། དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་རོ། །དེར་འཕངས་ཏེ། དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་འདོད་པར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས ་ཅན་དམྱལ་བ་ཆེན་པོར་འདོད་པའི་ཚེ་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་འཇིག ་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར་ཏེ། དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་རོ། །དེར་འཕངས་ཏེ། དེར་སྐྱེས་ནས་ཀྱང། སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར ་འདོད་བར་འགྱུར་ཏེ། དེ་དག་ཐམས་ཅད་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོད་པའི་ཚེ། མེས་ཡོངས་སུ་འཇིག་པ་ལ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས ་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གི་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང། ཤར་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར། ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་ནུབ ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་པར་འགྱུར་རོ། །དེ་དག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོད་བར་འགྱུར་ཏེ། དེར་ཡང་མེས་ཡོངས་སུ་འཇིག ་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། དེ་ནས་ཤི་འཕོས་ནས་ཆེས་འཇིག་པར་འབྱུང་བའི་ལས ་དེ་མ་ཟད་པས་ཡང་འདིར་སྐྱེ་སྟེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོད་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ ་འབབ་པར་འགྱུར་རོ། །དེ་དག་ཏུ་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །དེ་དག་མེས་ཡོངས་སུ་འཇིག་པའམ། ཆུས ་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་བྱུང་ནས་ཀྱང། དེ་དག་དེ་ནས་ཤི་འཕོས་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་རྣམས་དང། སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །ལྷོ་དང་།ནུབ་དང་།བྱང་དང ་ཤར་དང་།ཤར་ལྷོ་དང་།ལྷོ་ནུབ་དང་།ནུབ་བྱང་དང་།འོག་དང་།སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་།སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་དག་ཏུ་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི ་བར་དུ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བའི་ལས་ཟད་ནས། ཇི་སྟེ་བརྒྱལ་མིར་སྐྱེ་བ་ཐོབ་ན་ཡང་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་བསགས་པ་དང། བསྒྲུབ་པ་དང། ་ཚང་བ་དང། རྫོགས་པའི་རྣམ་པར་སྨིན་པ་དེས་དེ་དག་ལ་གང་དང་གང་དུ་སྐྱེ་བ་དེ་དང་།དེར་དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། ཕྱག་དར་བའི་རིགས་སུ་སྐྱེ་བར་འགྱུར། གདོལ་བའི་རིགས་སུ་སྐྱེ་བར་འགྱུར། སྨིག་མ་མཁན་གྱི་རིགས་སུ་སྐྱེ་བར་འགྱུར། ་དེ་དག་དེར་སྐྱེས་ནས་ཀྱང། དམུས་ལོང་དུ་སྐྱེ་བར་འགྱུར་བ་ཡིན། ཞར་བར་འགྱུར་བ་ཡིན། སྣ་མེད་པར་འགྱུར་བ་ཡིན། ལྕེ་མེད་པར་འགྱུར་བ་ཡིན། ལག་པ་མེད་པར་འགྱུར་བ་ཡིན། རྐང་པ་མེད་པར་འགྱུར་བ་ཡིན། མཛེ་ཅན་དུ་འགྱུར་བ་ཡིན། ཤ ་བཀྲ་ཅན་དུ་འགྱུར་བ་ཡིན། སྒུར་པོར་འགྱུར་བ་ཡིན། གང་ན་སངས་རྒྱས་ཀྱི་སྒྲ་མེད་པ་དང། ཆོས་ཀྱི་སྒྲ་མེད་པ་དང། དགེ་འདུན་གྱི་སྒྲ་མེད་པ་དེ་དག་ཏུ་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནས། རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་རྣམ་པ་བཞིས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །གསོལ་བ་བཞི་གང་དང་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབ་པ་ཡིན་ཏེ། རབ ་འབྱོར་རྒྱུ་དང་པོ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །ཆོས་ཟབ་མོ་རྣམས་ལི་ཡིད་ཆེས་པ་དང། དད་ཅིང་མོས་པ་མེད་པ་ཡིན་པ?་རྒྱུ་གཉིས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ།། ་རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ནི་བརྩོན་འགྲུས་མེད་ཅིང། ཕུང་པོ་ལྔ་ལ་མངོན་པར་ཞེན་པས། རྒྱུ་གསུམ་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་སྐྱེས་བུ་གླེན་པ་དེ ་དག་ནི་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ། དེ་དག་བདག་ལ་བསྟོང་ཅིང་གཞན་སྨོད་པར་གྱུར་པས། རྒྱུ་བཞི་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་སྤོང་བར་འགྱུར་ཏེ། རབ་འབྱོར་རྣམ་པ་བཞི ་པོ་དེ་དག་གི་སྐྱེས་བུ་གླེན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ།། །།རྒྱ་ཆེར་རོལ་བའི་མདོ་ལས་ཀྱང། ཀུན་དགའ་བོ་དེ་ལྟར་སྐྱེས་བུ་གླེན་པ་རྙེད་པ་དང། ་བཀུར་སྟི་དང། ཚིགས་སུ་བཅད་པའི་ཟིལ་གྱིས་ནོན་པ་།མི་གཙང་བར་བྱིང་བ་རིམ་གྲོའི་ཟིལ་གྱིས་ནོན་པ། མ་རབས་ཀྱི་ངང་ཚུལ་ཅན་དག་སངས་རྒྱས་ཀྱི་ཚུལ་སྤོང་ཞིང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་མང་པོ་ཇི་སྙེད་ཅིག་མངོན་པར ་འདུ་བྱེད་པ་ལ་ལྟོས། ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དེ་ལྟ་བུའི་མདོ་སྡེ་བཟང་པོ་ལ་ཡང་སྤོང་ཞིང་མི་སྙན་པ་བརྗོད་པ་དེ་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བང་བར ་གཤིགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་གསུང་རབ་ལ་སྡིག་པའི་དགེ་སློང་དྲུག་འདི་ལྟ་སྟེ། ཤིན་ཏུ་མཐོང་བ་ཞས་བྱ ་བ་དང། རྙེད་སླ་དང། དགའ་བྱང་དང། གྲགས་པ་དང། མེས་བྱིན་ཞེས་བྱ་བ་རྣམས་བྱུང་སྟེ། བདག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ། ཆད་པར་སྨྲ་བ། རྟག་པར་སྨྲ་བ་རྣམས་འགྲོགས་སྡོང་ཞིང་ཕན་ཚུན་དུ་ཡིད་རྟོན་ཅིང་གནས་པ་དེ་དག་གིས། ཁྲིམས ་འདི་ལྟ་བུ་ཞིག་བྱས་ཏེ། བདག་ཅག་རེ་རེས་ཀྱང་ཁྱིམ་བརྒྱ་བརྒྱ་བཟུང་བར་བྱའོ། །ཁྱིམ་བརྒྱ་ཡོངས་སུ་རྫོགས་པ་ན་དེར་འོངས་ཏེ། ཅིག་ལ་གཅིག་བསྙད་པར་བྱའོ། །ཁྱིམ་ཉི་ཤུ་དང་སུམ་ཅུ་དང། བཞི་བཅུ་དང། ལྔ་བཅུ་དང། བརྒྱར་མ་གྲུབ་པ་ལ་བསྙད་པར ་བྱའོ། །ཞེས་དེ་ལྟ་བུའི་ཁྲིམས་བྱས་ནས། གྲོང་དང་གྲོང་ཁྱེར་དང། གྲོང་རྡལ་དང། ལྗོངས་དང་།ཡུལ་དང། ཕོ་བྲང་འཁོར་དུ་དོང་ནས། དེ་དག་ཐམས་ཅད་ཁྱིམ་ཅིག་ཏུ་དོང་ངོ། །ཁྱིམ་དུ་དོང་ནས་གཅིག་ལ་གཅིག་།ཐོག་མ་ཉིད་དུ་སངས་རྒྱས་ལ་མི ་སྙན་པ་ཟེར་རོ། །སངས་རྒྱས་ལ་མི་སྙན་པ་ཇི་སྐད་ཅེས་ཟེར་ཞེ་ན། ཁྱིམ་དེར་ཕྱིན་ནས་འདི་སྐད་ཅེས་སྨྲས་ཏེ། བདག་ཡོད། སེམས་ཅན་ཡོད་དོ། །སྲོག་ཡོད་དོ། །གང་ཟག་ཡོད་དོ། །གལ་ཏེ་བདག་མེད་དུ་ཟིན་ན་འོང་བ་སུ། འགྲོ་བ་སུ། འགྲེང་བ་སུ ་འདུག་པ་སུ། ཉལ་བ་སུ། སྨྲ་བ་སུ། མི་སྨྲ་བར་འགྱུར་བ་སུ། །སྦྱིན་པ་སྦྱིན་པར་བྱེད་པ་སུ། སྤྲེལ་བ་སུ། ཟབ་པ་སུ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་སོ་སོར་ཡང་དག་པར་མྱོང་བས་སུ། གང་ཁྱེད་ལ་འདི་སྐད་དུ། བདག་མེད། སེམས་ཅན་མེད། ་སྲོག་མེད། གང་ཟག་མེད། ཅེས་སྨྲ་བ་དེ་ན། ཁྱེད་ཀྱི་མི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་ཟེར་བ་དང། དེ་ལ་ཤཱ་རིའི་བུ་བུད་མེད་དང། སྐྱེས་པ་དང། ཁྱེའུ་དང། བུ་མོ་དག་ན་རེ་གང་དགེ་བའི་བཤེས་གཉེན་མ་ཡིན་པ་དེ ་ནི་སྡིག་པའོ། །དེའི་ཕྱིར་སྡིག་པའི་གྲོགས་པོར་གྱུར་པ་དེ། དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲས་པ་དང། དེ་དག་གིས་དེ་དག་ལ། ཁྱེད་དེ་ལྟར་ཤེས་པ་ནི་མཁས་པ་ཡིན་ཏེ། སྡིག་པའི་གྲོགས་པོ་གང་ཡིན་པ་དེ་ནི་དགེ་བའི་བཤས་གཉེན་མ་ཡིན་ནོ། །དེའི ་ཕྱིར་གང་ཁྱེད་ལ་འདི་སྐད་དུ། བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་ཟེར་བ་ལ་བརྟེན་པར་མི་བྱ། འགྲོགས་པར་མི་བྱ། བསྙེན་བཀུར་བར་མི་བྱའོ་ཞེས་སྨྲས་ཏེ། དགེ་སློང་དེ་དག་རེ་རེས་ཀྱང་ཟླ་བ་ཕྱེད་ཀྱིས་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་ལོག། ་པར་འཛིན་དུ་བཅུག་གོ། ཤཱ་རིའི་བུ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་ཀྱི་དགེ་སློང་དགྲ་བཅོམ་པ་དྲི་མ་དང་ཉོན་མོངས་པ་བསལ་བ་དག ་གྲོང་དུ་དོང་སྟེ་ཕྱིན་པ་དང། བུད་མེད་དང། སྐྱེས་པ་དང། ཁྱེའུ་དང། བུ་མོ་དག་གཤེ་ཞིང་མི་སྙན་པ་ཟེར། ཚིག་ངན་པ་རྩུབ་པོས་སྤྱོ་སྟེ་།ཚིགས་སུ་བཅད་པ་འདི་སྐད་ཟེར་རོ། །ཁྱེད་ཀྱི་ལམ་ལ་རྨོངས་པ་སྟེ། །ཆོས་ཤེས་པ་ནི་ཁྱེད་མ་ཡིན། །ཁྱེད་ནི ་ཆོས་ལས་ཉམས་པས་ན། །ཐམས་ཅད་སེམས་ཅན་དམྱལ་བར་འགྲོ། དེ་ལྟར་དགེ་སློང་དེ་དག་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་གཤེ་ཞིང་མི་སྙན་པར་སྨྲས་པ་དང། སངས་རྒྱས་ཉིད་ཀྱི་བསྔགས་པ་བརྗོད་ཅིང་ཚིགས་སུ་བཅད་དེ་སྨྲས་པ། འདུས་བྱས ་ཐམས་ཅད་མི་རྟག་ཅིང། །ཆོས་ཀུན་ལ་ནི་བདག་མེད་དེ། །རྟག་མེད་ཐེར་ཟུག་མེད་དོ་ཞེས། །སངས་རྒྱས་ཀྱིས་ནི་ཆོས་བཤད་དོ། །གསོབ་དང་གསོག་དང་སྟོང་པ་སྟེ། །འདུས་བྱས་ཐམས་ཅད་སྙིང་པོ་མེད། །བརྫུན་པ་སླུ་བའི་ཆོས་ཅན་ཏེ། །བྱིས་པ་རྟག་ཏུ་འདྲིད ་པའོ། །དེ་བཞིན་གཤེགས་པས་བདག་མེད་སེམས་ཅན་མེད། །སྲོག་མེད་གང་ཟག་མེད་པར་ཆོས་བསྟན་ཏོ། །ཚིགས་སུ་བཅད་པ་དེ་སྨྲས་པ། བདག་མེད་གང་ཡིན་དེ་དག་ནི། །སྦྱིན་དང་ཟ་དང་ལེན་པ་དང། །ཚོར་བ་རྒྱ་ཆེར་མྱོང་འགྱུར་དང། །སྨྲ་དང ་ངན་འགྲོར་འགྲོ་བར་འགྱུར། །དེ་ལ་ཤཱ་རདྭཱ་ཏིའི་བུ་གང་སྐྱེས་པ་དང། བུད་མེད་དང་ཁྱེའུ་དང་བུ་མོ་སྐྱེས་བུ་དམ་པ་མ་ཡིན་པའི་ཚིག་བཞིན་དུ་བྱེད་པ་དེ་དག་ལས། སྲོག་ཆགས་དྲུག་ཁྲི་བརྒྱ་སྟོང་དེ་ནས་ཤི་འཕོས་ནས། མནར་མེད་པའི་སེམས་ཅན ་དམྱལ་བ་ཆེན་པོར་སྐྱེས་སོ། །དེ་ན་དེ་དག་གི་ལུས་གཟུགས་འདི་ལྟ་སྟེ། ཉ་ལྟ་བུ་མངོན་པར་གྲུབ་བོ། །མགོ་ནི་འདི་ལྟ་བུར་འདི་ལྟ་སྟེ། མིའི་ལྟ་བུར་གྱུར་ཏོ། །འདི་ལྟ་བུའི་ལྕེ་མངོན་པར་གྲུབ་པ་ནི་འདི་ལྟ་སྟེ། དཔེར་ན་ཆང་འཚོད་གི་རེ་ལྡེ་ཆེན་པོ་ལྟ་བུ་སྟེ། དེ་དག་གི་ལྕེ ་ད་ལྕགས་ཀྱི་གཤོལ་མང་པོས་རབ་ཏུ་སྨོས་སོ། །དེ་དག་གི་ལུས་རེ་རེ་ལ་ཡང་མདུང་ཐུང་བརྒྱ་བརྒྱས་དམྱལ་ཏོ། །སྟེང་གི་བར་སྣང་ལས་ཀྱང་ལྕགས་ཀྱི་ཐུ་ལུམ་ཀུན་ཏུ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། འབར་བ་དང་བཅས་པར ་གྱུར་བ། འབར་བ་གཅིག་ཏུ་གྱུར་པ་ལུས་ཀྱི་སྟེང་དུ་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གློག་ལྕེ་རབ་ཏུ་འབར་བའི་མདའ། །བརྒྱ་ཕྲག་མང་པོ་སྟོང་རྣམས་ནི། །རྟག་ཏུ་ལུས་ལ་རབ་འབར་ཏེ། །མི་དག་ན་ཚ་མྱོང ་བར་བྱེད། །ཐམས་ཅད་ལུས་ནི་ཀུན་ཏུ་འབར། །མེ་ལྕེ་འབར་བ་བསྙེན་པར་དཀའ་། །དཔག་ཚད་བརྒྱ་སྙེད་གང་བ་ཡི། །ལུས་ལ་མེ་ལྕེ་རབ་ཏུ་འབྱུང། །རེ་རེས་དག་གི་ལྕེ་ལ་ཡང། །དེ་སྙེད་གཤོལ་གྱི་རྨོ་བར་བྱེད། །ཀུན་གྱིས་ལྕེ་ནི་དྲལ་བས་ན། །སྡུག ་བསྔལ་ཚོར་བ་མྱོང་བར་འགྱུར། །སྡིག་པའི་གྲོགས་པོ་བསྟེན་བྱས་བས། །དེ་དག་ཕྱི་ཕྱིར་འབྱུང་བར་འགྱུར། །ཚུལ་ཁྲིམས་ལྡན་པ་རྣམས་སྤངས་པས། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །ཡང་ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དྲུག་པོ་དེ་དག་དེ་ནས་ཤི ་འཕོས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས། དེ་དག་རེ་རེའི་ལུས་ཀྱང་དཔག་ཚད་བརྒྱ་བརྒྱ་བར་མངོན་པར་གྲུབ་པར་གྱུར་ཏེ། ལུས་རེ་རེ་ལ་ཡང་ཁ་སྟོང་སྟོང་མངོན་པར་གྲུབ་པར་གྱུར་ཏོ། །ཁ་རེ་རེ་ལ་ཡང་ལྕེ་གཉིས་གཉིས་ཆུ་ཞེད་དུ་དཔག ་ཚད་བཞི་བཞི་ཙམ་ཡོད་པ་མངོན་པར་གྲུབ་པར་གྱུར་ཏེ། ལྕེ་རེ་རེ་ལ་ཡང་གཤོལ་ལྔ་བརྒྱ་ལྔ་བརྒྱ་མངོན་པར་གྲུབ་པར་གྱུར་ཏེ། དེ་དག་ལྕགས་ཀྱི་ཐུ་ལུམ་དང། ལྕགས་ཀྱི་གཤོལ་གྱིས་སྨོས་ནས། ཨ་ན་ཞེས་འཛེར་ཀྱང་མི་ནུས་སོ། །དེ་དག་རེ་རེའི་མགོ་ལ་ཡང ་སེམས་ཅན་དམྱལ་བའི་སྲུངས་མ་བྱེ་བ་ཕྲག་སྟོང་གནས་ཤིང་མགུལ་བར་གཅོད་པར་བྱེད་དོ། །དེ་ནས་དེ་དག་གཅིག་གིས་ཚེའི་ཚད་ཀྱང་ལོ་བྱེ་བ་ཕྲག་སྟོང་དུ་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་གཞན་དང་གཞན་དག་དུ་ཚོར་བ་རྣམ་པ་མང་པོ་ཡང ་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་མི་སྔགས་པ་བརྗོད་པར་བྱས་པའི་ཕྱིར་རོ་ཞེས་གསུངས་སོ།། །།བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་སྤང་བ་དང་དེའི་གཉེན་པོ་བསྟེན་པ ་བསྟན་པ། ཚངས་པས་ཞུས་པའི་མདོ་ལས་ཀྱང། ལྷག་པའི་བསམ་པ་བཅུས་སངས་རྒྱས་ཀྱི་ཞིང་དེར་གནས་བར་བྱ་སྟེ། བཅུ་པོ་གང་དག་ཅེ་ན། འདི་ལྟ་སྟེ། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་ལ། ཁོང་ཁྲོ་བ་མེད་པའི་སེམས ་ཉིད་དང། ལེགས་པར་ཐོས་པ་དང་ཉེས་པར་ཐོས་པ་དག་ལ། བྱམས་པའི་སེམས་ཉིད་དང། དུས་ཐམས་ཅད་དུ་སྙིང་བརྩེ་བ་ཉིད་དང། སེམས་ཅན་དམན་པ་དང་འབྲིང་བ་དང་མཆོག་རྣམས་ལ་ཡང་དག་པར་རབ་ཏུ་སྦྱོར་བ་དང། རིམ་གྲོ་དང་བརྙེད་པ ་ལ་རབ་ཏུ་མཉམ་པའི་སེམས་ཉིད་དང། གཞན་གྱིས་ཉེས་པ་དང་ལྟུང་བ་ཐམས་ཅད་སྐྱོན་དུ་མི་ལྟ་བ་ཉིད་དང། ཐེག་པ་སྣ་ཚོགས་ལ་རོ་གཅིག་པ་དང། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲ་དག་ལ་མི་སྐྲག་པ་དང། བྱང་ཆུབ་སེམས་དཔའ་དག་ལ ་སྟོན་པའི་འདུ་ཤེས་དང། སྙིགས་མ་ལྔའི་སངས་རྒྱས་ཀྱི་ཞིང་ལ་ངོ་མཚར་བའི་འདུ་ཤེས་ཏེ། ཚངས་པ་ལྷག་པའི་བསམ་པ་བཅུ་པོ་འདི་དག་གི་སངས་རྒྱས་ཀྱི་ཞིང་དེར་གནས་པར་བྱའོ་ཞེས་གསུངས་སོ།། །།བྱམས་པ་སེང་གེ་སྒྲའི་མདོ་ལས ་ཀྱང་།བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་ལས་དཔག་ཚད་བརྒྱར་འབྱོལ་པར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་དང། སྡིག་པའི་གྲོགས་པོ་དང། འདུ་འཛིའི་གནས་དང། གནས་གང་ན་གནས་པ་ན་བྱང ་ཆུབ་སེམས་དཔའ་ཨི་ཐེག་པའི་གང་ཟག་གཞན་ཞིག་ཀྱང་འདུག་པར་གྱུར་ལ། གལ་ཏེ་དེ་དང་ལྷན་ཅིག་ཏུ་མགུ་བ་དང་དགའ་བ་དང། མཆོག་ཏུ་དགའ་བ་སྐྱེས་ལ། འཐབ་པ་མེད་པ་དང་ལྡན་པ་དང། རྩོད་པ་མེད་པར་ལྡན་པར་གནས་པ་ནི། དེ་དེར་གནས ་བར་བྱའི། གལ་ཏེ་དེ་ལ་ཐ་ན་ཐ་པ་དང། ཞེ་སྡང་གི་སེམས་གཅིག་ཙམ་ཞིག་སྐྱེད་པར་བྱེད་ན་ཡང། དེ་ནས་དཔག་ཚད་བརྒྱར་འབྱོལ་བར་བྱ་སྟེ། བྱང་ཆུབ་སེམས་དཔས་ནི། བྱང་ཆུབ་སེམས་དཔའ་ལ་ཐ་བ་དང། ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། ། ་བྱམས་པ། བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་བསྡུ་པ་བསྡུས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྦྱོས་སམ། བརྒྱད་དམ། དབྱིག་པས་བརྡེགས་སམ། མཚོན་གྱིས་བཏབ་པར ་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེས་སེམས་ཅན་ཇི་སྙེད་ཅིག་ལ་སྤྱོས་པ་འམ། བརྒྱད་པ་འམ། དབྱིག་པས་བརྡེགས་པ་འམ། མཚོན་གྱིས་བཏབ་པའི་གཞི་དེ་ལས་སྡིག་པ་འམ། སྨྲས་པ་དང་ཉམས་པ་མང་པོ་བསྐྱེད ་པར་འགྱུར་སྙམ་མམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཅིག་ལ་གཅིག་སྤྱོས་སམ། བརྒྱད་དམ། དབྱིག་པས་བརྡགས་སམ། མཚོན་གྱིས་བཏབ་ན་ཡད་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་ལགས་ན། སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་ཐམས་ཅད་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་སེམས་ཅན་འགའ་ཙམ་ལ་ཡང་ཐ་བ་དང། ཞེ་སྡང་དང། གནོད་སེམས་བསྐྱེད་པར་མི་བགྱི ་བའི་སླད་དུའོ། །དི་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། བྱམས་པ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་སྤྱོས་སམ། བརྒྱད་དམ། དབྱིག་པས་བརྡེགས་སམ། མཚོན་གྱིས་བཏབ་པ་གང་ཡིན་པ་དེས་ནི། བྱང་ཆུབ་སེམས་དཔའ་གཞན་ཞིག་ལ། ཐ་ན་ཐ་བ་དང་ཞེ་སྡང་གི་སེམས་གཅིག་ཙམ་ཞིག་བསྐྱེད ་པར་འགྱུར་བ་དེ་ཙམ་དུ། བྱང་ཆུབ་སེམས་དཔའ་དེས་སྨྲས་པ་དང། ཉམས་པར་མི་འགྱུར་ཏེ། བྱམས་པ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཅིག་ཤོས་དེ་ལ། ཐ་བ་དང། ཞེ་སྡང་གི་སེམས ་བསྐྱེད་པར་བྱེད་ན། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཡོངས་སུ་མི་གཏོང་བ་ཞིག་ཡིན་ན། སེམས་ཇི་སྙེད་བསྐྱེད་པ་དེ་སྙེད་ཁོ་ནའི་བསྐལ་པར་བྱང་ཆུབ་ཀྱི་ཕྱིར་ཡང་གོ་ཆ་བགོ་བར་བྱ་དགོས་སོ། །བྱམས་པ་འདི་ལྟ་སྟེ། དཔེར་ན། ལྕགས་ནི་ལྕགས ་ཀྱིས་གཅོད་པར་བྱེད་པ་མ་གཏོགས་པར་བོང་བ་འམ། ཤིང་ངམ། རྩཝས་གཅོད་པར་མི་ནུས་པ་དེ་བཞིན་དུ། བྱམས་པ། བྱང་ཆུབ་སེམས་དཔའ་ཨི་དགེ་པའི་རྩ་བ་ཡང། བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་ཐ་བ་དང། ཞེ་སྡང་གི་སེམས་བསྐྱེད ་པས་ཟད་པར་བྱེད་པ་མ་གཏོགས་པར་གཞན་གྱི་ཟད་པར་མི་འགྱུར་རོ། །བྱམས་པ་དེ་ལྟ་བས་ན། ཁྱེད་ཅག་གིས་གཅིག་ལ་གཅིག་ཞེ་ས་ངང་བཅས་པ་དང། གཅིག་ལ་གཅིག་གུས་པ་དང་བཅས་པས་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་ཞིང ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་སོ།། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། ཀུན་དགའ་བོ་གཞན་ཡང་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའ་ཨི ་ཐེག་པ་པ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང། རྩོད་ཅིང་ང་ནི་མཆོག་ཏུ་གྱུར་བ་ཡིན་གྱི་ཁྱེད་ནི་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། ཀྱེ་རིགས་ཀྱི་བུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རིང་དུ་བྱེད ་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཐབ་མོ་དང། འཁྲུག་པ་དང། རྩོད་པ་དང། མཚང་འདྲུ་བ་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བའི ་ལམ་མོ། །དེ་ནི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་མོ། །དེ་ནི་གཤིན་རྗེའི་འཇིག་རྟེན་གྱི་ལམ་མོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དང། གང་ཟག་བྱང ་ཆུབ་སེམས་དཔའ་ཨི་ཐེག་པ་བཅན་གཞན་དུ་འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚང་འདྲུ་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། འདི་གཉིས་ཀ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པའོ་འདི་གཉིས་ཀ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་ཅན་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས ་དང། གཤིན་རྗེའི་འཇིག་རྟེན་གྱི་ལམ་ལ་བརྩམས་སོ་ཞེས་གནས་དགའ་ཞིང་སྤྲོ་བ་དང། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ། བྱང་ཆུབ་སེམས་དཔས་ལུང་མ་བསྟན་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ ་གནོད་པར་སེམས་ཤིང་འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚད་འདྲུ་ན། གལ་ཏེ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ཞེ་ན། ཇི་སྙམ་དུ་སྡིག་པའི་སེམས་བསྐྱེད་པ་སྐྱེས་པ་དང། འཐབ་ཅིང་རྩོད་པ་དང་འཁྲུག་ཅིང་མཚང་འདྲུ་བར་འགྱུར་པ་དེ ་སྲིད་ཀྱི་བསྐལ་པར་གོ་ཆ་བགོ་བར་བྱའོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་དག་གི་སེམས་བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆེས་སམ། འོན་ཏེ་མ་ལགས་ཀྱི་བསྐལ་པ་དེ་སྙེད་ཁོ་ནར་གོ་ཆ་བགོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་རྣམས་ལ་ངས་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ། ཀུན་དགའ་བོ་དེ་ལ་གང་ཟག་དེ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་དང་འཐབ་ཅིང་རྩོད་ལ་གཤེ་ཞིང་མི་སྙན་པ་བརྗོད་པ་དང། འཐབས་ཅིང་རྩོད་དེ་གཤེ་བ་དང། མི་སྙན་པ་བརྗོད་པར་བྱས་ནས་ཕྱིར་མི་ཆགས་པར་མདུད་པར་འཛིན་ཁོན་དུ་འཛིན་ཏེ། གནས ་ན་ཀུན་དགའ་བོ་གང་ཟག་དེ་ནི་ངེས་བར་འབྱུང་བར་ང་མི་སྨྲ་སྟེ། གང་ཟག་དེ་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡོངས་སུ་མི་བཏང་ཞེ་ན། གདོན་མི་ཟ་བར་བསྐལ་པ་དེ་སྙེད་དུ་གོ་ཆ་བགོ་བར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང ་ཐབས་ཤིང་རྩོད་དེ་གཤེ་བ་དང། མི་སྙན་པར་བརྗོད་པར་འགྱུར་ན་ཡང་མདུད་པར་མི་འཛིན་ལ་ཕྱིན་ཆད་སྡོམ་པ་འཛིན་ཅིང་བདག་གིས་ནི་ཐོབ་པར་བྱས་པ་ཉེས་པར་ཐོབ་སྟེ། བདག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་དགོས་ན་དེ་ལྟར་བདག ་སྨྲས་པ་ལ་ཕྱིར་སྨྲ་བ་དང། བདག་གི་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན། དེ་ལྟར་བདག་གཞན་ལ་མི་སྙན་པར་སྨྲ་ཞིང་ཕྱིར་ཟློག་པ་ནི་མི་ཚུལ་གྱིས་དེ་ལྟར་བདག་གིས་དེ་ལྟར་མི་བྱའོ། །བདག་གིས་གླེན་པ་དང་ལྐུགས་པ་བཞིན་དུ་བྱའོ། ། ་བདག་གིས་བསམ་པ་ལ་འཁྲུགས་པ་མེད་པར་བྱའོ། །སེམས་ཅན་དེ་དག་ནི་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་དགོས་ན། དེ་དག་ཉིད་ལ་བདག་ངན ་སེམས་སུ་བྱེད་པ་དང། དེ་དག་ཉིད་ལ་བདག་འཁྲུག་པ་ནི་ཚུལ་མ་ཡིན་གྱིས། བདག་གིས་དེ་དག་ལ་གནོད་སེམས་སུ་མི་བྱའོ། །བདག་གིས་དེ་དག་ལ་འཁྲུག་པར་མི་བྱའོ་སྙམ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པར ་འབྱུང་བ་ཡོད་པར་ངས་བཤད་དོ། །དེ་ལ་བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང་གླགས་འཚོལ་བས་ཀྱང་གླགས་མི་རྙེད་དོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་དང་འགྲོགས་པར་མི་བྱའོ ་དེ་དག་དང་ལྷན་ཅིག་ཏུ་གནས་པར་མི་བྱའོ། །འདུག་པར་མི་བྱའོ། །གལ་ཏེ་འདུག་པ་ཡང་དེས་སུ་ལ་ཡང་གནོད་སེམས་སུ་མི་བྱ། འཁྲུགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་བདག་གིས་དེ་དག་ལ་གནོད་སེམས་སུ་བྱ་བ་དང། འཁྲུགས་པར་བྱ་བ་དེ་ནི ་བདག་ལ་མི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ། །ཀུན་དགའ་བོས ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དག་དང་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། སྟོན་པ་དང་ཇི་ལྟར ་གནས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དང་གནས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པའོ། །འདིས་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ ་བདག་གིས་ཀྱང་བསླབ་པར་བྱའོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞེས་བྱ་བའི་བར་དུ་གསུངས་སོ། །དད་པའི་སྟོབས་སྐྱེད་པའི་མདོ་ལས་ཀྱང། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ ་གང་ལ་ལ་ཞིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རང་རྒྱལ་བ་རྣམས་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེ་བར་བྱེད། མི་སྙན་པར་བརྗོད། རྙོག་པར་བྱེད་ལ་འགྲན་པར་བྱེད། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་།ཐེག་པ་ཆེན་པོ་ལ ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ཡུད་ཙམ་གཅིག་ཀྱང་གཤེ་བར་བྱེད། མི་སྙན་པར་བརྗོད། རྙོག་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་ཆེས་གྲངས་མེད་པ་སྐྱེད་པར་བྱེད་པ། འདིའི་ཚད་ནི་བརྗོད་པར་སླ་བ་མ་ཡིན་ནོ། །འཇམ་དཔལ་གལ་ཏེ་འཇིག་རྟེན་གྱི ་ཁམས་ཐམས་ཅད་ཟླ་བ་ཅིག་དང་ཉི་མ་ཅིག་པར་གྱུར་ཅིང། དེ་དག་ཀྱང་རང་རྒྱལ་བས་ཡོངས་སུ་གང་བར་གྱུར་ལ་རང་རྒྱལ་བ་རེ་རེ་ལ་ཡང་སྦྱིན་པ་དག་།ལྷའི་གོས་དང། ཟས་དང། མལ་སྟན་དང། ན་བའི་རྐྱེན་སྨན་གྱི་ཡོ་བྱད ་ལ་སོགས་པའི་སྦྱིན་བདག་ཆེན་པོ། གཞལ་དུ་མེད་ཅིང་གྲངས་མེད་པར་གྱུར་ཏོ། །རང་རྒྱལ་བ་དེ་དག་གི་སྦྱིན་བདག་དེ་དག་ཐམས་ཅད་ཀྱང་རྒྱུན་དུ་ཞུགས་པར་གྱུར་པ་དང། ལན་ཅིག་ཕྱིར་འོད་བ་དང། ཕྱིར་མི་འོང་བར་གྱུར་ལ། དེ་ནས་གདུག་པའི ་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བས། རང་རྒྱལ་བ་དེ་དག་དང། རྒྱུན་ཏུ་ཞུགས་པ་དང། ཕྱིར་འོད་བ་དང། ཕྱིར་མི་འོང་བ་དེ་དག་གི་བདོག་པ་ཐམས་ཅད་འཕྲོག་པར་བྱེད། ཡོ་བྱེད་ཐམས་ཅད་རྒྱུན ་བཅད་པར་བྱ་བའི་ཕྱིར། ཉི་མ་དང་ཟླ་བ་སྣུབ?་པར་བྱེད་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ། །ཁྲོས་པར་གྱུར་ཏེ། ཟས་གཅོད་པར་བྱེད་པ། ཟས་གཅོད་དུ་འཇུག་པར་བྱེད། ་ཡོ་བྱད་ཐམས་ཅད་རྒྱུན་གཅོད་པར་བྱ་བའི་ཕྱིར། དེ་ལ་བསྔགས་པ་མ་ཡིན་པ་སྨྲ་ན། འདི་ནི་དེ་བས་ཆེས་སྡིག་པ་གངས་མེད་པར་སྐྱེད་དོ། །འཇམ་དཔལ་གལ་ཏེ་སེམས་ཅན་ཐམས་ཅད་འཁོར་ལོ་སྒྱུར་བའི་བདེ་བ་དང། བརྒྱ་བྱིན་གྱི་བདེ་བ་དེང་ལྡན་པར ་འགྱུར་ཞིང། དེ་ནས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། དེ་དག་ཐམས་ཅད་འཁོར་ལོ་སྒྱུར་བའི་བདེ་བ་ལས་ཉམས་པར་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ། །དམྱལ་བ་དང་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དུ་སྐྱེད་དུ་འཇུག་ལ། གཞན་ཡང ་གང་ཞིག་ཁྲོས་པས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ། ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་དགེ་བའི་རྩ་བ་གཅིག་གཙོད་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་ཆེན་པོ་གྲངས་མེད་པ་རབ་ཏུ་བསྐྱེད་དོ། །འཇམ་དཔལ་གལ་ཏེ། སེམས་ཅན་ཐམས་ཅད ་རང་རྒྱལ་བར་གྱུར་ཅིང། དེ་ནས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འགའ་ཞིག་གིས་ཡོངས་སུ་བརྟག་པ་བཟུང་སྟེ། རང་རྒྱལ་བ་དེ་དག་ཐམས་ཅད་ཚུལ་ཁྲིམས་ལས་ཉམས་པར་བྱས་ནས་དམྱལ་བ་དང་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དུ་བསྐྱེད་དུ ་བཅུག་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ། ཐེག་པ་ཆེན་པོ་ལ་མོས་པ་ཤེས་རབ་ཀྱི་བ་དང། ཤེས་རབ་ཀྱི་ལས་གཅིག་ལ་ཡང་སློབ་པ་ཞིག་།གདུག་པའི་སེམས་དང། དྲག་ཤུལ་གྱི ་སེམས་ཀྱི་ཚངས་པར་སྤྱོད་པ་ལས་ཉམས་པར་བྱེད་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་གལ་ཏེ་ཐེག་པ་ཆེན་པོ་ལ་མོས་པ་ཞིག་གིས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་རང་རྒྱལ་བ་ལ་དགོང ་པར་བྱེད་ཅིང། །དེ་རང་རྒྱལ་བ་དེ་དག་ལ་བསྐལ་པར་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་།ལྷའི་གོས་དང། ཟས་དང། མལ་སྟན་དང། ན་པའི་རྐྱེན་སྨན་གྱི་ཡོ་བྱད་སྦྱིན་པ་བྱིན་པར་གྱུར་ལ། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ ་གཞན་གང་ཞིག་གིས། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཞིག་སངས་རྒྱས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་ཅིག་བྱེད་དུ་བཅུག་ན། འདི་ནི་དེ་བས་ཆེས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་ན། མར་མེ་འམ། བདུག་པ་འམ། ་མེ་ཏོག་སྦྱིན་པར་བྱེད་ཅིང། སངས་རྒྱས་སུ་བསྐྲུན་པའི་དགེ་བའི་རྩ་བ་གཞན་དང་གཞན་ལ་འགོད་པ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །དེའི་ཚད་ནི་བསྐལ་པ་འམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ཕྲག ་གིས་ཀྱང་བརྗོད་པར་སྨྲ་བ་མ་ཡིན་ནོ་ཞེས་གསུངས་སོ།། །།ནམ་མཁའ་ཅན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་དེ་ལ་ཆོས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར ་འདོད་པ། སྙིང་རྗེ་ཆེན་པོ་ལ་གནས་པར་འདོད་པ་ས་བཅུ་ཡོངས་སུ་རྫོགས་པར་འདོད་པ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད ་པ། སེམས་ཅན་ཐམས་ཅད་སྲིད་པའི་ཆུ་བོ་ལས་བསྒྲལ་བར་འདོད་པ། བདུད་བཞི་འདུལ་བར་འདོད་པ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཁོར་གྲངས་མེད་པ་བཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ་མཐར་གྱིས་པའི་རིམ་གྱིས་ཚངས་པའི་གནས་བཞི་ལ་རྣལ་འབྱོར་དུ་བྱའོ། །རིགས་ཀྱི་བུ་ཇི་ལྟར་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤར་གྱི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་སེམས་ཅན་རྣམས་ལས་བྱམས་པས་ཁྱབ ་པར་ཡིད་ལ་བྱེད་ཅེ་ན། སེམས་ཅན་རྣམས་བདེ་བར་གྱུར་ཅེས་ཡིད་ལ་བྱེད། བདེ་བར་གྱུར་ཅིག་ཅེས་ཡང་དག་པར་ཤེས། བདེ་བར་གྱུར་ཅིག་ཅེས་རབ་ཏུ་སྦྱོར། བདེ་བར་གྱུར་ཅིག་ཅས་བྱིན་གྱིས་བརླབ་པར་བྱེད་དོ། །མ་འམ་ཕ་མ་ཇི་སྲིད་དུ་རང་སངས ་རྒྱས་སམ་དེ་བཞིན་གཤེགས་པའི་བར་དུ་བདེ་བ་ཉིད་དུ་ཡིད་ལ་བྱེད་པས་ན། བདེ་བར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པའི་བར་དུ་བྱེད་དོ། །གང་གི་ཚེ་སེམས་ཅན་གང་ཡང་རུང་བས་འདི་ལ་སྔར་དོན་མ་ཡིན་པ་བྱས་པར་གྱུར་པའི་དུས་ཡོད་ལ། དེ་ལ་འདིའི ་སེམས་སྡང་ཞིང་མི་དང། ཡང་དག་པར་མི་གནས། ཁྲོ་བ་མི་འདོར་རོ། །དེ་ལྟར་ཡིན་དང་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་འདི་ལྟར་རབ་ཏུ་བསླབ་པར་བྱ་སྟེ། སེམས་ཅན་འདས་སྔོན་དོན་མ་ཡིན་པ་འདི་བྱས་མོད་ཀྱི། གལ་ཏེ་བདག ་གིས་འདི་ལ་ཀུན་ནས་མནར་སེམས་པར་བྱེད་ཅིང། ཡིད་མ་རངས་པར་བྱེད་ན། དེ་ལྟར་ན་བདག་ཉིད་དོན་མ་ཡིན་པ་བྱེད་པར་འགྱུར་རོ། །ཕྱོགས་བཅུ་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་སངས་རྒྱས་ཀྱི་སྤྱན ་གྱིས་གཟིགས་པར་མཛད་ཅིང། འདི་ལྟར་སྨོད་པར་མཛད་པར་འགྱུར་ཏེ། སེམས་ཅན་འདི་ནི་སེམས་ཅན་རྣམས་ལ་སྡང་ཞིང། རྒྱལ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པ། བླ་ན་མེད་པའི་ཡེ་ཤེས་ཚོར་བར་འདོད་པ་ལ ་ལྟོས། འདི་ལྟ་སྟེ་དཔེར་ན། མི་གྲུམ་པོ་རྐང་པ་གཉིས་དང་བྲལ་བ། འདི་ནས་བྱང་གི་གླིང་དུ་འགྲོ་བར་འདོད་པ་འམ། མིག་ཉམས་པའི་ཡི་གེ་བྲི་བར་འདོད་པ་འམ། ལག་པ་ཉམས་པར་གཡུལ་སྦྲོད་པར་འདོད་པ་འམ། མེ་དང་བྲལ་བའི་རིའི་རྒྱལ་པོ ་རི་རབ་སྲེག་པར་འདོད་པ་འམ། ཆུ་དང་བྲལ་བ་སེམས་ཅན་བཀྲུ་བར་འདོད་པ་དེ་བཞིན་དུ་སྐྱེས་བུ་བླུན་པོ་དེ་ཡང་ཁྲོ་བའི་སྟོབས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཚོལ་བར་འདོད་དོ། །གང་སེམས་ཅན་ཐམས་ཅད་ལ་ཁྲོ་བ་མི་སྤོང་བ་དེ་ནི། ཉན་ཐོས་ཀྱི་ཐེག་པའང ་སྒྲུབ་པར་མི་ནུས་ན། ཐེག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་སྨོད་པར་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང། རང་རྒྱལ་བ་རྣམས་དང། ཉན་ཐོས་ཆེན་པོ་རྣམས་དང། ་དྲང་སྲོང་ལྷའི་མིག་དང་ལྡན་པ་རྣམས་དང། ལྷ་རྣམས་ཀྱི་སྨོད་པར་བྱེད་དོ། །བདག་སྤྱོད་པ་ངན་པ་སྦྱོད་པར་འགྱུར་རོ། །མནར་མེད་པ་ལ་གཞོལ་བ་དང། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་མི་འགྱུར་རོ། །དེ་ལྟར་བདག་ནི་བདག ་ལ་མཐོང་བའི་ཆོས་དང་ཕྱི་མ་ལ་དོན་མ་ཡིན་པ་ཆེན་པོ་བྱེད་པར་འགྱུར་རོ། །དེ་ལྟར་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནོད་སེམས་རབ་ཏུ་སྤོང་བར་བྱེད་དོ། །སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་དོ་ཞེས ་བྱ་བ་ནས། བྱིན་གྱིས་རློབ་པར་བྱེད་དོ་ཞེས་བྱ་བའི་བར་དུ་བྱེད་དོ། །གང་གི་ཚེ་སེམས་ཅན་གང་ཡང་རུང་བས་སྔོན་དོན་ལ་ཡིན་པ་བྱས་ཤིང་དོན་མ་ཡིན་པ་བྱེད་པའི་དུས་ཡོད་ལ། དེ་ལ་སེམས་སྡང་ཞིང་མི་དད། ཡང་དག་པར་མི་གནས་ཁྲོ་བ་མི་འདོར་རོ། །དེ་ལྟར ་ཡིན་དང་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་རབ་ཏུ་བསླབ་པར་བྱ་སྟེ་ཞེས་བྱ་བ་ནས། ཇི་སྐད་སྔར་བཤད་པ་མནར་སེམས་པ་རབ་ཏུ་འདོར་རོ་ཞེས་བྱ་བ་དང། ཇི་སྲིད་དུ་སེམས་ཅན ་རྣམས་བདེ་བར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་སེམས་ཅན་གང་ཡང་རུང་བས་སྔར་དོན་མ་ཡིན་པ་མ་བྱས་ཤིང་དོན་མ་ཡིན་པ་མི་བྱེད་མོད་ཀྱི་དོན་མ་ཡིན་པར་བྱེད་པར་འདོད་པའི་དུས་དེ་ནི་ཡོད་ལ་ཞེས་བྱ་བ ་དང། ཇི་སྲིད་དུ་གང་བདག་གི་མཛའ་བོ་ཡིད་དུ་འོང་བ་དེ་ལ་སྔོན་དོན་མ་ཡིན་པ་བྱས་སོ་ཞེས་བྱ་བའི་བར་དང། ཇི་སྲིད་དུ་དོན་མ་ཡིན་པ་བྱེད་དོ་ཞེས་བྱ་བའི་བར་དང། ཇི་སྲིད་དུ་གང་བདག་དང་མི་མཛའ་ཞིང་ཡིད་དུ་མི་འོང་བ་དེའི་དོན་བྱས་སོ་ཞེས་བྱ་བའི་བར་དང ་དོན་བྱེད་དོ་ཞེས་བྱ་བའི་བར་དང། འདིའི་དོན་བྱེད་པར་འདོད་དོ་ཞེས་བྱ་བའི་བར་དང། སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་དོ། །བདེ་བར་གྱུར་ཅིག་ཅེས་རབ་ཏུ་ཤེས། བདེ་བར་གྱུར་ཅིག་ཅེས་རབ་ཏུ་སྦྱོར། བདེ་བར་གྱུར་ཅིག་ཅེས་བྱིན་གྱིས ་རློབ་པར་བྱེད་དོ། །ཕ་འམ་མ་ཞེས་བྱ་བའི་བར་དང། རང་སངས་རྒྱས་སམ། དེ་བཞིན་གཤེགས་པ་བདེ་བར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པར་བྱེད་ཅིང། དེ་ལ་ཆགས་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བའི་བར་དང། གནས་མ་ཡིན་པར་ཡོངས་སུ་རྟོགས་པས ་སེམས་ཅན་གང་ཡང་རུང་བ་ལ་སེམས་རབ་ཏུ་སྡང་ཞིང་མ་དད་པ། ཡང་དག་པར་མི་གནས། ཁྲོ་བ་མི་འདོར་བའི་དུས་ཡོད་ལ། དེ་ལྟར་ཡིན་དང་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན ་འདིས་བདག་ལ?་དོན་མ་ཡིན་པ་མ་བྱས་སོ་ཞེས་བྱ་བ་ནས། བདག་གི་མི་མཛའ་ཞིང་ཡིད་དུ་མི་འོང་བ་ཞེས་བྱ་བའི་བར་དང། གང་བདག་གིས་དེ་ལ་རྐྱེན་མེད་པར་མནར་སེམས་བསྐྱེ་པར་བྱེད། རབ་ཏུ་སྡང་བའི་སེམས་ཀྱིས་གནས་པར་བྱེད་ན། དེ་ལྟ་ན ་ནི་བདག་ཉིད་ལ་བདག་ཉིད་དོན་མ་ཡིན་པ་ཆེན་པོ་སྐྱེད་པར་བྱེད་པར་འགྱུར་རོ། །ཕྱོགས་བཅུ་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པར་མཛད་ཅིང་ཞེས་བྱ་བ་ནས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ལ་རག་པར་མི་འགྱུར་རོ། །དེ་ལྟར་ན་བདག་ནི་བདག་ཉིད་ལ་མཐོང་བའི་ཆོས་དང་ཕྱི་མ་ལ་དོན་མ་ཡིན་པ་ཆེན་པོ་བྱེད་པར་འགྱུར་རོ། །དེ་ལྟར་དེ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མནར་སེམས་པ་སྤོང་བར ་བྱེད་དོ། །དེ་ལྟར་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱམས་པ་དང་ལྡན་པའི་སེམས། འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་ཆེན་པོར་གྱུར་པ། ཚད་མེད་པ་ལ་ལེགས་པར་བསྒོམ་པས་ཕྱོགས་ཅིག ་ཏུ་མོས་པར་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་བར་དང། འོག་དང་སྟེང་དུ་བྱམས་པ་དང་ལྡན་པའི་ཞེས་བྱ་བའི་བར་དང། ལེགས་པར་བསྒོམས་པས་མོས་པར་བྱས་ཏེ་རྫོགས་པར་བྱས་ནས་གནས་ཀྱིས། ཆགས་པ་དང་ལྡན་པས་མ་ཡིན་ནོ་ཞེས་བྱ ་བའི་བར་དང། རིགས་ཀྱི་བུ་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ལ་དམིགས་པའི་བྱམས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་བྱ་བ་གསུངས་སོ།། །། ་རིན་པོ་ཆེ་ཕུང་པོའི་མདོ་ལས་ཀྱང་གང་བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་སེམས་དཔའ་མནར་སེམས་དཔའ་ཨི་སེམས་བསྐྱེད་པ་དེ་ནི། དེ་བཞིན་གཤེགས་པ་ལ་མནར་སེམས་བསྐྱེད་པར་འགྱུར་རོ། །ཤཱ་རདྭཱ་ཏིའི་བུ་མཚམས་མེད་པ་ལྔ་པོ་ལས་མཚམས ་མེད་པ་གང་ཡང་རུང་བ་ཞིག་བྱས་པ་ནི་སླའི། བྱང་ཆུབ་སེམས་དཔའ་ལ་མནར་སེམས་པའི་སེམས་བསྐྱེད་པ་ནི་མ་ཡིན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ལས་ངེས་པར་བྱུང་ངོ། །གལ་ཏེ ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་མནར་སེམས་པའི་སེམས་བསྐྱེད་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་ལས་བྱང་ཆུབ་སེམས་དཔའ་བྱུང་ཞིང། བྱང་ཆུབ་སེམས་དཔའ་ལས་དེ་བཞིན ་གཤེགས་པ་བྱུང་ངོ། །ཤཱ་རིའི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་། བྱང་ཆུབ་སེམས་དཔའ་ལ་མནར་སེམས་པའི་སེམས་བསྐྱེད་པར་མི་བྱ་ཞིང། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་བརྙས་པར་མི་བྱའོ་ཞེས་གསུངས་སོ།། །། ་སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང། དགེ་སློང་མཁས་པ་ཚུལ་ཁྲིམས་ལྡན་མཐོང་ནས། གཡོ་མེད་པར་ནི་རྟག་ཏུ་བསྙེན་པར་བྱ། །ཞེ་སྡང་ཐ་བ་དག་ཀྱང་རྣམ་སྤངས་ཏེ། །དགེ་སློང་ཆོས་སྨྲ་རྟག་ཏུ་བསྙེན་པར་གྱིས། །གནོད་སེམས་ཁྲོ་བ་དག ་ཀྱང་རྣམ་སྤོངས་ལ། །ང་ཡི་སྲས་པོ་ཆོས་སྐྱོང་མཆོད་པར་གྱིས། །བསྐལ་པ་བྱེ་བ་མང་པོར་ལོང་བ་དང། །ལོག་པར་ལྟུང་ཞིང་སྡུག་བསྔལ་གྱུར་ཏ་རེ། །གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོ་བ་མི་ནུས། །བསམ ་གཏན་མི་སྐྱོབ་མགོན་གནས་སྐྱོབ་མི་ནུས། །སྦྱིན་པས་མི་སྐྱོབ་སངས་རྒྱས་མཆོད་པ་མིན་ཞེས་གསུངས་སོ།། །།ངེས་པ་དང་མ་ངེས་པ་ལ་འཇུག་པ་རྟོག་པ་ཕྱག་རྒྱའི་མདོ་ལས་ཀྱང། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ ་ཞིག་གིས་སྡང་བའི་སེམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པ་དག་གིས་ཟས་དང་གོས་བཅད་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། ཁྲོས་ཏེ་སྡང་བའི་སེམས་ཀྱི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཨི་ཟན་གཅིག ་ཕྲོགས་སམ། ཟན་གཅོད་དུ་བཅུག་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པ་དང། ཚུལ་ཁྲིམས་དང། ་བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ལ་སོགས་པ་བསྐལ་པ་བྱེ་བ་གྲངས་མེད་པ་ནས་ཡང་དག་པར་སྒྲུབ་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་རང་གི་སེམས་ཀྱི་རྒྱུད་ལས་སྐྱེས་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པར་ཟང ་ཀྱི། བྱང་ཆུབ་སེམས་དཔའ་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེད་པའི་སེམས་ཅན་ལ། ཁམས་གཅིག་ཙམ་ཡོངས་སུ་གཏང་བ་ཡང་དཀོན་མཆོག་གསུམ་གྱི་གདུད་མི་འཆད་པར་འགྱུར་བར་བྱེད་པའི་ཕྱིར་རོ། །འཇམ་དཔལ་ནན་གྱིས་དཔེར་བྱ་ན། རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཁྲོས་ཏེ་སྡང་བའི་སེམས་ཀྱིས། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་དག་གིས་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་མེད་པར་བྱས་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་ནི། སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཐ་ན་བསླབ་པ་གཅིག་བླངས་པ་ཙམ་ཡང་མེད་པར་བྱས་ན ་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བའི་ཕུང་པོ་ནི། རང་གི་སེམས་ཀྱི་རྒྱུད་ལས་སྐྱེས་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པར་ཟད་ཀྱི་འཇམ་དཔལ་བྱང་ཆུབ་སེམས་དཔའ་ནི། ཐ་ན་ཉི་མ་གཅིག་གི་བསླབ་པ་གཅིག་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐམས་ཅད་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཐོབ ་པར་འགྱུར་བའི་ཕྱིར་རོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཁྲོས་ཏེ། གནོད་སེམས་ཀྱི་སེམས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ངར?་བཅུག་ལ། ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། བྱང་ཆུབ་སེམས་དཔའ་ལ་ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས་འདི་དང་ཕྲད་པར་མ་གྱུར་ཅེས་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད། འཇམ་དཔལ་རིགས ་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས་བྱང་ཆུབ་?? ་བལྟས་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་ཡོངས་སུ་བརྟག་པ་གཟུང་སྟེན་ན་གྱི་དཔེར་བྱས་ན། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་ལ། དེ་ནས་རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱམས་པའི་སེམས་ཀྱིས་མིག་བསྐྱེད་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་བལྟས་ན། འདི་ནི་དེ་བས་ཆེས་བསོད་ནམས ་གྲངས་མེད་པ་བསྐྱེད་དོ་ཞེས་གསུངས་པ་དང། ཡང་མདོ་འདི་ཉིད་ལས་ཀྱང་འཇམ་དཔལ་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས ་ལ་བཀོད་ལ། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི། ཐེག་པ་ཆེན་པོ་ལ་མེས་པའི་བྱང་ཆུབ་སེམས་དཔའ་རྫས?་མེད་པར་ཚིགས་སུ་བཅད་པ་གཅིག་ཅམ་འདོན་དུ་བཅུག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད ་པར་བསྐྱེད་དོ། །འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་སྟེ་ནན་གྱིས་དཔེར་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་རྣམས། སེམས་ཅན་དམྱལ ་བ་དང། དུད་འགྲོ་དང། ཡི་དགས་རྣམས་སུ་བསྐྱེད་པར་བྱས་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ནི། བྱང་ཆུབ་སེམས་དཔའ་གཅིག་བྱང་ཆུབ་ཀྱི་སེམས་ལ་མོས་པ་བཟློག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ་ཞེས ་གསུངས་སོ།། །།དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས་ཀྱང། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ ་སྙེད་ཀྱི་སེམས་ཅན་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ། དགེ་བ་བཅུའི ་ལས་ཀྱི་ལམ་དང་ལྡན་པ་གཅིག་ལ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་བསླབས་པ་ཡིན་ནོ་སྙམ་ནས། ཉིན་གཅིག་ཟན་གཅིག་བྱིན་ན་འདེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བསྟེན་སྟོན་པ། །གཞན་ལ་མི་བརྟེན་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན ་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས། དགེ་སློང་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་སློང་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་དོ ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དང་པས་རྗེས་སུ་འབྲེད་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དད་པས་རྗེས་སུ་འབྲེད་བ་དག་ལ། ཉིན་གཅིག་བཞིན་དུ་ལྷའི ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ཆོས་ཀྱི་རྗེས་སུ་འབྲང་བར་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས ་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཆོས་ཀྱི་རྗེས་སུ་འབྲེད་བ་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང ་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བརྒྱད་པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གངས་མེད་པ་བསྐྱེད་དོ། ། ་འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བརྒྱད་པ་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན ་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། རྒྱུན་དུ་ཞུགས་པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས ་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱུན་དུ་ཞུགས་པ་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས ་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ལན་གཅིག་ཕྱིར་འོད་བ་གཅིག་ལ་ཉིན་ཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི ་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ལན་ཅིག་ཕྱིར་འོང་བ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས ་འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཕྱིར་མི་འོད་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་སྙེད་ཀྱི་ཕྱིར་མི་འོད་བ་ལ་ཉིན་ཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ ་གཞན་གང་ཞིག་གིས། དགྲ་བཅོམ་པ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཧབསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི ་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགྲ་བཅོམ་པ་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ ་གཞན་གང་ཞིག་གིས། རང་སངས་རྒྱས་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སེང ་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་གྱི་རྡུལ་སྙེད་ཀྱི་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་པས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང ་ཞིག་གིས། སངས་རྒྱས་རི་མོར་བྲིས་པའམ་གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་ན། ཐལ་མོ་སྦྱར་བའམ། མེ་ཏོག་གམ། བདུག་པའམ། སྤོས་སམ། མང་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔའ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་གཱའི་ཀླུང་གི ་བྱེ་མ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་ཕུལ་བ་དང། དེ་བཞིན་དུ་ལྷའི་ན་བཟའ་རྣམས་ཕུལ་བ་བས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ཞིག་གིས། ཐ་ན་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་བསམ ་པ་ཕུན་སུམ་ཚོགས་པ་གཅིག་ལ། སངས་རྒྱས་ལ་སྐྱེར་བའི་དགེ་བའི་རྩ་བ་ཅི་ཡང་རུང་བ་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས ་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། སངས་རྒྱས་ལ་སྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་པ་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་གཅིག ་བྱིན་ན་ཡང། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ཞིག་གིས། ཟླ་བ་དང་ཉི་མའི་ཤིང་རྟ་ལྟ ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། སངས་རྒྱས་ལ་སྐྱེད་པའི་དགེ་བའི་རྩ་བ་ཅི་ཡང་རུང་བ་ཡོངས་སུ་འཛིན་ཏེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་ཡང། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། ཟླ་བ་དང་ཉི་མའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན ་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆེས ་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་ ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། ཉིན་གཅིག་ཟན་གཅིག་བྱིན་ན། འདི་ནི་དེ་བས་ཆོས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྷའི ་གོས་རྣམས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་།ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང། ཡི་གེར་འདྲིར་འཇུག་པ་དང། ཀློག་པ་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ ་བསྐྱེད་དོ། །བཟློག་སྟེ། བསྟི་སྟང་མ་བྱས་པའི་མི་དགེ་བའི་ལས་ཀྱང་དེ་བཞིན་དུ་བརྟོད་པར་བྱའོ། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང། རའི་ཤིང་རྟ་ལྟ་བུས་འགྲོ་བ་དང། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང། ཉི་མ་དང་ཟླ་བའི་ཤིང་རྟ་ལྟ ་བུས་འགྲོ་བ་དང། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའང་དེ་བཞིན་ཏེ། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཇིག་རྟེན་གྱི་ཁམས་ཐམས་ཅད་གྱི་རྡུལ་སྙེད་ཀྱི། ཉན་ཐོས་ཀྱི་རྫུ་འཕྲུལ་གྱི་འགྲོ་བའི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་བར་ཆད་བྱས་པ་བས། འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི ་དགེ་བའི་རྩ་བའི་བར་ཆད་བྱེད་ཅིང། ཁྲོ་བ་དང་བརྙས་པའི་སེམས་བསྐྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པ་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་མིག་ཕྱུང་ནས། བདོག་པ་ཐམས་ཅད་ཕྲོགས་པ་བས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་ཡང་རུང་བས་བརྙས་པའི་སེམས་བསྐྱེད་དེ། གཤེ་བ་དང། མི་སྙན་པར་སྨྲ ་བ་དང། སྙོགས་པར་བྱེད་པ་ན། དེ་བས་ཆེས་སྡིག་པ་མང་དུ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་།བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་ཡང་རུང་བས་བརྙས་པ་བསྐྱེད་དེ་སྤྱོས་ནས། དེ་མི་དགེ་བའི་ལས་དེས་སེམས་ཅན་དམྱལ ་བ་དུ་འབོད་ཆེན་པོར་ལུས་དཔག་ཚད་ལྔ་བརྒྱ་པར་སྐྱེ་བར་འགྱུར་ཏེ། དེ་ལ་མགོ་ལྔ་བརྒྱ་ཡོད་པར་འགྱུར་རོ། །དེའི་མགོ་རེ་རེ་ལ་ཡང་ཁ་ལྔ་བརྒྱ་ལྔ་བརྒྱ་ཡོད་པར་འགྱུར། དེའི་ཁ་རེ་རེ་ལ་ཡང་ལྕེ་ལྔ་བརྒྱ་ལྔ་བརྒྱ་ཡོད་པར་འགྱུར་ཏེ། ལྕེ་རེ་རེ་ལ་ཡང་གཤེལ་ལྔ་བརྒྱ་ལྔ་བརྒྱས ་སྨོད་པར་འགྱུར་རོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་དབྱིག་པ་དང། མཚོན་གྱིས་བསྣུན་ཏེ་བདོག་པ་ཐམས་ཅད་ཕྲོགས་པ་བས། ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་ན། ཁྲོ་བ་དང། གནོད་སེམས་དང། ཐ་བ་དང། ཁྲོས་པའི་སེམས་བསྐྱེད་ན། འདི་ནི་དེ་བས་ཆེས་སྔགས་པ་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི ་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སྡང་བའི་སེམས་ཀྱིས་སེམས་ཅན་རྣམས་ལ་གནོད་པར་འདོད་ཅིང། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ། འཇིག་རྟེན་གྱི་ཁམས་རེ་རེ་དང། གླིང་རེ་རེ་དང། དགྲ ་བཅོམ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྲོག་བཅད་པ་དང། རིན་པོ་ཆེའི་མཆོད་རྟེན་རིན་པོ་ཆེའི་སྟེགས་བུས་ཡོངས་སུ་བསྐོར་ཅིང། གདུགས་དང། རྒྱལ་མཚན་དང། ལྷའི་བ་དན་དང། བཙུགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཤིགས་པ་བས། འཇམ ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ཉིད་ལ་སྒྲོ་བཏགས་ཏེ། བརྙས་པའི་སེམས་བསྐྱེད་ནས། སྐྱོན་ཅིས་ཀྱང་རུང་བས། ཁྲོ་བ་དང། གཤེ་བ་དང། མི་སྙན་པར ་ཟེར་བ་དང། ཁྱད་དུ་གསོད་པར་བྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་དེས་པར་འབྱུང་བའི་ཕྱིར་ཏེ། དེ་ནི་སངས་རྒྱས་ཀྱི་རིགས་གཅོད་པའི་ཕྱིར་ཞུགས་པ ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་དེས་ཆོས་སྤང་བ་ཡིན་ནོ། །ཆོས་ཀྱང་གཞན་ལ། ཆོས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཆོས་སོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ ་གང་ལ་ལ་ཞིག་ཁྲོས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་དུ་བཙུད་པ་བས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཁྲོས་ཏེ། བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱི་ཕྱོགས་ཤིང་འདུག ་ནས། མ་རུངས་པ་འདི་ནི་མི་བལྟའོ་ཞེས་ཟེར་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་པ ་པས། གཞན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཡང་རུང་བ་ལ་སྨད་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་བསྐྱེད་དོ་ཞེས་གསུངས་སོ།། །།ཞལ་ཏ་བྱེད་པ་ལ་དགོངས་པ་བསྟན་པ། ཉི་མའི་སྙིང་པོའི་མདོ་ལས ་ཀྱང། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཞལ་ཏ་བ་ཞེས་བགྱི་བ་ལགས་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞལ་ཏ་པར་གདགས་པར་མཛད་པ་ལགས་ན། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགེ་སློང་གཉིས་ཞལ་ཏ་བར་ངས་གནང་ངོ། །གང་ཞེ་ན། གང་ཡང་རྣམ་པར་ཐར་པ་བརྒྱད་ལ་བསྒོམས་པའི་དགྲ་བཅོམ་པ་དང། གང་ཡང་དགེ་སློང་སློབ་པ་རྒྱུན་དུ་ཞུགས་པ་ཡིན་ཏེ། རྒྱལ་པོ་ཆེན་པོ ་དགེ་སློང་འདི་གཉིས་ཞལ་ཏ་བྱེད་པའི་ལས་བྱེད་པར་ངས་གནང་ངོ་ཞེས་གསུངས་སོ།། །།འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན ་འདས་དགེ་སློང་ཇི་ལྟ་བུས་ཞལ་ཏ་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཞལ་ཏ་བྱེ་བར་གནང་བའི་དགེ་སློང་གཉིས་ཏེ། གཉིས་གང་ཞེ་ན། དགེ་སློང་ཡོངས་སུ་དག་པ་འཇིག་རྟེན་གྱི་ཁམས་ཕ་རོལ་ཏུ་ཁ་ན་མ་ཐོ ་བས་འཇིགས་པར་ལྟ་བ་ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པས། འཛེམ་པ་དང་ལྡན་ཞིང་འགྱོད་པ་དང་ལྡན་པ་དང། གང་ཡང་ཟག་པ་ཟད་པ། དགྲ་བཅོམ་པར་གྱུར་པ་སྟེ། འོད་སྲུངས་དགེ་སློང་མ་ཉམས་པ་འདི་གཉིས་ཞལ་ཏ་བྱེད་པར་ངས་གནང་ངོ། ་དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ། རིགས་སྣ་ཚོགས་ལས་རབ་ཏུ་བྱུང་བ། སེམས་ཀྱི་མོས་པ་སྣ་ཚོགས་དང་ལྡན་པ། སྤོང་བའི་ཕྱིར་རྣལ་འབྱོར་སྣ་ཚོགས་ལ་གནས་པ། ཁ་ཅིག་ནི་དགོན་པ་བས་མཛའ་ཨི ་མལ་སྟན་ལ་མངོན་པར་དགའ་བ། ཁ་ཅིག་ནི་བསོད་སྙོམས་པ། ཁ་ཅིག་ནི་གྲོང་འདབ་ན་གནས་པ། ཁ་ཅིག་ནི་འཚོ་བ་ཡོངས་སུ་དག་པ། ཁ་ཅིག་ནི་མང་དུ་ཐོས་པ་ལ་མངོན་པར་བརྩོན་པ། ཁ་ཅིག་ནི་ཆོས་སྨྲ་བ། ཁ་ཅིག ་ནི་འདུལ་བ་འཛིན་པ། ཁ་ཅིག་ནི་མ་མོ་འཛིན་པ། ཁ་ཅིག་ནི་གྲོང་དང་གྲོང་ཁྱེར་དང། གྲོང་རྡལ་དང་ཡུལ་འཁོར་དང། ཕོ་བྲང་འཁོར་དག་ཏུ་ཞུགས་ནས་ཆོས་སྟོན་པ་སྟེ། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་རྣམས་པ་སྲུང་དཀའ་བའི་ཕྱིར ་འོད་སྲུངས་དེ་ལ་དགེ་སློང་དེ་ཞལ་ཏ་བྱེད་པས། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་སེམས་མགུ་བར་བྱའོ། །འོད་སྲུངས་དེ་ལ་དགེ་སློང་དགོན་པ་བས་མཛའ་ཨི་མལ་སྟན་གང་ཡིན་པ་དེ་དག་ནི་དགེ་སློང་ཞལ་ཏ་བྱེད་པ་ཡོངས་སུ་བསྐོ་བར་མི་བྱའོ། །ཞལ ་ཏ་བྱེད་པས་དགེ་སློང་དགོན་པ་པ་དེ་དག་བསྲུང་བར་བྱ་སྟེ། དུས་མ་ཡིན་པར་གསོལ་བར་མི་བྱ། དུས་མ་ཡིན་པར་བཏང་བར་མི་བྱའོ། །འོད་སྲུངས་གལ་ཏེ་དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བར་གཏོགས་པའི་ལས་རེས་བབ་ན། དགེ་སློང ་ཞལ་ཏ་བྱེད་པ་དེས་ལས་བདག་ཉིད་ཀྱིས་བྱའོ། །ཡང་ན་དགེ་སློང་གཞན་ཞིག་བསྐོས་ལ་ལས་བྱེད་དུ་གཞུག་སྟེ། དགེ་སློང་དགོན་པ་ལ་ལ་གནོད་པར་མི་བྱའོ། །འོད་སྲུངས་དེ་ལ་དགེ་སློང་བསོད་ཉོམས་སྤྱོད་པ་གང་ཡིན་པ་དེ་ལ། དགེ་སློང་ཞལ་ཏ་བྱེད ་པ་དེས་ཁ་ཟས་བསོད་པ་བགོ་བཤའ་བྱའོ། །འོད་སྲུངས་དེ་ལ་དགེ་སློང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པའི་མཐུན་པའི་འཚོག་ཆས་དང། ན་བའི་གསོས་སྨན་དང། ཡོ་བྱད་རྣམས་སྦྱིན་པར་བྱའོ། །དགེ་སློང་རྣལ་འབྱོར་སྤྱོད ་པ་དེ་ལ་ཕྱོགས་གང་ལ་གནས་པའི་ས་ཕྱོགས་དེར། དགེ་སློང་ཞལ་ཏ་བྱེད་པ་དེས་སྒྲ་ཆེན་པོ་དང། སྐད་དྲག་པོ་མི་དབྱུང་ཞིང་བྱེད་དུ་ཡང་མི་གཞུག་གོ་།དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་སྤྱོད་པ་དེ་བསྲུང་ཞིང་མལ་ཆ་ཡང་སྦྱར་བར་བྱའོ། །ཁ་ཟས ་བསོད་པ་དང། ཡི་གར་འོང་བ་དང། རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པའི་བཟའ་བ་དང། བཅའ་བ་རྣམས་སྦྱིན་པར་བྱའོ། །དགེ་སློང་དེ་ལ་དགེ་སློང་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་སྟོན་པའི་ཕྱིར་གནས་པ་ཡིན་ཏེ། དེ་ལ་བདག་གིས་རྗེས་སུ ་མཐུན་པའི་ཡོ་བྱད་ཐམས་ཅད་མང་དུ་སྦྱར་བར་བྱའོ་སྙམ་དུ་ཤིན་ཏུ་འཕངས་པའི་འདུ་ཤེས་བསྐྱེད་པར་བྱའོ། །འོད་སྲུངས་དེ་ལ་དགེ་སློང་མང་དུ་ཐོས་པ་ལ་མངོན་པར་བརྩོན་པ་གང་ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པས། ལུང་མནོས་ཤིག་།ལྷོགས ་ཤིག་།ཁ་ཏོན་གྱིས་ཤིག་།ཁོ་བོ་ནི་ཁྱོད་ཀྱི་རིམ་གྲོ་བྱེད་པ་ཡིན་གྱིས། ཁྱོད་ཇི་ལྟ་ཇི་ལྟ་བུར་མང་དུ་ཐོས་པར་གྱུར་པ་དེ་ལྟ་དེ་ལྟ་བུར། དགེ་སློང་གི་དགེ་འདུན་མཛེས་པར་འགྱུར་བ་གྱིས་ཤིག་།འདུལ་བ་བརྗོད་པས་མཛེས་པར་གྱིས་ཤིག་།བདག ་ཉིད་ཀྱི་ཤེས་རབ་ཀྱང་མཆོག་ཏུ་འགྱུར་བར་གྱིས་ཤིག་ཅེས་སྤྲོ་བ་བསྐྱེད་པར་བྱའོ། །འོད་སྲུངས་དེ་ལ་དགེ་སློང་ཞལ་ཏ་བྱེད་པས་དེ་དག་དུས་མ་ཡིན་པར་བཏང་བར་མི་བྱ། ལས་སུ་བསྒོ་བར་མི་བྱའོ། །དགེ་སློང་ཞལ་ཏ་བྱེད་པ་དེས་དགེ་སློང་མང་དུ་ཐོས་པ ་དེ་དག་བསྲུང་བར་བྱའོ། །འོད་སྲུངས་དེ་ལ་ཆོས་སྨྲ་བའི་དགེ་སློང་ཡིན་པ་དེ་དག་དགེ་སློང་ཞལ་ཏ་བྱེད་པས་ལས་སུ་མི་བསྒོ་པར་བྱའོ། །གྲོང་དང་གྲོང་ཁྱེར་དང། གྲོང་རྡལ་དང་ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འཇུག་ཏུ་བཅུག་ལ་ཆོས་འཆད་དུ ་གཞུག་གོ་།ཆོས་ཉན་པ་དག་བསྒོ་བར་བྱའོ། །འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པར་བྱའོ། །འབེལ་བའི་ཆོས་ཀྱི་གཏམ་གྱི་ཕྱིར་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཆོས་སྨྲ་བའི་དགེ་སློང་ལ་དགེ་སློང་གང་དག་གནོད་པར་བྱེད་པའི་དགེ་སློང་དེ་དག་དགེ ་སློང་ཞལ་ཏ་བྱེད་པས་བཟློག་པར་བྱའོ། །དགེ་སློང་ཞལ་ཏ་བྱེད་པས་ཆོས་སྨྲ་བའི་དགེ་སློང་ལ་རྟག་ཏུ་བསུ་བར་བྱའོ། །ལེགས་སོ་ཞེས་བྱ་བ་མང་དུ་བྱའོ། །འོད་སྲུངས་དེ་ལ་དགེ་སློང་གང་དག་འདུལ་བ་འཛིན་པ་དང། མ་མོ་འཛི་པར་གྱུར་པ་དེ་དག་གི་གན་དུ་དགེ་སློང ་ཞལ་ཏ་བྱེད་པ་སོང་ལ། ཇི་ལྟར་ན་བདག་རྨ་མེད་ཅིང་མ་ཉམས་པ་དག་།ཇི་ལྟར་ན་བདག་ལྟུང་བ་མེད་པའི་ཆོས་ཀྱི་ཞལ་ཏ་བྱ་ཞེས་ཡོངས་སུ་དྲི་བར་བྱའོ། །དེ་ནས་འདུལ་བ་འཛིན་པ་དང། མ་མོ་འཛིན་པའི་དགེ་སློང་དེ་དག་གིས ་དགེ་སློང་ཞལ་ཏ་བྱེད་པའི་བསམ་པ་རིག་ནས་དེའི་བྱ་བ་དང། འབྱུང་བ་གང་ཡིན་པ་དང། བྱེད་པ་གང་ཡིན་པ་དེ་བསྟན་པར་བྱའོ། །དགེ་སློང་ཞལ་ཏ་བྱེད་པས། འདུལ་བ་འཛིན་པ་དང། མ་མོ་འཛིན་པའི་དགེ་སློང་དེ་དག་ལ་ཕངས་པར་བྱ་བ་དང། དད་པ ་དང་གུས་པ་དང། ཞེས་རབ་ཏུ་བསྐྱེད་པར་བྱའོ། །དགེ་འདུན་གྱི་རྙེད་པ་གང་ཡིན་པ་དེ་དག་དགེ་སློང་ཞལ་ཏ་བྱེད་པས། དུས་དུས་སུ་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱའི། དགེ་འདུན་གྱི་རྙེད་པ་བསགས་ཤིང་སྦ་བར་མི་བྱ་སྟེ། ཇི་ལྟར་རྙེད་པ་བཞིན་དུ་སྦྱིན ་པར་བྱ། མ་བསྐུལ་བར་སྦྱིན་པར་བྱ། གནོད་པ་མེད་པར་སྦྱིན་པར་བྱའོ། །དེས་འདུན་པ་དང། ཞེ་སྡང་དང། གཏི་མུག་དང། འཇིགས་པས་འགྲོ་བར་མི་བྱའོ། །དགེ་སློང་གི་དགེ་འདུན་ལ་རྟོན་པར་བྱའོ། །ཁྱིམ་པའི་ཕྱོགས་ལ་རྟོན་པར་མི་བྱའོ། །དགེ་འདུན ་གྱི་བྱ་བ་ལ་རྟོན་པར་བྱའི། །བདག་དགའ་བར་བྱ་བ་ལ་རྟོན་པར་མི་བྱའོ། །དངོས་པོ་གང་ལ་ཡང་དབང་བྱ་བའི་འདུ་ཤེས་བསྐྱེད་པར་མི་བྱའི། བྱ་བ་ཇི་ཙམ་དུ་ཆུང་བ་ཡང་དགེ་འདུན་གྱི་གྲོས་བཞིན་བྱ་ཞིང། རང་དགར་མི་བྱའོ། །དགེ་འདུན་གྱིའམ། ཕྱོགས་བཞིའི ་དགེ་འདུན་གྱིའམ། མཆོད་རྟེན་གྱི་ཡོ་བྱད་གང་ཅི་ཡང་རུང་སྟེ། ཇི་ལྟ་བ་བཞིན་དུ་བཞག་པར་བྱ་སྟེ། དགེ་འདུན་གྱི་དང། ཕྱོགས་བཞིའི་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །ཕྱག་བཞིའི་དགེ་འདུན་གྱི་རྙེད་པ་དང་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །དགེ་འདུན ་གྱི་དང། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་མཆོད་རྟེན་གྱི་བསེ་བར་མི་བྱའོ། །མཆོད་རྟེན་གྱི་རྙེད་པ་ཡང་དགེ་འདུན་གྱི་དང། ཕྱོགས་བཞིའི་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །གལ་ཏེ་ཕྱོགས་བཞིའི་དགེ་འདུན་ལ་བྲེལ་ཕོངས་སུ་གྱུར་ལ། དགེ་འདུན་གྱི་རྙེད་པ་ཚེ ་བར་གྱུར་ན། དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གི་དགེ་འདུན་བསྡུས་ལ་གྲོས་མཐུན་པར་གྱིས་ཏེ། དགེ་འདུན་གྱི་རྙེད་པ་ལས། ཕྱོགས་བཞིའི་དགེ་འདུན་ལ་བཞུགས་པར་བྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་རལ་དུ་གྱུར་ལ། དགེ་འདུན་གྱི ་དང། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན། དགེ་སློང་ཞལ་ཏ་བྱེད་པས། དགེ་སློང་གི་དགེ་འདུན་ཐམས་ཅད་བསྡུས་ལ། གྲོས་མཐུན་པར་བགྱིས་ཏེ། འདི་སྐད་ཅེས་དེ་བཞིན་གཤེགས་པའི་མཆོད་རྟེན་འདི་ནི་ཞིག་རལ་དུ་གྱུར་ལ། དགེ ་འདུན་གྱི་དང། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ནི་ཆེ་བར་གྱུར་ན། གལ་ཏེ་ཆེ་དང་ལྡན་པ་རྣམས་གནོད་པ་མེད་ཅིང་དད་པ་དང་ལྡན་ལ་བཟོད་ཅིང་གནང་ན། བདག་གི་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་འདི་ལས་དངོས་པོ་ཅུང་ཟད་ཅིག་ཁྱེར ་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་བཅས་པར་བྱའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་གྱི་གནང་ན། དགེ་སློང་ཞལ་ཏ་བྱེད་པ་དེས་དེ་བཞིན་དུ་བྱའོ། །ཇི་སྟེ་དགེ་སློང་གི་མ་གནང་ན། དགེ་སློང་ཞལ་ཏ་བྱེད་པ་ངེས་སྦྱིན་པ་པོ་དང། སྦྱིན་བདག་ལ ་གསོལ་བ་ཐོབ་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གསོ་བར་བྱའོ། །འོད་སྲུངས་གལ་ཏེ་མཆོད་རྟེན་གྱི་རྙེད་པ་ཇི་ལྟར་མང་དུ་གྱུར་ཏུ་ཟིན་ཀྱང་ཞལ་ཏ་བྱེད་པས་དགེ་འདུན་དང། ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དད་ཅིང ་དད་བ་མང་པོ་དག་གིས་མཆོད་རྟེན་ལ་ཕུལ་བ་ནི། ཐ་ན་རས་ཀྱི་ཁ་ཚར་ཅིག་ཙམ་གང་ཡིན་པ་དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ཡིན་ན། རིན་པོ་ཆེའམ་རིན་པོ་ཆེར་སྨོས་བདག་ལྟ་སྨོས་ཀྱང་ཅི་དགོས། མཆོད་རྟེན་ལ་གོས་ཕུལ་བ ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ཉིད་དུ་རླུང་དང། ཉི་མ་དང། ཆར་པར་དེ་ངས་ཀྱང་སླའི། མཆོད་རྟེན་ལ་ཕུལ་བའི་གོས་དབྱིག་གམ། དབྱིག་གི་རིན་དུ་བསྒྱུར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོད་རྟེན་གྱི་ནི་རིན ་ཐད་དུ་ཅུང་ཟད་ཀྱང་མེད་ལ། མཆོད་རྟེན་ནེ་ཅིས་ཀྱང་བྲེལ་བ་མེད་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པས་དེ་ལྟར་ཡོངས་སུ་དག་པར་བྱ་སྟེ། དེས་དཀོན་མཆོག་གསུམ་གྱི་དང་མ་འབགས་པར་བྱའོ། །བདག་གི་རྙེད་པས ་ཆོག་ཤེས་པར་བྱའོ། །དཀོན་མཆོག་གསུམ་གྱི་བྱིན་གྱིས་རླབས་པའི་དངོས་པོ་རྣམས་ལ་བདག་གིར་འདུ་ཤེས་མི་བྱའོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་རབ་ཏུ་སྡང་བའི་སེམས་དང་ལྡན་པ་གང་ལ་ལ་ཞིག་གིས། ཚུལ་ཁྲིམས་དང་ལྡན་པ། ཡོན ་ཏན་དང་ལྡན་པ། སྦྱིན་གནས་རྣམས་ལ་སེམས་ཁྲོས་སམ། དབང་བྱེད་ཅིང་བསྒོ་བླག་བྱེད་ན། དེ་མི་དགེ་བའི་ལས་དེས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་མིའི་འཇིག་རྟེན་དུ་འོད་ན་ཡང་བྲན་དང་གཞན་གྱི་ལས་བྱེད་པར་འགྱུར་བ ་དང། ཁུ་ཚུར་དང། ཐལ་ལྕག་དང། ལག་ཆ་བསྙེམས་པས་བརྡོགས་པ་དང་ཕྲད་པར་འགྱུར་རོ། །འོད་སྲུངས་གཞན་ཡང་གལ་ཏེ་དགེ་སློང་ཞལ་ཏ་བྱེད་པ་དགེ་འདུན་གྱི་བྱ་བ་ལས་འདས་ཏེ། རང་དགར་དགེ་སློང་རྣམས་ལ་དབང་བྱེད་ཅིང་བསྒོ་བ་དང། ་ཆད་པས་གཅོད་པ་དང། འཇིགས་པར་བྱེད་པ་དང། བསྡིགས་པ་དང། དུས་མ་ཡིན་པར་བརྡེགས་པ་དང། དུས་མ་ཡིན་པར་སྒོ་བར་བྱེད་ན། དེ་མི་དགེ་བའི་ལས་དེས་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཕུར་པ་མང་པོ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་ཏེ ་དེར་སྐྱེས་ནས་ལུས་ལ་ལྕགས་ཕུར་བརྒྱ་སྟོང་ཟུག་ཅིང་དེ་དག་འབར། རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་བ་མཆེད་ཅིང་འབར་པར་འགྱུར་རོ། །དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་པའི་གནས་རྣམས་ལ་བསྡིགས་ཤིག་།དག ་གི་ལས་གདུག་པ་སྨྲས་པར་གྱུར་པ་གང་ཡིན་པ་དེས་དེར་སྐྱེས་ནས། ལྕེའི་དབང་པོའི་ཁྱོན་དཔག་ཚད་བརྒྱ་པར་འགྱུར་ཞིང། དེའི་ལྕེའི་དབང་པོ་དེ་ལ་ལྕགས་ཕུར་བརྒྱ་སྟོང་རབ་ཏུ་འབབ་ཅིང། དེ་དག་ཀྱང་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ལ། ཀུན་ཏུ ་རབ་ཏུ་འཆེད་ཅིང་འབར་ཏེ། མེར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་བསྡིགས་ཤིང་དག་གི་ལས་གདུག་པ་སྨྲས་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས། དགེ་འདུན་གྱི་རྙེད་པ་འདུས་ཤིང་འདུས་བཞག་སྟེ། དུས་དུས་སུ་མེ ་སྦྱིན་ཞིང། མཐོ་བཙམས་ལ་བཅོས་ནས་སྦྱིན་པ་དང། ཁ་ཅིག་སྦྱིན། ཁ་ཅིག་མ་བྱིན། ཁ་ཅིག་ལ་བྱིན། ཁ་ཅིག་ལ་མ་བྱིན། དེས་མི་དགེ་བའི་ལས་དེས་ཡི་དགས་ཀྱི་སྐྱེ་གནས་རྐྱགས་འཇིམ་བྱིན་པ་ནུབ་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེ་དེར ་སྐྱས་ནས་ཡི་དགས་གཞན་གྱིས་ཁ་ཟས་བླངས་ཏེ། དེ་ལ་བསྟན་ན་དེ་བསྟན་པའི་ཆེ་མིག་མི་འཛུམས་པར་ཟས་དེ་ལ་བལྟ་ཞིང་བཀྲེས་པ་དང། སྐོམས་པས་ཉེན་པའི་སྡུག་བསྔལ་གྱི་ཚོར་བ་མྱོང་གི་།ལོ་བརྒྱ་སྟོང་དུ་ཡང་ཟས་དེ་ཐོབ་པར་མི་འགྱུར་རོ། །ཇི་སྟེ་བརྒྱ ་ལ་བརྒྱ་ལམ་ན་ཟས་དེ་ཐོབ་ཀྱང། ངན་སྐྱགས་དང་རྣག་ཁྲག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་གནས་རྣམས་མགུ་བར་མ་བྱས་ཤིང། རང་གི་རྙེད་པས་ཆོག་མི་ཤེས་པའི་ཕྱིར་རོ། །འོད ་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱི་འམ། མཆོད་རྟེན་གྱི་འཆོལ་བར་བྱས་ན། དེའི་རྣམ་པར་སྨིན་པ་ནི་ངས་བསྐལ་པར་བགྲངས་པས་ཀྱང་བརྗོད་ཀྱིས་མི་ལང་ངོ། །འོད་སྲུངས་དགེ་སློང་ཞལ་ཏ ་བྱེད་པ་གང་ལ་ལས་ཉེས་དམིགས་ཀྱི་གནས་འདི་ལྟ་བུ་འདི་དག་ཐོས་ནས། ཁྲོ་འམ། གཤེའམ། གནོད་པར་སེམས་ཤིང། ཁོང་ཁྲོ་བ་སྐྱེད་ན། དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུངས་ད་ལྟ་བས་ན་དམ་པའི་ཆོས་འདི་ལྟ་བུ་འདི་ཐོས་ནས། ་དགེ་སློང་ཞལ་ཏ་བྱེད་པས་ལུས་དང་ངག་དང། ཡིད་ཡོངས་སུ་དག་པར་བྱའོ། །བདག་དང་གཞན་བསྲུང་བར་བྱའོ། །འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་རང་གི་ཤ་ལ་ཟ་ཡང་སླའི། དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས་པའི་ལྷུང་བཟེད་དམ། ་གོས་སམ། ན་བའི་གསོས་སྨན་ནམ། ཡོ་བྱད་ཡོངས་སུ་སྤྱད་པར་ནི་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྷོད་པ་རྣམས་ཀྱིས་ལྷོད་པའི ་ཆོས་དང། འཛེམ་དོག་མཆིས་པ་རྣམས་ཀྱིས་འཛེམ་དོག་གིས་ཆོས་རྣམས་བཀའ་སྩལ་ཏོ་ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི ་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་མཆོག་ཡོངས་སུ་སྤངས་ནས། ལས་ངན་བ་རྩོམ་པ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་ཞིང་།ཤེས་རབ་ཀྱི་དམན་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་མཆོག་ཡོངས་སུ་སྤངས་ནས་ལས་དན་བ་རྩོམ་པ་དེ་དག ་ནི། ཤེས་རབ་ཤིན་ཏུ་ཆུང་ཞིང་ཤེས་རབ་ཀྱི་དམན་པར་འགྱུར་བ་ཡིན་ནོ། །བྱམས་པ་གཞན་ཡང་ཁྱོད་མོས་པར་བྱའོ། །ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་དག་ལ་སྦྱོར་བ་མེད་ཅིང། བསམ་གཏན་མེད་ལ་སྤོང་བ་མེད་ཅིང་འདོན་པ ་མེད་པ་དང། མང་དུ་ཐོས་པ་ཡོངས་སུ་འཚོལ་བ་མེད་པ་དེ་དག་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ་དེ་བཞིན་གཤེགས་པའི་བསྡན་པ་ནི་བསམ་གཏན་དང་སྤོང་བས་ཆེ་བ་དང། ཡེ་ཤེས་ཀྱིས་འདུས་བྱས་པ་དང། ཡེ ་ཤེས་ཀྱིས་མཉམ་པར་བཞག་པ་དང། བརྩོན་པས་ཕྱེ་བ་ཡིན་གྱིས་ཁྱིམ་པའི་ལས་དང་ཞལ་ཏ་བྱེད་པས་ཕྱེ་བ་ནི་མ་ཡིན་ཏེ། འདི་ལྟར་ཞལ་ཏ་བྱེད་པའི་ལས་དེ་ནི་མི་རིག་པ་ལ་སྦྱོར་བ་རྣམས་དང། འདུ་བྱེད་ལ་མངོན་པར་དགའ་བ་རྣམས་དང། འཇིག ་རྟེན་པའི་བྱ་བས་སྤགས་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལ་འདོད་པ་སྐྱེད་པར་མི་བྱའོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་གིས། སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་འདི་བཀང་ནས་དེས་ནི་ང་མཉེས་པར་བྱས་བ་མ་ཡིན། རི་མོར་བྱས་པ་མ་ཡིན། བཀུར་སྟིར་བྱས་པ་མ་ཡིན་གྱིས། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་ཏམ། འཆད་དམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆང་བ་དེ་ནི་ང་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར ་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་བྱུང་བ་ཡིན་གྱིས། དངོས་པོ་ཡོངས་སུ་འཛིན་པ་ལས་བྱུང་བ་ནི་མ་ཡིན་པའི་ཕྱིར་རོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས ་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང། ཁ་ཏོན་བྱེད་པ་ལ་བརྩོན་བ་ཞལ་ཏ་བྱེད་པའི་སྦགས་པས་སྦགས་པར་བྱེད་ན། བསོད་ནམས་འདོད་པ་དེས་ན། བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་བསྐྱེད་པར་འགྱུར་ཏེ། ལས་ཀྱི་སྒྲིབ་པ ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་བཞི་གསུམ་པོ་གང་ཡིན་པ་དེ་དག་ནི་ཤེས་རབ་ལས་བྱུང་བའི་ཕྱིར་རོ། །བྱམས་པ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ཞལ་ཏ་བྱད་པ་ལ་བརྩོན་པས། བྱང་ཆུབ་སེམས ་དཔའ་ལུང་ནོད་པ་ལ་དང། ཁ་ཏོན་བྱེད་པ་ལ་བརྩོན་པའི་བར་ཆད་མི་བྱའོ། །ཛམྦུའི་གླིང་ན་ཞལ་ཏ་བྱེད་པས་ཡོངས་སུ་གང་བར་གྱུར་པའི་ཞལ་ཏ་བྱེད་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཨི་ལུང་ནོད་པ་དང། ཁ་ཏོན་བྱེད་པ་ལ་བརྩོན་པ་གཅིག ་ལ། རིམ་གྲོ་དང་བསྙེན་བཀུར་བྱའོ་ཞེས་གསུངས་སོ། །བདེན་པའི་རྣམ་པའི་མདོ་ལས་ཀྱང། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཞལ་ཏ་གང་ཞེ་ན། དེ་བཞིན་གཤེགས་པའི་མཆོད་རྟེན་དང། ཆོས་ཉན་པ་དང། ་མཁན་པོ་དང། སློབ་དཔོན་རྣམས་ལ་སྙོམས་ལས་མེད་པ་དང། བལྟོས་པ་མེད་པས་ཞལ་ཏ་བྱེད་པའི་བྱ་བ་ལ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལས་ཐན་ལེགས་སོ་ཞེས་བྱ་བ་ཡང་རེ་བས་ཞལ་ཏ་དེ་མི་བྱ། དེ་ལྟ་བུའི་ངོ་བོས་ཞལ ་ཏ་མི་བྱ་སྟེ། འདི་ནི་ཞལ་ཏ་ཤེས་པ་ཞེས་བྱའོ་ཞེས་གསུངས་སོ། །ཡོངས་སུ་འཛིན་པ་ལ་དགོས་པ་བསྟན་པ། ཇི་ལྟ་བུ་ཞིག་གི་མདོ་ལས་ཀྱང། མཽངྒལ་གྱི་བུས་གསོལ་པ། བཙུན་པ་དགེ་སློང་གང་ལ་ལ་ཞིག་སྐྱེས་བུ་གང་ཟག་བརྒྱད་ཀྱི་ཞིང་ལ་ཕུལ་བ ་དང། ཕྱོགས་བཞིའི་དགེ་འདུན་ཆེན་པོའི་དཀོར་གྱི་དོར་བ་དང། རྒྱལ་པོའི་ཁོལ་པོ་དང། སྣ་ཆེན་པོ་ལ་གཏོགས་པ་དང། མདུན་ན་འདོན་པ་དང། བློན་པོ་དང། སྨད་འཚོང་མ་མཆོག་དང། རྒྱལ་པོ་དང། བཙུན་མོ་དམ་པ་ལ ་བརྟེན་ནས། གསོད་ས་བརྒྱ་ཕྲག་སྟོང་ལ་དབང་བྱེད་པ་པ་དང། དྲ་བའི་ལས་གསང་བར་རྩོམ་པ་ཆེན་པོས་བྱེད་པ་དང། ཐབས་ལོག་པ་དེ་ཉིད་ཀྱི་ཕྱིས་ལྟུང་བ་དང་བཅས་པར་འགྱུར་བ་དང། བསོད་ནམས་མ་ཡིན་པ་ཅི་འདྲ་བ་ཞིག་སྐྱེར ་པར་གྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྤྱོད་ངོར་བ། གདུག་པ་ལ་བརྟེན་པ་སྲིད་པའི་ཁོལ་པོ། འཁོར་བ་རྒྱས་པར་བྱད་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མས་སྤགས་པས། སློབ་དཔོན་ལྟར་སྣང་བས་དབང ་བསྐུར་བ། བྱིས་པ་མཆིལ་སྣབས་འཕྱག་ཅིང་ཁ་འཕྲོ་ཟ་བ་རྣམས་ཀྱི་བསྐོར་བ་དེ་ནི། རྨ་བྱའི་འབག་ལྟ་བུའི་སིན་བུ་རས་ཁ་བསྒྱུར་བའི་གོས་དང། རམས་ཀྱིས་ཁ་བསྒྱུར་བའི་ཤངས་འགག་དང། བཀྲ་བ་དང་ཉེ་བར་བཀྲ་བའི་ལྷམ ་གྱོན་ནས། བལ་མཆོག་གི་འབོལ་སྟན་ལ་གནས་ཏེ། དགེ་སློང་དེས་ས་ལ་སྨོད་ཅིང་འདྲི། གཤེ་བ་དང། །སྤྱོ་བ་དང་སྔགས་མཛུབ་དག་གིས་གནས་ནས་འབྱིན་པར་བྱེད། དེ་དག་ལ་སྔོན་དུ་འོང་བ་དང། རྗེས་སུ་འབྲང་བ་དང ་ལྡང་བ་དང། ཐལ་མོ་སྦྱར་བའི་ལས། འདུད་པའི་ཕྱག་གིས་བཀའ་བསྒོ་ཞིང། ཆུ་མཆོག་དང་ཟས་མཆོག་དང། མལ་སྟན་མཆོག་ཡོངས་སུ་ལོངས་སྤྱོད་པས། མཚམས་མེད་པ། མཚམས་མེད་པ་དང་ཉེ་བར་འདྲ་བའི་སྡིག་པ་ཆེས ་ཤིན་ཏུ་བསོགས་པར་འགྱུར་རོ། །ཇི་ལྟར་གཙང་སྦྲ་འདོད་པ་རྣམས་ཀྱི་བདག་གི་ལུས་དང། གོས་བརླག་པར་མ་གྱུར་ཅིག་སྙམ་ནས། བཤང་འཕག་རིང་དུ་སྤོང་བར་བྱེད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་སྲས་པོ་ཟད་པ་མེད་པའི་ཚུལ ་ཁྲིམས་ཀྱི་གཙང་སྦྲ་འདོད་པ་རྣམས་ཀྱིས་ཀྱང། དེ་ལྟ་བུའི་གང་ཟག་མཐོང་ནས་ལུང་དང་རྟོགས་པའི་ཆོས་ཀྱི་ལོངས་སྤྱོད་གཉིས་ལས་རིང་དུ་བྱེད་པར་འགྱུར་རོ། །རྒྱུད་རྨ་ལྟ་བུ་བ། རྟག་པར་མི་དགེ་བ་བྱེད་པ། ཤིང་དང་ལྟང་ཀ་བསྐམས་པ ་དང་འདྲ་བ། དམ་པའི་ཆོས་ཀྱི་ལྗོན་ཤིང་གི་བཅུང་ཟག་པ་མེད་པའི་ཚུལ་ཁྲིམས་འཇོམས་པ་ལུས་ཟངས་ཀྱི་གོས་ཀྱིས་གཡོགས་པ། ལྕགས་ཀྱི་གོང་བུ་འབར་བ་ཟ་བ། བདག་ཉིད་ཀྱི་ཁྲག་ཁོལ་མ་འཐུང་བ། མི་མ་རབས་ལོ་མ་རུལ་བ་ལྟ་བུ ་སྒྲ་སྙན་པ་ཉམས་པའི་དུང་གི་སྐད་ལྟར་ཀུན་ཏུ་སྤྱོད་པ། བདག་དང་གཞན་རྣམ་པར་འཇོམས་པ་ནི། མཐར་གནས་ལྟར་རྣལ་འབྱོར་པས་ཡོངས་སུ་སྤོང་བར་བྱེད་དོ། །མཽངྒལ་གྱི་བུས་གསོལ་པ། བཅོམ་ལྡན་འདས་དེས་བསྐལ་པ་བརྒྱད་ཅུར ་མམ་མེད་པའི་སྡུག་བསྔལ་མྱོང་བར་བྱ་དགོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽངྒལ་གྱི་བུ་དེ་དེ་བཞིན་ཏེ། བར་གྱི་བསྐལ་པ་བརྒྱད་ཅུར་བསྡོམས་པ་བསྐལ་པ་ཆེན་པོ་དར་དགེ་འདུན་འདུ་བའི་སྒོ་འཕྲོགས་པ་དེར་སྡུག་བསྔལ་ཉམས་སུ་མྱོང ་བར་འགྱུར་རོ། །ལས་ཀྱི་ཟས་ཅན་དུ་འགྱུར་ཞིང། དེའི་ལུས་བཅུ་འགྱུར་དང། དེ་གཞོན་ཤ་ཆགས་པས་མར་སར་དང་རས་བལ་གྱི་འདབ་མ་ལྟ་བུ་དང། ཚོར་བ་བཅུ་འགྱུར་དུ་རྣམ་པར་ཆད་པ་མེད་པར ་གནད་ཐམས་ཅད་གཅོད་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །ལས་བྱས་ཤིང་བསགས་པ་དེ་ཞིག་ཅིང་བསལ་བ་ཉམས་པར་གྱུར་པ། །ཡོངས་སུ་ཟད་པར་གྱུར་གྱིས་བར་དུ་ཀུན་ནས་འབར་བ་རབ་ཏུ་འབར་བ། ཡང་དག་པར་རབ་ཏུ་འབར་བ། རྒྱ ་སྐྱགས་ཀྱི་ཁ་དོག་ལྟ་བུར་འབར་བ་གཅིག་ཏུ་གྱུར་པ་ལྟ་བུར་འཚེད་དོ། །དེ་ནས་ཤི་འཕོས་ནས་སྡིག་པའི་བག་ཆགས་ཀྱི་རྒྱུ་མཐུན་པའི་འབྲས་བུས། གུང་དང་བྱི་ལ་དང། སེང་གེ་དང། སྟག་དང། སྤྱང་ཀིའི་མངལ་དུ་སྡིག་ཏོ་ཅན་འཚེང་པར ་སྐྱེ་བར་འགྱུར་རོ། །དེར་ཡང་སླར་སྡིག་པ་སྤྱོད་ཅིང་དེས་མུན་པ་ནས་མུན་པར་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང། ད་ལྟར་དང་མ་འོངས་པའི་དུས་ན། ངའི་བསྟན་པ་འདི་དང། དམ་པའི་ཆོས་སམ། དམ་པའི ་ཆོས་ཀྱི་གཟུགས་བརྙན་ཡུན་ཇི་སྲིད་གནས་པར། ཆོས་ཀྱི་གནས་པའི་དགེ་སློང་རྣམས་ལ་ཁྱིམ་དང། ཀུན་དགའ་དང། ཞིང་དང་བྲན་དང། བྲན་མོའི་བར་གང་སུ་དག་གིས་དེ་ལྟར་བསྒོས་པ་དེ་ལ། སྡིག་པ་སྤྱོད་པའི་དགེ་སློང་ཚུལ་ཁྲིམས་འཆལ ་པ་གང་དག། ཐ་ན་འདབ་མ་གཅིག་དང། འབྲས་བུ་གཅིག་དང། མེ་ཏོག་གཅིག་ཅིག་ཡོངས་སུ་སྤྱོད་པ་དག་ཏུ་བྱེད་ན་དེ་ནི་མི་བླུན་པོ་དེ་ལ་དོན་མ་ཡིན་པ་དང། ཕན་པ་མ་ཡིན་པར་འགྱུར་ཏེ། དེ་ལྟ་གནོད་པ་བཞི་ཡང་འབྱུང་བར་འགྱུར་རོ། །བཞི ་གང་ཞེ་ན། ཕྱོགས་ཐམས་ཅད་དུ་མི་སྙན་པ་ཆེན་པོ་འགྲོ་བ་ཡིན། མཛའ་བོ་དང། ཉེ་དུ་དང། སྣག་གི་གཉེན་མཚམས་དང། མཁན་པོ་དང། སློབ་དཔོན་དང། རིམ་གྲོ་པ་དང་སྦུག་ཅིང་ཡིད་དུ་འོང་བ་དང་མྱུར་དུ་འབྲལ་བར་འགྱུར་བ་ཡིན། ནང ་ཚབས་ཆེན་པོས་ཡུན་རིང་བ་དག་གི་ཐེབས་པར་འགྱུར་བ་ཡིན་ན། དེའི་ཆོས་གོས་དང། ལྷུང་བཟེད་གང་ཡོད་བ་དེ་ཡང་འཇིགས་པ་ཆེན་པོ་ལྔས་ཕྲོགས་པར་འགྱུར་བ་ཡིན་ནོ། །ལྔ་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་དང། ཆེམ ་རྐུན་དང། མེ་དང་ཆུ་དང། བགོ་སྐལ་ལ་སྤྱོད་པའི་མི་མཛའ་བ་དེ་དག་གིས་སོ། །དེའི་འཇིག་རྟེན་ཕ་རོལ་གྱི་འདོད་པ་མ་ཡིན་པའི་འབྲས་བུ་བཞི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ཏེ། བཞི་གང་དག་ཡིན་ཞེ་ན། ལུས་ཞིག་ནས་སེམས་ཅན་དམྱལ་བ ་ཆེན་པོ་མི་བཟད་པར་སྐྱེ་བར་འགྱུར་བ་ཡིན། གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དུས་རིང་ཞིག་འདས་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་ཤི་འཕོས་ནས། འབྲོག་དགོན་པ་རོ་སྐམ་གྱི་ནང་དུ། དུད་འགྲོ་དང། ཡི་དགས་ཀྱི་རིགས་སུ་ལོང་བ་དང། ་རྐང་ལག་མེད་པ་དག་ཏུ་སྐྱེ་བར་འགྱུར་ཞིང། དེ་ལོ་བརྒྱ་སྟོང་མང་པོ་དག་ཏུ་བཀྲེས་པ་དང། སྐོམ་པར་ཡོངས་སུ་གདུང་བ་ཆེན་པོའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཡིན། གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དུས་རིང་ཞིག་འདས་ནས་དེ་ནས ་ཤི་འཕོས་ནས། ལོ་བརྒྱ་སྟོང་མང་པོ་དག་ཏུ། སྤྲུལ་གདུག་པ། ལོངས་བ་རྡུལ་ཟ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་ཡིན། དེ་བརྒྱ་ལ་རེས་འགའ་ཞིག་དེ་ནས་ཤི་འཕོས་ནས། གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ནས། འོན་ཀྱང་སངས་རྒྱས་ཀྱི་ཞིང ་སྙིགས་མ་ལྔ་དང་ལྡན་པ་སྟོང་པ་དག་ཏུ། མི་ཉིད་འཐོབ་པ་རྙེད་པར་འགྱུར་ཞིང། མོང་རྟུལ་བ་དང་ཚུལ་འདི་མི་ཤེས་པར་འགྱུར་བ་དང། མིག་མ་ཚང་བ་དང། ལག་པ་མཚང་བ་དང། རྐང་པ་མ་ཚང་བ་དང། ཁྱིའི་ལོངས་སྤྱོད་ཀྱི་ཁ་ཟས་ལག་གདུ ་ཞིང། རྐྱག་ཁུང་སའི་ཁ་ཟས་ལ་ཟ་བ་དང། འདམ་རྫབ་དང། ཕྱག་དར་ཁྲོད་ན་གནས་པ་དང། འབྲོག་དགོན་པ་དང། ལམ་པོ་ཆེ་རྣམས་རྨ་འཚོ་བར་འགྱུར་ལ། དེ་དེ་ནས་ཤི་འཕོས་ནས་ཀྱང་ཡང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། ། ་དེ་ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་འདོད་པ་མ་ཡིན་ཏེ། དེ་ལྟར་ལྕི་བར་འབྱུང་ཞེ་ན། འདི་ལྟར་སྡིག་པ་སྦྱེད་པའི་དགེ་སློང་དེ་ནི། འདི་ལྟར་ཆོས་ཀྱི་གནས་པ་རྣམས་ལ་ཁྱིམ་དང་ཞིང་དང། ཀུན་དགའ་ར་བ ་དང། བྲན་དང། བྲན་མོ་དང། ཕྱུགས་དག་གི་བར་ཕྲོགས་པ་དག་ཕྲོགས་ནས། གང་ཟག་རང་གི་ཡོངས་སུ་སྦྱོད་བ་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་ཏེ། སྡིག་པ་སྦྱོང་བའི་དགེ་སློང་དེ་ལྟ་བུ་དེ་ནི། དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་ཚུལ་མེད་པར་བྱ་བ་དང། རྣམ་པར་གཞིག་པ་དང། རྒྱུན་བཅད་པ་དང། ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མེད་པར་བྱ་བ་ནས། ནུབ་པར་བྱ་བའི་བར་དུ་བརྩོན ་བ་ཡིན་ནོ། །དེ་ཅེའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་ཕྱོགས་ནི་ཚོགས་པ་དང་ལྡན་པ་ཡིན་ལ། ཆོས་ཀྱི་ཚུལ་དང། དཀོན་མཆོག་གསུམ་གྱི་གདུང་ཡང་དགེ་བའི་ཕྱོགས་ཀྱིས་རབ་ཏུ་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཀྱི་མི་འདོད་པའི་འབྲས་བུ་རྣམ་པར ་སྨིན་པའི་ལྕི་བ་མངོན་པར་འགྲུབ་པ་ཡིན་ནོ། །དེ་ནས་གནས་བརྟན་ག་ཡ་འོད་སྲུངས་ཀྱི་མཆི་མ་བླགས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མི་ཉིད་རྙེད་པ་ནི་མ་འཐོབ་ཀྱང་སླའི། རབ་ཏུ་བྱུང་ནས་བཟའ་བ་དང་བཏུང་བའི་སྐུད་ལོག ་པར་སྒྲུབ་པ་ནི་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ག་ཡ་འོང་སྲུངས་ཆེན་པོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གོང་དུ་དེའི་སྔོན་གྱི་ལས་རྣམས་ཟད་པར་གཏུ་འགྱུར་བའི་སེམས་ཅན་དམྱལ་བར་གནས་པ་ནི་སླའི། ་འདི་ནི་གང་གཞན་དུ་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །འོན་ཀྱང་སྐྱེས་བུ་བླུན་བོ་ཁ་ཅིག་མི་ཉིད་འཐོབ་པར་དཀའ་བ་རྙེད་དེ། ལེགས་པར་གསུངས་པའི་ཆོས་འདུལ་བ་གང་ལ་སྡུག་བསྔལ་ཐམས་ཅད་ཟད་པ་དང། ཟག་པ་ཐམས་ཅད་མཐར་ཐུག་པར་འགྱུར་བའི ་ངོ་མཚར་རྨད་དུ་བྱུང་བའི་རབ་ཏུ་བྱུང་བ་རྙེད་པར་དཀའ་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ནས། འོན་ཀྱང་སྐྱེས་བུ་བླུན་པོ་གང་གིས་མཆོད་པར་མི་འགྱུར་བ་དང། བཟའ་བཏུང་དང་བྲལ་བར་འགྱུར་ལ། མིད་གེ་བའི་ཕྱོགས ་རྣལ་འབྱོར་ཡིད་ལ་བྱེད་པ་ཡོངས་སུ་བསལ་ནས་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དད་པ་ཅན་དག་གི་ཁྱིམ་དང་ཞིང་དང། ཀུན་དགའ་ར་བ་དང། སྐྱེད་མོས་ཚལ་དང། བྲན་དང་བྲན་མོ་དང། རྐང་བཞི ་པ་དག་གིས་བར་དགེ་སློང་ཆོས་ཀྱི་གནས་པ། ཡོན་ཏན་གྱིས་ཕྱག་པ་དག་ལོངས་སྤྱད་པར་བྱ་བའི་ཕྱིར་དང། དགེ་བའི་ཕྱོགས་དང་མཐུན་པར་བྱ་བའི་ཕྱིར་དེ་ལྟར་བསྔོས་པ་ལ། སྡིག་པ་སྦྱོད་པའི་དགེ་སློང་དེ་མང་དུ་ཐོས་པའི་མཐུ་འམ། ཁྱིམ ་ན་གནས་པའི་མཐུས་དེ་དག་ལ་བསྡོས་པའི་ལོངས་སྤྱོད་དང། ཉེ་བར་སྤྱོད་པ་ཕྲོགས་ནས། བདག་ཉིད་ཀྱིས་གང་ཟག་གི་འདུ་ཤེས་ཀྱི་ཡོངས་སུ་སྦྱོང་པར་བྱེད། སྐྱེས་བུ་བླུན་པོ་དེའི་ལོག་པར་སྒྲུབ་པ་དེ་ནི་དེ་ལྟ་བུར་འགྱུར་རོ་ཞེས་གསུངས་སོ། །ཡང་མདོ་དེ ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་སྤོབས་པ་ལེགས་སོ། །རྒྱལ་པ་ཆེན་པོ་མ་འོངས་པའི་དུས་ན། གང་དག་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དག ་ཆོས་ཀྱི་གནས་པ་རྣམས་ལ། ཁྱིམ་གྱི་གཞི་དང། ཞིང་གི་གཞི་དང། ཀུན་དགའ་ར་བའི་གཞི་དང། སྐྱེད་མོས་ཚལ་དང། བྲན་དང་ཨབན་མོ་དང། མལ་ཆ་དང་སྟན་དང། ན་བའི་གསོས་སྨན་དང། ཡོ་བྱང་དག་དེ་ལྟ་དེ་ལྟར་བསྡོས་པ་དང། ་རྐང་བཞི་པའི་བར་བསྡོས་པ་ཡང། འཕྲོག་པར་བྱིང་བ་འམ། རྐུ་བར་བྱེད་པ་དག་འབྱུང་བར་འགྱུར་ཏེ། རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དེ་དག་ཐམས་ཅད་ནི་མཐོང་བའི་ཆོས་ལ་འབྱུང་བ་འདོད་པ་མ་ཡིན་པའི་ཆོས་ཉི་ཤུ་དང་མྱུང་དུ་ལྡན་པར ་འགྱུར་རོ། །ཉི་ཤུ་གང་དག་དང་ལྡན་ཞེ་ན། ལྷ་རྣམས་ཀྱི་ཡོངས་སུ་བཏང་བ་ཡིན། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་དེའི་མི་སྙན་པ་གྲགས་པར་འགྱུར་བ་ཡིན། མཛའ་བཤེས་དང། སྣག་གི་གཉེན་མཚམས་དག་གིས ་ཀྱང་ཡོངས་སུ་གཏོང་བར་འགྱུར་བ་ཡིན། དེའི་དགྲ་བོ་དག་ཀྱང་མང་བར་འགྱུར་བ་ཡིན། ནོར་དང་ནོར་གྱི་ཡོ་བྱང་དག་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡིན། རྣམ་པར་གཡེང་བར་མང་བ་ཡང་ཡིན། ཡན་ལག་མ་ཚང་བར་འགྱུར་བ་ཡང་ཡིན། མཛའ་བཤེས ་དང། སྣག་གི་གཉེན་མཚམས་དག་གིས་ཀྱང་ཡོངས་སུ་གཏོང་བར་འགྱུར་བ་ཡིན། དེ་གཉིད་མེད་པ་ཡིན། རྟག་ཏུ་དེ་སྲེད་པས་གནོད་པར་འགྱུར་བ་ཡང་ཡིན། དེའི་བཟའ་བ་དང་བཏུང་བ་ཡང་དུག་གི་བྱ་བ་བྱེད་པ་ཡིན། སྡུག་པ་དང། ཡིད་དུ་འོང་བ ་དག་དང་མྱུར་དུ་འབྲལ་བ་འཐོབ་པ་ཡིན། རྟག་ཏུ་གཞན་དག་དང་འཐབ་མོ་འབྱུང་བ་ཡིན། ཕ་དང་མ་དང་སྤུན་དང། ཆུང་མ་དང་བུ་མོ་དང། བྲན་དང་བྲན་མོ་དག་ཀྱང་བསྒོ་བ་བཞིན་མི་བྱེད་པ་ཡིན། དེའི་གསང་སྔགས་གསང་བ་དག་དང། ནོར་གསང་བ་དང། ་སླས་གསང་བ་དང། དེའི་དངོས་པོ་གསང་བ་རྣམས་ཀྱང་ཐམས་ཅད་གསང་བ་ཤོར་བ་དག་ཏུ་འགྱུར་བ་ཡིན། བསྒོ་སྒལ་ལ་སྤྱོད་པ་མི་མཇའ་བ་ལ་སོགས་པ་ལྔས་ལོངས་སྤྱོད་དག་ཆུང་ཟ་བར་འགྱུར་བ་ཡིན། ནད་ཚབས་ཆེན་པོ་དག་གིས་ཀྱང་མྱུར་དུ་ཐེབས་པར ་འགྱུར་བ་ཡིན། སྨན་དང་རིམ་གྲོ་བ་དག་དང་འབྲལ་བ་ཡིན། ཤ་དང་ཁྲག་བསྐམས་ནས། སྡུག་བསྔལ་ཉམས་སུ་མྱོང་བ་ཡིན། རང་གི་བཤད་གཅི་དག་གི་ནང་དུ་འཆི་བའི་དུས་བྱེད་པར་འགྱུར་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདོད་པ་མ་ཡིན་པའི་ཆོས་ཉི་ཤུ ་བོ་དེ་དག་དང་མྱུར་དུ་ལྡན་པར་འགྱུར་རོ། །གང་དགེ་སློང་ཆོས་ཀྱི་གནས་པ་རྣམས་ལ་བསྔོས་པའི་ལོངས་སྤྱོད་དང། །ཉེ་བར་སྤྱོད་པའི་ངང། ནོར་གྱི་ཡོ་བྱད་འཕྲོག་པར་བྱེད་ཅིང། བདག་ཉིད་ཀྱང་ཡོངས་སུ་སྤྱོད་པར་བྱེད་པ་དེ་འཆི་བའི་དུས་བྱས་ནས། སེམས་ཅན ་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །དེ་དར་ཡང་ཚེ་བསྐལ་པར་ལྕགས་དང་ཟངས་བཞུན་འཐུང་བར་འགྱུར་ཞིང། ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར་ལ། མེའི་གོས་དང། ལོངས་སྤྱོད་དང། ཉེ་བར་སྤྱོད་པར་བྱེད་ཅིང། གནོད་པ་མི་བཟད་པ ་ཆེན་པོ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། །ཚེ་བསྐལ་པ་ཟད་པ་ནས་དེ་ནས་ཤི་འཕོས་ནས་ཀྱང། འབྲོག་དགོན་པ་རོ་སྐམ་དག་གི་ནང་དུ་ལམ་དུ་སྐྱེས་པའི་ཡི་དགས་རྣམས་དང་སྐལ་བ་མཉམ་པར་རྐང་པ་དང་ལག་པ་དང། མིག་མ་ཚད ་བར་སྐྱེ་བར་འགྱུར་རོ། །དེར་ཡང་བྱོགས་བཞི་ནས་ལངས་པའི་རླུང་ཀུན་ཏུ་ཆ་བ་དག་གིས་ཀུན་ཏུ་གདུ་བར་བྱའོ། །ས་སྤུ་གྲི་དང་འདྲ་བའི་སྟེང་དུ་སྙལ་བར་བྱེད། ཡོངས་སུ་སྙལ་བར་བྱེད་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། རྒྱལ་པོ་གཟུགས ་ཅན་སྙིང་བོས་འདི་སྐད་ཅེས་གསོལ་ཏོ། །བཅུན་པ་བཅོམ་ལྡན་འདས་སྤྱོད་པའི་མཚན་ཉིད་ཀྱིས་མཚན་མ་གང་དག་གིས། དགེ་སློང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་བ། དགེ་སློང་ཆོས་ཀྱི་གནས་པ་རྣམས་ཀྱི་ནང་དུ་སླན་ཆད་ཀྱང་གནས ་བ་དང། ལོངས་སྤྱོད་དང་ཉེ་བར་སྤྱོད་པ་བགྱི་བར་མི་འོས་པ་འཆལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྣ། ??་འདི་ལྟ་བུས། ཚུལ་ཁྲིམས་འཆལ་པའི་མགོ་འབྱུང་བར་འགྱུར་རོ། །ཞེས་གང་གིས་ཀྱང་མྱུར་དུ་རྣམ ་པར་ཤེས་པར་མི་ནུས་ཏེ། རྒྱལ་པོ་ཆེན་པོ་འདི་ནི་ནང་གི་དང་པོར་སངས་རྒྱས་ལ་མ་གུས་པ་ཡིན་ནོ། །ཆོས་དང་དགེ་འདུན་དང། མཁན་པོ་དང་སློབ་དཔོན་དང། བླ་མའི་གནས་ལྟ་བུའི་རྣམས་ལ་མ་གུས་པ་ཡིན། འཕགས་པའི་རིགས ་བཏང་བ་ཡིན། རྣལ་འབྱོར་ཡིད་ལ་བྱེད་པ་ལ་ཀུན་དགའ་བ་མ་ཡིན་ནོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་སྤངས་པ་ཡིན། ཁྱིམ་ན་གནས་པ་དང་འདྲེས་པ་ཡིན། ཚིག་ཁྱལ་བ་སྨྲ་བ་ཡིན། བདག་ལ་བསྟོད་པ་ཡིན། གཞན་ལ ་སྨོད་པ་ཡིན། དེ་ལྟ་བུ་དག་ལ་ཀུན་དགའ་བ་ཡིན། སྡིག་པའི་སྙིལ་ཆགས་པ་ཡིན། ལ་མངན་བར་ཞུགས་པ་ཡིན། ཁེངས་པ་ཡིན། ཁ་དྲག་པ་ཡིན། འཕྲལ་གཡང་ཅན་ཡིན། འཕྱར་པོ་ཡིན། ཁ ་ཤིང་ཅན་མེད?། གཡོ་སྒྱུ་ཅན་ཡིན། སྒྲ་བྱེད་པ་ཡིན། དགེ་སྦྱོང་ཡོན་པོ་ཡིན། དགེ་སྦྱོང་གཡོན་ཅན་ཡིན། དགེ་སྦྱོང་སྙི་ལོང་ལྟ་བུ་ཡིན། དགེ་སློང་གི་དགེ་འདུན་མི་མཐུན་པར་འདོད་བ་སྨྲ་བ་ཡིན། རྙེད་པ་དང་བཀུར་སྟི་དང། ཚིགས་སུ་བཅད་པ ་ལ་མངོན་པར་དགའ་བ་ཡིན། འདུ་འཇི་ཀུན་ལ་དགའ་བ་ཡིན། སྡིག་པ་ཅན་གྱི་དགེ་སློང་ཚུལ་ཁྲིམས་འཆལ་བ་དོན་ཇི་སྲིད་དུ་དེའི་ཚུལ་ཁྲིམས་འཆལ་བའི་མགོ་བྱུང་བ་མ་གྱུར་གྱི་བར་དུ་གང་གིས་ཀྱང་མཚན་མ་དེ་དག་གི་མྱུར་དུ་ཤེས་བར་མི་ནུས་སོ། །སྡིག ་པ་ཅན་གྱི་དགེ་སློང་དེ་གང་གི་ཚེ། ཁྱིམ་གྱི་གཞི་དང། ཞིང་གི་གཞི་དང། ཀུན་དགའ་ར་བའི་གཞི་དང། བྲན་དང་བྲན་མ་དང་གླང་པོ་ཆེ་དང། རྟ་དང། རྔ་མོ་དང། བོད་བུ་དང། ལུག་ངག་གང་ཟག་གིས་སྲེལ་བར་བྱེད་ན། དེ་ནི་དེའི་ཚུལ? ་ཁྲིམས་འཆལ་བའི་མགོ་བྱུང་བ་ཡིན་ཏེ། ཚུལ་ཁྲིམས་འཆལ་བའི་མགོ་དེས་ན་སྡིག་པ་ཅན་གྱི་དགེ་སློང་ངེས། དགེ་སློང་གི་དགེ་འདུན་གྱི་ནང་ནས། དོར་བ་ཡིན། གནས་བར་བྱ་བ་མ་ཡིན། ལོངས་སྤྱོད་བར་བྱ་བ་མ་ཡིན། དགེ་སློང་གི་དངོས ་པོ་ལས་ལྟུང་བ་ཡིན། བམ་བར་གྱུར་བ་ཡིན་ཏེ། དགེ་སྦྱོང་གི་ཚུལ་ལས་ཀྱང་ཕྱིས་བླང་དུ་མེད་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་མི་གདོལ་བ་གནས་ན་གནས་པར་བྱེད་པ་ནི་སླའི། དགེ་སློང་གདོལ་བ་ཡོངས་སུ་འཛིན་པ་དང་བཅས་པ་རྒྱུད ་ཚིག་པ་དོན་ལ་མི་ལྟ་བ། འཇིག་རྟེན་པ་རོལ་གཏད་པ། སྙིང་རྗེའི་བསམ་པ་མེད་པ། ཕྱིས་ཁུད་ཆེན་པོ་དང་འདྲ་བ། བདུད་ཀྱི་ལམ་དུ་ཞུགས་པ། ལྷ་དང་མི་རྣམས་ལ་གནོད་པར་བྱེད་པ། དུས་གསུམ་ཐམས་ཅད་ཀྱི་དྲང་སྲོང་ཐུབ་པ་རྣམས་ལ ་སླུ་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་ཆོས་ཀྱི་མར་མེ་མེད་པར་བྱེད་བ། ཆོས་ཀྱི་རྒྱ་མཚོ་སྐེམས་བར་བྱེད་པ། ཆོས་སྨྲ་བའི་དབྱེན་བྱེད་པ། སྦྱིན་པ་པོ་དང། སྦྱིན་བདག་རྣམས་ལ་འདྲིད་བར་བྱེད་བ། དགེ་སློང་ཆོས་ཀྱི་གནས་བ་རྣམས ་ལ་མཐོ་འཚམས་པར་བྱེད་པ། །དགེ་འདུན་མཐུན་པར་བྱེད་པའི་རྒྱུན་གཅོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །སྡིག་པ་ཅན་གྱི་དགེ་སློང་དེ་ནི། ཡོངས་སུ་འཛིན་པའི་རྐྱེན་གྱིས་མཐོ་རིས་ཀྱེ་ལམ་ལས་རྒྱལ་བོ་ལྡོག་བར་བྱེད་པ་ཡིན་ནོ། །རྒྱལ་རིགས་དང། ་བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དང། སྐྱེས་པ་དང། བུད་མེད་དང། ཁྱེའུ་དང་བུ་མོ་ལྡོག་པར་བྱེད་པ་ཡིན་ནོ། །ངན་སོང་གི་ལམ་གསུམ་ལ་རབ་ཏུ་གཞོག་པར་བྱེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྡིག་པ་ཅན་གྱི་དགེ་སློང་དེ་ཡོངས་སུ ་འཛིན་པའི་ཁྱད་པར་གྱི་རྒྱུ་མཚན་གྱི་ལྷ་དང་མི་ཇི་སྙེད་ཅིག་མི་སྐྱེད་པར་བྱེད་པ་ལ་ལྟོས། རྒྱལ་བོ་ཆེན་པོ་དེ་ལྟ་བས་ན། ཡོངས་སུ་འཛིན་པ་དང་བཅས་པའི་དགེ་སློང་དང་དགེ་སློང་ཆོས་ཀྱིས་གནས་པ་ཡོན་ཏན་གྱི་ཕྱུག་བ་དག་དང་ལྷན་ཅིག་ཏུ་ཀུན་དགའ་ར ་བ་གཅིག་དང། གཙུག་ལག་ཁང་གཅིག་ཏུ་གནས་པར་མི་བྱའོ། །གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་ཁ་དྲག་ཅིང་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་རྣམ་བར་སྤངས་ཏེ། དགེ་སློང་དེ་དག་དང་ལྷན་ཅིག་གནས་པར་བྱེད་ན། དེའི་ཕྱིར་དགེ་སློང ་ཆོས་ཀྱིས་གནས་པ་དེ་དག་གི་བྱམས་པ་དང་ལྡན་ཞིང་ཆོས་དང་འཐུན་པས་དྲན་པར་བྱས་ཏེ། གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་གནས་དེ་ནས་འགྲོ་བ་ལྟ་ན་ནི་ལེགས། གལ་ཏེ་འགྲོ་བར་མི་བྱེད་ན་ནི། དེར་དགེ་སློང་ཆོས་ཀྱི་གནས་པ་དེ་དག ་དོད་ལ། གྲོང་ཁྱེར་དང། གྲོང་རྡལ་དང། གྲོང་དང་ལྗོངས་དང་རི་བོ་དེ་དག་ན། རྒྱལ་རིགས་སམ། བྲམ་ཟེ་འམ། རྗེའུ་རིགས་སམ། དམངས་རིགས་གང་དབང་བྱེད་དུ་འཇུག་པ་དེ་ལ་སྦྲན་པར་བྱའོ། །གལ་ཏེ་རྒྱལ་རིགས་དང། བྲམ་ཟེ ་དང། རྗེའུ་རིགས་དང། དམངས་རིགས་དེས་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པ། གནས་དེ་ནས་བཟློག་པར་བྱེད་ན། དེར་ནི་དགེ་སློང་ཆོས་ཀྱི་གནས་པ་དེ་དག་གནས་པར་བྱའོ། །ཇི་སྟེ་རྒྱལ་རིགས་དང། ་བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དེ་དག་བཟའ་བ་དང་བཏུང་བ་དང་རྙེད་བའི་རྒྱུས། སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་བྱེད་པ་ལྟ་ན། དེའི་ཕྱིར་དགེ་སློང་ཆོས་ཀྱི་གནས་པ་དེ་དག་གིས་ཁྲེ་བ་བསྟན་པར་མི་བྱའོ ་ཆགས་པ་མ་ཡིན། ང་རྒྱལ་མ་ཡིན་ཏེ། འོན་ཀྱང་ཅང་མི་སྨྲ་བར་གནས་དེ་ནས་འགྲོ་བར་བྱ་ཞིང། དགོན་པའི་གནས་སམ། ནགས་ཁྲོང་དམ། རི་འམ། རི་བོའི་བོར་གཞན་གང་ན་དགྲ་བཅོམ་ཆུད་བ་དང། ནང་དུ་ཡང་དག་འཇོག་དང་འཚམ ་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་མཐུན་པ་དེར་གནས་བར་བྱའོ། །ཡང་རྒྱལ་པོ་གཟུགས་ཅན་སྙིང་བོས། མཆིམ་དག་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་བཟའ་བ་དང། བཏུད་བ་དང། རྙེད ་པའི་སླང་དུ་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་བ་དང། བཅས་པའི་ཕྱོགས་བགྱིད་ཅིང། དགེ་སློང་ཆོས་ཀྱིས་གནས་བ། ཡོན་ཏན་གྱི་ཕྱུག་བ་རྣམས་ཀྱང་གནས་ནས་མཆི་བར་འགྱུར་བའི་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། ་དམངས་རིགས་དེ་དག་ནི་ཉམས་པ་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་མཆོག་ཏུ་ཉམས་པ་ལགས་སོ། །དེ་མི་ཉིད་རྙེད་པ་ནི་རྙེད་བར་དཀའ་ལགས་ཏེ། འཁོར་བ་ན་འཁོར་བར་བགྱིད་པ་ད་མི་ཉིད་རྙེད་པཱི་ཐ་མ་ནི་དེ་ལགས་སོ། །སངས་རྒྱས ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་གྲངས་མ་མཆིས། དཔག་ཏུ་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇིག་རྟེན་དུ་འབྱུང་བར་འགྱུར་བས་ཀྱང། གང་དགེ་སློང་ཆོས་ཀྱི་གནས་པ་རྣམས་ཀྱི་ཆིག་གུས་པར་མི་ཉན་པའི། ། ་སེམས་ཅན་དེ་ནི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་བགྱི་བ་འམ། མཐོ་རིས་སུ་བཞག་པར་མི་སྤྱོད་དེ། དེ་ནི་སྡིག་པའི་ལས་དེ་ལྟ་བུ་དང་ལྡན་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྒྱལ་པོ་ཆེན་པོ་མ ་འོངས་པའི་དུས་ན། ལ་ལར་གང་དགེ་སློང་ཆོས་ཀྱི་གནས་པ་རྣམས་ལ་ཤིན་ཏུ་དད་བའི་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དག་འབྱུང་བར་འགྱུར་ཏེ། དེ་དག་གི་དོན་དུ་དགོན་པའི་གནས་དག་བྱེད་བར ་འགྱུར་རོ། །གཙུག་ལག་ཁང་དང། དགོན་པའི་གནས་དེར་ཡང་ཁྱིམ་གྱི་གཞི་ནས། ཞིང་གི་གཞི་དང། བྲན་དང་བྲན་མེ་དང། ཀུན་དགའ་ར་བའི་བར་དེ་དག་གི་ལོངས་སྤྱོད་དང། ཉེ་བར་སྤྱོད་པའི་ཕྱིར་ཡོངས་སུ་བཏང་བར་འགྱུར་རོ། ། ་དེ་དག་འཆི་བའི་དུས་བྱས་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འཕྲད་པར་འགྱུར་བ་ནས། རིང་པོ་མི་ཐོགས་པར་སྦྱིན་པ་པོ་དང། སྦྱིན་བདག་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་བར་དུ་འགྱུར་ཏེ། དེ་དག་ནི་དེའི་བསྟན་པ ་ལ་དགེ་སློང་ཆོས་ཀྱི་གནས་བ་རྣམས་ཡང་དག་པར་འཛིན་པར་བྱེད་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། གང་ཁྱོད་ཀྱི་བུ་འམ་སྦུན་ནམ། བཀྲབས་པ་འམ། སྣ་ཆེན་པོ་ལ་གཏོགས་པ་གང་ཡང་རུང་བ་ཞིག་ཉེས་བ་དང་བཅས་པ ་ཡིན་ན། གཡང་ང་གང་དུ་རྒྱལ་པོ་ཆེན་པོའི་དུས་སྟོན་ནམ། དགའ་སྟོན་འབྱུང་བ་དར། རྒྱལ་པོ་ཆེན་པོས་དགའ་བ་དང། བདེ་བ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་བྱང་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཁྱོད་ཀྱི ་མདུན་དུ་འདུག་ཅིང། སྐྱིད་པ་དང་རྩེ་བ་མྱོང་བར་བྱེད་པ་འམ། དགའ་བ་དང་བདེ་བ་རྣམ་པ་སྣ་ཚོགས་ཀྱི་གནས་བར་བྱེད་ནུས་སམ། རྒྱལ་པོས་གསོལ་བ། བཙུན་པ་བཅོམ་ལྡན་འདས་མ་ལགས་ཏེ། སྐྱེས་བུ་དེ ་བདག་གི་མདུན་ན་མཆིས་པར་ཡང། རྡོ་མི་ཐོགས་ལགས་ན། སྐྱིད་པ་དང་རྩེ་བ་མྱོང་བར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་དེ་བཞིན་དུ་གང་ཟག་གང་ཞིག་གང་ཟག་གི་བྲན་དང་བྲན་མོ ་སྲེལ་བར་བྱེད་ཅིང། ཁྱིམ་གྱི་གཞི་འམ། ཞིང་གི་གཞི་ནས། ལུག་ངག་གི་བར་སྲེལ་བར་བྱེད་ན། ང་ཡང་དེའི་སྟོན་པ་མ་ཡིན་ལ། དེ་ཡང་དའི་ཉན་ཐོས་མ་ཡིན་ནོ། །དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ལ་ཡང་གནོད་པར ་བྱེད་པ་དང་བཅས་པ་ཡིན་ཏེ། དེ་ནི་ཆོས་ཀྱི་གནས་པ་རྣམས་ཀྱི་གནས་དེ་ལྟར་བསྔོས་པ་དག་དུ། ཆོས་དང་མཐུན་པས་གནས་པར་འོས་པ་མ་ཡིན་ནོ། །རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་གང་ཡང་སྡིག་པ ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་དོན་བྱེད་པ་དང། དེ་ནས་འགྲོར་མི་སྟེར་བའི་རྒྱལ་རིགས་ནས། དམངས་རིགས་ཀྱི་བར་དེ་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཡང་གནོད་པར་བྱེད་པ ་དང་བཅས་པ་ཆེན་པོ་ཡིན་ནོ། །སྦྱིན་པ་མང་པོ་སྦྱིན་པར་བྱེད་དུ་ཟིན་ཀྱང་དེ་འཆི་བའི་དུས་བྱས་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། བདག་ལ་ཕན་པར་ཡང་དག་པར ་རྗེས་སུ་ལྟ་བས། སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་སུ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ལྷ་དང་མི་ཐམས་ཅད་ལ་ཡང་གནོད་པ་དང། ཕན་པ་མ་ཡིན་པ་དང། ལོག་པར་ལྟུང་བར་བྱ་བའི་ཕྱིར་ཞུགས ་པ་དང། དཀོན་མཆོག་གསུམ་གྱི་གདུང་མེད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་གང་ཞིག་དགེ་སློང་ཆོས་ཀྱི་གནས་པ་རྣམས་ཀྱི་ཕྱོགས་ལ་ཡང་དག་པར་གནས ་པར་བྱེད་ཅིང། སྡིག་པ་ཅན་གྱི་དགེ་སློང་རྣམས་ཀྱི་ཕྱོགས་ལ་མ་ཡིན་ན། དེ་སྦྱིན་པ་མི་སྦྱིན་དུ་ཟིན་ཀྱང། འོན་ཀྱང་དེ་ནི་ཆོས་ཀྱི་ཕྱོགས་ཀྱི་རྒྱུའི་ཕྱིར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྦྱིན་བདག་དམ་པ་ཡིན་ནོ། ། ་དེ་ནི་དམ་པའི་ཆོས་རྗེས་སུ་བསྲུང་བའི་ཕྱིར་དམ་པའི་ཆོས་འཛིན་པ་དམ་པ་ཡིན་པར་བལྟའོ། །འཆི་བའི་དུས་བྱས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེ་བར་འགྱུར་བ་ནས། རེང?་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། རྒྱལ་རིགས་འཚམ་པ་ཁྱེད་ཀྱི་ལག་ཏུ་ཆོས་ཀྱིས་གནས་པ་དང། བསྟན་པ་ངས་ཡོངས་སུ་གཏད་ཀྱིས། ལྔ་བརྒྱ་བ་ཐ་མ་ལ་གནས་པའི་བར་དུ་ཁྱེད་ཀྱི་ངའི་ཆོས་ཀྱིས ་གནས་པ་ཡང་དག་པར་ཟུང་ཤིག་དང། དེའི་རྐྱེན་གྱིས་ངའི་ཆོས་ཀྱི་ཚུལ་འདི་དང། དཀོན་མཆོག་གསུམ་གྱི་གདུང་ཡུན་རིང་དུ་གནས་པར་འགྱུར་ཞིང། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བར་འགྱུར་རོ། ཞེས་བྱ་བའི་བར་དང། ཡང་མདོ་སྟེ ་དེ་ཉིད་ལས། དེ་ནས་ཀླུའི་རྒྱལ་པོའི་བུ་པདྨའི་གདོང་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བདག་སུག་ལས་གང་གི་ཀླུའི་རིགས་སུ་སྐྱེས་ནས། གཟུགས་མཆོག་ཏུ་ལྷ་མེ་ཞིང་ལུས་ཀྱི་རེག་པ་གང་ཅུང་ཟད་ཅི་རེག་ཀྱང་ཀུན་ཏུ་ཚིག་ཅིང་འབར་བ་ལགས། བདག ་དུས་ཐམས་ཅད་དུ་འཆིལ་ལྷམ་བོར་ནས་གཅེར་བུར་རྒྱུ་བར་བགྱིད་ལགས། བདག་གི་ཐ་དེ་ནི་དཔལ་ཕུན་སུམ་ཚོགས་པ་ཆེས་ཁྱད་པར་དུ་འཕགས་པ་མྱོང་སྟེ། དཔེར་ན་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཀྱེ་ལགས་འགྲོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་སུམ་ཅུ་རྩ་གཅིག་འདས་པའི་ཚེ། དེའི་དུས་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི ་བར་དུ་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ། །དེའི་ཚེ་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་མེ་ཏོག་བྲལ་དེས་ཀྱང། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ཉན་ཐོས་དང། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་བརྒྱ་སྟོང ་ཕྲག་མང་པའི་འཁོར་དང་ལྡན་པ་དེ་ལ། ཟླ་བ་གསུམ་ཡོ་བྱད་ཐམས་ཅད་ཕུལ་ནས། རྟག་ཏུ་ཆོས་མཉན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་པ་ཏབ་བོ། །བཅོམ་ལྡན་འདས་དེའི་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་དང ་ལྡན་པ་ཞིག་ཀྱང་བརྩིགས་སོ། །རྒྱལ་པོ་མེ་ཏོག་བྲལ་དེའི་བུ་སྲིད་སྒྲུབ་བཅས་ཞེས་བྱ་ཞིག་ཡོད་དོ། །དེ་ཤིན་ཏུ་འཁོར་བས་སྐྲག་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། ཕའི་དགེ་འདུན་གྱི་ཀུན་དགའ་ར་བ་དེ་རྗེས་སུ་སྐྱོང་ཞིང་འདུག་གོ་།དེ་ནས་བཅོམ ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་གང་དག་གནས་པ་དང། དེ་ནས་གང་དག་བཟའ་བ་དང། བཏུང་བ་དང། མལ་ཆལ་ལོངས་སྤྱོད་བར་བྱེད་པ་ཐམས་ཅད་ལ་མེ་ཏོག་བྲལ་གྱི་བུ་དགེ་སློང་སྲིད་སྒྲུབ་བཅས་དེ་ཕྲག་དོག་བྱེད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས ་ཀྱི་དགེ་སློང་དེ་དག་ཀྱང་གནས་དེ་ནས་དོང་ངོ། །དེ་ཡང་ཡིད་མཆོག་ཏུ་དགའ་ནས་བདག་ཉིད་ཀྱིས་ཀྱང་ལོངས་སྤྱད་པར་མི་བྱེད། གཞན་ལ་ཡང་མི་སྟེར་རོ་ཞེས་བྱ་བ་ནས། དགེ་སློང་དེ་ཡང་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས ་ཀྱི་ནང་དུ་སྐྱེས་སོ་ཞེས་བྱ་བར་དུའོ། །དེ་ལོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་ཆེན་པོའི་ནང་དུ་སྐྱེས་ནས་བཅོས་སོ། །དེ་ནས་ཤི་འཕོས་ནས་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ཏེ། ལོ་བརྒྱ་སྟོང་ཕྲག་མང་པོར་དེར་སྡུག་བསྔལ་མྱོང་ངོ། ། ་ཕྱིས་ཡང་སེམས་ཅན་དམྱལ་བ་དང། ཡི་དགས་རྣམས་ཀྱི་ནང་དུ་སྡུག་བསྔལ་མྱོང་ངོ། །ལག་དགྲོ་འཁོར་བས་སྐྲག་པའི་སེམས་དང་ལྡན་པ་སྲིད་སྒྲུབ་བཅས་ཤེས་བྱ་བ་རབ་ཏུ་བྱུང་སྟེ། དེ་ནས་ཤི་འཕོས་ནས་དེ་ལྟར་ཡུན་རིང་པོར་ངན་སོང་དུ་སྡུག་བསྔལ ་མྱོང་བར་དེ་གཞན་ཞིག་ཡིན་པར་ཁྱོད་སེམས་ན་གཞན་ཡིན་པར་ཡང་ལྟ་བར་མི་བྱ་སྟེ། དེ་ལྟར་ལས་ཀྱི་སྒྲིབ་པ་དམ་པས་ཟིན་པ་ཡང་ཁྱོད་ཡིན་ནོ། །འདི་ཕན་ཆད་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་ཁྱོད་རྟག་པར་ངན་སོང་གསུམ་གྱི་ནང་དུ་སྐྱེས་སོ། །དེའི་ལས ་ཀྱི་སྒྲིབ་པ་ལྷག་མ་ལུས་པ་ངེས་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་ནི་གཞན་མ་ཡིན་གྱི་ཁྱོད་ཡིན་ཏེ། སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་མྱོང་ངོ། །གང་ཁྱོད་འདི་ནས་ཤི་འཕོས་ནས་ཕྱིས་ཀྱང་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དགས་རྣམས ་ཀྱི་ནང་དུ་རྟག་ཏུ་སྡུག་བསྔལ་གྱིས་གཟིར་བར་འགྱུར་བ་འདི་ནི་གནས་ཡོད་དོ། །ཀླུའི་བུ་དེ་མཆོག་ཏུ་ཡིད་མི་དགའ་ནས་རབ་ཏུ་དུ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱིས ་པ་ཇི་ལྟ་བུ་དང། མྱོས་པ་ཇི་ལྟ་བུ་དང། མི་གསལ་བ་དང། མི་མཁས་པ་ཇི་ལྟ་བུ་ཞིག་ཏུ་ནོངས་བ་སོ་སོར་འཆགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གི་བསམ་པས་སྡོམ་པ་བཟུང་བར་བགྱིའོ། །བདག་དེ་བཞིན་གཤེཊ ་པའི་དགེ་བསྙེན་ལགས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པར་སྦད་བར་བགྱི་ལགས་སོ། །བདག་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ལྷག་པའི་བསམ ་པས་ང་ལ་སྐྱབས་སུ་སོང་བས་ཁྱོད་ཀྱི་ངན་འགྲོ་ཐམས་ཅད་ཡོངས་སུ་ཟད་དོ། །དེ་ནས་ཤི་འཕོས་ནས་ཁྱོད་ཀྱི་བྱམས་པའི་ཚེ་ན་མིའི་རྙེད་པ་ཐོབ་པར་འགྱུར་ཏེ། བྱམས་པའི་ཐང་དུ་རབ་ཏུ་འབྱུང་བར་འགྱུར་ཞིང་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་སུམ་དུ་བྱེད་པར ་འགྱུར་རོ། །དེའི་ཚེ་དེའི་དུས་ན་གང་གི་གཙུག་ཏོར་ཅན་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱི་རིམ་གྲོ་བྱས་པ་དང། དེའི་ཕྱིར་དགེ་འདུན་གྱི་ཀུན་དགའ་ར་བ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས ་པར་བྱས་པའི་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་གཞན་ཞིག་ཡིན་པར་ཁྱོད་སེམས་ན་དེ་གཞན་དུ་ཡིན་པར་ཡང་མི་བལྟ་སྟེ། དེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡིན་ནོ། །འདི་ནི་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་ནམ་ཡང་ངན་འགྲོར་མ་སྐྱེས་སོ། །ལྷའི ་དཔལ་དང་བསྐལ་པ་བཟང་པོ་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེན་པོ་མྱོང་ངོ། །འདི་ནི་བླ་ན་མེད་པའི་ཐེག་པའི་ཕྱིར་སྨོན་ལམ་གྱི་དབང་གི་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ། འདིར་དཔལ་དང་སྐལ་པ་བཟང་པོ་དེ་ལྟ་བུ་མྱོང་ངོ། །དེ་སྐད་ཅེས་ཐོས་ནས་ཀླུ ་ཐམས་ཅད་སྐྱོ་ཞིང་མཆོག་ཏུ་ཡིད་མི་དགའ་ནས། བཅོམ་ལྡན་འདས་ལ་མཆོག་ཏུ་གུས་པ་སྐྱེས་ཤིང་ཉེ་བར་རྟོགས་པས་གཅེས་པར་བྱེད་པར་གྱུར་ཏོ། །ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་བཏུབས་པ་བླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་ཟོས་པ་བླའི། །དགེ་འདུན་དག་ལས་གར་དེ་ནི། །དགེ ་འདུན་གྱིས་ལ་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། །བླང་བ་བྱས་ཏེ་ཟོས་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ། །ཐམས་ཅད་འབྱུང་བར་བྱས་པ་དང། གསལ་ཤིང་སྟེང་དུ་བཏེག་པ་བླའི། །ཁྱིམ ་པར་གྱུར་པར་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ། །མེ་མདག་གིས་ནི་གང་བ་ཡི། །གནས་ཁང་དེར་ནི་ཞུགས་པ་བླའི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ ་ལུམ་བླངས་པ་བླའི། །རབ་ཏུ་བྱུང་བས་ཁྱིམ་པ་ཡི། །དབྱིག་ནི་བླངས་པར་མི་བྱའོ། །འཁོར་ལོ་རྣོན་པོས་བདག་གིས་ལུས། །ཀུན་ཏུ་བཏུབ་པར་བྱས་པ་བླའི། །ལེགས་པར་གསུངས་པའི་ཆོས་རྣམས་ལ། །རྒྱགས་དང་གཤེ་བ་བསྐྱེད་མི་བྱ། །ལེགས་དང ་གསུངས་པའི་ཆོས་ཅན་གྱིས། །མིག་ནི་རང་གི་བྱུང་བར་བླའི། །སེམས་ཅན་དུ་ནི་བགྲངས་པ་ལ། །ཁྲོས་པས་སྐྱེ་དགུ་མི་མད་གོ་།ལེགས་པར་གསུངས་པའི་ཆོས་ཅན་གྱི། །མེ་ཡི་གོས་ནི་གོན་པ་བླའི། །ཚུལ་འཆོས་པ་དང་མཐུ་ཡིས་སུ། ཁྱིམ་པ ་ལས་ནི་གོས་མི་བསླང། །མེ་འདྲ་བར་ནི་བསྐོལ་བ་ཡིས། །རྩུབ་འགྱུར་ཆུ་ནི་འཐུངས་པ་བླའི། །རབ་ཏུ་བྱུང་བ་གཡོ་རྒྱུ་ཡིས། །བཟའ་བཏུང་བླད་བར་མི་བྱའོ་ཞེས་གསུངས་སོ།། །།ནམ་མཁའ་ཨི་ཅན་གྱི་མདོ་ལས་ཀྱང། །ཡང་དེའི་ཚེ་ལྷའི་དབང ་པོ་དང། ཀླུའི་དབང་པོ་དང། གནོད་སྦྱིན་གྱི་དབང་པོ་དང། ལྷ་མ་ཡིན་གྱི་དབང་པོ་དང། ནམ་མཁའ་ལྡང་གི་དབང་པོ་དང། མིའམ་ཅིའི་དབང་པོ་དང། ལྟོ་འཕྱེ་ཆེན་པོའི་དབང་པོ་དང། གྲུལ་བུམ་གྱི་དབང་པོ་དང། ཡི་དགས་ཀྱི་དབང་པོ་དང། ་ཤ་ཟའི་དབང་པོ་དང། ས་ལ་རྒྱུ་བ་དང་ནམ་མཁའ་ལ་རྒྱུ་བའི་ཁྱེད་རྣམས་ཀྱི་ལག་ཏུ་ཆོས་ཀྱི་རྣམ་གྲངས་འདི་ངས་ཡོངས་སུ་གཏད་པར་བྱའོ། །ད་ལྟར་མ་འོངས་པའི་དུས་སུ་གང་ཟག་དོན་ཡིད་ལ་བྱེད་པ། ཆོས་ལ་གནས་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ། ་ཆོས་དང་མཐུན་པའི་ཆོས་སྤྱོད་པ། དབེན་པ་ལ་མངོན་པར་དགའ་བ་རྣམས་སྲུངས་ཤིག་།ཡོངས་སུ་སྐྱོངས་ཤིག་།དེའི་སྦྱིན་པ་པོ་དང། སྦྱིན་བདག་དེ་དག་ཀྱང་སྲུངས་ཤིག་།ཡོངས་སུ་སྐྱོངས་ཤིག་།གང་དག་དེ་རྣམས་ཀྱི་ཡོ་བྱད་འཛིན་པ་དང། ཡོངས་སུ ་སྐྱོང་པ་དེ་དག་ཀྱང་སྲུངས་ཤིག་།ཡོངས་སུ་སྐྱོངས་ཤིག་།དེ་ནི་ཁྱེད་ཅག་ལ་ཡུན་རིང་པོར་ཕན་པ་དང་བདེ་བ་བྱེད་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་དེ་སྙེད་ཐམས་ཅད་ནས། ཤ་ཟའི་དབང་པོ་དང། ནམ་མཁའ་ལ་རྒྱུ་བ་དང་ས་ལ་རྒྱུ་བའི་བར་ཐམས ་ཅད་ཀྱི་མགྲིན་གཅིག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་དེ་ལྟར་ལགས་སོ། །མ་འོངས་པའི་དུས་ན་ཇི་སྲིད་དུ་དེ་བཞིན་གཤེགས་པའི་བྱིན་གྱིས ་བརླབས་པའི་ཆོས་ཀྱི་ཚུལ་འབར་བ། དེ་སྲིད་ཁོ་བོ་ཅག་གི་རང་གི་སུག་ལས་དོར་ནས་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་བསྲུང་བར་བགྱིའོ། །ཡོངས་སུ་སྐྱང་བར་བགྱིའོ། །ཆོས་ལ་གནས་པས་ཚུལ་ཁྲིམས་ཀྱི་ཕྱུག་པ། ཡོན་ཏན ་དང་ལྡན་པ། ཡོངས་སུ་འཛིན་པ་མེད་པ། དབེན་པ་ལ་མངོན་པར་དགའ་བ། ཆོས་ཀྱི་རྗེས་སུ་མཐུན་པར་ཆོས་ལ་ཞུགས་པའི་གང་ཟག་རྣམས་ཆོས་གོས་དང། ཟས་དང། མལ་སྟན་དང། ན་བའི་རྐྱེན་སྨན་གྱི་བྱད?་རྣམས་ཀྱི་བསྲུང ་བར་བགྱི། ཡོངས་སུ་སྐྱང་བར་བགྱིའོ། །ནད་མེད་པ་དང་སྟོབས་དང་བདེ་བ་ལ་རེག་པ་གནས་པ་ཉིད་ཀྱིས། དགེ་བའི་ཕྱོགས་དང་རྗེས་སུ་མཐུན་པ་ཉིད་བསྒྲུབ་པར་བགྱིའོ། །ཇི་སྲིད་དུ་དེ་དག་སངས་རྒྱས་ཀྱི་བཅས་པའི་བསླབ་པ་ལ་ཡོངས་སུ་རྫོགས ་པར་སྤྱོད་པ་བརྩོན་འགྲུས་བརྩམས་པ། རབ་ཏུ་རྣམ་པར་དབེན་པ། དྲན་པ་ཉེ་བར་གཞག་པས་གནས་ཤིང། ཡོངས་སུ་འཛིན་པ་ཐམས་ཅད་དང། ཀུན་དགའ་ར་བ་དང། ཁྱིམ་དང། ཞིང་དང། བྲན་ཕོ་དང། བྲན་མོ་དང། ་ནོར་དང། འབྲུ་དང། གྲགས་པ་དང། རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་མཆོག་དང། ཚུལ་འཆོས་དང། ཁ་གསག་དང། གཞོག་སློངས་རྣམས་དང་ཐམས་ཅད་དང་མ་འདྲེས་པར་གནས་པ་དེ་སྲིད་དུ། ཁོ ་བོ་ཅག་གིས་གནོད་སྦྱིན་གདུག་པ་ནས། ལུས་སྲུལ་པོ་གདུག་པའི་བར་དུ་ཟློག་པར་བགྱིའོ། །བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་བསྟན་པ་ལ་དེ་དག་དད་པ་བསྐྱེད་པར་བགྱིའོ། །ཇི་སྲིད་དུ་དེ་དག་ཟླ་བ་དང་ཉི་མ་དང་གཟའ་དང་རྒྱུ་སྐར ་དང། ཉིན་མོ་དང་མཚན་མོ་དང། ལོ་དང་དུས་ཚིགས་ཡང་དག་པར་འདའ་བ་དེ་སྲིད་དུ། ཁོ་བོ་ཅག་གིས་འཐབ་པ་དང་རྩོད་པ་དང་གཡུལ་དོ་དང། ནད་དང་ཕ་རོལ་གྱི་དམག་ཚོགས་དང་མུ་གེ་དང་གཡོ་དང་སླུ་བ་དར་བརྫུན་དུ་སྨ་བ་དང། དུས་བསྟན?? ་ཡིན་པའི་རླུང་དང་ཆར་འབབ་པ་དག་རབ་ཏུ་ཞི་བར་བགྱིའོ། །བདག་ཅག་གིས་རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་དང། སྐྱེས་པ་དང། བུད་མེད་དང། ཁྱེའུ་དང་བུ་མོ་ཇི་སྙེད་པའི་བར་རྣམས་མི་དག་ཏའི??་ཆོས ་རྣམས་ལས་བཟློག་པར་བགྱིའོ། །དགེ་བའི་སྤྱོད་པ་ཐམས་ཅད་ལ་སྦྱར་བར་བགྱིའོ། །གང་ཟག་ཆོས་ལ་གནས་པ་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡམས་པ་དང། ཚུལ་ཁྲིམས་དང་ལྡན་པ་དང། ཡོན་ཏན་གྱིས་འཕྱུག་པ་རྣམས་པ་ཀྱི་སྤྱོད་པའི་སྤྱོད་པ ་ལ་གཟུང་བར་བགྱིའོ། །ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རེ་བོ་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་ཆོས་ཀྱི་འདུ་ཤེས་ཀྱིས་མངོན་པར་དགའ་བར་འགྱུར་བ་དེ་སྲིད་དུ། བདག་ཅག་གིས་གྲོང་ཁྱེར་དང་གྲོང་རྡལ་དང། རི་སུལ་དང་ཡུལ་འཁོར་དང ་ལྗོངས་དེ་དག་དང། སྦྱིན་པ་པོ་དང་སྦྱིན་བདག་དེ་དག་ཀྱང་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱད་པར་བགྱིའོ། །ནོར་དང་འབྲུ་དང་དགའ་བ་དང་རྩེ་བ་དང་ནད་མེད་པ་དང། ཕན་ཚུན་དུ་རབ་ཏུ་དགའ་བས་ཚོགས་པ་དང། ཚེ་རིང་བ་ཉིད་མ་ཆེད ་བ་མེད་པར་བསྒྲུབ་པར་བ་གྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རེ་བ་ཐམས་ཅད་མི་འཛིན་ཅིང། ཆོས་ལ་གནས་པ་ཆོས་ཀྱི་རྗེས་སུ་མཐུན་པར་ཆོས་བསྒྲུབ་པར་གནས་པར་འགྱུར་བ་དེ་སྲིད་དུ་འདི་ནི་ཡུན་རིང་པོར་སའི ་བཅུད་དང་སེམས་ཅན་གྱི་གཟི་མདངས་དང། ཆོས་ཀྱི་གཟི་མདངས་མི་ནུབ་པར་གནས་པར་འགྱུར་རོ། །ཇི་སྲིད་དུ་ཡུན་རིང་པོར་ལྷ་དང་ཀླུ་དང་གནོད་སྦྱིན་དང། མིའི་འཇིག་རྟེན་ན་མངོན་པར་དགའ་བར་གྱུར་པ་དེ་སྲིད་དུ་ཡུན་རིང་པོར་སེམས་ཅན ་རྣམས་ཚེའི་དུས་བྱས་ནས་ལྷ་དང་མི་རྣམས་ཀྱི་ནང་དུ་སེམས་ཅན་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་དེ་དག་ཏུ་སྐྱེ་བར་འགྱུར། དེ་སྲིད་དུ་ཡུན་རིང་པོར་ལྷ་དང་མི་རྣམས་ཀྱི་ནང་དུ་སེམས་ཅན་དབང་ཆེ་བར་གྲགས་པ ་དབང་ཆེ་བར་གྲགས་པ་རྣམས་ཀྱིས་ཡོངས་སུ་གང་བར་འགྱུར། དེ་སྲིད་དུ་ཡུན་རིང་པོར་ཆོས་ལ་གནས་པའི་སེམས་དཔའ་རྣམས་གནས་པར་འགྱུར། དེ་སྲིད་དུ་འདི་ལྟར་ཆོས་མ་ཡིན་པའི་ཕྱོགས་ཚར་གཅད་པའི་ཕྱིར་བདག་ཅག་སྟབས་དང ་བརྩོན་པ་དང་ཕ་རོལ་གནོན་པས་གནས་པར་འགྱུར། དེ་སྲིད་དུ་ཡུན་རིང་པོར་བདག་ཅག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མ་དད་པའི་སེམས་ཅན་རྣམས་དད་པར་བྱ་བའི་ཕྱིར་ནུས་པར་འགྱུར། བཙུན་པ་བཅོམ་ལྡན་འདས་གང་གི་ཕྱིར ་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡོངས་སུ་འཛིན་པ་དང་བཅས་པར་འགྱུར་བས། རྣལ་འབྱོར་ཡིད་ལ་བྱེད་པ་དང། ཆོས་ལ་གནས་པ་དང། དགོན་པ་དང། ནགས་ཁྲོད་ན་གནས་པ་དང། བས་མཛའ་ཨི་གནས་མལ་སྤོང ་བར་འགྱུར། ཕྲག་དོག་གི་ངང་ཚུལ་ཅན་དང་བསགས་པ་མང་བས་གནས་པར་འགྱུར། བསླབ་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར། ཁྱིམ་ན་གནས་པ་དང་འདྲི་བ་དང། རྙེད་པ་དང་བཀུར་སྟི་ལ་དགའ་བར་འགྱུར། ་དེ་དག་ཁྱིམ་པའི་སྟོབས་དང། ནོར་གྱི་ཕུང་པོའི་སྟོབས་ཀྱི་ཕན་ཚུན་འཇོམས་པར་བྱེད། འཐབ་པ་ལ་དགའ་ཞིང་ཁྱིམ་པའི་མདུན་དུ་རྩོད་པ་བྱེད། བརྫུན་ཚིག་རྩུབ་མོ་སྨྲ་བར་མི་སྲུང་བས། ཁྱིམ་པ་རྣམས་བཅོམ་ལྡན་འདས་ཀྱི་བསྟན ་པ་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་པར་མི་འགྱུར། རྒྱལ་རིགས་དང། བྲམ་ཟེ་དང། གྲོང་རྡལ་དང། ལྗོངས་པ་དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྒྱུན་གཅོད་པར་འགྱུར་རོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། ། ་ད་ལྟར་དང་མ་འོངས་པའི་དུས་ན། རྒྱལ་རིགས་ཁྱེད་ཅག་ཐམས་ཅད་ཀྱི་ལག་ཏུ་ཉན་ཐོས་ཀྱི་བསླབ་པ་ཁྲིམས་སུ་བཅའ་བ་གཏད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་དང་མ་འོངས་པའི་དུས་ན་དའི་བསྟན་པ་ལ་གང་ཟག་ལམ་ངན་པ་གདུལ་དཀའ་ ་བ་ངོ་ཚ་བ་དང་ཁྲེལ་སྤངས་པ་སྤྱོད་པ་ལེགས་པར་མ་བྱས་པ་རྣམས་གནས་པར་འགྱུར། གང་དག་གཉེན་བཤེས་ཀྱི་སྟོབས་སམ་ཁྱིམ་པའི་སྟོབས་སམ། མང་དུ་ཐོས་པའི་སྟོབས་སམ། འཁོར་གྱི་སྟོབས་ཀྱིས་བསླབ་པ་དག་ལ་རྨས་པར ་སྤྱོད་ཅིང། ཁྱིམ་པའི་རྟགས་དང་ཁྱིམ་པའི་ལོངས་སྤྱོད་དག་ལ་ལྟ་བར་བྱེད། ཡོངས་སུ་འཛིན་པ་ཡང་ལན་པར་བྱེད། དགེ་སློང་ཉུང་བར་གནས་པ་རྣམས་ཀྱི་མྱུར་བར་དགེ་འདུན་གྱི་ནང་ནས་དབྱུང་བ་དང། ཇི་ལྟར་བསླབ་པ་བཅས་པ ་བཞིན་ཆད་པ་གཅད་པར་མི་ནུས་པ་དེའི་ཕྱིར་བསླབ་པ་བཅའ་བའི་བྱ་བ་རྒྱལ་རིགས་རྣམས་ཀྱི་ལག་ཏུ་གཏད་པར་བྱའོ། །རྒྱལ་རིགས་དེ་དག་དེ་ལྟ་བུའི་ངོ་བོའི་གང་ཟག་རྣམས་ལ་ཇི་ལྟར་བཅས་པ་བཞིན་ཆད་པ་གཅོད་དུ་འཇུག་པར་བྱེད་དོ། །རྒྱལ་རིགས ་གང་དག་ད་ལྟར་དང་མ་འོངས་པའི་དུས་ལྔ་བརྒྱ་པ་ཐ་མའི་བར་དུ་དེ་ལྟར་བརྩོན་པ་དང་ཕ་རོལ་གནོད་པས་ངའི་བསྟན་པ་སྲུང་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། ཆོས་ཀྱི་ཚུལ་ཡང་དག་པར་འབར་བར་བྱེད་པར་འགྱུར་བའི་རྒྱལ་རིགས་དེ་དག་ནི། དཀོན ་མཆོག་གསུམ་གྱི་གདུང་མི་བཅད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་སྐྱོང་བའི་ལྷ་རྣམས་ཀྱིས་སྲུང་བར་འགྱུར། ཡོངས་སུ་སྐྱོང་བར་འགྱུར་རོ། །རྒྱལ་རིགས་དེ་དག་ཡུན་རིང་པོར་རྒྱལ་པོ་ཉིད་བྱེད་པར་འགྱུར། གང ་ལས་བསྐལ་པ་བརྒྱར་བྱང་ཆུབ་ཀྱི་ཕྱིར་སྤྱོད་པར་འགྱུར་བ་བསོད་ནམས་ཆེས་མང་པོ་བསྐྱེད་པར་འགྱུར་རོ། །ཡང་གང་དག་དེ་ལྟར་དང་མ་འོངས་པའི་དུས་ན། ངའི་བསྟན་པ་ལ་བཏང་སྙོམས་པར་གནས་པར་འགྱུར་བའི་རྒྱལ་རིགས་དེ་དག་ནི། ལྷ་ཐམས་ཅད ་གྱིས་ཡོངས་སུ་སྤོང་བར་འགྱུར། ཉན་ཐོས་དང་རང་རྒྱལ་བ་ཐམས་ཅད་ཀྱི་སྤོང་བར་འགྱུར། གང་ངའི་བསྟན་པ་ལ་བཏང་སྙོམས་པའི་རྒྱལ་རིགས་དེ་ནི་འཇིག་རྟེན་ཕ་རོལ་ཏུ་ལྷ་དང་མིར་སྐྱེ་བར་མི་འགྱུར། ་དཀོན་མཆོག་གསུམ་གྱི་གདུང་རྣམ་པར་གཅད་པའི་ཕྱིར་ཞུགས་པ་ཡིན། ཆོས་ཀྱི་སྒྲོན་མ་ཡོངས་སུ་བསྣུབ་པའི་ཕྱིར་ཞུགས་པ་ཡིན། ཆོས་ཀྱི་བཅུད་བསྐལ་བའི་ཕྱིར་ཞུགས་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་དབྱུང ་བའི་ཕྱིར་ཞུགས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཟག་གང་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་དེས། བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་དང་ལྡན་པར་འགྱུར། རྒྱལ་པོ་གཟུགས་ཅན་སྙིང་པོས ་མཆི་མ་བླགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །གང་ཟག་དེས་བསོད་ནམས་མ་ཡིན་པ་གཞལ་དུ་མེད་གྲངས་མེད་པ་ར་བཏུ་བསྐྱེད་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས ་གང་ཞིག་ད་ལྟར་དང་མ་འོངས་པའི་དུས་ན་བདག་གི་བསྟན་པ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་འབར་གྱི་བར་དུ། ཆོས་ལ་གནས་པའི་གང་ཟག་བསྲུང་བར་མི་འགྱུར། གང་ཟག་ལས་ངན་པ་པ་རྣམས་ཆད་པའི་རིམ་པ་ཆོས་ཇི་ལྟ་བ ་བཞིན་དུ་སློབ་པར་མི་བྱེད་པའི་རྒྱལ་རིགས་དེ་བསོད་ནམས་མ་ཡིན་པ་ཆེས་མང་དུ་བསྐྱེད་དོ། །གང་རྒྱལ་རིགས་དེ་སྔོན་བསྐལ་པ་བརྒྱར་སྦྱིན་པ་བཏང་བར་གྱུར། ཚུལ་ཁྲིམས་བསྲུངས་པ་ནས་ཤེས་རབ་བསྒོམ་པའི་བར་དུ་གྱུར་པ་དང། ་ཐེག་པ་གསུམ་པོ་གང་ཡང་རུང་བའི་ཐེག་པས་ཡང་དག་པར་རབ་ཏུ་གནས་པར་གྱུར་པ་དེ། དམ་པའི་ཆོས་སྤངས་པ་དང་རབ་ཏུ་བརླག་པའི་རྒྱུས། དེའི་སྔོན་བསགས་པའི་དགེ་བའི་རྩ་བ་དེ་ཐམས་ཅད་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར ་འགྱུར་རོ། །དེའི་ཡུལ་ཏུ་ཆོས་མ་ཡིན་པ་གསུམ་པོ། །མུ་གེ་དང་འཐབ་མོ་དང་གཡུལ་འགྱེད་པ་འབྱུང་བར་འགྱུར་རོ། །དེ་ལ་ལྷས་བཏང་སྙོམས་སུ་བྱེད། ལྷ་རྣམས་ཀྱི་འདོད། །དེའི་ཡུལ་དུ་བཀའ་ལུང་མི་འཇུག་།དེའི་ཡུལ་དུ་གཡོ་དང་སླུ་བ་དང་བརྫུན་སྨྲ ་བ་སྣ་ཚོགས་པ་འབྱུང་བར་འགྱུར། ཕ་རོལ་གྱི་དམག་ཚོགས་ཀྱི་ཆོས་ཀྱི་ཕུང་པོ་འཕྲོག་པར་འགྱུར། །མེས་ཚིག་པའམ་ཆུས་འཁྱེར་བར་འགྱུར། རྒྱལ་རིགས་དེ་ཡུན་རིང་པོར་མི་ཐོགས་པར་ནང་མི་བཟད་པས་ཐེབས་པར་འགྱུར། མྱུར་དུ་མཛའ་ ་བོ་དང་ནི་ར་དུ་འོང་བ་རྣམས་དང་འབྲལ་བར་འགྱུར། ཚེའི་དུས་བྱས་ནས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་རྒྱ་ལམ་ན་ཤིན་ཏུ་ཡུན་རིང་པོ་ཞིག་ན་མི་ཉིད་དུ་སྐྱེས་པ་ནས། མྱུར་དུ་མིག་ཉམས་པར་འགྱུར། ཉེ་བར་ལོངས་སྤྱོད་པ་དང། ་ཡོངས་སུ་ལོངས་སྤྱོད་པ་ཐམས་ཅད་དང་འབྲལ་ཞིང། ལྗན་ལྗིན་ན་གནས་པར་འགྱུར། ཡུན་རིང་པོར་འཚོ་ཞིང་འཆི་བའི་དུས་བྱས་ནས། དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། གནས་མ་ཡིན་པ་ཡོངས་སུ་རྟོགས་པར་བྱེད་པར་འགྱུར། ་དེ་སངས་རྒྱས་འབྱུང་བ་མེད་པར་མིའི་ཐོད་པ་རྙེད་པར་འགྱུར་རོ། །རྒྱལ་རིགས་ཇི་ལྟ་དེ་བཞིན་དུ་བྲམ་ཟེ་དང། རྗེའུ་རིགས་དང། དམངས་རིགས་ལ་སོགས་པ། གྲོང་ཁྱེར་གྱི་གཙོ་བོ་རྣམས་ལ་ཡང་འགྱུར་རོ། །ཡུལ་གྱི་གཙོ་བོ་དང། གྲོང ་གི་གཙོ་བོ་དང། རི་བྲག་པའི་གཙོ་བོ་དང། གྲོང་རྡལ་གྱི་གཙོ་བོ་རྣམས་ལ་ཡང་འགྱུར་རོ། །གང་ཞིག་བག་མེད་པའི་རྒྱཱུམ། ནོར་གྱི་རྒྱུས་དའི་བསྟན་པ་ལ་ཆོས་ལ་གནས་པའི་གང་ཟག་རྣམས་ཅི་ནུས་པར་མི་སྲུང་ཞིང། གང་ཟག་ལམ་ངན་པ ་པ་ཇི་ལྟ་བུའི་ཆོས་ཀྱི་མི་འཛིན་པ་ཐམས་ཅད་ནི། དེ་ལྟ་བུའི་ངོ་བོའི་ལས་ཀྱི་སྒྲིབ་པ་དང་ལྡན་པར་འགྱུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་ན། རྒྱལ་རིགས ་རྣམས་ཀྱི་མིའི་ཐོབ་པ་ནི་རྙེད་པ་དཀའ་ཨོ། །གང་དག་ཀུན་ནས་བག་མེད་པས་མང་དུ་གནས་ཤིང། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་གྱི་འཕྱུག་པ་ཆོས་ལ་གནས་པ་རྣམས་ལ་མཆོད་པ་དང་རིམ་གྲོ་མི་བྱེད་ལ། དམ་པའི ་ཆོས་ཡུན་རིང་དུ་གནས་པའི་ཕྱིར་དང། དཀོན་མཆོག་གསུམ་གྱི་གདུང་མི་གཅད་པར་བྱ་བའི་ཕྱིར། གང་ཟག་ལམ་ངན་པ་པ་ངོ་ཚ་བ་དང་ཁྲེལ་སྤངས་པ་ཆོས་ཀྱིས་ཚར་གཅོད་པར་མི་བྱེད་པ་དེ་ནི། ཤིན་ཏུ་བརླག་པ་དང། རྟག་ཏུ་ངན་སོང་དུ ་འགྲོ་བར་འགྱུར་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང། བསམ་གཏན་དང་ནི་ཁ་ཏོན་བཏང་ནས་སུ། །རྟག་ཏུ་གཙུག་ལག་ཁང་གི་ལས་ལ་བརྩོན། །གནས་ལ་བརྐམ་ཞིང་ཁྲོ་གཉེར་འབྱིན་པར་བྱེད། །དེ་དག་སློབ་མ་འཁོར་ཀྱང་མ ་དུལ་བ། །ང་ནི་གཙུག་ལག་ཁང་གི་ལག་གི་བླ། །བདག་གི་ཆེད་དུ་འདི་ནི་ངས་བྱས་ཏེ། །དགེ་སློང་གང་དག་ང་ཡི་རྗེས་མཐུན་པ། །གཙུག་ལག་ཁང་འདིར་དེ་དག་གནས་ཡོད་དོ། །གང་དག་ཚུལ་ཁྲིམས་ལྡན་ཞིང་ཡོན་ཏན་ལྡན། །ཆོས་འཛིན་སྐྱེ་བོའི་དོན་ལ ་མངོན་བརྩོན་པ། །དུལ་ཞིང་ཡང་དག་སྡོམ་ལ་རྟག་བརྩོན་པ། །དེ་དག་གནས་ནི་སྡུད་པར་མི་བྱེད་དོ། །འདི་ནི་ད་ཡིས་གནས་སུ་བསྐོས་པ་སྟེ། །འདི་ནི་ང་དང་ལྷན་ཅིག་གནས་པའི་ཡིན། །འདི་ནི་ང་ཡི་དགའ་བར་བྱེད་པ་ཡིན། །ཁྱེད་ཅི་གནས་འདི་གང ་ཡང་མེད་ཀྱིས་སོང། །འདིར་ནི་དགེ་སློང་དག་ཀྱང་མང་བཀོད་དེ། །མས་ཆ་རྣམས་ཀྱང་མ་ལུས་བགོས་ཟིན་ལ། །འདི་ནི་རྙེད་པ་འབྱུང་བ་ཡོད་མ་ཡིན། །འདིར་ནི་ཅི་ཞིག་སྤྱད་ཀྱིས་དགེ་སློང་སོང། །དེ་དག་ལ་ནི་མལ་སྟན་བགོ་བྱ་བ། །ནམ ་དཱུང་སྲིད་པར་འགྱུར་བ་མ་ཡིན་གྱི། །དེ་དག་ཁྱིམ་པ་ལྟ་བུར་སོགས་འགྱུར་ཞིང། །འཚོག་བཅས་རྣམས་དང་གཡོག་འཁོར་མང་བར་འགྱུར་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཉེ་བར་ལེན་པ་མེད་པ་རྣམས་ཡིན། འདུ་འཛི་མེད་པར་སྤྱོད་པ་རྣམས་ཡིན། ཡུལ་ལ་རྒྱབ་ཀྱི་ཕྱོགས་པ་རྣམས་ཡིན། ཡུལ་ལ་སྲེད ་པ་དང་བྲལ་བ་རྣམས་ཡིན། །ཡུལ་གྱི་ཉེས་པས་མི་གོས་པ་རྣམས་ཡིན། །དེ་བཞིན་གཤེགས་པས་ཚུལ་ཁྲིམས་བརྒྱས་པ་ལ་རིམ་གྲོ་བྱེད་ཅིང་བརྩོན་པ་ཤིན་ཏུ་བསླབས་པ་རྣམས་ཡིན། གོས་དང་བསོད་སྙོམས་དང་མལ་ཆ་ངན་དོན་དང ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ངན་ངོན་དག་གིས་ཆོག་ཤེས་པ་རྣམས་ཡིན། ལྷུང་བཟེད་དང་ཆོས་གོས་དང་ཡོ་བྱད་སོགས་པ་དང་བྲལ་བ་རྣམས་ཡིན། རྟག་པར་འཇིགས་པའི་ཡིད་དང་ལྡན་ཞིང་ཡུལ་རྣམས་ལ་སྐྱོ་བ་རྣམས་ཡིན། དབེན་པ་ལ ་དགའ་ཞིང་རྟག་ཏུ་དགོན་པ་ལ་བརྩོན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཡིན་ནོ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས ་ཀྱང། རིགས་ཀྱི་བུ་གཞན་གང་དཔེར་ན། ཞིང་ངམ་ཁྱིམ་དུ་དུག་ཤིང་ངམ། སྙིང་ལོངས་སྐྱེས་ནས། རྩ་ནས་དབྱུང་དགོས་པ་དེ་བཞིན་དུ། ཚུལ་ཁྲིམས་འཆལ་བ་རྣམས་དང་དམ་པའི་ཆོས་སུན་འབྱིན་པ་རྣམས་བྲན་བཞིན་དུ་ཚར་བཅད་པར ་ངས་གནང་ངོ། །གང་དག་དེ་རྣམས་ཚར་གཅོད་པར་མི་བྱེད་པ་དེ་དག་ནི། དའི་བསྟན་པ་ལས་ཤིན་ཏུ་རིང་བ་ཡིན་ནོ། །གང་དག་དེ་རྣམས་ཚར་གཅོད་པར་བྱེད་པ་དེ་དག་ནི། ངའི་སློབ་མ་དང་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ཆེན་པོ་དང་རུས་གཅིག ་ཕས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པས་དེ་སྐད་གསུངས་ན་ནི། སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པའང་མ་ལགས། སྟེའུ་དང་ཙནདན་ལྟ་བུ་ཞེས་བགྱི་བའི་མིང་ཡང་བརླག་པར་འགྱུར་ན། ངམ་པའི་ཆོས་སུན ་འབྱིན་པ་རྣམས་ཇི་ལྟར་ཚར་བཅད་པའི་རིགས་ལགས། དེ་བཞིན་གཤེགས་པ་དེ་ལྟར་བགྱིད་དུ་སྩལ་བའི་མི་རིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་? ་དཔེར་ན་ཁྱིམ་བདག་གམ། ཚོད་དཔོན་ནམ། དེད་དཔོན་ནམ། བློན་པོ་ནམ། རྒྱལ་པོ་ཡང་རུང་བ་ཞིག་གིས་རང་གི་བུ་སྡུག་ཅིང་ཕངས་ལ། མཆོག་ཏུ་མཛེས་ཤིང་བྱང་གཟུགས་ཕུན་སུམ་ཆོགས་པ་རྣམས། སློབ་དཔོན་གྱི་ལག ་ཏུ་གཏད་ནས། སློབ་དཔོན་དེ་ལ་འདི་སྐད་ཅེས་སྨྲས་ཏེ། བདག་གི་བུ་འདི་རྣམས་འདུལ་བ་དང་ཆོ་ག་དང་སྤྱོད་ཡུལ་དང། རིག་པ་རྣམས་བསླབ་པའི་ཕྱིར་ཁྱོད་ལ་གཏད་ཀྱིས། འདི་རྣམས་ཁྱོད་ཀྱི་འདུལ་བ་དང་ཆོ་ག་དང། སྤྱོད་ཡུལ ་དང། རིགས་པ་རྣམས་སློབས་ཤིག་།ཆོས་ཤིག་།གལ་ཏེ་བདག་གི་བུ་འདི་བཞི་ལས་གསུམ་ནི་བརྡེག་པ་དང་བསྡིགས་པ་དང། ཚར་བཅད་པ་རྣམས་ཀྱིས་ཤི་བར་གྱུར་ལ། གཅིག་ནི་གསོན་པོར་འདུག་སྟེ། གཅིག་ལོབས?་པར ་གྱུར་ན། གསུམ་ཤི་ཡང་བླ་སྟེ། གསུམ་ནི་ཤི་གཅིག་ལོབས་པ་དེ་ལ་ཅི་སློབ་དཔོན་གྱི་སྡིག་པའི་ལས་བྱས་ཞེས་བྱའམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ལ་ནི་གཉི་ག་ལ་ཡང་སྡིག་པའི་ལས་སུ་མི་འགྱུར་ལགས་སོ། །དེ་ཅིའི ་སླང་དུ་ཞེ་ན། དེ་ལ་ནི་ཁོན་གྱི་བསམ་པ་མ་མཆིས་ཏེ། དེ་ལྟར་བགྱིས་ན་བསོད་ནམས་མང་དུ་འཕེལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་ནི་དམ་པའི ་ཆོས་སུན་འབྱིན་པའི་སེམས་ཅན་རྣམས་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ཏེ། བུ་རྣམས་སློབ་དཔོན་གྱི་ལག་ཏུ་གཏོད་པ་བཞིན་དུ། རྒྱལ་པོ་དང་བློན་པོ་དང། དགེ་བསྙེན་རྣམས་ཀྱི་ལག་ཏུ་གཏོད་པར་མཛད་དོ། །དེ་ནས་རྒྱལ་པོ་དང་བློན ་པོ་དང། དགེ་བསྙེན་དེ་དག་གིས་བྱིས་པ་གཡེལ་བ་དེ་དག་ཚར་གཅོད་པར་བྱེད་ན། ཅི་དེ་ལ་དེ་བཞིན་གཤེགས་པ་ལ་སྡིག་པའི་ལས་སུ་འགྱུར་ཞེས་བྱ་བའམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། རྒྱལ་པོ་དང་བློན་པོ་དང། དགེ་བསྙེན་རྣམས ་ལ་ཡང་སྡིག་པའི་ལས་སུ་མི་འགྱུར་ན། དེ་བཞིན་གཤེགས་པ་གོས་པ་མི་མངའ་བ་ལྟ་ལ་གོས་པར་གལ་འགྱུར། དེ་དག་ཉིད་ཀྱི་ཡོན་ཏན་དང། སྤྱོད་པ་བསྲུང་བའི་སླད་དུ་མི་འདོད་བཞིན་དུ་ཚར་གཅོད་པར་བས་སོ། །བཅོམ་ལྡན་འདས་ཀྱིས་བཀལ ་སྩལ་པ། ད་ལྟར་ན་བུ་གཅིག་པའི་འདུ་ཤེས་སྒོམ་པ་ཡིན་ཏེ། གང་དག་དེ་ལྟར་བསྒོམ་པ་དེ་དག་ནི་བུ་གཅིག་པའི་འདུ་ཤེས་སྒོམ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས ་སྒོམ་པར་བྱའོ། །དེ་ལྟར་བྱས་ནས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་སྒོམ་པ་བསྒོམས་པར་འགྱུར་རོ། །དེ་ན་མཆོག་ཏུ་འཚེ་བ་མེད་པ་དག་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ཚེ་རིང་བ་དང། མཆོག་ཏུ་རིང་བ་དང། ཚེ་རབས་དྲན་པར་འགྱུར་རོ། ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ ་ལྟ་ལོས་ཀྱང་མོད། འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དཔེར་གསོལ་ན། གཏམ་རྒྱུད་མཁན་ཞིག་གིས་ལྟད་མོ་བའི་འཁོར་གྱི་ནང་དུ། མ་ལ་ཕུང་དུང་བྱ་བའི་རིགས་པའི་གཏམ་སྣ་ཚོགས་བགྱིས་ལ། རང་གི ་ཁྱིམ་དུ་མཆིས་ནས། མཆོག་ཏུ་དགའ་བ་བགྱིད་བགྱིད་པའི་མ་ལ། དབྱུག་པ་དང། ཕག་དུམ་དང། བོང་བ་དང། རྡོ་དག་གི་གནོད་པ་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག ་པའི་འདུ་ཤེས་སྒོམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་པ་དང། མཆོག་ཏུ་ཚེ་རིང་བ་དང། ཚེ་རབས་དྲན་པ་དང། མི་འཆི་བ་དང། ཐེར་ཟུག་པ་དང། བརྟན་པར་འགྱུར་རོ་ཞེས་གསུངས་ན། ་ཅིའི་སླད་དུ་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ཚེ་ཐུང་ལགས་ཅི་སླུ་བ་མཛད་དམ། འོད་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་དགྲ་བཞིན་དུ་གཟིགས་གཟིགས་སམ། ཀྱེ་མ་བཅོམ་ལྡན་འདས། བཅོམ་ལྡན་འདས ་ཀྱིས་ནི་དགའ་བ་མཛད་མཛད་དོ། །མིའི་ལྟར་བརྩིན་ལོ་བརྒྱ་ཡང་མི་ཐུབ་སྟེ། དེ་བཞིན་གཤེགས་པ་འདི་ཁོ་ན་ལྟར་སྐུ་ཚེ་ཐུང་བ་ལས་ན། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ། དེ་སྙེད་ཀྱི་སྲོག་ཅིག་བཅང་ལག ་འདི་ཁོ་ན་ལྟར་ཚེ་ཐུང་བ་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་མཆོག་ཏུ་མི་བཟད་པའི་ལས་མཛད་ལགས་གྲང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་སྲུངས་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། འདི་ཁོ་ན་ལྟར་མ་རྒྱ་ཞིག་མ་རྒྱས་ཤིག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་སྐུ་ཚེ་རིང་ངོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་བརྟན་པའོ། །མཆོག་ཏུ་ཞི་པའོ། །མཆོག་ཏུ་ཐེར་ཟུག་པའོ། །མཆོག་ཏུ་རྟག་པའོ། །འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། དེ་བཞིན་གཤེགས་པ་མཆོག་ཏུ ་སྐུ་ཚེ་རིང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དཔེར་ན་ཆུ་ཀླུང་གང་གཱ་དང། ཡ་མུ་ན་དང། ས་ར་ཡུ་དང། ཧིང་ཀུ་ལ་སོགས་པ་ཆུ་ཀླུང་ཆེན་པོ་རྣམས་དང། ཆུ་བྲན་གཞན་རྣམས་རྒྱ་མཚོ ་ཆེན་པོ་ཁོ་ནའི་ནང་དུ་འབབ་པ་དེ་བཞིན་དུ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། ལྷ་ཡུལ་དང་སའི་སྟེང་གི་ཚེའི་ཆུ་ཀླུང་ཡོད་དོ་ཅོག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྐུ་རྒྱ་མཚོ་ཁོ་ནར་འབབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ ་མཆོག་ཏུ་སྐུ་ཚེ་རིང་ངོ་ཞེས་གསུངས་པ་དང། མདོ་སྡེ་དེ་ཉིད་ལས། རྡོ་རྗེ་ལྟ་བུར་མི་ཤིགས་པའི་སྐུ་འདི་ཇི་ལྟར་འགྲུབ་པར་འགྱུར་ལགས། སྐུ་འདི་ལྟ་བུ་རྒྱུ་ཅིས་འགྲུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དའི་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས ་བསྲུངས་པའི་བསོད་ནམས་ཀྱི་རྒྱུས་འགྲུབ་པ་ཡིན་ནོ། །རིགས་ཀྱི་བུ་དམ་པའི་ཆོས་བསྲུངས་པའི་དགེ་བསྙེན་གྱིས་ནི་བསླབ་པའི་གཞི་ལྔ་བླང་བར་མི་བྱའོ། །དགེ་བསྙེན་གྱི་འདུལ་པ་ཡང་སྤྱད་པར་མི་བྱའོ། །ཚུལ་ཁྲིམས་དང་ཆོ་ག་དང། ཡོན་ཏན ་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར། མདའ་གཞུ་དང། རལ་གྲི་དང། མདུང་ཐུང་ཁ་ལེབ་ལག་ཏུ་ཐོགས་པར་བྱའོ། །གསོལ་པ། དགེ་སློང་དག་ལས་བསྲུངས་མ་དང། ལྷན་ཅིག་མི་འཁོད་པར་གཅིག་པུ་ཤིང་དྲུང་དུ་སྟན་བཏིང ་བ་ལ་མཆིས་པ་གང་ལགས་པ་དེ་དག་ནི་དགེ་སློང་ཞེས་བགྱི་བ་ལགས་སོ། །བསྲུངས་མ་དང་ལྷན་ཅིག་འཁོད་པ་གང་ལགས་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཅེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱིམ་བདག ་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག་།འདི་ནི་དགེ་སློང་ལ་ལ་མལ་སྟན་སར་པ་ལ་འདུག་ཅིང་དེ་ཟན་ཟོས་ནས་གཅིག་པུ་ཕྱོགས་གཅིག་ན། མི་སྨྲ་བར་འདུག་སྟེ། བསམ་གཏན་བྱེད་ལ་ལུས་ཀྱི་རང་བཞིན་ལ་ཡང་ལྟ་བར་བྱེད་དོ། །སེམས་ཅན་འོངས་པ ་རྣམས་ལ་ཡང་སྦྱིན་པའི་གཏམ་དང། ཚུལ་ཁྲིམས་ཀྱི་གཏམ་དང། བསོད་ནམས་ཀྱི་གཏམ་དང། བསོད་ནམས་རྣམ་པར་སྨིན་པའི་གཏམ་དང། ཆོག་ཤེས་པ་དང། སྨྱུང་བའི་ཆོས་ལ་སེང་གེའི་སྒྲ་སྒྲོགས་པར་མི་བྱེད་དེ། སེང་གེ་ལྟ་བུ ་འཁོར་ཡང་མི་འཆད། རྟགས་ཅན་འཆལ་པ་ཚར་བཅད་པའི་ཕྱིར་ཡང་སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི་སྐྱེ་པོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ཏེ། ་ཉོན་མོངས་པ་ཞན་པ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ཙམ་དུ་ཡང་ཟད་དོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་གཞན་ཞིག་གནས་གཞན་ཞིག་ན་མལ་སྟན་སར་པ་ལ་གདུག་ཅིང་སེང་གེའི་སྒྲ་སྒྲོགས་ཏེ། ས ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་གསུང་རབ་ཡན་ལག་དགུ། མདོའི་སྡེ་དང། དབྱངས་ཀྱི་སྙད་པའི་སྡེ་དང། ལུང་སྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས ་པའི་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ། མདོ་འདི་ལ་དགེ་སློང་བྲན་དང་བྲན་མོ་དང། བ་ལང་དང་མ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་རྣམས་བཤད་པས་བཤད་པ་ནི། བདག ་ཅག་གིས་རྐྱེན་དུ་འཚམས་པ་ཡིན་ཏེ། མདོ་ཆེ་གེ་མོ་ཞིག་ལས་ཀྱང་རབ་ཏུ་བྱུང་བ། རྫས་ངན་འཆང་བ་རྣམས། བཅོམ་ལྡན་འདས་ཀྱི་རྒྱལ་པོ་ཆེ་གེ་མོ་ཞིག་ལ་ཆད་པས་གཅོད་དུ་བཅུག་སྟེ། ཚུལ་ཁྲིམས་འཆང་བ་རྣམས་ནི་གོས་སྐྱ་པོ་གྱོན ་དུ་བཅུ་གོ་ཞེས་སྟོན་ཅིང། དེ་འདི་ལྟར་སེང་གེའི་སྒྲ་སྒྲོགས་པ་ལ། ཚུལ་ཁྲིམས་འཆལ་བ་རྣམས་ཀྱིས་དཀྲུགས་མ་བྱས་ཏེ། སྲོག་བཅད་ཟིན་ཀྱང། དགེ་སློང་དེ་ལ་ནི་ཚུལ་ཁྲིམས་དང་ལྡན་པ། བདག་ལ་ཕན་པ་དང། གཞན་ལ ་ཕན་པ་ལ་ཞུགས་པ་ཞེས་ང་ཟེར་རོ། །རྒྱུ་ངེས་ན་རྒྱལ་པོ་དང་བློན་པོ་དང། དགེ་བསྙེན་རྣམས་ལ་དམ་པའི་ཆོས་བསྲུང་པའི་ཕྱིར། ངས་དགེ་སློང་རྣམས་བསྲུང་བར་ཡང་གནང། ཁྱིམ་བདག་མགོ་རེག་རྣམས་ཆད་བས་གཅོད་དུ་ཡང་གནད?་དོ། ། ་དེ་ལ་ཚུལ་ཁྲིམས་འཆལ་བ་གང་ཡིན་པ་དེ་དག་ནི། ཁྱིམ་བདག་མགོ་རེག་ཅེས་བྱ་སྟེ། དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ཚིག་བླ་དགས་མ་ཡིན་ནོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་སྔ་རོལ་ཏུ། གྲོང་ཁྱེར ་ཀུ་ཤི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་སྐྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡངས་པར་གྱུར་ཏེ། དེའི་ཆེ་སེམས་ཅན་དག ་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ། བྲུ་བས་ཉམ་ཆུང་བ་མེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་ལོ་བྱེ་བ་ཕྲག་དུ་མ་བཞུགས་ནས། གྲོང་ཁྱེར་འདི་ཉིད་དང། གནས་འདི་ཉིད་དུ་མྱ་ངན་ལས་འདས་སོ། །དེ་ནས་དེའི ་བསྟན་པ་ལོ་བྱེ་བ་ཕྲག་དུ་མའི་བར་དུ་གནས་ནས། གང་གི་ཚེ་བསྟན་པ་གནས་པ་དེའི་ལྷག་མ་ལོ་བཞི་བཅུ་ལུས་པ་དེའི་ཚེ། དམ་པའི་ཆོས་ནུབ་དུ་ཆ་བའི་དུས་ན། དགེ་སློང་སངས་རྒྱས་བྱིན་ཞེས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ། ་སེང་གེའི་སྒྲ་སྒྲོགས་པ། གསུང་རབ་ཡན་ལག་དགུའི་ཆོས་སྟོན་པ་ཞིག་བྱུང་སྟེ། དེ་བྲན་དང་བྲན་མོ་དང། བ་ལང་དང་མ་ཧེ་ལ་སོགས་པས་རྫས་ངན་བ་འཆང་པ་ལོག་པའི་ཆོས་སྟོན་པ། ཚུལ་ཁྲིམས་འཆལ་པ་སྡང་པའི་སེམས་དང་ལྡན ་པ་རྣམས་ཀྱིས་ཐོས་ནས། བཅད་པའི་སེམས་སྐྱེད་དེ། །ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམས་གཅིག་ཏུ་བསྡོངས་ནས། མཚོན་ཆ་སྣ་ཆགས་ལག་ན་ཐོགས་ཏེ། དགེ་སློང་དེའི་ཐད་དུ་དོང་ངོ། །ང་ཡང་ཡང་དེའི་ཚེ་དགེ་སློང་སྲིད་སྦྱིན་ཞེས་བྱ ་བར་གྱུར་ཏེ། རྒྱལ་པོ་དེས་གཏམ་དེ་ཐོས་ནས། དམ་པའི་ཆོས་སྲུང་པའི་ཕྱིར། དགེ་སློང་དེའི་ཐད་དུ་སོང་སྟེ། དེ་དག་དང་གཡུལ་བཀྱེའོ། །དེ་ནས་ཆོས་སྨ་པ་དེ། དེ་དག་གིས་མ་ཚུགས?་སོ། །རྒྱལ་པོ་དེ་ནི་རལ་གྲི་དང། མདུང་ཐུང་ཁ་ལེབ་དང། ་རྡོ་རྗེ་རྩེ་གཅིག་པ་དང། མདའ་རྣམས་ཀྱི་ལུས་ལ་མ་བཙགས་པའི་ས་མཚམས་ཡུངས་འབྲུ་ཙམ་ཡང་མེད་པར་འགྱུར་རོ། །དེ་ནས་དགེ་སློང་ངེས་རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས། ལེགས་སོ་ཞེས་སྨྲས་ཏེ། དམ ་པའི་ཆོས་བསྲུང་བས་དེ་ནི་དེ་ལྟར་བྱ་དགོས་སོ། །ཁྱོད་ནི་ཆོས་དཔག་ཏུ་མེད་པའི་སྐལ་པ་ཅན་དུ་འགྱུར་རོ་ཞེས་བྱ་བས་སོ། །དེ་ནས་རྒྱལ་པོ་དེས་དགེ་སློང་དེའི་ཚིག་ཐོས་ནས་ཤི་བ་དེའི་འོག་ཏུ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན ་གྱི་ཁམས་སུ་སྐྱེས་སོ། །དེར་སེམས་ཅན་གང་རྗེས་སུ་ཡི་རང་བར་གྱུར་པ་རྣམས་དང། གཡུལ་འགྱེད་པ་གང་ཡི་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན ་གྱི་ཁམས་སུ་སྐྱེས་སོ། །དེར་སེམས་ཅན་གང་རྗེས་སུ་ཡི་རང་བར་གྱུར་པ་རྣམས་དང། གཡུལ་འགྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས ་མངོན་པར་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་རྣམ་པ་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ། །དགེ་སློང་སངས་རྒྱས་བྱིན་ཡང་རྒྱལ་པོ་དེ་ཤི་བའི་རྗེས་ལ་ཤི་ནས། དེ་བཞིན་གཤེགས་པ་མི་འཁྲུགས ་པའི་བསྟན་པ་ལ། ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཏོ། །རྒྱལ་པོ་དེ་ཡང་ཉན་ཐོས་གཉིས་པར་གྱུར་ཏེ། །དེ་ལྟར་ན་དམ་པའི་ཆོས་ནུབ་པའི་ཚེ། དམ་པའི་ཆོས་དབྱུང་བར་བྱའོ། །དེའི་ཚེ་རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ནོ། །དགེ་སློང་དེ་ནི ་སངས་རྒྱས་འོད་སྲུངས་ཡིན་ཏེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ལྟར་ན་དམ་པའི་ཆོས་བསྲུངས་པའི་འབྲས་བུ་ནི་དཔག་ཏུ་མེད་དེ། འབྲས་བུ་རྣམ་པར་དག་པ་དེས་ན། ང་ཡང་རྨ་བྱ་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར ་གྱུར་ཏེ། མི་ཤིགས་པའི་སྐུ་དང། ཆོས་ཀྱི་སྐུ་བརྙེས་པར་གྱུར་ཏོ། །འོད་སྲུངས་ཆེན་པོ་དང་རུས་ཅིག་པས་གསོལ་པ། དེ་བཞིན་གཤེགས་པ་ནི་རྡོ་ལ་བརྐོས་པའི་ཡི་གེ་བཞིན་དུ་རྟག་པའི་སྐུ་དང་ལྡན་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་གྱུ ་དེ་བས་ན། དམ་པའི་ཆོས་བསྲུང་བར་འདོད་པས་ནི། དགེ་སློང་དམ། དགེ་སློང་མ་འམ། དགེ་བསྙེན་མ་གང་ན་ཡོད་པ་དེར་བསྲུང་པར་བྱའོ། །དགེ་བསྙེན་དམ་པའི་ཆོས་བསྲུང་བའི་འབྲས་བུ་ནི་རྒྱ་ཆེའོ། །རིཊ་ཀྱི ་བུ་དེ་བས་ན་དགེ་སློང་རྣམས་མཚོན་ཆ་ལག་ན་ཐོགས་པའི་དགེ་བསྙེན་དག་གིས་མདུན་དུ་བདར་ཏེ་རྒྱུ་བར་བྱའོ། །ཐེག་པ་ཆེན་པོ་འདི་ལ་ནི་དགེ་བསྙེན་གྱིས་བསླབ་པའི་གཞི་ལྔ་བླང་བར་མི་བྱ་སྟེ། དམ་པའི་ཆོས་བསྲུང་བའི་ཕྱིར་ལག་ན ་མཚོན་ཆ་ཐོགས་ཤིང། དགེ་སློང་རྣམས་བསྲུང་བར་བྱའོ། །གསོལ་པ་ཅི་ལགས། དགེ་སློང་གང་དག་དེ་ལྟ་བུའི་དགེ་བསྙེན་ལག་ན་མཚོན་ཆ་ཐོགས་པ་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ་དེ་དག་སློབ་དཔོན་ལགས་སམ། འོན་ཏེ་སློབ ་དཔོན་མ་ལགས། ཚུལ་ཁྲིམས་འཆལ་པ་ཞེས་བགྱི་འམ། འོན་ཏེ་མི་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ནང་འཁྲུགས་འབྱུང་བ་དང། ་ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ། དུས་ངན་པར་གྱུར་པ་དེའི་ཚེ། མུ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་འབྱུང་ཞིང། མགོ་རག་ཏུ་འགྱུར་ཏེ། དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང། ཆོ་ག་དང་ཡོན་ཏན་དང། སྤྱོད་པ་ཕུན ་སུམ་ཚོགས་པ་དང་ལྡན་པ་དག་སྐྲོད་པར་འགྱུར་རོ། །གསོད་པར་འགྱུར་ཏེ། དེར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་གྲོང་དང་གྲོང་ཁྱེར་དང། རི་ཁྲོད་ཀྱི་གྲོང་དག་ཏུ་ཇི་ལྟར་རྒྱུ་བར་བྱ་སྟེ། དེ་ལྟ་བུ་དག་གི་དུས་ན་དགེ་སློང་ཚུལ ་ཁྲིམས་དང་ལྡན་པ། སློབ་དཔོན་དུ་གྱུར་པ་རྣམས་ལམ་དུ་འགྲོ་བ་དང། རང་གི་སྲོག་བསྲུང་བའི་ཕྱིར་མཚོན་ཆ་ལག་ན་ཐོགས་པ་དག་དང། འགྲོ་བར་ངས་གནང་ངོ། །དགེ་བསྙེན་རྣམས་དང། ཁྱིམ་བདག་དང། རྒྱལ་པོ་དང་བློན་པོ ་རྣམས་ཀྱིས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སྲུང་བའི་ཕྱིར། མཚོན་ཆ་འཆང་བ་དེ་ཡང་ཚུལ་ཁྲིམས་ཡིན་ཞེས་ང་ཟེར་ཏེ། འོན་ཀྱང་གསང་པར་མི་བྱའོ། །བཟློག་པའི་ཕྱིར་མཚོན་ཆ་བཅང་བར་བྱ་སྟེ། དེ་ནི ་མཆོག་ཏུ་མཁས་པའི་ཚུལ་ཁྲིམས་ཡིན་ནོ། །སློབ་དཔོན་ནི་ཐེག་པ་ཆེན་པོའི་གདམས་ངག་སྟོན་པ་དང། ཡང་དག་པར་ལྟ་བ་དང། རུང་བ་མ་ཡིན་པའི་གདུགས་དང། འབྲུ་མང་གྱི་གནོད་དང། འབྲས་བུའི་རྣམ་གྲངས་རྣམས ་སྤངས་པ་དང། རྒྱལ་པོ་དང་བློན་པོ་རྣམས་ལ་མི་བརྟེན་པ་དང། རྙེད་པའི་ཕྱིར་སྦྱིན་པ་པོ་རྣམས་ལ་དགའ་བ་དང། སྙན་པར་སྨྲ་བ་མ་ཡིན་པ་དང། སྤྱོད་ལམ་ཕུན་སུམ་ཚོགས་པ་དང། ཚུལ་མེད་པའི་དགེ་སྦྱོད་གི་དངོས་པོ་སིལ་པ ་དང། ཚུལ་ཁྲིམས་དང་ལྡན་པ་དང། དགེ་བའི་ཆོས་ཅན་དང་རྒྱ་མཚོ་དང་འདྲ་བའི་བློ་གྲོས་འཆང་བ་དང། བྱད་གཟུགས་དང་ཆ་བྱད་དང། རྙེད་པ་དང་བཀུར་སྟི་གཞན་མི་འདོད་པ་དང། ཆོག་ཤེས་ཤིང་ཡོ་བྱད་བསྙུངས་པ་སྟོན་པ་གང ་ཡིན་པ་སྟེ། དེ་ནི་སློབ་དཔོན་ཞེས་བྱའོ། །དེའི་འཁོར་རྙེད་པ་དང། བཀུར་སྟི་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་ཟློག་པར་བྱེད་དོ། །དེ་ལ་དགེ་འདུན་ཡང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་དང། ་བྱིས་པའི་དགེ་འདུན་དང་རང་བཞིན་གྱི་དགེ་འདུན་ནོ། །དེ་ལ་ཚུལ་ཁྲིམས་འཆལ་པ་དང། འདྲེས་པའི་དགེ་འདུན་ནི་ངེས་ཟློག་པར་བྱེད་དོ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བ་རྣམས་འབའ་ ་ཞིག་དང་མཐུན་པར་བྱེད་དེ། དེ་དག་ཚར་གཅོད་པར་མི་བྱེད་ཅིང། ཟང་ཟིང་གི་ཕྱིར་དེ་དག་དང་ལྷན་ཅིག་ཏུ་སྤྱོད་པ་མཐུན་པར་བྱེད་པ་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་གནས་པས། ཚུལ་ཁྲིམས་འཆལ ་པ་ཁོ་ན་ཡིན་པའི་གྲངས་སུ་འགྲོ་བར་འགྱུར་རོ། །འདི་ནི་ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་ཞེས་བྱ་སྟེ། དེའི་ཚུལ་མེད་པ་ཟློག་པའི་ཕྱིར་སློབ་དཔོན་ཞེས་བྱའོ། །བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་དང། བསོད་སྙོམས་པ་ཞན་པ་དང། ་རྨུགས་པ་རྣམས་ཡིན་ཏེ། དགག་དབྱེ་དང། གསོ་སྦྱོད་རྣམས་ཀྱི་དུས་སུ། རང་གི་འཁོར་ཉི་ཚེ་དག་པར་བྱེད་ཀྱི། ཚུལ་ཁྲིམས་འཆལ་པ་རྣམས་དག་པར་མི་བྱེད་པར། དེ་དག་དང་ལྷན་ཅིག་ཏུ་འདྲི་བར་གནས་པ་དེ་ནི། བྱིས་པའི ་དགེ་འདུན་ཞེས་བྱ་སྟེ། རྨུགས་པ་དེ་དག་གི་ཚུལ་མ་ཡིན་པ་སེལ་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། །རང་བཞིན་གྱི་དགེ་འདུན་ནི། བདུད་བྱེ་བ་སྙེད་ཀྱིས་ཀྱང་མི་ཤིགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་དང ་བཞིན་གྱིས་རྣམ་པར་དག་པའོ། །ཚུལ་ཁྲིམས་འཆལ་པའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི། སློབ་དཔོན་ཞེས་བྱའོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། དེ་བཞིན་དུ་དེང་ངས་ཡོངས་སུ ་མྱ་ངན་ལས་འདས་པ་ཆེན་པོ་གསང་ཆེན་མ་ལུས་པར་བསྟན་ཀྱང། སེམས་ཅན་གནོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་གིས་མི་ཐོས་སོ། །ཡང་བཀའ་སྩལ་པ། གང་དག་ལ་ནི་ཡོངས་བསགས་མེད། །གང་དག་གི་ནི་ཟས་མི་རྟོགས ་མཁའ་ལ་བྱ་རྣམས་རྗེས་འདྲ་བར། །དེ་དག་རྗེས་བཅད་དཀའ་བ་ཡིན། །བསྟན་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། སུ་དག་ལ་ནི་ཡོངས་བསགས་མེད། །སུ་དག་གི་ནི་ཟས་མི་རྟོགས། །གང་དག་གིས་ནི་རྗེས་བཅད་ཀའ། །སུ་སོང་གང་དུ་སོང་བ་ན། ་དེ་དག་རྗེས་བཅད་དཀའ་བ་ཡིན། །དེ་ལ་རིན་པོ་ཆེ་ལ་སོགས་པ་བསགས་པའོ། །ཡོངས་སུ་ཞེས་བྱ་བ་ནི་ཕྲད་དེ་བྱེ་བྲག་གི་ཚིག་གོ་།ཡོངས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ། འདིར་རྫས་བཟང་པོ་སྒྲུབ་པའི་ཐ་ཚིག་གོ་།བསགས་པ་ཞེས་བྱ་བ་དང། ནོར ་ཞེས་བྱ་བ་ནི་དོན་གཅིག་གོ་།གང་དག་ནོར་ཡོངས་སུ་བསགས་པར་བྱེད་པ་དེ་ནི། དེ་དག་གི་ཡོངས་སུ་བསགས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་བསགས་པ་ཞེས་བྱ་བ་དེ་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཡོངས་སུ་བསགས་པ ་དང། འདུས་མ་བྱས་ཡོངས་སུ་བསགས་པའོ། །དེ་ལ་ཉན་ཐོས་ཀྱི་འདུས་བྱས་ཡོངས་སུ་བསགས་པའི་རྣམ་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཡོངས་སུ་བསགས་པའི་རྣམ་པའོ། །དགེ་འདུན་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་དགེ་འདུན་དང ་འདུས་མ་བྱས་ཀྱི་དགེ་འདུན་ནོ། །དེ་ལ་འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ནི། ཉན་ཐོས་ཀྱི་དགེ་འདུན་ཡིན་ཏེ། ཉན་ཐོས་ཀྱི་དགེ་འདུན་ལ་ནི་ཡོངས་སུ་བསགས་པ་མེད་ན། བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་རྣམས་དང། མཛོད་དང་བང་བ ་ཡོངས་སུ་འཛིན་པ་ལྟ་ག་ལ་ཡོད་དེ། འོངས་པ་ཡིན་པས་ན་དེ་དག་ནི་ལན་ཚྭ་དང། ཏིལ་ཙམ་ཡང་ཡོངས་སུ་བསགས་པར་མི་བྱེད་དོ། །གང་དག་བཅོམ་ལྡན་འདས་ཀྱིས། བདག་ཅག་ལ་བྲན་དང་བྲན་མོ་ལ་སོགས་པ་འཆང་དུ་གནང་ངོ། །ཞེས་ཟེར་བ་དེ ་དག་གི་ལྕེ་ལྐུག་པར་འགྱུར་སྲིད་དོ། །ཉན་ཐོས་དེ་དག་ནི་ཡོངས་སུ་བསགས་པ་མེད་པའི་རྣམ་པ་ཡིན་ཏེ། དེ་དག་ནི་ཟས་ཡོངས་སུ་ཤེས་པའོ། །གང་ཟག་ཟས་ལ་ཞེན་པ་མེད་པ་དེ་དག་ནི་ཟས་ཡོངས་སུ་ཤེས་པ་ཡིན་ནོ། །དེ་དག་ནི་འགྲོ་བའི་ལམ་དུ ་རྗེས་བཅད་པར་དཀའ་ཨོ། །དེ་དག་ནི་མྱུར་བ་ཁོ་ནར་སངས་རྒྱས་ཉིད་དུ་ཉེ་བར་གནས་སོ། །དེ་དག་གི་འགྲོ་བ་ནི་རྗེས་བཅད་དཀའ་ཨོ་ཞེས་དེ་བཞིན་གཤེགས་པས་གསུང་ངོ། །ཡང་བཀའ་སྩལ་པ། གལ་ཏེ་འདུས་བྱས་ཀྱི་དགེ་འདུན་ལ་ཡང་བསགས་པ་མེད ་ན། འདུས་མ་བྱས་པའི་དགེ་འདུན་ལ་ལྟ་ག་ལ་ཡོད་དེ། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་གསང་བའི་ཆོས་བསྟན་པ་གལ་ཡོད། གསང་བ་གང་ཡིན་པ་དེ་བསགས་པའོ། །རྗེས་བཅད་དུ ་མེད་པ་ནི་མི་གཡོ་བའི་བདེ་བ་སྟེ། མྱ་ངན་ལས་འདས་པའི་དོན་སྟོན་ཏོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་དགེ་འདུན་གང་དག་གཞི་ཆེན་པོ་བརྒྱད་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དེར། གལ་ཏེ་ཚུལ་ཁྲིམས་དང་ལྡན ་པའི་དགེ་སློང་དག་འཁོད་ན། དེ་དག་ནི་ཇི་ལྟར་ཀ་ར་ཀའི་ཚལ་ན། ཏེན་ཏུ་ཀའི་ཤིང་འདུག་པ་བཞིན་དུ་དེ་དག་མཐོང་ན། ཚུལ་ཁྲིམས་དང་ལྡན་པ་ཡིན་དུ་ཟིན་ཀྱང། དགེ་བསྙེན་ཤེས་རབ་ཅན་གྱིས་དེ་ལ་ཕྱག་མི་བྱ་ཞིང། མཆོད་པའི་གནས ་སུ་མི་བྱའོ། །གལ་ཏེ་དེ་དག་ལ་ཕྱག་བྱ་བར་འདོད་ན། ཅི་ཁྱེད་གཞི་ཆེན་པོ་བརྒྱད་ལེན་པར་བྱེད་དམ། འོན་ཏེ་ལེན་པར་མི་བྱེད་ཅེས་དྲིས་ནས། གདོད་ཕྱག་བྱ་སྟེ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། ཡི་གེ་མ་ཡིན་ནོ་ཞེས ་བྱ་བ་ནི་ཆོག་མི་ཤེས་པ་དང། ཡོ་བྱད་མ་བསྙུངས་པ་དང། འདོད་ཆེན་དང། ཚུལ་འཆོས་པ་དང། ཁ་གསག་མེད་པར་འགྱུར་བའི་རང་བཟོའི་ཡི་གེ་དང། ཚིག་སྣ་ཚོགས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ་སྡེ་རྣམས་ཡིན ་ཏེ། བཅོམ་ལྡན་འདས་ཀྱི་བདག་ཅག་ལ་ཐུགས་བརྩེ་ནས་མུ་གེ་འབྱུང་བའི་ཆོ། ཉིད་ཀྱིས་སྲས་རྣམས་ཉོན་མོངས་པར་མི་འགྱུར་བར་མཛད་པའི་ཕྱིར། བྲན་དང་བྲན་མོ་ལ་སོགས་པ་དང། གཡོས་སུ་བྱས་པ་རྣམ་པ་དུ་མ་སྣ་བའི་བསླབ་པའི ་གཞི་གསུངས་ཏེ། བྲན་དང་བྲན་མོ་ལ་སོགས་པ་དང། གསེར་དངུལ་ལ་སོགས་པ་དང། བ་ལང་དང། མ་ཧེ་དང། འབྲུ་རྣམས་བསྡུ་བ་དང། ཉོ་ཚོང་དང། ཞིང་སྨོ་བ་ལ་སོགས་པ་ངས་གནང་ངོ་ཞེས་གསུངས་སོ། །ཞེས་བྱ་བ་ལ ་སོགས་པ་ངས་གནང་ངོ། །ཞེས་བྱ་བ་དེ་དག་ནི་ཡི་གེ་ཞེས་བྱ་སྟེ། དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་ཚད་མ་མ་ཡིན་ནོ། །དེ་བས་ན་ཡི་གེ་འདོན་པའི་གང་ཟག་དེ་དག་ཀྱང་ཚང་མ་མ་ཡིན་ཏེ། དེའི་ཕྱིར་དགེ་སློང་དག་ཁྱེད་ཀྱིས་རྟེན་ནི་དོན་ཡིན་ནོ ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོས་མདོ་ལས་ཀྱང་།དུང་དང་གསེར་དང་ནོར་བུ་ནོར་མངས་དང། །ཁྱིམ་དང་གཉེན་བཤེས་རྣམས་སྤངས་རབ་བྱུང་སྟེ། །སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས ་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུལ་སྙིང་པོར་འདུ་ཤེས་ཤིང། །བཞོན་པ་བོང་བུ་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་བོ་བྲེགས་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས ་བཀུར་སྟི་རྙེད་ལ་བརྟེན་ནས་ནི། །ཤེས་ཀྱི་ཁེ་རྣམས་ཚོལ་བ་དག་།གཙུག་ལག་ཁང་དང་མཆོད་རྟེན་བྱེད། །ཁྱིམ་མི་མོ་ལ་ཆགས་ཤིང་མྱོས། །དམིགས་པ་དག་ལ་བརྟེན་བྱེད་ཅིང། །འདོད་པའི་སྲེད་ལ་ཤིན་ཏུ་གནས། །བདུད་ཀྱི ་ཡུལ་དུ་གནས་ནས་ནི། །ཁྱིམ་པ་དག་གིས་ལས་བྱེད་འགྱུར་ཞེས་གསུངས་སོ། །ལས་རབ་ཏུ་བྱེད་པའི་མདོ་ལས་ཀྱང། དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་རྣམས་རྒུད་པར་མངོན་པ ་གང་ཞེ་ན། སྲོག་གཅོད་པའི་རྣམ་པར་སྨིན་པས་ནི་གཟི་མདངས་ནུབ་པར་འགྱུར་རོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པས་ནི་ཐོག་དང་ཕྱེ་མ་ལེ་བ་དང་མེ་ཏོག་རྣམས་ཏེ་སྲིན་བུ་ཅན་དག་འབྱུང་བར་འགྱུར་རོ། །འདོད་པས་ལོག་པར ་གཡེམ་པའི་རྣམ་པར་སྨིན་པས་ནི། ལྗན་ལྗིན་དང་རྡུལ་དང་ཚུབ་མ་དང་མ་རུངས་པའི་རླུང་དང་ཆར་འབྱུང་བར་འགྱུར་རོ། །བརྫུན་དུ་སྨྲ་བའི་རྣམ་པར་སྨིན་བས་ནི། ཁ་དྲིང་བ་འབྱུང་བར་འགྱུར་རོ། །ཕྲ་མའི་རྣམ་པར་སྨིན་པས་ནི་རྩ་ཚང ་ཚིད་དང་ནགས་ཐིགས་པོ་དག་འབྱུང་བར་འགྱུར་རོ། །ཚིག་རྩུབ་པོའི་རྣམ་པར་སྨིན་པས་ནི། གསེག་མ་དང་གྱོ་མོ་དང་རེག་ན་མི་བདེ་ཞིང་རྩུབ་པའི་དངོས་པོ་རྣམས་འབྱུང་བར་འགྱུར་རོ། །དག་བརྐྱལ་པའི་རྣམ་པར་སྨིན་པས་ནི། མཐོ་སྨན་གྱི ་གནས་དང་ཚེར་མ་དང་དམ་གྲོག་དང་གཡང་ས་དང་ཕྱིས་ས་ཁྱབ་པར་འགྱུར་རོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པས་ནི། ལོ་ཏོག་རྣམས་འབྲས་བུ་ཆུང་བར་འགྱུར་རོ། །གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི། ལོ་ཏོག་འབྲས་བུ་མེད ་པ་འབྱུང་བར་འགྱུར་རོ། །ལོག་པར་ལྟ་བའི་རྣམ་པར་སྨིན་པས་ནི། ལོ་ཏོག་རྣམས་འབྲས་བུ་ཁ་བ་དང་ཚ་བ་འབྱུང་བར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་བཅུ་པོ་དེ་དག་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་རྣམས་རྒུད ་པར་མངོན་ནོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་གསུང་གི་མདོ་ལས་ཀྱང། གཞན་ཡང་དེའི་ཚེ་དེའི་དུས་ན་དགེ་སློང་དེ་དག་བདག་ཏུ་སྨྲ་བར་འགྱུར་རོ། །སེམས་ཅན་དུ་སྨྲ་བ་དང། སྲོག་ཏུ་སྨྲ་བ་དང། གང་ཟག་ཏུ་སྨྲ་བ་དང། ཆད་པར་སྨྲ་བ་དང། ་རྟག་པར་སྨྲ་བ་དང། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་དང། གཞན་ལ་གནོད་པ་དང་འཚེ་བ་ཚལ་བ་དང། ཚུལ་ཁྲིམས་འཆལ་པ་དང། རྒྱལ་མཚན་གྱིས་རྐུ་བ་དང། དེ་དག་པི་ཝང་དང་རྫ་རྔ་དང། ་རྔ་རིགས་ཀྱི་སྒྲ་དག་ལ་དགའ་བར་འགྱུར་རོ། །བྲོ་གར་དང་གར་མཁན་ལ་ལྟ་བ་དག་ལས་ལྡོག་པར་མི་འགྱུར། རྙེད་པ་འདོད་པ་དང། ས་ལེ་སྦྲམ་དང་དངུལ་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར་།དེ་བཞིན་དུ་ཞིང་གི་དངོས་པོ་ཡོངས་སུ ་འཛིན་པ་ལས་དང། ཚོང་འདུས་ཀྱི་དངོས་པོ་ཡོངས་སུ་འཛིན་པ་ལས་དང། ཁྱིམ་གྱི་དངོས་པོ་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར། འབྲུ་རྗེན་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར། དེ་བཞིན་དུ་ཁྱིམ་བྱ་དང་ཕག་དང་བོང་བུ་དང་ལུག་ཡོངས་སུ ་འཛིན་པ་ལས་ལྡོག་པར་མི་འགྱུར་རོ། །གཤོལ་དང། རྨོན་ལྕགས་དང། ཤིང་རྟའི་ལས་ཀྱི་མཛའ་བྱེད་པ་ལས་ལྡོག་པར་མི་འགྱུར་རོ། །སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུའི་དམ་པ་མ་ཡིན་པའི་ཆོས་དང་ལྡན་པ་འདི་ལ་འཇིགས་པར་ལྟ་བ་དེ་རྣམས ་ལ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། དམིགས་པ་མེད་པའི་ཆོས་དག་གིས་ཅི་ཞིག་བྱ་ཞེས་གསུངས་སོ། །འཚོ་བ་ཡང་བ་ལ་དགོངས་པ་བསྟན་པ། འདུལ་བ་ལས་ཀྱང། འདི་ན་ཁ་ཅིག་ཚུལ ་འཆོས་སམ། ཁ་གསག་གམ། བཞོག་སློངས་སམ། ཐོབ་ཀྱི་འཇལ་བ་འམ། རེད་པས་རྙེད་པ་ཚོལ་བ་འམ། ཤིང་སྦྱིན་པ་འམ། འོ་མ་སྦྱིན་པ་འམ། ལོ་མ་སྦྱིན་པ་དང། མེ་ཏོག་སྦྱིན་པ་འམ། འབྲས་བུ་སྦྱིན་པ་འམ། ཕྱེ་མ་སྦྱིན ་པ་འམ། ཚ་སྦྱིན་པ་འམ། ཁྲུས་སྤྱད་སྦྱིན་པ་འམ། སོ་ཤིང་སྦྱིན་པ་འམ། འཕྲོད་པའི་ཆུ་སྦྱིན་པ་འམ། ངོར་དགའ་བ་འམ། ཡོངས་སུ་གསོ་བ་འམ། རྫས་རྟག་པ་འམ། ཆུ་འགོ་བརྟག་པ་འམ། ཡན་ལག་རིག་པ་འམ། རྒྱུ་སྐར་རིག་བ ་འམ། ཕོ་ཉར་འགྲོ་བ་འམ། མདག་གཞུག་ཏུ་འགྲོ་བ་འམ། རྡོག་པས་མདག་པ་འམ། དམན་པའི་ལས་སམ། སྐྱེད་གཏོང་ལེན་ན། སྦྱིན་པ་འམ། ལན་དུ་སྦྱིན་པ་འམ། གཞན་གང་ཡང་རུང་བའི་འཚོ་བས་འཚོ་བར་རྟོག་པར་བྱེད་དོ་ཞེས ་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདེ་ལས་ཀྱང། འོད་སྲུངས་དེ་ལ་དགེ་སྦྱིང་གདོལ་པ་ལྟ་བུ་གང་ཞེ་ན། འོད་སྲུངས་འདི་ལྟ་སྟེ་དཔེར་ན། གང་ལོ་པ་ནི་རྟག་ཏུ་དུར་ཁྲོད་སྤྱོད་ཡུལ་བ་ཡིན་ཏེ། ཤི་བ་ལ་རེ་བ་དང། བྱམས་པ་མེད་པའི ་མིག་གིས་འགྲོ་བ་ལ་བལྟ་བ་དང། ཤི་བ་ལ་དགའ་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་དགེ་སྤྱོད་གདོལ་པ་ལྟ་བུ་མང་རྟག་ཏུ་མཛའ་བཤེས་ཀྱི་ཁྱིམ་དང། སློད་བ་སྟེར་བའི་ཁྱིམ་ལ་འདུ་བ་ཡིན་ཏེ། དེ་ནས་རྙེད་པ་བཀུར་སྟིས་ཉེ་བར་འཚོ་ཞིང། ཁྱིམ ་པ་དེ་དག་ཆོས་སམ་འདུལ་བ་ཡང་དག་པར་འཛིན་དུ་མི་འཇུག་པ་དང། དེ་རྙེད་པའི་ཆེད་དུ་འདྲེས་པར་བྱེད་ཀྱི། ཆོས་ཀྱི་ཆེད་དུ་མ་ཡིན་པ་དང་མཛའ་བའི་སེམས་མེད་ཅིང་རྟག་ཏུ་རྙེད་པ་ལ་རེ་བ་ཡིན་ཏེ། འོད་སྲུངས་འདི་ནི་དག་སྤྱོད་གདོལ་པ་ལྟ་བུ་ཞེས ་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པ་ནི་ཚོང་དཔོན་དང། ཁྱིམ་བདག་དང། བློན་པོ་དང། ཁམས་ཀྱི་རྒྱལ་པོ་དག་དང། བྲམ་ཟེ་དང། རྒྱལ་རིགས་དང། གྲོང་རྡལ་གྱི་མི་དང། ཡུལ་གྱི་མི་རྣམས་ཀྱི་རྟག་ཏུ་ཡོངས་སུ ་སྤང་བར་བྱ་བའི་འོས་ཡིན་ཏེ། གདོལ་པའི་རིགས་ནས་ཐག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་དགེ་སློང་དང་དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་ཚུལ་ཁྲིམས་དང་ལྡན་པ་དང། ་ཡོན་ཏན་དང་ལྡན་པ་རྣམས་ཀྱི་ཡོངས་སུ་སྤང་བར་བྱ་བའི་འོས་ཡིན་ཏེ། དགེ་སྦྱོང་གདོལ་པ་ལྟ་བུ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་ཅིང། ཚུལ་ཁྲིམས་འཆལ་བའི་རིགས་ནས། ཐག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ། །འོད་སྲུངས་འདི་ལྟ་སྟེ་དཔེར ་ན། གདོལ་བའི་ཁ་ཕྱིས་སམ། གོས་སམ། ཡོངས་སུ་སྤྱད་པ་དེ་ཐམས་ཅད་ལ་ནི་སྐྱེ་བོ་ཡ་རབས་རྣམས་མི་རེག་ཅིང། ཡོངས་སུ་མི་སྤྱོད་དོ། །འོད་སྲུངས་དེ་བཞིན་དུ་དགེ་སྤྱོང་གདོལ་པ་ལྟ་བུའི་ལྷུང་བཟེད་དམ། ཆོས་གོས་སམ། ཡོངས་སུ ་སྤྱད་པ་དེ་ཐམས་ཅད་ནི་མི་མཐུན་པའི་འཚོ་བས་ཡོངས་སུ་བཙལ་བ། ལུས་དང་སེམས་སྨས་པས་ཡོངས་སུ་བཙལ་བ་ཡིན་པས། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་དེ་ལ་མི་རེག་ཅིང་མི་སྤྱོད་དོ། །འོད་སྲུངས་འདི་ལྟ་སྟེ ་དཔེར་ན། གདོལ་བ་ནི་ཁ་ཕྱིས་ཐོགས་ཏེ། ཞུམ་ཞུམ་པོར་བྱས་ནས་གཞན་གྱི་ཁྱིམ་དུ་འགྲོའོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་ཞུམ་ཞུམ་བོར་བྱས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ལོ། །ཞུམ་ཞུམ་པོར ་བྱས་ནས་འཁོར་གྱི་ནང་དུ་འགྲོའོ། །ཞུམ་ཞུམ་པོར་བྱས་ནས་གཙུག་ལག་ཁང་དང། གནས་ཁང་དང་གཞན་གྱི་ཁྱིམ་དུ་འགྲོའོ། །ཞུམ་ཞུམ་པོར་བྱས་ཏེ་འགྲོ་བ་དང་འདུག་པ་དང། ཉལ་བར་བྱེད་དོ། །འོད་སྲུངས་དེ་ལྟར་ན་ཞུམ་ཞུམ་པོར་བྱས་པས། སྡིག་པ་འཆབ་པ་དེའི ་སྤྱོད་ལམ་གང་ཡིན་པ་དེ་དག་ཐམས་ཅད་ནི་རུང་བར་མ་ཡིན་པ་ལ། ཡོངས་སུ་བརྟགས་པའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པའི་སེམས་ནི་བདེ་འགྲོའི་སྐྱེ་བ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ ་རང་གི་ལས་ཀྱི་ཉེས་པའི་ཕྱིར་རོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུའི་སེམས་ཀྱང་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་མི་གནས་ཤིང་དེའི་འཇིག་རྟེན་ཕ་རོལ་རྣམ་པར་བཞིག་ལ། དེ་ངན་འགྲོ་གསུམ་དུ་གནས་པར་སྒྲིབ་པ་མེད་དེ། འོད་སྲུངས་འདི ་ནི་དགེ་སྦྱོད་གདོལ་པ་ལྟ་བུ་ཞེས་བྱའོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང། དེའི་ཕྱིར་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག་།ཀུན་དགའ་བོ་མྱ་ངན་ལས་འདས་པ་ན་བྱང་ཕྱོགས་ཀྱི་རྒྱུད་དུ་རྒྱས་ལྡན་ཞེས་བྱ་བའི ་རྒྱལ་པོའི་ཕོ་བྲང་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། མིའི་སྐྱེ་བོ་མང་པོས་གང་བ་འབྱུང་བར་འགྱུར་རོ། །དེར་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་ངའི་བསྟན་པ་འདི་ལ་དད་ཅིང་དད་པར་འགྱུར་རོ། །དེ་རྣམས་ནི་དེའི་སྐུ་དད་ཉན་ཐོས་རྣམས་ལ ་བླ་མར་བྱ་བ་དང། རིམ་གྲོར་བྱ་བ་དང་མཆོད་པར་བྱ་བ་དང་རྗེད་པར་བྱ་བའི་ཕྱིར་སྤྲོ་བར་འགྱུར་རོ། །དེར་ངའི་ཉན་ཐོས་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་བ་རྣམས་ཀྱང་ཀུན་ནས་མང་དུ་འདུ་བར་འགྱུར་རོ། །ཀུན་དགའ་བོ་དེར་ཁྱིམ་པ་མཁས་པ། ཤེས ་རབ་ཆེ་བ། གསལ་བ། དུལ་བ་འཇིགས་པ་མེད་པ། མང་དུ་ཐོས་ཤིང་ཐོས་པ་བསགས་པ་མང་པོ་དག་ཀྱང་རྒྱས་པར་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་ཡང་རྒྱལ་པོའི་ཕོ་བྲང་རྒྱས་ལྡན་དེར། གང་དག་ཁྱིམ་པ་འཆི་བའི་དུས་བྱེད་པར་འགྱུར ་བདེ་དག་ནི། འཆི་བའི་དུས་བྱས་མ་ཐག་ཏུ་དགའ་ལྡན་གྱི་ལྷའི་ལུས་དག་ཏུ་སྐྱེ་བར་འགྱུར་རོ། །གང་དག་རབ་ཏུ་བྱུང་བ་འཆི་བའི་དུས་བྱེད་པར་འགྱུར་བ་དེ་དག་ནི། ཕལ་ཆེར་ངན་སོང་དུ་འགྲོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཡོ་བྱད་བསྙུངས ་པ་ལ་མི་གནས་ཤིང། སྡོམ་པ་ལ་མི་གནས་པར་འགྱུར་རོ། །ཀུན་དགའ་བོ་རྒྱལ་བོའི་ཕོ་བྲང་རྒྱས་ལྡན་དུ་དམ་པའི་ཆོས་ནི་གནས་པར་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་དེ་དག་འདི་སྙམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ ་པར་འགྱུར་རོ། ཞེས་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་དགའ་བོ་དེའི་ཚེ་ན་དགེ་སློང་མང་པོ་འབྱུང་བར་འགྱུར་ཏེ། གཡེལ་བ། བསགས་པ་མང་བ། སྤངས་པ་ལས་ཉམས་པ་བསུ་བའི་ཕྱིར་སྔར་འགྲོ་བ། རབ་ཏུ ་དཔེན་པ་ལ་བརྩོན་པ་དེར། འཁོར་བཞི་དང་འདྲེས་པ། སྤྱོད་ཚུལ་དང་བྲལ་བ། ཚུལ་ཁྲིམས་འཆལ་པ་དང། བྲམ་ཟེ་དང་ཁྱིམ་བདག་རྣམས་དང་ལྷན་ཅིག་སྤྱོད་ཚུལ་ཉམས་པ། ལུགས་དང་བྲལ་པ། ཕན་ཚུན་དུ་མི་གུས་པ། མེ་ཏོག་གམ ་བཟའ་བ་འམ། བཅའ་བ་འམ། སྟེར་བ་འམ། ལན་དུ་སྦྱིན་པ་བསྟེན་པ་ལ་དགའ་བ་དང། མ་བསྡམས་པར་འགྱུར་རོ། །དེ་དག་བུ་སྨད་ལ་སྤྱོད་པར་འགྱུར། དེ་དག་མཐོང་བ་དང་ཐོས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ ་པར་གྱུར་ཏ་རེ་སྙམ་བས་འཇིགས་པ་ཆེན་པོ་ཆ་དང་སྐྲག་པ་དང། སྐྱོ་བར་འགྱུར་རོ་ཞེས་གསུངས་སོ། །འོད་སྲུང་གིས་ཞུས་པའི་མདོ་ལས་ཀྱང། འོད་སྲུང་དེ་ལ་ཆོམ་རྐུན་ལྟ་བུའི་དགེ་སྤྱོད་གང་ཞེ་ན། འོད་སྲུངས་འདི་ལྟ་སྟེ་དཔེར་ན། མི་གཡོན ་ཅན་གྱི་རང་བཞིན་ཅན། རྟག་ཏུ་བརྐམ་པ། ཆག་པའི་ཟིལ་གྱིས་ནོན་པ་བདག་གི་རྙེད་པས་ཆོག་པར་མི་འཛིན་པ། གཞན་གྱི་ནོར་ལ་རེ་བ། དྲག་ཤུལ་ཅན། དབྱུག་པ་དང། མཚོན་ཆ་དང། དགྲ་ཆ་ཐོགས་པ། ངོ་ཚ་མེད་པ། སྙིང ་རྗེ་མེད་པ། རྟག་ཏུ་གདུག་ཅིང། རབ་ཏུ་གདུག་པའི་སེམས་དང་ལྡན་པ་ནི། དེ་གང་གི་ཚེ་གྲོང་བར་རམ་གྲོང་དམ། གྲོང་ཁྱེར་རམ་གྲོང་རྡལ་ལམ། ཡུལ་དུ་འཇུག་པ་དེའི་ཚེ། དེ་འདི་སྙམ་དུ་གཞན་བདག་གི་ནོར་གྱི་ཐུང་པོ་གང་ཡིན ་པ་དེ་བདག་གིར་གྱུར་ན་རེས་སྟེས་སྙམ་དུ་སེམས་ཤིང། དེ་ཟིན་དུ་འོང་ཞེས་མཁྱུན་བུ་མཁྱུན་པུར་རྒྱུ་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་ཆོམ་རྐུན་ལྟ་བུའི་དགེ་སྤྱོང་ཡང་རྟག་ཏུ་བརྐམ་ཆགས་པའི་ཟིལ་གྱིས་ནོན་པ ་བདག་གི་རྙེད་པས་ཆོག་མི་ཤེས་པ། གཞན་གྱི་རྙེད་པ་ལ་རེ་བ་ཡིན་ཏེ། དེ་གང་གི་ཚེ་གྲོང་བར་རམ། གྲོང་དམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དུ་འཇུག་པ་དེའི་ཚེ། དེ་རྙེད་པའི་ཕྱིར་འཇུག་གི་།ཆོས་ཀྱི་ཕྱིར་མ་ཡིན་ཏེ། སྤྱོད ་ལམ་ཐམས་ཅད་ཀྱང་ཆོམ་རྐུན་ལྟ་བུར་སྟོན་པ་ཡིན། འཆབ་ཅིང་སྤེད་པ་ལྟ་བུ་ཡིན་ཏེ། བདག་དགེ་སློང་གཞན་གྱི་ཚུལ་ཁྲིམས་འཆལ་པར་ཤེས་ན་མི་རུང་སྟེ། ཤེས་པར་གྱུར་ན་སོ་སོར་ཐར་པའི་མདོ་གདོན་བ་ལས་བསྐྲད་པར་འགྱུར ་སྙམ་ནས། རྟག་ཏུ་སྐྲག་ཅིང་རྟག་ཏུ་འཇིགས་ཏེ། སྤྱོད་ལམ་ཐམས་ཅད་ཀྱང་གཡོས་སྤྱོད་པས། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དག་གི་ཆོམ་རྐུན་འོད་ངོ། །ཆོམ་རྐུན་འགྲོའོ། །ཆོམ་རྐུན་འགྲེང་ངོ། །ཆོམ་རྐུན་འཆག་གོ། ཆོམ་རྐུན ་འདུག་གོ། ཉལ་ལོ། །ཆོས་གོས་ལན་ཏོ། །ཆོམ་རྐུན་གྲོང་དུ་འགྲོའོ། །གྲོང་ནས་འབྱུང་ངོ། །ཆོམ་རྐུན་ཟའོ། །ཆོམ་རྐུན་འཐུང་ངོ། །ཆོམ་རྐུན་སྐྲ་འདྲེག་གོ། །ཞེས་རིགས་པར་འགྱུར་རོ། །འོད་སྲུངས་དེ་ལྟ་ན། ལྷ་དང་ཀླུ་དང། གནོད ་སྦྱིན་དང། དྲི་ཟ་རྣམས་ཀྱིས་དེའི་སྤྱོད་ཡུལ་གང་ཡིན་པ་དེ་ཐམས་ཅད་རུང་བ་མ་ཡིན་ལ། ཡོངས་སུ་བརྟགས་པ་ཡིན་པར་རིག་པར་འགྱུར་ཏེ། རིག་ནས་ཀྱང་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང། ཀྱེ་མ་འདི་མཚང་ཅིག་།སྡིག་པ་ཅན་གྱི ་དགེ་སློང་འདི་ལྟ་བུ་དག་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་བྱེད་པར་འགྱུར་རོ་ཞེས་འཕྱ་ཞིང་མི་སྙན་པར་ཟེར་རོ། །ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ལྷ་དང། ཀླུ་དང། གནོད་སྤྱིན་དང། དྲི་ཟ ་རྣམས་ཀྱང། འདི་དག་ནི་བསྟན་པ་ཡོངས་སུ་འཛིན་པའོ་ཞེས་གུས་པ་ཆེར་སྐྱེད་དོ། །འོད་སྲུངས་ཆོམ་རྐུན་པ་ལྟ་བུའི་དགེ་སློང་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ནི། སྐྱོ་བ་དང། འདོད་ཆགས་དང་བྲལ་པའི་སེམས་ཅིག་ཀྱང་མི་བསྐྱེད་ན། འབྲས་བུ ་ཐོབ་པར་ལྟ་ཅི་སྨོས་ཀྱི། དེ་ནི་གནས་མེད་དེ། འོད་སྲུངས་འདི་ནི་ཆོམ་རྐུན་ལྟ་བུའི་དགེ་སློང་ཞེས་བྱའི་ཞེས་གསུངས་སོ། །འཚོ་བ་ཡོངས་སུ་དག་པ་ལ་དགོངས་པ་བསྟན་པ། བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང། འོད་སྲུངས་དེ་དག་དཔུགས་འབྱིན་པ ་བརྗོད་པར་བྱ་སྟེ། དེ་ཐོས་ནས་རྣལ་འབྱོར་བ། རྣལ་འབྱོར་སྤྱོད་པ་དག་དགའ་བ་དང་མགུ་བར་འགྱུར་རོ། །འོད་སྲུངས་རིགས་ཀྱི་བུ་འམ། །རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་།གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི ་སྙེད་པ་དེ་དག་ཐམས་ཅད་ལ་བསྐལ་པ་འམ། བསྐལ་པ་ལས་ལྷག་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱི་བསྐུར་སྟིར་བྱས། བླ་མར་བྱས། རི་མོར་བྱས་མཚད་པར་བྱས་པ་བས་ནི། ཡང་དག་པར་ཞུགས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། འཚོ ་བ་ཡོངས་སུ་དག་པ་ཞིག་གིས། སྦྱིན་པ་པོ་གང་ཞིག་དད་པར་བྱིན་པ། ཐ་ན་ཆུ་སྣོད་གང་ཙམ་ཞིག་བདག་གིར་བྱས་པར་གྱུར་ན། དེ་ཉིད་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེར་འགྱུར་གྱི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི ་སེམས་ཅན་ཐམས་ཅད་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱི་བཀུར་སྟིར་བྱས་བླ་མ་བྱས། རི་མོང་བྱས་མཆོད་པར་བྱས་པ་དེ་ལ་ནི་དེ་ལྟར་མ་ཡིན་ནོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། ་རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཚོ་བ་ཡོངས་སུ་དག་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་འཆོས་པ་དང། ཁ་བསག་གི་རྙེད་པ་དང་བྲལ་བ་རྣམས་ཡིན། བརྡའི་རྙེད་པ་དང་བྲལ་བ་རྣམ ་ཡན། གཞོགས་སློངས་ཀྱི་རྙེད་པ་དང་བྲལ་བ་རྣམས་ཡིན། མི་རིགས་པ་བཙལ་བའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ ་བ་རྣམས་ཡིན། རྙེད་པ་ལ་ཞེན་པ་མེད་པ་རྣམས་ཡིན། རྙེད་པ་ལ་མ་ཆགས་པ་རྣམས་ཡིན། ཡོངས་སུ་ཡི་ཆད་པའི་རང་བཞིན་མེད་པ་རྣམས་ཡིན་ཆོས་ཉིད་རྙེད་པས་ཆོག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན། ་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང། ཁ་བསག་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པའི་རྒྱུ་རྙེད་པའི་ཕྱིར་ལུས་ཀྱི་ཚུལ་འཆོས་པ་མི་བྱེད་དག་གི་ཚུལ་འཆོས་པར་མི་བྱེད། སེམས ་ཀྱི་ཚུལ་འཆོས་པར་མི་བྱེད་དོ། །ཇི་ལྟར་ན་ལུས་ཀྱི་ཚུལ་འཆོས་པ་མི་བྱེད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་བྱེད་པ་དང། སྦྱིན་པའི་བདག་པོ་མཐོང་ན། སྤྱོད་ལམ་མི་འཆོས་སོ། །ཇི་ལྟར་ན་སྤྱོད་ལམ་མི་འཆོས་ཤེ་ན། ་གཉའ་ཤིང་གང་ཙམ་དུ་བལྟ་བ་དང། སྐྱོ་བར་ལྟ་བ་དང། སྒྲིབ་པ་མེད་པར་ལྟ་བས། གོམ་པ་བགས་ཀྱི་ངལ་ནས་འདོར་ཞིང། འདེགས་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱི་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན་ངག་གི་ཚུལ་འཆོས་པ ་མི་བྱེད་པ་ན། བྱང་ཆུབ་སེམས་དཔའ་ནི་རྙེད་བའི་རྒྱུ་རྙེད་པའི་ཕྱིར། གཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན་ཏེ། འདྲམ་པོར་སྨྲ་བ་མ་ཡིན། དགའ་བར་སྨྲ་བ་མ་ཡིན། རྗེས་སུ་བརྗོད་བའི་ཚིག་བརྗེད་པ་མ་ཡིན་ཏེ། དེ་ལྟར་ན་ངག་གི་ཚུལ ་འཆེས་པ་མི་བྱེད་དོ། །ཇི་ལྟར་ན་སེམས་ཀྱི་ཚུལ་འཆོས་པ་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་འམ། སྦྱིན་བའི་བདག་པོས་རྙེད་པ་བསྟབས་ནས། ཚིག་གི་འདོད་པ་ཆུང་བར་སྟོན་ཅིང། སེམས་ཀྱེ་འདོད་པ་སྐྱེད་པ་མ་ཡིན་ནོ། །རིགས ་ཀྱི་བུ་འདི་ལྟ་སྟེ་།ཚིག་གི་འདོད་པ་ཆུང་ལ་།སེམས་ཀྱི་རྙེད་པ་འདོད་པ་ནི། ནང་གི་གདུང་བ་སྟེ། དེ་ལྟར་ན་སེམས་ཀྱི་ཚུལ་འཆོས་པར་མི་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང། ཁ་བསག་གི་རྙེད་པ་དང་བྲལ་བ་རྣམས ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྡའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་འམ། སྦྱིན་བདག་མཐོང་ན། བདག་ཆོས་གོས་ཀྱིས་ཕོངས་སོ། །ལྷུང་བཟེད་ཀྱིས་ཕོངས་སོ། །བདག་ནད་ཀྱིས་རྐྱེན་རྩིས་ཕོངས་སོ། །ཞེས ་སྡང་མི་བྱེད་ཅིང། སྦྱིན་པ་མི་བྱེད་པ་དང། སྦྱིན་བདག་ལ་མི་སློང་ཞིང། ཚིག་ཏུ་མི་བརྗོད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་བརྡའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞོགས་སློངས་ཀྱི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང ་ཆུབ་སེམས་དཔའ་ནི་བྱིན་པ་བྱེད་པ་དང། སྦྱིན་བདག་མཐོང་ན། བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས། དངོས་པོ་ཆེ་གེ་མོ་ཞིག་བྱིན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ། །དེས་ཀྱང་བདག་ལ་འདི་ནི། ཚུལ་ཁྲིམས ་དང་ལྡན་པར་རིགས་ཏེ། མང་དུ་ཐོས་པའོ། །འདོད་པ་ཆུད་པའོ་ཞེས་འདི་དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི་སེམས་ཉེ་བར་བཞག་སྟེ། བླངས་སོ་ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གཞོགས་སློངས་ཀྱི་རྙེད་པ ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཅལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་རྨ་བྱུང་བ་དང། སེམས་ལ་རྨ་བྱུང་བར་རྙེད་པ་ཚོལ་བ་མ་ཡིན་ཏེ། དེ་ལ་ལུས་ཀྱི་རྨ་ནི་འདི་ལྟ ་སྟེ། རྙེད་པའི་རྒྱུ་རྙེད་བའི་ཕྱིར་རྒྱུགས་པ་དང། ཀུན་ཏུ་རྒྱུགས་པ་དང། ཚུལ་ཁྲིམས་འཆལ་པ་སྤྱོད་པའོ། །ད་སེམས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པ་ལ་སྨོན་པ་དང། ཚངས་པར་མཚུངས་པར་སྤྱོད་པ་གཞན་གྱི་རྙེད་པ་ལ་གནོད་སེམས་མང་བ་སྟེ། དེ ་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སྲང་ལ་སྒྱུ ་བྱེད་པ་དང། གཞལ་བ་ལ་སྒྱུ་བྱེད་པ་དང། ཡིད་བརྟན་པ་ལ་གནོད་པར་བྱེད་པ་དང། གཡོས་རྙེད་པར་མི་སྒྲུབ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག ་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ། ཆོས་ཀྱི་དང་འདྲེས་པའམ། དགེ་འདུན་གྱི་དང་འདྲེས་པའམ། མ་བྱིན་པ་འམ། མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། ཆགས ་པའི་སེམས་མི་བསྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང། བདག་གིར་མི ་བྱེད། ནོར་མི་བརྩི། ཚོགས་སུ་མི་བྱེད་ཅིང། དུས་དུས་སུ་དགེ་སྦྱོང་དང། བྲམ་ཟེ་དང། ཕ་མ་དང། མཛའ་བོ་དང། བློན་པོ་དང། གཉེན་ཤེས་དང། སྣག་གི་གཉེན་འཚམས་དག་ལ་གཏོང་ཞིང། དུས་དུས་སུ་བདག་ཀྱང་ཡོངས་སུ་སྤྱོད་ལ ་ཡོངས་སུ་སྤྱོད་པའི་ཚེ། ཆགས་པ་མེད་པ་དང། ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། །རྙེད་པ་མ་རྙེད་ན་ཡང། སྐྱོ་བའི་སེམས་ཀྱང་མི་བསྐྱེད་ཅིང། ཡོངས་སུ་ཡི་མི་འཆད། སྦྱིན་པ་བྱེད་པ་དང། སྦྱིན་བདག་རྣམས་ལ་མ་དད་པར་མི་འཛིན་པ་ཡིན་ཏེ། ་དེ་ཆོས་དང་མཐུན་པར་རྙེད་པ། དགེ་འདུན་གྱི་མ་གཏོགས་པ། དེ་བཞིན་གཤགས་པས་བསྔགས་པ། བྱང་ཆུབ་སེམས་དཔས་མ་སྨད་པ། ལྟས་སྟོད་པ་ཚངས་པ་ཚུངས་པར་སྤྱོད་པས་མི་དབྱེ་བར་ཆོག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་ཆོས ་བཅུ་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཚོ་བ་ཡོངས་སུ་དག་པ་རྣམས་ཡིན་ནོ་ཞེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས་ཀྱང། ལོངས་སྤྱོད་རུང་བ་དག་ལ་འདོད་པ་ཆུང་བའི་ཕྱིར་ཚིག་ཏུ་སྨྲ་བ་དེས་ན་སེང་གེ་སྒྲ་ཞེས་བྱའོ་ཞེས ་གསུངས་སོ། །བློ་གྲོས་མི་ཟད་པ་ལ་བསྟན་པའི་མདོ་ལས་ཀྱང། དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང། སྦྱངས་པའི་ཡོན་ཏན་མི་འདོར་བ་ཉིད་དང། ཚུལ་འཆོས་པ་མ་ཡིན་པ་ཉིད་དང། ཁ་གསགས་མ་ཡིན་པ་ཉིད ་དང། གཞོགས་སློངས་མ་ཡིན་པ་ཉིད་དང། དགང་སླ་བ་ཉིད་དང། གསོ་སླ་བ་ཉིད་དང། ཆོ་ག་དང་ཚུལ་ཁྲིམས་མཛེས་པ་ཉིད་དང། གཞན་གྱི་རྙེད་པ་ལ་ཕྲག་མི་དོག་པ་ཉིད་དང། རང་གི་རྙེད་པར་ཆོག་ཤེས་པ་ཉིད་དང། ཁ་ན་མ་ཐོ་བ ་མེད་པ་ཉིད་དང། འཕགས་པས་རྗེས་སུ་གནང་བའི་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་བྱང་ཆུབ་སེམས་དཔའ་ཨི་ས་ལས་ཀྱང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི། ་དགེ་བ་མི་སྦྱོམས་པ་ཡིན། སྡིག་པ་མཐོལ་བ་ཡིན། འདོད་པ་ཆུད་བ་ཡིན། ཆོག་ཤེས་པ་དང། སྡུག་བསྔལ་བཟོད་པ་དང། ཡོངས་སུ་བཟུང་བ་མེད་པའི་རང་བཞིན་ཅན་དང། མ་ཁེངས་པ་དང། མི་བརྟེན་པ་མ་ཡིན་པ་དང། སྤྱོད་ལམ ་རབ་ཏུ་ཞི་བ་དང། ཚུལ་འཆོས་པ་ལ་སོགས་པ་ལོག་པའི་འཚོ་བ་ཐམས་ཅད་བྱེད་པའི་ཆོས་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །གང་གི་བསྟན་པ་ནུབ་པར་འགྱུར་བ་རྙེད་པ་དང་བཀུར་སྟི་ལ་དགོངས་པ་བསྟན་པ་སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང། ་ཤཱ་རིའི་བུ་དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་བཞིན་གཤེགས་བ་ཤཱ་ཀྱ་ཐུབ་པའི་གསུང་རབ་དེ་ནི་ལྷག་པར་རྙེད་པ་དང་བཀུར་སྟི་བྱེད་པས་ནུབ་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཤཱ་རིའི་བུ་འདི་ལྟར་ཆོས་འདུལ་བ་འདི་ནི་རྙེད་པ་དང་བཀུར། ་སྟིས་མྱུར་དུ་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་མི་དབུལ་པོ་ཞིག་གིས་གཏེར་ཆེན་པོ་རྙེད་ནས་གཞི་དེ་ལས་བདེ་བ་ཉམས་སུ་མྱོང་ངོ། །ཤཱ་རིའི་བུ་དེ་བཞིན་དུ་མ་འོངས་པའི་དུས་ན་དགེ་སློང་དག་འདི་ལྟར་ཁྱིམ་པ་ལ ་བརྟན་པ་དང། ཕུ་དུང་བྱེད་པ་དང། བཀུར་སྟི་བྱེད་པ་དང་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁྱིམ་པ་གང་དག་གི་དགེ་སློང་གང་དག་འཇིག་རྟེན་གྱི་ཟང་ཟིང་གིས་ཟང་ཟིང་ལ་འགྲོན་དུ་འབོད་པར་འགྱུར་ཞིང། མི་དབུལ་པོ་གཏེར་ལ་ཆགས་པ ་བཞིན་དུ། དགེ་བ་མ་མཐོང་བ་དེ་དག་འཇིག་རྟེན་གྱི་ཟང་ཟིང་གིས་ཡིད་བདེ་བར་བྱ་བའི་ཕྱིར། དེ་དག་གི་ལས་ཀྱི་མཛའ་རིམ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟ་ན་དགེ་སློང་དེ་དག་ཀྱང་འཇིག་རྟེན་གྱི་ཟང་ཟིང་ལྷུར་ལན་པར་འགྱུར་ཏེ། འཇིག་རྟེན་གྱི ་ཟང་ཟིང་གི་འཁོལ་བས་ཆོ་ག་མི་ཤེས་པ་དང། ཉེ་དུ་ལ་འདོད་པར་འགྱུར་རོ། །བདག་ཉིད་ཤེས་བཞིན་དུ་ཁྱིམ་པས་ཤེས་པར་བྱ་བའི་ཕྱིར་བདག་ཉིད་དགྲ་བཅོམ་པ་ཡིན་པར་སྒྲོག་པར་བྱེད་དོ། །དེ་དག་དེ་ལྟར་ཤེས་པར་བྱེད་པ་ཡོངས་སུ་ཚོལ་བ་ན། ་སངས་རྒྱས་ཀྱི་བྱང་ཆུབ་འདོར་བར་འགྱུར་རོ་ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། རྙེད་པ་དང་བཀུར་སྟི་ལ་བརྟེན་པའི་དགེ་སློང་ཀུན་ནས་ཉོན་མོངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུར་འགྱུར་ཏེ། དེ་དག་གིས་མཚམས་མེད་པའི ་ས་ཐོབ་པར་འགྱུར་ཞེས་གསུངས་སོ། །ལྷག་པའི་བསམ་པས་བསྐུལ་བའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔས། རྙེད་པ་དང་བཀུར་སྟིའི་སྐྱོན་ཇི་ལྟར་མཐོང་བར་བགྱི། རྙེད་པ་དང་བཀུར་སྟིའི་ནོངས་དམིགས་ནི་གང་ལགས། བྱང་ཆུབ་སེམས་དཔའ་གང་དག་ལ་བརྟགས་ན། འདོད་པ་ཆུང་དུ་ལ་དགའ་ཞིང། ཡོངས་སུ་མི་གདུང་བར་འགྱུར་བ་ལགས ་བཀའ་སྩལ་བ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་སྐྱེད་པ་ཡིན་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང ་མ་རྙེད་པས་ཁེངས་པ་དང་དུད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་སྐྱེད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདག་གི་དོན་སྒྲུབ་པས་ཁྱིམ་པ་སེར་སྣ་བྱེད་པ་དང། ཆགས་པར་བྱེད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར ་སྟི་ནི་གཡོ་བྱེད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་བཞི་ཡོངས་སུ་སྤོངས་པས་དེ་ཚ་མེད་པ་དང་ཁྲེལ་མེད་པ་སྐྱེད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱི་མ་གནང་བར་རྟག་པར་བྱའོ། ། ་རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང། རྒྱགས་པ་དང། དྲེགས་པ་སྐྱེད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བླ་མ་རྣམས་ལ་ཁྱད་དུ་གསོད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདུད་ཀྱི་ཕྱོགས་སུ་བརྟག་པར་བྱའོ། །རྙེད་པ ་དང་བཀུར་སྟི་ནི་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོགས་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གློག་དང་འཁོར་ལོ་དང་ལྕེ་འབབ་པ་ལྟ་བུར་བརྟག་པར་བྱའོ། །རྙེད་པ་དང ་བཀུར་སྟི་ནི་སྦགས་པ་མང་པོར་སྦགས་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མཛའ་བཤེས་ཀྱི་ཁྱིམ་དང་སློངས་མོ་སྟེར་བའི་ཁྱིམ་ལ་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བློ་རྣམ་པར་འཁྲུལ་པ་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང ་བཀུར་སྟི་ནི་སྡུག་པའི་དངོས་པོ་འགྱུར་བར་བྱེད་པའི་ཕྱིར་མྱ་ངན་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྗེད་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དཀར་པོའི་ཆོས་ཉམ་ཆུང་བར་བྱེད་པར་བརྟག་པར ་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་གྱི་དད་པའི་བར་ཆད་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྫུ་འཕྲུལ་དང ་མངོན་པར་ཤེས་པ་ཉམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྔར་བཀུར་སྟི་བྱེད་ལ་།ཕྱིས་བཀུར་སྟི་མི་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མི་མཛའ་བ་དང་གནས་པར་བྱེད་པར་བརྟག་པར་བྱའོ། ། ་རྙེད་པ་དང་བཀུར་སྟི་ནི་མཛའ་བོ་སྤོང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འདྲིད་པའི་ཕྱིར་སྨད་འཚོད་མ་དང་འདྲ་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤོང་བར་བརྟག་པར་བྱའོ། །རྙེད་པ ་དང་བཀུར་སྟི་ནི་སེམས་ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་བྱེད་པར་རྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང་ལྷག་སྤྱོད་ཀྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔའ་ ་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་དག་བརྟག་པར་བྱ་བ་ནི། འདི་ལྟ་བུ་འདི་དག་གོ་།བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་སེམས་དཔའ་འདོད་པ་ཆུང་བ་ལ་ནི་སྐྱོན ་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཡིད་འབྱུང་བར་མི་འགྱུར་བ་ཡིན། ལྷ་དང་མི་རྣམས་ཡོངས་སུ་དག་པར་བྱ་བའི་ཕྱིར་གནས་པར་རྗེས་སུ་བསྲུང་བར་འོས ་པ་ཡིན། ངན་འགྲོ་ལོག་པར་ལྷུང་བ་ཐམས་ཅད་ཀྱི་སྐྲག་པ་མེད་པ་ཡིན། སྡིག་པ་དང་བྲལ་བས་ཟིལ་གྱིས་མི་ནོན་པ་ཡིན། བདུད་ཀྱི་ཡུལ་ལས་ཡོངས་སུ་གྲོལ་བས་མི་འཕྲོགས་པ་ཡིན། སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ་ལྷ་དང་མི་རྣམས་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན། བསམ་གཏན་ལ་གོམས་པར་བྱེད་པས་གནས་པས་གསལ་བ་ཡིན། གཡོ་དང་རྒྱུ་སྤངས་པ་དང། འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་བལྟ་བས། བག་ཡོད་པ་ཡིན། འཕགས་པའི་རིགས་ལ ་གནས་པས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན། མཁས་པ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་འདོད་པ་ཡིན་ཏེ། བྱམས་པ་ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཁས་པ་རྙེད་པ ་ཡང་བཀུར་སྟི་ཡོངས་སུ་སྤངས་པས། རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར། ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང། འདོད་པ་ཆུང་བ་ལ་ཀུན་བསྟན་པར་བྱའོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང། ཡང ་དག་མ་བསྔམས་རྒོད་ཅིང་ཁེངས་པ་ཅན། །མ་གུས་ང་རྒྱལ་ལྡན་ཞིང་ཆགས་ཤས་ཆེ། །ཉོན་མོངས་ཟིལ་ནོན་ཐ་བ་ཉོན་མོངས་ཅན། །དེ་འདྲ་དག་ལ་བྱང་ཆུབ་མཆོག་རབ་རིང། །ཆགས་པས་ཟིལ་གྱིས་ནོ་ནན་ལེ་ལོ་འཕེལ། །ལེ་ལོས་ཟིལ་གྱིས་ནོན་ན ་དང་བ་ཉམས། །དད་པ་ཉམས་ན་ཚུལ་ཁྲིམས་རབ་ཏུ་ཉམས། །ཆུ་ལི་ཁྲིམས་འཆལ་བར་གྱུར་ན་བཟང་འགྲོ་ཉམས། །དབུལ་པོར་གྱུར་པས་རབ་ཏུ་བྱུང་གྱུར་ཏེ། །མཆོད་པ་རྙེད་ནས་དབུལ་ལས་གྲོལ་བར་གྱུར། །དེ་དག་གསེར་གྱི་ཁུར་ནི་བོར་ནས་སུ། ། ་གསོ་མའི་ཁུར་ནི་ལེན་པར་བྱེད་དང་མཚུངས། །རྙེད་པ་དོན་དུ་གཉེར་བས་དགོན་པར་འགྲོ། །དེར་སོང་ནས་ནི་གོས་དང་ཉེ་དུ་ཚོལ། །མངོན་ཤེས་རིག་དང་སྤོངས་པ་ཕུན་སུམ་ཚོགས། །བོར་ནས་དར་ནི་ཕྱིར་ཡང་ཉེ་དུ་འཛིན། །རྨོངས་ནས་ང་རྒྱལ་དབང་གིས ་ངན་སོངས། །མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང། །དམའ་བའ་ཨི་རིགས་སུ་ཀྱེ་དང་ལེང་བ་དང། །མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན། །དེ་དག་ཚུལ་དང་སྤྱོད་པ་ཡོངས་ཉམས་དངོས། །བག་མེད་རྙེད་ནས་དྲན་པ་རབ་ཏུ་ཉམས། །གཡང་ས་ཆེན་པོ ་མི་བཟང་ལྟུང་བར་འགྱུར། །དེ་ནས་བསྐལ་པ་བྱེ་བར་ཐར་པ་མེད། །གལ་ཏེ་འདིར་ནི་འཐོབ་པར་བྱང་ཆུབ་ན། །དེའི་ཕྱིར་ལྷས་བྱིན་གྱིས་ཀྱང་བྱང་ཆུབ་འཐོབ། །རྣམ་པར་འཐོར་རླུང་གིས་ནི་བྱ་ལྷུང་ལྟར། །ཆགས་པས་ཀྱང་ནི་དེ་ལྟར ་མི་རིགས་སོ། །བསོད་ནམས་ཉམས་ཤིང་གཞན་གྱི་ཆུང་མར་ཆགས། །ཚུལ་ཁྲིམས་མ་དག་དགེ་བ་རྣམས་ལས་ཉམས། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་གང་མ་ཐོབ། །དེ་དག་བསྟན་ལ་མི་དགོས་དུར་ཤིང་བཞིན། །བྱང་ཆུབ་ངོན་གཉེར་སངས་རྒྱས་ཆོས་ཚལ ་བ། ཇི་ལྟར་ཐར་པ་དེ་བཞིན་མི་གནས་སོ། །དེ་ནི་རྙོང་གིས་སྤྲེའུ་ལ་དམ་བྱས་ལྟར། །ང་རྒྱལ་ཟིལ་ནོན་བྱང་ཆུབ་དེ་འདྲའོ། །བྱང་ཆུབ་དོན་དུ་གཉེར་བ་ཆོས་ཚིག་ཕྱིར། །ང་ཡིས་རང་གི་སྲོག་ནི་ཕངས་པའང་བཏང། །ཆོས་དེ་བཏང་ནས་བརྩོན་དང་མི་ལྡན་པ། །དོན ་མེད་གྱུར་ནས་བསྟན་ལས་ལྷུང་བར་འགྱུར། །ད་ནི་སྔོན་ཆད་ལེགས་པར་བཤད་ངོན་ཕྱིར། །གཡངས་ཆེན་པོ་མེ་ལྕེ་འབར་བར་འཆོངས། །དེ་ཐོས་ནས་ནི་སྡུག་དང་མི་སྡུག་པ། །ཐམས་ཅད་རྣམ་པར་སྤངས་ཏེ་ནན་ཏན་གནས། །བསྟན་པ་སྣ་ཚོགས་ཡོན་ཏན་འབྱོར ་ཐོས་ལ། །དེ་དག་ནམ་ཡང་འདོད་པ་མི་སྐྱེ་ན། །ཆོས་མིན་འདོད་ལ་བྱང་ཆུབ་ག་ལ་ཡོད། །དཔེར་ན་ལོང་བ་ལམ་གསལ་མེད་དང་མཚུངས། ཞེས་གསུངས་སོ། །ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང། །ཤེས་ཀྱི་ཁེ་ཡིས ་བསླུས་པ་དག་།ང་ཡི་བསྟན་ལས་ཤིན་ཏུ་འཁྱམས། །འབྲས་བུར་འདུ་ཤེས་གནས་པ་ལ། །དགེ་སྦྱོང་ནོར་ནི་གསོག་ཏུ་གྱུར། །བརྩོན་འགྲུས་ཉམས་པ་ལེ་ལོ་ཅན། །ཚུལ་ཁྲིམས་ཕུང་པོར་མི་གནས་པ། །ཀུན་ནས་ལངས་པས་སྨྲ་བ་ནི། །འདི་ནི་སངས་རྒྱས་བཤད ་མ་ཡིན། །ལ་ལ་དག་ནི་འདི་སྐད་དུ། །བདག་ཅག་བྱང་ཆུབ་ཞུགས་ཤེས་ཟེ། །མ་དུལ་ཞིང་ནི་མ་བྱས་པ། །གཅིག་ལ་གཅིག་ནི་རི་མོ་བྱེད། །ཆོས་དག་ལ་ཡང་མི་གནས་ཤིང། །སྒྲ་མི་འདོད་པ་འབྱུང་བར་འགྱུར། །དེ་ལྟ་བུར་ནི་དེ་མོས་ཏེ། །ཤེས་ཀྱི་ཁེ་ནི་ཚོལ་བའི་ཕྱིར། ། ་འདུས་པ་དག་ལ་སེམས་བྱེད་ཅིང། །རྙེད་པ་འདོད་པ་འབྱུང་བར་འགྱུར། །རྒྱགས་དང་བག་མེད་ཟིལ་ནོན་པས། །རྙེད་དང་བཀུར་སྟི་ངོན་དུ་གཉེར་ཞེས་གསུངས་པ་དང། །ཡང་མདོ་དེ་ཉིད་ལས། །ང་ནི་མྱ་ངན་འདས་འགྱུར་ཕྱིར་མའི་ཚེ། །དམ་པའི་ཆོས་ནི་རྣམ་པར་འཇིགས་པ་ན། ། ་དགེ་སློང་མུ་ཏིག་བློ་ལ་བརྩོན་པ་དག་།དེ་དག་ང་ཡི་ཞི་བའི་ཆོས་ལ་སྤོང། །ཁེངས་ཤིང་རྒད་ལ་གཏུམ་ཞིང་སྤྱི་བརྟོལ་ཆེ། །སྡིག་པའི་གྲོགས་པོ་ཟས་ལ་ཆགས་པ་དག་།ཆོས་གོས་ལྟུང་བཟེད་དག་ལ་ཆགས་ཤིང་བརྐམ། །རྙེད་ལ་གནས་ཤིང་དེ་དག་ཆོས་ལ་སྤོང། །དེ་དག་ཡིད ་གཏུམ་ཞེ་སྡང་བྱས་མི་གཟོ། །དམའ་བའ་ཨི་རིགས་དང་དབུལ་བའི་རིགས་ལས་ནི། །ང་ཡི་བསྟན་པ་འདི་ལ་རབ་བྱུང་ནས། །དེ་དག་ཞི་བའི་ཆོས་ནི་སྤོང་བར་བྱེད། །བདུད་ཀྱི་བློ་ཡིས་སེམས་ཅན་མུན་པས་གཏིབས། །འདོད་ཆགས་དབང་དུ་སང་བས་མངོན་པར་ཆགས། །གཏི ་མུག་དབང་གིས་བྱིས་པ་རྨོངས་པས་ན། །དེ་དག་སྟོང་པ་ཞི་བའི་འཆོས་མེ་འདོད། །དགེ་སློང་དགེ་སློང་མ་དང་ཁྱིམ་པ་རྣམས། །སྡིག་པའི་བློ་ཡིས་འཛིན་བཅུག་རྨོངས་བྱས་ཏེ། །དེ་དག་དབང་དུ་རྟག་པར་སོང་གྱུར་བས། །ཕྱི་མའི་དུས་ལ་བྱང་ཆུབ་སྤོང་བར་བྱེད་ཅེས་གསུངས ་སོ། །བྱམས་པ་སེང་གེའི་སྒྲའི་མདོ་ལས་ཀྱང། །བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་འདི་དག་ལས་དཔག་ཚད་ལྔ་བརྒྱར་བྱོལ་བར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་དང་བཀུར་སྟི་དང། ཚིགས་སུ་བཅད་པ་དང། སྡིག་པའི་གྲོགས་པོ་དང། འདུ་འཛིའི ་གནས་དང། གནས་གང་ན་གནས་པ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་གཞན་ཞིག་ཀྱང་འདུག་པར་གྱུར་ལ་།གལ་ཏེ་དང་ལྷན་ཅིག་གཏུ་མགུ་བ་དང། དགའ་བ་དང། མཆོག་ཏུ་དགའ་བ་སྐྱེས་ལ། འཐབ་པ་མེད་པ་དང་ལྡན་པ་དང། རྩོད་པ་མེད་པ་དང་ལྡན ་པར་གནས་པའི། དེས་དེར་གནས་པ་ནི། དེས་དེར་གནས་པར་བྱའི། གལ་ཏེ་དེ་དེ་ལ་ཐ་ན་ཐ་བ་དང་ཞེ་སྡང་གི་སེམས་གཅིག་ཙམ་ཞིག་སྐྱེད་བར་བྱས་ན་ཡང། དེས་དེ་ནས་དཔག་ཚད་ལྔ་བརྒྱར་འབྱོལ་བར་བྱ་སྟེ། ཞེས་གསུངས་སོ། །བདུད་ཀྱི་འགྱིད་བག་གི་མདོར ་ལས་ཀྱང། འཕགས་པའི་རིགས་ཆོག་ཤེས་ཤིང་རུང་བ་དག་ལ་ཚོད་ཤེས་པ་ནི་ལེགས་པའོ། །ཆོག་མི་ཤེས་ཤིང་འདོད་པ་ཆེ་བ་ནི་མི་ལེགས་པའོ། །ཚུལ་ཁྲིམས་འཆལ་པ་ཡང་དད་པས་སྦྱིན་པ་ཡོངས་སུ་ལོངས་སྤྱོད་པ་ནི་མི་ལེགས་སོ། ། ་ཚུལ་ཁྲིམས་དང་ལྡན་པའི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་ནི་ལེགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོར་བསྟོད་ཀྱི་ཚིག་རྙེད་པས་ཉེ་བར་འཚོ་བ་ཉིད་ནི་མི་ལེགས་པའོ། །ཡང་དག་པ་ལ་གནས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་རྙེད་པ་ནི ་ལེགས་པའོ། །ཞེས་གསུངས་སོ། །ཤཱ་རིའི་བུའི་གཟུངས་ཀྱི་མདོ་ལས་ཀྱང། རྙེད་ལ་ཆགས་ལ་དྲན་མེད་ཤེས་རབ་མེད། །དད་དང་ཚུལ་ཁྲིམས་ཆོས་སེམས་པ་ཡང་མེད། །དེ་ནི་བྱང་ཆུབ་ལས་རིང་གནས་པ་བཞིན། །དེ་ཕྱིར་རྙེད་པ་ཡོངས་སུ་སྤད་པར་བྱ་ཞེས་གསུངས་སོ། ། ་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ནམ་མཁའ་ལ་ཡོངས་སུ་ཆགས་པ་སྟེ། གཉིས་གང་ཞེ་ན། འཇིག་རྟེན་རྒྱད་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང། ལྷུང་བཟེད་དང་ཆོས་གོས་ལྷག་པར་འཆང་བ་སྟེ། འདི་གཉིས་སོ། །དེ་ལ ་འདི་སྐད་བྱ་སྟེ། འཇིག་རྟེན་རྒྱད་འཕན་གོམས་བྱེད་བརྩོན་པ་དང། །ལྷུང་བཟེད་ཆོས་གོས་ལྷག་པར་འཆང་བྱེད་པ། །འདི་གཉིས་ནམ་མཁའ་ལ་ནི་འཆགས་པ་སྟེ་།དེ་དག་བྱང་ཆུབ་སེམས་དཔས་སྤང་བར་བྱ། །འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་འཆིང་བ་དམ ་པོ་སྟེ། ལྟ་བར་འགྱུར་བའི་འཆིང་བ་དང། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་འཆིང་བ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྟ་བུར་འཆིང་དང་རྙེད་དང་བཀུར་སྟི་དང། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བའི་ཚེ། །འཆིང་བ་དམ་ཞེས་འཕགས ་པ་རྣམས་ཀྱིས་གསུངས། །དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང། །འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་བར་དུ་གནོད་པའི་ཆོས་ཏེ། གཉིས་གང་ཞེ་ན། ཁྱིམ་པའི་ཕྱོགས་ལ་བརྟེན་བ་དང། འཕགས་པའི་ཕྱོགས་ལ་གནོད་བར་སེམས་པ་སྟེ། འདི་གཉིས་སོ། །དེ་ལ ་འདི་སྐད་ཅེས་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་རྟེན་པར་བྱེད་པ་དང། འཕགས་པའི་ཕྱོགས་ལ་རྣམ་པར་སྨོད་བྱེད་པ། །འདི་གཉིས་རབ་བྱུང་བར་ཆད་གེགས་བྱེད་ཡིན། །བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤངས། །འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི ་དྲི་མ་སྟེ། གཉིས་གང་ཞེ་ན། ཉོན་མོངས་པ་ལ་མི་མཇེད་པ་དང། མཛའ་བོའི་ཁྱིམ་དང་ཟས་སྟེར་པའི་ཁྱིམ་ཡོངས་སུ་འཛིན་པ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་ཏུ་བྱུང་བ་ཉོན་མོངས་མི་མཇེད་དང། མཛའ་བའི་ཁྱིམ་དང་ཟས་སྟེར་ཁྱིམ་བསྟེན ་བ། དེ་གཉིས་དྲི་མར་རྒྱལ་བའི་དབང་པོས་གསུངས། །བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤངས་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས་ཀྱང། ཇི་ལྟར་ཆུ་ཤིང་འོད་མ་དང། །འདམ་བུ་འབྲས་བུས་འཇོམས་བྱེད་ཅིང། །དྲེའུ་མོ་མངལ་གྱིས་འཇོམས ་པ་ལྟར། །རྙེད་དང་བཀུར་སྟིས་མི་ངན་འཇོམས། །ཇི་ལྟར་སེར་བ་བབ་པ་ཡིས། །ལོ་ཏོག་ཐམས་ཅད་རྣམ་འཇོམས་པ། །དེ་ལྟར་རྙེད་དང་བཀུར་སྟི་ཡིས། །བྱང་ཆུབ་ལས་ནི་འཇོམས་བྱེད་དོ། །ཇི་ལྟར་མེ་ཏོག་རྒྱས་པ་ཡིས། །ཤིང་དང་མེ་ཏོག་མེས་བསྲེགས་ལྟར། ། ་དེ་བཞིན་རྙེད་དང་བཀུར་སྟི་ཡིས། །བྱང་ཆུབ་ལམ་དག་འཇོམས་བྱེད་དོ། །དགེ་སློང་གང་གི་རྙེད་པ་དང། །བཀུར་སྟི་ཆེན་པོ་རྙེད་འགྱུར་བ། །བདུད་ཀྱི་ཉམས་པར་ཤེས་བྱ་སྟེ། །མཁས་པས་དེ་ནས་འགྲོ་བར་བྱ། །ཇི་ལྟར་རྙེད་དང་བཀུར་སྟི་ཡིས། །ཐོབ་ནས་ལམ་ནི ་འཇོམས་བྱེད་པ། །ཐར་པའི་ལམ་འཇོམས་བྱེད་པ་ཡིས། །སྡིག་པ་དེ་འདྲ་ཡོད་མ་ཡིན་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་ཀྱང། །ཤཱ་རིའི་བུ་གཞན་ཡང་རྣམ་པ་གཞན་བཅུ་ཡིས། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཡོངས་སུ་དག་པར་རིག ་པར་བྱའོ། །བཅུ་པོ་གང་དག་ཡིན་ཞེ་ན། རུང་བ་དག་ལ་ཚོང་ཤེས་པ་ཉིད་ཀྱིས་འདོད་པ་ཆུང་བའི་ཚུལ་ཁྲིམས་ཡིན། འདོད་པ་རབ་ཏུ་སྤངས་པ་ཉིད་ཀྱིས། །ཡང་དག་པར་དགའ་བའི་ཚུལ་ཁྲིམས་ཡིན། ལུས་དང་སེམས་རྣམ་པར་དབེན་པ་ཉིད་ཀྱིས། །སྒྲུབ་པའི་ཚུལ ་ཁྲིམས་ཡིན། །འདུ་འཛི་ལ་སྨོད་པ་ཉིད་ཀྱིས་དགོན་པར་གནས་པའི་ཚུལ་ཁྲིམས་ཡིན། དགེ་བའི་རྩ་བ་རང་དབང་དུ་གྱུར་པ་ཉིད་ཀྱིས། སྦྱངས་པའི་ཡོན་ཏན་གྱི་ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་ཡིན། གཞན་གྱི་དོར་ལྟ་བ་ཉིད་ཀྱིས ་འཕགས་པའི་རིགས་ལ་དགའ་བའི་ཚུལ་ཁྲིམས་ཡིན། ལྷ་དང་མི་རྣམས་མི་སླུ་བ་ཉིད་ཀྱིས། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཚུལ་ཁྲིམས་ཡིན། རང་གི་སེམས་ལ་དེས་པར་དཔྱད་བ་ཉིད་ཀྱིས། བདག་ཉིད་ཀྱི་སྐྱོན་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས་ཡིན། ་གཞན་གྱི་སེམས་རྗེས་སུ་བསྲུང་བ་ཉིད་ཀྱིས། གཞན་གྱི་ཉེས་པ་ལ་སྐྱོན་མི་འདེགས་པའི་ཚུལ་ཁྲིམས་ཡིན། བསྡུ་པའི་དངོས་པོ་མི་འདོར་བ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ་རྣམ་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས ་དཔའ་ཨི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་གསུངས་སོ། །ཆོས་སྨྲ་བ་པོའི་ལེའུའི་མདོ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དང་བྲལ་བ། ཐམས་ཅད་མཁྱེན་པ་ཉིད་དང། ཡང་དག་པར་ལྡན་པའི་ཆོས་སྟོན་པར ་བྱེད་པ་རྣམས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་ཚར་བཅད་དེ་དས་སྨྲ་བར་མི་ནུས་ཏེ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་ལ་ཆགས་ཤིང། རྙེད་པ་དང་བཀུར་སྟི་ལ་བརྟེན་པ་རྣམས་འདི་སྐད་དུ ་བདག་ཅག་ལ་དེ་བཞིན་གཤེགས་པས་དགག་པ་མཛད་དོ་ཞེས་སྨྲ་བར་མ་གྱུར་ཅིག་སྙམ་པས་སོ། །དེ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་ལས་ལྡོག་པར་འགྱུར་ཏེ། དེ་ལྟར་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ངས་བསྲུང་བར་བྱ། ཇི་ལྟར ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་སྙམ་པས། གདོན་མི་ཟ་བས་དེ་དག་ལ་ཚར་བཅད་ནས་ཆོས་སྟོན་པར་བྱ་དགོས་ན། ཤཱ་རིའི་བུ་བར་འདིར་དེ་བཞིན་གཤེགས་པ་རྣམས་ངེས་པར་བཞུགས་པར་གཟིགས ་ཤིང། ངས་ཇི་ལྟར་བྱ་སྙམ་དུ་དབུགས་རིང་དུ་ནང་དུ་བརྡུ་བ་པར་བྱའོ་ཞེས་གསུངས་སོ། །དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང། ཀུན་དགའ་བོ་བདུད་ཀྱི་སྤྲུལ་པའི་དགེ་སློང་འདི་དག་ཁྱོད་ཀྱིས་མཐོང་དམ། བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས ་གསོལ་ཏོ། །བཅོམ་ལྡན་འདས་མཐོང་དོ། །བདེ་བར་གཤེགས་པ་མཐོང། །བཅོམ་ལྡན་འདས་ཀྱི་ཁོ་ཁོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འཇིགས་པའི་ཚེ། ངའི་བསྟན་པ་ལ་དགེ་སློང་དག ་ཕལ་ཆེར་འདི་བཞིན་དུ་ཤམ་ཐབས་ལེགས་པར་མ་གྱོན་པ། བླ་གོས་ལེགས་པ་མ་བགོས་པ། གོས་ཧྲུལ་པོ་གོན་པ། ལྷུང་བཟེད་ལ་ཆགས་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ། ལག་ན་འཁར་བ་ཐོགས་པ། སྣ་ལེབ་ལེབ་པོ་དང། ་ཞར་བ་དང། འཐེད་པོ་དང། ཞ་པོ་དང། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང། ནད་སྣ་ཚོགས་ཀྱིས་བཏབ་པ་དག་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེའི་ཚེ་དགེ་སློང་དག་ཕལ་ཆེར་བསྙེན་བཀུར་ལ་ཆེད་ཆེ་བར་བྱེད ་པ་དང། རྙེད་པ་དང་བཀུར་སྟི་ལ་བརྟེན་པ་དང། བྱ་བ་སྣ་ཚོགས་ཀྱི་མི་ཁོམ་པས་བྲེལ་བ་དང། འདུལ་བ་བོར་བ་དང། སོ་སོར་ཐར་པ་འདྲལ་བ་དང། མཚམས་ལས་འདའ་བ་དང། ཚེ་འདི་ཆེད་ཆེ་བར་བྱེད་པ་དང། ཚེ་རབས་གཞན་ཆེད་མི་ཆ་བར ་བྱེད་པར་འགྱུར་ཏེ། དེ་དག་འདི་ལྟ་སྟེ། ཆོས་ཀྱི་ཕྱིར་མ་ཡིན་གྱི། བསྙེན་བཀུར་གྱི་ཕྱིར་ཞར་བ་དང། འཐེད་པོ་དང། ཞ་བོ་དང། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང། ནད་སྣ་ཚོགས་ཀྱིས་བཏབ་པ་འོངས་ཤིང་ལྷག་པ་རྣམས་རབ་ཏུ་འབྱིན་པར་བྱེད་དེ། ་བསྙེན་རྫོགས་པར་བྱེད་དོ། །ཀུན་དགའ་བོ་དེ་ལྟར་དེའི་ཆ་ངའི་བསྟན་པ་འདི་ལྟར་མི་རུང་བ་དང། མཉན་དུ་མི་དུང་བར་འགྱུར་རོ། །ལྷ་རྣམས་ཀྱང་ཡིད་མི་དགའ་བར་འགྱུར་རོ། །བདུད་རྣམས་ནི་ཡི་རང་ཞིང་དགའ་བ་དང་བཏང་སྙོམ་སུ་འགྱུར་རོ་ཞེས་གསུངས་སོ། ། ་བདུད་ཀྱི་སྨྲས་བ་ལ་དགོངས་པ་བསྟན་པ་གཟི་བརྗིད་ཅན་གྱི་མང་ལས་ཀྱང། དེ་ནས་བདུད་ཀྱི་སྡིག་ཅན་བཅོམ་ལྡན་འདས་གལ་བདེར་དོད་དོ། །དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་པོས་ཕྱག་འཚལ་ནས་ཕྱོགས ་གཅིག་ཏུ་འཁོད་དོ། །བདུད་སྡིག་ཅན་གྱི་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ནི་བཞེང་གང་དུ་འོས་བར་འདོད་པར་དག་ལ་གནང་ངོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་བ་ཡོངས་སུ་མྱ་ངན་ལས ་འདས་པ་ན། བདག་ཅག་གི་དེ་ལྟ་བུའི་ངོ་བོའི་མདོ་སྡེ། འདི་དག་སྐྱེ་བོ་མང་པོས་སྤོང་བར་འགྱུར་བར་བྱའོ། །སྐྱེ་བོ་མང་པོས་ཡོང་དུ་འདོར་བར་འགྱུར་བར་བྱའོ། །གང་ངག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཉེ་བར་སྒྲུབ་བ་དེ་དག་།བདག་ཅག ་གི་ཇི་ལྟར་དེ་ལྟ་བུའི་མདོ་སྨོད་པར་འགྱུར་བ་དང། རབ་ཏུ་སྦོང་བར་འགྱུར་བ་དང། མི་འཛིན་པར་འགྱུར་བ་དེ་ལྟར་རབ་ཏུ་སྦྱར་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རི་རབ་ལྟ་བུས། བདག་ཅག་ཡུངས་འབྲུ་ལྟ་བུ་ཤིན་ཏུ་ཚར་བཅ་དེ་གནས་མེད ་ཀྱི། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། བདག་ཅག་གསོ་སྦྱོང་གི་ལས་ལ་འཇུག་པ་ན། དགེ་སློང་གི་ནང་དུ་དགེ་སྦྱོད་གི་གཟུགས་ཀྱིས་འདུག་སྟེ། འཛིན་དུ་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་བདག ་ཅག་ནི་དེ་དག་དང་ལྷན་ཅིག་མཉམ་ལ། དེ་རྣམས་ཀྱང་བདག་ཅག་དང་ལྷན་ཅིག་མཉམ་མོ། །བཅོམ་ལྡན་འདས་དུས་དེར་བདག་དགེ་སློང་གི་གཟུགས་སུ་སྤྲུལ་ནས། འཁོར་དབྱེ་བར་བྱའོ་སྙམ་མོ། །དེ་ནས་དེ་ལྟ་བུའི་མདོ་སྡེ་དྲི་མས་མགོས་བ་འདི་དག་མི ་ལེན་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གི་ཕྱིར་ཁྱོད་སངས་རྒྱས་ཀྱི་བྱང་ཆུབ་ནུབ་པར་བྱ་བའི་ཕྱིར་བརྩོན་པར་འགྱུར་བ། སྡིག་པ་ཅན་ཁྱོད་ཀྱི་བསོད་ནམས་མ་ཡིན་པའི ་ཕུང་པོ་མང་དུ་ཐོབ་བར་འགྱུར་རོ། །སྨྲས་པ་དེ་དག་གི་འགྲོ་བ་གང་ཡིན་པ་དེ་ཉིད་བདག་གི་འགྲོ་བ་ཡང་ཡིན་པར་འགྱུར་རོ། །བཀའ་སྩལ་པ། སྡིག་ཅན་ཁྱོད་གནས་དེ་ལ་བརྩོན་པར་མ་བྱེད་ཅིག་།སྡིག་ཅན་གང་ཁྱོད་འཛིན་བར་འགྱུར་བའི་ལམ་འདི་ནི་ངན་སོང ་གི་ལ་མོ། །སྨྲས་པ། བཅོམ་ལྡན་འདས་བདག་ངན་སོང་ཉིད་དུ་འགྱུར་མོད། དེ་ནས་བཅོམ་ལྡན་འདས་ཀྱིས་བདན་ཡང་དག་པར་གཡོས་པར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ། དགེ་སྦྱོད་གོ་ཏ་མ་ང་ལ་འཁྲུགས་སོ་དག་སྦྱ?་གཽ་ཏ་མ་ང་ལ། ་ཁྲོས་སོ་ཞེས་སེམས་ཏེ། འཇིགས་པ་དང་སྐྲག་པ་དང་བཅས་ཤིང་མི་བགྱིའོ་མི་བགྱིའོ་ཞེས་ཟེར་ནས། དེ་ཉིད་དུ་མ་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་ལྕལ་ཏོ། །ཀུན་དགའ་བོ་བདུད ་ཀྱི་ལས་འདི་དག་འཁོར་བཞི་པོ་རྣམས་ལ་ཡང་དང་ཡང་དུ་ཤོད་ཅིག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་མང་པོའི་དོན་འདྲིན་པར་འགྱུར་རོ། །གང་དག་བདུད་ཀྱི་ལས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་དག་།དེ་ལྟ་བུའི་དོ་བོའི་སངས་རྒྱས ་ཀྱི་ཆོས་རྣམས་དང། དེ་ལྟ་བུའི་ངོ་བོའི་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡོངས་སུ་སླུ་བར་མི་འགྱུར་རོ། །ཀུན་དགའ་བོ་དགེ་སློང་དག་མདོའི་ཚིག་འདི་ལ་མངོན་པར་བརྩོན་པ་དེ་ལ། བདུད་སྡིག་ཅན་གསུམ་གྱི་བར་ཆད་བྱེད་དོ། །གསུམ་གང་ཞེ་ན། ལུགས་གཞན་ཡང ་པོ་ཉིད་ཀྱིས། ཐེ་ཚོམ་སྐྱེ་བ་ཉིད་དང། བདུད་ཀྱི་ལས་ཀྱི་ཀུན་ནས་དཀྲིས་བས་ཅིག་རྩུ་བ་མོར་འགྱུར་བ་འམ། སློབ་དཔོན་སྨོད་པར་འགྱུར་བ་སྟེ། གནས་གསུམ་པོ་འདི་དག་གིས། བདུད་སྡིག་ཅན་བར་ཆད་བྱེད་པར་འགྱུར་རོ། །གང་དག་སྔོན་གྱི་བསོད ་ནམས་ཀྱི་རྒྱལ་བ་ལ་བྱ་བ་བྱས་བ། དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་ནི། དེ་ལྟ་བུའི་ངོ་བའི་མདོ་སྡེ་འདི་དག་སྟོན་བར་འགྱུར། གཞན་ཡང་དངོས་པོས་ཕེངས་པ་ཡོངས་སུ་རྟོགས་པར་ཡང་འགྱུར་རོ། །དེ་ལྟ་ན་ད་འདི་ལ་མཐར་ཐུག་པར་འགྱུར་བ་དེ་དག་ནི། ་ཤེས་རབ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། དྲན་པ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། མི་འཇིགས་པ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། ལུས་ཀྱི་ངེས་པར་འབྱུང་བ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། གཏམ་འཛིན་པ ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། ལུང་བསྟན་པ་ལ་འཕེལ་བརྗེས་སུ་འཐོབ་པར་འགྱུར། ཐོས་པའི་མཐུ་རྗེས་སུ་འཐོབ་པར་འགྱུར་རོ། ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི ་བུ་བདུད་སྡིག་ཅན་གྱིས་ནི། ད་འདས་པའི་འོག་ལོ་བདུན་བརྒྱ་ལོན་པ་ན། དའི་བསྟན་པ་ཕྱེ་ཞིང་ཕྱེ་ཞིད་འཇིགས་པར་འགྱུར་ཏེ། དམ་པའི་ཆོས་ནུབ་པའི་ཚེ། བདུད་སྡིག་ཅན་ཟག་པ་ཅན་གྱིས་ཟག་པ་མེད་པར་བསྒྱུར་ཏེ། བྱ་བའི་རྟགས་ཀྱིས་ཚུལ་སྦེད་པ ་བཞིན་དུ། དགེ་སློང་གི་གཟུགས་དང། དགེ་སློང་མའི་གཟུགས་དང། དགེ་བསྙེན་གྱི་གཟུགས་དང། དགེ་བསྙེན་མའི་གཟུགས་དང། རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོད་པ་དང། ཕྱིར་མི་འོད་བ་དང། དགྲ་བཅོམ་པ་དང། རང་སངས ་རྒྱས་ཀྱི་གཟུགས་དང། སངས་རྒྱས་ཀྱི་གཟུགས་ཀྱིས་འཇིགས་པར་འགྱུར་ཏེ། འདི་སྐད་ཅེས་ཟེར་ཞིང། སངས་རྒྱས་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། རྒྱལ་པོ་ཟས་གཙང་མ་དང། བཅུན་མོ་སྒྱུ་འཕྲུལ་ཕྲད་ན། ཟླ་མཚན་གྱི་བྱེ་བྲག་གིས ་འཁྲིག་པའི་ཆོས་ལས་སྐྱེས་སོ་ཞེས་ཟེར་ལ། དེ་བཞིན་གཤེགས་པ་ནི་འཁྲིག་པ་ལས་སྐྱེ་མི་སྲིད་དོ། །དེ་ལ་མིང་ཙམ་དུ་སྐྱེས་པ་ལས། སྡོན་དཀའ་ཐུབ་སྦྱད་པའི་ཡོན་ཏན་གྱི་ལྷ་དང་མི་དང། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་མཆོད་ཅིང་རྗེད ་པར་འགྱུར་ཏེ། བདག་གི་ཆུང་མ་དང་འདོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་པས་ན། སངས་རྒྱས་སུ་འགྱུར་རོ་ཞེས་ཟར་བ་དེ་ལྟ་བུ་ནི། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང། འདུལ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་གདུལ་བར་བྱ་བའི་དབང་གིས་སྐྱེས་པ་ལྟ་བུའི་བདག་ཉིད་ཀྱིས་སྟོན་མོད་ཀྱི། འཁྲིག་པ་ལས་སྐྱེས་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པས་ཡབ་ཡུམ་གཉིས་ཡོད་པ་ལྟ་བུར་བསྟན་པ་འདི་ནི། འཇིག་རྟེན་དང ་མཐུན་པར་མཛད་པ་ཡིན་ནོ། །ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང། འདུལ་པ་ཡིན་པར་རིག་པར་བྱའོ། །བདུད་ཀྱི་སྨྲས་པའི་མདོ་སྡེ་དང། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད ་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་གསུངས་བའི་མདོ་སྡེ་དང། འདུལ་བ་ཚང་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཕྱོགས་དང་ཕྱོཌ ་མཚམས་རྣམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་ཏོ། ཞེས་བྱ་བ་འདི་ནི་ཡིད་ཆེས་པར་བྱར་མི་རུང་སྟེ། དེ་ལྟ་བུའི་མདོ་སྡེ་དང། འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་བྱུང་ནས། ཕྱོགས་དང ་ཕྱོགས་ཕྱོགས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་པ་ནི། དེ་བཞིན་གཤེགས་པའི་ཐབས་ཀྱི་སྐུ་འཛིན་པ་ཡིན་ནོ། །ཞེས་ཟེར་བ་ལྟ་བུ་ནི། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་བའི་མདོ་སྡེ ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ ་དེ་བཞིན་གཤེགས་པ་ལྷ་ཁང་དུ་གཤེགས་ཏེ་བྱོན་ནས། ལྷ་རྣམས་ཀྱི་ཞབས་ལ་ཕྱག་བཞེས་ཏེ། ལྷ་རྣམས་ནི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་མི་འཚལ་ལོ། །ལྷ་རྣམས་ལ་མཆོད་པ་མཛད་པའི་འོག་ཏུ་དེ་བཞིན་གཤེགས་པར་གྱུར ་ནས་མངོན་པར་སངས་རྒྱས་ཏེ། ལྷ་རྣམས་ནི་སྔ། འདི་ནི་འཕྱི་བས་ན། དེའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། ཞེས་བྱ་བ་ལ་སོགས་པ་ནི་བདུད་ཀྱི་སྨྲས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལྷ་ཁང་དུ ་གཤེགས་ཏེ་བྱོན་ནས་དབང་ཕྱུག་དང། དབང་ཕྱུག་ཆེན་པོ་དང། ཚངས་པ་དང། བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ཐལ་མོ་ལེགས་པར་སྦྱར་ཏེ། ཞབས་ལ་སྤྱི་བོས་གཏུགས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པས་གསུངས་པའི ་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུ་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་གསུངས་པའི་མདོ་སྔ་དང་འདུལ་བ་ཚད་མར་བྱེད་བ ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པས་རྒྱལ་ཚབ་དུ་གྱུར་ཏེ། ཉེ་འདབ་ཀྱི་རྒྱལ་པོའི་བུ་མོ་དག་དང་ལྷན་ཅིག་ཏུ་འདོད་པ་ཤིན་ཏུ་བསྟེན་ནོ་ཞེས་ཟེར་བ་ལ་སོགས་པ་ནི། བདུད་ཀྱི་སྨྲས་པའི་མདོ་སྡེ ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལྷའི་བུ་མོ་རམ་པ་ལྟ་བུའི་བུད་མེད་དག་ཀྱང་མཆིལ་མ་བཞིན་དུ་བོར་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར ་ལྟ་བར་བྱའོ། །བདུད་ཀྱི་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང ་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། དབྱིག་དང ་གསེར་དང། བྲན་དང། བྲན་མོ་དང། བ་ལང་དང། མ་ཧེ་དང། ར་དང་ལུག་དང། བྱ་གག་དང། ཕག་དང། ཁྱི་དང་བྱི་ལ་དང། ཟངས་དང། ལྕགས་ཟང་ས་དང། ནོར་བུ་དང་མུ་ཏིག་དང། དུང་དང་མན་ཤེལ་དང། བྱུ་རུ་དང་ས་ལེ ་སྦྲམ་དང། དངུལ་དང། འཚོག་ཆས་རྣམ་པ་སྣ་ཚོགས་དང། ཞིང་ས་དང་ཚོང་འདུས་དང། སྲང་དང་ཉོ་ཚོང་བྱེད་པ་དང། ཁྱེའུ་དང་བུ་མོ་དང། མཛོད་དང་བང་བ་རྣམས་བཞེས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན ་པར་རིག་པར་བྱའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་འདམ་བུ་དང། ཨེ་རཎྜའི་ཚལ་དང། ཤིང་པི་ཚ་མ་རྡའི་དྲུང་ན་བཞུགས་པའི་ཚེ། བྲམ་ཟེ་ལུགས་དཔག་དང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ཏེ། བཀའ་སྩལ་པ། །དབྱིག་དང། གསེར་དང ་བྲན་དང། བྲན་མོ་དང། བ་ལང་དང། མ་ཧེ་དང། ར་དང་ལུག་དང། བྱ་གག་དང། ཕག་དང་ཁྱི་དང། བྱི་ལ་དང་སྦྲུལ་དང། ནེའུ་ལེ་དང། ཟངས་དང་ལྕགས་ཟངས་དང། ནོར་བུ་དན། མུ་ཏིག་དང། དུང་དང་མན་ཤེལ་དང་བྱུ་རུ ་དང། ས་ལེ་སྦྲམ་དང། དངུལ་དང། ནོར་དང། འཚོག་ཆས་རྣམ་པ་སྣ་ཚོགས་འཆང་བ་དང། ཞིང་ས་དང་ཚོང་འདུས་དང། སྲང་དང་ཉོ་ཚོང་བྱེད་པ་དང། ཁྱེའུ་དང་བུ་མོ་དང་མཛོད་དང། བང་བ་འཆང་བ་དང། རང་ལག་དང་དེ་གཡོས་ཕྱེད ་པ་དང། འཚེད་པ་དང། འཆེད་དུ་འཇུག་པ་དང། ལྟས་པ་དང། ཡན་ལག་གི་རིག་པ་དང། མོ་ཡིག་དང། བ་ཏོན་འདོན་པ་དང། བྱ་ལྟས་ཤེས་པ་དང། སྒྲ་གཅན་དང། ཉི་མ་དང། ཟླ་བ་དང། པ་བ་སང་དང། གཟའ་ལྷག་རྒྱུ་བ་དང། མེ ་ཏོག་གི་ཤིང་རྟ་དང། ལག་བསྲུང་ལྟ་བ་དང་མི་ལྟས་དང། སྐྱེས་པ་དང། བུད་མེད་དང། མ་ནིང་གི་མཚན་ལྟ་བ་དང། སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང། རིག་པའི་གནས་བཅོ་བརྒྱད་དང། མཁན་བཟོ་དང། བཟོའི་ལས་ཐམས་ཅད་སྟོན་པ་དང། སྲུང ་གཏམ་བྱེད་པ་དང། སྤོས་ཀྱི་ཕྱེ་མ་འདེབས་པ་དང། མེ་ཏོག་དང། བདུག་པ་དང། སྤོས་དང། མེ་ཏོག་དང། འཕྲེང་བ་དང། བྱུག་པ་འཆང་བ་དང། མགོ་ལ་འོ་བྱེད་པ་དང། ཚུལ་འཆོས་པ་དང། ཁག་སག་བྱེད་པ་དང། ཚོར་མི ་ཤེས་པ་དང། འདོད་ཆེན་ཅན་དང། འདུ་འཛིལ་དགའ་བ་དང། སྨྲ་འདོད་པ་དང། ནོར་དང་འབྲུ་དང། ཤ་དང་ཉ་ཤ་དང། དུག་སྦྱོར་བ་དང། སྤོས་ཀྱི་ཏིལ་མར་དང། སྨན་གྱི་སྦུ་གུ་དང། གདུགས་དང་ལྷམ་དང། ཏཱ་ལའི་ལོ་མའི་བསིལ་ཡབ་དང། ཆུ་སྣོད་དང ་བུ་དོན་དང། བེད་གུང་འཆང་བ་དང། ཤིང་ཏོག་སྡུད་པ་དང། སོ་རྩི་དང་སྨན་མར་དང། བཙོ་བའི་བྱེ་མ་བཟང་པོ་དང། ཀ་ཀོ་ལ་དང། འབྲས་བུ་ཚ་བ་བསྟེན་པ་དང། རྒྱལ་པོ་ལ་བརྟེན་པ་དང། གཞེན་ལ་བརྟེན་པ་དང། དྲོད་མི་ཐུབ་པ་དང་མི་སྨྲ་བ་དང། བུད ་མེད་ལྟར་རྟོག་པ་ཤས་ཆེ་བ་དང། མང་དུ་སྨྲ་བ་དང། ངུ་བ་དང་བཟང་ངན་སྤྱོད་པ་དང། སུན་འབྱིན་པ་དང། འགྲོས་འཆོས་པ་དང། གོས་དཀར་པོ་དང། ཨར་མོ་ནིག་དང། ཁང་བཟང་དང། གཙང་ཁང་ཕྱུར་པོའི་ལས་ལ་སོགས་པ་བྱེད་པ་དང། རུང་བ་མ ་ཡིན་པ་དང། རྫས་ངན་པ་ཡོངས་སུ་འཛིན་པ་དང། སྦྱིན་པ་པོའི་བསྔགས་པ་བརྗོད་པ་དང། ཆད་བསྟེན་པ་དང། སྨད་འཚོད་མའི་ཁྱིམ་དུ་འགྲོ་བ་རྣམས་དང། དེ་ལྟ་བུ་བྱེད་པ་དམ་པ་མ་ཡིན་པ། ཚུལ་ངན་པ་དང་ལྡན་པ་དེ་དག་ལ་ནི་གོས་དཀར་པོ་དག་སྦྱིན ་ལ། འཇིག་རྟེན་པའི་ལས་རྣམས་བྱེད་དུ་འཇུག་པར་དས་གནང་ངོ། །ཡང་ན་འབྲས་སཱ་ལུའི་ཞིང་གི་དོ་གསལ་བ་བཞིན་དུ། ཡུལ་ཕྱོགས་ནས་བསྐྲད་པར་ངས་གནང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་བྱེད་པ་ནི། སངས་རྒྱས་ཀྱིས་གསུངས་པ་ཡིན་པར ་རིག་པར་བྱའོ། །བདུད་ཀྱི་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་མཐུན་པ་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག ་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང། འདི་ལྟ་སྟེ། རྩོད་བྱེད་ཅེས་བྱ་བའི་བདུད་དང། གཉིས་པ་གཡེང་བྱེད་ཅེས་བྱ་བའི་བདུད་ཀྱི་རིས་ནི། གང་སེམས་ཅན་ཆོས ་ལ་སྤྱོད་པ་རྣམས་སེམས་རྣམ་པར་གཡེང་བར་བྱེད། དམ་པའི་ཆོས་ཉན་པ་གཉིད་བྲོ་བར་བྱེད་དོ། །འདོད་པ་ལྷག་པར་རྨོངས་བྱེད་ཅེས་བྱ་བ་ནི་གསུམ་པ་སྟེ། གང་སྦྱིན་པ་དག་གཏོང་བ་ནི་སྦྱིན་པ་པོའི་སྦྱིན་བདག་རྣམས་ཀྱི་སེམས་ལ། གལ་ཏེ་བདག་གིས་དགེ ་སྤྱོད་དང་བྲམ་ཟེ་དང། རྗེའུ་རིགས་སུ་གྱུར་པ་རྣམས་ལ་བྱིན་པ་ན། དའི་བུ་དང་བུ་མོ་ཅི་ཞིག་ཟེ་ཅི་ཞིག་གྱོན་སྙམ་དུ་ཆགས་པ་སྐྱེད་པར་བྱའོ། །འཇིག་རྟེན་སྐྱོད་བ་བདུད་ཀྱི་རིགས་གསུམ་པོ་དེ་ནི། སེམས་ཅན་རྣམས་རྨོངས་པར་བྱེད་ལ་འཇིག་རྟེན་དུ་བརྒྱུའོ། །བཞི ་པ་སྣ་ཚོགས་འདུ་ཤེས་ཞེས་བྱ་བ་བདུད་ཀྱི་རིགས་འཇིག་རྟེན་སྦྱོང་བ་འཇིག་རྟེན་ན་སྤྱོད་དེ། དེ་རབ་ཏུ་བྱུང་བ་རྣམས་ཀྱི་རབ་ཏུ་བྱུང་བའི་སེམས་གཞན་དུ་བྱེད་དེ། ཐོག་མར་ཆེགས་པ་དང་སྦྱོར་དང་གྲོང་དུ་འཇུག་པ་དང། ཟོད་གི་ཉོ་ཚོང་དང་བུད་མེད་ལ་བལྟ་བ་དང ་ཆང་འཚོད་མའི་ཁྱིམ་དུ་འཇུག་པ་དང་འཐབ་མོ་དང། སླུ་བ་དང། དགེ་འདུན་འབྱེད་པ་དང། སེམས་ལ་གནོད་པའི་རྨི་ལམ་སྐྱེད་པར་བྱེད་དོ། །བདུད་ཀྱི་རིས་འཇིག་རྟེན་སྐྱོང་བ་བཞི་པོ་དེ་དག་ནི། གང་གི་ཚེ་ཛམྦུའི་གླིང་ན་ཆོས་མ་ཡིན་པ་སྨྲ་བའི་སྐྱེ་བོ་ཡོད ་པའི་ཚེ་ནུས་པར་འགྱུར་རོ་ཞེས་གསུངས་སོ། །བདུད་ཀྱི་འགྱིད་བག་གིས་མདོ་ལས་ཀྱང། ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ལས་ལྷག་པར་གྱུར་པ་ཡིན་ཏེ། ཉི་ཤུ་དག་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་གྲོལ་བ་འདོད་པ་ཉིད་ཀྱི ་འཁོར་བས་སྐྲག་པ་རྣལ་འབྱོར་སྤྱོད་པ་རྣམས་ལ་བསྙེན་པ་དང། བརྟེན་པ་དང། བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལས་སོ་སོར་རྟོག་ཅིང། སེམས་ཅན་རྣམས་ཡལ་བར་འདོར་བ་ནི་བདུད་ཀྱི་ལས་སོ། །འདུས་མ་བྱས་པ་སོ་སོར་རྟོག ་ཅིང། འདུས་བྱས་ཀྱི་དགེ་བའི་རྩཝ་བ་ལ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །བསམ་གཏན་སྐྱེད་པར་བྱེད་ཅིང་བསམ་གང་ན་གྱིས་འཚོ་བ་ཡོངས་སུ་ཚོལ་བ་ནི་བདུད་ཀྱི་ལས་སོ། །ཆོས་སྟོན་པར་བྱེད་ཅིང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་འཇུག ་པ་ནི་བདུད་ཀྱི་ལས་སོ། །ཚུལ་ཁྲིམས་དང་ཡོན་ཏན་ཚོལ་བར་བྱེད་ཅིང་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁྲོ་བ་ནི་བདུད་ཀྱི་ལས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་རྗོད་པར་བྱེད་ཅིང། ཐེག་པ་ཆེན་པོའི་གཏམ་འཆབ་པར་བྱེད་པ་ནི་བདུད་ཀྱི་ལས་སོ། །ཟབ ་མོའི་གཏམ་འཆབ་པར་བྱེད་ཅིང། སྣ་ཚོགས་པའི་གཏམ་རྗོད་པར་བྱེད་པ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་ལ་དམ་འཆའ་ཞིང། ཕ་རོལ་ཏུ་ཕྱིན་པའི་ལམ་མི་ཚོལ་པ་ནི་བདུད་ཀྱི་ལས་སོ། །མངོན་པར་བརྩོན་པའི་བསྔགས་པ་སྨྲ་བར་འགྱུར་ཞིང། ་མངོན་པར་མི་བརྩོན་པའི་སེམས་ཅན་རྣམས་མངོན་པར་སྦྱོར་བར་མི་བྱེད་པ་ནི་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་ཉེ་བར་སོག་ཅིང། བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱི་ཕྱོགས་པ་ནི་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་ཤིང། ་སེམས་ཅན་ལ་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ནི་བདུད་ཀྱི་ལས་སོ། །མ་ལུས་པར་ཟད་པར་མི་འཚོལ་ཞིང། འཁོར་བའི་ཉོན་མོངས་པའི་རྒྱུན་དག་ལ་མི་སྤྱོད་པ་ནི་བདུད་ཀྱི་ལས་སོ། །ཤེས་རབ་ལ་རྣམ་པར་སྤྱོད་ཅིང། སྙིང་རྗེ་ཆེན་པོའི་དམིགས ་པ་མི་འཛིན་པ་ནི་བདུད་ཀྱི་ལས་སོ། །མཁན་པོ་དང་མི་ལྡན་པའི་དགེ་བའི་སྤྱོད་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དོན་དུ་མི་གཉེར་ཞིང། རྒྱང་པན་པའི་གང་ཚིག་འཛིན་པ་བདུད་ཀྱི་ལས་སོ། །མང་དུ་ཐོས་པའི་ཆོས་ཀྱི་དཔེ་མཁྱུད ་གཞན་གྱིས་ཤེས་ས་རེ་སྙམ་པ་ནི་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་བྱ་བས་གཡེངས་ཤིང། མང་དུ་ཐོས་པ་དོན་དུ་མི་གཉེར་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མི་རྟེན་མི་རྙད་མི་བཀུར་ཅིང། ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་གནས་པ་སྐལ་པ་མི་མཉམ་པ་རྣམས་དང་ལྷན་ཅིག་དགའ་བ་ནི་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོད་པའམ། རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གི ་ལོངས་སྤྱོད་དམ། ནོར་དང་རིན་པོ་ཆེ་དང། དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པོ། དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བརྟེན་མི་བསྙེན། བསྙེན་བཀུར་མི་བྱེད་པ་སྟེ། ལྷའི་བུ་ཉི་ཤུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི ་ལས་ལྷག་པ་ཡིན་ནོ་ཞེས་གསུངས་སོ། །ཉོ་ཚོང་ལ་དགོངས་པ་བསྟན་པ་དགག་དབྱེའི་མདོ་ལས་ཀྱང། ཚོང་བའི་སྦྱོར་བ་ལ་དགའ་བ་ལ་དགག་དབྱེ་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང། འཕགས་པ་བླ་མ་རྣམས་དང་ཕ་མ་ལ། དེ་དག ་རྟག་ཏུ་གུས་པ་མེད་པར་འགྱུར། །དེ་དག་བྱས་པ་མི་གཟོ་གཡོ་ཅན་དེ། །རྟག་ཏུ་ཀུན་ཏུ་མ་བསྡམས་སྤྱོད་ཅིང་རྨོངས། །རྙེད་ལ་རྟག་ཏུ་ཆགས་ཤིང་ཞེན་པ་སྟེ། །དེ་དག་ཚུལ་འཆོས་པ་དང་གཡོ་སྦྱོར་དགའ་། །ཁ་ཅིག་ཚུལ་ཁྲིམས་བརྟུལ་ཞུགས་ཅི་བལྟས་ཀྱང། ་འདི་ན་བདག་ཀྱང་མཚུངས་པ་མེད་ཅེས་སྨྲ། །དེ་དག་ཕན་ཚུན་སྡང་བར་སེམས་དཔའ་སྟེ། །གླགས་འཚོལ་བ་ལ་རྟག་ཏུ་བརྩོན་པ་ཡིན། དེ་དག་ཞིང་གི་ལས་དང་ཚོང་ལ་དགའ་། །དེ་དག་དགེ་སྦྱོང་ཡོན་ཏན་ཤིན་ཏུ་རིང། །ཕྱི་མའི་དུས་ན་འདི་ལྟར་མ་བསྡམས ་པའི། དགེ་སློང་ཚུལ་ཁྲིམས་ཡོན་ཏན་རབ་རིང་བ། །དེ་དག་མཚང་འདྲུ་བ་དང་འཐབ་པ་དང། །ཕྲག་དོག་དབང་གིས་ཆོས་ནི་ནུབ་པར་བྱེད། །བྱང་ཆུབ་ལམ་ལས་རྟག་པར་ཤིན་ཏུ་རིང། །འཕགས་པའི་ནོར་བུ་ལས་དག་ཤིན་ཏུ་རིང། །འཕགས་ལམ་གྱ་ནོམ་རྣམ ་པར་སྤངས་ནས་ནི། །དེ་དག་འགྲོ་བ་ལྡན་ནི་འཁྱམས་པར་འགྱུར་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང། རྣལ་འབྱོར་མི་བརྩོན་མཚན་ཉིད་འདི་ཡིན་ཏེ། །གཞན་གྱི་བུད་མེད་རྣམས་ལ་རྟག་ཏུ་ཆགས། །གཟུགས་ཀྱིས་རྒྱགས་བཞིང ་བཅིངས་པ་མེད་པར་འགྱུར། །གྲོང་དང་གྲོང་རྡལ་ཡུལ་འཁར་ངག་ཏུ་འཁྱམས། །དེ་དག་བཟའ་དང་བཏུང་ལ་རྟག་ཏུ་བརྩོན། །གར་དང་གྲུ་དང་དེ་བཞིན་རོལ་མོ་དང། །ཉོ་དང་ཚོར་བརྟག་ཏུ་སྤྲོ་བར་འགྱུར། །བཏུང་བ་ལར་ཆག་ཤེར ་ངོ་ཚ་ཉམས། །ཚུལ་ཁྲིམས་དེ་བཞིན་སྤྱོད་ལམ་དོར་ནས་ནི། །རྣལ་འབྱོལ་འབྱོར་མི་བརྩོན་འཕྲིན་ཡིད་འཁྱེར་བར་བྱེད། །ཁྱིམ་པ་དང་ནི་ལྷན་ཅིག་ལུགས་བ་ཅོམ་ནས། །ཚུལ་ཉམས་དེ་དག་ཡང་དག་མིན་ལ་གནས། །ལྔས་གང་རྟག?་ཏུ་སྔར་རྒྱ་ཀྱིས་?? ་སྲད་དང་འཇལ་བའི་ཟོལ་ལ་རྟག་ཏུ་བརྩོན། །ཉོན་མོངས་སྡིག་པའི་ལས་དེ་དག་བྱས་ནས། །ལས་ཉམས་ནས་ནི་ངན་སོང་འགྲོ་བར་འགྱུར་ཞེས་གསུངས་སོ། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཀྱང། །འཇིག་རྟེན་བའི་ག། མ་ལ་གི་འབྱུང་བའི་བྱ། འཆང་གི ་ཐ་སྙད་ལས་ལྡོག་པར་བྱ། སྨན་དཔྱད་དང་སྙན་ངག་དང་གཏམ་རྒྱུད་ལ་མངོན་པར་དགའ་བ་དང། རྒྱལ་པོ་ལ་མངོན་པར་དགའ་བ་དང། ཁྱིམ་གྱི་ལས་ཀྱི་མཛའ་ལ་ཡང་དག་པར་བརྩོན་པར་མི་བྱ། །འདུག་པ་དད་ལྡན་པ་དང། འཆག་པ་དང་ཉལ ་བ་ལ་མཁས་པར་བྱའོ་ཞེས་གསུངས་སོ། །ཚུལ་ཁྲིམས་འཆལ་པའི་མཚན་མ་ལ་དགོངས་པ་བསྟན་པ། དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང། འོད་སྲུང་བཞི་པོ་འདི་དག་ནི་དགེ་སྦྱོང་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཁ་དོག་དང་རྟག་དང་དབྱིབས ་དང། ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་དང། བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་དང། ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ངོ། །འོད་སྲུངས་དེ་ལ་ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཁ་དོག ་དང། རྟགས་དང་དབྱིབས་དང་ལྡན་པར་གྱུར་ཏེ། ཆོས་གོས་སྣམ་སྦྱར་གྱོན་ཅིང། མགོ་བྲེག་ཏེ་ལྟུང་བཟེང་ཐོག་པ་མོད་ཀྱི། དེ་ལུས་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད། དག་གི་ལས་ཡོངས་སུ་མ་དག་པར་སྤྱོད། ཡིད་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད་ཅིང། མ་དུལ ་བ་མ་ཞི་བ། མ་བསྲུངས་པ་མ་བྱུང་བ། འཚོ་བ་ཡོངས་སུ་མ་དག་པར་བརྐམ་པ། ལེ་ལོ་ཅན་ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཅན་ཡིན་ཏེ། འོད་སྲུངས་དེ་ནི་ཁ་དོག་དང། རྟགས་དང་དབྱིབས་ཀྱི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་འདི་ལ་ཚིག་བསྐྲུང? ་ཞིང་ཚུལ་འཆོས་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཆོ་ག་དང། སྤྱོད་ཡུལ་དང། སྤྱོད་པ་ཕུན་སུམ་ཚོགས་ཤིང། སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ལ། ཟས་དང་སྐོམ་ངན་པ་ཟེ?་ཞིང། འཕགས་པའི་རིགས་བཞི་བ་དག་གིས་ཚོགས་པར ་འཛིན་པ་བས་མཛའ་ཨི་གནས་མལ་མངོན་པར་དགའ་ཞིང། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ། ཚིག་ཉུང་ཞིང་སྨྲ་པ་ཉུང་མོད་ཀྱི། དེའི་སྤྱོད་ལམ་དེ་ངག་ཀྱང་ཚུལ་འཆོས་པ་དང། ཁ་བསག་གིས་ཡོངས་སུ་བརྟག་པ་ཡིན་ཏེ། སེམས་ཡོངས་སུ ་དག་པར་བྱ་བའི་ཕྱིར་མ་ཡིན། དུལ་བར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཚུལ་མ་ཡིན་གྱི་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང། ང་ཡིར་འཛིན་པ་ལ་གནས་ཤིང། སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཆོས་རྣམས་ལ་གཡང་སར་ཡང ་འདུ་ཤེས་པ་ཡིན། སྟོང་པ་ཉིད་སྨྲ་བའི་དགེ་སློང་རྣམས་ལ་ཡང་དགྲར་འདུ་ཤེས་པ་ཡིན་ཏེ། འོད་སྲུངས་དེ་ནི་ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་དེ་ལ་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ ་སྦྱོང་ཁ་ཅིག་ཇི་ལྟར་བདག་ཚུལ་ཁྲིམས་དང་ལྡན་པར་གཞན་གྱི་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཚུལ་ཁྲིམས་བསྲུང། ཇི་ལྟར་མང་དུ་ཐོས་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟག་ནས་ཐོས་པའི་འཛིན། ཇི་ལྟར་བདག་དགོན་པ་བར་གཞན ་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་རྟགས་ནས། འདོད་པ་ཉུང་ལ་ཆོག་ཤེས་པ་དང། རབ་ཏུ་དབེན་པར་འགྱུར་ཏེ། འདི་ལྟར་གཞན་ལ་བསྟན་པའི་ཕྱིར་ཡིན་གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བའི་ཕྱིར་མ་ཡིན། འགོག་པར་བྱ་བའི་ཕྱིར ་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས་པར་བྱང་ཆུབ་ཕར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ཕྱིར་མ་ཡིན། འོད་སྲུངས་དེ་ནི་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི ་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་དེ་ལ་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གང་ཞེན། འོད་སྲུངས་གང་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན། རྙེད་པ་དང་བཀུར་སྟི་དང། ཚིགས་སུ་བཅད་པ་ལ་ལྟ་ཅི་སྨོས། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ ་མེད་པའི་ཆོས་རྣམས་ཐོས་ནས། དགའ་ཞིང་དེ་བཞིན་དུ་ཞུགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་མེད་པར་སྤྱད་པ་སྤྱོད་ན། ཁམས་གསུམ་ལ་མངོན་པར་དགའ་བ་ལྟ་ཅི་སྨོས། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པ་ཡིན་ན། བདག་དང ་སེམས་ཅན་དང། སྲོག་དང་སྐྱེ་བ་པོ་དང། གསོ་བ་དང། སྐྱེས་བུ་དང། གང་ཟག་ཏུ་ལྟ་བ་ལྟ་ཅི་སྨོས། དོན་ལ་རྟོན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན། ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚོལ་གྱི། ཕྱི་རོལ་ཏུ་རྒྱུགས་པ་མ་ཡིན། ཆོས ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་ཅིང། གཞན་གྱི་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ཉིད་སྐྱབས་ཡིན་ཏེ། གཞན་སྐྱབས་མ་ཡིན། དེ་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་ཡང་མི་ལྟ་ན། གཟུགས་ཀྱི་སྐུར་ལྟ་ཅི་སྨོས། ཆོས་ལ་འདོད ་ཆགས་དང་བྲལ་བར་ཡང་མི་ལྟ་ན། སྨྲ་བའི་ཚིག་གི་ལམ་ནས་བརྗོད་པར་ལྟ་ཅི་སྨོས། འཕགས་པ་འདུས་མ་བྱས་པའི་དགེ་འདུན་ལ་ཡང་རྣམ་པར་མི་རྟོག་ན། མང་པོ་འདུས་པར་ལྟ་ཅི་སྨོས། ཆོས་གང་སྤང་བར་བྱ་བའི་ཕྱིར་བརྩོན་པ་མ་ཡིན། བསྒོམ་པར་བྱ ་བའི་ཕྱིར་མ་ཡིན། མངོན་སུམ་དུ་བྱ་བའི་ཕྱིར་མ་ཡིན། འཁོར་བར་ཡང་མི་སྐྱེ། མྱ་ངན་ལས་འདས་པར་ཡང་མངོན་པར་དགའ་བ་མ་ཡིན། ཐར་པ་ཡང་མི་དམིགས། བཅིངས་པ་ལ་ཡང་མ་ཡིན་ལ། ཆོས་ཐམས་ཅད་རང་བཞིན་གྱི་ཡོངས་སུ་མྱ ་ངན་ལས་འདས་པར་རིག་ནས། ཀུན་ཏུ་མི་འཁོར། ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་དུ་འགྱུར་བར་བརྩོན་པར་བྱའི། །མིང་གི་གནོད ་པར་མི་བྱ་སྟེ། འོད་སྲུངས་དགེ་སྦྱོང་ནི་བཞི་པོ་འདི་དག་གོ་ཞེས་གསུངས་སོ། །ཚུལ་ཁྲིམས་འཆལ་བ་ཆེར་བཅད་པའི་མདོ་ལས་ཀྱང། ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་སྤྱོད་པ་འཆལ་པས། ཚུལ་ཁྲིམས་འཆལ་པ་རྣམས་ཞེས་བྱ་སྟེ། ངན་པའི་ཚིག་སྤྱོད ་པ་དང། མཁས་པ་མ་ཡིན་པའི་ཚིག་སྤྱོད་པ་དང། ཀུན་ནས་ཉོན་མོངས་པའི་ཚིག་སྤྱོད་པ་དང། མི་མཐུན་པར་སྤྱོད་པ་དང། ཆགས་པར་སྤྱོད་པ་དང། ཀུན་ནས་ཆགས་པར་སྤྱོད་པ་དང། འདོད་ཆགས་ལ་སྤྱོད་པ་དང། ཀུན་ནས་འདོད་ཆགས་ལ་སྤྱོད་པ ་དང། ཞེ་སྡང་ལ་སྤྱོད་པ་དང། རབ་ཏུ་ཞེ་སྡང་ལ་སྤྱོད་པ་དང། གཏི་མུག་ལ་སྤྱོད་པ་དང། ཀུན་ནས་གཏི་མུག་ལ་སྤྱོད་པ་དང། ལས་ཀྱི་མཛའ་མང་བ་དང། སྨྲ་བ་ལ་དགའ་བ་དང། གཉིད་ལ་དགའ་བ་དང། གདུ་བ་ལ་དགའ་བ་དང། འདུ་འཛི་ལ་དགའ་བ ་དང། སྤྲོས་པ་ལ་དགའ་བ་དང། རིགས་པ་མེད་པའི་གཏམ་དང། མ་དག་པའི་གཏམ་དང། བདག་ཏུ་འཛིན་པ་དང། སེམས་ཅན་དུ་འཛིན་པ་དང། སྲོག་ཏུ་འཛིན་པ་དང། གང་ཟག་ཏུ་འཛིན་པ་དང། མར་མི་འཛིན་པ་དང། ཕར་མི་འཛིན་པ་དང། དགེ་སྦྱོང ་དུ་མི་འཛིན་པ་དང། བྲམ་ཟེར་མི་འཛིན་པ་དང། སྨན་པའི་ཐ་སྙད་དང་ཁྱིམ་སུན་འབྱིན་པ་ལ་དགའ་བ་དང། ཕོ་ཉར་འགྲོ་བ་དང། ཁྱིམ་པའི་ལས་ཀྱི་མཛའ་བྱེད་དུ་འཇུག་པ་དང། ཁྱིམ་པའི་འདུ་འཛི་བྱེད་པ་དང་།ཁྱིམ་པའི་གོ་རེ་ལོང་བྱེད་པ་དང། ལོ་མ་དང ་མེ་ཏོག་དང་འབྲས་བུ་འབྱིན་པས་ཁྱིམ་འཇིགས་པ་དང། གཅེར་བུ་པའི་སྦོམ་པ་བདག་གིར་བྱེད་པ་དང། གཅེར་བུ་པ་སྲིལ་བ་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤོང་བ་དང། ལོ་ཉི་ཤུ་མ་ཚང་བར་བསྙེན་པར་རྫོགས་པ་དང། ཡན་ལག་མ་ཚང་བར་བསྙེན ་རྫོགས་པ་དང། འབྲུ་མ་བཅོས་པ་བྱིན་ལེན་བྱེད་པ་དང། ཤ་མ་བཙོས་པ་བྱིན་ལེན་བྱེད་པ་དང། གསེར་དང་དངུལ་ལེན་པ་དང། བདག་ཏུ་སྨྲ་བ་ལ་མི་སྨོད་པ་དང། བདག་ཤེས་པ་མ་ཡིན་པ་དང། གང་ཟག་གཞན་དང་གཞན་ཤེས ་པར་བྱེད་པ་དང། རྫུན་དུ་སྨྲ་པ་དང། སྡོམ་པ་ལྷོད་པ་དང། གྱ་གྱུ་བྱེད་པ་དང། དད་པ་མེད་པ་དང། སྲན་ཆུང་བ་དང། བྱས་པ་མི་ཤེས་པ་དང། མ་རིག་པ་དང། ལེ་ལོ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཁྲོ་བ་དང་ཁོན་དུ་འཛིན་པ་དང། ་འཆབ་པ་དང། ཆགས་པ་དང། སྒྱུ་དང་གཡོ་དང་ཕྲག་དོག་དང། སེར་སྣ་དང། ཁྲེལ་མེད་པ་དང། ངོ་ཚ་མེད་པ་དང། རྒྱགས་པ་དང། བག་མེད་པ་དང། ཁེངས་པ་དང། ཀུན་ནས་བརྩོམ་པ་དང། དགའ་བ་མེད་པ་དང། སྐྱེད་ལུག་པ་དང། གླལ་པ་དང། ་ཟས་ཀྱི་དྲེག་པ་དང། སེམས་ཞུམ་པ་དང། ང་རྒྱལ་དང། མངོན་པའི་ང་རྒྱལ་དང། ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ངའོ་སྙམ་པའི་ང་རྒྱལ་དང། ཆུང་ཟད་སྙམ་པའི་ང་རྒྱལ་དང། ཚུལ་འཆོས་དང། ཁ་གསག་དང། གཞོག་སློང་དང། ཐོབ་ཀྱི་འཇལ་པ་དང། ཆོས་དང ་མི་མཐུན་པ་དང། རྙེད་པས་རྙེད་པ་སྒྲུབ་དང། ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དང། ཏིང་ངེ་འཛིན་གྱི་ཕུང་པོ་ཉམས་པ་དང། ཤེས་རབ་ཀྱི་ཕུང་པོ་ཉམས་པ་དང། རྣམ་པར་གྲོལ་བའི་ཕུང་པོ་ཉམས་པ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི ་ཕུང་པོ་ཉམས་པ་དང། སངས་རྒྱས་ལ་མ་དད་པ་དང། ཆོས་ལ་མ་དད་པ་དང། དགེ་འདུན་ལ་མ་དད་པ་དང། ལས་ཀྱི་རྣམ་པར་ཤེས་པ་ལ་ཡིད་མི་ཆེས་པ་དང། ཚེ་འདི་ལ་གཙོ་བོར་བྱེད་པ་དང། ཚེ་ཕྱི་མའི་ཆོས་ལ་གཅེས་པར་མི་བྱེད་པ་དང། སོམ་ཉི་དང་ཡིད ་གཉིས་དང། ཐེ་ཚོམ་དང། ཕོ་ཐེག་ཆེ་བ་དང། འཇིགས་སུ་རུང་བའི་རང་བཞིན་ཅན་ཡིན་ཏེ། ཤཱ་རིའི་བུ་གང་ཟག་འདི་དག་ནི་ཆོས་འདུལ་བ་འདི་ལ་ངན་སྒྱུགས་དང་འདྲ་བར་རིག་པར་བྱའོ། །མི་གཙང་བའི་ལུས་ཀྱི་ལས་དང་ལྡན་པ་དང། མི་གཙང་བའི་ངག་གི་ལས་དང ་ལྡན་པ་དང། མི་གཙང་བའི་ཡིད་ཀྱི་ལས་དང་ལྡན་པ་དང། འཚོ་བ་མ་དག་པ་གང་ཡིན་པ་དེ་དག་ནི། ལུས་ཞིག་ནས་ཤི་བའི་འོག་ཏུ་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་དག་སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང། དེ ་བཞིན་དུ་གཞན་ཡང་དགེ་བ་དོན་དུ་གཉེར་པ་རྣམས་དང། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱིས་ཡོངས་སུ་སྤང་བའི་འོས་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་ཙནདན་དམར་པོ་དེ་ངན་སྐྱུགས་བླུགས་པའི་སྣོད་དེར་བཅུག་ན། དེ་ཡང་མི་གཙང་བར་འགྱུར་ཞིང ་སྨད་པར་འགྱུར་རོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་བའི་དགེ་སློང་གིས་དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ཤེས་ནས། དགའ་བ་དང་མགུ་པ་མི་ཐོབ ་ཙིང། བག་ཉིད་ལ་ལྷག་པར་ཡང་གནོད་པར་བྱེད་དེ། རང་གི་སྤྱོད་ལམ་ངན་པ་ལ་ཀུན་ཏུ་བལྟས་ནས། རང་ཉིད་ཡིད་གཉིས་ཟ་བར་འགྱུར་ཞིང་མདོ་སྡེ་འདི་ལྟ་བུ་འདི་དག་ནི་བདག་ཁོ་ནའི་ཆང་དུ་གསུངས་ཀྱི། གཞན་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟར་བདག་ཁོ་ནའི་ཀུན་ཏུ་སྣང་ངོ་སྙམ་མོ། །ཤཱ་རིའི་བུ་འདི་ནི་དགེ་སློང་ཚུལ་ཁྲིམས་རལ་པ་རྣམས་ཀྱི་མ་འདྲེས་པའི་ཆོས་ཡིན་ཏེ། དེས་དེ་ཐོས་ནས་ཐོག་མ་ཁོ་ནར་ཁྲོ་བ་བསྐྱེད་པར་འགྱུར་རོ། །དེ་ཁྲོ་བའི་ཟིལ་གྱིས་ནོན་ནས་དགེ་སློང་ཆོས་སྨྲ་བ་ལ་མ་དད་པ་སྐྱེད ་བར་བྱེད་དེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ལ་འདི་ནི་སངས་རྒྱས་ཀྱི་གསུངས་པ་མ་ཡིན་ནོ་ཞེས་སྨོད་ཅིང། སྐྱེ་བོ་ལ་འདུ་ཤེས་སུ་བྱེད་དོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུང ་པར་བྱའོ། །གང་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་ལྟ་བུ་དང་ལྡན་པའི་མི་དེ་དག་རྟག་པར་རྒྱུན་དུ་བར་ཆད་མེད་པར་ལོ་བརྒྱའི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་བསགས་པ་བས། དགེ་སློང་ཚུལ་ཁྲིམས་རལ་བ་གང་ཞིག་བསྟན་པ་འདི་ལ་དྲང་སྲོང་གི་རྒྱལ ་མཚན་གྱིས་གཡོགས་ནས། དད་པས་བྱིན་པ་ལ་ཞག་གཅིག་ལོངས་སྤྱོད་པར་བྱེད་ན། དེ་བས་ཆེས་མང་དུ་འདི་མི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པར་འགྱུར་རོ། །གང་ཚུལ་ཁྲིམས་རལ་བའི་དགེ་སློང་འདི་ནི་ཉིན་ཞག་ཅིག་པ?་?? ་བྱིན་པ་ལ་ལོངས་སྤྱོད་ན། དེ་ཉིད་དེ་དག་ལས་མི་དགེ་བའི་རྩ་བ་ཆེས་མང་དུ་མངོན་པར་འདུ་བྱེད་པ་ཡིན་ནོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་བའི་དགེ་སློང་ནི་བྲེ་མོ་གཏམ་ལ་དགའ་བ་དང་ཤེ?་བྲེ་མེ་གང?་?? ་མངོན་པར་དགའ་བ། ཕྲག་དོག་ཅན་ཡིན་ནོ། །ཚུལ་ཁྲིམས་འཆལ་པའི་འཁོར་ཅན་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་བསྟེན་པ་དང། ཚུལ་ཁྲིམས་ཀྱི་གཏམ་ལ་མི་དགའ་བ་ཡིན་ནོ། །མདོ་སྡེ་ཟབ་མོ་འདི་ལྟ་བུ་དག་དང་མི་མཐུན་པར་བྱེད་པ་ཡིན་ནོ། །མདོ་སྟ ་འདི་ལྟ་བུ་འདི་དག་སྨྲ་བ་ལ་མི་མཐུན་པར་བྱེད་ཅིང་རྩོད་པ་དང། བསྟན་པ་ལ་མངོན་པར་མི་དགའ་བ་དང། ཕྱོགས་དང་ཕྱོགས་མཚམས་སུ་ལྟ་བར་བྱེད་པ་དང། ལག་བས་གདོང་འགེབས་པ་དང། བར་སྣང་ལ་ལྟ་བར་བྱེད་བ་དང། སྟན་ལས་ལངས་ཏེ་འགྲོ ་བ་དང། དེ་བཞིན་གཤེགས་པའི་གསུང་ལ་སྨོད་པ་དང། ཆོས་ལ་ཁྲོ་བར་བྱེད་པ་ཡིན་ནོ། །དེ་མི་དགེ་བ་དང་ལྡན་ཞིང་ལུས་དང་ངག་དང་ཡིད་ཀྱིས་ཉེས་བར་སྤྱོད་བས། ངན་སོང་དུ་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ ་པའི་ཚུལ་ཁྲིམས་ཀྱི་སྐྱོན་བརྒྱད་པ་ཡིན་ཏེ། ངན་སོང་དུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ནི་ཡོན་ཏན་སྒྲོགས་པས་སློབ་དཔོན་གཙོ་བོར་བྱེད་པ་ཡིན། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད ་པ་མངོན་པར་བསྟོང་བས། མཁན་པ་གཙོ་བོར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པའི་མིང་ཡོངས་སུ་བསྒྲགས་པས། འཚོ་བ་ཡོངས་སུ་སྒྲུབ་པ་དང། གྲིམས་པ་དང་ལྟགས་འདོད་ཆེ་བ་ཡིན་ནོ། །དཔེར་ན་བྱ་རོག་བཞིན་དུ་དགེ་འདུན་གྱི་མིང་གིས་བདག་ཉིད ་ཀྱི་ཆོས་གོས་དང་བསོད་སྙོམས་དང། གནས་མལ་དང། ནད་ཀྱི་རྐྱེན་སྨན་དང། ཡོ་བྱད་རྣམས་ཡོངས་སུ་སྒྲུབ་པར་བྱེད་པ་ཡིན་ནོ། །མཐུ་དང་ལྡན་པ་དང་ལུས་ཀྱི་འགོ་སྐེག་ལ་བརྩོན་པ་ཡིན་ནོ། །ངོ་ཚ་མེད་པ་དང་འཛེམ་པ་མེད་པ་ཡིན་ནོ། །ཚིག་ཐུན?་??་སྨྲ་བ་དང། ་ལག་པ་དང་རྐང་པ་རྒོད་པ་ཡིན་ནོ། །རིགས་ཉམས་པ་ཡིན་ནོ། །བུད་མེད་ལ་བརྟེན་པ་ཡིན་ནོ། །སྐྱེས་པ་ལ་མི་བརྟེན་པ་ཡིན་ནོ། །ཤིན་ཏུ་ཡོངས་སུ་འདྲིས་པར་བྱེད་པས་གུས་པ་མེད་པ་ཡིན་ནོ། །དེའི་སྔགས་པ་ལྷ་དང་ཀླུ་དང་གནོད་སྦྱིན་ཡང་མི་སྨྲའོ། །དེའི་སྔགས་པ་སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གསུང་བར་མི་འགྱུར་རོ། །འཚེ་བ་ལ་དཔའ་བ་དང་དགེ་འདུན་གྱི་ཐ་སྙད་དང་ལྡན་པ་ཀུན་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་ནི་དགེ་འདུན་གྱི་དབང་ཕྱུག་འདོད་པ་ཡིན་ནོ། །གང་ཅི་ལ་སྔགས་ཀྱང་མ་དྲིས་པར་སྨྲ་བ་ཡིན་ནོ། །ཆོས ་གོས་འཚོལ་བ་ཡིན་ནོ། །གཞན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་གླགས་ལྟ་བ་ལ་བརྩོན་པ་ཡིན་ནོ། །མཚུངས་བར་བྱེད་པ་ཡིན་ནོ། །དམ་པ་མ་ཡིན་པའི་ཆོས་འཛིན་པ་དང། དམ་པ་མ་ཡིན་པའི་ཆོས་ལེན་པ་ཡིན་ནོ། །ཚོགས་ལ་དགའ་བ་ཡིན་ནོ། །རྩོད་པ ་འབར་བར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཚལ་བའི་འཆལ་བའི་ཚུལ་ཁྲིམས་ཀྱི་སྐྱོན་དགུ་པ་ཡིན་ཏེ། ངན་སོང་རབ་ཏུ་རྫོགས་བར་བྱ་བར་ཀུན་ཏུ་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་བ་ནི་བརྩོད་པ ་ལེན་པ་ཡིན་ནོ། །འཐབ་མོས་དགའ་བ་འཐོབ་པ་དང། ཆོས་གོས་ལ་ཞེན་པ་ཡིན་ནོ། །འགྲོ་བ་ངན་པར་འགྲོ་བ་དང་ཉལ་བའི་བདེ་བ་ལ་གཞོལ་བ་ཡིན་ནོ། །བསྔགས་པ་རྙེད་ན་དགའ་བ་དང། བཤེས་པའི་ཁྱིམ་དང། སློང་མོ་སྟེར་བའི་ཁྱིམ་ལ་འཆུམས་པ་ཡིན་ནོ། ། ་ཁྱིམ་ལ་ཕྲག་དོག་བྱེད་པ་དང་གནས་ལ་ཕྲག་དོག་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མ་འདི་དགེ་སློང་དེ་དག་གིས་མ་ཤེས་ཀྱང་ཅི་མ་རུང་སྙམ་པ་སེམས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་སྡང་བ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ལ་ཀུན་ཏུ་དགའ་བ་དང། སྦྱིན ་པའི་སྔགས་པ་འབའ་ཞིག་ལྷག་པར་སྨྲ་བ་ཡིན་ཏེ། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཉེ་བར་ཞི་བ་རྣམས་ཀྱི་མ་ཡིན་ནོ། །དགོན་པའི་གནས་དབེན་པ་ཆུང་ཟད ་དོན་གྱི་སྒོ་ནས་སམ་ཆུང་ཟད་ཡི་གེའི་སྒོ་ནས་ནི་མ་ཡིན་ཏེ། དགེ་སློང་ངོ་ཚ་ཤེས་པ་རྣམས་ལ་བསྔགས་པ་མ་ཡིན་པ་སྤྱོད་པས་མངོན་པར་རྩོན་པར་བྱེད་པ་ཡིན་ནོ། །དེ་དགེ་སློང་སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ཆུང་ཟད་དོན་གྱི་སྒོ་ནས་སམ། ་ཆུང་ཟད་ཡི་གེའི་སྒོ་ནས་ཀྱང་བསྔགས་པ་མ་ཡིན་པ་སྨྲ་ཞིང། ཅི་ནས་ཀྱང་སྐྱོན་འདོགས་པ་ཡིན་ནོ། །རིགས་རྒྱུད་སྨྲ་བ་ཞུགས་པ་ཡིན་ནོ། །སྔོན་གྱི་ཉེ་དུ་ལ་སྨོས་བ་དང། ཅིའི་རྒྱུད་ཆོས་སྟོན་ཀྱད་འདི་ལྟར་བཀྲེན་པའི་ཕྱིར་ཡིན་པ་དང། བག་ཚ་བའི་ལྕེ་གཉིས་སུ་སྨྲ་བ ་དང། རང་གི་སྐྱེ་བོ་མི་སྤོང་བ་དང། སྐྱེ་བོ་མང་པོས་མྱུར་དུ་ཟིལ་གྱིས་མནན་པ་འཐོབ་པ་དང་ཡིད་དུ་མི་འཐད་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཁ་ཟེར་བ་དང། གདམས་ངག་སྨྲ་བའི་སྐྱེས་པ་དང། བུད་མེད་རྣམས་ལ་མི་བསྟེན་པ་དང ་དེ་མདོ་སྡེ་འདི་ལྟ་བུ་འདི་དང། མདོ་སྡེ་འདི་ལྟ་བུ་འཆད་བ་དང། སྟོན་པ་གང་ཡིན་པ་དེ་དག་ཡིད་ལ་མི་འཐད་པ་དང། མདོ་སྡེ་འདི་ལྟ་བུ་འདི་སྟོན་པ་རྣམས་ལ་དགའ་བ་དང། མགུ་བར་བྱེད་པ་གང་ཡིན་པ་དེ་དག་ལ་ཡང་སྡང?་ཞིང་ཡིད་དུ་མི་འོང་བས། ཚུལ ་ཁྲིམས་ཀྱི་བསྔགས་པ་མི་བརྗོད་པ་ཡིན་ནོ། །འདི་ལྟ་བུའི་མདོ་སྡེ་སྟོན་པ་རྣམས་ཀྱི་དྲུང་དུ་ཉེ་བར་མི་འགྲོའོ། །ཉེ་བར་སོང་ན་ཡང་སླར་མྱུར་དུ་ལྡོག་པ་དང། ལྟོས་པ་མེད་པར་སྟོན་པ་ཡིན་ནོ། །བྱུང་རྒྱལ་དུ་སྨྲ་བ་དང་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཉེ་དུར་སྨོས་པ ་ཡིན་ནོ། དབང་ཕྱུག་གི་ཕྱིར་འབྱེ་བར་བྱེད་པ་དང། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་ལ་སྨོད་བར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་བ་འཆལ་བའི་ཚུལ་ཁྲིམས་ཀྱི་སྐྱོན་བཅུ་པ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཀུན ་ཏུ་ཞུགས་པ་ཡིན་ནོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་དེ་ལྟ་བས་ན། དེ་བཞིན་གཤེགས་པ་སྐྱེས་བུ་བླུན་པོ་དེ་དག་གི་དོན་དུ་འདི་ལྟ་བུའི་མདོ་སྡེ་འདི་རབ་ཏུ་སྟོན་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚུལ་ཁྲིམས་རལ་བའི་དགེ་སློང ་འབྱུང་བ་གང་ཡིན་པ་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཐོས་ནས་མི་ཉམས་པར་བྱ་བའི་ཕྱིར་འཇུག་པར་འགྱུར་བའི་ཕྱིར་རོ། །ཤཱ་རའི་བུ་དེ་ལ་དད་པས་བྱིན་པ་རྣམས་ལ་ལོངས་སྤྱོད་པར་བྱེད་བ་དག་ནི་ཚོམ་རྐུན་ཆེན་པོ་ཡིན་ནོ། ། ་ཤཱ་རིའི་བུ་ཆོས་འདུལ་བ་འདི་ཐོས་ནས། དགའ་བ་འམ་རངས་པར་མི་འགྱུར་བ་གང་ཡིན་པ་དེ་ནི་ལྷག་པར་དགེ་སློང་སྡིག་ཅན་ཡིན་པར་ཤེས་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དག་ལ་ནི། ཡང་ན་ཚུལ་ཁྲིམས ་ཀྱི་གཏམ་མམ། ཡང་ན་ཏིང་ངེ་འཛིན་གྱི་གཏམ་མམ། ཡང་ན་ཤེས་རབ་ཀྱི་གཏམ་མམ། ཡང་ན་ཀུན་ཏུ་སྐྱོ་བར་འགྱུར་བའི་ཆོས་ཀྱི་གཏམ་དེ་ལྟ་བུ་གང་ཡང་ཡིད་དུ་མི་འོང་བར་མི་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟ་བུའི་མདོ་སྡེ་འདི་ཐོས་ན་གསུམ་ཡིད་མི ་བདེ་བར་འགྱུར་ཏེ། གསུམ་པོ་གང་ཞེ་ན། ཚུལ་ཁྲིམས་རལ་བའི་དགེ་སློང་གང་ཡིན་པ་དང། མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་གང་ཡིན་པ་དང། ཆོས་མ་ཡིན་པའི་གཏམ་ཆོས་ཀྱི་གཏམ་ལྟར་བཅོས་པས་ཆོས་མ་དག་པ་སྟོན་པའི་དགེ་སློང་གང་ཡིན ་པའོ། གཞན་ཡང་གསུམ་གྱི་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། བདག་ཏུ་ལྟ་བ་དང་སྲོག་ཏུ་ལྟ་བ་དང་གང་ཟག་ཏུ་ལྟ་བའོ། །གཞན་ཡང་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན་ཕུང་པོར་ལྟ་བ་དང། ཁམས་སུ་ལྟ ་བ་དང། སྐྱེ་མཆེད་དུ་ལྟ་བའོ་ཞེས་གསུངས་པ་དང། མདོ་དེ་ཉིད་ལས། ཤཱ་རིའི་བུ་འདི་ལྟར་མདོ་སྡེ་འདི་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་དགའ་བ་དང་མགུ་བར་བྱེད་པར་འགྱུར་རོ། །ཤཱ་རིའི ་བུ་མདོ་སྡེ་འདི་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱི་ཀུན་ཏུ་བ་ཟུང་ཞིང་ཚུལ་ཁྲིམས་འཆལ་བས་ཡོངས་སུ་སྤངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་ན། བྱིས་བ་རྣམས ་སྡུག་བསྔལ་བར་འགྱུར་ཏེ། ཤཱ་རིའི་བུ་གང་དག་གི་ཡན་ལག་དང། གང་དག་གི་རྣམ་པ་དང། གང་དག་གི་རྟགས་དང། གང་དག་གི་མཆེན་མས་ཚུལ་ཁྲིམས་འཆལ་པ་དང་ལྡན་པར་འགྱུར་བའི་རྣམ་པ་དང། རྟགས་དང་མཚན་མ་དེ་དག་དེ ་བཞིན་གཤེགས་པས་མདོ་སྡེ་འདི་ལས་གསུངས་ཏེ། ཚུལ་ཁྲིམས་འཚལ་པ་ནི་ཚུལ་ཁྲིམས་ཀྱི་གཏམ་ལ་དགའ་བར་མི་འགྱུར། མཉམ་པར་མ་བཞག་པ་ནི་མཉམ་པར་བཞག་པའི་གཏམ་ལ་དགའ་བར་མི་འགྱུར། སེར་སྣ་ཅན་གཏོགས་པའི ་གཏམ་ལ་དགའ་བར་མི་འགྱུར། མངོན་པའི་ང་རྒྱལ་ཅན་གྱི་ལྷག་པར་ང་རྒྱལ་མེད་པ་སངས་རྒྱས་ཀྱི་གསུང་ཐོས་ནས། གཡང་ས་ཆེན་པོར་ལྟུང་བར་འགྱུར་ཞིང་སྐྲག་པ་ཆེན་པོ་སྐྱེ་བར་འགྱུར་རོ། །འཇིག་རྟེན་གྱི་ཟང་ཟིང་དང་ཁ་ཟས་ལྷུར་ལེན་པ་ནི་ཡོ་བྱད ་བསྙུངས་པའི་བསྔགས་པ་སྨྲས་ན་ཡིད་མི་བདེ་བ་ཆེན་པོ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །ཆོས་ཀྱི་ཕུང་པོའི་མདོ་ལས་ཀྱང། ཤཱ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་རྣམས་ཏེ། བཅུ་གང་ཞེ་ན། ཚུལ ་ཁྲིམས་འཆལ་པ་འཆི་བའི་ཚེ་གདུང་བར་འགྱུར། མནར་མེད་པར་འགྱུར་རོ་སྙམ་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཕྱིར་འགྱོད་བར་འགྱུར། འཁོར་གྱི་ནང་དུ་སྐྲག་པར་འགྱུར། ཚུལ་ཁྲིམས་དང་ལྡན་པ་ལ་བདག་ཉིད་སྨྲ་བར་འགྱུར། སངས་རྒྱས་རྣམས ་ཀྱི་སྤངས་སོ། །བདག་ཉན་ཐོས་རྣམས་ཀྱི་སྤངས་སོ། །བདག་ལྷ་རྣམས་ཀྱི་སྤངས་སོ་ཞེས་སྨྲ་བར་འགྱུར། དེ་འཇིག་པ་དང་བཅས་པས་འཆི་བའི་དུས་བྱེད་པ་དང། ངན་སོང་དུ་འགྲོ་བ་དང། མིའི་ཐོབ་པ་རྙེད་པ་དཀའ་བར་འགྱུར་ཏེ། ཤཱ་རིའི་བུ་བཅུ་པོ་འདི་དག་ནི ་ཚུལ་ཁྲིམས་འཆལ་པའི་དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དག་གོ་ཞེས་གསུངས་སོ། །ཚུལ་ཁྲིམས་དང་ལྡན་པ་བརྙས་པ་ལ་དགོངས་པ་བསྟན་པ་ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང། ཕྱི་མའི་དུས་ན་འདི་བུ་དེ་དག་།ཀུན་ཏུ་སྨད་བར་གྱུར་ནས་ནི། །དེ ་དག་ངའི་ཚིག་ནི་དྲན་འགྱུར་ཏེ། །བས་མཐད་དག་དང་ནག་སུ་དེ་ཚེ་གནས། །ཀྱི་ཧུད་རྙེད་པས་ཟིལ་ནོན་ཡོན་ཏན་ལྡང། །དགེ་སློང་མང་པོ་གང་དུ་བྱུང་གྱུར་པ། །རྒྱལ་བ་དམ་པ་ཡིས་ནི་བསྟན་པ་དག་།རིང་པོར་མི་ཐོགས་པར་ཡང་འཇིགས་པར་འགྱུར། །ཕྱི ་དུས་ཚུལ་ཁྲིམས་ཡོན་ཏན་ལྡན་པ་དག་།རྟག་པར་ཡོངས་སུ་བརྙས་པར་འགྱུར་བ་སྟེ། དེ་དག་གྲོང་དང་ཡུལ་འཁོར་གྲོང་ཁྱེར་རྣམས། །སྦངས་ནས་དགོན་པ་ན་གསུ་གནས་པར་འགྱུར། །འབྱེད་དང་ཟུག་ཟེར་འབྲབ?་མོ་དགའ་བ་དང། །ཡོན་ཏན་ཉམས་ལ ་རྟག་ཏུ་བསྟི་སྟང་བྱེད། །དེ་དག་སྐྱེ་བོའི་སྟོན་པར་གྲགས་འགྱུར་ཏེ། །དེ་དག་ང་རྒྱལ་རྒྱགས་པས་ཚིག་པར་འགྱུར། །འདིར་མིང་ཡིས་བསྟེན་པ་ཡོན་ཏན་གཏེར། །ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག་དགའ་བ། །འདི་ནི་ཚུལ་ཁྲིམས་ཉམས་དང་ཕྲག་དོག ་དང། རྒྱགས་བའི་སྐྱོན་རྣམས་ཀྱིས་ནི་འཇིག་པར་འགྱུར། །ཇི་ལྟར་རིན་ཆེན་འབྱུང་གནས་བྲུས་པ་དང། །པདྨའི་རྗིད་བུ་ཡོངས་སུ་བསྐམས་པ་དང། །རིན་ཆེན་མཆོད་སྡོང་ཆགས་པར་གནས་པ་ལྟར། །ཀྱི་མའི་དུས་ན་བསྟན་པ་འཇིག་པར་འགྱུར། །ཕྱི་མའི ་དུས་ཀྱི་ཚེ་ན་དམ་པའི་ཆོས། །རྣམ་པར་འཇིགས་འགྱུར་ཤིན་ཏུ་མི་བཟད་ཚེ། །དགེ་སློང་དུལ་བ་མ་ཡིན་དེ་འདྲ་བ། །དེ་དག་ང་ཡི་བསྟན་ནི་འཇིག་པ་ཡིན། །སྤྱོད་པ་འདི་ལ་བརྟེན་པར་དགའ་བ་རྣམས། །དེ་དག་བཟད་འགྲོ་ག་ལ་ཡོད་དེ་རིང། །འདི་ནས་ཤི ་འཕོས་ཡི་དགས་འགྲོ་བ་དང། །དུད་འགྲོའི་འགྲོ་དང་སེམས་ཅན་དམྱལ་བར་གནས། །ལོ་བརྒྱ་དུ་མར་སྡུག་བསྔལ་མཛའ་ཡས་པ། །མི་བཟད་དྲག་པོ་ཉམས་སུ་མྱོང་བར་འགྱུར། །ཅི་སྟེ་དེ་ཡིས་མི་ཡི་ལུས་རྙེད་ཀྱང། །རྟག་ཏུ་སྡུག་བསྔལ་མྱ་ངན་ལྡན་པར་འགྱུར། །སྡིག་པའི ་སྦྱོད་པ་འདི་ལ་རྟག་བརྟེན་པ། །ལོང་བ་འམ་འོན་པ་འམ་ཞ་བར་སྐྱེ་བར་འགྱུར། །ལུས་ལ་རྟག་ཏུ་ཤ་བཀྲ་འབྱུང་བར་འགྱུར། །འཇིག་པའི་གཟུགས་ཅན་མཐོད་ན་འཇིགས་པར་འགྱུར། །གང་ཞིག་ཡ་དའི་སྤྱོད་པ་བརྟེན་པ་ནི། །དེ་ལ ་སུ་ཡང་ཡིད་རྟོན་མི་འགྱུར་ཏེ། །དེ་ཡི་ཚིག་ལ་ཡིད་ཆེས་མི་འགྱུར་ཞིང། །དེ་ནི་རྟག་ཏུ་རྨ་འབབ་པར་ཡང་འགྱུར། དེ་དག་ནང་དང་སྡུག་བསྔལ་བརྒྱ་ཡིས་གདུངས། །མཚོན་དང་ཤིང་དང་བོད་བ་རྣམས་ཀྱིས་བསྣུན། །བཀྲེས་དང་བསྐོམ་པའི་འཇིགས ་པས་ཡོངས་སུ་གདུངས། །ཡང་ན་དེ་ནི་རྟག་པར་རབ་ཏུ་བརྙས། །སྡུག་བསྔལ་མཛའ་ཡས་པ་དག་ཐོས་ནས་ནི། །དེས་བ་རྣམས་ཀྱི་སྡིག་པའི་སྤྱོད་བོར་ལ། །ལེགས་པའི་སྤྱོད་ལ་རྟག་ཏུ་བསྙེན་པར་གྱིས། །འདི་ནས་ཕྱིན་ཆད་འགྱོད་པར་གྱུར་ཏ་རེ། །གང་ཞིག ་སངས་རྒྱས་དང་ནི་འཕགས་ཚོགས་དང། །བསླབས་དང་སྦྱངས་པའི་ཆོས་ལ་དགའ་གྱུར་པ། །གཉེན་དང་རྙེད་དང་གྲགས་བརྗོད་སྤང་བར་བྱོས། །དེ་དག་རྟག་ཏུ་མངོན་པར་རྩོན་པར་གྱིས། །འདུས་བྱས་འདི་ནི་སྒྱུ་མ་ལྟ་བུ་དང། །འཇིག་པར་གྱུར ་དང་རྨི་ལམ་ལྟ་བུ་དང། །སྡུག་པ་ཀུན་དང་མི་རེང་འབྲལ་འགྱུར་ཞིང། །འདི་ལ་རྟག་པར་གང་ཡང་མེ་ཏོག་ལ། །ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་ལ། །རྟག་ཏུ་རབ་ཏུ་སྦྱོར་ཞིང་འབད་པར་གྱིས། །ཇི་སྲིད་བྱང་ཆུབ་མཆོག་སངས་མ་རྒྱས་པ། །དེ ་སྲིད་བརྩོན་འགྲུས་ནམ་ཡང་ཉམས་མ་བྱས་ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང། ངས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤངས་ན་རབ་ཏུ་བྱུང་སྟེ། ཀ་ཤི་བ་ཕྲ་མོ་དང། དུ་གུ་ལའི་རས་དང། ཀོ་ཏམ་པའི་ར་དང། ངང་རིས ་ཅན་གྱི་ཆོས་གོས་རྣམས་སྤངས་ནས། འཕགས་པའི་རིགས་ལ་དགའ་བའི་ཕྱིར་ཤ་ནའི་རས་ཀྱི་གོས་རྣམས་ལུས་ལ་བགོས་སོ། །འོད་སྲུངས་ངས་ཁྱོད་ལས་དར་གོས་ངན་པ་བླངས་ཏེ། ངས་ཁྱོད་ལ་ཤ་ནའི་རས་བྱིན་པ་གང་ཡིན་པ་དེ་ཐམས་ཅད་ཀྱང ་ཁྱོད་ཉིད་ལ་སྙིང་བརྩེ་བའི་ཕྱིར་ཡིན་གྱི་ཆགས་པའི་ཕྱིར་མ་ཡིན་ལ་ལུས་བརྒྱན་པའི་ཕྱིར་མ་ཡིན་ནོ། །འོད་སྲུངས་འདི་ལ་མི་གཏི་མུག་པ་ཁ་ཅིག་ཁྱོད་དང་ངའི་རྗེས་སུ་མི་སློབ་ཅིང་བརྐམ་པ་ཆགས་པའི་ཟིལ་གྱིས་ནོན་པ་ཆོས་གོས་སོགས་པར་བྱེད་པ། འཇིག ་རྟེན་པའི་ཟང་ཟིང་སོགས་པར་བྱེད་པ། འགྲོན་བུ་དང་གསེར་དང་ནོར་བུ་དང་འབྲུ་སོགས་བར་བྱེད་པ། པ་ལང་དང་ལུག་དང། བྱ་གག་དང་ཕག་དང། བོང་བུ་དང་རྟ་དང་མཐོང་གཤོལ་དང། ཤིང་རྟ་འདྲེན་པ་དག་ཉེ་བར་འཇོག་པར་བྱེད་པ། ཁྱིམ་པའི་ལས་ཀྱི ་མཛའ་སྤྱོད་པ་དག་པས་ནི། འོད་སྲུངས་ཁྱིམ་པ་དག་ལ་ཁྱད་པར་དུ་འགྱུར་བ་ཡོད་ཀྱི། མི་བླུན་པོ་རབ་ཏུ་བྱུང་བའི་མཚམས་ལས་འདས་པ་དེ་དག་ལ་ནི་ཁྱད་པར་དུ་འགྱུར་བ་གང་ཡང་མེད་དོ། །འོད་སྲུངས་ཁྱིམ་པ་རྣམས་ཁྱད་པར་དུ་འགྱུར་བ་ནི་དགེ་སྦྱོང་མ་ཡིན ་པ་ལ་དེ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྦྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ། གོས་ངུར་སྨྲིག་བགོས་ཤིང་བྱ་བ་མང་བ། སྦགས་པ་སྣ་ཚོགས་ཀྱིས་སྔགས་པ། ཟས་དང་གོས་ལྷུར་ལེན་པ་དེ་དག་ཁྱིམ་པ་དག་གིས་ངུར་སྨྲིག་གྱོན ་པར་རིག་ནས། ཞེ་ས་དང་གུས་པ་བསྐྱེད་པ་དང། ཆོས་གོས་དང་བསོད་སྙོམས་ཀྱི་སྡུང་པར་བྱེད་པ་དང། གུས་པར་སྨྲ་ཞིང། ཕྱག་འཚལ་བ་དང་ལྡང་བར་བྱེད་པ་སྟེ། འོད་སྲུངས་འདི་ནི་ཁྱིམ་པ་དག་གིས་ཁྱད་པར་དུ་གྱུར་པའི་ཆོས་ཡིན་གྱི། དེ་དག་རབ་ཏུ ་བྱུང་བ་དེ་དག་ལ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཡོངས་སུ་ལེན་པ་ལ་བརྩོན་པ་མ་ཡིན་ཞིང། ཅི་ཡང་མི་སོགས་པའི་ཕྱིར་རོ། །འོད་སྲུངས་དེའི་ཚེ་དེའི་དུས་ན། དགེ་སློང་བལ་ཆེར་ལྷུང་བཟེད་དང། ཆེས་གོས་མང་ཞིང་སྣོད་སྦྱད་མང་བ་དང། ་རྙེད་པ་མང་བར་འགྱུར་ཏེ། དེ་དག་ལ་བསྟི་སྟང་བྱེད་པར་འགྱུར་བཙུན་པར་བྱེད་པར་འགྱུར། རི་མོ་བྱེད་ཅིང་མཆོད་པར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྦྱིན་པ་དང། ཕྱིར་སྦྱིན་པ་དུས་དུས་སུ་བྱེད་ཅིང། བྱ་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ ་འཛིན་པའི་ཕྱིར་རོ། །དགེ་སློང་གང་དག་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་ཟག་པ་རྣམས་ཟད་པར་བྱེད་པ་ལ་མངོན་པར་བརྩོན་པ། ཡིད་བྱུང་བ་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་པ། དོན་ཉུང་བར ་བྱེད་པ་ཉུང་བ། རང་གི་དོན་ལ་བརྩོན་པ། འདྲེས་པར་བྱེད་པ་ཡོངས་སུ་སྤངས་པ་དག་འབྱུང་བ་དེ་དག་གི་གན་དུ་ནི། དེའི་ཆེ་དེའི་དུས་ན་སུ་ཡང་མི་འགྲོ་མི་བསྟེན་ཅིང་བསྙེན་བཀུར་མི་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱིམ་པ་དག་ནི་ཆགས ་པའི་རང་བཞིན་ཅན་ཚེ་འདི་ལྷུར་ལེན་གྱི་ཚེ་རབས་ཕྱི་མ་ལྷུར་ལེན་པ་མ་ཡིན་པས་དེ་དག་འདི་སྙམ་དུ། དགེ་སློང་དེ་དག་ལ་ནི་བདག་ཅག་གི་འཚོ་བ་མེད་ན། བདག་གི་ཅིའི་ཕྱིར་སྟེན། ཅིའི་ཕྱིར་ཕྱག་བྱ་ཅིའི་ཕྱིར་མཆོད། ཅིའི་ཕྱིར་བསྙེན་བཀུར་བྱ ་སྙམ་དུ་སེམས་པའི་ཕྱིར་རོ། །གཞན་དུ་ན་གང་དགེ་བའི་རྩ་བ་བསྐྱེད་པ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་དག་འབྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་དེ་ལྟ་བུ་དེ་དག་ལ་བསྟེན་པར་བྱེད། སྙེན་པར་བྱེད་ཅིང་བསྙེན་བཀུར་བྱེད་པ་ནི་མ ་གཏོགས་ཏེ་ཉུང་ངོ། །འོད་སྲུངས་ཆོས་འདི་ལྟ་བུའི་ཚུལ་དང་མཐུན་པ་འདི་ལྟ་བུ་འདི་དག་ནི། གང་ཟག་གཉིས་ཀྱི་ཡིད་དུ་འོང་བར་འགྱུར་ཏེ། གཉིས་གང་ཞེ་ན། བདེན་པ་མཐོང་ཞིང་འཁོར་བ་ལ་འཇིགས་པར་བསྟ་བ་དང། རྣལ་འབྱོར་སྤྱོད་པ་ལ་བརྩོན ་ཞིང་འབྲས་བུ་ཐོབ་པར་འདོད་པ། ལས་ཀྱི་རྣམ་བར་སྨིན་པ་ལ་རྟོན་པ་ཆོས་དོན་དུ་གཉེར་ཞིང་ཆོས་འདོད་པའོ། །འོད་སྲུངས་མངོན་པར་མི་བརྩོན་པ་ཆོས་མ་ཡིན་པ་ལ་ལྟ་བ། ལས་ཀྱི་རྣམ་པར་སྨིན་པར་དང་འགལ་བ། འཇིག་རྟེན་ཕ་རོལ་ལ་ཁ་ན་མ ་ཐོ་བས་འཇིགས་པར་མི་ལྟ་བ། ཚེ་འདི་ལྷུར་ལེན་པ། ཚེ་རབས་ཕྱི་མ་ལྷུར་མི་ལེན་པ། ཐམས་ཅད་ཀྱི་སྒོ་ནས་བཤད་པར་བྱའོ། །འོད་སྲུངས་གང་དག་ཐ་ན་ཐར་པ་དང་ལྡན་པའི་སེམས་ཅིག་ཙམ་ཡང་མི་སྐྱེད་པའི་གཏི་མུག་པ་དེ་དག་ལ་ནི། ངས་འདི་ལྟ་བུའི ་ཆོས་འདིར་སྐབས་མི་འབྱེད་ཀྱི། སྟེང་དུ་འདི་ལྟ་བུའི་ཆོས་འདི་དག་ཐོས་ནས། བདག་སྒྲུབ་པ་ལས་ཉམས་པར་རིག་ནས། སྨད་པར་བྱ་བར་སེམས་ཏེ། འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི། འདི་དག་ནི་རང་བཟོར་སྦྱར་བའམ། བདུད་ཀྱིས ་མཐོ་བཙམས་ནས་བྱས་པའོ་ཞེས་སྨྲ་ཞིང། དེ་དག་འདི་ལྟར་སྐྱེ་བོ་མང་པོ་དག་ལོག་པར་འཛིན་དུ་འཇུག་པར་འགྱུར་རོ། །དེ་དག་ནི་བདག་ཀྱང་ཕུང་ལ། གཞན་དག་ཀྱང་ཕུང་བར་བྱེད་པར་འགྱུར། བདག་ཀྱང་ཉོན་མོངས་པ་ཅན་དུ་འགྱུར་ལ། གཞན་ཡང་ཉོན ་མོངས་པ་ཅན་དུ་བྱེད་པར་འགྱུར་ཏེ། དེ་ལྟར་གཏི་མུག་པ་དེ་དག་ནི་བདག་ལ་ཕན་པ་དང་།གཞན་ལ་ཕན་པའི་ཕྱིར་ཞུགས་པ་མ་ཡིན་ནོ་ཞེས་གསུངས་སོ། །རབ་ཏུ་རྣམ་པར་བྱེད་པའི་མདོ་ལས་ཀྱང། ཤཱ་རིའི་བུ་དེ་ལ་དགེ་སློང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ ་དགེ་བའི་རྩ་བ་རྒྱས་པ་གང་དག་འབྱུང་བ་དེ་དག་ནི། ཕུང་པོར་འདུ་ཤེས་པ། ཁམས?་སུ་འདུ་ཤེས་པ། སྐྱེ་མཆེད་དུ་འདུ་ཤེས་པ། གང་ཟག་ཏུ་ལྟ་བ། རྒན་པས་གནས་བརྟན་དུ་གྱུར་པ། གཏི་མུག་གིས་སྙིགས་པ། ལམ་གོལ་ནས་དོང་བ། ལྷག་པར་ང ་རྒྱལ་བ། ལོག་པར་ལྟ་བ་དེ་དག་གིས་སྨྲས་བ། དེ་ལ་མངོན་པར་མི་དགའ་ཞིང་རྗེས་སུ་ཡི་མི་རང་ནས་སྟན་ལས་ལངས་སྟེ། འདོད་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་ལྷའི་ཚོགས་ཆེན་པོ་ཡིད་རབ་ཏུ་དགའ་བ་རྣམས། ད་རུང་ཡང་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས ་གནས་སོ། །ཞེས་ཕྱོགས་བཞིར་སྒྲ་ཤིན་ཏུ་སྒྲོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་དག་འདི་ནི། གང་ཟག་ཏུ་ལྟའོ་ཞེས་ཡོངས་སུ་མ་དག་བའི་བཟོད་བ་འདི་དག་མི་འདོད་པ་དེ་དག་ནི། དགེ་བའི་རྩ་བ་ཉད་ཉུང་དང་ལྡན་པ་མ་ལགས་སོ། །དེ་དག་གི ་བསམ་པ་རིག་ནས་ལྷའི་ཚོགས་ཆེན་པོ་དགའ་བ་དང་ཡིད་བདེ་བ་སྐྱེ་པ། ཡིད་ཆེར་རངས་པ་དེ་དག་ཆེད་དུ་བརྗོད་པ་ཆེར་ཆེད་དུ་བརྗོད་པར་འགྱུར་རོ། །ཤཱ་རིའི་བུ་ཡང་དགེ་སློང་དེ་དག་སངས་རྒྱས་ཀྱི་སྲས་ཡོངས་སུ་འདྲི་པའི་རང་བཞིན་ཅན། མི་དམིགས་པའི ་བཟོད་པ་ཅན་རྣམས་ལ་མི་དགའ་བར་འགྱུར། དེ་དག་དེར་ཚུལ་གཅིག་ཏུ་སྒྲོགས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་དེའི་ཚེ་ཚོགས་ནས་བསྡུས་ཏེ་ཚོགས་ཀྱི་སློབ་དཔོན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཟིལ་གྱིས ་མནན་པ་ཉིད་ཀྱིས་སོ། །ཤཱ་རིའི་བུ་དེ་ལྟར་དེའི་ཚེ་དེའི་སྲས་ངའི་ཉན་ཐོས་རྣམས་ཀྱིས་ཡབ་ཀྱི་གནས་དད་ཡབ་ཀྱི་སྤྱོད་ཡུལ་ལ་སྙན་པར་སྨྲ་བ་ཡང་རྙེད་པར་མི་འགྱུར་ན། གཙུག་ལག་ཁང་དུ་གནས་པ་དང་བཀུར་སྟི་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། ། ་ཤཱ་རིའི་བུ་དེའི་ཚེ་འདི་ལྟར་དེ་བཞིན་གཤེགས་པ་ཟིལ་གྱིས་མནོན་པར་འགྱུར་བ་ལ་ལྟོས། གདང་ཡོངས་སུ་མྱ་ངན་ལས་འདས་ན། དེ་བཞིན་གཤེགས་པའི་སྲས་གང་དག་།ལེགས་པར་ཐུབ་པ་ལེགས་པར་ཞི་བ། ལེགས་པར་དུལ་ཞིང་མི་དམིགས ་པའི་བཟོད་བཅན་དེ་དག་དེའི་ཤིན་ཏུ་ཟིལ་གྱིས་མནོན་ཅིང་ཡོངས་སུ་སྤངས་པར་འགྱུར་རོ། །ངའི་སྲས་དག་ཡབ་ཀྱི་སྤྱོད་ཡུལ་གང་ལ་བདེ་བ་ལ་རེག་པར་གནས་པར་འགྱུར་སྙམ་དུ་གང་དས་དེ་དག་གི་དོན་གྱི་ཕྱིར་བསྐལ་པ་གྲངས་མེད་པ་ཉེ་བར་བླངས ་ནས། གཡུལ་ཆེན་པོར་ཕམ་པར་བྱས་པ་དང། རྒྱལ་སྲིང་བསྐྱངས་སོ། །ཤཱ་རིའི་བུ་དེ་ལ་ཆོས་འདུལ་བ་དེ་ལྟར་དང་ཞིང་དེ་ལྟར་རྒྱ་ཆེ་བ་འདི་ལ་ཆོམ་རྐུན་པའི་ཚོགས་ཆེན་པོ་དང། དམུ་རྒོད་ཀྱི་ཆོགས་ཆེན་པོས་བསྣུབ་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཇི ་ལྟར་ངས་ཆོས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མདན་པར་རྫོགས་པར་སངས་རྒྱས་པ་དང། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ། དགེ་སྦྱོད་དམ་བྲམ་ཟེའམ་ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དད་མཐུན་པར ་མ་བསྐོར་བ་རབ་ཏུ་བསྐོར་བ། ཆོས་མ་ཡིན་པས་མ་ཡིན་པ་དའི་གནས་འདི་ལ། ལྷ་དད་བཅས་པའི་འཇིག་རྟེན་མངོན་སུམ་དུ་དབང་དུ་འགྱུར་རོ། །ཤཱ་རིའི་བུ་གང་ན་དེ་ལྟར་མངོན་སུམ་དུ་གྱུར་པའི་རྒྱུ་ཡོད་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན ་ལས་འདས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུས་འདི་རྒྱས་པར་བྱེད་པ་རྣམས་ཀྱི་ཆོས་དང་མཐུན་པ་དབང་པོའང་དྲིས་པ་ན་ལན། གང་བ་པའི་ཕྱིར་མི་སྨྲའོ། །དེའི་ཚེ་དའི་སྲས་དེ་དག་ལ་མི་འཇིགས་པ་ཡང་མི་སྟེར་རོ། །ཤཱ་དྭཱ་ཏིའི་བུ་འདི ་ལྟ་སྟེ་དཔེར་ན། སྐྱེས་བུ་འགའ་ཞིག་ལམ་གྱི་གཞི་མདོ་ཆེན་པོར་སྦྲང་རྩིའི་བུམ་པ་རྣམ་པ་བརྒར་ཆག་པ་འདི་ལས་ཐ་ན་སྐྲའི་རྩེ་མོ་ཙམ་ཞིག་ཀྱང་ཡོངས་སུ་ཟས་ན། ད་རྒས་པ་དང་འཆི་བར་མི་འགྱུར་རོ་ཞེས་སྨྲ་བར་འགྱུར་ཞིང། སྦྲང་རྩིའི་བུམ་པ་དེ་ལ ་ལག་ན་མཚོན་ཆ་ཐོགས་པ་མང་པོ་རལ་གྲི་དག་གིས་བསྲུང་བར་འགྱུར་ལ། ཤཱར་དྭཱ་ཏིའི་བུ་དེའི་ཚེ་སྲུངས་མ་རྣམས་རྟག་ཏུ་རྒྱུན་མི་འཆད་བར་འདི་སྙམ་དུ། གང་སྤང་རྩིའི་བུམ་པ་རྣམ་པ་བརྒྱད་ཆགས་པ་འདི་ལས་ཐ་ན་སྐྲའི་རྩེ་མོ་ཙམ་ཞིག ་ཀྱང་ཟ་ནས་དེའི་སྲོག་ཀྱང་མེད་དོ་ཞེས་སེམས་པར་འགྱུར་རོ། །ཤཱ་རདྭཱ་ཏིའི་བུ་དེ་ལ་འགའ་ཞིག་འདི་སྙམ་དུ། གང་ཞིག་སྦྲང་རྩིའི་བུམ་པ་རྣམ་པ་བརྒྱར་ཆག་པ་འདི་ལས་ཐ་ན་སྒྲའི་རྩེ་མོ་ཙམ་ཞིག་ཀྱང་ཟོས་ན་བདག་ལ་རྒས་པ་དང་འཆི་བར་མི་འགྱུར ་གང་བདག་གིས་སྲོག་ཀྱང་ཡོངས་སུ་བཏང་ན་སྦྲང་རྩིའི་བུམ་པ་འདི་ལས་བཟའ་བར་བྱའོ། །གལ་ཏེ་མཚོན་རྣམས་བབ་པར་མ་གྱུར་པ་ན་སྦྲང་རྩིའི་བུམ་པ་འདི་ལས་བཟའ་བར་ནུས་ན། ཕྱི་ནས་མཚོན་གྱིས་ཀྱང་འཇིག་པར་མི་འགྱུར། རྒས་པ་འཆི་བ་མེད་པའི ་གནས་འཐོབ་པར་འགྱུར་རོ་ཞེས་སེམས་པར་འགྱུར་རོ། །དེ་སྲོག་ཡོངས་སུ་བཏང་ནས་སྲོག་ལ་བལྟོས་པ་མེད་པར་འགྱུར་ཏེ། སྦྲང་རྩིའི་བུམ་པ་དེ་ལས་ལེན་པར་བྱེད་པ་དེ་ལ་ལག་ན་མཚོན་ཆ་ཐོགས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་ལྷག་པར་འགྱུར་རོ ་གལ་ཏེ་མཆོན་ཆ་མ་ལྷུངས་པ་ན་སྤྲད་རྩིའི་བུམ་པ་དེ་ལ་བཟའ་བར་ནུས་ན། དེ་དེ་ནས་སྡུག་བསྔལ་ཆེན་པོ་ལས་གྲོལ་བར་འགྱུར། །རྒས་པ་དང་འཆི་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་དཀར་པོའི་ཆས་མང་པོ་རྣམས་བསྣུབ་པའི་ཕྱིར ་དུ། བདུད་སྡིག་ཅན་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང། གང་བདུད་ཀྱི་བསྔགས་པའི་དགེ་སློང་དང། དགེ་བསྙེན་མ་དང། དགེ་བསྙེན་རྣམས་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང། ་གང་ཞིག་ཚུལ་ཁྲིམས་ལྡན་ཞིང་ཡོན་ཏན་ལྡན། །བྱམས་ལ་གནས་ཤིང་རྟག་ཏུ་བཟོད་ལ་མཁས། །ལེགས་བསྡམས་འཇམ་ཞིང་ངེས་པ་འབྱུང་འགྱུར་བ། །དེ་ནི་དེ་ཡིས་དུས་ན་ཟིལ་ནོན་གྱུར། །གང་ཞིག་སླར་ཡང་གདུག་པའི་སེམས་ལྡན་ཞིང། ། ་ཤིན་ཏུ་མ་རུངས་དྲག་ཅིང་ལས་ཉམས་ལ། །ཆོས་མ་ཡིན་སྦྱོད་རྩོད་ལ་དགའ་འབྱུང་བ། །དེ་ནི་དེ་ཡི་དུས་ན་མཆོད་པར་འགྱུར་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས་ཀྱང། ཡང་ཆགས་པ་དེ་དག་ནི། སྡིག་པའི་དགེ་སློང་སྟེན་པར་བྱེད། །དགེ ་སློང་དེ་དག་མཆོད་རྟེན་དང། །དགེ་སློང་ཟས་སྐོམ་འབྲས་བུའི་རོ། །ཁྱིམ་པའི་རྣམས་ལ་སྦྱིན་བྱེད་ཅིང། །སླར་ཡང་མཆོད་པ་ཉིད་དུ་འགྱུར། །དེ་དག་ལ་ནི་ཡོངས་འཛིན་པ། །བྲན་དང་བྲན་མོ་ཁྱིམ་སྟེར་འགྱུར། །དགེ་སློང་ལས་གསུམ་དང་བྲལ་བ། ་ཐོས་པ་རློམ་ཞིང་ལྟུང་དང་བཅས། །བསམ་གཏན་ཚུལ་ཁྲིམས་མི་མཐུན་པ། །ཆོགས་ཀྱི་ནང་དུ་གཙོ་བོར་འགྱུར། །ཚུལ་ཁྲིམས་ལྡན་རྣམས་དོང་བ་ན། །ནོར་གྱི་རྒྱུ་ཡིས་འཐབ་པར་འགྱུར། ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། དགེ་སློང ་འདི་ནི་ཚུལ་འཆོས་ཅན། །རྐུན་པོ་མཆོག་ཏུ་མ་རུངས་པ། གང་ཞིག་དེ་ལ་མཆོད་བྱེད་པ། །གྲགས་པ་མ་ཡིན་མང་དུ་འཐོབ། །དེ་ལ་བསོད་ནམས་འཐོབ་མི་འགྱུར། །དེ་ཡི་བཤད་པ་མ་ཉན་ཞེས། ཁྱིམ་པ་རྣམས་ལ་སྨྲ་བར་བྱེད་ཅེས་གསུངས་སོ། །གསེར་འོད ་དམ་པའི་མདོ་ལས་ཀྱང། ཡུལ་འཁོར་དུ་ནི་འདོན་འཇུག་ཅིང། །མི་བཟད་པ་ཡི་ནང་ཀྱང་འབྱུང། །དེ་ཡི་འོག་ཏུ་སྦྱིན་གནས་ཀྱང། །ཆོས་དང་ལྡན་པ་མ་ཡིན་འགྱུར། །དེ་ཡི་འཁོར་དང་བླུན་པོ་ཡང། །ཆོས་དང་ལྡན་པ་མ་ཡིན་འགྱུར། །ཆོས་དང་མི་ལྡན་སྐྱེའོ ་ལ། །དེ་ཡི་འོག་ཏུ་མཆོད་བྱེད་འགྱུར། །ཆོས་དང་ལྡན་པའི་སེམས་ཅན་ལ། །རྟག་ཏུ་ཆད་པས། གཅོད་པར་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་བཀུར། །ཆོས་ལྡན་ཆང་པས་བཅད་པས་ན། །དེར་ནི་ཆུ་དང་རྒྱུ་སྐར་རླུང། །རྣམ་གསུམ་རྣམ་པར་འཁྲུག་པར ་འགྱུར། །ཆོས་མིན་སྐྱེ་བོ?་བཟུང་བས་ན། །དམ་ཆོས་རོ་ཡི་སྙིང་པོ་མདངས། །སེམས་ཅན་མདངས་དང་ས་ཡི་བཅུད། །དངོས་པོ་རྣམ་གསུམ་རྣམ་པར་འཇིག། སྐྱེ་བོ་ངན་པ་རབ་བཀུར་ཅིང། །སྐྱེ་བ་དམ་པ་སྨད་པས་ན། །འཆི་དང་ལྕེ་འབབ་མུ་གེ ་དང། །རྣམ་པ་གསུམ་ནི་དེར་འབྱུང་འགྱུར། ཞེས་གསུངས་སོ། །སའི་སྙིང་པོའི་མདོ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་པུ་ཁྱོད་མ་འོངས་པའི་དུས་ན། ་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་དག་ཉོན་མོངས་པས་ཡོངས་སུ་གདུངས་ནས་སྡིག་པ་སྤྱོང་ཅིང། བྱིས་པ་གཏི་མུག་ཅན་གདུལ་དཀའ་བར་གྱུར་པ་གང། རྒྱལ་རིགས་གདོལ་པ་ཅན་དང། བློན་པོ་གདོལ་བ་ཅན་དང། ཁྱིམ་བདག་གདོལ་བ་ཅན ་དང། ཚོང་དབོན་གདོལ་པ་ཅན་དང། དགེ་སྦྱོང་གདོལ་བ་ཅན་དང། བྲམ་ཟེ་གདོལ་བ་ཅན་ལ་སོགས་པ་དགེ་བའི་རྩ་བ་ཆུང་བ་དང། དད་བའི་སེམས་མེད་པ། གཡོ་དང་རྒྱུས་འཚོ་བ། གཏི་མུག་དང། ཤེས་པ་སྙིགས་པ་ཅན། དགེ་བའི་བཤེས ་གཉེན་སྦོང་བ། སྨྲ་བའི་ཚིག་བདེན་པ་མེད་པ། དགེ་བའི་བཤེས་གཉེན་གྱིས་བསྟན་པ་ལ་མི་འཇུག་པ། བརྙས་ཤིང་དབང་ཟ་བ། ཚིག་ངན་པས་རྣམ་པར་འཐིང་བ། དམ་པའི་ཆོས་ལ་ཐེ་ཚོམ་ཟ་ཞིང་ལོག་པར་ལྟ་བ། འཇིག་རྟེན་ཕྱི་མའི་སྡུག ་བསྔལ་གྱི་འབྲས་བུས་མི་འཇིགས་པ། རྟག་ཏུ་དང་ཚུལ་ངན་པ་ཅན་དག་དད་བསྟེན་པར་དགའ་བ། སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དུ་སྦྱོད་པ་ལ་དགའ་ཞིང་གཡོ་དང་རྒྱུས་འཇིག་རྟེན་པ་སླུ་བ་དང། བདག་དང་གཞན་ལ་གནོད་པ་བྱེད་པའི་རྒྱལ ་རིགས་གདོལ་པ་ཅན་ནས་བྲམ་ཟེ་གདོལ་པ་ཅན་གྱི་བར་དུ། ངའི་ཆོས་འཇིག་པར་བྱེད་པ། ངའི་བསྟན་པ་ལ་རབ་ཏུ་བྱུང་ན་ཡང། ཚུལ་ཁྲིམས་ཉམས་ཤིང། འཇིག་རྟེན་གྱི་འདུ་འཛིའི་ལས་བྱེད་བར་སྤྲོ་བ་ལ། རྒྱལ་རིགས་དང་བྲམ་ཟེ ་ལ་སོགས་པས་བསྟི་སྟང་དང་བཅས་པས་མཆོད་པ་དང། ཁེ་ལ་བརྐམ་པས་ནོར་གྱི་ཕྱིར་ཚིག་ཙམ་དུ་སྨྲ་ཞིང་སྤྱོད་པ་དང་མི་ལྡན་པ། ཕན་ཚུན་དུ་ཕྲིན་གྱི་ཡི་གེ་སྐྱེལ་བ་ལ་དགའ་བ་དང། ཆོད་དང་ཁེ་སྤགས་བྱེད་ཅིང། འཇིག་རྟེན་རྒྱད་ཕན་པའི ་གཙུག་ལག་སློབ་པ་དང། ཞིང་རྨོ་བའི་ལས་ལ་དགའ་བ་དང། ནོར་རིན་པོ་ཆེ་སོགས་ཤིང་སྦེད་པ་དང། ཁང་ཁྱིམ་དང་ཆུང་མ་དང། བུད་མེད་བསྲུང་བ་དང། འཇིག་རྟེན་གྱི་བསྡགས་དང། ཕྱག་རྒྱས་འགྱུང་པོ་འཁོལ་བ་དང། ལྟས་བཟང་ངན་ལྟ ་བ་དང། སྨན་སྦྱར་ཅིང་ནད་གསོ་བའི་ནོར་གྱིས་འཆོ་བ་དང། བཟའ་བ་དང། བཏུང་བ་དང། བགོ་བ་དང། རིན་པོ་ཆེའི་རྒྱན་ལ་ཆགས་ཤིང། ཁྱིམ་པའི་ལས་བྱེད་པ་ལ་དགའ་བ་དང། ཚུལ་ཁྲིམས་འདྲལ་ཞིང་སྡག་སྤྱོད་པ་དང། དུང་གི་སྒྲལ་ཁྱིའི་སྤྱོད ་པ་དང་ལྡན་པ། དགེ་སྦྱོད་མ་ཡིན་པར་དགེ་སྦྱོད་དུ་ཁས་འཆེ་བ་དང། ཚངས་པར་སྦྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་ཡོད་དེ། རྒྱལ་རིགས་གདོལ་པ་ཅན་ནམ། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ། དེ་དག་ལ་བསྙེན་བཀུར་བྱེད་ཅིང། ་བསྟི་བསྟང་དང་བཅས་པར། མཆོད་པ་བྱེད་དེ། དེ་དག་གི་དག་ཀྱང་ཉན་ནོ། །ཚུལ་ཁྲིམས་ཉམས་པ་དེ་དག་ཀྱང། རྒྱལ་རིགས་གདོལ་བ་ཅན་ནས་གདོལ་པ་ཅན་གྱི་བར་དུ། དེ་དག་ལ་བརྟེན་པར་དགའ་ཞིང། བཀུར་སྟི་དང། རིམ་གྲོ་བྱེད་དེ་དེའི་དག ་ཉན་ཏོ། །གལ་ཏེ་གང་ཟག་འགའ་ཞིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཚུལ་ཁྲིམས་དང། ཡོན་ཏན་དང་ལྡན་པ་དང། སློབ་པ་དང་མི་སློབ་པ་ནན་ཏན་བྱེད་པ་ནས། འབྲས་བུའི་མཐར་བྱིན་གྱི་བར་དུ་གྱུར་པ་ལ། རྒྱལ་རིགས་གདོལ་བ་ཅན་ནས། བྲམ ་ཟེ་གདོལ་པ་ཅན་གྱི་བར་དུ། དེ་དག་གི་དེ་ལ་ཕྲག་དོག་བྱེད་དེ། བསྙེན་བཀུར་དང། བསྟི་སྟང་དང། རིམ་གྲོ་དང། མཆོད་པར་མི་བྱེད་ཅིང། སླར་དག་ཉན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། མི་ལ་ལ་ཞིག་རིན་པོ་ཆེའི་གླིང་དུ་ཕྱིན་པ ་ལས། རིན་པོ་ཆེ་ཨིནྡྲ་ནཱི་ནཱི་ལ་དང། མཧཱ་ནཱི་ལ་དང། གསེར་དང་དངུལ་དང། མུ་ཏིག་དང། པདྨ་རཱ་ག་དང། བེཌཱུ་རྱ་དང། རིན་ཐང་མེད་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་བོར་ནས། ནོར་བུ་མཆིང་བུ་ལེན་པ་ལྟར། དེ་བཞིན་དུ་མ་འོངས་པའི་དུས ་ན། སངས་རྒྱས་ཀྱི་ཞིང་འདིར། རྒྱལ་རིགས་གདོལ་པ་ཅན་ནས། བྲམ་ཟེ་གདོལ་པ་ཅན་གྱི་བར་དུ་ཡང་དེ་དང་འདྲ་སྟེ། དས་བསྟན་པའི་དམ་པའི་ཆོས་རིན་པོ་ཆའི་གླིང་དུ་ཕྱིན་ནས། ཚུལ་ཁྲིམས་དང། ཡོན་ཏན་གྱིས་ཕྱུག་པ། དོན་དམ་པའི་བདེན ་པ་ལ་དགའ་བ་དང། འཛེམ་པ་དང། ངོ་ཚ་བར་ལྡན་པ། སློབ་པ་དང། མི་སློབ་པའི་གང་ཟག་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ནན་ཏན་བྱེད་པ་ལ་བརྩོན་པའི་སོ་སོའི་སྐྱེ་བོ་དགེ་བའི་ཡོན་ཏན་དང་ལྡན་པ། འཕགས་པའི་འཁོར་སྦངས་ནས། ཚུལ་ཁྲིམས ་ཉམས་པ། སྡིག་པ་མང་པོ་སྦྱོད་པ། ངོ་ཚ་བ་མེད་པ། འཛེམ་པ་མེད་པ། ཆིག་བརླང་ཞིང་རྩུབ་པ་ལུས་དང་སེམས་ང་རྒྱལ་གྱིས་དྲེགས་པ། རྣམ་པར་དཀར་པའི་ཆོས་དང་བྲལ་བ། བྱམས་པའི་སེམས་མེད་པ། སྙིང་རྗེ་མེད་པ། སྡིག་པའི་དགེ་སློང ་དག་བསོད་ནམས་ཀྱི་ཞིང་དུ་འཛིན་ཅིང། བཀུར་སྟི་དང། རིམ་གྲོ་དང། མཆོད་པ་བྱེད་དེ། དེའི་དག་ཉན་ཏོ། །དེ་ལྟར་སྡིག་པ་ཅན་དེ་དག་ནི་སློབ་དཔོན་དང། སློབ་མར་བཅས་ཏེ། གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར། ་འགྱུར་རོ་ཞེས་གསུངས་སོ། །རབ་ཏུ་བྱུང་བའི་བསྡགས་པ་ལ་དགོངས་པ་བསྟན་པ། བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། བློ་གྲོས་རྒྱ་མཚོ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཛའ་ཡས་དེས། རྒྱལ་པོ་ཡུལ་ཤིན་ཏུ་རྣམ ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡོངས་སུ་སྤྱད་པའི་ཕྱིར། །རྒྱལ་སྲིད་ཐམས་ཅད་དེ་བཞིན་གཤེགས་པ་ལ་ཕུལ་ཟིན་ན། རྒྱལ་པོ་ཆེན་པོ་ཁྱོད་དད་པས་ལེགས་པར་གསུངས་པའི ་ཆོས་འདུལ་བ་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིག་།དེ་ཅིའི་ཕྱིར་ཞེན། རྒྱལ་པོ་ཆེན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི། དོན་ཆེ་བ། ཕན་ཡོན་ཆེ་བ། རྒྱ་ཆེ་བའོ། །རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ ་སེམས་དཔའ་ཨི་འཐོབ་པ་ཆེན་པོ་ནི་ཉི་ཤུ་པོ་འདི་དག་སྟེ། ཐམས་ཅད་མཁྱེན་པ་བླ་ན་མེད་པའི་འཐོབ་པ་ཡོངས་སུ་རྫོགས་པར་འགྱུར་བ་དག་གོ། ཉི་ཤུ་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་སྲིད་དང། ལོང་སྦྱོད་དང། གཡོག་འཁོར་དང། དབང་ཕྱུག་དག ་འདོར་པས་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་འཐོབ་པ་དང། ཁྱིམ་ནས་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་འབྱུང་བ་འཐོབ་པ་དང། དུར་སྨྲིག་འཛིན་པས་རྙོག་པ་མེད་པའི་སེམས་འཐོབ་པ་དང། འཕགས་པའི་རིགས་ཆོག་ཤེས ་པས་དགང་སླ་བ་དང། གསོ་སླ་བ་འཐོབ་པ་དང། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཡང་དག་པར་ལེན་པས། འདོད་པ་ཆེ་བ་དང་སྡིག་པ་འདོད་པ་སྤོང་བ་འཐོབ་པ་དང། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས། ལྷ་དང་མིར་སྐྱེ་བ་འཐོབ ་པ་དང། བྱང་ཆུབ་ཀྱི་སེམས་མི་འདོར་བས། ཕ་རོལ་ཏུ་ཕྱིན་པ་དྲུག་འཐོབ་པ་དང། དགོན་པ་དབེན་པ་ན་གནས་པས། འདུ་འཛི་དང་མི་འདྲེ་བ་འཐོབ་པ་དང། གནོད་པ་མེད་པས་ཆོས་སེམས་པའི་བདེ་བ་ཐོབ་པ་དང། བསམ་གཏན་གྱི་ཡན ་ལག་ཡང་དག་པར་བསྒྲུབས་པས། སེམས་ལས་སུ་རུང་བ་འཐོབ་པ་དང། ཐོས་པ་ཡོངས་སུ་ཚོལ་བས། ཤེས་རབ་ཆེན་པོ་འཐོབ་པ་དང། ང་རྒྱལ་མེད་པས། ཡེ་ཤེས་ཆེན་པོ་འཐོབ་པ་དང། དོན་ཉུང་ཞིང་བྱེད་པ་ཉུང་བས། ཆོས་རབ་ཏུ་རྣམ་པར ་འབྱེད་པ་འཐོབ་པ་དང། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས། བྱམས་པ་ཆེན་པོ་འཐོབ་པ་དང། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སེམས་ཀྱིས། སྙིང་རྗེ་ཆེན་པོ་འཐོབ་བ་དང། ལུས་དང་སྲོག་ལ་མི་ལྟ་བས་དམ་པའི ་ཆོས་ཡོངས་སུ་འཛིན་པ་ཐོབ་པ་དང། སེམས་རབ་ཏུ་སྦྱངས་པས་མངོན་པར་ཤེས་བ་ཆེན་པོ་འཐོབ་པ་དང། སངས་རྒྱས་རྗེས་སུ་དྲན་པས། སངས་རྒྱས་མཐོང་བ་འཐོབ་པ་དང། ཚུལ་བཞིན་གྱི་ཆོས་ལ་སོ་སོར་རྟོགས་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ ་པ་དང། ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་པའི་སྤྱོད་པས། མྱུར་དུ་ཐམས་ཅད་མཁྱེན་པ་འཐོབ་པ་སྟེ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའ་ལ་འཐོབ་པ་ཆེན་པོ་ཉི་ཤུ་པོ་འདི་དག་རྙེད་པར་དཀའ་བར་མི་འགྱུར་རོ། །རྒྱལ་པོ ་ཆེན་པོ་དེ་ལྟ་པས་ན་ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིག་ཅེས་གསུངས་སོ། །རབ་ཏུ་བྱུང་བ་ལ་བར་ཆད་བྱེད་པའི་མདོ་ལས་ཀྱང། བདུད་ཀྱི་འཆིང་བ་བཅོམ་བྱས་ན། །བྱང་ཆུབ་སྙིང་པོའི་བར་དག་དང། །ཀུན་མཁྱེན་ཡེ་ཤེས་ཚལ་བ ་ཡིས། །རབ་ཏུ་བྱུང་ཕྱིར་མྱུར་དུ་དོང། །སོ་སོར་ཐར་པའི་སྡོམ་པ་དང། །ཚུལ་ཁྲིམས་མ་ཉམས་བསྲུང་པར་གྱིས། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །བྱམས་སེམས་རྣམ་པར་སྒོམ་པར་གྱིས། །ཚངས་པར་སྤྱོད་པ་སྤྱད་ནས་ནི། །མཐོ་རིས་དག ་ཏུ་འགྲོ་བར་འགྱུར། །མི་ཁིམ་པ་དག་སྤོང་འགྱུར་ཞིང། །དེ་དག་ངལ་བ་རྙེད་དཀའ་མིན། །ཚངས་པར་སྤྱོད་པ་སྤྱད་ནས་ནི། །སངས་རྒྱས་མྱུར་དུ་མཐོང་བ་དང། །སངས་རྒྱས་རྣམས་ཀྱི་བཤེས་འགྱུར་ཏེ། །དེ་ཕྱིར་འདོད་པ་བསྟེན་མི་བྱ། །འདི་ཡང་ང་ཡི ་ལམ་མིན་ཞིང། །འདི་ནི་སངས་རྒྱས་ཀྱིས་གསུངས་ལམ། །དྲད་པོ་དེས་ནི་སྡུག་བསྔལ་དག། ཀུན་ལས་སྒྲོལ་ཞིང་མྱ་ངན་འདའ་། །གང་དག་ཤེས་རབ་འཆལ་རང་བཞིན། །ཁྱིམ་དུ་འདོད་པ་དེས་བསྟེན་པ། །བདེ་བར་གཤེགས་པའི་ལམ་སྤངས་ནས། ་དེ་ནི་ངན་སོང་འགྲོ་བར་འགྱུར། །དེ་ཕྱིར་འདོད་པ་རྣམས་སྤངས་ནས། །མྱུར་དུ་རབ་ཏུ་བྱུང་བར་དོང། །ལམ་འདི་དྲང་པོ་རྣམས་ཀྱི་ཕྱིར། །སངས་རྒྱས་ཀུན་གྱིས་མངོན་པར་གསུངས། །ག་བཞིག་འདི་འདྲའི་མདོ ་སྡེ་ནི། ཐོས་ནས་ལོག་པར་རྟོགས་འགྱུར་བ། །སངས་རྒྱས་བསྟན་པ་སྤངས་ནས་སུ། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །དེ་ནི་ཕ་དང་མ་ཡིས་ཀྱང། །སྡུག་བསྔལ་བ་ལས་སྒྲོལ་མི་ནུས། །དེ་ཕྱིར་ཚུལ་བཞིན་བསམས་ནས་ནི། །མྱུར་དུ་རབ་ཏུ་བྱུང ་བར་དོང། །དྲི་མེད་ཚུལ་ཁྲིམས་བསྲུང་བྱས་ན། །ནོར་འཛིན་འདི་དག་གཡོ་འགྱུར་ཞིང། །དཔུང་བཅས་བདུད་ནི་རྫི་བར་འགྱུར། །དེ་ཕྱིར་རབ་ཏུ་བྱུང་བར་དོང། །དེ་ལ་ལྷ་དབང་བརྒྱ་བྱིན་དང། །གང་དག་ལྷ་གཞན་ཆེན་པོ་རྣམས། །དེ་ཀུན་དེ་ལ་ཕྱག ་བྱེད་ཅིང། །དགེ་སློང་རྫུ་འཕྲུལ་ཆེན་པོར་འགྱུར། །གང་ལ་སོ་སོའི་སྒྱེ་ཆགས་པ། །ཟོལ་གྱི་ལས་རྣམས་བཏང་བྱས་ནས། །བྱང་ཆུབ་དམ་པ་འདོད་པ་ན། །མྱུར་དུ་རབ་ཏུ་བྱུང་བ་དོང། །དམྱལ་པར་འབར་བའི་ལུས་ཀྱིས་ནི། །སྡུག་བསྔལ་ཚོར་བ་དེ ་ཤེས་ན། །ཐར་པའི་སྒོ་དག་ཚོལ་བ་ན། །མྱུར་དུ་རབ་ཏུ་བྱུང་བར་དོང། །མི་གཙང་ཁྲོན་བའི་ཚོགས་ནང་དུ། །ཤིང་ཏུ་གནོད་པ་རབ་སྡིག་ཅན། །འཇིག་རྟེན་གསུམ་པོ་འཕྱན་མཐོང་ནས། །འཇིག་རྟེན་ཟང་ཟིང་ཚོལ་བ་ན། །བུ་ནི་ངན་སོང་འཀྲིད་པར ་འགྱུར། །དྲི་ངའི་ཆུང་མ་བསྟེན་པ་ཡིས། །རྐང་པ་ལག་པ་གཅོད་པར་འགྱུར། །བུད་མེད་དག་ནི་རྣམ་སྤང་ཕྱིར། །མྱུར་དུ་རབ་ཏུ་བྱུང་བར་དོང། །ཟག་དང་བཅས་པའི་ལས་བྱས་ནས། །རྒན་པོ་རྣམས་ལ་ཟས་སྦྱིན་བྱེད། །དེ་དག་པ་དག་ལ་སྨོད་བྱེད་ཅིང། ། ་པུ་ནི་ངན་སོང་འགྲོ་བར་འགྱུར། །འདི་ནི་ངན་འགྲོར་འགྲོ་འགྱུར་ཞིང། །བདག་གིས་དོན་མིན་བྱས་པར་འགྱུར། །རྫས་ངན་དག་ལ་གང་རྟེན་པ། །དེ་དག་སྡིག་པའི་གྲོགས་ཞེས་བརྗོད། །ཆོས་ལས་ལོག་པར་བྱེད་གྱུར་པ། །དེ་ནི་ཕ་དང་མ་མིན་ནོ། །གང་དག ་ཆོས་མཆོག་བརྗོད་བྱེད་ཅིང། །སངས་རྒྱས་ཆོས་ལ་དགའ་བྱེད་པ། །མྱུར་དུ་རབ་ཏུ་བྱུང་སྨྲ་བ། །ཕ་མ་དེ་དག་བདེ་བ་ཅན། །དལ་བ་ཐོབ་ནས་ཀུན་མཁྱེན་གྱི། །ཆོས་ནི་འདི་དག་ཐོབ་འགྱུར་ཏེ། །ལས་རྣམས་ཐམས་ཅད་བཏང་བྱས་ཏེ། །མྱུར་དུ་རབ་ཏུ་བྱུང ་བར་དོང། །ཇི་ལྟར་སྟོན་པ་ཐམས་ཅད་མཁྱེན། །འདི་འདྲ་ཞིང་གཞན་ཡོད་མིན་ཅིང། །འདི་འདྲའི་བདེ་བ་གཞན་ཡོད་མིན། །མྱུར་དུ་རབ་ཏུ་བྱུང་བར་དོང། །གླིང་བཞི་པོ་དག་སྤང་བྱས་ནས། །ཚོགས་ནི་རྙེད་པར་དཀའ་མ་ཡིན། །དེ་ནི་མྱུར་དུ་རབ་བྱུང་ན། ། ་ཇི་ལྟར་གཞན་ལྟ་ཡིད་མི་འབྱུང། །སེམས་ཅན་བསོད་ནམས་བྱས་གང་ལ། །འདི་ཉིད་སྨྲ་བར་ནུས་བར་འགྱུར། །དེ་ལྟར་དེ་ཕྱིར་ཚུལ་བཞིན་དུ། །བརྟགས་ནས་མྱུར་དུ་རབ་བྱུང་དོང། །བསྐལ་པ་བྱེད་བ་མང་པོར་ནི། །འདི་འདྲའི་ཆོས་ནི་མི་ཐོས་སོ། །དེ་ཕྱིར་སྐྱོ་བ་དྲག་པོ་ནི། །བསྐྱེད་ནས་རབ་ཏུ་བྱུང་བར་དོང། །ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནི། ། ་གང་ཡང་མེད། དེ་དག་ཐམས་ཅད་ཀྱང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ནས་དགོན་པ་ལ་སེམས། དགོན་པ་ལ་གཞོལ། །དགོན་པར་སོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མགོན་པར་རྫོགས་པར་སངས་རྒྱས་སོ། །ཚོགས་དེ ་ཡང་དག་པར་བསྒྲུབས་སོ། །ཁྱིམ་ན་གནས་པ་ལ་ཀུན་ཏུ་གནོད་པ་སྟེ། རྡུལ་འབབ་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་དང། དེའི་ཉན་ཐོས་རྣམས་ཀྱིས་བསྔགས་པའོ། །ཁྱིམ་ན་གནས་པ་ནི་ཉེས་པའི་སྐྱོན་ཆགས་པ་མང་པའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན ་ཕུན་སུམ་ཚོགས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཉམ་ང་བའོ། །རབ་ཏུ་བྱུང་བ་ནི་བག་ཡངས་པའོ། །ཁྱིམ་ན་གནས་པ་ནི་ཡོངས་སུ་འཛིན་པའི་དྲི་མ་ཅན་ནོ། །རབ་ཏུ་བྱུང་བ་ནི་ཡོངས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། །ཁྱིམ་ན་གནས་པ་ནི་ཉེས་པར་སྤྱོད ་པའི་གཞིའོ། །རབ་ཏུ་བྱུང་བ་ནི་ལེགས་པར་སྤྱོད་པའི་གཞིའོ། །ཁྱིམ་ན་གནས་པ་ནི་རྡུལ་གྱི་ནང་ན་གནས་པའོ། །རབ་ཏུ་བྱུང་བ་ནི་རྡུལ་གྱི་ནང་ན་མི་གནས་པའོ། །ཁྱིམ་ན་གནས་པ་ནི་འདོད་པའི་འདམ་དུ་བྱིང་པའོ། །རབ ་ཏུ་བྱུང་བ་ནི་འདོད་པའི་འདམ་ནས་འབྱིན་པའོ། །ཁྱིམ་ན་གནས་པ་ནི་བྱིས་པའི་སྐྱེ་བོ་ཞུགས་པའོ། །རབ་ཏུ་བྱུང་བ་ནི་སྐྱེའོ་མཁས་པའི་ཞུགས་པའོ། །ཁྱིམ་ན་གནས་པ་ནི་འཚོ་བ་སྦྱར་བར་དཀའ་བའོ། །རབ་ཏུ་བྱུང་བ་ནི་འཚོ་བ་སྦྱང་པ་སླ་བའོ། །ཁྱིམ ་ན་གནས་པ་ནི་འགྲན་ཟླ་མང་བའོ། །རབ་ཏུ་བྱུང་བ་ནི་འགྲན་ཟླ་མེད་པའོ། །ཁྱིམ་ན་གནས་པ་ནི། ཕོངས་པ་མང་བའོ། །རབ་ཏུ་བྱུང་བ་ནི་ཕོངས་པ་མེད་པའོ། །ཁྱིམ་ན་གནས་པ་ནི་མྱ་ངན་གྱི་གནས་སོ། །རབ་ཏུ་བྱུང་བ་ནི་མྱ་ངན་དང་བྲལ་བའོ། །ཁྱིམ་ན་གནས ་པ་ནི་ངན་སོང་གི་ཐེམ་སྐས་སོ། །རབ་ཏུ་བྱུང་བ་ནི་མངོན་པར་མཐོ་བའི་ཐེམ་སྐོས། །ཁྱིམ་ན་གནས་པ་ནི་བཅིངས་པའོ། །རབ་ཏུ་བྱུང་བ་ནི་ཐར་པའོ། །ཁྱིམ་ན་གནས་པ་ནི་འཇིགས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་འཇིགས་པ་མེད་པའོ། །ཁྱིམ་ན ་གནས་པ་ནི་ཆད་པ་དང་བཅས་པར་སྤྱོད་པའོ། །རབ་ཏུ་བྱུང་བ་ནི་ཆད་པ་མེད་པར་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་མཚོན་ཆའི་སྤྱོད་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་མཚོན་ཆ་མི་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་ཡོངས་སུ་གདུང་བ་དང་བཅས་པའོ། ། ་རབ་ཏུ་བྱུང་བ་ནི་ཡོངས་སུ་གདུང་བ་མེད་པའོ། །ཁྱིམ་ན་གནས་པ་ནི་ཀུན་ཏུ་ཚོར་བས་སྡུག་བསྔལ་བའོ། །རབ་ཏུ་བྱུང་བ་ནི་ཀུན་ཏུ་ཚོར་བས་མེད་པས་བདེ་བའོ། །ཁྱིམ་ན་གནས་པ་ནི་རྒོད་པའོ། །རབ་ཏུ་བྱུང་བ་ནི་ཉེ་བར་ཞི་བའོ། །ཁྱིམ་ན་གནས་བ་ནི་འཇུངས ་པའོ། །རབ་ཏུ་བྱུང་བ་ནི་མ་འཇུངས་པའོ། །ཁྱིམ་ན་གནས་པ་ནི་ཞན་པའོ། །རབ་ཏུ་བྱུང་བ་ནི་མི་ཞན་པའོ། །ཁྱིམ་ན་གནས་པ་ནི་མ་རབས་སོ། །རབ་ཏུ་བྱུང་བ་ནི་ཡ་རབས་སོ། །ཁྱིམ་ན་གནས་པ་ནི་ཀུན་ཏུ་འབར་བའོ། །རབ་ཏུ་བྱུང་བ་ནི་འབར་བཞི་བའོ། ། ་ཁྱིམ་ན་གནས་པ་ནི་གཞན་གྱི་དོན་ཏོ། །རབ་ཏུ་བྱུང་བ་ནི་གཉི་གའི་དོན་ཏོ། །ཁྱིམ་ན་གནས་པ་ནི་དོན་ཆུང་བའོ། །རབ་ཏུ་བྱུང་བ་ནི་དོན་ཆེ་བའོ། །ཁྱིམ་ན་གནས་པ་ནི་གཟི་ཆུང་བའོ། །རབ་ཏུ་བྱུང་བ་ནི་གཟི་ཆེ་བའོ། །ཁྱིམ་ན་གནས་པ་ནི་ཀུན ་ནས་ཉོན་མོངས་པས་སྡུག་བསྔལ་བའོ། །རབ་ཏུ་བྱུང་བ་ནི་མངོན་པར་བྱུང་བས་བདེ་བའོ། །ཁྱིམ་ན་གནས་པ་ནི་ཚེར་མ་སྐྱེད་པའོ། །རབ་ཏུ་བྱུང་བ་ནི་ཚེར་མ་གསལ་བའོ། །ཁྱིམ་ན་གནས་པ་ནི་ཆོས་ཆུང་ངུ་དང་ལྡན་པའོ། །རབ་ཏུ་བྱུང་བ་ནི་ཆོས ་ཆེན་པོ་དང་ལྡན་པའོ། །ཁྱིམ་ན་གནས་པ་ནི་འདུལ་བ་མ་ཡིན་པ་བྱེད་པ་འོ། །རབ་ཏུ་བྱུང་བ་ནི་འདུལ་བ་བྱེད་པའོ། །ཁྱིམ་ན་གནས་པ་ནི་འགྱོད་པའོ། །རབ་ཏུ་བྱུང་བ་ནི་མི་འགྱོད་པའོ། །ཁྱིམ་ན་གནས་པ་ནི་འཆི་མ་དང་ནུ་ཞོ་དང་ཁྲག་གི་རྒྱ་མཚོ་འཕེལ ་བའོ། །རབ་ཏུ་བྱུང་བ་ནི་འཆི་མ་དང་ནུ་ཞོ་དང་ཁྲག་གི་རྒྱ་མཚོ་སྐེམས་པའོ། །ཁྱིམ་ན་གནས་པ་ནི་སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་ཀྱིས་སྨད་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་ཀྱི་བསྔགས་པའོ། །ཁྱིམ་ན་གནས ་པ་ནི་ཆོག་མི་ཤེས་པའོ། །རབ་ཏུ་བྱུང་བ་ནི་ཆོག་ཤེས་པའོ། །ཁྱིམ་ན་གནས་པ་ནི་བདུད་དགའ་བའོ། །རབ་ཏུ་བྱུང་བ་ནི་བདུད་མྱ་ངན་བྱེད་པའོ། །ཁྱིམ་ན་གནས་པ་ནི་རྙོག་པ་ཆེན་པོའི་མཐར་ཐུག་པར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་རྙོག་པ་ཐམས་ཅད་ཉེ་བར་ཞི ་པའི་མཐར་ཐུག་པའོ། །ཁྱིམ་ན་གནས་པ་ནི་བརྫི་བར་བྱ་བའོ། །རབ་ཏུ་བྱུང་བ་ནི་བརྫི་བར་མི་བྱ་བའོ། །ཁྱིམ་ན་གནས་པ་ནི་བྲིན་གྱི་ལས་བྱེད་པའོ། །རབ་ཏུ་བྱུང་བ་ནི་རྗེ་བོ་བྱེད་པའོ། །ཁྱིམ་ན་གནས་པ་ནི་འཁོར་བའི་མཐར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་མྱ་ངན ་ལས་འདས་པའི་མཐར་འགྱུར་བའོ། །ཁྱིམ་ན་གནས་པ་ནི་གཡང་སའོ། །རབ་ཏུ་བྱུང་བ་ནི་གཡངས་ལས་འདས་པའོ། །ཁྱིམ་ན་གནས་པ་ནི་མུན་ནག་གོ། །རབ་ཏུ་བྱུང་བ་ནི་སྣང་བའོ། །ཁྱིམ་ན་གནས་པ་ནི་དབང་པོ་ལ་དབང་མི་བྱེད་པའོ། །རབ་ཏུ་བྱུང་བ་ནི་དབང་པ་ལ ་དབང་བྱེད་པའོ། །ཁྱིམ་ན་གནས་པ་ནི་དྲེགས་པ་བསྐྱེད་པའོ། །རབ་ཏུ་བྱུང་བ་ནི་དྲེགས་པ་འདུལ་བའོ། །ཁྱིམ་ན་གནས་པ་ནི་དམ་པ་མ་ཡིན་པ་བསྐྱེད་པའོ། །རབ་ཏུ་བྱུང་བ་ནི་བདེ་འགྲོ་བསྐྱེད་པའོ། །ཁྱིམ་ན་གནས་པ་ནི ་བལྟ་བར་མི་འོས་པའོ། །རབ་ཏུ་བྱུང་བ་ནི་བལྟ་བར་འོས་པའོ། །ཁྱིམ་ན་གནས་པ་ནི་བརྩོན་པ་ཆེ་བའོ། །རབ་ཏུ་བྱུང་བ་ནི་བརྩོན་པ་ཆུང་བའོ། །ཁྱིམ་ན་གནས་པ་ནི་འབྲས་བུ་ཆུང་བའོ། །རབ་ཏུ་བྱུང་བ་ནི་འབྲས་བུ་ཆེ་བའོ། །ཁྱིམ་ན་གནས་པ་ནི་གྱ ་གྱུ་ཅན་ནོ། །རབ་ཏུ་བྱུང་བ་ནི་དྲང་པའོ། །ཁྱིམ་ན་གནས་པ་ནི་ཡིད་མི་བདེ་བ་མང་བའོ། །རབ་ཏུ་བྱུང་བ་ནི་ཡིད་བདེ་བ་མང་བའོ། །ཁྱིམ་ན་གནས་པ་ནི་ཟུག་རྡུ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཟུག་རྡུ་ཕྱུང་བའོ། །ཁྱིམ་ན་གནས་པ་ནི་ན་བའོ། ་རབ་ཏུ་བྱུང་བ་ནི་ནང་མེད་པའོ། །ཁྱིམ་ན་གནས་པ་ནི་ཆོས་རྒས་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཆོས་དར་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་བག་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་བག་ཡོད་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་འཆལ ་པའི་ཤེས་རབ་ཀྱི་འབྱུང་གནས་པའོ། །རབ་ཏུ་བྱུང་བ་ནི་ཤེས་རབ་འཕེལ་བའོ། །ཁྱིམ་ན་གནས་པ་ནི་ཤེས་རབ་ཀྱི་པར་ཆད་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཤེས་རབ་ཀྱི་སྲོག་བྱེད་པའོ། །ཁྱིམ་ན་གནས་པ་ནི་སླུ་བར་སོ་སོར་ཉེ་བར་གནས་པའོ། །རབ་ཏུ ་བྱུང་བ་ནི་མི་སླུ་བར་སོ་སོར་ཉེ་བར་གནས་པའོ། །ཁྱིམ་ན་གནས་པ་ནི་བྱེད་པ་མང་བའོ། །རབ་ཏུ་བྱུང་བ་ནི་བྱེད་པ་ཉུང་བའོ། །ཁྱིམ་ན་གནས་པ་ནི་དུག་དང་བཅས་པའི་བཏུང་བ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བདུང་རྩི་དང་བཅས་པའི་བཏུང་བ་ལྟ་བུའོ། ་ཁྱིམ་ན་གནས་པ་ནི་གནོད་པ་ཅན་ནོ། །རབ་ཏུ་བྱུང་བ་ནི་གནོད་པ་མེད་པའོ། །ཁྱིམ་ན་གནས་པ་ནི་འདྲེས་པའོ། །རབ་ཏུ་བྱུང་བ་ནི་མ་འདྲེས་པའོ། །ཁྱིམ་ན་གནས་པ་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བདུད་རྩིའི་འབྲས་བུ་ལྟ་བུའོ། ། ་ཁྱིམ་ན་གནས་པ་ནི་མི་སྡུག་པ་དང་འཕྲད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་མི་སྡུག་པ་དང་བྲལ་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་སྡུག་པ་དང་བྲལ་བར་བྱེད་པའོ། །རབ་ཏུ་བྱུང་བ་ནི་སྡུག་པ་དང་ཕྲད་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་གཏི་མུག་གིས ་ལྕི་བའོ། །རབ་ཏུ་བྱུང་བ་ནི་ཡེ་ཤེས་ཀྱིས་ཡང་པའོ། །ཁྱིམ་ན་གནས་པ་ནི་སྦྱོར་བ་རྣམ་པར་འཇིགས་པའོ། །རབ་ཏུ་བྱུང་བ་ནི་སྦྱོར་བ་རྣམ་པར་སྦྱོང་བའོ། །ཁྱིམ་ན་གནས་པ་ནི་བསམ་པ་རྣམ་པར་འཇིགས་པའོ། །རབ་ཏུ་བྱུང་བ་ནི་བསམ་པ་རྣམ་པར་སྤྱོད ་བའོ། །ཁྱིམ་ན་གནས་པ་ནི་ལྷག་པའི་བསམ་པ་རྣམ་པར་འཇོག་པའོ། །རབ་ཏུ་བྱུང་བ་ནི་ལྷག་པའི་བསམ་པས་རྣམ་པར་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་དཔུང་གཉེན་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་དབུང་གཉེན་བྱེད་པའོ། །ཁྱིམ་ན་གནས་པ་ནི་མགོན ་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་མགོན་བྱེད་པའོ། །ཁྱིམ་ན་གནས་པ་ནི་གནས་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་གནས་བྱེད་པའོ། །ཁྱིམ་ན་གནས་པ་ནི་སྐྱབས་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་སྐྱབས་བྱེད་པའོ། །ཁྱིམ་ན་གནས་པ་ནི་གནོད་སེམས ་མང་བའོ། །རབ་ཏུ་བྱུང་བ་ནི་བྱམས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཁུར་ཁྱེར་བའོ། །རབ་ཏུ་བྱུང་བ་ནི་ཁུར་བོར་བའོ། །ཁྱིམ་ན་གནས་པ་ནི་ཐུག་པ་མེད་པའི་སྤྱོད་པའོ། །རབ་ཏུ་བྱུང་བ་ནི་སྤྱོད་པ་ཐམས་ཅད་མཐར་འབྱིན་པའོ། །ཁྱིམ་ན་གནས་པ་ནི་ཁ་ན ་མ་ཐོ་བ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཁ་ན་མ་ཐོ་བ་མེད་པའོ། །ཁྱིམ་ན་གནས་པ་ནི་གདུང་བར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་གདུང་བར་མི་འགྱུར་བའོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཉོན་མོངས་པ་མེད་པའོ། ། ་ཁྱིམ་ན་གནས་པ་ནི་ཟང་ཟིང་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཟང་ཟིང་མེད་པའོ། །ཁྱིམ་ན་གནས་པ་ནི་མངོན་པའི་ང་རྒྱལ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ང་རྒྱལ་མེད་པའོ། །ཁྱིམ་ན་གནས་པ་ནི་ནོར་སྙིང་པོར་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན ་སྙིང་པོར་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཡམས་ཀྱི་ནད་དོ། །རབ་ཏུ་བྱུང་བ་ནི་ཡམས་ཀྱི་ནང་ཞི་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་འབྲི་བའོ། །རབ་ཏུ་བྱུང་བ་ནི་འཕེལ་བའོ། །ཁྱིམ་ན་གནས་པ་ནི་རྙེད་པར་སླ་བའོ། །རབ་ཏུ ་བྱུང་བ་ནི་བསྐལ་བ་བརྒྱ་སྟོང་དུ་ཡང་རྙེད་པར་དཀའ་བའོ། །ཁྱིམ་ན་གནས་པ་ནི་བྱ་སླ་བའོ། །རབ་ཏུ་བྱུང་བ་ནི་བྱ་དཀའ་བའོ། །ཁྱིམ་ན་གནས་པ་ནི་རྒྱུན་ཕྱོགས་སུ་འགྲོ་བའོ། །རབ་ཏུ་བྱུང་བ་ནི་རྒྱུན་ལས་བཟློག་སྟེ་འགྲོ་བའོ། །ཁྱིམ་ན་གནས་པ་ནི་ཆུ་བོའི། །རབ་ཏུ ་བྱུང་བ་ནི་གཟིངས་སོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པའི་ཆུ་བོའོ། །རབ་ཏུ་བྱུང་བ་ནི་ཟམ་པའོ། །ཁྱིམ་ན་གནས་པ་ནི་ཚུ་རོལ་གྱི་ངོགས་སོ། །རབ་ཏུ་བྱུང་བ་ནི་ཕ་རོལ་གྱི་ངོས་སོ། །ཁྱིམ་ན་གནས་པ་ནི་གླགས་པའོ། །རབ་ཏུ་བྱུང་བ་ནི་མ་གླགས་པའོ། །ཁྱིམ་ན ་གནས་པ་ནི་འཁོན་དུ་འཛིན་པའོ། །རབ་ཏུ་བྱུང་བ་ནི་འཁོན་དུ་འཛིན་པ་ཞི་བའོ། །ཁྱིམ་ན་གནས་པ་ནི་རྒྱལ་པོའི་ནན་ཏུར་བཞིན་བྱེད་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་ཀྱི་བསྟན་པ་བཞིན་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཉམ་ཐག་པའོ། །རབ་ཏུ་བྱུང་བ་ནི ་ཉམ་ཐག་པ་མེད་པའོ། །ཁྱིམ་ན་གནས་པ་ནི་སྡུག་བསྔལ་འབྱུང་བའོ། །རབ་ཏུ་བྱུང་བ་ནི་བདེ་བར་འབྱུང་བའོ། །ཁྱིམ་ན་གནས་པ་ནི་སྒང་བུའོ། །རབ་ཏུ་བྱུང་བ་ནི་ཟབ་པའོ། །ཁྱིམ་ན་གནས་པ་ནི་གྲོགས་མང་པའོ། །རབ་ཏུ་བྱུང་བ་ནི་གྲོགས་དཀོན་པའོ། ། ་ཁྱིམ་ན་གནས་པ་ནི་ཆུང་མ་དང་འགྲོགས་པའོ། །རབ་ཏུ་བྱུང་བ་ནི་མོས་པ་དང་འགྲོགས་པའོ། །ཁྱིམ་ན་གནས་པ་ནི་རྒྱ་དང་འདྲ་བའོ། །རབ་ཏུ་བྱུང་བ་ནི་རྒྱ་དྲལ་བའོ། །ཁྱིམ་ན་གནས་པ་ནི་གཞན་ལ་གནོད་པར་བྱེད་པ་གཅེས་སུ་རྩི་བའོ། །རབ་ཏུ་བྱུང་བ་ནི ་གཞན་ལ་ཕན་འདོགས་སུ་རྩི་བའོ། །ཁྱིམ་ན་གནས་པ་ནི་ཟང་ཟིང་གི་སྦྱིན་པ་ཆེད་ཆེར་འཛིན་པའོ། །རབ་ཏུ་བྱུང་བ་ནི་ཆོས་ཀྱི་སྦྱིན་པ་ཆེད་ཆེར་འཛིན་པའོ། །ཁྱིམ་ན་གནས་པ་ནི་བདུད་ཀྱི་རྒྱལ་མཚན་འཛིན་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་ཀྱི་རྒྱལ་མཚན་འཛིན་པའོ? ་བྱིམ་ན་གནས་པ་ནི་སྡུག་བསྔལ་གྱི་གཞིའོ། །རབ་ཏུ་བྱུང་བ་ནི་སྡུག་བསྔལ་གྱི་གཞི་ཡང་དག་པར་འཇོམས་པའོ། །ཁྱིམ་ན་གནས་པ་ནི་ཕུང་པོ་འཕེལ་བའོ། །རབ་ཏུ་བྱུང་བ་ནི་ཕུང་པོ་ཐམས་ཅད་ངེས་པར་འདོར་བའོ། །ཁྱིམ་ན་གནས་པ་ནི་ཐིབས་པའོ། །རབ་ཏུ ་བྱུང་བ་ནི་ཐིབས་པོ་ལས་ཐར་པ་ཡིན་ཏེ། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་རབ་ཏུ་བྱུང་བ་ལ་གཞོལ་བར་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་ཏོག་ལས་ཀྱང། འཇིག་རྟེན་དགའ་བས་གཟིར་གྱུར་ཅིང། །འཆི་བདག་གི་ནི་ཡོངས་བསྐོར་བ། དེ་ཕྱིར ་གཉི་ག་སྤང་བའི་ཕྱིར། །རབ་ཏུ་བྱུང་བ་ལེགས་པར་གཟུང་ཞེས་གསུངས་སོ། །དྲི་མ་མེད་པར་གྲགས་པས་ཞུས་པའི་མདོ་ལས་ཀྱང། ཐམས་ཅད་ནས་ཁ་ན་མ་ཐོ་བ་མེད་པ་འདི་ནི་རབ་ཏུ་བྱུང་བ་ཞེས་བྱའོ་ཞེས་གསུངས་སོ། །སྦྱངས་པའི་ཡོན་ཏན་གྱིས་ཡོ་བྱེད་བསྙུང ་པ་ལ་དགོངས་པ་བསྟན་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། ཁ་ན་མ་ཐོ་བ་མེད་པར་བྱ་བའི་ཕྱིར་བསོད་སྙོམས་སྤྱོད་པ་ལ་འཇུག་གོ་ཞེས་གསུངས་སོ། །བཞི་བ་བརྗོད་པའི་མདོ་ལས་ཀྱང། ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ ་ཡིན་ནོ། །བཞི་གང་ཞེ་ན། གང་འདི་ལྟ་སྟེ། ཁྱིམ་པའི་ལོངས་སྤྱོད་དོར་ནས་རང་གི་ལོངས་སྤྱོད་ཀྱི་ཆོག་ཤེས་པ་དང། གཞན་གྱི་ནོར་མངོན་པར་མི་འདོད་པ་ཉིད་དང། རབ་ཏུ་བྱུང་ནས་འཕགས་པའི་རིགས་ལ་དགའ་བ་དང། སྦྱངས་པའི་ཡོན་ཏན་གྱི་ཡོ་བྱད་བསྙུངས་པ ་ཉིད་དེ། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །སའི་སྙིང་པོའི་མདོ་ལས་ཀྱང། གདུལ་བར་དཀའ་བའི་སེམས་སྐྲག་ཅིང། །དགེ་སློང་རྣམས་ལ་རྩོད་མི་བྱེད། །འཕགས་པའི་རིགས་ལ་དགའ་གྱུར་ན། རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །སྡིག་པའི་དགེ་སློང་སྤོང་བྱེད ་ཅིང། འཕགས་ལ་གུས་པས་རྟེན་པར་བྱེད། །དགེ་འདུན་རྫས་དག་མི་ཟ་ན། །མྱུར་དུ་བྱང་ཆུབ་རེག་པར་འགྱུར། ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཨི་བྲན་མ་ཡིན་པ་དང། འཚོ་བ་གཞན་ལ་རག་མ་ལས ་པས་འཚོ་བར་བྱའོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པའི་ཉན་ཐོས་ཀྱིས་ལས་ཀྱང། ཇི་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ཞེ་ན། རྙེད་པས་ཆོག་པའི་བསོད་སྙོམས་པ་དང། མཐར་གྱིས་སློང་བའི་བསོད་སྙམས་པ ་དང། སྟན་གཅིག་པ་དང། ཟས་ཕྱིས་མི་ལེན་པ་དང། ཆོས་གོས་གསུམ་པ་པ་དང། ཕྱིད་པ་པ་དང། ཕྱག་དར་ཁྲོད་པ་དང། དགོན་པ་པ་དང། ཤིང་དྲུང་པ་དང། བླ་གབ་མེད་པ་དང། དུར་ཁྲོད་པ་དང། ཅོག་པུ་པ་དང། གཞི་ཇི་བཞིན་པ་སྟེ། དེ་དག ་ཀྱང་བསོད་སྙོམས་པ་དང། ཆོས་གོས་དང། གནས་མལ་ལས་བརྩམས་ནས། སྦྱངས་པའི་ཡོན་ཏན་བཅུ་གཉིས་སམ་བཅུ་གསུམ་དུ་འགྱུར་རོ། །དེ་ལ་བསོད་སྙོམས་པ་ཉིད་ལས་དབྱེ་ན་རྣམ་པ་གཉིས་ཏེ། རྙེད་པས་ཆོག་པའི་བསོད་སྙོམས་པ་དང། མཐར་གྱི ་སློད་པའི་བསོད་སྙོམས་པའོ། །དེ་ལ་རྙེད་པས་ཆོག་པའི་བསོད་སྙོམས་པ་གང་ཞེ་ན། འདི་ལྟ་སྟེ། འདྲིས་པའི་ཁྱིམ་དག་ནས་ཅི་ཐོབ་པ་དང། ཅི་རྙེད་པ་ཟ་བར་བྱེད་པའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་གང་ཞེ་ན། ཁྱིམ་རྣམས་སུ་ཁང་ཁྱིམ་ནས་ཁང ་ཁྱིམ་དུ་བསླངས་ཤིང་བརྒྱུས་ཏེ། བསོད་སྙོམས་ཅི་ཐོབ་པ་དང། ཅི་རྙེད་པ་ཟ་བར་བྱེད་ཀྱི། བདག་གི་འདི་ནས་བཟའ་བ་དང། བཅའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས་མགོ་འཕངས་བསྟོད་དེ། ཁྱིམ་རྣམས་སུ་མི་འགྲོ་བ་གང་ཡིན་པའོ ་དེ་ལ་བསོད་སྙོམས་པ་ཉིད་བྱེ་བྲག་དུ་མ་ཕྱེ་བ་ལས་བརྩམས་ནས་ནི་སྤྱད་པའི་ཡོན་ཏན་བཅུ་གཉིས་སུ་འགྱུར་ལ། བྱེ་བྲག་ཏུ་ཕྱེ་བ་ལས་བརྩམས་ན་ནི་བཅུ་གསུམ་མོ། །དེ་ལ་བསྟན་གཅིག་པ་ཉིད་གང་ཞེ་ན། སྟན་གཅིག་ལ་འདུག་ནས་ཇི་ཙམ་ཟ་བར་བྱེད་པ ་དེ་ཙམ་ཟ་བར་བྱེད་ཀྱི། སྟན་དེ་ལས་ལངས་ནས་ཟ་བར་མི་བྱེད་པ་སྟེ། དེ་ནི་སྟན་གཅིག་པ་ཉིད་ཅེས་བྱའོ། །ཟས་ཕྱིས་མི་ལེན་པ་ཉིད་གང་ཞེ་ན། ཟས་ཕྱིར་འདུག་ནས་ཇི་སྲིད་དུ་ཇི་ཙམ་གྱིས་བདག་འཚོ་བར་ཤེས་པའི་ཟས་ཐམས་ཅད་མ་མནོས་པ་དེ ་སྲིད་ཟ་བར་མི་བྱེད་ཅིང། གང་ལས་བདག་གི་ཟས་ཀྱི་བྱ་བ་དེ་ལས་ལྷག་པ་མེད་དོ་སྙམ་དུ་ཤེས་པར་གྱུར་པ། དེའི་འོག་ཏུ་ཐམས་ཅད་བླངས་ནས་ཟ་བར་རྩོལ་པ་སྟེ། དེ་ལྟར་ན་ཟས་ཕྱིས་མི་ལེན་པ་ཡིན་ནོ། །ཇི་ལྟར་ན་ཆོས་གོས་གསུམ་པ་ཡིན་ཞེ་ན། ཆོས ་གོས་གསུམ་པོ་སྣམ་སྦྱར་དང། བླ་གོས་དང་ཐང་གོས་ཀྱིས་འཚོ་བར་བྱེད་ཅིང་ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆད་པ་ཡིན་ཏེ། དེ་ལྟར་ན་ཆོས་གོས་གསུམ་པ་ཡིན་ནོ། །ཇི་ལྟར་ན་ཕྱིང་པ་པོ་ཡིན་ཞེ་ན། ཆོས་གོས་གསུམ་པ་འམ། ་གོས་ལྷག་གང་ཅུང་ཟད་ཅི་འཆད་བ་དེ་དག་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་གི་གཞན་མ་ཡིན་པ་སྟེ། དེ་ལྟར་ན་ཕྱིང་པ་པ་ཡིན་ནོ། །ཇི་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ཞེ་ན། གཞན་དག་གི་ལམ་པོ་ཆེ་འམ། ལམ་སྲང་ངམ། བཞི་མདོ ་འམ། སུམ་མདོ་འམ། ལམ་ཀ་འམ། ལམ་གོལ་བར་བོར་བ་དང། སྤངས་པ་འམ། བཏང་བའི་གོས་བཤད་པས་རེག་པ་འམ། གཅི་བས་རེག་པ་འམ། བཤད་གཅི་དང། རྣག་དང། ཁྲག་དང། མཆི་མས་རེག་པ་གང་ཡིན་པ་དེ་ལས ་མི་གཙང་བ་གང་ཡིན་པ་དེ་བོར་ལ། །ཐ་གི་པ་བླངས་ཏེ་བཀྲུས་ལ། དྲུ་བ་ཏེ་ཁ་དོག་བསྒྱུར་ཅིང་འཆང་བ་ཡིན་ཏེ། དེ་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ནོ། །ཇི་ལྟར་ནད་གོན་པ་པ་ཡིན་ཞེ་ན། གྲོང་དང་གྲོང་རྡལ་ལས་དབེན་པའི་གནས་མལ་དགོན་པ ་དང། ནགས་འདབ་དང། བས་མཛའ་གང་དག་ཡིན་པ་དག་ཏུ་གནས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དགོན་པ་པ་ཡིན་ནོ། །ཇི་ལྟར་ན་ཤིང་དྲུང་པ་ཡིན་ཞེ་ན། ཤིང་དྲུང་དུ་གནས་འཆའ་ཞིང། ཤིང་དྲུང་ལ་བརྟེན་པ་ཡིན་ཏེ། དེ་ལྟར་ན་ཤིང ་དྲུང་པ་ཡིན་ནོ། །ཇི་ལྟར་ན་བླ་གབ་མེད་པ་ཡིན་ཞེ་ན། མ་བཀབ་པ་དང་མ་གཡོགས་པའི་ཕྱོགས་བླ་གབ་མེད་པར་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་བླ་གབ་མེད་པ་ཡིན་ནོ། །ཇི་ལྟར་ན་དུར་ཁྲོད་པ་ཡིན་ཞེ་ན། གང་དུ་སྐྱེ་བའི་ཚོགས་ཤི་པོ ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་ཅོག་པུ་པ་ཡིན་ཞེ་ན། ཁྲི་འམ། ཁྲེའུ་འམ། ??་བཏིང་བའི་སྟེང་དུ་ཅོག་བུར་འདུག་སྟེ། དུས་ཡོལ་བར་བྱེད་ཅིང། ཁྲི་འམ། ཁྲིའུ ་འམ། རྩིག་པ་འམ། ཤིད་དམ། རྩཝ་བཏིང་བ་ལ་རྒྱབ་བབ། གློས་མི་བརྟེན་པ་ཡིན་ཏེ། དེ་ལྟར་ན་ཅོག་བུ་པ་ཡིན་ནོ། །ཇི་ལྟར་ན་གཞི་ཇི་བཞིན་པ་ཡིན་ཞེ་ན། གང་དུ་རྩཝ་བཏིང་བ་འམ། ལོ་མ་བཏིང་བའི་སྟེང་དུ། མལ་འཆའ་བར་བྱེད་ཅིང། རྟཝ་བཏིང་བ་འམ ་ལོ་མ་བཏིང་བདེ་ཡང་ལན་ཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི། ཡང་དང་ཡང་དུ་མི་རྗེ་མི་འཆོས་པ་ཡིན་ཏེ། དེ་ལྟར་ན་གཞི་ཇི་བཞིན་པ་ཡིན་ནོ། །ཅིའི་ཕྱིར་དེ་དག་ལ་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་བལ ་ལམ། ཤིང་བལ་ནི་གང་གི་ཚེ་མ་བསལ་མ་བཤིག་མ་རྨེལ་བ་དེའི་ཚེ་ན། འཇིངས་ཤིང་མ་འཆམ། མི་ཡང་ལ་འདི་ལྟ་སྟེ། སྐུད་པར་བཀལ་བ་འམ། འདའ་བར་བྱ་བའི་ལས་སུ་མི་རུང་ངོ། །དེ་བཞིན་དུ། འདི་ན་ལ་ལ་བསོད་སྙོམས་ལ་ཆགས་པས ་བསོད་སྙོམས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དང། ཆོས་གོས་ལ་ཆགས་པས་ཆོས་གོས་ལ་ཞེན་ཅིང། ཀུན་ཏུ་ཞེན་པ་དང། མལ་སྟན་ལ་ཆགས་པས་མལ་སྟན་ལ་སེམས་ཞེན་ཅིད་ཀུན་ཏུ་ཞེན་པ་དེ་སྦྱངས་པའི་ཡོན་ཏན་དེ་དག་གིས་འདི་ལྟ་སྟེ། ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར། སེམས་རྣམ་པར་སྦྱོང་བར་བྱེད་དྲང་པོར་བྱེད། མཉེན་པར་བྱེད། ལས་སུ་རུང་བར་བྱེད། གནམ་པར་ཕྱེད། གཏུབ་པར་བྱེད། རུང་བར་བྱེད་པས་ན། དེའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་བསོད ་སྙོམས་ལ་ཆགས་པ་ནི་བར་ཆད་རྣམ་པ་གཉིས་ཡིན་ཏེ། ཟས་བཟང་པོ་ལ་ཆགས་པ་དང། ཟས་མང་པོ་ལ་ཆགས་པའོ། །དེའི་ཕྱིར་ཟས་བཟང་པོ་ཆགས་པ་སྤང་པའི་ཕྱིར་བསོད་སྙོམས་པ་ཡིན་ནོ། །བྲས?་མང་པོ་ལ་ཆགས་ས་པ་སྦང་བའི་ཕྱིར་སྟན་གཅིག་པ་དང། བས ་ཕྱིས་མི་ལེན་པ་ཡིན་ནོ། །དེ་ལ་ཆོས་གོས་ལ་ཆགས་པ་ནི་བར་ཆུད་རྣམ་པ་གསུམ་ཡིན་ཏེ། ཆོས་གོས་མང་པོ་ལ་ཆགས་པ་དང། འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་དང། བཟང་པོ་ལ་ཆགས་པའོ། །དེ་ལ་ཆོས་གོས་མང་པོ་ལ་ཆགས་པ་སྤང་པའི་ཕྱིར་ཆོས ་གོས་གསུམ་པ་པ་ཡིན་ནོ། །ཆོས་གོས་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར་ཕྱིད་པ་པ་ཡིན་ནོ། །ཆོས་གོས་བཟང་པོ་ལ་ཆགས་པ་སྤང་པའི་ཕྱིར། ཕྱག་དར་ཁྲོད་པ་ཡིན་ནོ། །མལ་སྟན་ལ་ཆགས་པ་ནི་བར་ཆད་རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ། འདུ ་འཛིལ་ཆགས་པ་དང། གནས་ལ་ཆགས་པ་དང། གློས་འབེབས་པའི་བདེ་བ་དང། ཉལ་བའི་བདེ་བ་ལ་ཆགས་པ་དང། སྟན་དང། གདིང་བ་དང། དགའ་བ་ལ་ཆགས་པའོ། །དེ་ལ་འདུ་འཛིལ་ཆགས་པ་སྤང་པའི་ཕྱིར་དགོན་པ་པ་ཡིན་ནོ། །གནས་ལ་ཆགས་པ ་སྤང་པའི་ཕྱིར། ཤིང་དྲུང་པ་དང། བླ་གབ་མེད་པ་དང། དུར་ཁྲོད་པ་ཡིན་ནོ། །དུར་ཁྲོད་པ་ནི་འཁྲིག་པ་ལ་ཆགས་པ་སྤང་པའི་ཕྱིར་ཡང་ཡིན་ནོ། །གློས་འབེབ་པའི་བདེ་བ་དང། གཉིད་ཀྱི་བདེ་བ་ལ་ཆགས་པ་སྤང་པའི་ཕྱིར་ཅོག་བུ་པ་ཡིན་ནོ། །སྟན་དང། གདིང་བ་དང། ་དགབ་པ་ལ་ཆགས་པ་སྤང་བའི་ཕྱིར་གཞི་ཇི་བཞིན་པ་ཡིན་ཏེ། དེ་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པའི་མདོ་ལས་ཀྱང། ཤཱར་དྲཱ་ཏིའི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །དགོས་པ་དོན ་དུ་གཉེར་བའི་རིགས་ཀྱི་བུ་རྣམས་ཀྱིས་ཆོགས་གནས་པ་དེའི་ནང་དུ་འཇུག་པར་མི་བྱ་སྟེ། དགྲ་བཅོམ་པ་ཉོན་མོངས་པ་མད་པ་འམ། ནད་པ་འམ། མཁན་པོ་འམ། སློབ་དཔོན་གྱི་རྗེས་སུ་འཇུག་པ་ནི་མ་གཏོགས་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར ་དེས་བ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལས་ཀྱང། བཟང་སྐྱོར་འདི་ལྟ་སྟེ། སྐྱེས་པ་འམ་བུད་མེད་དམ། སྲོག་ཆགས་ཀྱི་རིགས་གཞེན་གང་ཡང་རུང་བ་འགའ་ཞིག་མེས་ཚིག་པར་གྱུར་ཅིང?། འཆི་བའི་དུས་བྱས་པར་མ་གྱུར་ལ། འཚིག་བཞིན་པ་འམ་ཆིག་པར ་གྱུར་པ་ཞིག་།བསིལ་བ་ཉིད་ཚོལ་པར་འགྱུར་རོ། །ཚོལ་བ་ན་སོ་སོར་བསྟེན་པ་མ་གཏོགས་བར་སྒྲས་བསིལ་བར་མི་འགྱུར་རོ། །བཟད་སྐྱོད་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལ་སྡུག་བསྔལ་གྱིས་དབེན་པ་ཉིད ་ཡོངས་སུ་ཚོལ་ལ། དེ་དེར་གནས་པར་དེས་བདེ་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དགོན་པར་གནས་པ་ལ་དགའ་བར་འགྱུར་རོ། །དེ་ལྟར་འདོད་པ་མེད་པ་ན་ཆོས་གོས་འཚོལ་བའི་རྒྱུས། གྲོང་དམ་གྲོང་ཁྱེར་རམ། ལྟོངས་གང་ཡང་རུང་བར་ཞུགས་ནས་སྐྱེས ་པ་འམ། བུད་མེད་ལ་ཆོས་གོས་ཅིའི་དོན་དུ་གསོལ་བ་འདེབས་པར་འགྱུར་ཏེ། དེ་ནི་གནས་མེ་དོ། །དེ་ཆོས་དང་པོ་འདི་དང་ལྡན་ཞིང་ཚུལ་ཁྲིམས་སྲུང་བར་བྱེད་དོ། །བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་བསོད་སྙོམས་སྦྱོད་བར་འགྱུར། ཆོས་གོས ་གསུམ་འཆད་བ་སྦྱངས་པའི་ཡོན་ཏན་པའི་ཡོན་ཏན་དང་ལྡན་ཞིང། སྦྱངས་བའི་ཡོན་ཏན་བཅུ་གཉིས་ཡང་དག་བར་སྦྱོད་པར་འགྱུར་རོ། །དེ་ཆོས་འདི་གཉིས་དང་ལྡན་ཞིང་ཚུལ་ཁྲིམས་ཡོངས་སུ་སྦྱོད་བར་བྱེད་དོ་ཞེས་གསུངས་སོ། དྲག་ཤུལ་ཅན་གྱིས ་ཞུས་པའི་མདོ་ལས་ཀྱང། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས། འདི་ལྟར་བདག་སུའི་ཆེད་ལ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་འབྱུང་སྙམ་དུ་གཞལ་བར་བྱ་སྟེ། དེས་མགོ་དང་གོས་ལ་མེ་འབར་བ་བཞིན་དུ། ཡེ་ཤེས ་ཡོངས་སུ་བཙལ་བ་ལ་བརྩོན་འགྲུས་བཙམ་པར་བྱའོ། །དེ་ལྟ་དེ་ལྟར་ཡོངས་སུ་འཇམ་པས། ཐོག་མ་ཉིད་དུ་འཕགས་པའི་རིགས་བཞི་པོ་དག་ལ་རབ་ཏུ་གནས་ཤིང། སྦྱངས་བའི་ཡོན་ཏན་དང། ཡོ་བྱང་བསྙུངས་པ་ལ་མངོན་བར་དགའ་བར་བྱའོ། །ཁྱིམ ་བདག་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཕགས་པའི་རིགས་བཞི་པོ་དག་ལ་རབ་ཏུ་གནས་པ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཆོས་གོས་ངན་དོན་གྱི་ཆོག་བར་འཛིན་པ་ཡིན་ཆོས་གོས་ངན་དོན ་གྱིས་ཆོག་པ་འཛིན་པའི་བསྔགས་པ་ཡང་བརྗོད་པ་ཡིན་ཏེ། དེ་ཆོས་གོས་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །ཆོས་གོས་མརྙེད་ན་ཡང། མི་ཡི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །ཆོས་གོས་རྙེད་ན་ཡང་ཆགས་བ་མེད། རྨོངས་པ་མེད། དགའ་བ ་མེད། ཞེན་པ་མེད་ཅིང། ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས། ཆགས་བ་མེད་བར་སྤྱོད་དེ། ཆོས་གོས་ངན་དོན་གྱི་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ ་སེམས་དཔའ་རབ་ཏུ་བྱུང་བ་ནི་བསོད་སྙོམས་ངན་དོན་གྱིས་ཆོག་བར་འཛིན་པ་ཡིན། བསོད་སྙོམས་ངན་དོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡིན་ཏེ། དེ་བསོད་སྙོམས་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །བསོད་སྙོམས་མ་རྙེད་ན་ཡང་ཡི ་མི་འཆད་ཅིང། ཡོངས་སུ་གདུང་བ་མེད་དོ། །བསོད་སྙོམས་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད་དགའ་བ་མེད། ཞེན་པ་མེད་ཅིང། ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བར་ཏུ་ཤེས་ནས། ཆགས་པ་མེད་པར་སྦྱོད་དེ་བསོད་སྙོམས་ངན་དོན ་གྱིས་ཆོ་ག་པར་འཛིན་པ་དེ། བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ངན་དོན་གྱིས་ཆོག་པར་འཛིན་པ་ཡིན། མལ་ཆ་ངན་དོན་གྱི་ཆོག་པར་འཛིན་པའི་བསྔགས་བ་ཡང་རྗོད་པ་ཡིན་ཏེ། ་དེ་མལ་ཆའི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །མལ་ཆ་མ་རྙེད་ན་ཡང་ཡི་མི་འཆད་ཅིང། ཡོངས་སུ་གདུད་བ་མེད་དོ། །མལ་ཆ་རྙེད་ན་ཡང་ཆགས་པ་མེད་རྨོངས་པ་མེད། དགའ་བ་མེད། ཞན་པ་མེད་ཅིང། ཞེན་པར་མི་འགྱུར་ཏེ། ཉེས ་དམིགས་མཐོང་ལ། འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་བར་སྦྱོད་དེ། མལ་ཆ་ངན་དོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་བསྟོང་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ན་བའི་གསོས་སྨན་དང། ་ཡོ་བྱད་ངན་དོན་གྱིས་ཆོག་བར་འཛིན་པ་ཡིན། ན་བའི་གསོས་སྨན་དང་ཡོ་བྱང་ངན་དོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་བརྗོད་པ་ཡིན་ཏེ། དེ་ན་བའི་གསོས་སྨན་དང། ཡོ་བྱང་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར ་མི་བྱེད་དོ། །ན་བའི་གསོས་སྨན་དང། ཡོ་བྱད་མ་རྙེད་ན་ཡང་ཡིད་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །ན་བའི་གསོས་སྨན་དང། ཡོ་བྱད་རྙེད་ན་ཡང་ཆགས་པ་མེད། རྣོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང། ཞེན་པར་མི་འགྱུར་ཏེ། ཉེས ་དམིགས་མཐོང་ལ་།འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་བར་སྦྱོད་དེ། ན་བའི་གསོས་སྨན་དང། ཡོ་བྱད་ངན་དོན་གྱིས་ཆོག་པར་འཛིན་བ་དེ་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་དོ། །སྤོང་བ་ལ་དགའ་བ་ཡིན་ཏེ། སྤོང་བ་ལ་མོས་ཤིང། ་སྤོབ་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་ནོ། །དེ་སྡིག་པ་མི་དགེ་བའི་ཆོས་རྣམས་སྤངས་པས། དགའ་བར་འགྱུར་ཏེ། མ་སྤངས་པས་ནི་མ་ཡིན་ནོ། །དེ་སྒོམ་པ་ལ་དགའ་བ་ཡིན་ཏེ། བསྒོམ་པ་ལ་དགའ་བའི་སྦྱོར་བ་ལ་བརྩོན་ནོ། །དགེ་བའི་ཆོས་བསྒོམས་པས་དགའ་བར ་འགྱུར་ཏེ། མ་བསྒོམས་པས་ནི་མ་ཡིན་ནོ། །སྤོང་བ་ལ་དགའ་བ། སྤོང་བ་ལ་མོས་པ། སྤོང་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པ། བསྒོམ་པ་ལ་དགའ་བ། བསྒོམ་པ་ལ་མོས་པ། བསྒོམ་པ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པ་དེ། བདག་ལ་མི་བསྟོད ་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཕགས་པའི་རིགས་བཞི་པོ་དག་ལ་གནས་བ་ཡིན་ནོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་བསོད་སྙོམས་སྤྱོད་པ་སྦྱངས་བའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་པའི་ཕེན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ཤེས་ཀྱི་ཁེ་འདོད་པ་མ་ཡིན་པ་དང། དེ་སྙེན་པ་འདོད་པ་མ་ཡིན་པ་དང། དེ་རྙེད་པ་དང་བཀུར་སྟི་འདོད་པ ་མ་ཡིན་པ་དང། དེ་འཕགས་པའི་རིགས་བཞི་ལ་གནས་པ་དང། དེ་ཚུལ་འཆོས་པ་དང། ཁ་གསག་མེད་པར་འགྱུར་བ་དང། དེ་བདག་ལ་མི་བསྟོད་གཞན་ལ་མི་སྨོད་པ་དང། དེ་ལ་རྗེས་སུ་ཆགས་པ་དང། དེ་ཁོང་ཁྲོ་བ་སྤངས་བས་གཞན་གྱི་ཁྱིམ་དུ ་སྤྱོད་པ་དང། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་བ་དང། དེ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་བ་ལ་གནས་ཤིང་ཆོས་བསྟན་པ་བཟུང་བར་འགྱུར་བ་ཡིན་ཏེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་བསོད་སྙོམས་སྤྱོད་པ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་པའི་ཕན་ཡོ་ནོ་ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ལས། བྱམས་པ་ལ་ཡང་གནས་པ་དེས་པ་ཡིན། །སྙན་པའི་ཕྲེང་བ་ཕྱོགས་བཞིར་རབ་ཏུ་མཆེ་དེ། །རྟག་ཏུ་ཆོག་ཤེས་འདོད་བ ་ཉུང་པར་འགྱུར། །དགོན་པར་གནས་ཤིང་སྦྱངས་པའི་ཡོན་ཏན་བརྩོན། །བསོད་སྙོམས་ལེན་པ་དག་ཀྱང་མི་གཏོང་སྟེ། །སྦྱངས་པ་ལ་ཡང་ཡིད་དམ་བརྟན་པར་འགྱུར། །རྟག་ཏུ་དང་བར་བཅས་ཤིང་དང་བར་འགྱུར། །ཁོར་མོར་སངས་རྒྱས་བརྟན་ལ་དད ་པ་མང། །དད་པ་མང་བའི་ཕན་ཡོན་འདི་ལགས་ཏེ། །བྱད་བཞིན་བཟང་ཞིང་དབང་པོ་མ་ཉམས་འགྱུར། །ཡང་དག་འཆད་པ་དེ་ལ་བདག་གནས་ཏེ། །བདག་ནི་རྟག་ཏུ་ནན་ཏན་སྙིང་བོར་བགྱིད། །ནན་ཏན་སྙིང་པོར་བགྱིད་ལ་ལྷ་ཀླུ་ཡང། །རབ་ཏུ་དང་པའི ་སེམས་ཀྱིས་རི་མོ་བགྱིད་ཅེས་གསུངས་སོ། །གཅིག་ལས་འཕྲོས་པའི་མདོ་ལས་ཀྱང། བསོད་སྙོམས་པ་ལྔ་སྟེ། ལྔ་གང་ཞེ་ན། བསོད་སྙོམས་པ་བསྙོན་པ་དང། བསོད་སྙོམས་པ་གཡེངས་པ་དང། བསོད་སྙོམས་པ་འདོང་ཆེན་པོ་དང། བསོད་སྙོམས་པ ་མངོན་པའི་ང་རྒྱལ་ཅན་དང་ཡང་དག་པའི་བསོད་སྙོམས་པ་སྟེ། འདི་དག་ནི་བསོད་སྙོམས་པ་ལྔའོ། །གཞན་ཡང་བསོད་སྙོམས་པ་བདུན་དག་སྟེ། མཐར་ཕྱིན་པའི་བསོད་སྙོམས་པ་དང། མཐར་ཕྱིན་པའི་རྗེས་སུ་འགྲོ་བའི་བསོད་སྙོམས་པ་དང། དེས་པའི ་བསོད་སྙོམས་པ་དང། མ་ངེས་པའི་བསོད་སྙོམས་པ་དང། དུས་མ་ཡིན་པར་སྤྱོད་པའི་བསོད་སྙོམས་པ་དང། མགོ་མཉམ་བའི་བསོད་སྙོམས་པ་དང། ཡ་བ་ནར་བཏགས་པའི་བསོད་སྙོམས་པའོ་ཞེས་གསུངས་སོ། །འདུ་བ་པ ་ལས་ཀྱང། ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡོན་ཏན་དགོན་པ་པ་ཉིད་ཡང་དག་པར་ལེན་པར་འགྱུར་ཞེ་ན། བཤད་པ། གྲོང་གི་མཛའ་དགག་པའི་ཕྱིར་དགོན་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་དགོན་པ་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆེན་པོ ་དང་འབྲིང་པོ་དང་ཆུང་ངུའོ། །དགོན་པ་པ་ཆེན་པོ་ཉིད་གང་ཞེ་ན། རྡུལ་ཕྲ་རབ་བདུན་ལ་རྡུལ་ལོ། རྡུལ་བདུན་ལ་སོ་མའོ། །སྲོ་མ་བདུན་ལ་ཤིག་གོ། ཤིག་བདུན་ལ་ནས་སོ། །ནས་བདུན་ལ་སོར་ཚིགས་སོ། །སོར་ཚིགས་བཅུ་གཉིས་ལ་མཐོའོ། །མཐོ་གཉིས་ལ་ཁྲུལ ་ཁྲུ་བཞི་ལ་གཞུ་འདོམ་མོ། །གཞུ་འདོམ་ལྔ་ལ་སྲོག་ཤིང་ངོ། །སྲོག་ཤིང་ཉི་ཤུ་ལ་ངལ་སོའོ། །དེལ་སོ་བརྒྱད་ཅུ་ལ་རྒྱད་གྲགས་སོ། །གཞུ་འདོམ་སྟོང་ཕྲག་བརྒྱད་པོ་དེ་མ་གནས་པ་ནི་དགོན་པ་པ་ཆེན་པོའོ། །དགོན་པ་པ་འབྲིང་ནི་གང་ཞེ་ན། བཤད་པ་གཞུ ་འདོམ་སྟོང་ཕྲག་སྟེ་ཁྲུ་བཞི་སྟོང་ན་གནས་པའོ། །དགོན་པ་པ་ཆུང་དུ་གང་ཞེ་ན། གཞུ་འདོམ་ལྔ་བརྒྱར་བགྲངས་པ་སྟེ། ཁྲུ་སྟོང་ཕྲག་གཉིས་སུ་འགྱུར་བ་ན་གནས་པའོ། རྒྱུ་ཅིས་དགོན་པ་ལ་ཡིན་ན། ལམ་གྱི་ཚད་ཀྱིས་སམ་རྣམ་པས་ཡིན་ཞེ་ན། བཤད ་པ། ལམ་གྱིས་ཆད་ཀྱིས་དགོན་པ་པར་རབ་ཏུ་ཤེས་ཀྱི། རྣམ་བས་ནི་མ་ཡིན་ནོ། །གྲོང་མཛའ་པ་ཡིན་ལ་དགོན་པ་པ་མ་ཡིན་པ་ཡང་ཡོད། དགོན་པ་པ་ཡིན་ལ་སྲོང་མཛའ་པ་མ་ཡིད་པ་ཡང་ཡོད། དགོན་པ་པ་ཡིན་ལ་གྲོང་མཛའ་པ་ཡིན་པ་ཡང ་ཡོད། དགོན་པ་པ་མ་ཡིན་ལ་གྲོད་མཛའ་པ་མ་ཡིན་པ་ཡང་ཡོད་དོ། །དེ་ལ་གྲོད་མཛའ་པ་ཡིན་ལ་དགོན་པ་པ་མ་ཡིན་པ་གང་ཞེ་ན། དགོན་པ་ན་ཡང་གནས་ལ་གྲོང་ལ་རྟོག་བ་རྣམ་པར་རྟོག་པར་བྱེད་ཅིང། ངེས་པར་འབྱུང་པ་ལ་རྟོག་པར་མི་བྱེད་པ་སྟེ ་འདི་ནི་གྲོང་མཛའ་པ་ཡིན་ལ་དགོན་པ་པ་མ་ཡིན་པ་ཞེས་བྱའོ། །དགོན་པ་པ་ཡིན་ལ་གྲོང་མཛའ་པ་མ་ཡིན་པ་གང་ཞེ་ན། གྲོང་མཐར་ཡང་གནས་ལ། སེམས་ཀྱིས་དཔེ་ན་པ་ལ་གཞོལ། དཔེ་ན་པ་ལ་འབབ། དཔེ་ན་པ་ལ་བབ་པ། བསྲིངས་པ་ངེས ་པར་འབྱུང་བ་ལ་དགའ་བ་སྟེ། འདི་ནི་དགོན་པ་པ་ཡིན་ལ་གྲོང་མཛའ་པ་མ་ཡིན་པ་ཞེས་བྱའོ། །དགོན་པ་པ་ཡང་ཡིན་ལ་གྲོང་མཛའ་པ་ཡང་ཡིན་པ་གང་ཞེ་ན། ཉོན་མོངས་པ་རྣམས་དང་པ་འདྲེས་པ་སྟེ། འདི་ནི་དགོན་པ་པ་ཡང་ཡིན་ལ་གྲོང་མཛའ་པ་ཡང ་ཡིན་པ་ཞེས་བྱའོ། །དགོན་པ་པ་ཡང་མ་ཡིན་ལ་གྲོང་མཛའ་པ་ཡང་མ་ཡིན་པ་གང་ཞེ་ན། བཟློག་པ་སྟེ། འདི་ནི་དགོན་པ་པ་ཡང་མ་ཡིན་ལ་གྲོང་མཛའ་པ་ཡང་མ་ཡིན་པ་ཞེས་བྱའོ། །དགོན་པ་ན་གནས་ཤིང། གཞན་ཡང་དགེ་འདུན་གྱི་བྱ་བ་དག་དང ་ནད་པའི་བྱ་བ་དག་གི་ཆེད་དམ། ཚེས་ཉན་པའི་དབང་དུ་བྱས་ནས་གྲོང་མཐར་འཇུག་པར་འགྱུར་ནའོ། །འདི་ལྟར་གདོན་མི་ཟ་བར་དགོན་པར་འགྲོ་བར་བྱའོ་སྙམ་དུ་མེ་མས་བསྐྱེད་པར་བྱེད་ཅིང། དེ་པ་གནས་པ་ལ་སྐྱི་རེངས་ཤར་བ་ནས་ཡང་སྦྱངས་པའི ་ཡན་ལག་འཁྲུག་པར་མི་འགྱུར་རོ། །ཅི་སྟེ་ཡང་དགོན་པར་འགྲོ་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱེད་ན། སྐྱ་རེངས་???་ཤར་བ་དང་ལྷན་ཅིག་སྦྱངས་པའི་ཡིན་ལག་འཁྲུག་པར་འགྱུར་རོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་བསོད་སྣོམས་པ་ཉིད ་ཡང་དག་པར་ལན་པ་ཡིན་ཞེ་ན། བཤད་པ་དགེ་འདུན་གྱི་རྙེད་པ་དགག་པའི་ཕྱིར་སྤྱངས་པའི་ཡོན་ཏན་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་བསོད་སྙོམས་པ་ཉིད་ནི་རྣམ་པ་གསུམ་སྟེ། །ཆུང་དུ་དང་འབྲིང་དང་ཆེན་པོའོ། བསོད་སྙོམས་པ ་ཆུང་ངུ་གང་ཞེ་ན། ཟས་ལྔ་པོ་རྣམས་ལས། གང་ཡང་རུང་བ་འགྲོན་དུ་གཉེར་བའི་ཟས་མི་ལེན་པ་སྟེ། འདི་ནི་བསོད་སྙོམས་པ་ཆུང་ངུའོ། །བསོད་སྙོམས་པ་འབྱེད?་ཉིད་གང་ཞིན?། ཟས་ལྔ་པོ་དག་ལས?་འགྲོན་དུ་གཉིར་བ་མི་ལེན་ཅིང། སློང་མོས་འགྲོན་དུ་གཉེར་བ ་ཡང་མི་ལེན་ལ། ས་ཕྱོགས་ག་གེ་མོ་ཞེས་བྱ་བ་དང་གྲོང་ག་གེ་མོ་ཞེས་བྱ་བར་ཤོག་ཅིག་ཅེས་བརྡའ་བྱེད་པ་སྟེ། འདི་ནི་བསོད་སྙོམས་པ་འབྲིང་ཉིད་དོ། །བསོད་སྙོམས་པ་ཆེན་པོ་གང་ཞེ་ན། ཟས་ལྔ་པོ་དག་ལས་གང་ཡང་རུང་བ ་འགྲོན་དུ་གཉེར་བའི་ཟས་མི་ལེན། སློང་མོས་འགྲོན་དུ་གཉེར་བ་ཡང་མི་ལེན། བརྡའ་བྱས་པར་ཡང་མི་འགྲོ་ཞིང། །ཁྱིམ་གྱི་སྒོར་གནས་པ་ཉིད་ཀྱིས་བསོད་སྙོམས་ལན་པ་སྟེ། འདི་ནི་བསོད་སྙོམས་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི ་ཡན་ལག་ཕྱག་དར་ཁྲོད་བ་ཉིད་ཡང་དག་བར་ལེན་པ་ཡིན་ཞེ་ན། ཁྱིམ་བདག་གི་གོས་དགག་པའི་ཕྱིར་སྦྱངས་བའི་ཡན་ལག་ཕྱག་དར་ཁྲོད་པ་ཉིད་ཡང་དག་བར་ལེན་པ་ཡིན། །དེ་ལ་ཕྱག་དར་ཁྲོད་པ་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ ་ཕྱག་དར་ཁྲོད་པ་ཆུད་དུ་གང་ཞེ་ན། བྱི་བས་ཟོས་པ་དང་གྲོགས་མས་ཟོས་པ་དང་རྣམ་པར་ཆིག་པ་དང། དུམ་བུར་བཅད་ནས་ཧལ་ཏེ་ཆད་དུ་བྱས་ནས་བོར་བ་དེ་ལེན་པ་སྟེ་འདི་ནི་ཕྱག་དར་ཁྲོད་པ་ཆུང་དུའོ། །ཕྱག་དར་ཁྲོད་པ་འབྲིང་ཉིད་གང་ཞེ་ན། ་ཆེད་དུ་བྱས་ནས་བོར་བ་མི་ལེན་ཅིང། གང་སྔར་བྱས་པ་མ་ངེས་པར་བོར་བ་དེ་ལེན་པ་སྟེ། འདི་ནི་ཕྱག་དར་ཁྲོད་པ་འབྲིང་ཉིད། །ཕྱག་དར་ཁྲོད་པ་ཆེན་པོ་གང་ཞེ་ན། བྱི་བས་ཟོས་པ་ལ་ཧྲལ་ཏེ་ཆད་དུ་བྱས་ནས་བོར་བའི་བར་དུ་མི་ལེན་ཅིང། དུར ་ཁྲོད་དང་ཕྱག་དར་ཁྲོད་དང་ལམ་དུ་ལྷུང་བ་རྙེད་ནས་ལེན་པ་སྟེ། འདི་ནི་ཕྱག་དར་ཁྲོད་བ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཟས་ཕྱིས་མི་ལེན་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། ཟས་ལྷག་པ་དགག་པའི་ཕྱིར ་སྦྱངས་པའི་ཡན་ལག་ཟང་ཕྱིས་མི་ལེན་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་ཟས་བྱིས་མི་ལེན་པ་ན་རྣམ་བ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ། །ཟས་ཕྱིས་མི་ལེན་པ་ཆུང་དུ་གང་ཞེ་ན། སྟན་མ་བོར་བ་བཞིན་དུ་ཟོས་ནས་ཀྱང་མ་བཀྲུས་པར་ཟབ ་སྟེ། འདི་ནི་ཟས་ཕྱིས་མི་ལེན་པ་ཚུང་དུའོ། ཟས་ཕྱིས་མི་ལེན་པ་འབྲིང་ཉིད་གང་ཞེ་ན། གང་ཞིག་ཟ་བཞིན་དུ་བསྟབས་པ་ལྷག་མ་མེད་པར་ཟ་བ་དེ་ན་ཟས་ཕྱིས་མི་ལེན་འབྲིང་ཉིད་དོ། །ཟས་ཕྱིས་མི་ལེན་ཆེན་པོ་གང་ཞེ་ན། ཟ་བཞིན་དུ་མི་ལེན་ཅིང། ཟས ་ནས་ཀྱང་མི་ལེན་ཏེ། འདི་ནི་ཟས་ཕྱིས་མི་ལེན་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་སྟན་ཅིག་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། སྟན་ཐ་དད་ལ་ཟ་བ་དགག་པའི་ཕྱིར་།སྦྱངས་པའི་ཡན་ལག་སྟན་གཅིག་པ ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་སྟན་གཅིག་པ་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ། །སྟན་གཅིག་པ་ཆུང་དུ་གང་ཞེ་ན། སྟན་མ་སྤངས་པ་དུས་ཇི་སྲིད་ཀྱི་བར་དུ་ཟ་བ་སྟེ། འདི་ནི་སྟན་གཅིག་པ་ཆུང་དུའོ། །སྟན་གཅིག་པ་འབྲིང་ཉིད་གང ་ཞེ་ན་ཟོས་ནས་ཀྱང་ཟས་བསོད་པ་རྙེད་པ་ལེན་པ་སྟེ། འདི་ནི་སྟན་གཅིག་པ་འབྲིང་ཉིད། །སྟན་གཅིག་པ་ཆེན་པོ་གང་ཞེ་ན། གང་ཞིག་ཟ་བཞིན་པ་དང་ཟོས་ནས་ཟས་རྙེད་ཀྱང་མི་ཟ་བར་སྔར་བསླངས་པ་ཟོས་ནས་འགྲོ་བ་སྟེ། འདི་ནི་སྟན་གཅིག་པ ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ་སྣོད་གཞན་དགག་པའི་ཕྱིར་སྦྱངས་པའི་ཡན་ལག་ལྷུང་བཟད་ཀྱི་བསོད་སྙོམས་པ་ཉིད་ཡང་དག་པར་ལེན་པ ་ཡིན་ནོ། །དེ་ལ་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ། །ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆུང་དུ་གང་ཞེ་ན། གང་ཞིག་ལག་པ་གཉིས་ཀྱིས་བཅད་ནས་བ་ཟའ་བར་ནུས་པ་སྟེ། འདི་ནི་ལྷུང་བཟེད་ཀྱི ་བསོད་སྙོམས་པ་ཆུང་དུའོ། །ལྷུང་བཟེད་ཀྱི་བསོད་སྙོམས་པ་འབྲིང་ཉིད་གང་ཞེ་ན། གང་ཞིག་ལག་པ་གཅིག་གིས་བཅད་ནས་བཟང་བར་ནུས་པ་སྟེ། འདི་ནི་ལྷུང་བཟེད་ཀྱི་བསོད་སྙོམས་པ་འབྲིང་ཉིད་དོ། །ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆེན་པོ་གང་ཞེ་ན། ལག ་པ་གཅིག་གིས་བཅད་ནས་མ་ཡིན། ཁས་བཅད་ནས་མ་ཡིན། འཆིག་པར་མི་བྱེད་འཆིག་དུ་འཇུག་པར་མི་བྱེད་ཅིང། གང་བཤིག་ནས་རྙེད་པ་ཟ་བ་སྟེ། འདི་ནི་ལྷུང་བཟེད་ཀྱི་བསོད་སྙོམས་པ་ཆེན་པོའོ། །ཅི་ཞིག་བཀག་པ ་ལས་སྦྱངས་པའི་ཡན་ལག་མཐར་གྱིས་སློང་བའི་བསོད་སྙོམས་པ་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། མཐོན་པོའི་ཁྱིམ་དགག་པའི་ཕྱིར་སྦྱངས་པའི་ཡན་ལག་མཐར་གྱིས་སློང་བའི་བསོད་སྙོམས་པ་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ ་མཐར་གྱིས་སློང་བའི་བསོད་སྙོམས་པ་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་ཆུང་དུ་གང་ཞེ་ན། གང་ཞིག་གྲོང་དུ་བསོད་སྙོམས་པ་ཕྱིན་པ་ན་ཀུན་དགའ་ར་བར་གནས་པས་རྙེད་པ་སྟེ། ་འདི་ནི་མཐར་གྱིས་གནས་པའི་བསོད་སྙོམས་པ་ཆུང་དུའོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་འབྲིང་ཉིད་གང་ཞེ་ན། བསོད་སྙོམས་ལ་འགྲོ་བ་ན་ཀུན་དགའ་ར་བ་ན་གནས་པས་མི་ལེན་ཅིང་བར་གྱི་ལམ་དུ་རྙེད་པ་ལེན་པ་སྟེ། འདི་ནི་མཐར་གྱིས ་སློང་བའི་བསོད་སྙོམས་པ་འབྲིང་ཉིད་དོ། །མཐར་གྱིས་སློང་བའི་བསོད་སྙོམས་པ་ཆེན་པོ་གནག་ཞེ་ན། ཀུན་དགའ་ར་བར་གནས་ནས་ཀྱང་མི་ལེན་ཅིང་བར་གྱི་ལམ་ན་ཡང་མི་ལེན་ལ། གྲོང་དམ་གྲོང་གི་ཉེ་འཁོར་དུ་རྙེད་པ་ལེན་པ་སྟེ། འདི་ནི་མཐར ་གྱིས་སློང་བའི་བསོད་སྙོམས་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་དུར་ཁྲོད་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། དགེ་འདུན་གྱི་ཀུན་དགའ་ར་བ་དགག་པའི་ཕྱིར། སྦྱངས་པའི་ཡན་ལག་དུར་ཁྲོད་པ་ཡང་དག་པར ་ལེན་པ་ཡིན་ནོ། །དེ་ལ་དུར་ཁྲོད་པ་ནི་རྣམ་པ་གསུམ་སྟེ། ཆུང་དུ་དང་འབྲིང་དང་ཆེན་པོའོ། །དུར་ཁྲོད་པ་ཆུང་དུ་གང་ཞེ་ན། གང་སྔོན་དུར་ཁྲོད་དུ་གྱུར་ནས་ཕྱིས་དུར་ཁྲོད་མ་ཡིན་པར་གནས་པར་གྱུར་པ་དེར་གནས་པ་སྟེ། འདི་ནི་དུར་ཁྲོད་པ་ཆུང་དུའོ། །དུར་ཁྲོད ་པ་འབྲིང་ཉིད་གང་ཞེ་ན། གང་དུ་རོ་ཉུང་དུ་བསྐྱལ་བ་དེར་གནས་པ་སྟེ། འདི་ནི་དུར་ཁྲོད་པ་འབྲིང་ཉིད་དོ་དུར་ཁྲོད་པ་ཆེན་པོ་གང་ཞེ་ན། གང་དུར་ཁྲོད་ཆེན་པོར་གནས་པའོ། །འདི་ནི་དུར་ཁྲོད་པ་ཆེན་པོ་སྟེ། དཔེར་ན་བཙུན?་??་གཉེན?་ཅུའི?་རྟོགས ་པ་རྗོད་པ་ཡིན་ནོ། །སིང་ག་ལའི་གླིང་དུ་ལོ་དྲུག་ཅུ་དུར་ཁྲོད་ན་གནས་པ་ན། བཙུན་པ་འདི་ནི་དུར་ཁྲོད་པ་ཞིག་ཞེ་སུས་ཀྱང་མ་ཤེས་སོ། །ལོ་དྲུག་ཅུ་འདས་པ་ན་དུར་ཁྲོད་ཅེན་པོ་དེར་གནོད་སྦྱིན་པོ་མོ་མདངས་འཕྲོག་པ་རྣམས་འདུས་པར་གྱུར་ལ། ་བཙུན་པ་དེ་ཡང་དུར་ཁྲོད་དུ་དང་བར་གྱུར་ཏོ། །གང་དུར་ཁྲོད་དེ་ན་རྒྱུན་དུ་གནས་པའི་གནོད་སྦྱིན་དེ་མིའི་ཆ་བྱད་ཀྱི་ལམ་གྱི་དབུས་ན་བཙུན་པའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་གང་དུ་འགྲོ་།དེས་སྨྲས་པ། གཅིག་དུ ་དུར་ཁྲོད་དུ་འགྲོའོ། །དེས་འདི་སྐད་དུ་སྨྲས་པ། བཙུན་པ་མ་འགྲོ་ཞིང། དེས་སྨྲས་པ། གདོན་མི་ཟ་བར་འགྲོའོ། །དེས་སྨྲས་པ། བཙུན་པ་མ་འགྲོ་ཞིག་།དུར་ཁྲོད་དེར་འབྱུང་བ་ཆེན་པོ་རྣམས་འདུས་པར་གྱུར་ལ། བཙུན་པ་ལ་རྣམ་པར ་འཚ་བ་སྐྱེད་པར་འགྱུར་རོ། །དེས་སྨྲས་པ། ཅི་ནས་ཀྱང་འགྲོ་བར་བྱའོ། །དེས་སྨྲས་པ། ང་སུ་ཡིན་པ་མ་ཤེས་སམ། སྨྲས་པ་མ་ཤེས་སོ། །སྨྲས་པ། ང་ནི་དུར་ཁྲོད་ན་རྒྱུན་དུ་གནས་པའི་གནོད་སྦྱིན་ནོ། །གལ་ཏེ་སླར་ལོག་པར་མི་བྱེད་ན་ནི་གྲོང ་ཁྱེར་འདིའི་མི་རྣམས་ལ་གཞོན་ནུ་ལོ་དྲུག་ཅུ་དུར་ཁྲོད་དུ་གནས་པ་ན་ཁྱོད་འགས་ཀྱང་མ་ཤེས་ཞེས་བྱ་བར་སྨྲའོ། །དེས་སྨྲས་པ། གནོད་སྦྱིན་སྡིག་པ་ཁྱོད་མི་རྣམས་ལ་མ་སྨྲས་ཤིག་།ད་ཕྱིར་མི་ལྡོག་པར་བྱའོ། ཞེས་གནས་བརྟན་གཞོན་ནུ་ལོ་དྲུག ་ཅུ་ལོན་པ་ན་སྦྱངས་པའི་ཡན་ལག་འཁྲུག་པར་བྱེད་ཅིང་འདོད་པ་ཆུང་བར་གྱུར་ཏོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་བླ་གབ་མེད་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། གཡོགས་པ་སྤངས་པའི་ཕྱིར་སྦྱངས་པའི་ཡན་ལས ་བླ་གབ་མེད་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་བླ་གབ་མེད་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །བླ་གབ་མེད་པ་ཆུང་ངུ་གང་ཞེ་ན། ངོས་གསུམ་གཡོགས་ལ་ངོས་གཅིག་མ་གཡོགས་པ ་སྟེ། འདི་ནི་བླ་གབ་མེད་པ་ཆུང་ངུའོ། །བླ་གབ་མེད་པ་འབྲིང་ཉིད་གང་ཞེ་ན། ངོས་གཅིག་གཡོགས་ལ། ངོས་གསུམ་མ་གཡོགས་པ་སྟེ། འདི་ནི་བླ་བག་མེད་པ་འབྲིང་ཉིད་དོ། །བླ་དང་མེད་པ་ཆེན་པོ་གང་ཞེ་ན། ངོས་བཞི་པ་ཐམས་ཅད་མ ་གཡོགས་པ་སྟེ། འདི་ནི་བླ་གབ་མེད་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཤིང་དྲུང་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། གཙུག་ལག་ཁང་སྤང་བའི་ཕྱིར་སྦྱངས་པའི་ཡན་ལག་ཤིང་དྲུང་པ་ཉིད་ཡང ་དག་པར་ལེན་པ་ཡིན་ནོ། །དེ་ལ་ཤིང་དྲུང་པ་ཉིད་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཤིང་དྲུང་པ་ཆུང་ངུ་གང་ཞེ་ན། གང་ངོས་བཞི་པོ་ཐམས་ཅད་ནས་བསྒྲིབས་པ་སྟེ། འདི་ནི་ཤིང་དྲུང་པ་ཆུང་ངུའོ། །ཤིང་དྲུང་པ་འབྲིང་ཉིད་གང ་ཞེ་ན། ཅུང་ཟད་ཀྱང་མི་བསྒྲིབ་པར་སྦྱོད་བ་དང། འཆག་པ་དང། རབ་ཏུ་འདུས་བྱས་པ་སྟེ། འདི་ནི་ཤིང་དྲུང་པ་འབྲིང་ཉིད་དོ། །ཤིང་དྲུང་པ་ཆེན་པོ་གང་ཞེ་ན། མི་སྒྲིབ་པ་ལ་རབ་ཏུ་འདུས་མི་བྱེད་ཅིང་མངོན་པར་མ་ཞེན་པས་གནས་པ་སྟེ། འདི་ནི ་ཤིང་དྲུང་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཅོག་པུ་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། མལ་ཆ་དང་སྟན་ལ་འདུག་པ་སྤང་བའི་ཕྱིར། སྦྱངས་པའི་ཡན་ལག་ཅོག་པུ་པ་ཉིད་ཡང་དག་པར་ལེན་པ ་ཡིན་ནོ། །དེ་ལ་ཅོག་བུ་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཅོག་བུ་པ་ཆུང་ངུ་ནི་གཉིས་སུ་མ་ཉེས་པར་བྱེད་པ་སྟེ། འདི་ནི་ཅོག་བུ་པ་ཆུང་ངུའོ། །ཅོག་བུ་པ་འབྲིད་ཉིད་གང་ཞེ་ན། ངོས་ཅིག་ཏུ་མ་ཉེས་པར་བྱེད་པ་སྟེ། ་འདི་ནི་ཅོག་བུ་པ་འབྲིང་ཉིད་དོ། །ཅོག་བུ་པ་ཆེན་པོ་གང་ཞེ་ན། ངོས་ཐམས་ཅད་དུ་མི་གཉེས་པ་སྟེ། འདི་ནི་ཅོག་བུ་པ་ཆེན་པོའོ། །ཅི་ཞིག་བ་ཀག་པ་ལས་སྦྱངས་པའི་ཡན་ལག་གཞི་ཇི་བཞིན་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། བཤད་པ། ་གནས་མལ་ལ་བརྐམ་པ་སྤང་བའི་ཕྱིར་སྦྱངས་པའི་ཡན་ལག་གཞི་ཇི་བཞིན་པ་ཉིད་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལ་གཞི་ཇི་བཞིན་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །གཞི་ཇི་བཞིན་པ་ཆུང་ངུ་གང་ཞེ་ན། གང་ཞིག་མལ ་ཆ་ལན་གསུམ་གྱི་བར་དུ་ཡང་ལེན་ཅིང། ལན་བཞིར་མི་ལེན་པ་སྟེ། འདི་ནི་གཞི་ཇི་བཞིན་པ་ཆུང་ངུའོ། །གཞི་ཇི་བཞིན་པ་འབྲིང་ཉིད་གང་ཞེ་ན། ལན་གཅིག་ལ་མི་ལེན། ལན་གཉིས་ལ་ལེན་པ་སྟེ། འདི་ནི་གཞི་ཇི་བཞིན་པ་འབིད་ཉིད་དོ། །གཞི ་ཇི་བཞེན་པ་ཆེན་པོ་གང་ཞེ་ན། གང་ཞིག་ཇི་ལྟར་བསན་པ་བཞིན་ལེན་པར་བྱེད་ཅིང་མི་འཁྱེར་བ་སྟེ། འདི་ནི་གཞི་ཇི་བཞིན་པ་ཆེན་པོའོ། །ཅི་ཞིག་བཀག་པ་ལས་སྦྱངས་པའི་ཡན་ལག་ཆོས་གོས་གསུམ་པ་ཉིད་ཡང་དག་པར་ལེན་པ་ཡིན་ཞེ་ན། ཆོས་གོས ་ལྷག་པ་སྤངས་པ་ཕྱིར་སྦྱངས་པའི་ཡན་ལག་ཆོས་གོས་གསུམ་པ་ཡང་དག་པ་ལེན་པ་ཡིན་ནོ། །དེ་ལ་ཆོས་གོས་གསུམ་པ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཆོས་གོས་གསུམ་པ་ཆུང་ངུ་གང་ཞེ་ན། ཆོས་གོས་གསུམ་ལས་ལྷག་པ། དབྱར ་གྱི་གོས་རས་ཆེན་དང་གཡན་པ་དགབ་པ་དང་མཆིས་སྟན་དང་གདིང་པ་འཆད་པ་སྟེ། འདི་ནི་ཆོས་གོས་གསུམ་པ་ཆུང་ངུ་འོ། །ཆོས་གོས་གསུམ་པ་འབྲིང་ཉིད་གང་ཞེ་ན། ཆོས་གོས་གསུམ་འཆད་པར་བྱེད་ཅིང། དབྱར་གྱི་གོས་རས་ཆེན་ནས་གདིང་བའི ་བ་??་བདག་ཉིད་ཀྱིར་འཆང་བར་མི་བྱེད་ལ། །གཞན་གྱིས་ལོངས་སྤྱོད་པ་འཆང་པ་སྟེ། འདི་ནི་ཆོས་གོས་གསུམ་པ་འབྲིང་ཉིད་དོ། །ཆོས་གོས་གསུམ་པ་ཆེན་པོ་གང་ཞེ་ན། ཆོས་གོས་གསུམ་ལས་ཕྱི་རོལ་ཏུ་གྱུར་པ་མི་འཆད་བ་སྟེ། འདི་ནི་ཆོས ་གོས་གསུམ་པ་ཆེན་པོའོ། །སྦྱངས་པའི་ཡན་ལག་བཅུ་གསུམ་བསྟན་པ་རྫོགས་སོ། །ཕྱག་དང་ཁྲོད་དང་ཅོག་བུ་པ། །ཕྱིས་མི་ལེན་དང་ཕྱིད་བ་པ། །ཆོས་གོས་གསུམ་པ་ཤེད་དྲུད་པ། །སྟན་ཅིག་པ་དང་གཞི་ཇི་བཞིན། ་དུར་ཁྲོད་པ་དང་བླ་གབ་མེད། །དགོན་པ་བ་དང་བསོད་སྙོམས་ཏེ། །ཐུབ་པ་ཞི་བའི་ཐུགས་མངའ་བས། །སྦྱངས་པ་བཅུ་གཉིས་འདི་དག་གསུངས། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ནི་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། རས་མ་བོར་བ་འཆད ་བའོ། །ཅོག་བུ་པ་ཉིད་གང་ཞེ་ན། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། གློས་མི་འབེབས་པར་ཅག་བུས་མཆན་མོ་འདའ་བར་བྱེད་བའོ། །ཟས་ཕྱིས་མི་ལེན་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། །ཟོས་པ་བསྟབས་ཀྱང་མི་ཟ་ཞིང། ་དུས་མ་ཡིན་པའི་བཏུད་བ་མི་འཐུང་བའོ། །ཕྱིར་བ་བ་ཉིད་ནི་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས་ཕྱིར་པའི་གོས་འཆང་བའོ། །ཆོས་གོས་གསུམ་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། ཆོས་གོས་གསུམ་ཙམ་འཆད་གི་ལྷག་པར ་མི་འཆང་བའོ། །ཤིང་དྲུང་པ་ཉིད་ནི། ཤིང་དྲུང་ལ་དགའ་བས་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས་ཤིང་དྲུང་དུ་གནས་ཀྱི། བསྐྱོར་བར་མི་འཇུག་པའོ། །སྟན་གཅིག་བ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། སྟན་གཉིས་བ་ལ་མི ་ཟའོ། །གཞི་བཅི?་བཞིན་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། ཇི་ལྟར་ཐོབ་པའི་གནས་མལ་ལ་སོགས་པ་ལོངས་སྤྱོད་པའོ། །དུར་ཁྲོད་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། དུར་ཁྲོད་ཉིད་དུ་གནས་བའོ། །བླ་གབ་མེད་པ་ཉིད ་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། གཡོགས་པའམ་ཤིང་དྲུང་དུ་མི་འཇུག་པའོ། །དགོན་པ་བ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། མི་མི་རྒྱུ་བའི་ཡུལ་དུ་རི་དགས་དང་བྱ་བཞིན་གནས་པ་སྟེ། གང་ཡང་རུང་བར་ཉལ་བའོ། །བསོད ་སྙོམས་པ་ཉིད་ནི། ཡང་དག་པར་བླངས་པ་སྔོན་དུ་འགྲོ་བས། བསོད་སྙོམས་མང་བ་འམ་ཉུང་བ་ལེན་དུ་དང། མཉམ་པའི་སེམས་ཉིད་ཀྱི་དགེ་འདུན་གྱི་ཟས་ལ་མི་ལྡོག་པའོ། །ཕྱག་དར་ཁྲོད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཆོས་གོས་ཀྱི་དོན་དུ ་ཁྱིམ་པ་རྣམས་དང་མི་འདྲིས་པ་དང། མི་སློང་བ་དང། གོས་ཀྱི་རྒྱུས་ཡོངས་སུ་མི་གཏམ་པ་དང། ཀུན་ནས་ཡོ་སུ་མི་འཚོལ་བ་དང། མ་རྙེད་པས་མི་ཁྲོ་བ་དང་།མ་རྙེད་པས་དགའ་བ་མེད་པ་དང། ཉུང་བ་དང་རྙེད་སླ་བ་དང། ཁ་ན་མ་ཐོ་པ ་མེད་པ་ཁས་ལེན་པ་དང། གནས་ན་རྗེས་སུ་མཐུན་པར་འཇུག་པར་འགྱུར་བ་དང། ཆོས་གོས་རྩུབ་པར་བགོ་བ་དང། །གཞན་གྱིས་གླགས་མི་ཚོལ་བའོ། །སྟན་གཅིག་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཟས་གཉིས་པ་ཚོལ་བས་མི་གནོད་པ་དང། བྱིན ་ལེན་གྱིས་མི་གནོད་པ་དང། ཡོངས་སུ་ལོངས་སྤྱོད་པས་མི་གནོད་པ་དང། སྔ་དྲོའི་དུས་ཤེས་པ་དང། །ཟས་བསྙུངས་བ་དང། ཟོས་པ་འཇུ་པ་དང། གནོད་པ་ཆུད་པ་དང། ཟོམ་དོག་བདེ་བ་དང། ལྔད་བ་ཡང་བ་དང། བདེ་བར་གནས་པའོ། །ཅོག ་པུ་བ་ཡོན་ཏན་བཅུ་སྟེ། ལུས་ཀྱི་བདེ་བ་ལ་ཆགས་པ་མེད་པ་དང། གཉིད་ཀྱི་བདེ་བ་ལ་ཆགས་པ་མེད་པ་དང། རོ་སུ་མི་ལྟུང་བ་དང། ལུས་ལ་སེར་སྣ་མེད་པ་དང། བདེ་བར་སེམས་དཔའ་དང། རྨི་ལམ་ཉུང་བ་ཉིད་དང། ལྔད་བ་ཡང་བ་ཉིད ་དང། མལ་སྟན་འཆོས་པ་དང། གྱོན་པ་དང། མལ་སྟན་ཚོལ་བ་ཉུང་??། །ཟས་སྤྱིས?་མི་ལེན་པ་ལ་ཡོན་ཏན་བཅུ་སྟེ། ཟས་ངན་པ་དང། ཟས་ལྷག་པ་མ་ཡིན་པ་དང། མི་བརྐམ་པ་དང། ཚེལ་བཉུད་པ་དང། དགད་སླ་བ་དང། གསོ་སླ་བ ་དང། ཆོག་ཤེས་པ་དང། བསམ་གཏན་དང་ཀློག་པ་ལ་མི་གནོད་པའོ། །ཆོས་གོས་གསུམ་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཆོས་གོས་གསུམ་པ་ལས་ལྷག་པ་ཚོལ་བ་དང་འཛིན་པ་དང་འབད་པ་ལ་མི་སྦྲོ་བ་དང། ཡོངས་སུ་བསྲུང་བལ་སྤྲོ་བ་མེད་པ ་དང། ཡོ་བྱད་ཉུང་བ་ཉིད་དང། ལུས་དགབ་པ་ཙམ་གྱི་གོས་ཀྱི་ཆོག་ཤེས་པ་དང། ཡོ་བྱང་བསྙུངས་པས་འཚོ་བ་དང། ལྡང་པ་ཡང་བ་ཉིད་དང། ལུས་ཡང་བ་ཉིད་དང། དགོན་པར་གནས་པ་ལ་རྗེས་སུ་མཐུན ་པར་འགྱུར་བ་དང། གང་ཡང་རུང་བར་གནས་པ་དང། ལྟོས་པ་མེད་པས་རྣལ་འབྱོར་གྱི་རྗེས་སུ་མཐུན་པར་འཇུག་པའོ། །ཕྱིད་པ་བ་ཉིད་ལ་ཡོན་ཏན་བཅུ་སྟེ། ཆོས་གོས་རྩུབ་པར་བགོ་བ་དང། ཚོལ་བ་ཉུང་བ་དང། གང་ཡང་རུང་བར ་གནས་པ་དང། འཁྲུ་པ་ན་གནོད་པ་ཉུང་བ་དང། ཁ་བསྒྱུར་བ་ན་གནོད་པ་ཉུང་བ་དང། སྲོག་ཆགས་ཉུང་བ་དང། ཡུན་རིང་པོ་ན་མཛད་པ་དང། ཆོས་གོས་གཞན་མི་འཛིན་པ་དང། རྣལ་འབྱོར་བརྩོན་པ་ལ་གེགས་མེད་པའོ། །གཞི ་ཇི་བཞིན་པ་ཉིད་ལ་ཡོན་ཏན་བཅུ་སྟེ། གཙུག་ལག་ཁད་གི་ལོངས་སྤྱོད་མཆོག་ལ་མངོན་པར་མི་བརྩོན་པ་དང། མལ་སྟན་མཆོག་འཛིན་པ་དང། ལོངས་སྤྱོད་པ་ལ་མི་སྟོན་པ་དང། རྒན་པོ་རྣམས་ལ་གནོད་པ་མེད་པ་དང། གཞོན་ནུ་རྣམས ་ལ་ཁྲོ་བར་བྱེད་པ་མེད་པ་དང། དོན་ཉུང་བ་དང། བྱ་བ་ཉུང་བ་དང། ཇི་ལྟར་ཐོབ་པ་བཞིན་ཡོངས་སུ་ལོངས་སྤྱོད་པ་ཉིད་དང། དགོས་པ་ཉུང་བ་ལ་ཆགས་པ་ཆུང་བ་དང། རྩོད་པའི་གཞི་མི་ལྡང་བ་ཉིད་དང། གཞན་གྱི་ལོངས་སྤྱོད་ལ་འདོད ་པ་མེད་པའོ། །ཤིང་དྲུང་པ་ཉིད་ལ་ཡོན་ཏན་བཅུ་སྟེ། གནས་གཙུག་ལག་ཁང་ཡོངས་སུ་ཚལ་བ་མེད་པ་དང། མལ་སྟན་ཡོངས་སུ་ཚོལ་བ་མེད་པ་དང། རབ་ཏུ་འཛིན་པ་ལ་མི་འབང་པ་དང། ལོངས་སྤྱོད་ལ་མི་འབད་པ་དང། དེའི་ཚད་ཀྱི ་རྒྱུ་མཚན་མི་བྱེད་པ་དང། རྩོད་པའི་གཞི་མི་བྱེད་པ་དང། གནས་རྗེས་སུ་མཐུན་པར་འགྱུར་བ་དང། ཉུང་བ་དང་རྙེད་སླ་བ་དང། ཁ་ན་མ་ཐོ་བ་མེད་པས་དགའ་བ་དང། སྦྱོར་བའི་རྗེས་སུ་མཐུན་པར་གནས་པ་དང། མ་འདྲེས་པར་གནས་པ་ཉིད་དོ། །དུར ་ཁྲོད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། མི་རྟག་པའི་འདུ་ཤེས་ཉེ་བར་འཇོག་པ་དང། འཆི་བའི་འདུ་ཤེས་ཉེ་བར་འཇོག་པར་བྱ། མི་གཙང་བའི་འདུ་ཤེས་ཉེ་བར་འཇོག་པར་བྱ། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་འཇོག ་པ་དང། མཛའ་བོ་ཐམས་ཅད་མེད་པར་འབྱུང་བ་དང་བྲལ་བའི་འདུ་ཤེས་ཉེ་བར་འཇོག་པ་དང། སྙིང་རྗེའི་འདུ་ཤེས་ཉེ་བར་འཇོག་པ་དང། རྒོད་པ་སྤོང་བ་དང། སྐྱོ་བ་དང། འཇིགས་པ་སྟོང་བའོ། །བླ་གབ་མེད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། ཤིང་དྲུད ་འཚོལ་བ་མེད་པ་དང། རྩོད་པའི་གཞི་མེད་པ་དང། འགྲོ་བ་ན་ལྟོས་པ་མེད་པ་དང། ཁེངས་པ་ཆུང་བ་དང། གྲང་བ་དང། དྲོ་བ་དང། ཤ་སྦྲད་དང་སྦྲད་བུ་དང་རླུང་དང་ཉི་མ་དང་སྡིག་སྦྲུལ་དག་ལ་བཟོད་པ་དང། དགྲའི་ཚེར་མ་མེད་པ་དང ་གཞན་ལ་གནོད་པ་མི་བྱེད་པ་དང། རང་ལ་གནོད་པ་མི་འཐོབ་པ་དང། འདྲེས་པ་མེད་པ་ཉིད་དོ། །དགོན་པ་བ་ཉིད་ལ་ཡོན་ཏན་བཅུ་སྟེ། འདྲིས་པ་མེད་པའི་ཕྱིར་རེས་འགའ་རྒྱུབ་རྣམས་འདུལ་བ་ལ་མཁས་པ་དང། དབང་པོ་དུལ་བ་ཉིད་དང། ཐོས ་པ་མང་བ་ཉིད་དང། སྟོབས་ཆེ་བ་ཉིད་དང། བདག་ཏུ་འཛིན་པ་དང། འཇིགས་པ་དང་བྲལ་བ་ཉིད་དང། རི་དགས་དང་འདྲ་བ་ཉིད་དང། ལུས་རིང་དུ་གནས་པ་ཉིད་དང། དབེན་པ་ལ་དགའ་བ་དང་འདྲེས་པ་མེད་པའོ། །བསོད་སྙོམས་པ་ཉིད་ལ་ཡོན་ཏན་བཅུ ་སྟེ། སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་དང། གཞན་ལ་གནོད་པ་མེད་པ་ཉིད་དང། ཆོག་ཤེས་པ་དང། ཡང་དག་པར་བགོ་བཤའ་བྱེད་བ་དང། ལྷག་པར་མ་ཆགས་པ་དང། ཚོང་ཤེས་པ་ཉིད་དང། དགེ་བའི་ཕྱོགས་ལ་མངོན་པར་ཆགས་པ་དང ་དགེ་བསྡུད་པ་ཉིད་དང། ཟས་ལ་མི་བརྐམ་པ་དང། འགྱོད་པ་མེད་པར་འགྱུར་རོ། །སྔོན་གྱི་སངས་རྒྱས་རྣམས་ཀྱི་བསོད་སྙོམས་པ་དག་སྟེ་བསྡུས་བའི་ཕྱིར་རོ། །ཆོས་འདི་དག་ལ་གནས་བས་བདག་ལ་བསྟོང་པར་མི་འགྱུར་བར་བྱ། གཞན་ལ་སྨོད་པར་མི་འགྱུར་བར་བྱ་ཚུལ་ཁྲིམས་ལ་བརྩོན་པར་བྱེད ་དང། ཡང་དག་པར་བླངས་པ་བརྟན་པ་དང། ཇི་ལྟར་ཐོས་པའི་ཆོས་སྒྲུབ་པར་འགྱུར་བར་བྱ། བདག་གི་བ་མེད་པ་དང། ང་རྒྱལ་བ་མེད་པ་དང། མ་ཆགས་པ་དང། མི་བརྐམ་པ་དང། དྲན་པ་ཉེ་བར་བཞག་པ་ཉིད ་དང། ཉོན་མོངས་བ་ཐམས་ཅད་དུག་དང་སྦྲུལ་བཞིན་དུ་སྤང་བ་དང། མ་འདྲེས་པ་ཉིད་དང། སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་དགེ་སློང་དང་དགེ་སློང་མ་དང་མུ་སྟེགས་པ་སྤང་བར་འགྱུར་བར་བྱ་དེ་ལ་ཡོན་ཏན་དུ་བལྟ་བར་འགྱུར ་བར་བྱ། སྤྱོད་ཚུལ་བཅོ་བརྒྱད་ཀྱི་ཚོགས་ལ་སུན་འབྱིན་པ་ཅན་དུ་མི་འགྱུར་བར་བྱ། ཐེག་པ་ཆེན་པོ་དང་སྦྱངས་པའི་ཡན་ལག་ལ་ཤིན་ཏུ་བསྔགས་པ་རྗོད་པར་འགྱུར་བར་བྱའོ། །དགེ་སློང་གིས་གང་ལ་འཇུག་པར་མི་བྱ་བ་དང་འདྲིས་པར་མི་བྱ་བ། ་སྤྱོད་ཡུལ་མ་ཡིན་པ་ལ་དགོངས་པ་བསྟན་པ། རྣལ་འབྱོར་བའི་སྦྱོད་བ་ཉན་ཐོས་ཀྱིས་ལས་ཀྱང། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ནི་ལྔའོ། །ལྔ་པོ་གང་ཞེ་ན། འདི་ལྟ་སྟེ། བཤན་པ་དང། སྨད་འཚོང་མ་དང། ཆང་འཚོང་མའི་ཁྱིམ་དང། ་རྒྱལ་པོའི་ཁྱིམ་དང། ལྔ་པ་གདོལ་པའི་ཁྱི་མོ་ཞེས་གསུངས་སོ། །འདུལ་བ་ཕྲན་ཚེགས་ལས་ཀྱང། སྤྱོད་ཡུལ་མ་ཡིན་པ་ལྔ་སྟེ། སྨད་འཚོད་མ་དང། ཡུགས་ས་མོ་དང། གོ་རྒས་མ་དང། ཟ་མ་དང། སྡིག་པའི་དགེ་སློང་མའོ་ཞེས་གསུངས་པ ་དང། ཡང་འདུལ་བ་དེ་ཉིད་ལས་དང་ཆེས་རྒན་ཡང་ཆོས་མ་ཡིན་པར་སྨྲ་བ་ལ་ཕྱག་མི་བྱའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། གཞན་དུ་ན་གནས་གང་ན། བྱི་ཟ་བ་འམ། བ་དྲུས་མའམ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས ་པ་རང་བཞིན་གྱིས་ངང་ཚུལ་ངན་པའི་སྲོག་ཆགས་སམ། བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་བུ་མོ་ཀྱལ་ཀ་བྱ་བའི་བསམ་པ་ཅན་དག་ཡོད་པའམ། སྨད་པའི་གནས་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ་ཞེས་གསུངས་སོ། །བྱང་ཆུབ་ཀུན་ཏུ་རྒྱུའི་མདོ ་ལས་ཀྱང། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བས་ཁྱིམ་ཡན་ལག་དགུ་དང་ལྡན་པར་འགྲོ་བར་མི་བྱའོ། །ཡན་ལག་དགུ་པ་གང་དང་ལྡན་པ་ཡིན་ཞེ་ན། མཐོང་ནས་དོ་འཇལ?་བ་དང། སྟན་འདོར་དུ་འཇུག་པ་དང། དེའི་སྨྲ་བ་ལ་མ་དང་པ་དང། དེ་ལ་མ་གུས ་པ་ཉེ་བར་འཇོག་པ་དང། ཁྱིམ་ནས་འབྱུང་བ་ན་ཁྱི་གཏུམ་པོ་རྒྱབ་ནས་རྨུགས་པ་ཡོད་པ་དང། གང་ན་སྒོ་སྲུང་སྡིག་པ་ཅན་ཡོད་པ་དང། ཁྱིམ་གྱི་ཁྱིམ་བདག་ཀྱང་དེ་ལ་དད་པ་དང་བྲལ་བར་གྱུར་པ་དང། གང་ན་བུད་མེད་དང་ཚུལ་ངན་པ་དེད ་སྡིག་པའི་ཆོས་ཅན་དང་འཇུངས་པ་དང། བརྒྱད་པར་བྱེད་པ་ཡོད་པ་དང། ཁྱིམ་གང་ན་གཡོགས་རང་དབང་ཅན་ཡོང་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ཁྱིམ་ཡན་ལག་དགུ་དང་ལྡན་པར་རབ་ཏུ་བྱུང་བས་འགྲོ་བར་མི་བྱའོ་ཞེས་གསུངས་སོ། །དཀོན་མཆོག ་སྤྲིན་གྱི་མདོ་ལས་ཀྱང། ཇི་ལྟར་བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞན་ཅིང་གནས་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གྲོད ་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དག་ན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་ན། གནས་གང་ན་ཚུལ་དང་མི་འདྲ་ཞིང་ཡོངས་སུ་སྤང་བར་བྱ་བ་རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པ་དེ་དག་ཡོངས་སུ ་སྤོང་དོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་ཆད་འཚོད་གི་ཁྱིམ་མམ། སྨད་འཚོང་མའི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་ངམ། རྒྱལ་པོའི་གནས་སམ། ར་རོ་བའི་འཁོར་གྱི་ཚོགས་སམ། གར་མཁན་ནམ་གླུ་གར་གི་གནས་དང་དེ་མ་ཡིན ་པའི་གནས་གཞན་ཡང་རུང་སྟེ། རབ་ཏུ་བྱུང་བའི་ཚུལ་དང་མི་འདྲ་བ་དེ་དག་ཡོངས་སུ་སྤོང་ཞིང་དེ་དག་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར ་དང་རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ་ཞེས་གསུངས་སོ། །དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང། །ཕྱི་དུས་ཤིན་ཏུ་འཇིགས་པ་ལ། །ཞུམ་པ་མེད་ཅིང་མི་འཇིགས་པར ་མདོ་སྡེ་འདི་ནི་བསྟན་པ་ཡང། །བྱང་ཆུབ་སེམས་དཔའ་གང་འདོད་པ། །ཆོ་ག་སྦྱོད་ཡུལ་བསྲུང་བྱ་ཞིང། །འདུ་འཛི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང། །འདྲེས་བྱེད་རྟག་ཏུ་སྤང་བར་བྱ། །རྒྱལ་པོའི་ཞབས་འབྲིང་གང་ཡིན་དང། །གདོལ? ་པ་དང་ནི་ཟོལ་པ་དང། །མུ་སྟེགས་ཅན་ནི་དེ་དག་དང། །རྣམ་པ་ཀུན་ཏུ་འདྲིས་མི་བྱ། །དགེ་སློང་འདུལ་དང་ལུང་གནས་པ། །དགྲ་བཅོམ་སྙམ་དུ་སེམས་བྱེད་ཅིང། །ང་རྒྱལ་ཅན་རྣམས་བསྙེན་མི་བྱ། །ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང། །རྒོད ་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྤང། །མི་བརྟན་པར་ནི་མངོན་པ་ཡི། །དགེ་བསྙེན་རྣམས་ཀྱང་སྤང་བར་བྱ། །དགེ་བསྙེན་མ་གང་ཚེ་འདི་ལ། །བདེ་བ་ཡང་དག་ཚོལ་བྱེད་པ། །དེ་དག་དང་ནི་འདྲིས་བྱེད་སྤང། །འདི་ནི་ཆོག ་ཡིན་ཞེས་བྱ། །གང་ཞིག་དེ་ཡི་ཐད་འོངས་ནས། །བྱང་ཆུབ་མཆོག་ཕྱིར་ཆོས་འདྲིན། །གནས་པ་མེད་ཅིང་མི་ཞན་པར། །དཔའ་བོ་རྟག་ཏུ་དེ་ལ་ཤོད། །བུད་མེད་མ་ནིང་སེམས་ཅན་གང། །དེ་དང་འདྲིས་བྱེད་རྣམ་པར་སྤང། །ཁྱིམ་རྣམས་སུ་ནི་དམའ ་མ་དང། །གཞོན་ནུ་མ་རྣམས་རྣམ་པར་སྤང། །བདེ་ལ་རེག་པར་འདྲི་བ་ཡིས། །དེ་ལ་ནམ་དཱུང་དགའ་མི་བྱེད། །ཕག་འཚོང་བ་དང་བཤན་པ་དང། །འདྲིས་པར་བྱེད་པ་རྣམ་པར་སྤང། །གང་དག་སྲོག་ཆགས་རྣམ་མང་དག་།ལོངས་སྤྱོད་ཕྱིར་ནི ་གསོད་པ་དང། །བཤའ་སར་ཤ་རྣམས་འཆོད་བྱེད་པ། །དེ་དང་འདྲིས་བྱེད་རྣམ་པར་སྤང། །གང་དག་བུད་མེད་གསོ་བྱེད་པ། །གར་མཁན་གྱད་དང་སིལ་ཁྲོལ་བ། །གང་གཞན་དེ་དང་འདྲ་བ་ཡང། །དེ་དག་རྣམས་དང་འདྲིས་བྱེད་སྤང། །སྨད་འཚོང་གཙོ་མོ ་བསྟེན་མི་བྱ། །ཇི་སྙེད་ལོངས་སྤྱོད་འཚོ་བ་གཞན། །ཤིན་ཏུ་དགའ་བ་དེ་དག་ཀྱང། །རྣམ་པ་ཀུན་ཏུ་ཡོངས་སུ་སྤང། །མཁས་པས་བུད་མེད་རྣམས་ལ་ཡང། །གང་གི་དུས་ན་ཆོས་འཆང་པ། །དེར་ནི་གཅིག་བུ་མི་འགྲོ་སྟེ། །རྒོད་ཅིང་འདུག་པར་མི་བྱའོ། །གང ་ཚེ་ཟས་ཕྱིར་ཡང་ནས་ཡང། །གྲོང་དུ་འཇུག་པར་བྱེད་པ་ན། དགེ་སློང་གཉིས་པ་བཙལ་བར་བྱ། །ཡང་ན་སངས་རྒྱས་དྲན་པར་བྱ། གང་གི་ཤེས་རབ་ལྡན་པ་དག་།མདོ་སྡེ་འདི་འདྲ་འཛིན་ནེ་པ་ཡིས། །ཆོ་ག་དང་ནི་སྤྱོད་ཡུལ་དག་།ཐོག་མར་ངས་བཤད ་འདི་ཡིན་ནོ། །གང་ཚེ་འདུས་བྱས་འདས་མ་བྱས། །ཡང་དག་ཡང་དག་མ་ཡིན་དང། །རབ་འབྲིང་ཐ་མའི་ཆོས་རྣམས་ལ། །རྣམ་པ་ཀུན་ཏུ་སྦྱོད་པ་མེད། །བརྟན་པ་བུད་མེད་ཅེས་མི་སྤྱོད། །སྐྱེས་པ་ཞེས་ཀྱང་མི་རྟག་སྟེ། །ཆོས་སོ་ཅོག་ནི་མ་སྐྱེས་ཤིང ་བཙལ་བར་བྱས་ཀྱང་མི་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ཆོ་གར་རྣམ་པ་ཀུན་ཏུ་བསྟན་ཞེས་གསུངས་སོ། །དམ་པའི་ཆོས་དྲན་བ་ཉེ་བར་གཞག་པ་ལས་ཀྱང། འདི་ལྟ་སྟེ་བརྟན་པ་དང། བརྩོན་པ་དང། རབ་ཏུ་ཞི་བ་དང། བླ་མ་ལ ་བསྙེན་བཀུར་བ་དང། སྡིག་པའི་གྲོགས་པོ་སྤང་བ་དང། སངས་རྒྱས་ཀྱི་གསུང་ལ་གོམས་པ་དང། ཚུལ་བཞིན་ཡིད་ལ་བྱེད་པ་ལ་གོམས་པ་དང། ཁེངས་པ་སྤངས་པ་དང། ལས་རྒྱུ་འབྲས་ལ་དད་པ་སྐྱེད་པ་དང། སྔོན་གྱི་འདོད་པ་མི་དྲན ་པ་དང། བུད་མེད་ལ་ལྟ་བ་སྤང་བ་དང། གཉེན་བཤེས་བལྟ་བའི་དོན་དུ་ཤིན་ཏུ་མི་རྒྱུ་བ་དང། ཡུལ་ཐམས་ཅད་ལ་རྒྱུག་པ་དང། འཆི་བ་དང་འཆི་འཕོ་དང་སྐྱེ་བ་ལ་འཇིགས་པས་དེ་ལྟར་གྲོང་དུ་འཇུག་པར་བྱའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི ་མདོ་ལས་ཀྱང། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཐོས་པ་ཉུང་དུས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པ་‘དང། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་བཀུར ་སྟི་དང་ཚིགས་སུ་བཅད་པ་འདོད་པ་དང། དབང་པོ་རྣམས་ཀྱི་སྒོ་མ་སྲུངས་པར་བུད་མེད་ལ་ལྟ་བ་དང། མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ ་ཉེ་བར་གཞག་པའི་མདོ་ལས་ཀྱང། ལེ་ལོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚུལ་ཆོས་ཅན་རྣམས་དང་འགྲོགས་པར་མི་བྱའོ། །ཞིམ་ལྟོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚོང་པ་དང་ལྷན་ཅིག་འདྲི་སྨེད་ཀྱང་མི་བྱའོ། །ཟོལ་གྱིས་འཚོར? ་རྣམས་དང་མ་ཡིན། རང་བཞིན་གྱི་དྲི་མ་ཅན་དང་མ་ཡིན། ལྟ་བ་ལོག་པ་ཅན་དང་མ་ཡིན། འགྱུར་བག་ཅན་དང་མ་ཡིན། ང་རྒྱལ་ཅན་དང་མ་ཡིན། ཁེངས་པ་དང་མ་ཡིན། ལྟུང་བར་གྱུར་ནས་ལངས་པ་དང་མ་ཡིན། རྒྱན་པོས་ཚོ་བ་དང་མ ་ཡིན། ཆང་ཁང་པ་དང་མ་ཡིན། ཆང་འཚོང་མ་དང་མ་ཡིན། འཐབ་ཀྲོལ་ཅན་དང་མ་ཡིན། བུད་མེད་ལ་དང་ཆེ་བ་དང་མ་ཡིན། ཟོང་ཚོང་གི་ཉེ་བར་འཚོ་བ་དང་མ་ཡིན། སྡང་མིག་ཅན་དང་མ་ཡིན། སྐྱེད་བུ་བྱ་མ་རྟ་དང་མ་ཡིན། བྱ་བ་དང་མ་ཡིན ་སྤྲོས་པ་ཅན་རྣམས་དང་མ་ཡིན། མུ་སྟེགས་ཅན་ཞུགས་པ་དང་མ་ཡིན། སྐྱེ་བོ་ཐམས་ཅད་དང་ཞེ་འགྲས་པ་རྣམས་དང་མ་ཡིན་ཏེ། ལྷན་ཅིག་ཏུ་འགྲོགས་པ་དང་ངག་བརྗོད་པའམ་ལམ་དུ་འགྲོགས་པ་ཡང་དགེ་སློང་གིས་མི་བྱའོ་ཞེས་གསུངས་སོ། ། ་སྡིག་པའི་གྲོགས་པོ་སྤང་བ་ལ་དགོངས་པ་བསྟན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། རབ་འབྱོར་གཞན་ཡང་གང་ཞིག་དེ་ལ་བདུད་ཀྱི་ལས་ཉེ་བར་མི་སྟོན་པ་དང། བདུད་ཀྱི་སྐྱོན་ཉེ་པར་མི་སྟོན་པ་ནི། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྡིག་པོའི་གྲོགས་པོའོ། །བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས་འདི་སྐད་དུ། ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཅི་ཞིག?་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཅི?་ཞིག་བྱ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་རྣམ་པར་འབྱེད་པ་སྟེ། ་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆེས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིགས་པར་བྱའོ། །ལྟ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང། ཆོ་ག་ཉམས་པའི་གང་ཟག ་རྣམ་པར་སྤངས་པ་དང། འཚེ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ་དང། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང། ཆོ་ག་ཉམས་པའི་གང་ཟག ་རྣམ་པར་སྤངས་པ་དང། འཚེ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ་དང། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་བ་དང། བྱང ་ཆུབ་ལ་རྒྱབ་ཀྱི་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང། ཁྱིམ་པ་དང་བསྟེན་པ་རྣམ་པར་སྤངས་པ་དང། ཉོན་མོངས་པ་ཐམས་ཅད་རྣམ་པར་སྤངས་པས་ན། སྡིག་པའི་གྲོགས་པོ་རྣམ་པར་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས ་པའི་དེས་གནས་འདི་དག་རྣམ་པར་སྤོང་བའི་ཚེ། གང་ཟག་དེ་དག་ལ་ཞེ་སྡང་བའི་སེམས་བསྐྱེད་པར་མི་བྱའོ། །ཁོང་ཁྲོ་བའི་སེམས་དང་བརྙས་པའི་སེམས་བསྐྱེད་པར་མི་བྱའོ། །དེས་འདི་ལྟར་བཅོམ་ལྡན་འདས་ཀྱང་སེམས་ཅན་རྣམས་ཀྱི་ཁམས་སོ་སོ་བསྟེན ་ཏེ། བསྟེན་པར་གྱུར་ནས། ཆུད་ཟ་བར་འགྱུར་རོ་ཞེས་བཀའ་སྩལ་གྱིས། དེ་བས་ན་བདག་གིས་བསྟེན་པ་ཡོངས་སུ་སྤང་བར་སེམས་ཉེ་བར་གཞག་པར་བྱའོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སྤངས་བ ་རྣམས་ཡིན་ནོ་ཞེས་གསུང་སོ། །ཚུལ་ཁྲིམས་འཆལ་པ་ཚར་བཅད་པའི་མདོ་ལས་ཀྱང། ཤཱ་རིའི་བུ་དཔེར་ན་ས་ལས་བྱས་པའི་གནོད་སར་པ་ཞིག་ཡོད་ལ། དེས་སྐྱེས་པ་གང་ཞིག་གིས་ངན་སྒྱུགས་བླུགས་ནས། དེ་ཕོ་དེ ་ཙན་དན་དམར་པོས་སླར་བཀང་ནས། ཙན་དན་དམར་པོ་དེ་ཡང་ཕོ་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ས་ལས་བྱས་པའི་སྣོད་སར་པ་དེ་ལ་འདི་ལྟར་ཙན་ངན་གྱི་དྲིའམ། འོན་ཏེ་ངན་སྒྱུགས་ཀྱི་དྲི་འམ། དྲིའི་རང་བ་ཞིན་གང་གི་མཐུ་ཡོད་པར ་བར་འགྱུར། བཅོམ་ལྡན་འདས་དོག་པའི་སྣོད་དེ་ངན་སྐྱུགས་ཀྱི་དྲི་གང་ལགས་པ་དེ་ཁོ་ནས། ཐོག་མར་བསྒོས་པས་དྲི་དིའི་རང་བཞིན་ཁོ་ནར་འགྱུར་ལགས་ཏེ། འདི་ལྟ་སྟེ་ངན་སྐྱུགས་ཀྱི་དྲི་ལགས་སོ། །ཙན་དན་གྱི་དྲི་ནི་མ་ལགས་ཏེ། དེས་ནི་ལྡན? ་དམར་པོ་བགྱི་བ་དང་སྒྲུབ་པ་རྔོ་མི་ཐོགས་ལགས་སོ། །ཤཱ་རིའི་བུ་དེ་བཞིན་དུ་འདི་ན་སེམས་ཅན་ཁ་ཅིག་དབང་པོ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་སྟེ། དགེ་བའི་ཆོས་རྣམས་དང་ལྡན་ཞིང། དེ་དང་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། དེ་དག་ཁྱིམ ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སྡིག་པའི་གྲོགས་པོའི་ལག་ཏུ་འདོད་པ་དང། དབང་དུ་འདོད་པ་དང། ཉེ་བར་འདོད་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་གྲོགས་པོ་ཞེས་བྱ་བ་དེ་དག་གང་ཞེ་ན། ཤཱ་རིའི་བུ་སྡིག་པའི་གྲོགས་པོ་ནི་འདི་ལྟ་སྟེ། རྒོང་པ་དང། ་ཕོ་ཐེག་ཆེ་བ་དང། མི་བརྟན་པ་དང། མུ་ཅོང་སྨྲ་པ་དང། ཐུགས་ཐུབ་ཅན་དང། ཚིག་ཟློས་བུ་ཅན་དང། བརྩོན་འགྲུས་ཞེན་པ་དང། བརྗེད་ངེས་པ་དང། སེམས་མཉམ་པར་མ་བཞག་པ་དང། སེམས་འཁྲུགས་པ་དང་མཛེས་པ་མ་ཡིན་པ་དང། ་ཤས་བཞིན་མ་ཡིན་པ་དང། ཤེས་རབ་འཆལ་བ་དང། ལུག་ལྟར་ལྐུག་པ་དང། ཕལ་བའི་དབང་པོ་ཅན་གྱི་དགེ་སློང་རྣམས་ཡིན་ནོ། །དེ་དག་དགེ་སློང་དེ་ལྟ་བུ་དག་ལ་ཉེ་བར་བརྟན་ཅིང་བཀུར་སྟི་དང། བསྙེན་བཀུར་བྱེད་ན། རྒྱུན་ཏུ་ཞུགས་པའི་འབྲས ་བུ་ཡས་ཡོངས་སུ་ཉམས་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཐ་ན་མཐོ་རི་སུ་སྐྱེ་བ་ལས་ཀྱང་ཉམས་པར་འགྱུར་རོ། །ཆོས་ཀྱི་ཕོངས་པར ་འགྱུར་པའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །ཆོས་ཀྱིས་ཕོངས་པར་འགྱུར་བ་དང་ལྡན་པ་དག་དང་ལྷན་ཅིག་གནས་པ་དང། ཀུན་ཏུ་གཞོལ་བར་འགྱུར་རོ། །ཡོངས་སུ་མ་དག་པའི་ལུས་ཀྱི་ལས་དང་ལྡན་པར་འགྱུར་རོ། །ཡོངས་སུ་མ་དག་བའི་ངག་གི ་ལས་དང། ཡིད་ཀྱི་ལས་དང་ལྡན་པར་འགྱུར་རོ། །དགེ་སློང་འཚོ་བ་ཡོངས་སུ་མདག་པ་དེ་ལྟ་བུ་དག་ལ་བརྟེན་ཅིང་བཀུར་སྟི་དང་བསྙེན་བཀུར་བྱས་ནས་ལུས་ཞིག་པ་ལས་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་རོ། །ངན་འགྲོ་ཞེས་བྱ་བ་གང་ཞེ་ན། ་ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་དང། ཡི་དགས་ཀྱི་ཡུལ་དང། ལྷ་མ་ཡིན་པའི་རིས། །ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་རྙེད་དགུ་ཟ་ཞེས་བྱ་བ་ཡོད་པ་དང། ཤཱ་རིའི་བུ་སོག་ཆག ་ཀྱི་རིགས་མཆུས་རྐོ་ཞེས་བྱ་བ་ཞིག་ཡོད་པ་དང། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་ཁབ་ཀྱི་ཁ་ཞེས་པ་ཞིག་ཡོད་པ་དང། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་ས་བརྩོགས་ཞེས་བྱ་བ་ཞིག་ཡོད་པ་དང། དེར་སྡིག་པའི་གྲོགས་པོ་སྐྱེས་བུ་བླུན་པོ་དེ་དག ་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་གྲོགས་པོ་དེ་དག་གི་ལག་ཏུ་སོང་བ་དང། དབང་དུ་སོང་བ་དང། ཉེ་བར་སོང་བ་གང་ཡིན་པ་དེ་དག་ཀྱང་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་ནི་གང་ཞེ་ན། ཤཱ་རིའི ་བུ་ངན་འགྲོ་ཞེས་བྱ་བ་ནི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་དང། ཡི་དགས་ཀྱི་ཡུལ་དང། ལྷ་མ་ཡིན་གྱི་རིས་སོ། །གལ་ཏེ་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། མི་རྣམས་སུ་སྐར་སྐྱེ་བར་འགྱུར། དེ་དག་ནི་རྣམས་སུ ་སླར་སྐྱེས་ནས་མ་དང་འབྲལ་བར་འགྱུར་ཞིང་ཕ་དང་ཡང་འབྲལ་བ་དང། སྤུན་དང་ཡང་འབྲལ་བ་དང། སྲིང་མོ་དང་ཡང་འབྲལ་བ་དང། བུ་དང་ཡང་འབྲལ་བ་དང། བུ་མོ་དང་ཡང་འབྲལ་བ་དང། བྲན་གཡོག་དང་ཡང ་འབྲལ་པ་དང། གྲོགས་པོ་དང་འབྲལ་བ་དང། ཉེ་དུ་དང་ཡང་འབྲལ་བ་དང། ནད་ཀྱིས་ཀྱང་ཉམ་ཐག་པ་དང། ལོངས་སྤྱོད་དང་ཡང་འབྲལ་བ་དང། ཡུལ་དང་ཡང་འབྲལ་བ་དང། ཡུལ་ཕྱོགས་དང་ཡང་འབྲེལ་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དང ་ལྡན་པར་འགྱུར་རོ། །དལ་བ་ཕུན་སུམ་ཚོགས་པ་དང་ཡང་འབྲལ་བར་འགྱུར་རོ། །འདོད་ཆགས་བདོ་བ་དང། ཞེ་སྡང་བདོ་བ་དང། གཏི་མུག་བདོ་བར་འགྱུར་རོ། །རྒོད་པ་དང་པོ་ཐེག་ཆེ་བ་དང། མི་བརྟན་པ་དང། མུ་ཅེར་སྨྲ་བ་དང། ཐུགས་ཐུབ་ཅན་དང། ་ཚིག་ཟློས་བུ་ཅན་དང། ལེ་ལོ་ཅན་དང་བརྩོན་འགྲུས་ཞན་པ་དང། མ་བསྡམས་པ་དང། ཤེས་བཞིན་མ་ཡིན་པ་དང། མཉམ་པར་མ་གཞག་པ་དང། རྗེད་ངས་པ་དང། ཤེས་རབ་འཚལ་པ་དང། ལུག་ལྟར་ཀླུགས་པ་དང། སེམས་འཁྲུགས ་པ་དང་ཕལ་པའི་དབང་པོ་ཅན་རྣམས་སུ་འགྱུར་རོ། །འདོད་ཆགས་ཀྱིས་ཀྱང་བཅོམ་པར་འགྱུར་ཏེ། ཞེ་སྡང་གིས་བཅོམ་པ་དང། གཏི་མུག་གིས་བཅོམ་པ་དང། ང་རྒྱལ་གྱིས་བཅོམ་པར་ཡང་འགྱུར་རོ། །ལོང་བ་དང། ཞར་བ་དང། སྒུར་པོ་དང། འགྲམ་པ ་ཞོམ་པ་དང། འོན་པ་དང། རྣ་བ་ཡ་གཅིག་འོན་པ་དང། ལྷག་པར་འོན་པ་དང། རྐྱེན་གྱིས་འོན་པ་དང། གླེན་པ་དང། དིག་པ་དང། ལུག་ལྟར་ལྐུགས་པ་རྣམས་སུ་འགྱུར་རོ་ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། དགེ་འདུན་གྱི་དབྱེན་བརྗོད ་པར་བྱ་སྟེ། གང་ཞིག་བསླབ་པའི་གནས་མངོན་པར་བཅོམ་ནས། སངས་རྒྱས་ཀྱིས་བཅས་པའི་བསླབ་པའི་གནས་ལ་སྨོད་པ་དེ་ནི་དགེ་འདུན་གྱི་དབྱེན་ཞེས་བྱའོ། །དགེ་འདུན་ནི་ཡང་དག་པར་སྒྲོགས་པ་ལས་བརྗོད་དེ། གང་གིས་ཚུལ་ཁྲིམས་དང་ལྡན་པ་དེ་དག་། ་སྨིན་པར་འགྱུར་བ་དེ། དེ་དག་གིས་ཡང་དག་པར་སྒྲོགས་པར་འགྱུར་རོ། །ཡང་དག་པར་མི་སྒྲོགས་པ་སུ་ཞིག་ཡིན་ཞེ་ན། གང་དག་ལྟུང་བ་དང་ལྟུང་བ་མ་ཡིན་པ་མི་ཤེས?་པའོ། །ང་ནི་དགེ་སློང་དུ་གནས་སྙམ་དུ་བདག་ཉིད་ལ་སེམས་དེ་དག་མགོ་བཅད་པར? ་འགྱུར་ཞིང། ཡང་དག་པར་རྗེས་སུ་ལྟ་བར་མི་འགྱུར་རོ། །དེ་ནས་གང་གི་ཚེ་མང་དུ་ཐོས་པ་མཉེས་པར་བྱེད་པ་དེའི་ཚེ། འདུལ་བ་ལ་མཁས་པ་ཡོངས་སུ་ངས་བ་དག་གིས་བདག་ཉིད་མགོ་བཅད་གནས་པར་ཡང་དག་པར་ཤེས་པར་འགྱུར་རོ། །དེ་དག་དབེན་པའི་གནས་སུ ་སོང་ནས་ཀྱེ་མ་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་སློབ་དཔོན་ངན་པ་དང་??་བན?་པོ་ངན་པ་དག་གིས་བདག་བསླུས་པ་འདི་ནི་ངོ་མཚར་ཏེ། །ཀྱེ་མའོ་ཆོས་ཀྱི་རྒྱལ་པོའི་བསྟན་པ་འདི་ནི་ངོ་མཚར་ཏོག། །གང་དུ་འདོམས་པར་འགྱུར། སུ་ཞིག་སྨྲ་བར་འགྱུར། སུ་ཞིག་མཉེས ་པར་བྱ། བདག་ནི་དེང་འཆི་བར་འགྱུར་རོ། །རྣམ་པར་འཇིགས་པ་དང། འཇིགས་པ་དང། བདག་ནི་དེང་དཔུང་གཉེན་མེད་པར་འགྱུར། གང་དུ་སོང་ཞིང་གནས་ནས་མྱ་ངན་ཀྱི་ཟུག་དུ་འབྱིན་པར་འགྱུར་པ། ཕྱོགས་གང་ཞིག་ཏུ་རྒྱུག་པར་བྱ་ཞེས་བདག་ཉིད་ལ ་བཤུགས་པར་བྱེད་དོ། །ཀྱེ་མའོ་ཤིན་ཏུ་གསལ་པར་གསུངས་པའི་སངས་རྒྱས་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་འདོད་ཆགས་དང་བྲལ་བའི་ཆོས་འདི་ནི་ངོ་མཚར་ཏོ། །ཀྱེ་མའོ་དགེ་འདུན་གྱི་ལེགས་པར་རབ་ཏུ་བརྗོད་པའི་ནི་ངོ་མཚར་ཏོ། །དེང་བདག་ནི་ཚུལ་ཁྲིམས་ལས ་རབ་ཏུ་ཉམས་སོ། །ཏིང་ངེ་འཛིན་ལས། ཤེས་རབ་དང། རྣམ་པར་གྲོལ་བ་དང། དེང་བདག་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་ཉམས་སོ། །ངན་སོང་དུ་འགྲོ་བ་ལ་ཕྱོགས་པར་འགྱུར་རོ། །བདེ་འགྲོའི་འགྲོ་བ་བཀག་བཞིན་དུ་འཆི་བར་འགྱུར་རོ། །བདག་གིས ་ཆུ་བོ་བརྒལ་བར་མི་འགྱུར་རོ། །མི་སྙན་པའི་སྒྲ་ཐོས་པར་འགྱུར་རོ། །སེམས་ཅན་དམྱལ་བར་རབ་ཏུ་ལྟུང་བར་འགྱུར་རོ། །ལུས་ཀུན་ནས་འབར་བར་འགྱུར་རོ། །དམྱལ་བའི་བསྲུངས་མས་གཟིར་བར་འགྱུར་བཞིན་དུ་ཕྱོགས་གང་དུ་རྒྱུག་པར་འགྱུར། སུ་ཞིག་གིས་མི ་འཇིགས་པ་སྟེར་བར་འགྱུར། གང་དག་གིས་དང་པས་བྱིན་པ་ཡོངས་སུ་ལོངས་སྤྱད་པར་གྱུར་པ། དེ་དག་ལག་ན་དབྱུག་པ་ཐོགས་ཏེ། མདུན་ན་ཉེ་བར་གནས་པར་འགྱུར་རོ། །སུ་ཞིག་སྦྱན་པར་བྱ། འོན་ཏེ་དམྱལ་བའི་སྲུང ་མ་དག་ལ་འམ། འོན་ཏེ་ཁྱི་དག་ལ་འམ། འོན་ཏེ་ལྕགས་ཀྱི་མཆུ་ཅན་གྱི་བྱ་རོག་དག་ལ་འམ། ཡང་ན་སློངས་མོ་པ་དག་ལའང་རུང་སྟེ་སུ་ཞིག་ལ་བསྐྱབ་པར་བྱ། འོན་རྟོ་བྲོས་པར་བྱ། བདག་ནི་མི་བར་བའི་ཕྱོགས་སུ་འགྲོ་བར་འགྱུར་རོ། །ཞེས་དེ་སྐད་དུ་ཚིག ་སྨྲ་བར་འགྱུར་རོ། །དགེ་སློང་དགོན་པ་པ་དག་མཐོང་ནས་འདི་སྐད་དུ། ཀྱེ་མའོ་འཕགས་པ་འདི་ནི་བདེ་བའོ། །གང་གི་ཕྱིར་དགེ་སློང་དགོན་པ་དང་ཤིན་ཏུ་དགོན་པ་དག་ཏུ་ལྟེས་པ་མེད་པར་གནས་པ། སེམས་ཀྱི་ནད་མེད་པ། ལུས་ཀྱི་སྡུག་བསྔལ་དང་སེམས ་ཀྱི་སྡུག་བསྔལ་མེད་པའོ། །བདག་ཅག་ནི་དེང་ཕུན་སུམ་ཚོགས་པ་མེད་པ་བདག་ཅག་ནི་དེང་བསོད་ནམས་མེད་པ་གང་བདག་ཅག་ནི་སངས་རྒྱས་ཀྱི་ཆེད་དུ་རབ་ཏུ་བྱུང་ནས་ཁྱིམ་པ་རྣམས་དང་ལྷན་ཅིག་མཉམ་པའི་ལོངས་སྤྱོད་ཙམ་གྱིས་འཚོ་བའོ། །ཚུལ ་ཁྲིམས་འཆལ་པའི་གང་ཟག་བརྟེན་པ་དག་གིས་དགེ་སྦྱོང་གི་ཆོས་ལ་ངོ་ཚ་བར་འགྱུར་དུ་འོང་ངོ་ཞེས་སྨྲ་པར་འགྱུར་རོ། །གལ་ཏེ་ཡང་བདག་ཅག་ཚུལ་ཁྲིམས་དང་ལྡན་པ་ལ་བརྟེན་པ་ན། དེའི་ཚེ་སྨད་པར་འགྱུར་དུའོང། ངོ་ཚ་བར་འགྱུར་དུ་འོང། དགེ་སློང་དེས ་བདག་ལྟ་བར་འགྱུར་དུ་འོང། དེའི་ཚེ་མཐོང་བ་ཙམ་དང་ལྷན་ཅིག་འདི་ནི་སུའི་ཡིན། གང་ནས་ཡིན། སུ་ཞིག་ཡིན། འོན་ཏེ་ཚུལ་ཁྲིམས་དང་ལྡན་པ་ཞིག་གམ། འོན་ཏེ་ཚུལ་ཁྲིམས་འཆལ་པ་ཡིན་ཞེས། བདག་ཅག་ལ་ངེས་པར་རྟོག་པར་འགྱུར ་དུ་འོང་ངོ། །ཞུམ་པ་དང། ཡོངས་སུ་ཞུམ་པ་དང། རྣམ་པར་ཞུམ་པ་དང། སྡུག་བསྔལ་བར་འགྱུར། མདུན་ན་མི་དགའ་བར་འགྱུར། ཁ་ཕྱིར་ཕྱོགས་ཏེ་ལྡོག་པར་འགྱུར་དུ་འོང་ངོ། །དཔེར་ན་འུག་པ་ནི་ཉི་མ་ཤར་པའི་ཚེ་ཚད་ནས་ཁ་གདངས་ཏེ། མཚན་མོ ་དེར་བྱ་རོག་དག་མཐོང་ནས་བདག་ཅག་མཐོང་དམ་མི་མཐོང་སྙམ་དུ་ཕྱོགས་བཞིར་རྗེས་སུ་ལྟ་བར་བྱེད། གཞན་ན་རོ་ཆེན་པོ་གང་དག་ཡོད་པ་དེ་དག་མཐོང་ནས་དེར་འགྲོ་བར་འགྱུར་ཏེ། འདི་ལྟར་དེ་ལས་མཚན་མོ་འགྲོ་བ་དང་འོང་པ་དང་རྟོག་པ་རང?་འགྱུར་རོ ་སྙམ་མོ། བློ་གྲོས་མེད་པ་དེས་ཚད་རྙེད་པར་མི་འགྱུར་རོ། །བྱ་རོག་དང་འཁོར་ལོས་བརྒྱན་པ་དག་ཀྱང་དེའི་རྗེས་སུ་འཕུར་བར་བྱེད་ཅིང་རྗེས་སུ་འགྲོ་བར་འགྱུར། །དེ་འཇིགས་པས་དེ་མ་ཐག་ཏུ་མུན་པ་འཚོལ?་ཞིང་།ཀུན་ཏུ་ལྟ་བར་འགྱུར་རོ། །དེ་འཇིགས་ཏེ་བྱ་རོག་གི་ཚོགས ་ལ་ལྟ་བར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་དག་ཀྱང་འུག་པ་འདྲ་བར་བརྗོད་དོ། །གང་གིས་ཚེ་གང་དུ་དགེ་སློང་འདུས་པ་དང་གསོ་སྦྱོང་གི་ལས་དང་ཆོས་ཉོན་པའི་ལས་དང་སྒྲོག་པའི་ལས་བྱེད་པ་དེའི་ཚེ། ཁ་ཅིག་བདག་ལ་རྟོག་པར ་འགྱུར་བདག་ལ་སྨྲ་བར་འགྱུར་རོ་སྙམ་དུ་ཚུལ་ཁྲིམས་འཆལ་པ་འཇིགས་པར་འགྱུར། སྐྲག་པར་འགྱུར། དགེ་སློང་གི་དབུས་སུ་སོང་བ་དེ་དགེ་སློང་གི་དགེ་འདུན་གྱིས་རིག་ནས། གཞན་གྱིས་ཀྱང་ལོ་མི་འདྲི་ཞིང་བདག་ཉིད་ཀྱང་མི་སྨྲའོ། །ངོ་མི་ལྟ་ཞིང་སེམས ་ས་ཕྱོགས་ལ་གཏད་ཏེ་འདུག་པར་འགྱུར། འདི་དག་སྨྲ་བ་ན་བདག་གིས་ཅི་ཞིག་སྨྲ་བར་བྱ། ཇི་ལྟར་བྱ་སྙམ་དུ་སེམས་པར་འགྱུར། དགེ་སློང་གི་དགེ་འདུན་ལངས་པའི་ཚེ་བདག་འགྲོ་བ་ན་ཁ་ཅིག་འགའ་ཞིག་སྨྲ་བར་འགྱུར་སྙམ་ནས་ཕྱི་ནས་འགྲོ་བར ་འགྱུར་རོ། །འདི་ལྟར་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་དེའི་ཚེ་ཁྱིམ་ནས་མཐོན་འུག་པ་ཚང་ནས་འབྱུང་བ་བཞིན་དུ་ཕྱོགས་བཞིར་ལྟ་བར་བྱེད་དོ། །གལ་ཏེ་དགེ་སློང་དེས་པ་བདག་གིས་མཐོང་བ་ལས་འདི་སྐད་དུ། དགེ་སློང་འདི་ནི་འདི་སྐད་དུ་སྨྲ་པ་ལས་ན། ་ཚེ་དང་ལྡན་པ་དག་དེ་ལ་ཡིད་བརྟན་པར་མ་བྱེད་ཅི་གཅེས་སྨྲ་བར་འགྱུར་རོ། །དགེ་སློང་གི་དགེ་འདུན་མཐུན་པར་ཤེས་པ་དག་།གང་འདི་ན་འདུག་པ་འདི་ལྟ་བུ་སུ་ཞག་དེ་ལ་རྗེས་སུ་ལྟ་བར་འགྱུར། གལ་ཏེ་དགེ་སློང་རྣམས་ཀྱིས་གཅས་པ་ན་དེ་མཐག་ཏུ། གང་ན་རྩོད ་པ་སྨྲ་བ་མེད་པའི་ལམ་གོལ་བ་ཉིད་བསྟེན་པར་འགྱུར་ཏེ། ཀུན་དགའ་བོ་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣ་པ་དེ་ལྟ་བུ་ནི་འུག་པ་དང་འདྲ་བར་བརྗོད་དོ། །གསད་པའི་ཕྱིར་གཏད་པ་ལྟ་བུ་སྟེ། དེ་ཅིའི་ཕྱིར་ཞེ་ན། དཔེར ་ན་གསོད་པར་གཏད་པ་དང་ངས་པར་གཏད་པ་ནི་ཟས་ཀྱི་ཐ་མ་ཟ་བ་ཡིན། བཏུང་བའི་ཐ་མ་འཐུང་པ་ཡིན། བཏུང་བའི་ཐ་མ་འཆིང་བ་ཡིན། ཚིག་གི་ཐ་མ་སྨྲ་བར་བྱེད་པ་ཡིན། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཇི་ལྟ་ཇི་ལྟར་དད་པས ་བྱིན་པ་ཟ་བ། དེ་ལྟ་དེ་ལྟར་མིའི་ཟས་ཐ་མ་ཟ་བ་ཡིན། སངས་རྒྱས་མཐོང་བ་ཐ་མ་ཡིན་ཏེ། ཆོས་ཐོས་པ་ཐ་མ་ཡིན། འཕགས་པའི་དགེ་འདུན་མཐོང་བ་ཐ་མ་ཡིན། མིར་སྐྱེ་བའི་གནས་ཐ་མ་ཡིན་ནོ། །དེ་ནས་ལུས་ཞིག་པ་ན་མནར་མེད་པར་ལྟུང ་བར་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ན། ཁྱོད་མོས་པར་བྱ། ཁྱོད་ཁོང་དུ་ཆུད་པར་བྱའོ། །བྱ་བ་འདི་དང་ལྡན་པའི་དགེ་སློང་གྲོལ་བར་མི་འགྱུར་རོ། །ཀུན་དགའ་བོ་ཟས་ནི་རབ་ཏུ་བྱུང་བར་འགྱུར་བའི་དམྱལ་བ་འཐོབ་པར་བྱེད་པར་འགྱུར་རོ་ཞེས་གསུངས ་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཀྱང། ལྟོས་ཤིག་སྡིག་པའི་གྲོགས་ཀྱིས་ཚིག་གིས་ནི། དེ་ཚེ་མ་རུངས་རྒྱལ་པོ་འཆི་དུས་བྱས། །ཆོས་སྨྲ་དག་ལ་ཁྲོ་བ་བྱས་བས་ན། །དེར་ནི་ཚ་རབས་དྲུག་ཅུར ་མནར་མེད་སོང། །རྒྱལ་རིགས་རྒྱལ་པོ་གང་ཞིག་རྦད་པ་ཡིས། །དགེ་སློང་དམིགས་ལྟ་མང་པོ་དེ་དག་ཀྱང། །ཚེ་རབས་བྱེ་བ་བརྒྱ་ཕྲག་བསམ་ཡས་སུ། །སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཅེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ ་ལས་ཀྱང། དེ་ལ་ཀློང་འཁོར་དང། སྲིན་བུ་ལྔ་གང་ཞེ་ན། མ་རིག་པའི་ཀློང་འཁོར་དང། གཉིད་དང་རྨུགས་པའི་ཀློང་འཁོར་དང། འཁོར་བའི་ཀློང་འཁོར་དང། མི་ཤེས་པའི་ཀློང་འཁོར་དང། སྲིད་པའི་སློང་འཁོར་ཏེ། འདི་དག་ནི་གློང་འཁོར་ལྔའོ། ། ་དེ་ལ་གཅིག་གི་གློང་འཁོར་ཆེན་པོ་སྟེ། གང་གི་ཁམས་གསུམ་དུ་ཡོངས་སུ་སྐོར་བར་བྱེད་པ་དང། ཁམས་གསུམ་ལས་ལྡོག་པར་མི་འགྱུར་བའོ། །དེ་ལ་ཀློང་འཁོར་ལྔ་པོ་དེ་དག་ན་སྲིན་བུ་ལྔ་གང་ཞེ་ན། སྡིག་པའི་གྲོགས་པོའི་སྲིན་པ་དང། མི་ཁམ ་པར་སྐྱེ་བའི་སྲིན་བུ་དང། བུད་མེད་བསྟེན་པའི་སྲིན་པོ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྲིན་པོ་དང། བདག་ཏུ་ཤེས་པའི་སྲིན་པོ་སྟེ། འདི་དག་ནི་སྲིན་པོ་ལྔའོ། །དེ་ལ་སྲིན་པ་དེ་དག་ལས་གང་ཞིག་བུད་མེད་བསྟན་པ་འདི་ནི་གཟོ་བོ་ཀློང ་འཁོར་གྱི་སྲིན་པོ་ཡིན་ཏེ། འདི་དག་ནི་གློང་འཁོར་དང་སྲིན་པོ་ལྔའོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང། སྡིག་པའི་འགྲོགས་པོ་ཐང་ཅིག་ཀྱང་བསྟེན་པར་མི་འགྱུར། ཚིག་གི་མདོངས་གསོལ་བར་མི་བྱེད། དེ་དང ་ལྷན་ཅིག་ལམ་དུ་འང་འགོར་བར་མི་བྱེད་དེ། གང་གི་ཕྱིར་གང་འདི་ལྟ་སྟེ་སྡིག་པའི་གྲོགས་པོ་དང་འགྲོགས་པ་འམ། དེ་བསྐྱང་བ་འམ། དེ་དང་ལྷན་ཅིག་འགྲོ་བ་དང་འོག་དང་བྱེད་པ་འམ། དེའི་གྲིབ་ནལ་རེག་པ་འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ ་གཅོད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པའི་གྲོགས་པོ་ལམ་ཀའི་ཤིང་ལྟར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གནས་སུ་གྱུར་པའོ་ཞེས་གསུངས་སོ། །དགེ་བའི་བཤེས་གཉེན་ལ་དགོངས་པ་བསྟན་པ། བུ་མོ་ཡོན་ཏན་གྱི་བརྒྱན ་པ་མངོན་པར་ཤེས་པ་རྒྱས་པའི་ལེའུ་ཡི་མདོ་ལས་ཀྱང། དེ་སྐད་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་བུ་མོ་ཡིན་ཏན་གྱིས་བརྒྱན་པ་མངོན་པར་ཤེས་པ་རྒྱས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས ་གཉེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་གང་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉིན་ནི་ལྷ་དང་བཅས་པའི་འཇིག་རྟེན་དང། བདུད་དང་བཅས་པའི་འཇིག་རྟག་དང། ཚེངས་པ་དང་བཅས་པའི་འཇིག་རྟེན་དང། དགེ ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་དགུ་ལ་ངས་མ་མཐོང་སྟེ། མང་དུ་ཐོས་པའི་བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་བྱང་ཆུབ་སེམས་དཔའ་ཨི་ས་ལས་ཀྱང། དེ་ལ་རྣམ་པ་དུ་དང ་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བའི་བཤེས་གཉེན་ཉིད་དོན་ཡོད་པ་ཡིན། རྣམ་པ་དུ་ཞིག་དང་ལྡན་ན་དགེ་བའི་བཤེས་གཉེན་དད་པའི་གཞིའི་གནས་ལ་གནས་པ་ཡིན། བྱང་ཆུབ ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་དུ་གྱུར་པའི་འདུལ་བ་རྣམས་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་དུ་ཡོད། འདུ་ཤེས་རྣམ་པ་དུས་ནི་བྱང་ཆུབ་སེམས ་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་དང། གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ལ་ནི་ཡིད་ལ་མི་བྱེད་པར་བྱ་ཞེ་ན། དེ་ལ་རྣམ་པ་བརྒྱད་དང་ལྡན་ན། བྱང ་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་གནས་ཤིང་མ་ཉམས་པ་དང། སྐྱོན་མེད་པར་བྱེད་པས་ཚུལ་ལ་གནས་པ་ཡིན། བློ་མ ་བྱང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྡོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་ཞི་གནས་དང་ལྷག་མཐོང་ཐོས་བས་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་པས་སྙིང་བརྩེ་བ་ཅན་ཡིན་ཏེ། དེ་ཚེ་འདི་ལ་རང་གི་བདེ་བར་གནས ་པ་ཡལ་བར་བོར་ནས། གཞན་དག་གི་དོན་ལ་སྦྱོར་བ་ཡིན། དེ་གཞན་དག་ལ་ཆོས་སྟོན་པ་ན་བག་ཚ་བའི་འཇིགས་པས་དྲན་པ་དང་སྦོབས་པ་དང་ཉམས་པ་མིང་པས་འཇིགས་པ་མེད་པ་ཡིན་ནོ། གཞན་དག་གིས་བརྙས་པ་རྣམས་དང། འཕྱ་བ་དང། བསྟིང་བ ་དང་ངན་དུ་བརྗོད་པ་དང། ངན་དུ་སྨྲ་བ་ལ་སོགས་པ་མི་སྙན་པའི་ཚིག་གི་ལམ་རྣམས་དང། སེམས་ཅན་གྱི་ལོག་བར་ཞུགས་པ་རྣམ་པ་སྣ་ཚོགས་བཟོད་པ་ཡིན། འཁོར་བཞི་པོ་དག་ལ་ཆོས་བསྟན་པ་ན། སྟོབས་དང་ལྡན་ཞིང་ངལ་བ་མེད་པས་ཡིད་ཡོངས་སུ ་མི་སྐྱོ་བ་ཡིན། ཚིག་ཆོས་ཉིད་ལས་མི་ཉམས་ཤིང་གསལ་ལ་ཚིག་གི་བྱ་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོད་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པ་ནི། རྣམ་པ་ལྔས ་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན་དག་ལ་ཕན་པ་དང་བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། དེ་ལ་བློ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། ཐབས ་གང་དང་ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་དེ་ལ་ནུས་ཤིང་མཐུ་ཡོད་པ་དང། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ཐ་མ་དང། འབྲིང་དང་ཁྱད་པར་དུ་འཕགས་པ་ཐམས་ཅད་ལ་ཕྱོགས་འཛིན་པ་མེད་དེ། སྙིང་རྗེ་སྙོམས ་པ་ཡིན་ནོ། །དེ་ལ་དགེ་བའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དད་པའི་གཞི་ལ་གནས་པ་ཡིན་ཏེ། གང་གིས་ཕྱིར་གཏམ་ཐོས་པས་ཀྱང་དེ་ལ་གཞན་དག་ཤིན་ཏུ་དང་བར་བྱེད་ན། མངོན་སུམ་དུ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱོད་ལམ་རབ་ཏུ ་ཞི་བ་དང། སྤྱོད་ལམ་དང་ལྡན་པ་དང། ཡན་ལག་དང་ཉིད་ལག་ཐམས་ཅད་མི་འགྱུར་བས་སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཛའ་རྒྱུ་བ་ལ་རྒོད་པ་མེད་ཅིང་འགྱུར་བ་མེད་པས་བརྟེན་པ་ཡིན། གཞན་དག་ལ ་ཚུལ་འཆོས་པ་མེད་པའི་ཕྱིར་སོ་སོར་བརྟགས་ནས་སྤྱོད་ལམ་དང་བསྟན་པ་ལྟར་མི་འཆས་པས་ཚུལ་འཆོས་པ་མེད་པ་ཡིན། གཞན་དག་གི་ཆོས་ཀྱི་གཏམ་མམ། རྙེད་པ་དང་བཀུར་སྟི་ལས་བརྩམས་ཏེ། ཕྲག་དོག་སྐྱེད་པར་མི་བྱེད་ཀྱི་གཞན་དག་གིས ་ཆོས་ཀྱི་གཏམ་བྱ་བར་བདག་ལ་གསོལ་བ་བཏབ་པ་དང། བཀུར་སྟི་རྒྱ་ཆེན་པོ་རྙེད་ན་ཡང་གཡོ་བ་མེད་ཅིང་དགའ་བའི་སེམས་ཀྱིས་གཞན་ལ་གསོལ་བ་འདེབས་སུ་འཇུག་ལ། ཆོས་ཀྱི་གཏམ་དེ་དང་རྙེད་པ་དང་བཀུར་སྟི་དེ ་ཡང་གཞན་དག་ལ་སྟོབས་པར་བྱེད་དེ། ཇི་ལྟར་བདག་གི་རྙེད་པ་དང་བཀུར་སྟིས་མགུ་བར་འགྱུར་བ་དེ་བཞིན་དུ་གཞན་གྱི་རྙེད་པ་དང། གཞན་གྱི་བཀུར་སྟིས་ཆེས་ཤིན་ཏུ་མགུ་བར་འགྱུར་བས་ཕྲག་དོག་མེད་པ་ཡིན། སྣོད་སྤྱད་བསྙུངས་ཤིང་ཡོ་བྱེད ་བསྙུངས་ལ། འཚོག་ཆས་རྙེད་དོ་ཅོག་ཐམས་ཅད་ཡོངས་སུ་གཏོང་བས་ཡོ་བྱད་བསྙུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གྱུར་པ་དེ་ནི་རྣམ་པ་ལྔས་འདུལ་བ་གཞན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་དེ། གླེང་བར ་བྱེད་པ་ཡིན། དྲན་པར་བྱེད་པ་ཡིན། འདོམས་པར་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན་ཏེ། ཚིག་དེ་དག་གིས་རྒྱས་པར་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱིས་ལས་རིག་པར་བྱའོ། །གདམས་དག་དང་རྗེས་སུ་བསྟན་པ་ནི་དེ་བས་ཀྱང་ལྷག་པར་འདི་ལྟ ་སྟེ། སྟོབས་ཀྱེ་རིགས་ཀྱི་ལའུ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། དུས་དུས་སུ་ནད་གཡོག་བྱེད་ཅིང། ཐ་མལ་པའི་གཡོག་བྱེད་ཅིང། བྱམས་པ་དང ་གུས་པ་དང། དགའ་བ་དང་ལྡན་པ་དང། དུས་དུས་སུ་གུས་པར་སྨྲ་བ་དང། ཕྱག་བྱ་བ་དང། མངོན་དུ་ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པར་བྱ་བ་དང། མཆོད་པར་བྱ་བ་དང། ཆོས་དང་མཐུན་པའི་གོས་དང། ཟས་དང། མལ་ཆ་དང་སྟན ་དང། ན་བའི་གསོས་སྨན་དང། ཡོ་བྱད་སྦྱིན་པས་མཆོད་པ་དང། གནས་བཅས་ནས་ཡང་དག་པར་གཟུད་པ་དང། རྣམ་པར་གཟུང་པས་ཆོས་དང་མཐུན་པའི་དོན་རྣམས་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆག? ་པ་དང། དུས་ཤེས་པར་བྱ་བའི་བསམ་པས་དྲུང་དུ་འགྲོ་བ་དང། བསྙེན་བཀུར་བྱེད་པ་དང་འདྲི་བ་དང་ཉན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་ན། འདུ་ཤེས་རྣམ་པ་ལྔས་ཆོས་ཉན་པར་བྱ་སྟེ ་དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང། ལྷན་ཅིག་སྐྱེས་པའི་ཤེས་རབ་རྒྱ་ཆེན་པོ་འཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་མིག་གིས་འདུ་ཤེས་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མིག་ཐོབ་ནས་ཀྱང་ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་བའི་འདུ་ཤེས་དང། མྱ་ངན་ལས་འདས་པ་དང་རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གོ་འཕང་འཐོབ་པའི་རྒྱུའི་དངོས་པོའི་དོན་གྱི་འབྲས་བུ་དང་ཕན་ཡོན་ཆེ་བའི་འདུ་ཤེས་དང། ཚེ་འདི་ལ་མྱ ་ངན་ལས་འདས་པ་དང་རྫོགས་པའི་བྱང་ཆུབ་ཀྱི་ཆོས་མ་ཐོབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཞི་གནས་དང། ལྷག་མཐོང་གི་དགའ་བ་ཆེན་པོ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དངོས་པོའི་དོན་གྱིས་དགའ་བ་ཁ་ན་མ་ཐོ་བ་མེད་པའི་འདུ ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པ་དང། གང་ཟག་ཆོས་སྨྲ་བ་དེ་ལ་གནས་ལྔར་ཡིད་ལ་བྱེད་པ་མི་བྱ་བར་རྣ་བླགས་ཏེ། དང་བའི་ཡིད་ཀྱིས་ཆོས་མཉན་པར་བྱའོ། །ཚུལ་ཁྲིམས་ཉམས་པ་ཡིད་ལ་བྱེད ་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་གནས་པ་མ་ཡིན་གྱི། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །རིགས་དམའ་བ་ལ་ཡང་ཡིད་ལ་བྱེད་བར་མི་བྱ་སྟེ། འདི་ལྟར་འདི་ནི་རིགས ་དམའ་བ་ཡིན་གྱི། བདག་གི་འདི་ལས་མཉན་པར་མི་བྱའོ། །བྱད་ངན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་དེ་ནི་བྱད་ངན་གྱིས། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །ཚིག་འབྲུ་ངན་པ་ལ་ཡང ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་ལེགས་པར་སྦྱར་བ་མ་ཡིན་གྱིས། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱ་བ་སྟེ། དོན་ལ་སྟོན་པར་བྱའི་ཚིག་འབྲུལ་སྟོན་པར ་མི་བྱའོ། །སྙན་པ་མེད་པ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་དེ་ནི་ཚིག་རྩུབ་ཅིང་ཁྲལ་སྙན་པར་ཆོས་སྨྲ་བ་ཡང་མ་ཡིན་གྱིས། བདག་གིས་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །གནས་ལྔ་བོ་འདི ་དག་ལ་ཡིད་ལ་བྱེད་པར་མི་བྱ་བར་བྱང་ཆུབ་སེམས་དཔའ་གུས་པ་དང་བཅས་པས་དམ་པའི་ཆོས་གཟུང་བར་བྱ་སྟེ། ཆོས་ནི་ནམས་ཀྱང་གང་ཟག་གི་སྐྱོན་གྱིས་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་རྟུལ ་པོ་གང་ཟག་གི་སྐྱོན་རྣམས་ལ་སེམས་སྡང་ཞིང་ཆོས་ཉན་པར་མི་འདོད་པ་དེ་ནི་བདག་ཉིད་ཁོ་ན་ལ་གནོད་ཅིང་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བར་ཞུགས་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །སྡོང་པོ་བཀོད་པའི་མདོ་ལས་ཀྱང། ་རིགས་ཀྱི་བུ་དགེ་པའི་བཤེས་གཉེན་ནི་སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་ལ་རྣམ་པར་སྦྱོང་བའོ། །དགེ་བའི་བཤེས་གཉེན་ནི་སྡགི་ཏོ་ལས་རྣམ་པར་ཟློག་པའོ། །ད་གེ་བའི་བཤེས་གཉེན་ཉིད་ནི་མི་བྱ་བ་རྣམས་ཁོང་དུ་ཆུད་པར་བྱེད་པའོ ་བག་མེད་པའི་གནས་ལས་ཡང་དག་པར་ཟློག་བའོ། །མ་རིག་པའི་མུན་པ་རྣམ་པར་སེལ་བའོ། །ལྟ་བའི་འཆིང་བ་འཐུང་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །འཇིག་རྟེན་གྱི་གནས་འདོར་བར་བྱེད་པའོ། །བདུད་ཀྱི་ཞགས་པ་ལས་ཐར ་པར་བྱེད་པའོ། །སྡུག་བསྔལ་གྱི་ཟུག་རྡུ་འབྱིན་པའོ། །མི་ཤེས་པའི་ཐིབས་པོ་ལས་ཐར་བར་བྱེད་པའོ། །ལྟ་བའི་མྱ་ངན་ལས་ཡོངས་སུ་ཟློག་པའོ། །སྲིད་པའི་ཆུ་བོ་ལས་སྒྲོལ་བའོ། །འདོད་པའི་འདམ་ནས་འབྱིན་པའོ། །ལམ་མི་བདེ་བ་ན་རྣམ་བར་ཟློག ་པའོ། བྱང་ཆུབ་སེམས་དཔའ་ཨི་ལམ་ཡང་དག་པར་སྟོན་པའོ། །བྱང་ཆུབ་སེམས་དཔའ་ཨི་ཡི་དམ་ལ་གཞོག་པའོ། །ནན་ཏན་ལ་རབ་ཏུ་དགོད་པའོ། །ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བའི་ཕྱོགས་རབ་ཏུ་སྟོན་པའོ། །ཤེས་རབ་ཀྱི་མིག་རྣམ་པར་སྦྱོད་པའོ། །བྱང ་ཆུབ་ཀྱི་སེམས་རྣམ་པར་འཕེལ་བར་བྱེད་པའོ། །སྙིང་རྗེ་ཆེན་པོ་ཡང་དག་པར་སྐྱེད་པའོ། །སྤྱོད་པ་ཡོངས་སུ་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པའི་གདམས་ངག་རབ་ཏུ་སྟོན་པའོ། །ས་ལ་རབ་ཏུ་འགོད་པའོ། །བཟོད་པ་རྣམ་པར་འབྱེད་པའོ། །དགེ་བའི་རྩ་བ་ཐམས ་ཅད་ཡོངས་སུ་འགྲུབ་པར་བྱེད་པའོ། །ཚོགས་ཐམས་ཅད་སྐྱེད་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐམས་ཅད་སྟོབས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་བྱེད་པའོ། ཡོན་ཏན་ཐམས་ཅད་ཡོངས་སུ་སྟོན་པའོ། །དོན ་ཐམས་ཅད་ཡང་དག་པར་ལེན་དུ་འཇུག་པའོ། །ནན་ཏན་ལ་གཟེངས་བསྟོད་པའོ། །འབྱུང་བའི་སྒོ་སྟོན་པའོ། །ལམ་གོལ་བ་ལས་ཡོངས་སུ་བསྲུང་བའོ། ། ཆོས་སྣང་བའི་སྒོ་སྣང་པར་བྱེད་པའོ། །ཆོས་ཀྱི་སྒོ་མངོན་པར་རླན་པར་བྱེད་པའོ། །ཆོས་ཐོས ་པར་བྱ་བའི་སྦྲིན་གྱི་ཆར་འབེབས་པའོ། །ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ། །ལྟ་བའི་རྣམ་པ་ཐམས་ཅད་ལས་རྣམ་པར་བཟློག་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །འདི་ལྟར་ཡང་རིགས་ཀྱི་བུ་དགེ་བའི་བཤེས་གཉེན ་ནི་སངས་རྒྱས་ཀྱི་རིགས་བསྐྱེད་པས་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ན་ཕན་ཡོན་རྒྱ་ཆེན་པོ་སྒྲུབ་པས་ཕ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་བསྲུང་བས་མ་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའ་ཨི་སླབས་པ ་ཁོང་དུ་ཆུད་པར་བྱེད་པས་སློབ་དཔོན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཛུད་པས་ལམ་མཁན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཉོན་མོངས་པའི་ནད་ལས་ཐར་བར་བྱེད་པས་སྨན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཡེ་ཤེས ་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་ཀྱི་རི་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཇིགས་པ་ཐམས་ཅད་ལས་བསྲུང་བས་དཔའ་བོ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་པོ་ཆེན་པོ་ལས་སྒྲོལ་བས་མཉན་པ ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་སྐྱེ་བ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱེད་པ་རྒྱུན་མི་འཆད་པས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་བསྙེན་པར་གྱིས་ཤིག ་ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དད་མི་བྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྐུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང། ་དག་ཐམས་ཅད་མི་གཅོག་པས་སློབ་མ་ལྟ་བུའི་སེམས་དང། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨད་པས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང། ཉོན་མོངས་པ་ཐམས་ཅ་ཀྱིས་མི་སྐྱོ་བའི་ཕྱིར་མ་མ་ལྟ་བུའི་སེམས་དང། བྱ་བ་ཅོག་ལ་མཐུན་པར ་གཟུང་བས་གཡོག་ལྟ་བུའི་སེམས་དང། ང་རྒྱལ་དང་མཐོ་བའི་ང་རྒྱལ་སྤང་བས་ཕྱག་དར་བ་ལྟ་བུའི་སེམས་དང། དུས་དང་དུས་མ་ཡིན་པར་མཐོ་དམན་དུ་འགྱུར་བས་ཟླ་བ་ཉ་བ་ལྟ་བུའི་སེམས་དང། མི་བསྲུན་པ་ཐམས་ཅད་རྣམ་པར་སྤང་བས་རྟ་ཅང་ཤེས་ལྟ ་བུའི་སེམས་དང། ཁུར་ལྕི་བ་བཀུར་བས་ཐེག་པ་ལྟ་བུའི་སེམས་དང། དུལ་བ་དང་ཅང་ཤེས་ཀྱི་བསམ་པས་གླང་པོ་ལྟ་བུའི་སེམས་དང། མི་འགུལ་མི་བསྐྱོད་བས་རི་ལྟ་བུའི་སེམས་དང། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང། རློམ་པ་དང་ང་རྒྱལ་མེད་པས ་གདོལ་བ་ལྟ་བུའི་སེམས་དང། དྲེགས་པ་ཐམས་ཅད་མེད་པས་རྭ་བཅད་པའི་ཁྱུ་མཆོག་ལྟ་བུའི་སེམས་དང། རློམ་སེམས་མེད་པས་མཆན་བུ་བ་ལྟ་བུའི་སེམས་དང། འགྲོ་ཞིང་འོང་བས་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང། དགེ་བའི་བཤེས་གཉེན་གྱི་དག་གི ་མཐར་ཕྱིན་པར་བྱེད་པས་ཟམ་པ་ལྟ་བུའི་སེམས་དང། དགེ་བའི་བཤེས་གཉེན་གྱི་དོར་བལྟ་བས་བུ་འཛངས་པ་ལྟ་བུའི་སེམས་དང། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འདའ་བར་བྱ་པས། རྒྱལ་པོ་གཞོན་ནུ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན ་བཀུར་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར ་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་འགྲོན་བུའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ལམ་མཚོན་པའི་འདུ་ཤེས་དང། གདམས་ངག་ལ་ནི་ལམ་གྱི་འདུ་ཤེས་དང། ནན་ཏན་ལ་ནི་ཕྱོགས་བདེ་བར་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། ། ་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཕ་རོལ་ཏུ་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་མཉན་པའི་འདུ་ཤེས་དང། གདམས་ངག་ལ་ནི་ཆར་བའི་འདུ་ཤེས་དང། ནན་ཏན་ལ་ནི་ལོ་ཏོག་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་དབུལ ་བདག་ལ་ནི་ཞིང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཀླུའི་དབང་པོའི་འདུ་ཤེས་དང། གདམས་ངག་ལ་ནི་ཆར་བའི་འདུ་ཤེས་དང། ནན་ཏན་ལ་ནི་ལོ་ཏོག་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་དབུལ ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ངལ་སོ་བའི་འདུ་ཤེས་དང། གདམས་པ་ལ་ནི་ནོར་དང་དོན་གྱི་འདུ་ཤེས་དང། ནན་ཏན་ལ་ནི་དཔུལ་བ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་སློབ་མའི་འདུ་ཤེས ་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སློབ་དཔོན་གྱི་འདུ་ཤེས་བསྐྱེད་པ་དང། གདམས་ངག་ལ་ནི་བཟོའི་འདུ་ཤེས་དང། ནན་ཏན་ལ་ནི་བཟོ་ཁོང་དུ་ཆུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འཇིགས་པའི་འདུ་ཤེས ་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང། གདམས་ངག་ལ་ནི་མཚོན་ཆའི་འདུ་ཤེས་དང། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་ཚོང་པའི་འདུ ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྐྱ་བའི་འཛིན་པའི་འདུ་ཤེས་བསྐྱེད་པ་དང། གདམས་ངག་ལ་ནི་རིན་པོ་ཆེའི་འདུ་ཤེས་དང། ནན་ཏན་ལ་ནི་རིན་པོ་ཆེ་སྡུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་བུ་དམ ་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཕ་མའི་འདུ་ཤེས་དང། རྗེས་སུ་བསྟན་པ་ལ་ནི་རིགས་ཀྱི་ཚུལ་གྱི་འདུ་ཤེས་དང། ནན་ཏན་ལ་ནི་ཚུལ་མ་ཉམས་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་རྒྱལ་པོ་གཞོན་ནུའི ་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཆོས་ཀྱི་རྒྱལ་པོ་དང། བློན་པོ་དམ་པའི་འདུ་ཤེས་དང། གདམས་ངག་ལ་ནི་རྒྱལ་པོའི་ཁྲིམས་ཀྱི་འདུ་ཤེས་དང། ནན་ཏན་ལ་ནི་ཡེ་ཤེས་ཀྱི་རྒྱལ་པོའི་ཅོད་པན་དང། རྒྱན་དང་ཆོས ་ཀྱི་ཐབས་མགོ་ལ་འཆིང་བ་དང། ཆོས་ཀྱི་རྒྱལ་པའི་གྲོད་ཁྱོར་ལ་རྣམ་པར་ལྟ་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟ་བུའི་འདུ་ཤེས་ཡིད་ལ་བྱ་བ་ཡོངས་སུ་བསྒོམས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་ཉེ་བར་བསྙེན་པར ་གྱིས་ཤིག་ཅེས་གསུངས་སོ། །བྱང་ཆུབ་ཀུན་ཏུ་རྒྱུའི་མདོ་ལས་ཀྱང། རྒྱལ་པོ་ཆེན་པོ་གནས་བཅུ་ཡིས། །གྲོགས་པོས་བཤེས་པ་ལ་རྗེས་སུ་བརྩ་བ་དང། དོན་འདོད་པ་དང། ཕན་པ་འདོད་པ་དང། བདེ་བ་འདོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དེ ་རིང་དུ་གནས་པ་དྲན་པར་འགྱུར་བ་དང། དེའི་འོད་བ་ན་དགའ་བར་འགྱུར་བ་དང། ལེགས་པར་འོངས་བའི་ཕྱིར་མདུན་བསུ་བར་འགྱུར་པ་དང། དེ་ལ་ཤིས་པའི་གཏམ་བརྗོད་པ་དང། དེ་ལ་གསང་བ་བརྗོད་པར་འགྱུར་བ་དང། དེའི་གསང་བ་སྤེད་བར ་འགྱུར་བ་དང། དེའི་གསང་བ་སྲུང་བར་འགྱུར་བ་དང། དེའི་མི་མཛའ་བ་སྤོང་བར་འགྱུར་བ་དང། དེའི་མཛའ་བོ་བསྟེན་པར་འགྱུར་བ་སྟེ། རྒྱལ་པོ་ཆེན་པོ་གནས་བཅུ་པོ་ནི་སྡིག་པ་ལས་བཟློག་པའི་ཕྱིར་མདུན་དུ་འགྲོ་བ་ཉིད་དོ། །རྒྱལ་པོ་ཆེན་པོ་གཞན་མང ་གནས་བཅུས་གྲོགས་པོས་བཤས་པ་ལ་རྗེས་སུ་བརྩེ་བ་དང། དོན་འདོད་པ་དང། ཕན་པ་འདོད་པ་དང། བདེ་བ་འདོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ལུས་དང་ངག་དང་ཡིད་སྡོམ་པ་ཡང་དག་པར་ལེན་དུ་འཇུག་།འགོད་རབ་རུ་འཇོག་བ་དང། ་བཏང་བར་བྱ་བ་གཏོང་བ་ལ་ཡང་དག་པར་མཛུད་པར་བྱེད་པ་དང། ཕ་དང་མ་ལ་རིམ་གྲོས་གནས་པ་དང། གུས་པར་ཉན་པ་དང། ཞེ་ས་དང། རི་མོར་བྱེད་པ་ལ་ཡང་དག་པར་འཛུད་པར་བྱེད་པ་དང། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་མནར་སེམས་པ་མེད་པ་དང། མདན་དུ་འགྲོ་བ་ཡང་དག་པར་ལེན་དུ་འཇུག་པ་དང། དེ་དག་གི་ཡོན་ཏན་གྱི་རྗེས་སུ་བསྔགས་པ་བརྗོད་པ་ལ་ཡང་དག་པར་སྦྱོར་བ་དང། དེ་དག་ལ་མགྲོན་དུ་གཉེར་བ་དང། གོས་དང་ཟས་དད་མལ་སྟན་དང། ་ན་བའི་རྐྱེན་སྨན་དང་ཡོ་བྱད་སྒྲུབ་པ་ལ་ཡང་དག་པར་ལེན་དུ་འཇུག་པ་དང། འདོད་པ་རྣམས་ལ་སྣོད་པ་དང་མི་མཐུན་པ་རྣམས་ལ་ཡང་དག་པར་འཛུད་པར་བྱེད་པ་དང། མཛའ་བ་དང་མི་མཛའ་བ་སྤོང་ཞིང་རབ་ཏུ་འབྱུང་བའི་བསྔགས་པ་བརྗོད་པ་ལ ་ཡང་དག་པར་ལེན་དུ་འཇུག་པ་དང། ཆོས་ཉན་པའི་འབེལ་བའི་གཏམ་གྱི་ཕྱིར་མངོན་པར་འགྲོ་བར་བྱ་བ་མཆོག་ཉིད་ལ་ཡང་དག་པར་ལེན་དུ་འཇུག་པ་དང། རྒྱལ་པོ་ཆེན་པོ་གནས་བཅུ་པོ་ནི་འཇིག་རྟེན་ཕ་རོལ་ལ་འཇིགས་པ་ཉིད་ལ་ཡང་དག་པར་སྦྱོར་བའོ་ཞེས ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་འཆིགས་སུ་བཅད་པ་ལས་ཀྱང། དགེ་བའི་བཤེས་དང་ལན་ཞིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱི་ཡུལ་ཐོས་སྐྲག་པར་ཡོང་མི་འགྱུར། །གང་ཞིག་སྡིག་བའི་གྲོགས་ལྡན་གཞན་གྱི་དྲིང་འཇོག་པ། །དེ ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་བའི་འཕྲིན་ལས་གང་ཞེ་ན ་དགེ་བའི་བཤེས་གཉེན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གང་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་ཡང་དག་པར་ལེན་དུ་འཇུག་།འཇོག་རབ་ཏུ་འགོད་པའི་གྲོགས་པོ་དེ་དག། བསྟེན་ཅིང་བསྙེན་པར་བྱེད། བསྟི་སྟང་དུ་བྱེད། གུས ་པས་ཉེན་པར་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་དགེ་བའི་བཤེས་གཉེན་བསྟེན་པའི་འཕྲིན་ལས་སུ་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་མཆོད་བ་དང་རིམ་གྲོར་བྱ་བ་ལ་དགོངས་པ ་བསྟན་པ། ཇི་ལྟར་ན་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་ཞེ་ན། དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གྲོ་བྱ་བ་ལ་མཁས་པ ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་མཆོད་པས་དེ་བཞིན་གཤེགས་པ་མཆོད་པ་དང། བསྙེན་བཀུར་བྱས་པ་ཡིན་གྱི། ཟང་ཟིང་གི་མཆོད་པས་ནི་མ་ཡིན་ནོ། །ནན་ཏན་གྱི་མཆོད་པ་དང། སེམས་ཅན་རྣམས་ལ་ཕན་ཞིང ་བདེ་བ་དང། སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་དང། སེམས་ཅན་གྱི་དོན་ལ་ཞུགས་པ་དང། ཡི་དམ་མི་གཏོང་བ་དང། བྱང་ཆུབ་སེམས་དཔའ་ཨི་ལས་མི་གཏོང་བ་དང། ཇི་ལྟར་སྨྲས་པ་བཞིན་དུ་བྱེད་པ་དང། ཡིད་ཡོངས་སུ ་མི་སྐྱོ་བ་དང། བྱང་ཆུབ་ཀྱི་སེམས་མི་གཏོང་བས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང། བསྙེན་བཀུར་བྱས་པ་ཡིན་གྱི། ཟང་ཟིང་གི་མཆོད་པས་ནི་མ་ཡིན་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང། དེ་དག ་རྡ་དུང་རྫ་རྔ་ཡིས། །ང་ལ་མཆོད་པར་བྱེད་འགྱུར་ཏེ། །མཆོད་པའི་དམ་པ་གང་ཡིན་པ། །ནན་རྟན་འདི་ནི་མེད་པར་འགྱུར། །དེ་དག་བདག་ཉིད་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་གནས་པ་མཐོང་ནས་ནི། །ཕན་ཚུན་དུ་ཡང་འདི་སྐད་དུ། འདི་དག་དེང་དང ་འདྲ་ཞེས་སྨྲ། །སྡིག་པའི་སྤྱོད་ཡུལ་ཚུལ་ཁྲིམས་འཆལ། །དེ་དག་ཚུལ་ཁྲིམས་བསྔགས་ཐོས་ནས། །ཀུན་ནས་ལངས་པ་འདི་སྐད་དུ། །སངས་རྒྱས་མཁྱེན་པ་འདི་མིན་སྨྲ། དེ་དག་ལ་ནི་ངོ་ཚ་མེད། །དགེ་སྦྱོང་གི་ནི་ནོར་སྟོར་ཏེ། མི་བདེན་ཚིག་གི་རྩོད་བྱེད་ཅིང ་སངས་རྒྱས་བྱང་ཆུབ་རབ་ཏུ་སྤོང། །ངན་སེམས་ལྡན་པ་དེ་དག་ནི། །སངས་རྒྱས་བསྟན་པ་འདི་བོར་ཏེ། །ཆོས་རྣམས་རབ་ཏུ་སྤངས་ནས་ནི། །མནར་མེད་པར་ཡང་གནས་པར་འགྱུར། ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། མདོ་སྡེ་འདི་ནི་རབ་སྟོན ་ན། སངས་རྒྱས་རྣམས་ཀྱི་མཇོད་བསྲུངས་ཏེ། །འདི་ནི་སངས་རྒྱས་ཀུན་མཆོད་པ། །ཆོས་ཀྱི་མཆོད་པ་བསམ་མི་ཁྱབ། །མ་རུངས་ཟད་པའི་དུས་ལ་ནི། །མདོ་སྡེ་འདི་དག་གང་འཛིན་པ། །དེ་དག་ཡེ་ཤེས་རྙེད་མི་དཀའ་། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། ་ཅེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཚོགས་གནས་པ། །དེས་ནི་ང་ལ་མཆོད་པ་རབ་མཆོག་བྱས། །ཟད་དུས་ཐ་མར་བྱང་ཆུབ་སེམས་གནས་པ། །དེས་ནི་སངས་རྒྱས་ཐམས་ཅད་རབ་ཏུ་མཆོད། །ཟས་དུས་མི ་ཟད་པ་ལ་བྱང་ཆུབ་སེམས་དཔའ་དག་།བདེ་བར་གཤེགས་པས་བསྟན་པའི་ཆོས་མཆོག་འདི་བསྲུང་བ། དེ་དག་ང་ཡི་སྲས་དེ་ཕྱི?་དུས་ཆོས་སྐྱོད་བ། །དེ་དག་སངས་རྒྱས་བྱེ་བ་སྟོང་གིས་ཡོངས་སུ་གཏད་ཅེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང། དེ་ནས ་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པོ་དང། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་གནས་གང་དག་དང། སྤྱོད་པ་གང་དག་གིས། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་བ་ཉམ ་ཆུང་བ་དང། ཚུལ་འཆོས་པ་ལགས་པར་འཚལ་བར་འགྱུར་བའི་གནས་དེ་དག་ལེགས་པར་བཤད་དུ་གསོལ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གནས་དེ་དག་ཐོས་ནས། བྱང་ཆུབ་སེམས་དཔའ་ལྷག་པའི ་བསམ་པ་ཕུན་སུམ་ཚོགས་པ་གང་དག་ལགས་པ་དེ་དག་ཀྱང་བདག་ཉིད་བསྲུང་བར་བགྱི་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། འོད་སྲུངས་ཕྱི ་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་བ་ཐ་མ་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང། ལྷག་པའི་བསམ་པ་ཉམ་ཆུང་བ་དེ་དག་ནི། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ། མེ་ཏོག་དང། བདུག་པ་དང། བྱེ་མ ་དང། སྤོས་དང། མེ་ཏོག་ཕྲེང་བ་དང། བྱུག་པ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། སིལ་སྙན་དང། མར་མེ་སྦྱིན་པ་དག་གིས་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །འོད་སྲུངས་ངས་ནི་ཤེས་པ་དང་མི་ལྡན་པ་རྣམས་ཀྱི་དགེ་བའི ་རྩ་བ་ཡང་དག་པར་སྒྲུབ་པའི་ཕྱིར་མཆོད་པ་བཤད་པ་ཡིན་ན། མི་བླུན་པོ་དེ་དག་ནི་དེ་ལ་བརྩོན་པར་འགྱུར་ཏེ། འོད་སྲུངས་ངས་ལྷ་དང་བཅས་བའི་འཇིག་རྟེན་གྱི་མདུན་དུ། དགེ་སློང་དག་ཁྱོད་ཅག་ནི་བདག་ཉིད་དུལ་བ་དང། ཞི་བར་སྦྱོར་བའི་རྗེས? ་བརྩོན་པས་གནས་པར་གྱིས་ཤིག་།བྲམ་ཟེ་དང་ཁྱིམ་བདག་དང་པ་དང་ལྡན་པ་དག་ཡོད་ན་དེ་དག་ནི་ངའི་སྐུ་གདུང་རྣམས་ལ་སྐུ་གདུང་གི་མཆོད་པ་བྱེད་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། འོད་སྲུངས་མི་བླུན་པོ་དེ་དག་རྣལ་འབྱོར་ཡང་སྤངས། སྤོང ་བ་ཡང་སྤངས། ལུང་ནོད་པ་ཡང་སྤངས། ཁ་ཏོན་བྱེད་པ་ཡང་སྤངས་ནས་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་པའི་ལས་ལ་བརྩོན་པར་འགྱུར་ཞིང། དེ་དག་ལ་བརྟེན་ནས་འཚོ་བར་སེམས་པར་བྱེད་པ་དེ་དག་ལ་ལྟོས། འོད་སྲུང་བྱང་ཆུབ་སེམས ་དཔའ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ། འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས། དེ་བཞིན་གཤེགས ་པ་ལ་མཆོད་པའི་ལས་ཀྱི་ཕྱིར་མར་མེ་བུས་པ་བས་ནི། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་ཅིག་ཤོས་ཀྱིས་མཁན་པོ་འམ་སློབ་དཔོན་གྱི་དྲུང་ནས་ཚིག་བཞི་པའི་ཚིགས་སུ་བཅད་པ ་གཅིག་ལུང་མ་ནོས་ཏེ། ཁ་ཏོན་བྱེད་ཅིང་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་ཆོས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ་འོད་སྲུངས་བྱང་ཆུབ་སེམས?་དཔའ་ཨི་གང་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དང། བདུག་བ་དང། ་ཕྱེ་མ་དང། སྤོས་ཀྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་ཕུལ་བ་པས་ནི་བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམ་གྱི་འཇིགས་ཤིང་སྐྲག་པ་གཞན་ཞིག་ཁམས ་གསུམ་ཐམས་ཅད་ཀྱི་འཇིགས་ཤིང། སེམས་ཅན་གྱི་དོན་མངོན་པར་བསྒྲུབ་པ་ན་དགོན་ཕལ་མངོན་པར་ཕྱོགས་ཏེ་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ་ཞེས་གསུངས་པ་དང། །ཡང་མདོ་དེ་ཉིད ་ལས། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སྦྱིན་པ་ལ་ཡང་དགའ་བར་མི་བྱེད། སེར་སྣ་ཅན་དུ་ཡང་མི་འགྱུར་བ་དང། ཀུན་འཛིན་པའི་སེམས་མེད་པ་དང། གཞན་འཇིག་རྟེན་གྱི་ཟིང་ཟང་སྦྱིན་པར་བྱེད་པ་མཐོང་ན་ཡང་དེ་ལ་དགའ་བ ་སྐྱེད་པར་མི་བྱེད་པ་དང། གང་དུ་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་བླ་ན་མེད་པ་གནས་པ་འཐོབ་པར་འགྱུར་བ་དང། ཟབ་མོ་ལ་བཟོད་པ་དང་ལྡན་པར་འགྱུར་བ་དང། བླ་ན་མེད་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། ་རིགས་ཀྱི་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་ཡོངས་སུ་ཚོལ་བར་བྱེད་པ་དང། དེ་མང་དུ་ཐོས་པར་གྱུར་ནས་གྲོང་དང། གྲོང་ཁྱེར་དང་གྲོང་རྡལ་དང། རྒྱལ་པོའི་ཕོ་བྲང་དང། ཡུལ་འཁོར་དག་ཏུ་ཞུགས་ཏེ་ཆོས ་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་དང། གང་ལས་ཀྱང་ཐ་ན་ལེགས་སོ་ཞེས་བྱ་བ་ཙམ་ཅུང་ཟད་ཀྱང་རེ་བ་མེད་ཅིང། དེ་གོས་པ་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྟོན་པར་བྱེད་པ་དང་དེ་གོས་པ་མེད་པའི་སེམས་དང་ལྡན་བས་འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པ ་སྦྱིན་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་ཤིང་བསྟོད་པ་ཡིན་པས་ན། མཆོག་ཡིན་ནོ་ཞེས་དགའ་བ་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་བདག་ནི་སྦྱིན་པ་དམ་པ། སྦྱིན་པ་གཙོ་བོ་འདི་ལ་གནས་པ་ཡིན་ནོ་ཞེས་ཡང་དག་པར་མཐོང ་བ་ན་དགའ་བ་ཉམས་སུ་མྱོང་བར་བྱེད་ཅིང་སེམས་ཅན་འཇིག་རྟེན་གྱི་ཟང་ཟིང་ཡོངས་སུ་གཏོང་བ་ལ་མངོན་པར་བརྩོན་པ་གཞན་དག་ལ་ནི་དགའ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་།བྱང་ཆུབ་སེམས་དཔའ་གང་གིས་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ཆེད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་ཇི་སྙེད་ཅིག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ལ་ཚེའི་མཐར་ཇི་སྲིད་པར་མ་ཚང་བ་མེད ་པའི་སྦྱིན་པ་ཕུལ་བར་གྱུར་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པ་གཞན་ཞིག་གིས་སྙིང་རྗེ་ཆེན་པོ་ཀུན་ཏུ་བསྐྱེད་དེ། སངས་རྒྱས་བཅོམ་ལྡན ་འདས་རྗེས་སུ་དྲན་པར་བྱེད་པ་ན། གོས་པ་མེད་པའི་སེམས་ཀྱིས་རྙེད་པ་དང། བཀུར་སྟི་དང། གྲགས་པ་མི་འདོད་ཡང་སེམས་ཅན་གཅིག་ཅིག་ལ། ཚིག་བཞི་པའི་ཚིགས་སུ་བཅད་པ་དེ་བཤད་ནས་ཀྱང། ཡི་གེ་མཉམ་པ་ཉིད་ཀྱིས་འདི་ལྟ་སྟེ་དཔེར ་ན་ཡི་གེ་འདི་དག་རང་བཞིན་གྱིས་སྟོང་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་ནོ་ཞེས་རབ་ཏུ་རྟོག་པར་བྱེད་ན། རིགས་ཀྱི་བུ་དག་བསོད་ནམས་གྱི་ཕུང་པོ་དེ་ལ། བསོད་ནམས་ཀྱི་ཕུང་པོ་སྡ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི ་འགྲོ། སྟོང་གི་ཆ་དང། འབུམ་གྱི་ཆ་དང། བྱེ་བའི་ཆ་དང། བྱེ་བ་ཕྲག་བརྒྱའི་ཆ་དང། བྱེ་བ་ཕྲག་སྟོང་གི་ཆ་དང། བྱེ་བ་ཕྲག་འབུམ་གྱི་ཆ་དང། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆ་དང། གྲངས་དང། བགྲང་བ་དང། དཔེ་དང་ཉེ་བར་འཇལ་བ་དང། ་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་བའི་ཕྱིར་རོ་ཞེས་གསུངས་པ་ན། དགེ་སློང་ཆོས་དང་ཆོས་བཟང་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་ཀྱང་བདག་ཏུ་མངོན་པར་འདུམ་བྱེད་ཅིག་དང་དེས་ནི་མཆོད་པ་བྱས་པར་འགྱུར་རོ། །སངས ་རྒྱས་སུ་འདུ་ཤེས་པ་ལ་ནི་སངས་རྒྱས་མཐོད་བ་ཡང་མེད་ན། མཆོད་པའི་ལས་ལྷ་མོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་དོ། །གཞན་ནི་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་ནི་བདག་ཉིད་མཆེད་པར་བྱའོ། །དགེ་སློང་དང་ལྷ་དེ་དག་གིས་འདི ་སྐད་ཅེས་སྨྲས་སོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་བདག་ཉིད་མཆོད་པར་བྱ། དགེ་སློང་ཆོས་དང་ཆོས་བཟང་གཉིས་ཀྱིས་སྨྲས་པ། གྲོགས་བོ་དག་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་གྱིས་མཆོད་པ་གང་གིས་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་མཆོད་པའི་གནས་སུ་འོས་པར་མཆོད་པ་དེ་ལྟར་བདག་ཉིད་མཆོད་པར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པས་བསླབས་པ་དེ་ལྟར་བསླབ་པར་བྱ་ཞིང་བསླབ་པ་རློམ་སེམས་སུ་ཡང་མི་བྱའོ། །ཆོས་རབ་ཏུ ་དབྱེ་བར་བྱ་ཞིང་རབ་ཏུ་ཕྱེ་ནས་ཀྱང་ཆོས་འགའ་ཡང་བསམ་པར་མི་བྱ་སྟེ། གང་གི་ཚེ་ཁྱེད་ཅག་དེ་ལྟར་བདག་ཉིད་མཆོད་པར་བྱེད་པ་དེའི་ཚེ་ན། དེ་བཞིན་གཤེགས་པ་ཡང་མཆོད་པར་འགྱུར་ལ། ཁྱེད་ཅག་ཉིད་ཀྱང་མཆོད་པར་འོས་པར་འགྱུར་རོ། །དེ་བཞིན ་གཤེགས་པའི་སྐུའི་གདུང་རྣམས་ལ་མཆོད་པར་འདོད་པས་ནི་བདག་ཉིད་མཆོད་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་བདག་ཉིད་མཆོད་པར་མཛད་པ་དེ་ལྟར་མཆོད་པར་བྱ་ཞིང། དེ་བཞིན་གཤེགས་པའི་སྐུ་གདུང ་ཡོན་ཏན་གང་དག་དང་ལྡན་པས་མཆོད་པ་མཉེས་པར་འགྱུར་བའི་ཡོན་ཏན་དེ་དག་བདག་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་བ་མཆོད་པར་འགྱུར་རོ། །གང་དུ་འདུ་ཤེས་དང་མཚན་མ་སྐྱེད་པར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས ་པ་མཆོད་པ་ཡིན་ནོ། །གང་བདག་ཏུ་རྟོག་པར་མི་བྱེད་པ་དང། རྣམ་པར་རྟོག་པར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་འཇིག་རྟེན་ཕ་རོལ་ཏུ་མི་འགྲོ་བ་དང། འཇིག་རྟེན་འདིར་མི་འོང་བ་དང། གང་ཚུ་རོལ་ལ་ཡང་ནི་གནས། ཕ ་རོལ་ལ་ཡང་མི་གནས་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་ཆད་པ་མེད་པ་དང། རྟག་པ་མེད་པ་དང། གང་ལ་འཛིན་པ་མེད་པ་དང། སྤོང་བ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཚད་པ་ཡིན་ནོ། །གང་ལ་བྲི་བ་མེད་པ་དང། འཕེལ་བ ་མེད་པ་དང། གང་ལ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གང་ལ་ཟད་པ་མེད་པ་དང། མི་ཟད་པ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་སེམས་མེད་པ་དང། སེམས་ལས་བྱུང་བའི་ཆོས་རྣམས་མེད་པ་དང། ཡིད་ལ་བྱེད ་པ་རྣམས་མེད་པ་དང། བདག་གི་མེད་པ་དང། ཡོངས་སུ་འཛིན་པ་མེད་པ་དང། འཚེ་བ་མེད་པ་དང། འཐབ་པ་མེད་པ་དང། རྩོད་པ་མེད་པ་དང། འགལ་བ་མེད་པ་དང། བླང་བ་མེད་བ་དང། དོར་བ་མེད་པ་དང། གཉིས་སུ་མེད་པར་འཇུག་པ་དེ ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འདུས་བྱས་མེད་པ་དང། གྲངས་མེད་པ་དང། བགྲང་དུ་མེད་པ་ནི། །དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པའི་བྱ་བ་མེད་པ་དང། ལུས་དང ་དག་དང་ཡིད་ཀྱིས་མི་དམིགས་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འདས་པའི་འདུ་ཤེས་མི་འཇུག་པ་དང། ད་ལྟར་དང་མ་འོངས་པའི་འདུ་ཤེས་མི་འཇུག་པ་དང། གང་བརྟེན་པར་མི་བྱེད་པ་དང། མངོན་པར་ཞེན་པར་མི་བྱེད་པ་དང། ་མཚན་མར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་སངས་རྒྱས་སུ་འདུ་ཤེས་མི་འཇུག་པ་དང། ཆོས་སུ་མ་ཡིན། དགེ་འདུན་དུ་མ་ཡིན། གང་ཟག་ཏུ་མ་ཡིན། བདག་ཏུ་མ་ཡིན། གཞན་དུ་མ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མཆོད ་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་མི་སྐྱེ་བའི་མཚན་ཉིད་ཡིན་པས་དེ་ནི་སྐྱེ་བས་མཆོད་པར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་དང། འོད་སྲུངས་དེ་ལྟར་སྐྱེས་བུ་དམ་པ་དེ་གཉིས་ཀྱི། དགེ་སློང་དང་ལ་དེ་དག་ཟབ་མོའི་བཟོད ་པ་ཡང་དག་པར་འཛིན་དུ་བཅུག་པས། དེ་ཕྱིན་ཆད་དེ་དག་ཐམས་ཅད་བདག་གི་ངོན་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང། བྱ་བ་ཉུང་དུར་གནས་པས་གནས་པར་གྱུར་ཅིང། ཕྱིན་ཆད་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ཀྱི་དྲུང་དུ་ཡང་མི་འགྲོ། དེ ་བཞིན་གཤེགས་བའི་སྐུ་གདུང་རྣམས་ལ་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གིས་སེམས་ཆོས་ཟབ་མོ་བླ་ན་མེད་པ་བདག་ཉིད་ལ་ཞུགས་པར་གྱུར་པའི་ཕྱིར་རོ། །འོད་སྲུངས་དེ་ནས་ཞག་བདུན་འདས་ནས་དེ ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཐམས་ཅད་ཀྱང་ས་ལ་ནུབ་པར་འགྱུར། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཐམས་ཅད་ཀྱང་སྤྲོག་མར་བླགས་པ་བཞིན་ནམ། །སྣོད་དུ་བླུགས་པ་བཞིན་དུ་དེ་བཞིན་དུ་མི་སྣང་བར་འགྱུར་ཏེ། འོད་སྲུངས་དེ་ལྟ་བས ་ན་སྐྱེས་བུ་དམ་པ་དེ་ལྟ་བུ་དག་གིས་རྗེས་སུ་བསླབ་པར་བྱའོ། །འོད་སྲུངས་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དང། ཉན་ཐོས་ཀྱི་ཐེག་པ་བའི་དགེ་སློང་ལུས་མ་བསྒོམས་པ། སེམས་མི་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས ་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་པས་འཚོ་བར་སེམས་ཀྱི། མྱ་ངན་ལས་འདའ་བའ་ཨི་ཕྱིར་མ་ཡིན་ཞིང། འདོད་ཆགས་དང་བྲལ ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་གསུངས་པའི་བར་དང། འོད་སྲུངས་ཕྱི་མའི་དུས་ལྔ་བརྒྱ་བ་ཐ་མ་ལ། དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ་དང། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར ་ཏེ། དེ་དག་ནི་རས་བཅོས་བུ་དང། རྩིག་པ་དང། ར་བ་དག་གི་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དག་འདྲི་པར་འགྱུར་ཞིང། དེ་དག་གི་འཚོ་བ་སེམས་པར་ཡང་འགྱུར་ཏེ། ལས་དེ་བདག་ཉིད་རློམ་སེམས་སུ་བྱེད་པས་བསྟོད་པར་བྱེད་ཅིང ་གཞན་དག་ལ་བརྙས་པ་དང། སྨོད་པར་ཡང་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་བཅོམ་ལྡན་འདས་ཀྱི་རྒྱལ་པོ་གསལ་རྒྱལ་ལ། ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་བསོད་ནམས་འདི་ཙམ་དུ་སྐྱེ་བར་འགྱུར་རོ་ཞེས་བཀའ་མ་སྩལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་ནི་དེ་བཞིན་ཏེ། རྒྱལ་པོ་གསལ་རྒྱལ་ནི་ཁྱིམ་པ་གོས་དཀར་པོ་གྱོན ་པ་ཡིན་པས། དེས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་ན། དེ་ནི་དེ་ལ་མཆོད་པ་བྱེད་པར་འགྱུར་བར་ཟད་ཀྱི་གཞི་དེས་ཆོས་གོས་སམ། བསོད་སྙོམས་སམ། རྙེད་པ་ཅུང་ཟད་ཀྱང་འདོད་པར་མི་བྱེད་དོ། །འོད་སྲུངས་མི་བླ་ན་པོ ་དེ་དག་ནི་གཞི་དེས་འཚོ་བར་འགྱུར་བར་སེམས་ཏེ། དེ་དག་ནི་དོན་བྱའོ་སྙམ་དུ་སེམས་ལ་དོན་མེད་པ་ཁོ་ན་བྱེད་པ་ཡིན་ནོ་ཞེས་གསུངས་པའི་བར་དང། འོད་སྲུངས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ ་སྣ་བདུན་ལས་བྱས་པ། །ཤིན་ཏུ་ཟིན་པར་བྱས་པ། བྱི་དོར་ལེགས་པར་བྱས་པ། ཞུ་ཞེང་དུ་རི་རབ་ཙམ་ཡོད་པ་བྱེད་དུ་བཅུག་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལྟ་བུ་དག་གིས། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག ་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། འབྲས་ཀྱི་ཞིང་དམ། ཏིལ་གྱི་ཞིང་ལྟར་འང་བ་ཆགས་སུ་ཡོངས་སུ་བཀང་བར་གྱུར་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞི་དེ་ལས ་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གཟུགས་སོར་མོའི་ཕྱོགས་ཙམ་ཞིག་བགྱིད་དུ་སྩལ་ན་ཡང་བསོད་ནམས་མང་དུ་སྐྱེད་ལགས་ན། དེ་བཞིན་གཤེགས་བའི ་སྡུ?་གཟུགས་རི་རབ་ཙམ་དུ་མ་བགྱིད་དུ་སྩལ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ཀྱང་བྱང་ཆུབ་སེམས་དཔའ་གང་ཞིག་དེ་བཞིན་གཤེགས ་པའི་སྐུ་ལ་རབ་ཏུ་རྟོག་པར་བྱེད་པ་ན། ཐ་ན་སེ་གོལ་གཏོག་པ་ཙམ་ཞིག་ཆོས་ཟབ་མོ་རྣམས་ལ་བཟོད་པ་ཐོབ་པར་གྱུར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་བས་ཀྱང་གང་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ཤིང། ཚིག་བཞི་པའི་ཚིགས་སུ་བཅད་པ ་གཅིག་གཟུང་ནས་ཚིགས་སུ་བཅད་པ་དེའི་དོན་གང་ཡིན་པ་དེ་ཡང་རྟོགས་པར་བྱེད་ལ། སེམས་ཅན་ཅིག་ཙམ་ལ་ཡང་སྟོན་པར་བྱེད་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ་ཞེས་གསུངས་པའི་བར་དང། ཡང་མདོ་དེ་ཉིད་ལས། འོད་སྲུངས་ཡང ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་བ་ཐ་མ་ལ། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ཐབས་ལ་མི་མཁས་པ། བརྐམ་པ། འདོད་པས་ཟིལ་གྱིས་ནོན་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་རས་བཅོས་བུ་དང། རྩིག ་ངོས་ལ་བྲིས་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་གཞན་དག་ལ་མཆོད་པ་བྱས་པ་བས། དངོས་གྲུབ་དང། རྫུ་འཕྲུལ་ཐོབ་པར་སེམས་ཤིང། དེ་དག་འདི་ཤམ་དུ་བདག་ཅག་ནི་དེ་བཞིན་གཤེགས་པ་ལ ་མཆོད་པ་བྱེད་པ་ཡིན་གྱི་གཞན་མཆོད་པ་བྱེད་པ་མ་ཡིན་ནོ་སྙམ་དུ་རློམ་སེམས་སུ་ཡང་འགྱུར་ཏེ། དེ་དག་དགེ་བ་ཅུང་ཟད་ཙམ་པོ་ངེས་བདག་ལ་བསྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་ཅིང། གཞི་དེས་འཚེ་བར་སེམས་པར་ཡང་འགྱུར་རོ། །འོད་སྲུངས ་དེའི་ཚེ་ན། གང་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་པ་དང། འདུས་པ་དང། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་པ་རྣམ་པ་སྣ་ཚོགས་དག་མ་གཏོགས་པར། དེ་ལྟར་ལུང་ནོད་པ་ཡོངས་སུ་ཚོལ་བར་མི་འགྱུར་རོ། །བ་ཏོན་མི ་བྱེད། བསམ་གཏན་མི་བསྒོམ། ནང་དུ་ཡང་དག་འཇོག་ལ་གཅེས་པར་སེམས་པར་མི་འགྱུར་ཏེ། དེ་དག་དེའི་ཚེ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གིས་མཆོད་པ་དང། རི་མོར་བྱ་བ་དང། ཤེས་པ་དང། ཤིན་ཏུ་ཡོངས་སུ་ཤེས་པར་ཡང་འགྱུར་ཞིང། ་གཞི་དེས་དེ་དག་གིས་ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཡོ་བྱད་དག་ཀྱང་རྙེད་པར་འགྱུར་རོ། །འོད་སྲུངས་ངས་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བ་རྣམས་ཀྱི་ལུས་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས ་ཏེ། མང་དུ་ཐོས་པ་ཡོངས་སུ་བཙལ་བར་བྱའོ་ཞེས་བསྟན་ན། དེ་དག་ནི་དེའི་ཚེ་ན་ཚུལ་ཁྲིམས་འཆལ་པ་ཁོ་ནར་གནས་ཤིང། ཆོས་ཡོངས་སུ་བསྩལ་བ་སྤངས་ནས། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་མཆོད་པའི་ལས་བྱ་བའི་ཕྱིར་བརྩོན་པར་འགྱུར ་ཞིང། གཞི་དེས་འཚོ་བར་འགྱུར་བར་སེམས་པ་ལ་ལྟོས་ཞེས་གསུངས་སོ། །ཆོས་ཐམས་ཅད་མངོན་པར་འབྱུང་བའི་རྒྱལ་པོའི་མདོ་ལས་ཀྱང། ཤཱ་རིའི་བུ་དེ་ལྟ་བས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དགོས་པ་བླ་ན་མེད་པ་བྱེད་པ་ལན་དུ་བྱ་བར་འདོད ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་འདི་ནི་ལན་དུ་བྱ་བ་བླ་ན་མེད་པ་དང། ཕན་གདགས་པ་ཅི་འདྲ་བ་དེ་འདྲ་བའི་སླར་ཕན་གདགས་པ་ཡིན་པང་བལྟ་བར་བྱའོ། །མཆུངས་པ་མད་པའི་སེམས་ཅན་དང ་དཔེ་མེད་པའི་སེམས་ཅན་ལ་ལན་དུ་བྱ་བར་འདོད་པས་མཚུངས་པ་མེད་པའི་སེམས་བསྐྱེད་བར་བྱ་སྟེ། གང་འདི་བླ་ན་མེད་པའི་སེམས་བསྐྱེད་པའོ། །ཤཱ་རིའི་བུ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལན་དུ་བྱ་བར་འདོད་པས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ཤཱ་རིའི་བུ་མ་འོངས་པའི་སངས་རྒྱས་བཅོམ་ལྡན?་འདས་རྣམས་ལ་ལན་དུ་བྱ་བར་འདོད་པས་ཀྱང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ་ཤཱ་རིའི་བུ་གང་ཡང་ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་པ་དེ་དག་ལ་དྲིན་ལན་བླ་ན་མེད་པ་བྱ་བར་འདོད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ ་གང་ཟག་གཉིས་པོ་འདི་ནི་དེ་བཞིན་གཤེགས་པ་བླ་ན་མེད་པའི་མཆོད་པ་ཉིད་ཀྱིས་མཆོད་པར་བྱེད་པ་ཡིན་ཏེ། གང་ཟག་གཉིས་པོ་གང་ཞེ་ན། གང་དག་ཟག་པ་ཐམས་ཅད་ཟད་པར་བྱེད་པ་དང། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བརྟན་པའི་གང་ཟག་འདི་གཉིས་ནི། །དེ་བཞིན་གཤེགས་ལ་མཆོད་བྱེད་དེ། །བྱང་ཆུབ་སེམས་དང་དགྲ་བཅོམ་པ། །གང་ཟག་གཉིས ་པོ་འདི་ཉིད་དོ། །གང་གིས་བདག་ཉིད་ཆེ་དེ་ལས། །བཀུར་སྟི་ལེགས་པར་བྱས་གྱུར་པའི། །ཟང་ཟིང་དེ་འདྲ་འཇིག་རྟེན་གྱི། །སྲིད་པ་གསུམ་ན་གནས་ཡོད་མིན། །གང་ཞིག་ལྷ་དང་མི་རྣམས་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་དག། བདག་ཉིད་ཆེན་པོ་དེ་རྣམས་ལ ་ཕུལ་བས་ཅུང་ཟད་བྱས་མི་གཟོ། །གང་གིས་རྒྱ་ཆེན་བྱང་ཆུབ་ཀྱི། །རྒྱུར་གྱུར་སེམས་ནི་བསྐྱེད་པ་འདི། །ཟང་ཟིང་མེད་པའི་མཆོད་པ་ནི། །བླ་མེད་མཁས་པ་རྣམས་ཀྱིས་བརྗོད། །ལྷ་དང་བཅས་བའི་འཇིག་རྟེན་དང། ། ་དེ་བཞིན་བདུད་བཅས་འཇིག་རྟེན་ན། །ཡོད་པའི་འདོད་ཀུན་དེ་དག་ལ། །ཕུལ་བས་ཆུད་ཟད་བྱས་མི་བརྗོད་ཅེས་གསུངས་སོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་དགོངས་པ་བསྟན་པ། དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས ་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱི་མའི་དུས་ཕྱི་མའི་ཚེ?་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཅིང་བསྟན་པ་འཇིག་པར་གྱུར་པ་དང། སེམས་ཅན ་རྣམས་ལམ་ངན་པར་པར་ཞུགས་པ་དང། ཡེ་ཤེས་ཀྱི་སྒྲོན་མ་མྱ་ངན་ལས་འདས་ཏེ་སྟོན་པ་མེད་པའི་ཚེ། མདོ་སྡེ་རྒྱ་ཆེན་པོ་དོན་ཆེ་ཞིང་མཐུ་ཆེ་བ། དམ་པའི་ཆོས་ཐམས་ཅད་ཀྱི་མ་མོ་དང་འདྲ་བ་དག་འཛིན་ཅིང་ཀློག་ལ་ཁ་ཏོན་དུ་བྱེད་ཅིང་ཀུན ་ཆུབ་པར་བྱེད་པ་དང། གཞན་ལ་ཡང་བརྗོད་ཅིང་སྟོན་ལ་ཡང་དག་པར་སྟོན་ཅིང་གསལ་བར་བྱེད་པ་དང། དེ་ལ་ཞུགས་པའི་གང་ཟག་རྣམས་ལ་དགའ་བ་དང། དད་པ་དང་རངས་པར་བྱེད་ཅིང་དེ་དག་ལ་ཕན་འདོགས་པ་དང། ཟང་ཟིང་མེད་པའི་སེམས ་ཀྱི་དམ་པའི་ཆོས་ཉན་པ་དང། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པར་འདུ་ཤེས་བསྐྱེད་པ་དང། དམ་པའི་ཆོས་རྣམས་ལ་བདུད་རྩིར་འདུ་ཤེས་བསྐྱེད་པ་དང། བཅུད་ཀྱི་ལེན་གྱི་འདུ་ཤེས་བསྐྱེད་པ་དང། ལུས་དང་སྲོག་ལ་མི་ལྟ་བར་དམ ་པའི་ཆོས་ཡོངས་སུ་ཚོལ་པ་དང། བཙལ་ནས་ཀྱང་ནན་ཏན་དུ་བསྒྲུབ་པའོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས ་ཀྱང། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ངས་ཆོས་གང་མངོན་པར ་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ་ཞེས་གསུངས་ན། བཅོམ་ལྡན་འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན། དམ་པའི་ཆོས་ཡོངས་སུ་བཟུང་བ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། ་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། ཆོས་གང་དས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ། །རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་གིས་བརྗོད་དུ་མེད་པ་འདུས་མ་བྱས་པའི་ཆོས་དེ་བསྟན་པའི་ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན ་པ་དང། འཛིན་པ་དང། སྟོན་པ་དང། རབ་ཏུ་ཤེས་པར་བྱེད་པ་དང། འཇོག་པ་དང། རྣམ་པར་འགྲེལ་བ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། དག་པར་སྟོན་པར་བྱེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། རིགས ་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང། བསྟེན་པ་དང། བསྙེན་བཀུར་བྱེད་པ་དང་ལྡན་པ་དང། རིམ་གྲོ་བྱེད་པ་དང། གུས་པར་བྱེད་པ་དང། ཞེ་ས་བྱེད་པ ་དང། བསྟི་སྟད་བྱེད་པ་དང། ཀུན་ཏུ་སྲུང་བ་དང། སྦེད་པ་དང། ཡོངས་སུ་འཛིན་པ་དང། གོས་དང། ཟས་དང། མལ་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱད་སྦྱིན་པ་དང། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང། ཇོ་བོ་ལྟ་བུར་ཀུན་ཏུ་སྲུང་བ་དང། དགེ་བ་ཀུན ་ཏུ་སྲུང་བ་དང། བསྔགས་པ་བརྗོད་པ་དང། མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང། མཚན་མ་མེད་པ་ལ་ཡིད་ཆེས་པ་དང། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང། ་མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུང་ལེན་པ་དང། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས ་དང་མཐུན་པས་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུ་དང། སེམས་ཅན་བསྡུ་བ་དང། རབ་ཏུ་ཐར་བར་བྱ་བའི་བློ་དང། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན ་པ་འདི་ཡང་དག་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ལུས་དང་སྲོག་འདོར་ཞིང། མདོ་སྡེ་འདི་ལྟ་བུ་འདི་དག་ཀུན་ཏུ་སྲུང་བ་དང། སྤེད་པ་དང། སྒྲུབ་པར་དགོན་པ་ན་གནས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས ་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་ལས་བྱུང་པ་འམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་འབྱིན་པ་འམ། རྡུབ་པ་ཅིག་ཀྱང་རུང་སྟེ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི ་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཞིང། མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའི་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་ཀྱེ་མའོ་སེམས་འདི་ནི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ་གང་དེ ་ཟློག་པ་དང། ཡོངས་སུ་སྲུང་བ་དང། རྩེ་གཅིག་ཏུ་འགྱུར་བ་དང། དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་དང། འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་གསུངས་སོ། །དེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་ཀྱང། ་འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ཀྱི་རྙེད་པ་དང་བཀུར་སྟི་གཅད་པའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་ཕྱོགས་དང་ཕྱོགས་མཚམས་རྣམ ་སུ་དེ་དག་གི་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པ་བསྒྲགས་ལ། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཅིག་གི་རྙེད་པ་དང་བཀུར་སྟི་བཅད་པའི་ཕྱིར། རྙེད་པ་དང་བཀུར་སྟི་ལ ་སེར་སྣའི་སེམས་བསྐྱེད་ཅིང་བསྔགས་པ་མ་ཡིན་པར་བསྒྲགས་ན་ཡང། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་གང་ལ་ལ་ཞིག་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ ་དགའ་ཨི་བའི་སེམས་ཀྱིས་ཐ་ན་ཆུ་རའི་ཆུ་ཙམ་བྱིན་ན་ཡང་ལས་དེས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་མ་མྱོང་བར་འགྱུར་ན། བྱང་ཆུབ་སེམས་དཔའ་ཀློག་པ་དང། ཁ་ཏོན་བྱེད་པ་ལ་མོས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི ་ཕྱག་རྒྱའི་མདོ་ལས་ཀྱང། ཤེས་འདོད་ཅན་དང་ཕྲག་དོག་ཅན་དང་ནི། །ཚེར་མ་ཅན་དང་བཅོས་མ་སྟོན་པ་དང། །བརྗོད་པ་ཙམ་དང་སྤྱོད་ཡུལ་དམན་པ་ཡིས། །བདེ་གཤེགས་བྱང་ཆུབ་སྲུང་བར་ནུས་མ་ཡིན། །བས་མཛའ་མགོན་པ་ལ་དགའ་དབེན་པ ་ཡི། །སྤྱོད་ཡུལ་ཅན་དང་ཟབ་མོ་ལ་བཟོད་ཅིང། །ཚིག་ཙམ་སྨྲ་མིན་རལ་གྲི་ལྟ་བུ་དང། །བཤེས་དང་བདེ་བ་ལས་ནི་རིང་གྱུར་པ། །དེ་ནི་བྱང་ཆུབ་ཉམས་པ་བསྲུང་བ་ཡིན། །ཚོགས་ལས་རིང་ཞིང་རབ་ཏུ་ཞི་ལ་མོས། །ར་དགས་སྐྲག་བཞིན་གནས་པ་མེད ་པར་སྤྱོད། །མཁའ་ལ་རླུང་བཞིན་རྙེད་ལ་ཆགས་མེད་པ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །ལུས་ལ་མི་ལྟོས་སྲོག་ནི་དོན་མི་གཉེར། །བར་དོར་གཉན་ལ་དགའ་འགྱུར་སྨོས་ཅི་དགོས། །བརྩོན་བརྩམས་བདག་གི་བག་མེད་ཅད་མི་འཛིན། །དེ་ནི་ཕྱི་མའི ་དུས་ན་བྱང་ཆུབ་སྣོད། །ཕྱི་དུས་འདིར་ནི་སེམས་ཅན་འབྱུང་འགྱུར་བ། བྱང་ཆུབ་དོན་དུ་བདག་གིས་སྤྱད་སྨྲ་ཞིང། །གང་དག་སེམས་ཀྱིས་ཆགས་དང་ཚུལ་འཆོས་བཅས། །འཛིན་བཅས་དེ་དག་ཆོས་འདི་བསྲུང་མི་ནུས་ཞེས་གསུངས་སོ། །བདེན་པའི་རྣམ་པའི་མདོ ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བསྟི་སྟང་གིས་ཆོས་ཚོལ་བར་བྱེད་ཅིང། བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་ལ། བསྟི་སྟང་གི་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱད་དོ། །ཤཱ་རིའི་བུ་ཇི་ལྟར་?? ་བྱང་ཆུབ་སེམས་དཔའ་བསྟི་སྟང་གིས་ཆོས་བཙལ་བར་བྱ་བ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་ཆོས་འདོད་པ་མཁན་པོ་དང། སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དེ་འཇིག་རྟེན་ན་མེད་དོ། །གང་ལུས་ཀྱིས་རིམ་གྲོ་མི ་བྱེད་པ་དེ་མེད་དོ། །གང་རྐང་པས་བཏང་བ་ལ་མི་སྤྲོ་བ་དེ་མེད་དོ། །གང་དག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་དུ་སྦྱར་ཏེ། ཆོས་རིན་པོ་ཆེ་ཐམས་ཅད་ལས་ཁྱད་པར་གྱུར་པ་ཡིན་པས་བདག་གིས་རིན་པོ་ཆེ་ཐམས་ཅད་བཏང་ནས ་ཆོས་རིན་པོ་ཆེ་བཙལ་ཞིང་བཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་འཆིང་བ་ཐམས་ཅད་གཅོད་པར་འགྱུར་བའོ། །ཆོས་འདི་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད ་མི་བདེ་བ་གཅོད་པར་འགྱུར་བའོ་སྙམ་ནས། རིན་པོ་ཆེའི་སེམས་བསྐྱེད། རྙེད་དཀའ་བའི་སེམས་སྐྱེད། སྨན་གྱི་སེམས་བསྐྱེད་དེ། ཆོས་འདི་ན་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད་པར་འགྱུར་བས། བདག་གིས་སེམས་ཅན་ཐམས་ཅད ་ཀྱི་ནང་ཉེ་བར་ཞི་བར་བྱ་བའི་ཕྱིར། ཆོས་འདི་ལྟ་བུ་བཙལ་བར་བྱའོ་ཞེས་དེ་ལྟ་བུའི་བསམ་པས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རིན་ཐང་མེད་པའི་སེམས་བསྐྱེད་ཅིང། བསྟི་སྟང་གིས ་ཆོས་ཡོངས་སུ་འཛིན་པར་བྱེད་ཅེ་ན། དེ་ཚིག་བཞི་པའི་ཚིགས་སུ་བཅད་པའི་ཆེད་དུ་རི་རབ་ཙམ་གྱི་རིན་པོ་ཆེའི་ཕུང་པོ་ཡོངས་སུ་བཏང་ཡང་དེ་ལ་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི། ཅི་སྟེ་གང་ཚིག་བཞི་པའི་ཚིགས་སུ་བཅད་པ་འདི་འཛིན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས ་བསྐྱེད་དོ། །ཆོས་ཀྱི་ཚིག་གཅིག་གི་ཆེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ། སྲིད་བའི་རྩེ་མོ་དང་མཉམ་པ་འདི་ཡོངས་སུ་གཏོང་ཡང་དེ་ལ་ནི་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི་ཅི་སྟེ་གང་ཆོས་ཀྱི་ཅི་སྟེ་གང་ཆོས་ཀྱི་ཆིག་གཅིག་པོ ་འཛིན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་གུས་པ་དང། དེ་ལྟ་བུའི་རི་མོར་བྱེད་པས་ཆོས་ཡོངས་སུ་འཛིན་པར་བྱེད་དེ། ཤཱ་རིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའ་ཨི་དོ་མཚར་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙན་དུ་སེམས ་ཅི་སྐྱེས་བུ་སྲོག་དོན་དུ་གཉེར་བས་སྲོག་གི་ཕྱིར་རིན་པོ་ཆེའི་ཕུང་པོ་འདི་ཙམ་ཡོངས་སུ་གཏོང་བ་ཡོད་དམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས ་འདོད་པས་ཆོས་ཀྱི་ཚིག་གཅིག་གི་དོན་གྱི་ཕྱིར་ཡང་བདག་ཉིད་ཚངས་པའི་འཇིག་རྟེན་ནས་འདོར་བའམ། ཡང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་ལ་འདི་ལ་འཇུག་ཏུ་ཟིན་ཀྱང་དཀའ་བའི་འདུ་ཤེས་སྐྱེད་པར་མི་བྱེད་ཀྱི། ཅི་སྟེ ་གང་ཆོས་ཀྱི་ཚིག་འཛིན་པ་དེ་ཉིད་ལ་དཀའ་བའི་འདུ་ཤེས་སྐྱེད་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསྟི་སྟང་དུ་བྱེད་པས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད ་ཅེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ན་ཟང་ཟིང་གིས་སེམས་སྐྱེད་པར་མི་བྱེད་དེ། བདག་གིས་སྦྱིན་པ་འདི་ལས་ཆོས་གོས་དང། བསོད་སྙོམས་དང། མལ་སྟན་དང། ན་བའི་གསོས་སྨན་དང། ཡོ་བྱད་རྣམས ་རྙེད་པར་འགྱུར་བ་འམ། ཐ་ན་བདག་གི་སྦྱིན་པ་འདི་ལས་ལེགས་སོ་ཞེས་བྱ་བ་ཡང་རྙེད་པར་འགྱུར་རོ་ཞེས། སྐྱེས་བུ་དམ་པ་དེ་དེ་ལྟ་བུའི་བསམ་པས་ཆོས་ཀྱི་སྦྱིན་པ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །འོན་ཀྱང་ཇི་ལྟར་སེམས་ཅན་འདི་དག་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི ་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུགས་པ་རྣམས་ལས་ཐར་བར་བྱ་ཞེས་དེ་ལྟར་ན་སྦྱིན་པ་སྦྱིན་པར་བྱེད་དེ། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་དག་ནི་དེ་ལྟ་བུའི་བསམ ་པ་དང། དེ་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །ཤཱ་རིའི་བུ་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ལ། ལ་ལ་ཞིག་འདི་སྐད་དུ། གལ་ཏེ་བདག་ལ་ཁྱོད་ཀྱི་ལུས་སྦྱིན་པ་ལྟ་ན། བདག་ཁྱོད་ལ་ཆོས་ཀྱི་སྦྱིན་པ་འདི་ལེན་པར་འདོད་དོ་ཞེས་ཟེར་ན ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་ཕན་པར་འདོད་པ་ཡོད་ན། འདི་སྐད་དུ་ཁྱོད་ལ་བདག་གི་ཡན་ལག་དང། ཉིད་ལག་ལས་མཆོག་དང་མཆོག་ཏུ་གྱུར་པའི་ཤ་དག་ཀྱང་ཟོ་ཤིག་།འདོད་ཆགས་ཟད་པར་བྱེད་པའི་ཆོས་འདི་ཡང་ཟུང ་ཤིག་ཅེས་སྨྲ་བར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་བྱེད་པ་ན་ཡང་དཀའ་བའི་འདུ་ཤེས་མི་བསྐྱེད་ཀྱི། ཅི་སྟེ་གང་འདི་ཆོས་ཀྱི་སྦྱིན་པ་དེ་སྟོན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་བསྐྱེད་པར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ ་ལྟ་བུའི་བསྟི་སྟང་གིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད། དེ་ལྟ་བུའི་བསྟི་སྟང་གིས་ཆོས་འཛིན་པར་བྱེད། དེ་ལྟ་བུའི་བསྟི་སྟང་གིས་ཆོས་ཚོལ་བར་བྱེད་དེ། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་ངེས་པར་ཡོངས་སུ་ཚོལ་བ་པོའི་སེམས་ཅན་ཡང་རྙེད་དཀའ་ ་པ་ཡིན། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་ཡོང་སུ་འཛིན་པ་པའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་སྦྱིན་པ་པོའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན་ཏེ། གང་རྙེད་དཀའ་བ་དེ་ནི་ངོ་མཚར་དུ་གྱུར་པ ་ཡིན་ལ། དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་བསྔགས་པར་བྱ་བ་ཡིན་ནོ། ཤཱ་རིའི་བུ་ཆོས་གསུམ་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྔགས་པ་བྱ་བ་རྗེས་སུ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པའི ་མདོ་ལས་ཀྱང། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ནས་འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་དགའ་བ་དང་རོལ་པར་བྱེད་ལ། སུ་ཞིག་དེའི་ཤིང་རྟ་འདྲེན་པར་མི་བྱེད་ན། འཇམ་དཔལ་དས་དེའི་ཤིང་རྟ་དྲང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ་གང་གི་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་ལ་སྨོད་ཅིང་ཉོན་མོངས་པ་ཐམས་ཅད་ཕམ་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་རྣམས་རྫོགས་པར་བྱེད། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས ་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྫོགས་པར་བྱེད་པའི་དུས་དེ་ནི་ཡོད་ལ། ཉན་ཐོས་ནི་སངས་རྒྱས་ཀྱི་ཆོས་རྣམས་མི་འཇུག་ཅིང། སེམས་ཅན་གྱི་ཁམས་ཀྱི་ཕྱིར་གོ་ཆ་གྱོན་པར་མི་ནུས་པ་དེས་ན་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ ་ཡོངས་སུ་གཟུང་བར་གསུངས་པར་མཛད་དོ། །འཇམ་དཔལ་བྱང་ཆུབ་རསེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་གཞལ་དུ་མེད་པ་ཡིན་པས། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཡོངས་སུ་བཟུང་བར་བྱའོ། །བྱང་ཆུབ་སེམས་དཔའ་ ་ཡོངས་སུ་གཟུང་བས་ནི་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་རོ། །དམ་པའི་ཆོས་ཡོངས་སུ་གཟུང་བས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བ་བྱས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བས་ནི་སངས་རྒྱས་ཀྱི་གདུང་མི་བཅད་པ་བྱས ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་གདུང་མི་བཅད་པར་འདོད་པས། ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལས་ཀྱང་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་ཉོན་མོངས་པ་ཐམས ་ཅད་དེས་པར་གཞོམ་པར་འདོད་པ་དང། ངན་འགྲོ་ངན་སོང་ཐམས་ཅད་དུ་ལྟུང་བའི་གནས་དགག་པར་འདོད་པས། བྱང་ཆུབ་སེམས་དཔའ་རྣམས་ཅུང་ཟད་ཙམ་གྱིས་ཀྱང་ཡོངས་སུ་བཟུང་བར་བྱའོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བའི་བདེ་བ་གྲངས་མེད་པའ ་ཡང་གྲངས་མེད་པ་རྗེས་སུ་མྱོང་བར་འདོད་པ་དང། དེ་བཞིན་དུ་བརྒྱ་བྱིན་དང་ཚངས་པའི་བདེ་བ་དག་རྗེས་སུ་མྱོང་པར་འདོད་པ་དང། བདུད་ཀྱི་ཞགས་པ་ཐམས་ཅད་བཅད་པར་འདོད་པ་ནས། བླ་ན་མེད་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བར་གྱིས་བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་བ་ལ་རྣལ་འབྱོར་དུ་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཀྱང། བདག་ཏུ་འདུ་ཤེས་དབང ་གྱུར་ནམ་དུ་ཡང། །བསྟན་པ་འདི་ལ་སྲུང་བར་བྱེད་མི་ནུས། །བདེ་བར་གཤེགས་པའི་བྱང་ཆུབ་ཕྱིར་སྤངས་པ། །རབ་ཏུ་སྟོན་པ་ཕྱི་མའི་དུས་ན་དཀའ་། །གང་ཞིག་ཀུན་ནས་བདག་གི་འདུ་ཤེས་སྤོང། །གང་ཟག་སྨྲ་ལ་བརྟེན་པའི་སེམས་ཅན་དང། ། ་གཟུགས་དང་སྒྲ་དང་དྲི་དང་རོ་དང་ནི། །རེག་བྱ་སྤོང་འགྱུར་དེ་ནི་བསྟན་སྲུང་ཡིན་ཞེས་གསུངས་སོ། །དམ་པའི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན ་འདས་དམ་པའི་ཆོས་ཡང་དག་པར་སྡུད་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོག་ཏུ་གཙོ་བོར་གྱུར་པའི་འཕྲིན་ལས་ལགས་སོ། །བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡང་དག་པར་བསྡུད་པ་ལ་མངོན་པར་བརྩོན་པ་ནི་སངས་རྒྱས་རྣམས ་མཉེས་པར་བྱེད་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ལ་བླ་མར་མཛད་པའི་སླད་དུའོ། །བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་སྡུད་པ་གང་ལགས། འདི་ལྟ་སྟེ་ཚིག་དང་དོན་གྱི་སྒོ་ནས ་སེམས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་སྟོན་པ་དང་ཁ་ཏོན་བྱེད་པ་ནི་དམ་པའི་ཆོས་ཡང་དག་པར་སྡུང་པ་ཡིན་ནོ་ཞེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས་ཀྱང། ཚངས་པ་ཆོས་བཞི་དང་ཡང་དག ་པར་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཚོལ་བར་འགྱུར་ཏེ། བཞི་གང་ཞེ་ན། རྙེད་དཀའ་བའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང། ནད་ཐམས་ཅད་ཞི་བར་བྱེད་པའི་དོན་གྱིས་སྨན་གྱི་འདུ་ཤེས་དང། རྣམ་པར་འཇིག་པ་མེད་པའི ་དོན་གྱི་ནོར་གྱི་འདུ་ཤེས་དང། མྱ་ངན་ལས་འདའ་བའ་ཨི་དོན་གྱིས་སྡུག་བསྔལ་ཐམས་ཅད་ཉེ་པར་ཞི་བའི་འདུ་ཤེས་ཏེ། བཞི་པོ་འདི་དག་དང་ངོ། །ཚངས་པ་ཆོས་བཞི་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཁོར ་གྱི་ནང་དུ་ཉེ་བར་འགྲོ་བའི་ཡང་དག་པར་འཇུག་པའི་ཐབས་ལ་མཁས་པར་འགྱུར་ཏེ། བཞི་གང་ཞེ་ན། ཁྱད་པར་དུ་མི་གསོང་བའི་དགོངས་པ་ཉིད་ཀྱི་ཆོས་དོན་དུ་གཉེར་བ་ཅན་ཉིད་དང། ཁེངས་ཤིང་ང་རྒྱལ་མེད་པ་ཉིད་ཀྱིས་གུས་པ་དང་བཅས་པ་ཉིད ་དང། བདག་ལ་བསྟོད་པ་མེད་པ་ཉིད་ཀྱིས་ཅི་ཞིག་ཅེས་དགེ་བའི་ཚོལ་བ་ཉིད་དང། རྙེད་པ་དང་བཀུར་སྟིའི་རྒྱུ་མ་ཡིན་པར་སེམས་ཅན་གཞན་དགེ་བའི་རྩ་བལ་ཡང་དག་པར་སྦྱོར་པ་ཉིད་དེ་བཞི་བོ་འདི་དག་དང་ངོ་ཞེས་གསུངས་སོ། །རྒྱུ་ཅི་ཞིག་གས་བསྟན་པ་ནུབ ་པར་འགྱུར་བ་དམ་པའི་ཆོས་ནུབ་པ་ལ་དགོངས་པ་སྟན་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང། འོད་སྲུངས་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ན་རིན་པོ་ཆེ་ཐམས་ཅད་བསྡུས་པ་ཞེས་བྱ་བ། རྡོ་རྗེའི་ཚོགས་ནོར་བུ་རིན་པོ་ཆེ་ཆེན་པོ་ཞིག་ཡོད་ལ། དེ་ཇི་སྲིད་དུ ་ཉི་མ་བདུན་པ་ཤར་བར་གྱུར་ཅིང། ཚངས་པའི་འཇིག་རྟེན་གྱི་བར་དུ་འགྲོ་བར་འགྱུར་བའི་ཚེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལེན་པར་མི་འགྱུར་འཇིག་པར་མི་འགྱུར་གྱི། གང་ན་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ཀྱི་ཞིང་ན་ཡོང་པའི་རྒྱ་མཚོ་ཆེན་པོ ་དེར་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་འཐོ་བར་འགྱུར་རོ། །འོད་སྲུངས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་རྒྱ་མཚོ་ཆེན་པོ་གཞན་དུ་མ་འཕོས་པར་འཇིག་རྟེན་གྱི་ཁམས་འདི་འཚིག་པར་འགྱུར་པ་གང་ཡིན་པ་ནི་གནས་མེད་ཅིང་གོ་སྐབས་མེད་དེ་དེ་ནི་གནས་ཡོད་པ་མ་ཡིན་པ ་ཉིད་དོ། །འོད་སྲུངས་དེ་བཞིན་དུ་དམ་པའི་ཆོས་ཡོངས་སུ་ཉམས་པར་འགྱུར་བ་ན། དེ་ལྟ་བུའི་ངོ་བོ་སྐྱེས་བུ་དམ་པ་དག་།འཇིག་རྟེན་གནས་པ་འདིར་དམ་པའི་ཆོས་མ་ཡིན་པ་བདུན་འབྱུང་བར་འགྱུར་བའི་ཚེ། སངས་རྒྱས ་ཀྱི་ཞིང་གཞན་དག་ཏུ་འཕོ་བར་འགྱུར་རོ། །དམ་པའི་ཆོས་མ་ཡིན་པ་བདུན་པོ་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཀྱི་གནས་དང། སྡིག་པའི་གྲོགས་པོས་ཡོངས་སུ་འཛིན་པ་དང། ལོག་པའི་སྦྱོར་བ་དང། ཕན་ཚུན་འཚེ་བའི་སྦྱོར་བ་དང། དགེ་བའི་རྩ་ལ ་རྣམ་པར་འཇོམས་པར་བྱེད་པའི་ལྟ་བས་བྱས་པའི་ཐིབས་པོ་དང། ཐོབ་པ་མེད་པའི་དང། མངོན་པར་རྟོགས་པ་མེད་པའོ། །དམ་པའི་ཆོས་མ་ཡིན་པ་བདུན་པོ་དེ་དག་བྱུང་བར་གྱུར་པ་ན། སྐྱེས་བུ་དམ་པ་དག་སེམས་ཅན་རྣམས་སྣོད་མ་ཡིན་ནོ་སྙམ་དུ་རིག ་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུར་ཏེ། དེ་དག་དེ་ན་སངས་རྒྱས་བལྟ་བ་དང། དམ་པའི་ཆོས་མཉན་པ་དང། སེམས་ཅན་ཡོངས་སུ་སྨིན་པ་དང། དགེ་བའི་རྩ་བ་བསམས་པ་ཉིད་དང་མི་འབྲལ་བར་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་ཀྱི ་སྡེ་སྣོད་ཀྱི་མདོ་ལས་ཀྱང། ཤཱ་རིའི་བུ་མངོན་པའི་ང་རྒྱལ་ཅན་དང། ཚུལ་ཁྲིམས་འཆལ་བ་དང། མ་ངེས་པའི་ཆོས་སྟོན་པའི་དགེ་སློང་རྣམས་ལས་དགེ་སློང་ཕལ་ཆེར་འཚོ་བས་འཇིགས་པས་འཇིག་རྟེན་གྱི་ཟང་ཟིང་ལ་འཆུམས་པ། ་ཟས་དང་གོས་ལྷུར་ལེན་པ་དེ་དག་གིས། དའི་བསྟན་པ་ནི་ནུབ་པར་འགྱུར་ཏེ། ཤཱ་རིའི་བུ་འདི་ལྟ་བུའི་ཆོས་དཀོན་མཆོག་ལ་དེ་ལྟར་སྨོད་པ་ཆེན་པོ་བྱེད་པ་ནི་འོས་མ་ཡིན་ནོ། །གང་ལ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་འདི་ལྟར ་གུས་པ་དང་བཅས་པ། འདི་ལྟར་ཞེས་དང་བཅས་པ། རང་སངས་རྒྱས་ཐམས་ཅད་དང། དགྲ་བཅོམ་པ་ཐམས་ཅད་ཀྱིས་འདི་ལྟར་གུས་པ་དང་བཅས་པ། འདི་ལྟར་ཞེ་ས་དང་བཅས་པ། མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་རྣམས་དང། ་ཚུལ་ཁྲིམས་འཆལ་པ་དང། མ་ངེས་པའི་ཆོས་སྟོན་པའི་དགེ་སློང་རྣམས་ཀྱིས་ཤིན་ཏུ་ཟིལ་གྱིས་གནོན་པ་དང། ཤིན་ཏུ་སྤོང་པར་འགྱུར་རོ། །དེ་དག་ནི་བརྐམ་ཆགས་དང་སྐྲེད?་པས་ཟིལ་གྱིས་ནོན་པ་དང། འཚོ་བའི་འདམ་དུ་བྱིང་བ་དང། ། ་ཟང་ཟིང་ལྷུར་ལེན་པ་དང། ཕྲག་དོག་དང་སེར་སྣའི་ཀུན་ཏུ་སྦྱོར་བ་དང་ལྡན་པས་ཕན་ཚུན་རྩོད་པ་འབྱུང་བར་འགྱུར་རོ། །བྱེ་ནས་མི་མཐུན་བས་ཕན་ཚུན་དུ་གུས་པ་མེད་པ་དང། འཁུ་བ་དེང་ཕྲག་དོག་གི་ལམ་གྱིས་འཁུ་བ་དང། སློབ་དཔོན་ལ་ཁྱད ་དུ་གསོད་པ་དང། སྤྲེའུ་འདྲ་བར་སྤྱོད་པ་དང། གདོལ་པ་དང། ལུས་མ་བསྒོམ་པ་དང། སྡིག་པའི་ལས་ཀྱི་མཛའ་འཆབ་པ་དག་དགེ་སྦྱོང་གིས་ཆོས་རྣམས་ལས་ཤིན་ཏུ་ཉམས་པ་ཉིད་ཡིན་ནོ། །ཤཱ་རིའི་བུ་དེ་ལ་བདུད་སྡིག་ཅན་གིས་སྐྱེས་བུ་དམ་པ་མ ་ཡིན་པ། སྡིག་པ་འདོད་པ། འདོད་ཆེན་ཆེ་བ་ཟང་ཟིང་ལྷུར་ལེན་པ། འཚོ་བའི་ལམ་དུ་བྱིང་བ་དེ་ལྟ་བུ་དེ་དག་གི་བསམ་པ་རིག་ནས། ཇི་ལྟར་ངའི་ཆོས་འདུལ་བ་འདི་རྣམ་པ་ལྔར་འགྱུར་པ་དེ་ལྟ་བུའི་གནས་སྐབས་དག་བྱེད་པར་འགྱུར་རོ། །ད་དག་གིས་རྣམ་པ་ལྔར ་ཕྱེ་ནས་རྩོད་པར་འགྱུར་ཞིང། དེ་དག་ཕན་ཚུན་དུ་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ལ་མི་སྙན་པ་སྒྲོགས་པར་འགྱུར་རོ། །འདི་ལྟ་སྟེ་དེ་ལྟར་གཅིག་ལ་གཅིག་ཁ་ཟེར་བ་དང། གཅིག་ལ་གཅིག་གུས་པ་མེད་པ་དང། ཞེ་ས་མེད་པ་དང། སྟོན་པའི་བཀའ་བཞིན ་མི་བྱེད་པ་དེའི་ཚེ། དེ་དག་གཅིག་ལ་གཅིག་འདེམས་པར་མི་འགྱུར། རྗེས་སུ་སྟོན་པར་མི་འགྱུར་ཞིང། གང་དག་བྱ་བ་མ་ཡིན་པའི་གནས་བྱེད་པ་དག་མཐོང་ན། དེ་ལ་ཅུང་ཟད་ཀྱང་དགའ་བར་མི་བྱེད་དེ། དེ་དག་སྐྲག་ནས་གནས་གཏོང་བ་འམ་ཡུལ་གཏོང། ་བར་བྱེད་ཀྱི། ཆོས་དང་མཐུན་པས་གདམས་ངག་དབོག་པ་འམ། རྗེས་སུ་བསྟན་པར་མི་ནུས་སོ། །དེ་དག་ཕྱོགས་སུ་ལྟུང་ནས་གཅིག་ལ་གཅིག་གིས་བྱིས་པའི་ངའོ་སྙམ་པའི་ང་རྒྱལ་འབྱིན་པར་འགྱུར་ཞིང་ཕན་ཚུན་ནས་རང་གི་སྡེ་པའི་ཕྱོགས་སྤོང་བར་འགྱུར་རོ། །ཤཱ་རིའི ་བུ་དེ་དག་ནི་མཐོང་ན་ཡང་ཕན་ཚུན་དུ་དགའ་བར་མི་འགྱུར་ན། གདམས་ངག་རྗེས་སུ་བསྟན་པ་ལེན་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་བཞུགས་པ་ན་སངས་རྒྱས་དཀོན ་མཆོག་གཅིག་།ཆོས་དཀོན་མཆོག་གཅིག་།དགེ་འདུན་དཀོན་མཆོག་གཅིག་ཡིན་ལ། ཡོངས་སུ་མྱ་ངན་ལས་འདས་ནས་ནི་བསྟན་པ་ཡང་རྣམ་པ་ལྔར་འགྱུར་རོ། །ཤཱ་རིའི་བུ་བདུད་སྡིག་ཅན་གྱིས་འདུན་པ་བྱིན་པའི་སྐྱེས་བུ་གཏི་མུག་ལྷས་བྱིན་དགེ་འདུན ་འབྱེད་པ་ལ་མངོན་པར་བརྩོན་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་མངོན་སུམ་དུ་གྱུར་པ་ན་ནི་བདུད་སྡིག་ཅན་གྱིས་རྨོངས་པར་བྱ་མི་ནུས་སོ། །ཤཱ་རིའི་བུ་གང་ཡང་བསྟན་པ་འདི་ལ་བདུད་སྡིག ་ཅན་དགེ་སྦྱོང་གི་གཟུགས་སུ་མངོན་པར་སྤྲུལ་ནས་ལོག་པ་འཛིན་པ་རྣམ་པ་དུ་མར་རབ་ཏུ་སྟོན་ཅིང། དེ་ལ་སྐྱེ་བོ་མང་པོ་རབ་ཏུ་འགོད་པར་འགྱུར་བའི་དུས་དེ་དང་དེ་དག་འབྱུང་བར་འགྱུར་རོ། །དེ་ལོག་པར་འཛིན་པ་འདི་ལྟ་བུ་འདི་དག་རབ་ཏུ་སྟན་པར་འགྱུར་ཏེ། ་ཡིད་ཀྱི་ཁམས་ཀྱི་གཞི་ལྔ་པོ་འདི་ལྟ་སྟེ། ཆ་དང་མཐུན་པའི་གཞི་དང། ཐམས་ཅད་ཡོད་པར་སྨྲ་བའི་གཞི་དང། གང་ཟག་གི་གཞི་དང། དམིགས་པའི་གཞིའོ། །ཤཱ་རིའི་བུ་ལོག་པར་འཛིན་པ་འདི་ལྟ་བུ་འདི་དག་རབ་ཏུ་སྟོན་པར་འགྱུར་ཏེ། དེ་ནི ་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ཀྱིས་ཀྱང་མ་བཤད་དོ། །དེའི་ཚེ་བདུད་སྡིག་ཅན་གྱིས་དེ་དག་མངོན་པར་ཟིལ་གྱིས་མནན་རྨོངས་པར་བྱས། རྨུགས་པར་བྱས། ལྷག་པར་འཐིབས་ཀྱིས་མནན། མཐུ་ཅན་བྱས། མངོན་པར་ཞེན་པར་བྱས་ནས། ་རང་རང་གི་ལྟ་བ་མཆོག་ཏུ་འཛིན་ཏེ། འདི་ཁོ་ན་བདེན་གྱི་གཞན་གྱི་འདི་ཁོ་ན་ནི་རྨོངས་པ་ཡིན་ནོ་ཞེས་གླེང་བར་བྱེད་དོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་མ་འོངས་པའི་ཆོས་ཀྱི་བར་ཆད་ལ་ཀུན་ཏུ་གཟིགས་ནས་བདུད་སྡིག་ཅན་གྱི་ཕྱོགས་ཚར ་བཅད་པ་དང། གཞོམ་པའི་ཕྱིར་དེ་ལྟ་བུའི་མདོ་སྡེ་འདི་ཡང་དག་པར་སྟོན་ཏོ། །ཤཱ་རིའི་བུ་དེའི་ཚེ་མངོན་པའི་ང་རྒྱལ་ཅན་གྱིས་འཛད་བུའི་གླིང་ནི་རབ་ཏུ་གང་བར་འགྱུར་རོ། །དེ་དག་གནས་སྐབས་ཙམ་གྱིས་ཐོབ་པར་ཐོབ་བོ་སྙམ་པའི་འདུ་ཤེས་ཅན་དུ ་འགྱུར་ཏེ། དེ་དག་འཆི་བའི་དུས་ཀྱི་ཚེ་ཕལ་ཆེར་ངན་འགྲོ་རྣམས་སུ་རབ་ཏུ་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྔ་བརྒྱ་པ་ཐ་མ་ལ། འཇིག ་རྟེན་དུ་བྱུང་བར་གྱུར་པ་འདི་ལྟ་བུའི་ངོ་བོའི་ངོ་བོ་མདོ་སྡེ་འདི་དག་གི་རྣམ་པ་འཇིག་པ་བཞི་འབྱུང་བའི་དུས་དེ་ནི་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། དགེ་སློང་རྣམ་པར་འཇིག་པ་དང། ཆོས་རྣམ་པར་འཇིག་པ་དང། སེམས་ཅན་རྣམ་པར་འཇིག་པ་དང། རྒྱལ ་སྲིད་རྣམ་པར་འཇིགས་པའོ། །འོད་སྲུངས་རྣམ་པར་འཇིག་པ་བཞི་པེ་འདི་དག་འཇིག་རྟེན་དུ་བྱུང་བར་གྱུར་པ་ན། སེམས་ཅན་མང་པོ་ངན་སོང་ངན་འགྲོར་འགྲོ་བར་འགྱུར་རོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྟོན་པ་མངོན་སུམ་དུ་གྱུར་པ་དང། བསྟན་པ་གཙོ་བོ ་དང། མཆོག་དང་སྙིང་པོར་གྱུར་པ་ན་སེམས་ཅན་མང་པོ་བདེ་འགྲོར་འགྲོ་བར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་སེམས་ཅན་མང་པོ་ངན་སོང་དུ་འགྲོ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བ་ནི་ཉུང་ངོ། །འོད་སྲུངས ་འདི་ལྟ་སྟེ། དཔེར་ན་སྟོན་པ་མངོན་སུམ་གྱུར་པ་དང། བསྟན་པ་གཙོ་བོ་དང་མཆོག་དང་སྙིང་པོར་གྱུར་པ་ན་སེམས་ཅན་མང་པོ་བདེ་འགྲོར་འགྲོ་བར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་རྣམ་པར་འཇིག་པ་བཞི་པོ་འདི་དག་འཇིག་རྟེན་དུ་བྱུང་བར་གྱུར་ན། འཇིག་རྟེན ་གནས་པ་འདི་འཕེལ་པ་འགྲིབ་པ་ཐོབ་པར་འགྱུར་རོ། །དེ་ལ་ཀུན་ནས་གཡེང་བའི་རང་བཞིན་ཅན། གུ་ལ་ཀུན་ཇ་ཀ་ལྟ་བུར་གྱུར་པ་དང། རྩཝ་མུན་ཛ་དང་བལ་བ་ཛ་ལ་ལྟ་བུར་གྱུར་པའི་དང། །འཇིག་རྟེན་གནས་པ་ནི་འཁོར་ལོ་ལ་ཞོམ་པ་ལྟ་བུར་འགྱུར་རོ། །འོད་སྲུངས ་དེ་ལ་ཇི་ལྟར་ན་དགེ་སློང་རྣམ་པར་འཇིག་པར་འགྱུར་བ་དང། དགེ་སློང་རྣམ་པར་འཇིག་པའི་ངོ་བོ་ཅི་ཞིག་ཡིན་ཞེ་ན། འོད་སྲུངས་དགེ་སློང་རྣམས་ཚུལ་ཁྲིམས་དང་བསམ་གཏན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང། རྣམ ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་རྣམ་པར་འཇིག་པར་འགྱུར་རོ། །གང་ཁྱིམ་པ་གོས་དཀར་པོ་ཅན་རྣམས་ལ་རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོད་པ་དང་ཕྱིར་མི་འོང་བའི་འབྲས་བུའི་མ་བསྒྲིབས་པའི་སྒོ་དེ་ནི། དེའི་ཆེ་ཚུལ་ཁྲིམས་སྤངས་པ། ་དགེ་སྦྱོང་གི་ཡོན་ཏན་དང་བྲལ་བ། སྐྱེས་བུ་བླུན་པ། འཚོ་བ་ལྷུར་ལེན་པ་ཉམས་པ། ཉམས་པས་རབ་ཏུ་བྱུང་བ། འཕངས་པ། སངས་རྒྱས་ཀྱི་བསྟན་པ་སྤངས་པ། དམྱལ་བ་དང། དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན་གྱི་གཙོ་བོ། ཡོངས་སུ་ཟད ་པ་དམུ་རྒོད་དེ་དག་ལ་རྗེས་སུ་མཐུན་པའི་བཟོད་པ་ཡིན་པར་ཡང་མི་འགྱུར་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་པའི་འབྲས་བུ་དང། དགྲ་བཅོམ་པའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་མིང ་ཙམ་ཡང་ཐོབ་པར་མི་འགྱུར་ན། དགེ་སྦྱོང་དང་འཕགས་པའི་ཆོས་ལྟ་སྨོས་ཀྱང་ཅི་དགོས། ཟབ་མོའི་ཆོས་ཐོས་ནས་ཆེས་སྐྲག་པ་འཐོབ་པར་འགྱུར་པ་དང། རབ་ཏུ་སྤོང་བ་འཐོབ་པར་འགྱུར་བ་དེ་ནི་ངན་སོང་དུ་འགྲོ་བའོ་ཞེས་ང་སྨྲའོ། །འོད་སྲུངས་དེ་ལྟང ་ན་དགེ་སློང་རྣམ་པར་འཇིག་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་རྣམ་པར་འཇིག་པར་འགྱུར། ཆོས་རྣམ་པར་འཇིག་པའི་ངོ་བོ་ནི་ཅི་ཞིག་ཡིན་ཞེ་ན། འོད་སྲུངས་ཆོས་རྣམ་པར་འཇིག་པར་འགྱུར་རོ། །ཇི་ལྟ་བུའི་རྣམ་པས་ཆོས་རྣམ་པར་འཇིག་པར་འགྱུར ་ཞེ་ན། དགེ་སློང་གང་ཡང་རུང་བ་འབའ་ཞིག་དགེ་སློང་གཉིས་པ་དང་ལྷན་ཅིག་སངས་རྒྱས་ཀྱི་གསུངས་སྒྲོགས་པ་ལ་མི་མཐུན་པར་འགྱུར་རོ། །དེ་དག་ལུགས་གཞན་དང་གཞན་འཛིན་པར་འགྱུར་ཏེ། དཔེར་ན་གཉེན་གྱི་བུ་མུ་སྟེགས་ཅན་གཅེར་བུ་བ་བཞིན ་ནོ། འོད་སྲུངས་འདི་ན་ཙམ་ཀར་གཉེན་གྱི་བུ་གཅར་བུ་བ་འཆི་བའི་དུས་བྱས་པར་གྱུར་ལ། དེ་འཆི་བའི་དུས་བྱས་པ་ན་གཅེར་བུ་པ་རྣམས་སོ་སོར་གྱུར་ཏེ། ང་ནི་ཆོས་འདུལ་བ་འདི་ཤས་པའོ། །ཁྱོད་ནི་ཆོས་འདུལ་བ་མི་ཤེས་པའོ། །སྔོན་དུ་སྨྲ་བར ་བྱ་བ་ཕྱི་ནས་སྨྲོས་ཤིག་།ཕྱི་ནས་སྨྲ་བར་བྱ་བ་སྔོན་དུ་སྨྲོས་ཤིག་།འདྲེས་པ་དང་མ་འདྲེས་པ་དང། སྒྲོ་གདགས་པར་བྱ་བ་དང། རྩད་པའི་གཞི་སྨྲོས་ཤིག་།གལ་ཏེ་མཐུ་ཡོད་ན་རྩོད་ལས་གྲོལ་བར་བྱ་བའི་ཕྱིར་ངེས་པར་གྱིས་ཤིག་ཅེས། དེ་དག་ཕན ་ཚུན་འབྱེད་པ་དང་རྩོད་པ་དང་རྒོལ་བ་ཐོབ་པར་འགྱུར་ཏེ། དེ་དག་ཕན་ཚུན་ཚིག་གི་མཐུ་དང། ཚིག་རྩུབ་མོས་སྐྱབས་མེད་པ་དང། རྟེན་མེད་པ་དང། མཆོད་རྟེན་བཤིག་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་རྟོགས་པ་མེད་པའི་ཕྱིར་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་འདུལ་བ་ལས་རིང་དུ་གྱུར་པའི་ཕྱིར་རོ། །འོད་སྲུངས་ཁྱིམ་པ་གོས་དཀར་པོ་ཅན་དག་གཅེར་བུ་རྩོད་པར་གྱུར་པ་དེ་དག་ལ་ལྟ་བར་ཡང་མི་འདོད་ན། ལོག་པར་བཤད་པའི་ཆོས་འདུལ་བ་ཉན་པ་ལྟ་ཅི་སྨོས། ་འོད་སྲུངས་དེ་བཞིན་དུ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མར་གྱུར་པ་ན། དགེ་སློང་གང་དག་ཆོས་མི་ཤེས་པ། དུས་མི་ཤེས་པ། ཕར་མི་ཤེས་པ། མར་མི་ཤེས་པ། ཆོས་ལས་ཉམས་པ། ཆོས་ཀྱི་ཆོམ་རྐུན་དག་འབྱུང་བར་འགྱུར་བ་དེ་དག་ཆོས་ལ ་ཕྱོགས་པར་གནས་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པས་ཡང་དག་པར་བྱུང་བའི་བྱང་ཆུབ་དེ་དག་བསྣུབ་པའི་ཕྱིར་རབ་ཏུ་འབད་པར་འགྱུར་རོ། །དེ་དག་ཆོས་ལ་ཕྱོགས་པའི་ཁྱིམ་དུ་ཞུགས་ནས་ཁྱིམ་གྱི་བུད་མེད་དང་ཁྱིམ་གྱི་གཞོན ་ནུ་མ་རྣམས་དང་ལྷན་ཅིག་ལུགས་ཉམས་པར་འགྱུར་རོ། །ཆོས་སྤངས་པ་ཚུལ་ཁྲིམས་སྤངས་པ་བྱས་པ། ལྟ་བར་མི་འོས་པ། གནམ་ལྕགས་འབར་བ་ལྟ་བུ་དེ་དག་ལ། ཁྱིམ་པ་ཆོས་དཀར་པོ་ཅན་དག་ཡིད་རྟོན་པ་མི་འགྱུར་ཞིང། དེ་དག་ལ་ལྟ་བར ་ཡང་མི་འདོད་ན་ཉེ་བར་འགྲོ་བ་དང་བསྙེན་བཀུར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་དེའི་ཚེ་ལྷའི་ཚོགས་རྣམས་ཀྱང་བསྟན་པ་བསྣུབ་པ་དང། དམ་པའི་ཆོས་བསྣུབ་པར་བྱེད་དོ་སྙམ་ནས་ཡིད་མི་བདེ་བར་འགྱུར། ཀྱཻ ་མའོ་ཤཱཀྱའི་བསྟན་པ་འདི་ནི་རིང་པོར་མི་གནས་སོ་ཞེས་དེ་དག་ཡིད་མི་བདེ་པ་ཉིད་ཀྱི་འདོད་བར་འགྱུར་ཏེ། འོད་སྲུངས་དེ་ལྟར་ན་ཆོས་རྣམ་པར་འཇིག་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་སེམས་ཅན་རྣམ་པར་འཇིག་པར་འགྱུར། །སེམས་ཅན་རྣམ ་པར་འཇིག་པའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སེམས་ཅན་རྣམས་འབྱེད་པ་དང། འཐབ་པ་དང། རྩོད་པ་ལ་ཞུགས་པ་དང་འགལ་པ་དང་སྡང་བར་འགྱུར་རོ། །འབྱེད་པ་དང། འཐབ་པ་དང། རྩོད་པ་ལ་ཞུགས་པ་དང། འགལ་བ་དང་སྡང་པ ་དེ་དག་གིས་རྒྱལ་པོ་ཆོས་དང་མི་ལྡན་པར་འགྱུར། རྒྱལ་བུའི་ཚོགས་དང་བློན་པོ་ཆེན་པོ་དང་སྒོ་སྲུངས་དང། འཁོར་རྣམས་དང། གྲོང་རྡལ་དང། ལྗོངས་དག་ཀྱང་ཆོས་དང་མི་ལྡན་པ་དང། ཆོས་མ་ཡིན་པ་དང་ལྡན་པར་འགྱུར་རོ། །འབྱེད་པ་དང ་འཐབ་པ་དེ་དག་གི་རྒྱལ་པོ་ནི་རྩོད་པ་དང་འདོད་པས་བྱིང་བ་དང། ཡང་བའི་འདོད་པས་ཟིལ་གྱིས་གནོན་པ། ཆོས་མ་ཡིན་པ་འདོད་པ་ཆོས་མ་ཡིན་པ་དང་ལྡན་པ། ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པར་འགྱུར་རོ། །ཆོས་མ་ཡིན་པ་ལ་འདོད་ཆགས ་ཀྱིས་ཆགས་པའི་བར་དང་ལྡན་པ་དེ་ལ་ལྷ་རྣམས་དུས་དུས་སུ་ཆར་འབེབས་པར་མི་འགྱུར། དུས་དུས་སུ་རླུང་འབྱུང་བར་མི་འགྱུར་ཞིང་ཡ་ང་བའི་རླུང་བྱུང་བར་འགྱུར་རོ། །ཞིང་པ་དང་ཁྱིམ་བདག་དེ་དག་གིས་ས་ལ་ས་བོན་བཏབ་པ་དེ་དག་དུས་དུས་སུ་འཕེལ ་བ་དད་རྒྱས་པར་མི་འགྱུར་རོ། །དེར་ལོ་ཏོག་གང་སྨིན་པར་གྱུར་པ་དེ་དག་མི་འམ་མི་མ་ཡིན་པ་འམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ལོངས་སྤྱོད་པ་དེ་དག་མདོག་ངན་པར་འགྱུར། ལྟ་བར་མི་འོས་པ་དང་དམན་པར་འགྱུར། མདོག་མི་སྡུག ་ཅིང་རིད་པར་འགྱུར། རྒྱུས་པ་ཙམ་དུ་གནས་པ་དང། ཚེ་ཐུང་ཞིང་གནས་པ་དང་འཚོ་བར་འགྱུར་རོ། །དེ་དག་ལས་གང་ཆེར་སྡང་བ་དང་སྡིག་པ་ཆེ་བར་འགྱུར་བ་དེ་བཀུར་བ་དང་རིམ་གྲོ་དང་མཆོད་པར་འགྱུར་ཏེ། གང་གི་ཕྱིར་དམ་པའི་ཆོས་ནུབ་པར་གྱུར་པ ་ན། སེམས་ཅན་གཟི་བརྗིད་དང་ལྡན་པ་ཉུང་བ་དང་ནུབ་པར་འགྱུར་རོ། །དེར་རྒྱལ་པོ་ཡན་ལག་བཞིའི་དཔུང་གི་ཚོགས་གོ་གྱོན་ནས། ཕ་རོལ་གྱི་ནོར་དག་དང་ཕ་རོལ་གྱི་ཡུལ་དག་དང་ཕ་རོལ་གྱི་རྒྱལ་སྲིད་ལ་འཐོབ་པར་བྱེད་པར་འགྱུར་རོ། །དེར་ཡན ་ལག་བཞིའི་ཚོགས་དང་ལྷན་ཅིག་སོང་བ། དེ་ལྟར་སྡང་པའི་སེམས་དང། རྣམ་པར་འཚེ་བའི་སེམས་དང་ལྡན་པ། དགེ་བའི་རྩ་བ་ཡོངས་སུ་ཉམས་པ། བདག་དང་གཞན་ལ་མི་ཕན་པར་ཞུགས་པ་དེ་དག་གླང་པོའི་ཚོགས་དང་གླང་པོའི་ཚོགས་ལྷན ་ཅིག་སོགས་པར་འགྱུར་བ་དང། རྟ་པའི་ཚོགས་དང་རྟ་པའི་ཚོགས་ལྷན་ཅིག་སོགས་པར་འགྱུར་བ་དང། མི་རེད་གི་ཚོགས་དང་མི་རེང་གི་ཚོགས་ལྷན་ཅིག་སོགས་པར་འགྱུར་རོ། །དེར་དེ་དག་བསགས་པར་གྱུར་པ་ན། ཇི་ལྟར་ཇི་ལྟ་བར་ཚོགས་ལ་ཚོཊ ་ལྷགས་པར་འགྱུར་རོ། །ཁྲག་གི་ཆུ་ཀླུང་འབབ་པར་འགྱུར་རོ། །གང་ན་སེམས་ཅན་གསོན་པོར་གྱུར་པ་གང་ཡིན་པ་དེ་དག་ཀྱང། གཡུལ་གྱི་སྟེང་ན་གནས་པ། ཡིད་དགའ་བ་དང་བཅས་པ། རབ་ཏུ་མགུ་བ། ཡིང་བདེ་ཞིང་མགུ་བ་སྐྱེས་པ། དམྱལ་བ་དང ་གཞོལ་བ། དམྱལ་བའི་གཙོ་བོ་དེས་ས་ལྕགས་སྒྲོགས་གིས་བཅིངས་ཏེ། རང་གི་ཡུལ་ནས་ཕ་རོལ་གྱི་ཡུལ་དུ་འཁྱེར་བར་འགྱུར་རོ། །དེ་དག་ཀྱང་ལམ་ན་གནས་པ་ན་འཆི་བར་འགྱུར་བ་དང། ཕ་རོལ་གྱི་ཡུལ་དུ་ཕྱིན་པ་ན་འཆི་བར་འགྱུར་རོ། །ཆས་མ་ཡིན ་པ་ལ་སྤྱོད་པ་དེ་དག་ལ་ཆར་འབབ་པ་དང་ལོ་ཏོག་འབྱུང་བར་ག་ལ་འགྱུར། དེ་དག་སྡང་སེམས་ཀྱི་འཆི་བའི་དུས་བྱེད་པར་འགྱུར། བཀྲེས་པས་ཉེན་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར། ཕལ་ཆེར་དན་སོང་གསུམ་དུ་ལྟུང་བར་འགྱུར། མིའི་འཇིག་ ་རྟེན་སྟོངས་པར་འགྱུར། ལྷའི་འཇིག་རྟེན་སྟོང་པར་འགྱུར། འོད་སྲུངས་དེ་ལྟར་ན་སེམས་ཅན་རྣམ་པར་འཇིག་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་རྒྱལ་སྲིད་རྣམ་པར་འཇིག་པར་འགྱུར། རྒྱལ་སྲིད་རྣམ་པར་འཇིག་པའི་ངོ ་བོ་ནི་ཅི་ཞིག་ཡིན་ཞེ་ན། འོད་སྲུང་རྒྱལ་པོ་དང་ཚོམ་རྐུན་དང་མེ་དང་མུ་གེ་དང་ཆུ་དང་མི་དང་མི་མ་ཡིན་པ་དག་གིས་རྒྱལ་སྲིད་རྣམ་པར་འཇིག་པར་འགྱུར་རོ། །རི་བྲག་དང་དགོན་པ་མང་དུ་འབྱུང་པར་འགྱུར། ཛམྦུའི་གླིང་འདིར་མཐོ་དམན་དང་སྡོང ་དུམ་དང་ཚེར་མའི་ཚོགས་དང་ཡང་བ་དང་སེམས་ཅན་དམྱལ་བ་ལ་གཞོལ་བ་དང་ལྟ་བར་མི་འོས་པ་དང། མི་རྒྱུ་བའི་ལམ་དག་འབྱུང་བར་འགྱུར་རོ། །དཀའ་བས་ཕ་རོལ་མནོན་པའི་ཡུལ་འབྱུང་བར་འགྱུར། དོགས་པ་དང་བཅས་པ་དང་འཇིག་པ་དང ་བཅས་པ་དང། སྤུ་ལྡང་བ་དང་བཅས་པ་དང། སེམས་ཅན་རྣམས་ཀུན་ནས་སྐྲག་པ་འཐོབ་པར་འགྱུར་རོ། །འོད་སྲུངས་དེའི་དུས་ན་འཛམ་བུའི་གླིང་འདིར། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་རྣམས་སུ། ་ཀུན་དགའ་ར་བ་ཉམས་དགའ་བ་འམ། ཆུ་ཀླུང་ཉམས་དགའ་བ་འམ། ནགས་ཚལ་ཉམས་དགའ་བ་འམ། རྫིང་བུ་ཉམས་དགའ་བ་དང། མི་ཉམས་དགའ་བ་ཉུང་ཟད་དུ་འགྱུར། དེ་དག་ཀྱང་གཟི་བརྗིད་ཉམས་པ་དང། གཟི་མདངས་ཕྲོགས་པར ་འགྱུར་རོ། །དེ་དག་གཟི་བརྗིད་ཉམས་པ་དང་གཟི་མདངས་ཕྲོགས་པ་དང་གཟི་མདངས་ཆུད་པར་གྱུར་པ་ན། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་ན་ཡོད་པའི་ཀུན་དགའ་ར་བ་ཉམས་དགའ་བ་ནས། མི་ཉམས་དགའ་བའི་བར ་གང་ཡིན་པ་དེ་དག་ཀྱང་མཐུ་ཆུང་བ་དང་གཟི་བརྗིད་ཆུང་བ་དང། གཟི་མདངས་དང་བྲལ་བར་འགྱུར་རོ། །དེ་དག་གི་ལུས་ཀྱི་དཔལ་དང་གཟི་མདངས་བྲལ་བ་ན། སེམས་ཅན་གང་དག་གནས་པ་དེ་དག་རྣམས་ཚུལ་ཁྲིམས་འཆལ་པ་དང། ལས་མི ་ཤེས་པ་དང། རྩུབ་པ་དང། བརྩིང་པ་དང། རྣམ་པར་གཡེངས་པའི་ཚིག་དང། དྲན་པ་ཉམས་པ་དང། ཤེས་བཞིན་མེད་པར་འགྱུར་རོ། །བྱམས་པའི་སེམས་མེད་པ་དང། འབྱེད་པ་དང། རྩོད་པ་དེ་དག་ཡུན་མི་རིང་བ་ན་འཆི་བའི་དུས་བྱེད་པར་འགྱུར་རོ། །དུས ་འདས་ནས་ཀྱང་ཕལ་ཆེར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བར་འགྱུར་རོ། །དེའི་དུས་ན་སེམས་ཅན་དམྱལ་བ་ཆེན་པོ་རྣམས་རྒྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བྱས་པ་མི་ཤེ་བ་དང། བྱས་པ་ལ་དྲིན་ལན་མི་ལྡོན?་པ་དག་གིས་འཇིག་རྟེན་ན་གནས་པ ་ཡོངས་སུ་གང་བར་འགྱུར་རོ། །དེ་དག་ལས་བྱས་ཤིང་བསགས་པ་དེས་ཕལ་ཆེར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས ་གསུངས་ཏེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང། ལྷོད་པའི་གནས་སོ། །དེ་ལ་དགེ་སློང་གི་གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ། །ལྷོད་པའི་གནས་ནི་ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ་ཞེས་བྱ་བ་ནས། དེ་ལ་དགེ་སློང ་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་འདི་ན་དགེ་སློང་བདག་ཉིད་ལ་དའོ་སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རརྟོགས?་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་ཡིན། ལྷུང་བཟེད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས ་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང། སྟན་དང་འགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར་བྱེད་དེ། དེ་འདྲིས ་པར་གྱུར་ནས། རྒྱུན་མི་འཆད་པར་མིག་གིས་གཟུགས་རྣམས་ངེས་པར་སེམས་སོ། །དས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་པ་གནས་འདི་ལྟ་བུ་ཡོད་དེ། ཉེས ་པ་ལྕི་བ་དེ་བྱེད་པ་འམ། ཡང་ན་ཆུ་དུ་བྱེད་ཅིང་འདུག་པར་འགྱུར་ཏེ། ཡུལ་འཁོར་སྐྱོད་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ། །ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་བཅོས་པ་ཞེས་བྱ་ཞེ་ན། དགེ་སློང་ལྟར་བཅོས་ཏེ་དེ་བཞིན་གཤེགས་པས་མལ་ཆ་དང ་སྟན་གནང་བ་ཐ་མལ་གང་ལ་དགེ་སྦྱོང་གནས་པའི་མལ་ཆ་དང་སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ནས། ཆོས་གོས་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས། བུད་མེད་ལ་འདྲིས་པར་བྱེད་ཅིང་ཁྱིམ་པ་དང་འདྲིས་པར་བྱེད་ན། འདྲིས་པར་གྱུར་པའི་མི་བླུན་པོ་དེ་ལ ་དགེ་སློང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལ་ཡང་སུན་འབྱིན་ཅིང་གཤེ་བར་བྱེད་ལ། དེ་ཐོས་སུ་འཛིན་ཀྱང་བསྔགས་པ་མ་ཡིན་བརྗོད་པར་བྱེད་དོ། །དགོན་པའི་བསྔགས་པ་མ་ཡིན་པ་ཡང་རྗོད་པར་བྱེད་དོ། །གང་ལ་དེའི་སེམས་མངོན་པར ་དགའ་བའི་འདོད་པ་རྣམས་འབའ་ཞིག་གི་བསྔགས་པ་རྗོད་པར་བྱེད་ཅིང། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོའི་གཏམ་འབའ་ཞིག་གིས་བསྔགས་པ་རྗོད་པར་བྱེད་ལ། དགེ་སྦྱོང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་རྗོད་པར་མི་བྱེད་དོ། གང ་ལས་དེ་བཞིན་གཤེགས་བས་མདོའི་ཚིག་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་རྣམས་དང་འདུ་འཛིན་མི་འགྱུར་བར་བྱའོ་ཞེས་གསུངས་པའི་མདོའི་ཆག་དེ་བོར་ནས། དགེ་སྦྱོང་གི་ཚུལ་མི་འདོད་ཅིང། དགེ་སློང་གི་དངོས་པོ་མི་འདོད་དེ། གཅིག་བུ་འདུག་ཅིང ་བུད་མེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་རྐུན་པོར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས། གཅིག་བུར་འདུག་ཅིང་བུད་མེད་ལ ་ཆོས་འཆད་པའི་ཕྱིར་རོ། །མི་བླུན་པོ་དེ་དག་བཅོས་པ་སྟེ། མགོ་བྲེགས་པས་བཅོས་པ་དང། གོས་ངུར་སྨྲིག་གྱོན་པས་བཅོས་པའོ། །རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨད་པ་གང་ཡིན་པ་དེ་ནི་མི་བླུན་པོ་དེ ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད། རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་འཚོད་པའི་ལས་བྱེད། གསེར་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་འབྲུ་སོག ་པར་བྱེད། ཁྱིམ་གྱི་གཞི་དང། ཞིང་གི་གཞི་དང། ཀུན་དགའ་ར་བའི་གཞིའི་ཉོ་ཚོང་བྱེད་ཅིང་འཚལ་ཟའི་འཚོ་བ་སྦྱོར་བར་བྱེད། ཁྱིམ་གྱི་གཞི་དང། ཞིང་གི་གཞི་དང། ཀུན་དགའ་ར་བའི་གཞི་ལེན་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང ་སོ་སོར་ཐར་པ་ལ་མ་དད་ནས་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ། དེ་ལ་དབེན་པར་འཛིན། དེར་སྤྱོད་ལམ་བྱེད། དགེ་སློང་དུ་འདྲ་བར་འཛིན་ཅིང་གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་པ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་བསྔགས་པར་བྱེད། ་གང་ཟག་ཏུ་ལྟ་བ་དང། གཅེར་བུ་པ་དང། མཚུངས་པར་སྟོན་པས་སྐྱེ་བོ་མང་པོ་འཛུད་པར་བྱེད་ཅིང་དགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བཞིན་ཉིད་ཀྱི་གནས་སྟོང་པ་ཉིད་ལ་དམིགས་པ་སུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ། ་ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ་དེ་དག་གིས་དེ་བཞིན་གཤེགས་པའི་བསྟན་པ་ནི་ནུབ་པར་བྱེད་དོ་ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང། ་ཤཱ་རིའི་བུ་རྒྱུ་བཞིས་དམ་པའི་ཆོས་མྱུར་དུ་ནུབ་པར་འགྱུར་རོ། །བཞི་གང་ཞེ་ན། ཆོས་སྨྲ་བ་པོ་ལ་གཟིར་བ་དང། ཆོས་སྨྲ་བ་པོ་ལ་སྐུར་པ་འདེབས་པ་དང། ཕན་ཚུན་རྣམ་པར་ལྡང་བ་དང། ནད་པ་ཁྱད་དུ་གསོད་པ་ཉིད་དེ་རྒྱུ་བཞི་པོ་འདི་དག་གིས། དགེ་སློང་དེ་དག་གི་ཆོས ་མྱུར་དུ་ནུབ་པར་འགྱུར་རོ་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྒྲོན་མས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྙིང་པོ་དེ་ཉིད་ལ་ཚིགས་སུ་བཅད་དེ་སྨྲས ་བ། འདི་ནས་སངས་རྒྱས་ཟླ་བ་ནུབ་གྱུར་ཅིང། །འཇིག་རྟེན་ཉོན་མོངས་གཡུལ་གྱིས་ཆེས་རྨོངས་ཚེ། །དམ་ཆོས་ཚུལ་ནི་ཡུན་རིང་ཇི་སྲིད་གནས། །ཇི་ལྟར་རྣམ་པ་སྣ་ཚོགས་འདུལ་བར་འགྱུར། །འདིར་ནི་ཁོ་བོས་སྐྱེས་བུའི་བྱེད་ཅི་བགྱི། །བདེ་བའི་ལམ་ནི་ཇི ་ལྟར་བསྟན་པར་བགྱི། །སྲོག་ཆགས་བྱེ་བ་ངན་འགྲོ་གསུམ་ལས་བསྒྲལ། །ཤེས་རབ་མཛའ་ཡས་རྒྱལ་ལ་ཁོ་བོས་ཞུ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་ལྡན་པའི་འཁོར་ཇི་ལྟར་ལྷགས་བས་ལེགས་སོ་ཞེས་བྱ་བ་བྱིན་ནོ། ། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྒྲོན་མས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ། །བདག་བློ་ཇི་ལྟར་ཐེ་ཚོམ་སྐྱེས་པ་ལྟར། །ཤེས་རབ་མཛའ་ཡས་རྒྱལ་ལ་ཁོ་བོས་ཞུ། །རྐྱེན་ཅི་ཞིག་གིས་ཆོས་ཚུལ་འདི་འཆད་འགྱུར། །ཇི་ལྟར་ཆོས་སྒྲོན་སླར་ཡང་ཡུན་རིང་འབར། །འདི་ནི་ཆོས་ཀྱི་རྔ་ཚན་སུ་ཡིས་འཇོམས། །ཆོས་ཀྱི་ཆུ་བོ ་འདི་ན་སུས་སྐེམས་ནུས། །ཇི་ལྟར་ཆོས་ཚུལ་ཡུན་རིང་གནས་པར་འགྱུར། །བདག་ཅག་དེར་ནི་རྟག་ཏུ་གྲོགས་སུ་འགྱུར། །ཚུལ་ཁྲིམས་ཆེས་སམ་ཡང་ན་བརྩོན་སྟོབས་སམ། །བཟོད་པ་འམ་ནི་ཤེས་རབ་སྟོབས་སམ་ཅི། །གང་གི་སྟོབས་ཀྱིས་ཆོས་ཚུལ་གནས ་འགྱུར་ཞིང། །ཇི་ལྟར་ཆོས་རྟག་ཡུན་རིང་གནས་པར་འགྱུར། །འདི་ནི་རྒྱལ་ལ་སྟོབས་ཀྱི་བྱ་བ་མང། །ཇི་ལྟར་ཐབས་སུ་འགྱུར་བའི་མྱུར་དུ་གསུངས། །ཇི་ལྟར་ཆོས་ཀྱི་རྒྱ་མཚོ་མི་སྐམ་པ། །དེ་ལྟར་བརྩོན་བརྟན་བདག་གིས་མྱུར་སྤྱད་བགྱི། །ས་ཡིས་བཅུད་ནི་རྟག ་ཏུ་འཕེལ་འགྱུར་ཞིང། །སེམས་ཅན་མདངས་དང་དེ་བཞིན་ཆོས་ཀྱི་མདངས། །འགྲོ་བའི་ཉོན་མོངས་རྒྱ་མཚོ་སྐམ་འགྱུར་ཞིང། །སེམས་ཅན་མང་པོ་ངན་སོང་གསུམ་མི་འཆི། །དེར་བཅོམ་ལྡན་འདས་ཀྱིས་ཕག་གཡས་པ་བརྐྱང་ནས་འདི་སྐད་ཅེས་བཀའ་ ་སྩལ་ཏོ། །ང་ལ་ལྷན་ཅིག་ཚོགས་ཉོན་ས་གསུམ་ནི། །མེས་སྲེག་མི་རྟག་གང་དུ་རི་མོ་ཡིས། །ལྷང་སར་གར་མཁན་གར་བྱེད་འདུས་བྱས་གང། །གཡུང་དྲུང་རྟག་བརྟན་ཅུང་ཟད་ཀྱང་ཡོད་མིན། །ཇི་ལྟར་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང། །འདྲ་བའི་སེམས་ཅན་ཉོན ་མོངས་འགྲོར་འཁྱམ་ལྟར། །སྲིད་གསུམ་འདི་ནི་ཆོས་ཀུན་དེ་བཞིན་ནོ། །ཆོས་གང་རང་ཉིད་ཀྱིས་དག་ངས་ཐུགས་ཆུང། །ཇི་ལྟར་སྔོན་རྒྱལ་བྱ་བ་བྱས་གྲུབ་བཞིན། །མངོན་སུམ་བྱས་ནས་ལྷ་མི་མང་པོའི་ཕྱིར། །ང་ནི་དིང་སང་འདི་ན་ཉེ་བར་གནས། །འབྱུང་ཚོགས ་གལ་ཏེ་བསྟན་འདི་སྨོན་ལམ་གྱིས། །བསྲུངས་ན་སྡུག་བསྔལ་ཀུན་ལས་གྲོལ་འགྱུར་ཞིང། །འཇིག་རྟེན་གསུམ་གྱིས་བླ་མ་སངས་རྒྱས་འགྱུར། །དེ་ཕྱིར་བསྟན་པ་སྲུངས་ཤིག་འབར་བར་གྱིས། །ལམ་བརྒྱད་ལྡན་པའི་ཆོས་ནི་ངས་བཤད་པ། །དགེ་སྦྱོང ་དོན་དུ་རྒྱལ་རིགས་ཁྲོ་བྱེད་ཅིང། །རྒྱལ་རིགས་དོན་དུ་དགེ་སྦྱོང་ཁྲོ་བྱེད་པའི། །བློ་ངན་སྡིག་བློ་ཅན་གྱིས་བསྣུབ་པར་འགྱུར། །ང་ནི་མྱུར་དུ་མྱ་ངན་འདའ་འགྱུར་ཞིང། །ང་ཡི་ཉན་ཐོས་མཁས་པ་དེ་དག་ཀྱང། །མ་ལུས་པར་ནི་མྱ་ངན་འདས་པར་འགྲོ། །བྱང་ཆུབ ་སེམས་དཔའ་རྫུ་འཕྲུལ་ཆེ། །བསོད་ནམས་བྱས་པ་ཁྱེད་ཅག་རྣམས། །ཞིང་འདི་ནས་ནི་སངས་རྒྱས་ཞིང། །ཉམས་དགའ་དག་ཏུ་འདོང་བར་འགྱུར། །རྒྱལ་པོ་བསོད་ནམས་ལྡན་བདག་ཉིད། །ཆེན་པོ་འདི་དག་འཆི་བར་འགྱུར། །ལོ་ནི་བརྒྱ་ཕྲག་འདས་པའི་ཚེ། ་བསྟན་པ་ཉམས་པར་གྱུར་པ་ན། །སྐལ་དང་བློ་གྲོས་ཆུང་བ་རྣམས། །ང་ཡི་བསྟན་ལ་རབ་ཏུ་འབྱུང། །ཐེག་པ་གསུམ་པོ་དོན་མི་གཉེར། །འཇིག་རྟེན་ཕ་རོལ་ཡལ་བར་འདོར། །འཚོ་བའི་དོན་དུ་རབ་བྱུང་བ། །ཚུལ་འཆོས་ངོ་ཚ་རྣམ་པར་སྤངས། །རྙེད་པ་འདོད་ཅིང ་གྲགས་པ་འདོད། །གཡོན་ཅན་ཁྱིམ་ལ་སེར་སྣ་བྱེད། །ཀློག་དང་བསམ་གཏན་དང་བྲལ་ཞིང། །ཆོས་ཀྱི་རྟོགས་པ་རྣམ་པར་སྤངས། །ཉིན་པར་བྲེ་མོའི་གཏམ་ལ་བརྩོན། །མཚན་མོ་གཉིད་ཀྱི་དབང་དུ་འགྲོ། །སངས་རྒྱས ་གསུངས་པ་སྤངས་ནས་ནི། །སྣ་ཚོགས་ཡི་གེ་ཀློག་པར་བྱེད། །བུད་མེད་སྦྱོར་བ་སྤྱོད་བྱེད་ཅིང། །ལུས་ཀྱི་གོས་ལ་ཆགས་པར་འགྱུར། །རྙེད་པའི་ཕྱིར་དང་གྲགས་པའི་ཕྱིར། །ཁྱིམ་གྱི་ལས་ལ་དགའ་བར་འགྱུར། །ཕོ་ཉའི་ལས་ནི་བྱེད་འགྱུར་ཞིང། །སེམས ་བྲལ་འཕྲིན་ནི་འཁྱེར་བར་བྱེད། །ཉོ་ཚོང་ལ་ནི་ཡང་དག་བརྩོན། །ཁྱིམ་པ་རྣམས་ལ་སྟོན་པར་འགྱུར། །ཞིང་ལས་ཁྱིམ་གྱི་ལས་དང་ནི། །རྩོད་པ་ལ་ནི་དགའ་བར་འགྱུར། །ཆངས?་པར་སྤྱོད་ཅིང་མ་ཐོས་པའི། །དགེ་སློང་དེས་པ་མཐོང་ནས་ནི། །རྫས་འདོད ་འགྱུར་ཞིང་དེ་དག་ནི། །མལ་ཆ་དེ་དག་ལ་མི་སྟེར། །ཚིག་རྩུབ་ཀྱིས་ནི་སྤྱོད་འགྱུར་ཞིང། །སྐུར་པ་ཡང་ནི་འདེབས་པར་འགྱུར། །མི་སྙན་དེ་དག་ལ་སྨྲ་ཞིང། །དགེ་སློང་འདི་ནི་ཚུལ་འཆོས་ཅན། །རྐུན་པོ་མཆོག་ཏུ་མ་རུངས་པ། །གང་ཞིག་དེ་ལ་མཆོད་བྱེད་པ། ། ་གྲགས་པ་མ་ཡིན་མང་དུ་འཐོབ། །དེ་ལས་བསོད་ནམས་འཐོབ་མི་འགྱུར། །དེ་ཡིས་བཤེད་པ་མ་ཉན་ཞེས། །ཁྱིམ་པ་རྣམས་ལ་སྨྲ་བར་བྱེད། །ཚངས་པར་སྤྱོད་པར་གནས་ནས་ནི། །སྡིག་པའི་དགེ་སློང་གིས་སྐྲོད་འགྱུར། །དེས་ན་སྡིག་པའི་དགེ་སློང་ལ། ། ་རྒྱལ་རིགས་རྣམས་ནི་ཁྲོ་བར་འགྱུར། །ཡི་གེ་སྣ་ཚོགས་དག་བརྗོད་པས། །རྒྱལ་རིགས་རྣམས་ནི་མགུ་བར་བྱེད། །ཇི་སྲིད་སྣ་ཚོགས་ནོར་གྱིས་ནི། །རྒྱལ་རིགས་རྣམས་ནི་མགུ་པར་བྱེད། །དེ་བཞིན་བྲམ་ཟེ་རྗེའུ་རིགས་ཀྱང། །ནོར་གྱི་རྙེད་པས་མགུ་བར་བྱེད ་དེས་ན་དེ་དག་མཆོད་འགྱུར་ཞིང། །ཚུལ་ཁྲིམས་ལྡན་དག་མཆོད་བྲལ་འགྱུར། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་རྣམས། །ཚུལ་ཁྲིམས་ལྡན་པ་སྨོད་པར་འགྱུར། །ཚུལ་ཁྲིམས་ལྡན་པ་སྡང་པ་ཡིས། །ལྷ་རྣམས་དེ་དག་ལ་སྨོད་འགྱུར། །རྒྱལ་རིགས་རྗེའུ་རིགས ་བྲམ་ཟེ་དང། །ཡུལ་འཁོར་མཛའ་དག་སྤོང་བར་འགྱུར། །རིན་ཆེན་གླིང་དུ་འགྲོ་འགྱུར་ཞིང། །བཏང་སྙོམས་སུ་ནི་གནས་པར་འགྱུར། །བྱང་ཆུབ་སེམས་དཔའ་དོང་བ་ཡི། །ཚུལ་ཁྲིམས་ལྡན་པ་བརྙས་འགྱུར་ཞིང། །ལྷ་རྣམས་ཐམས་ཅད་འདོད་པ་ན། །ཡུལ་འཁོར ་དེར་ནི་འཇིགས་ཆེན་འབྱུང། །སྡིག་པའི་གནོད་སྦྱིན་རྣམས་དང་ནི། །ཀླུ་དང་གྲུལ་བུམ་སྲིན་པོ་ནི། །གདུག་པའི་སེམས་ལྡན་མདངས་འཕྲོག་པ། །ཤར་བཅས་ཁྲག་འཐུང་འཇུག་པར་འགྱུར། །རྒྱལ་པོ་སྐྱོན་བྱེད་གནས་ན་ནི། །བྲམ་ཟེ་རྗེའུ་རིགས་དམངས་རིགས ་དག་།གྲོང་ཁྱེར་བསྲུངས་པར་འགྱུར་མོད་ཀྱི། །གྲོང་ཁྱེར་རི་བྲག་གཞལ་མེད་ཁང། །གྲོང་དང་ཀུན་དགའ་ར་བ་ཁྱིམ། །གནོད་སྦྱིན་སྡིག་བས་ཁྱབ་པར་འགྱུར། །དེ་དག་རྟག་ཏུ་མདངས་འཕྲོག་ཅིང། །རྒྱལ་རིགས་རྣམས་ལ་ཁྲོ་བར་འགྱུར། །བྲམ་ཟེ་རྗེའུ་རིགས ་དམངས་རིགས་ནི། །དེ་དག་ཕན་ཚུན་ཁྲོ་བར་བྱེད། །གདུག་ཅིང་གནོད་པའི་སམས་ལྡན་པ། །ཕན་ཚུན་དུ་ཡང་འཐབ་པར་འགྱུར། །རྩོད་པར་གྱུར་པ་དེ་དག་གི་།སྨན་ནི་ལྷ་མ་ཡིན་གྱི་སྤྱོད། །ཡུལ་འཁོར་བཅུ་ནི་སྐམ་འགྱུར་ཞིང། །དུས་མ་ཡིན་པར་ཆར ་རླུང་འབྱུང། །འབྲས་བུ་ལོ་ཏོག་མི་འབྱུང་ཞིང། །ས་ཡི་བཅུད་ནི་ཉམས་པར་འགྱུར། །སེམས་ཅན་མདངས་ནི་རྙེད་པར་དཀའ་། །ཆོས་ཀྱི་མདངས་ནི་ཉམས་པར་འགྱུར། །མི་བཟད་མུག་འབྱུང་འགྱུར་ཞིང། །མཚོན?་འབྱིན་པ་ཡང་འབྱུང་བར་འགྱུར། ། ་ཕངས་པ་ཕན་ཚུན་འཕྲོག་པར་བྱེད། །ཡ་ང་ལ་ཆགས་དེ་དག་ནི། །སྡིག་པའི་དགེ་སློང་སྟེན་པར་བྱེད། །དགེ་སློང་དེ་དག་མཆོད་རྟེན་དང། །དགེ་འདུན་ཟས་སྐོམ་འབྲས་བུ་རོ། །ཁྱིམ་པ་རྣམས་ལ་སྦྱིན་བྱེད་ཅིང། །སླར་ཡང་མཆོད་པ་ཉིད་དུ་འགྱུར། །དེ་དག ་ལ་ནི་ཡོངས་འཛིན་པ། །བྲན་དང་བྲན་མོ་ཁྱིམ་སྟེར་འགྱུར། །དགེ་སློང་ལས་གསུམ་དང་བྲལ་བ། །ཐོས་བས་རླམ་ཞིང་ལྟུང་དང་བཅས། །བསམ་གཏན་ཚུལ་ཁྲིམས་མི་འདུན་པ། །ཚོགས་ཀྱི་ནང་དུ་གཙོ་བོར་འགྱུར། །ཚུལ་ཁྲིམས་ལྡན་རྣམས་དོང་བ་ན། །ནོར ་གྱི་རྒྱུ་ཡི་འཐབ་པར་འགྱུར། །ཐོས་ནས་རྒྱལ་རིགས་ཁྲོ་འགྱུར་ཞིང། །སྡིག་པའི་དགེ་སློང་རྣམས་བསྣུན་འགྱུར། །ཁྱིམ་པར་ཡང་ནི་བྱེད་འགྱུར་ཞིང། །བཙོན་རར་འཇུག་པར་བྱེད་པར་འགྱུར། །དེ་ནི་ལྷ་དབང་རྣམས་ཁྲོ ་འགྱུར། །ཡུལ་འཁོར་འདི་ལ་རྒྱལ་གཏུམ་བོ། །རྒྱལ་སྲིད་བྱེད་པར་མི་འགྱུར་རོ། །འཁོར་གྱི་སྡིག་པའི་དགེ་སློང་གི་།ངུར་སྨྲིག་གོས་ནི་འབྲལ་བར་བྱེད། །རང་གི་ཡུལ་འཁོར་འཇོམས་འགྱུར་ཞིང། །རིང?་པོ་མི་ཐོགས་འཆི་བར་འགྱུར། །མནར་མེད ་དམྱལ་བར་ལྟུང་འགྱུར་ཞིང། །ཡུན་རིང་སྡུག་བསྔལ་དེར་མྱོང་འགྱུར། །དེ་ནས་བསྐལ་བ་བཟང་པོ་ལ། །དེ་ནི་ནམ་ཡང་གྲོལ་མི་འགྱུར། །རྒྱལ་རིགས་གཏུམ་པ་འདི་དག་ནི། །སེམས་ཀུན་གྱིས་ནི་སྨད་པར་འགྱུར། །སྦྱིན་པས་ཚུལ་ཁྲིམས་ཐོས་ཆོས་ལ། ། ་གཡོ་ནི་རྣམ་པར་སྟོན་པར་བྱེད། །ཚུལ་འཆོས་གཡོན་ཅན་རྒྱལ་པོ་འདི། །རང་གི་ཡུལ་འཁོར་མྱུར་དུ་འཇོམས། །ཆར་མི་འབབ་དང་ཆར་ཆེས་དང། །བྱི་བ་ཆེ་མ་ལེབ་དང་ནི། །གླང་ཆེན་གྱིས་དེར་ལོ་ཏོག་འཇོམས། །རང་གི་དམག་དང་ཕས་དམག་དག་། ་ས་གཡོ་བ་ཡང་འབྱུང་བར་འགྱུར། །སྐར་ཟླ་ཉི་མ་གཉིས་དང་ནི། །མི་བཟང་ནད་ནི་འབྱུང་བར་འགྱུར། །གྲོང་དང་རི་བྲག་ཚིག་པ་དང། །གྲོང་ཁྱེར་མྱུར་དུ་འཇིག་འགྱུར་ཏེ། །གང་ཕྱིར་མགོ་ཟླུམ་ངུར་སྨྲིག་བགོས། །སྔོན་གྱི་རྒྱལ་བས་བྱིན་རླབས་ཤིང། ། ་མགོ་ཟླུམ་ངུར་སྨྲིག་བགོས་གཅིག་ཀྱང། །ལྷ་དང་མི་ཡིས་མཆོད་ཕྱིར་རོ། །དེ་བཞིན་གཤེགས་པ་མ་གཏོགས་པ། །དེ་ལ་ནུས་ལྡན་གཞན་ཡོད་མིན། །རྒྱལ་རིགས་གཏུམ་པོ་དེ་དག་དང། སྡིག་པའི་དགེ་སློང་མགོ་ཟླུམ་གྱིས། །དུས་གསུམ་སངས་རྒྱས ་ཐམས་ཅད་ཀྱི། །སྐུ་གཉིས་དག་ནི་འཇིག་པར་འགྱུར། །ཉོན་མོངས་ཀྱིས་ཆེས་ཉམས་དེ་དག་།སངས་རྒྱས་རྣམས་དང་ཕྲད་མི་འགྱུར། །དེས་ན་རྒྱལ་པོ་གཏུམ་པོ་ཡིས། །ཡུལ་འཁོར་ལྷ་དབང་རྣམས་ཀྱིས་སྤོང། །ལྷ་དབང་རྣམས་ཀྱིས་སྨྲས་པ་བཞིན། །དེ་ཚེ ་ཡུལ་འཁོར་འཇིག་འགྱུར་ཞིང། །ཆོས་ཀྱི་ཚུལ་ལུགས་ཉམས་པར་འགྱུར། །གཟི་མདངས་གསུམ་ནི་ཉམས་འགྱུར་ཞིང། །ལྷ་ཡི་གནས་རྣམས་འཇིག་པར་འགྱུར། །དཀར་པོའི་ཕྱོགས་ནི་མཛད་འགྱུར་ཞིང། །ཆོས་མ་ཡིན་ཕྱོགས་འཕལ་འགྱུར ་ཞེས། ཕན་ཚུན་དུ་ནི་སྨྲ་བར་འགྱུར། །ཟས་དུས་མཁས་པས་སྤངས་གྱུར་པ། །མི་བཟད་དེ་ཡི་ཚེ་ན་ནི། །ཆོས་གནས་ཞི་བས་བདེ་འགྱུར་ཞིང། །གང་དག་དགོན་པའི་ནང་གནས་པ། །དེ་དག་དམ་པའི་ཆོས་འཛིན་ཅིང། །སྐྱེ་བོ་མང་པོ་དང་པར་བྱེད། །འཁྲུག་པ ་ཐམས་ཅད་སེལ་པར་བྱེད། །དེ་དག་འབྱུང་པོ་དང་བར་བྱེད། །མདངས་གསུམ་རྣམ་པར་འཕེལ་བྱེད་ཅིང། །རྒྱལ་པའི་བསྟན་པ་འབར་བར་བྱེད། །དེ་ནི་བསམ་གཏན་བདེ་བ་ཡིས། །ལྷ་ཡི་གནས་ནི་གང་བར་བྱེད། །བསྟན་པ་ཀུན་དང་འབྱུང་པོའི་ཚོགས། ། ་ང་ཡི་དེ་དག་རྣམས་ལ་གཏད། །ང་ཡིས་ཉན་ཐོས་མི་འཚོ་བར། །རྒྱལ་རིགས་དེ་དག་གིས་འཛིན་འགྱུར། །རྒྱལ་པོ་རྣམས་ནི་ཚུལ་ཁྲིམས་དང། །ལྡན་པ་རྟག་ཏུ་མཆོད་པར་བྱ། །ཚུལ་ཁྲིམས་འཆལ་བ་རྒྱལ་པོ་ལ། །རིང་དུ་ཅི་བདེར་གནས་སུ་ཞུགས། །རྒྱལ་པོས ་ཚུལ་འཆལ་ཚུལ་ལྡན་པ། །དམ་པ་འགའ་ལའང་འཚེ་མི་བྱ། །རྒྱལ་རིགས་ཚུལ་ཁྲིམས་ལྡན་པ་དག་།རྟག་ཏུ་ཕན་ཆེན་དང་འགྱུར། །བྲམ་ཟེ་རྗེའུ་རིགས་དམངས་རིགས་དང། །ལྷ་རྣམས་འཁྲུག་པར་ཡོངས་མི་འགྱུར། །དམ་ཆོས་ཡུན་རིང་གནས་འབྱུང ་ཞིང། །དཀར་པོའི་ཕྱགས་ནི་འཕེལ་བར་འགྱུར། །དེ་བཞིན་ཁྱེད་ཅག་ཞིང་འདིར་ནི། །ཅི་བདེ་བར་ནི་གནས་པར་གྱིས། །ཁྱེད་ཅག་འདིར་ནི་རྟག་གནས་ན། །ཆོས་གང་ང་ཡིས་འབར་བྱས་ལ། །འགའ་ཞིག་སྤྲོ་བར་བྱེད་པར་འགྱུར། །ཞིང་གཞན་དུ་ནི་མ ་འགྲོ་ཞིག། སྦྱིན་དང་ཚུལ་ཁྲིམས་སྤྱོད་པ་ལ། །སྐྱེ་བོ་མང་པོ་དང་བར་བྱེད། །དེ་ཚེ་མཁས་པས་སྐྱེ་བོ་ནི། །སྨིན་པར་བྱེད་དོ་ངོ་མཚར་མིན། །གང་ཞིག་ཆོས་ནི་འབར་བྱེད་ཅིང། །རྒྱལ་རིགས་དང་ནི་སྡིག་པ་ལས། །ལྡོག་པར་བྱེད་འདི་ངོ་མཚར་འགྱུར། །རྟག་ཏུ་བྱམས ་པའི་སེམས་འགྱུར་ཞིང། །ང་ནི་ཉན་ཐོས་བརྡེག་མི་བྱ། །དེ་དག་ལ་ནི་ཆོས་བསྟན་ཞིང། །གཉིས་ཀ་དམྱལ་བ་ལས་གྲོལ་བྱ། །དགེ་སློང་བསླབ་མི་སྲུང་དེ་ལ། །རྒྱལ་རིགས་ཀྱི་ནི་ཆད་མི་བཅད། །དགེ་སྦྱོད་ལྷན་ཅིག་མི་འཐབ་ཅེས། ་རྒྱལ་རིགས་ལ་རྟག་བསྒྲག་བྱ་སྟེ། །ཁྱིམ་པ་སྡིག་པ་བྱེད་པ་ནི། །མྱུར་དུ་སེམས་ཅན་དམྱལ་བར་འགྲོ། །གཉིས་ཆར་སྡིག་པའི་ལས་ལས་ནི། །འཇམ་པའི་ངག་གིས་བཟློག་པར་བྱ། །གཞན་ལ་ཆད་པ་རྩུབ་མོ་དང། བསྣུབ་པ་ཉིད་དུ་མི་བྱའོ། །ཡུལ ་འཁོར་འཇིག་པར་མི་འགྱུར་ཞིང། །མདངས་གསུམ་རྣམ་པར་འཕེལ་བར་འགྱུར། །དམ་ཆོས་རྟག་ཏུ་གནས་འགྱུར་ཞིང། །སྟོན་པའི་བསྟན་པ་གནས་པར་འགྱུར། །ཆད་པ་པོ་ནི་མང་ཡོད་ན། །ངན་སོང་གསུམ་པོ་བཀག་པ་དང། །འཇིག་རྟེན་སྡིག ་ཅན་ཞི་བར་འགྱུར། །ལྷ་ཡི་གནས་རྣམས་འཕེལ་བ་དང། །མྱ་ངན་འདས་པའི་སྒོ་ཕྱེ་ཞིང། །ཟག་པ་མེད་ལ་འཇུག་པར་འགྱུར། །ཡར་ངོའི་ཟླ་བ་ཇི་བཞིན་དུ། །བྱང་ཆུབ་སེམས་དཔའ་འཕེལ་བར་འགྱུར། །ཕ་རོལ་ཕྱིན་དྲུག་སྦྱོར་བ་ཡིས། །སངས་རྒྱས ་བསྟན་ལ་མཆོད་པར་བྱེད། །དེ་ཕྱིར་བྱང་ཆུབ་སེམས་དཔའ་གང། །མཁས་ཤིང་འོངས་པ་ཁྱེད་ཅག་གིས། །ང་ཡི་བསྟན་པ་འབར་བ་དང། །ལོང་བ་ལམ་ལས་ཉམས་པ་རྣམས། །ཆོས་ཀྱི་མིག་ནི་སྦྱིན་པར་གྱིས། །ཕ་རོལ་ཕྱིན་དྲུག་བྱང་ཆུབ་ཀྱི། །ལམ ་གྱིས་སེམས་ཅན་སྨིན་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལ་ནི། །ཁྱེད་ཀྱི་མཆོད་པ་བྱས་པར་འགྱུར། །འདྲེན་པ་དག་པའི་ཞིང་དག་ཏུ། །བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར། །སྐལ་བཟང་པོ་རྣམས་མ་གཏོགས་པ། །འཁོར་ཀུན་ཅད་མི་སྨྲ་བར་འགྱུར ་བྱམས་པ་ལ་སོགས་བསྐལ་པ་ནི། །བཟང་པོ་པ་ཀུན་ལངས་པར་འགྱུར། །བྱམས་པ་འཁོར་དང་ཐབས་ཅིག་ཏུ། །ཐལ་སྦྱར་ནས་ནི་འདི་སྐད་དུ། །བདག་ཅག་གང་དཱུང་མི་འགྲོ་ཞིང། །རྒྱལ་བའི་བསྟན་པ་བསྲུང་བར་གྱིས། །ཇི་ལྟར་སྟོབས་དང་བརྩོན་འགྱུར་གྱིས། ། ་སེམས་ཅན་བྱང་ཆུབ་ཕྱིར་སྦྱིན་བགྱི། །ཅི་འདྲ་བ་ཡིས་དུས་གྱུར་པ། །དེ་འདྲར་ཆོས་ནི་བསྟན་པར་གྱིས། །ཁོ་བོ་ཅག་གིས་འཇིག་དུས་འདིར། །འཁྲུག་པ་གསལ་བར་ནུས་མ་ཡིན། །ཁོ་བོ་ཅག་གིས་ཉམས་བཞིན་པ། །ཆོས་ནི་བཟུང་མི་ནུས་ཞེས་གསོལ། །དེའི་ཚེ ་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་དྲི་མེད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། སྣང་བ་འཛིན་ཅིང་དཔལ་གྱུར་བ། །དཔག་ཏུ་མེད་ཅིང་གྲངས་མེད་པ། །ཞིང་ཀུན་ནས་ནི་འོངས་གྱུར་པ། །དགེ་བའི་རྩ་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྒྱ་མཚོ་ལ་བརྟེན་པ། །ཐབས ་དང་སྙིང་རྗེ་བྱམས་པ་ཡིས། །སངས་རྒྱས་ཆོས་ལས་མི་གཡོ་བར། །འདི་ན་ང་ཡི་བསྟན་པ་འདི། །འཛིན་པ་གཅིག་འགའ་ཨང་ཡོད་མ་ཡིན། །སྐལ་བཟང་པོ་ཡིས་ཅི་ནུས་པར། །ང་ཡིས་བསྟན་པ་འཛིན་པར་བྱེད། །ང་འདིར་མྱ་ངན་འདས་པའི་ཕྱིར། །བསྟན་ནི་འཇིག ་པར་འགྱུར་བ་ན། །གང་དག་འདིར་ནི་རབ་བྱུང་བ། །ངོ་ཚ་བ་དང་ཁྲེལ་སྤངས་པ། །བསོད་ནམས་ཡེ་ཤེས་དང་བྲལ་བ། །སྙོམས་ལས་དམན་པ་ལ་བརྩོན་ལྡན། །ལས་ལ་དགའ་ཞིང་ཐོས་པ་འཛིན། །ཚུལ་ཁྲིམས་ལ་ཀུན་མི་འདུན་པ། །རྨོངས་ཤིང་ཁྱིམ་པ་ལ ་བརྟེན་པ། །མཆོད་རྟེན་དགེ་འདུན་རྫས་མི་མཛེས། །འཚོ་བ་ལྷུར་ལེན་ཆོག་མི་ཤེས། །འདོད་པའི་ཡོན་ཏན་ལྔ་ལ་དགའ་། །ཁྱིམ་པ་ལྷན་ཅིག་ལོངས་སྤྱོད་པ། །དོན་ནི་རྒྱུ་མི་རྒྱུ་སྨྲ་ཁྲོ། །གཞན་གྱི་ཆུང་མ་ལ་ཕྲག་དོག་།དགེ་སློང་འདི་དག་དེ་འདྲའོ། །རང་གི་གནས ་འགའ་གུས་པ་མེད། །རྙེད་ལ་དགའ་ཞིང་འཐབ་དང་ལྡན། །ལས་ངན་དག་ལ་སྤྲོ་བར་བྱེད། །བདག་ལ་བསྟོད་ཅིང་གཞན་སྨོད་པ། །བསམ་གཏན་དགོན་པ་སྨོད་པའི་ཕྱིར། །དགོན་པ་ནགས་དང་བས་མཛའ་ཡིས། །སྣ་ཚོགས་སྐྱོན་ནི་སྨྲ་བྱེད་པ། །དགེ་སྦྱོང་འདི་འདྲ ་འབྱུང་བར་འགྱུར། །ཁྱིམ་པ་དང་ནི་དགེ་སྦྱོང་ཡང། །བརྐམ་ཆགས་མེད་མིན་སྟེར་པོ་མིན། །དགེ་འདུན་མཆོད་རྟེན་རྫས་ཟོས་ནས། །སྣ་ཚོགས་ནད་ནི་འབྱུང་བར་འགྱུར། །བརྩེ་མེད་ཉམ་ཆུང་གཏུམ་པོ་དང། །གཡུལ་འགྱེད་པར་ཡང་འགྱུར་བ་ཡིན། །དེས་ནི ་དབྱར་དུ་ཆར་མི་འབབ། །ཆུ་ཡང་ཡོངས་སུ་འབྲི་བར་འགྱུར། །འཇིག་རྟེན་མུ་གེ་འབྱུང་འགྱུར་ཞིང། །བཅུད་དང་འབྲས་བུ་འབྱུང་མི་འགྱུར། །བཟའ་དང་ལྟུང་བ་ཉམས་པར་འགྱུར། །ཕན་ཚུན་དུ་ཡང་སྡང་འགྱུར་ཞིང། །མི་དགེའི ་ལས་བཅུ་རྩོམ་པར་འགྱུར། །ཆོས་ཀྱང་ཉུང་ཟད་དུ་འགྱུར་ཞིང། །མཆོད་ཅིང་སྤྱོད་པ་ཉམས་པར་འགྱུར། །བུད་མེད་ལོངས་སྤྱོད་ནོར་དག་ནི། །ཕན་ཚུན་དུ་ཡང་འཕྲོག་པར་འགྱུར། །སྐྱེས་བུ་ཐམས་ཅད་སྲོག་གཅོད་ཅིང། །མ་རུང་པར་ནི་འགྱུར་བ་ཡིན། ་ཕན་ཚུན་རི་དགས་འདུ་ཤེས་དང། །གཤེད་མ་བརྩེ་བ་སྤངས་པ་དང། །ཕ་དང་མར་ནི་མི་ཤེས་ཤིང། །བླ་མ་རྒན་པོ་མཆོད་མི་འགྱུར། །ཕྱི་རོལ་སྤྱོད་འགྱུར་མི་བརྟན་ཕྲག་དོག་ཅན། །ཕྱིན་ཅི་ལོག་གི་ཆོས་ཀྱིས་ལྷག་མཐོང་མེད། །ཆོས་མིན་ཆགས་པས ་སྲེད་ལ་ཚིམ་པ་མེད། །ལོངས་སྤྱོད་ལ་ནི་ཚིམ་མེད་འཁྱམ་པར་འགྱུར། །བློན་པོ་མདུན་ན་འདོན་དང་དེ་བཞིན་ཏེ། །དགེ་སྦྱོང་བྲམ་ཟེ་རྗེ་རིགས་དམངས་རིགས་དག་།གཡུལ་འགྱེད་ལ་དགའ་ཚུལ་ཁྲིམས་སྨོད་པ་དང། །གཡོན་ཅན་ཕན་ཚུན་སྨྲས་པ་སུན་འབྱིན ་འབྱེད། །དུས་གཞན་ལྷོ་ཡི་ཕྱོགས་སུ་རྒྱལ་པོ་ནི། །ད་སྒྱུ་ཞེས་བྱ་གང་ཞིག་དམག་བརྒྱ་ཕྲག་།སྟོང་གིས་ཡོངས་སུ་བསྐོར་བས་སྐྱོད་བར་འགྱུར། །བྱང་དུ་རྒྱལ་པོ་བརྒྱ་བྱིན་ཞེས་བྱ་བ། །དམག་ནི་བརྒྱ་ཕྲག་སྟོང་ལྡན་འབར་བར་འགྱུར། །བློ་བཟང་ཞེས་བྱ་བ་རྒྱ ་ཕྲག་སྟོང་གིས་བསྐོར། །དབང་བྱིན་སྡེ་ཞེས་བྱ་བ་བརྒྱ་བྱིན་དང། །མཉམ་པ་བརྒྱ་ཕྲག་སྟོང་གིས་ཡོངས་བསྐོར་འབྱུང། །སྡེ་བཅས་རྒྱལ་པོ་དབང་ཆེན་སྡེ་ཡི་སྲས། །བཟོད་དཀར་མིང་བཏགས་གཞོན་ནུ་ལག་པ་ན། །རལ་གྲི་ཐོགས་ཤིང་ཁྲག་གིས་བསྒོས ་གྱུར་པ། །ལུས་ལ་གོ་གྱོན་པ་ནི་འབྱུང་བར་འགྱུར། །ཁྱེའུ་ལྔ་བརྒྱ་གོ་གྱོན་ལག་པ་ན། །རལ་གྲི་ཐོགས་ཤིང་ཁྲག་སྤགས་གོ་གྱོན་པ། །དེ་ལ་བརྟེན་བྱེད་ཁྲག་གི་ཆར་པ་དག་།ཡུལ་འཁོར་དེར་འབབ་ཁྱེའུ་དེ་དག་ནི། །ལོ་བདུན་བཟོད་དཀས་གསོ་འགྱུར་བཟོད་དཀའ་ ་ནི། ཀོ་ཤམ་བིར་ནི་གནས་འགྱུར་རྒྱལ་པོ་དག་།ཕན་ཚུན་ཕྲག་དོག་བྱེད་འགྱུར་རྒྱལ་གདུག་དག་།སྔོན་གྱི་འཁོན་གྱིས་ཕན་ཚུན་འཇོམས་པར་འགྱུར། །མཆོད་རྟེན་འཇིག་ཅིང་གཙུག་ལག་ཁང་བསྲེག་འགྱུར། །དགེ་སློང་འཆོག་འགྱུར་དགེ་འདུན་རྗེས ་འཕྲོག་འགྱུར། །དེ་ཚེ་བྱང་ཕྱོགས་རྒྱུད་དུ་འགྲོ་བར་འགྱུར། །ཡུལ་འཁོར་འཇིག་འགྱུར་མི་རྣམས་སྣུན་པར་བྱེད། །བསགས་པའི་ནོར་འཕྲོག་གཙུག་ལག་ཁང་སྲེག་འགྱུར། །རྒྱལ་པོ་དེ་སྱུ?་ལ་ལ་སོགས་པ། །དགེ་སློང་གང་དག་ཉམ་ཆུང་བ། །ནད་པ་འདྲེས ་པར་མི་ནུས་པ། །འཇོམས་ཤིང་ཡུལ་དབུས་འགྲོ་བར་འགྱུར། །སྟོབས་ཅན་རྣམས་ནི་འབྲོས་འགྱུར་ཞིང། །ཡུལ་དང་ཡུལ་དུ་འགྲོ་བར་འགྱུར། །གང་དག་དགེ་སློང་གསར་བུ་དག་།དགེ་སློང་དོན་གཉེར་འཇོམ་བག་ཅན། །ཟིལ་ནོན་པ་དག་གནས་དང་གན ་ཐམས་ཅད་དུ་ནི་འདུག་པར་འགྱུར། །སྡུག་བསྔལ་ཅན་འགྱུར་སྤྱོ་བ་དང། །གཤེ་བ་རྟག་ཏུ་འཐོབ་པར་འགྱུར། །ད་སྱུ?་ལ་སོགས་རྒྱལ་པོ་གསུམ། །སྡེ་དཔུང་བཞོན་པར་བཅས་དེ་དག་།ཀཽ་ཤམ་བིར་ནི་བཟོད་དཀའ་དང། །ལྷན་ཅིག་ལོ་ནི་བཅུ་གཉིས་འཐོབ། ། ་རྒྱལ་པོ་གསུམ་པོ་འཁོར་བཅས་པ། །བཟོད་དཀས་གསོང་པར་བྱེད་པར་འགྱུར། །ས་ཡི་དཀྱིལ་འཁོར་མཛའ་དག་པར། །རྒྱལ་པོ་གདུག་ཅིག་པ་གནས་འགྱུར། །ང་ཡིས་སྡིག་ལས་བྱས་སྙམ་དུ། །ཕྱི་ནས་གདུད་པ་འབྱུང་བར་འགྱུར། །གང་ལ་བདག་གི ་སླར་བཤེགས་པའི། །དགེ་སློང་མཁས་དེ་གང་ན་ཡོད། །ཤི་ཥ་ཀ་ཞེས་མཁས་གྱུར་པ། །བྲམ་ཟེ་མེའི་བུ་པཊ་ལི། །པུ་ཊར་གནས་གྲགས་སྡེ་སྣོད་ཀྱི། །གསུམ་པ་ཡོད་ཅེས་སྨ་པར་འགྱུར། །ཤཱཀྱའི་སྲས་པོ་དེའི་དོན་དུ། །མྱུར་ཏུ་གཏོང་པར་བྱེད་པ་ན། །ཤིང་ཤ ་བ་ཀུག་ནས་རྒྱལ་པོ་ལ། །ཆོས་སྟོན་པ་ཡི་བར་དུ་འགྱུར། །སྡེ་སྣོད་གསུམ་པས་དད་བྱས་ནས། །རྒྱལ་པོ་སངས་རྒྱས་བསྟན་ལ་འཇུག་།བདག་གི་བཅུ་གཉིས་ལོར་འཐབས་ཤིང། །བདག་གི་སྡིག་པ་བྱས་པར་འགྱུར། །རྒྱལ་པོ་གསུམ་པོ་འཁོར་བཅས་ཤིང། །སྡེ་དང་བཅས ་པ་བདག་གི་བསད། །བདག་གི་ལོ་ནི་བཅུ་གཉིས་སུ། །ཡོ་བྱད་ལྔ་དག་དབུལ་ཞེས་སྨྲས། །སངས་རྒྱས་སྲས་པོ་འདིར་གཤེགས་ཤིག་།ཛམྦུའི་གླིང་ན་གནས་པ་ཡིས། །ཤཱཀྱའི་སྲས་པོ་ཇི་སྙེད་པ། །དེ་དག་ཐམས་ཅད་འདིར་གཤེགས ་ཤིག། བདག་གིས་འདིར་ནི་མཆོད་བྱ་ཞེས། །སྒྲ་ནི་ཀུན་ཏུ་གཏོང་བར་འགྱུར། །དགེ་སློང་ཐམས་ཅད་ཀོ་ཤམ་བིར། །ཡོ་བྱད་ལྔ་ཕྱིར་ཆས་པར་འགྱུར། །ཁ་ཅིག་བཀྲེས་པར་མྱུར་དུ་རྒྱུག། ཁ་ཅིག་ལམ་དུ་ན་བར་འགྱུར། །ཁ་ཅིག་རྐུན་པོ་ཀུ་ཤ་ཀའི། །ཆ ་ལུགས་ཅན་དང་སྟག་གིས་གསོད། །དགེ་སློང་ཁ་ཅིག་རི་ཡི་རྩེར། །ལུས་ཀྱི་རྩེ་བར་བྱེད་པར་འགྱུར། །དགེ་སློང་སྤྱོད་ཡུལ་ཐ་དད་པ། །ཁ་ཅིག་ཀཽ་ཤམ་བིར་འཇུག་འགྱུར། །བརྒྱ་ཕྲག་སྟོང་ནི་འདུས་པ་དང། །ཡོ་བྱད་ལྔ་པོ་སྟོབ་པ་དང། །ཉི་མ་དང་པོར ་རྩོམ་པ་ན། །སྤྲིན་ཆེན་ཡང་དག་ལྡང་འགྱུར་ཞིང། །ཛམྦུའི་གླིང་ནི་ཐམས་ཅད་དུ། །ཆར་ནི་ཆེན་པོ་འབབ་པར་འགྱུར། །དགེ་འདུན་གཡོ་བས་འདི་འབྱུང་ཞེས། །རྒྱལ་པོ་མཆོག་ཏུ་མི་དགར་འགྱུར། །དགེ་སློང་འདི་དག་འདུས་པ་རྣམས། །ང་ཡི ་མཁན་པོ་བདག་གི་ནི། །སློབ་དཔོན་གར་སོང་ང་ཡིས་ཤེས། །ཟླ་དང་བདག་གི་མཁན་པོ་ནི། །མཚུངས་པ་གང་དུ་སོང་གྱུར་ཞེས། །ཕན་ཚུན་དུ་ནི་འདྲི་བར་འགྱུར། །བདག་ཅག་དེ་དང་ལམ་དུ་འོངས། །རྟག་ཏུ་ལམ་དུ་འཆི་དུས་བྱས། །འོ་དོད་ཆེན་པོ་རུ ་བྱེད་ཅིང། །སྙིང་རྗེའི་སྨྲེ་སྔགས་འདོན་པར་འགྱུར། །སྡེ་སྣོད་གསུམ་པ་ཤིར་ཤ་ཀ། ལངས་ནས་ཐངས་ཅིག་ཅང་མི་སྨྲ། །དགེ་སློང་དེ་དག་འོ་དོད་ཆེར། །བོས་ནས་ཅང་མི་སྨྲ་མི་འགྱུར། །དགེ་སློང་རྒྱལ་པོ་ཡིད་མི་བདེས། །མཐོང་ནས་དེ་ལ་བཟོད་མེད་པར། ། ་རྒྱལ་པོ་དེ་ལྟར་རིག་ནས་འདིར། །དགྲ་བཅོམ་འགའ་འབྱུང་འགྱུར་རམ་སྙམ། །ལྷ་ཡི་མཚན་མོ་རྒྱལ་པོ་ལ། །པཱཊ་ལ་ནི་པུ་ཏྲ་དེར། །ཚོད་དཔོན་ནོར་བཟང་ཞེས་བྱའི་བུ། །དགྲ་བཅོམ་ལེགས་དགའ་ཞེས་བྱ་བ། །སྤོས་དང་ལྡན་ན་གནས་གྱུར་པའི། །གསུམ་རིགས ་དེ་རིང་འོངས་འགྱུར་ནས། །ཁྱོད་ཀྱི་འདིར་ནི་གནས་འགྱུར་ཞེས། །དགའ་བའི་གཏམ་དག་སྨྲ་བར་འགྱུར། །ཟླ་བ་ཆེན་པོ་བཅོ་ལྔ་ལ། །གསོ་སྦྱོང་ལ་ནི་འཇུག་པའི་ཚེ། །བརྒྱ་ཕྲག་སྟོང་དག་འདུས་པ་ན། །སྡེ་སྣོད་གསུམ་པ་ཞིག་འབྱུང་ཞིང། །གསོ་སྦྱོང་??? ་ནི། །དགྲ་བཅོམ་པ་ཞིག་གནས་པར་འགྱུར། །དེའི་ཚེ་ལྷ་ནི་སྟོང་ཕྲག་དག་།གསོ་སྦྱོང་མཉན་ཕྱིར་འོང་བར་འགྱུར། །འདུས་པ་ཐ་མ་བླ་མེད་པ། །དེ་རིང་ངེད་ཀྱི་མཐོང་པར་འགྱུར། །ཆོས་ཀྱི་རྒྱལ་མཚན་དེ་རིང་འཇིག་།ཆོས་ཀྱི་རི་བོ་དེངས་པར་འགྱུར། །ཆོས ་ཀྱི་སྣང་བ་ནུབ་འགྱུར་ཞིང། །དགེ་སློང་སྡོམ་པ་ཉམས་འགྱུར་ཞིང། །ཡན་ལག་བརྒྱད་ལྡན་ཆུ་ཅན་ཀླུང། །ཐ་མ་དེ་རིང་བསྐམ་པར་འགྱུར། །དགེ་སློང་ཚོགས་སྒྲ་ཆེར་འབྱིན་ཚེ། །སྡེ་སྣོད་གསུམ་པ་ལངས་ནས་སྨྲས། །ཤཱཀྱའི་སྲས་པོ་ཇི་སྙེད་དང། །ཀུན་ནང་ཐོས་པའི ་ཕ་རོལ་ཕྱིན། །བདག་ཀྱང་དེ་རིང་འདིར་འདུས་འགྱུར། །བདག་ཀྱང་བསླབ་ལ་མི་སླབ་ལ། །སྐྱེ་བོ་གཞན་ལ་སྨོས་ཅི་དགོས། །གལ་ཏེ་དགེ་སློང་གཅིག་ཀྱང་ནི། །བསླབ་ལ་བསླབས་པར་གྱུར་པ་ན། །ང་ཡིས་སླབ་ལ་བསླབས་སོ་ཞེས། །དེ་རིང་ཚིག་ཏུ་སྨྲ་བར་བྱོས། །འདུལ ་དང་སོ་སོར་ཐར་པ་ལ། །ཚུལ་ཁྲིམས་སྡོམ་པ་མ་རལ་ཞེས། །དགེ་སློང་དགེ་འདུན་རྒྱ་ཆེ་བ། །འདི་ཡི་མདུན་དུ་ཚིག་སྨྲོས་ཤིག་།བསླབ་པ་འདོད་པའི་དོན་ཆེད་དུ། །ང་ཡིས་དེ་རིང་གསོ་སྦྱོང་བྱ། །འདུལ་བྲའི་དོན་གྱུར་སྤྱོད་ཡུལ་ནི། །ཅོམ་བསྐྱུངས་པ་ཀུན་མཉན་པར ་བྱོས། །དགྲ་བཅོམ་ལེགས་དགའ་ལངས་ནས་ནི། །མདོ་སྡེ་གང་དུ་གང་མཐོང་བའོ། །བསླབ་ལ་ང་ཡིས་བསླབས་པར་འགྱུར། །ང་ནི་གང་ལའང་དོགས་མེད་ཅིང། །ཐེ་ཚོམ་ཡང་ནི་ཡོད་མ་ཡིན། །ཇི་སྐད་སྟོན་པས་གསུངས་པ་ཡིས། །བསླབ་པ་དག་ལ་ངས་བསླབས ་ཞེས། སེང་གེའི་སྒྲ་ནི་སྒྲོགས་པར་འགྱུར། །དེ་ཚེ་སྡེ་སྣོད་གསུམ་སློབ་མ། །ལུས་སྦྱིན་ཞེས་བྱ་མ་རུངས་པས། །ཁྱོད་ཀྱིས་མདོ་འདིར་མ་བསླབས་ཤིང། །འདུལ་བ་ལ་ཡང་བསླབ་པ་མིན། །རྒན་པོས་སྨྲས་བཞིན་པ་ཡི་ཚིག་།ཁྱོད་ཀྱིས་མི་མཐུན་པར་སྟེན་ཞེས། །རྩུབ ་དང་རླང་བའི་ཚིག་དག་གིས། །ལེགས་དགའ་ལ་ནི་བསྡིགས་པར་འགྱུར། །ལུས་སྦྱིན་དྲག་པོ་ལག་པ་དག་།གཉིས་ཀས་ཐོབ་བཟུང་བྱས་ནས། །བསླ་པ་ལ་ཤིན་ཏུ་གུས་གྱུར་པའི། །དགྲ་བཅོམ་ལེགས་དགའ་གསོད་པེར་འགྱུར ་དགེ་སློང་ཉུང་ཟད་ཉེས་ལྡན་རྣམས། །འོ་དོད་ཆེན་པོས་ངུ་བར་འགྱུར། །དགེ་སློང་དག་ནི་ཕན་ཚུན་དུ། །ལྷུང་བཟེད་ཆོས་གོས་སྨོད་པར་འགྱུར། །དེའི་ཚེ་གནོད་བྱིན་ཞོ་གདོང་ཞེས། །སངས་རྒྱས་སྟན་ལ་རབ་དང་བས། །ཅི་ཕྱིར་ཁྱོད་ཀྱི་དགྲ་བཅོམ་བསད། །ཞེས ་སྨྲས་ལུས་སྦྱིན་རྡོ་རྗེས་གསོད། །ཀེ་ཏ་ར་ཞེས་བྱ་བ་ཡིས། །དགེ་སློང་དྲག་ཏུ་མ་ཆེས་རྩུབ་པས། །ལག་གཉིས་ཐོ་བ་བཟུང་བྱས་ན། །སྡེ་སྣོད་གསུམ་པ་དེ་གསོད་འགྱུར། །དགེ་སློང་ཐམས་ཅད་ལངས་ནས་ནི། །དེ་དག་ཕན་ཚུན་གསོད་པར་འགྱུར། །དགེ་སློང ་འབུམ་ཕྲག་དག་ནང་ནས། །ཉུང་ཟད་གསོན་པོ་འཐོབ་པར་འགྱུར། །དེ་ཚེ་ཐངས་ཅིག་དེ་ལ་ནི། །ས་གཞི་མི་ཟད་གཡོ་བར་འགྱུར། །ནམ་མཁའ་ལས་ཀྱང་ཆེས་དྲག་ཅིང། །མི་བཟད་སྒྲ་ནི་ཐོན་པར་འགྱུར། །ཕྱོགས་བཞིར་དུད་རྒྱུན་ཆེས་འཇིགས་རུང། །མེ་སྟག ་ཆེས་དྲག་འབྱིན་ནུས་པས། །རིམ་གྱི་ཆེར་མཁས་མནན་གནས་འགྱུར། །སྐར་མདའ་ལྟུང་དང་མེ་སྟག་ནི། །ཕྱོགས་བཞི་དག་ཏུ་ལྟུང་བ་འབྱུང། །ལྷ་ནི་བྱེ་བ་བརྒྱ་སྟོང་དག་།ཤཱཀྱ་སེང་གེའི་དམ་ཆོས་དེའང། །དཀའ་བས་བསྒྲུབས་པ་ནུབ་འགྱུར་ཞེས། ། ་ཤིན་ཏུ་མི་བཟད་དུ་བར་འགྱུར། །འདོད་ན་སྤྱོད་པའི་ལྷ་ཀུན་དང། །གཟུགས་དག་གཟུགས་ན་སྤྱོད་པའི་ལྷ། །དམ་ཆོས་ནུབ་པར་གྱུར་པ་ན། །སྐད་ཆེན་པོའི་དུ་བར་འགྱུར། །རྫོགས་སངས་རྒྱས་མཐོང་གནོད་སྦྱིན་དག་།དེང་ནས་བརྩམས་ཏེ་འཇིག་རྟེན་དུ། ། ་དམ་ཆོས་སླར་ཡང་འབྱུང་མི་འགྱུར། །འདུལ་དང་སོ་སོ་ཐར་པ་ཡང། །ཀུན་ནས་ཀུན་ཏུ་འབྱུང་མི་འགྱུར། །མུན་པས་འཇིག་རྟེན་ཁྱབ་འགྱུར་ཞིང། །སྐྱབས་དང་དཔུང་གཉེན་མེད་པ་དང། །རིང་པོར་མི་ཐོགས་མི་རྣམས་ལ། །རི་དགས་འདུ་ཤེས་འབྱུང་བར་འགྱུར། ། ་ཆོས་ཀྱི་མཆོད་སྡོང་ལྷུང་འགྱུར་ཞིང། །ཆོས་ཀྱི་རྔ་ཆེན་བཅོམ་པར་འགྱུར། །བདུད་རྩིའི་སྒོ་མོ་བཀག་པར་འགྱུར། །ཆོས་སྨྲ་བ་དག་ཉམས་འགྱུར་ཞིང། །ཆོས་ཀྱི་སྣང་བ་ནུབ་པར་འགྱུར། །ཆོས་ཀྱི་འཁོར་ལོ་ཕྱིར་ལོག་འགྱུར། །ཆོས་ཀྱི་རྐང་པ་ཆག་འགྱུར་ཞིང ་ཆོས་ཀྱི་ཆུ་བོ་སྐམ་པར་འགྱུར། །ཆོས་ཀྱི་རང་བཞིན་སྟེགས་ཞིག་གྱུར། །ཆོས་ཀྱི་ཆུ་རྒྱུན་ཕྱིར་ལོག་འགྱུར། །ཆོས་ཀྱི་རྒྱ་མཚོ་སྐམས་གྱུར་དང། །ཆོས་ཀྱི་རི་བོ་ལྷུང་གྱུར་ཅེས། །ས་གཞིའི་སྟེང་དུ་ལྷུང་བར་འགྱུར། །ནགས་ཀྱི་གནས་དང་དགོན་པ་ན། །གནས ་པའི་ལྷ་བུ་མང་པོ་དག་།མཆོག་ཏུ་དྲག་པོར་དུ་འགྱུར་ཞིང། །ས་ལ་ཡང་ནི་ལྷུང་བར་འགྱུར། །འཇིགས་པ་ཆེ་དུས་དེ་ཡིས་ཚེ། །ནག་པོའི་རྩེ་ལག་དགའ་མགུ་ཞིང། །རངས་པས་གོས་དག་འཐོར་བྱེད། །གང་ཕྱིར་ཤཱཀྱ་ཐུབ་པ་ཡིས། །ཆོས་བསྟན་པ་དག་འཇིག་པར ་འགྱུར། །དམ་པའི་ཆོས་ནི་ནུབ་འགྱུར་ཞིང། །ང་ཡིས་བསྟན་པ་འབར་ཕྱིར་རོ། །དམ་ཆོས་ནུབ་པ་ཉིད་འགྱུར་བས། །རྒྱལ་པོ་བཟོད་དཀས་ཤེས་གྱུར་ནས། །དེ་ཡིས་མཚན་མོའི་ཐུན་མཛའ་ལ། །གྲོང་ཁྱེར་ནས་ནི་འབྱུང་བར་འགྱུར། །གང་ཞིག་དགེ་སློང་རོ་མཐོང ་ནས། གཟུང་སྟེ་འགྱེལ་ཞིང་བརྒྱལ་བར་འགྱུར། །ཚེགས་ཆེས་དྲན་པ་རྙེད་གྱུར་ནས། །དགྲ་བཅོམ་ལེགས་དགའ་བསད་གྱུར་ཅིང། །སྡེ་སྣོད་གསུམ་པ་ཤི་ཥ་ཀ། བསད་གྱུར་དགེ་སློང་སྟོང་ཕྲག་བསད། །ང་ཡི་བསོན་པ་མི་རིང་ཞེས། །ཉོན་མོངས་སྨྲེ་སྔགས ་འདོན་པར་འགྱུར། །ཐམས་ཅད་རོ་དག་ཡོངས་བསྡུས་ནས། །མཆོད་པ་མཆོག་གིས་སྲེག་པར་འགྱུར། །གང་དག་དགེ་སློང་དེར་གནས་པ། །ཕྱོགས་གཅིག་ཡང་དག་འདུ་བར་འགྱུར། །རིན་ཆེན་བྱེ་དོ་རིན་ཐང་ཅན། །གཙུག་ལག་ཁང་ནི་ལྔ་བརྒྱ་དག་།གཞེངས ་ཤིང་རབ་ཏུ་གནས་གྱུར་པ། །དེ་དག་ལ་ནི་དབུལ་བར་འགྱུར། །དེ་ནས་དགེ་སློང་རེ་རེ་ཞིང། །བརྒྱ་ཕྲག་སྟོང་གོས་བསྐོན་པར་འགྱུར། །ཁྱེད་ཅག་འདིར་ནི་གནས་པར་བྱོས། །ང་ཡིས་ཡོངས་སུ་བསྐྱང་བར་བྱ། །ང་ལ་ཆོས་ཀྱང་སྨྲ་བར་བྱོས། །ང་ཡིས་གུས་པས་མཉན་པར་བྱ། ། ་ཐམས་ཅད་མི་སྨྲ་གྱུར་གནས་ཤིང། །འགའ་ཡང་ཆོས་སྨྲ་མི་འགྱུར་རོ། །རྒྱལ་པོས་ལན་གཉིས་ལན་གསུམ་དུ། །དགེ་སློང་རྣམས་ལ་གསོལ་བཏབ་ཀྱང། །ཅང་མི་སྨྲ་གྱུར་འགྱུར་བ་དང། །འགའ་ཡང་སྨྲ་བར་མི་འགྱུར་རོ། །ཆོས ་ཉམས་ཕྱིར་ན་མ་ཤེས་ཀྱིས། །ཆོས་ནུབ་འགྱུར་ཞིང་ཐམས་ཅད་ཀྱང། །ཆོས་གོས་སྐྱ་བོར་གནས་འགྱུར་ཞེས། །རྒྱལ་པོས་དགེ་སློང་ལ་སྨྲ་འགྱུར། །ཀྱེ་མ་སངས་རྒྱས་ཞེས་སྨྲས་ནས། །སྟན་ལས་ལྟུང་བར་འགྱུར་བ་དང། །ས་ལ་ཀུན་ནས་འགྲོ་བར ་འགྱུར། །སངས་རྒྱས་བསྟན་པ་རབ་ཏུ་ཉམས། །ཐམས་ཅད་སྐྲ་དང་ཁ་སྤུ་དག་།རིང་གྱུར་ཆོས་ཀུན་རབ་ཉམས་ཞེས། །དེ་ཚེ་བར་སྣང་ས་སྟེང་དུ། །སྒྲ་ཆེན་པོ་དག་འབྱུང་བར་འགྱུར། །ཆུ་དང་རི་དང་དེ་བཞིན་ས། །མཆོག་ཏུ་མ་རུངས་ལྟུང་བར་འགྱུར། ། ་གྲོང་ཁྱེར་དག་ནས་ཕུབ་མ་ཡིས། །ཚངས་པ་དམ་ཆོས་གནས་སུ་ལྟུང། །འདོད་པའི་ཁམས་ནི་ཐམས་ཅད་དུ། །རྩ་བ་ལོ་མ་ཤུན་པི་དང། །མེ་ཏོག་ཚོན་དག་མ་ལུས་ཉམས། །གཙང་མའི་གནས་ཀྱང་སྤངས་པར་འགྱུར། །གཟི་མདངས་གསུམ་དང། ་བཅུད་བདུན་པོ། །མ་ལུས་པར་ནི་ཉམས་པར་འགྱུར། །ཐར་དང་བསྟན་བཅོས་དགེ་བ་ཡིས། །བྱ་བ་མ་ལུས་ཉམས་པར་འགྱུར། །མེ་ཏོག་འབྲས་བུ་བཅུད་སྐྱེ་བ། །ཉུང་ཞིང་མི་ཞི་མ་པར་ཡང་འགྱུར། །དེ་ཆ་ཆུ་དང་མཚོ་ལྟེང་ཀ། ཁྲོན་པ་ཆུ་མིག་སྐམ་པར ་འགྱུར། །ས་ལ་འབྲོག་དགོན་ཚ་ཁུང་དང། །ངམ་གྲོག་ཀྱང་ནི་འབྱུང་བར་འགྱུར། །རི་བོ་ཐམས་ཅད་སྐམ་འགྱུར་ཞིང། །སླར་ཡང་ཆར་འབབ་མི་འགྱུར་རོ། །ནོར་གྱི་འབྱུང་ཁུངས་སྐམ་པར་འགྱུར། །བུར་ཤིང་སོ་བ་སྨན་དག་དང། །སར་དྷ་ལ་ལྗད་སྐམས ་པར་འགྱུར། །རྩཝ་གཞན་སྐྱེ་བར་མི་འགྱུར་ཞིང། །མུན་པ་རྡུལ་ཚུབ་རླུང་དྲག་འབྱུང། །ཉི་མ་ཟླ་བ་མཐོང་མི་འགྱུར། །སྐར་མདའ་ལྟུང་དང་ཕྱོགས་དམར་པོ། །རྒྱུན་མི་འཆད་པར་མཐོང་བར་འགྱུར། །མི་དགེ་བཅུ་ཡིས་ཆོས་དང་ནི། །ནད་དག་འཕེལ་བར་འགྱུར ་ཡིན། །ཕ་མ་དག་ལ་རི་དགས་ཀྱི། །འདུ་ཤེས་ཀུན་ལ་འབྱུང་བར་འགྱུར། །སེམས་ཅན་ཚེ་དང་མདོག་དང་མདངས། །སྟོབས་དང་བདེ་པ་ཉམས་པར་འགྱུར། །ཐམས་ཅད་ངན་སོང་འགྲོ་འགྱུར་ཞིང། །ལྷ་མི་དག་དང་བྲལ་བར་འགྱུར། །རྒྱལ་རིགས ་འདི་དག་སྡིག་བྱེད་ཚེ། །ཐམས་ཅད་ངན་སོང་འགྲོ་འགྱུར་ཞིང། །ལྷ་མི་དག་དང་བྲལ་བར་འགྱུར། །འདི་འདྲ་བ་ཡི་རྒྱལ་རིགས་དང། །སྡིག་པའི་དགེ་སློང་འབྱུང་བ་ན། །དམ་ཆོས་ཐམས་ཅད་འཇིག་འགྱུར་ཞིང། །ལྷ་དང་མི་རྣམས་ཉམས་པར་འགྱུར། ། ་སེམས་ཅན་འདི་དག་ལ་ཁྱེད་ཀྱི། །སྙིང་རྗེ་འཇུག་པར་ཡོངས་མི་འགྱུར། །མི་བཟད་དུས་ན་ཞིང་འདི་ནས། །བཏང་སྙོམས་ཅན་དག་འགྲོ་བར་འགྱུར། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །ང་ཡི་ཕྱི་དུས་སྒོང་པ་བྱ། །དོན་དུ་འཚོ་བ་བཏང་བྱས་ནས། །གཟི་མདངས ་གསུམ་པོ་བསྲང་བར་བྱ། །ང་ཡི་ཚེ་ནི་ཆ་གསུམ་པ། །སེམས་ཅན་རྒྱུར་ཡང་བཏང་བར་བྱ། །ཕྱི་མར་དམ་ཆོས་འབར་བ་ན། །ལྷ་དང་མི་དག་བཀྲུ་བར་བྱ། །ཇི་ལྟར་སྔོན་གྱི་སངས་རྒྱས་ཀུན། །དེ་དག་ཉི་མ་བདུན་པ་ལ། །དམ་ཆོས་ནུབ་པར་གྱུར་པ་ན། །ཚེ་དང ་རང་སྲོག་བཏང་བཞིན་ནོ། །ང་ནི་མྱ་ངན་འདས་འགྱུར་ཕྱིས། །ལོ་སྟོང་ང་ཡི་སྟན་ནས་འགྱུར། །ང་ཡི་སྲོག་ཆགས་རྣམས་ཀྱི་ཡང། །ཉོན་མོངས་ཟད་པར་གྱུར་པ་ཡིན། །བྱང་ཆུབ་སེམས་དཔའ་བརྩོན་ལྡན་པ། །ཕ་རོལ་ཕྱིན་དྲུག་རྫོགས་པར་འགྱུར། །ཟག་མེད ་ཞི་བའི་གྲོང་ཁྱེར་དུ། །བརྩོན་པའི་རྣལ་འབྱོར་པ་འཇུག་འགྱུར། །ལོ་ནི་སྟོང་ཕྲག་འདས་པ་ན། །དམ་ཆོས་གཟུགས་བརྙན་འབྱུང་འགྱུར་ཞིང། །བརྒྱ་ཕྲག་གཉིས་ལོ་ཚང་བ་ན། །མགོ་ཟླུམ་ངུར་སྨྲིག་གོས་གྱོན་པ། །རྟག་ཏུ་མ་ཚང་མེད་གྱུར་ཅིང། །ལྷ་དང་མི ་ཡིས་མཆོད་འགྱུར་ཅིང། །གང་དེ་དག་ལ་མཆོད་བྱེད་པ། །དམ་ཆོས་བྱས་འགྱུར་འགའ་ཞིག་གིས། །མགོ་བྲག་ངུར་སྨྲིག་གོས་གྱོན་ལ། །ང་ཆེད་བྱས་ནས་སྐྱབས་སོང་ན། །དེ་དག་ང་ཡི་སྲས་སུ་བརྗོད། །ཚུལ་ཁྲིམས་འཆལ་པར་གྱུར་ཀྱང་ནི། །ཕྱིར་མི་ལྡོག་པར་གནས་པ ་ཡིན། གང་སུ་དེ་དག་ལ་བསྣུན་པ། །དེ་ནི་ང་ཡི་སྐུ་འཚིག་འགྱུར། །སྤྱོ་དང་གཤེ་བར་བྱེད་པ་དང། །ང་ལ་སྤྱོ་བར་འགྱུར་བ་ཡི། །ཆོས་ཀྱི་ཚུལ་རྒྱུན་བཅད་པའི་ཕྱིར། །ཞུགས་དང་བསྣུབ་པར་བྱ་བའི་ཕྱིར། །དེ་ཕྱིར་སྣོད ་མིན་སྣོད་འགྱུར་ཕྱིར། །ཆ་གསུམ་པ་ཡི་སྲོག་བཏང་བྱ། །དེ་དགེ་བདེ་བར་གྱུར་པ་དང། །ལྷ་དང་མི་རྣམས་འཕེལ་གྱུར་ཅིག་།སེམས་ཅན་དོན་དུ་བདག་གི་སྔོན། །དཀའ་བ་གང་ཞིག་བྱས་གྱུར་དང། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན ་རིང་འབར་གྱུར་ཅིག་།ངས་སྔོན་ནད་པའི་དོན་ཆེད་དུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་འཕོངས་པ་བསྐྱབ་པའི་ཕྱིར། །ཡུན་རིང་བདག་བསྟན་འབར་གྱུར་ཅིག་།བུ་དང་བུ་མོ་ཆུང་མ་དང། །ནོར་དང་གླང་ཆེན་ཤིང་རྟ་དང། །རིན་ཆེན ་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག་།བདག་གིས་སངས་རྒྱས་རང་རྒྱལ་དང། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག་།བསྐའ་བ་བྱེ་བ་དུ་མར་བདག་།སྡུག ་བསྔལ་སྣ་ཚོགས་མྱོང་གྱུར་ཅིང། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག་།བདག་གིས་བརྟུལ་ཞུགས་ཚུལ་ཁྲིམས་དང། །དཀའ་ཐུབ་ཡུན་རིང་བྱས་གྱུར་ཅིང། །བཟོད་བརྟུལ་རྟག་ཏུ་གནས་གྱུར་ཅིག་།སེམས་ཅན་ཉོན ་རིང་བསྟན་པ་འབར་གྱུར་ཅིག་།བདག་སྔོན་བརྩོན་འགྲུས་དང་ལྡན་པ། རྟག་ཏུ་བརྟན་ཞིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་གྲོལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག་།བཟོད་བརྟུལ་རྟག་ཏུ་གནས་གྱུར་ཅིག་།སེམས་ཅན་ཉོན ་མོངས་སྙིགས་མ་ཡིས། །སེམས་ཅན་ངན་བྱས་བཟོད་གྱུར་པས། །བདག་བསྟན་ཡུན་རིང་གནས་གྱུར་ཅིག་།བསམ་གཏན་རྣམ་ཐར་གཟུགས་མེད་དང། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམས་པ་དེ་མཐར་བདག་གི་ནི། །བསྟན་པ་ཡུན་རིང་འབར ་གྱུར?། ཡེ་ཤེས་དོན་ཏོ་བདག་གི་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང། །བསྟན་བཅོས་དུ་མས་ཉེར་བསྟན་པས། །བདག་གི་བསྟན་པ་འབར་གྱུར་ཅིག་།བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང། །ཡན་ལག་ཉིད་ལག་བཏང་བ ་ཡས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག་།བདག་སྔོན་སྡིག་པའི་སེམས་ཅན་དག་།བྱམས་པས་གསལ་བར་སྨིན་བྱས་ཤིང། །ཐེག་བ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་མཆོད་སྦྱིན་རྒྱས་གྱུར་ཅིག་།བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ ་ངན་ལས་གྲོལ་བས། །ཡང་དག་ལྟ་ལ་བཀོད་གྱུར་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག་།བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་གྱུར་ཅིང། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར ་ཅིག་།བདག་གི་མུ་སྟེགས་ཅན་གཞན་དང། །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང། །ཡང་དག་ཉིད་ལ་རབ་བཀོད་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག་།སྙིང་རྗེ་དང་ནི་སེམས་ཅན་དག་།བསྒྲལ་བའི་ཕྱིར་ཡང་མྱུར་པ་རུ། །འཇིག་རྟེན་མུན་པ་མེད ་པ་དང། །དཔུང་གཉན་མེད་པར་མ་གྱུར་པ། །དོན་དེས་བདག་གི་ཆོ་བཏང་བྱ། །ཕྱི་མའི་དུས་འདིར་བསྟན་པ་དག་།ཟད་པའི་རྒྱུ་ནི་འདི་འདྲ་བ། །སེམས་ཅན་རྣམས་ལ་ཕན་པའི་རྒྱུ། །ཚུལ་འདི་དེ་ཕྱིར་ཡོངས་སུ་གཏད། །བདག་ནི་མྱ་ངན་འདས་གྱུར ་ཕྱིས། བྱང་ཆུབ་ལ་ནི་གཞོལ་དོད་ན། །དེ་ནི་འཕགས་པའི་བསྟན་ཟད་པ། །འདི་དག་ཐམས་ཅད་ཉམས་པར་འགྱུར། །ཡུན་རིངས་བསྟན་པ་འབར་གྱུར་པའི། །སྔགས་ནི་བདག་གིས་འདིར་བརྗོད་བྱ། །རྡོ་རྗེ་སྙིང་པོ་ཁོང་སྟོང་མེད། །རྣམ་པར་གྲོལ་བའི ་བཅུད་ཀྱི་གནས། །གང་དག་ཕྱོགས་བཅུའི་སངས་རྒྱས་རྣམས། །བདག་གིས་འདི་ལ་མདུན་སྩལ་ཅིང། །གང་དག་འདིར་ནི་འོངས་གྱུར་པའི། །འཁོར་ཀུན་མདུན་པ་སྦྱིན་པར་བྱོས། །ཏདྱ་ཐཱ། ཨ་བ་མཱུ་ཀེ། བ་མཱུ་ཀེ། བིར་ཛ་མཱུ་ཀེ། ཁ་ར་མཱུ་ཀེ། ཙ་ལ་བ་ཏི། ། ་ཏི། མ་ཧི་དྲ་བ་ཏེ། མཧཱ་དྲེ་དྷེ། སུམ་བྷ་ར་བི། ཛ་ཀ་ལི་མཛཇཱ་ལེ། ཨུཙྪ་མུ་ཥེ། ཎཾ་ག་མེ། ཛཝ་ལེ་ཛཝ་ལ་མཱ་ནི། ནི་བ་པ་སྭཱཧཱ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་སྙིང་པོ་ཁོང་སྟོང་མེད་པ་རྣམ་པར་གྲོལ་བའི་བཅུད་ཀྱི་གནས་སྔགས ་ཀྱི་ཚིག་འདི་དག་གསུངས་པ་ན། །སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་རྣམ་པར་འགྱུར་བ་དྲག་ཏུ་འདར་ཞིང་གཡོས་པར་འགྱུར། མེ་ཏོག་གི་ཆར་པ་བབ་པ་དང། མ་བརྡུངས་པའི་རྡ་སྒྲ་འབྱིན་པར་གྱུར་ཏོ། །ཇི་ལྟར་འདུས་པའི་འཁོར་ས་གཞི ་གང་བ་རབ་ཏུ་མགུ་བ། བཞིན་མཆི་མ་དང་བཅས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚིག་འདི་སྐད་དུ། ད་ལྟར་དེ་བཞིན་གཤེགས་པ་གང་གི་སེམས་ཅན་ཡོངས་སུ་སྨིན་པའི་རྒྱུས་སེམས་ཅན་རྣམས་ལ་མ་འོངས་པའི་བསྟན་པའི་ཚུལ་སྟོན་ཅིང། ་ཚེའི་ལྷག་མ་ཆ་གསུམ་པ་བཏང་བ། ངོ་མཚར་དང་རྨད་དུ་བྱུང་བ་ཆེན་པོ་དག་ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ནི་ངོ་མཚར་ཏོ་ཞེས་གསོལ་ཏོ། །བསྟན་པར་བྱས་པ་འདི་བསྟན ་པ་ན་ཉོན་མོངས་པའི་སྙིགས་མར་གྱུར་པའི་ཚེ། སེམས་ཅན་རྣམས་ལ་སེམས་རབ་ཏུ་དང་བའི་རྒྱུས། །དེར་གནས་པའི་སེམས་ཅན་བགྲང་བ་ལས་ཤིན་ཏུ་འདས་པ་རྣམས་ཀྱིས། སྡོན་མ་བསྐྱེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་བསྐྱེད་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཁག་ཁྲིག་དགུ་བཅུ་རྩ་གཉིས་ཀྱི་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །གཟུགས་ཅན་སྙིང་པོ་ལ་སོགས ་པ་བཅུས་ནི་བདེན་པ་མཐོང་བར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཉི་ཤུས་ཏིང་ངེ་འཛིན་སོ་སོར་རིག་པ་མཁའ་འགྲོ་སྣང་བ་འདུལ་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་ལྷ་མ་ཡིན་འབུམ་ཕྲག་དྲུག་ཅུ་རྩ་བཞིས་ཁྱད་པར་དུ་འགྲོ་བའི་སྟོབས་ཐོབ་པར་གྱུར་ཏོ། ། ་དེའི་ཚེ་ལྷ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཀྱིས་ནི་རྣམ་པར་དག་པ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། །དེའི་ཚེ་གྲུབ་བུམ་འབུ་མེ་ཕྲོག་སུམ་སུས་རྒྱལ་མཚན་གྱི་རྩེ་མོའི་སྒྲོན་མའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་ཀླུ་འབུམ་ཕྲག་ཉི་ཤུས་མི་རྫི་པའི་དྲེགས ་པ་སེལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་དགེ་སློང་ཕྲག་ཉི་ཤུ་ནི་ལེན་པ་མེད་པར་ཟག་པར་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་གསུང་གི་མདོ་ལས་ཀྱང། །སྲོག་དང་གང་ཟག་བཟུང་བྱས་ནས། །བདག་ཏུ་སྨྲ་དང་འཆད ་སྨྲ་དང། །རྟག་ལ་རབ་ཏུ་གནས་པར་འགྱུར། །མུ་སྟེགས་ཅན་སྨྲ་ལ་བརྟེན་ནས། །དགེ་སློང་མིང་ནི་སྒྲོགས་པར་འགྱུར། །ཡང་དག་མ་ཡིན་མིང་བརྟེན་ནས། །ཡུལ་འཁོར་ཟས་ནི་ཟ་བར་འགྱུར། །འཁོར་འདོད་པར་ནི་གྱུར་པ་ན། །རྙེད་ལ་ཆེས་མང་བརྟེན་པར ་འགྱུར། །མ་དུལ་བ་ཡིས་འཁོར་འགྱུར་ཞིང། །ཆེད་པའི་ལས་ནི་སྤངས་པར་འགྱུར། །གཡེང་བའི་སྨྲ་བ་ཅན་འགྱུར་ཞིང། །སོ་སོར་སྡོམ་པས་མ་སྡམས་འགྱུར། །མཐར་གྱིས་དེ་ལྟར་དམ་པ་ཡི། །ཆོས་ནི་ནུབ་པར་འགྱུར་བ་ཡིས། །བདེན་པ་སྨྲ་བའི་དགེ་སློང ་དག་།ཟིལ་གྱིས་གནོན་པར་བྱེད་འགྱུར་ཞིང། །དེ་ཚེ་དེ་དག་དགེ་འདུན་ལས། །གནས་ན་འདུག་པའང་རྙེད་མི་འགྱུར། །དེ་ཚེ་ཞར་བ་འཐེད་པོ་དང། ཞར་སྒུར་ཡན་ལག་མ་ཚང་དང། །འཚེ་བའི་དོན་དུ་འདིར་འོངས་པ། །དེ་དག་རབ་ཏུ་འབྱུང་བར་འགྱུར། ། ་དེ་ཚེ་མང་དུ་སྨྲ་འགྱུར་ནས། །དེ་དག་རྩོད་པ་བྱེད་པར་འགྱུར། །དེ་དག་བརྩོད་ཅིང་ཆེར་འཁོན་པ། །ཕྲ་མ་ཅན་དང་སྡིག་ལྟ་བ། །མུ་ཅོར་བཞིན་ངན་དྲག་པོ་དང། རྙེད་ལ་བརྐམ་ཞིང་མི་མཁས་པ། །འདུ་འཛི་དག་ལ་དགའ་བ་དང། ལེ་ལོ་ཤེས་རབ་དམན་པར ་འགྱུར་ཞེས་གསུངས་སོ། །དམ་པའི་ཆོས་ནུབ་པར་གྱུར་པའི་མདོ་ལས་ཀྱང། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པ་ན་བསྟན་པ་གཏམ་ཙམ་གྱི་སྙིང་པོ་ཅན་དུ་འགྱུར་རོ། །དེའི་ཚེ་ངའི་ཉན་ཐོས་དག་གཏམ་གཞན་གྱི་སྦྱོར་བ་ལ་རྗེས་སུ ་བརྩོན་པས་གནས་པར་འགྱུར་ཏེ། འདི་ལྟ་སྟེ་ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང་གླེང་གཞི་དང། ཤིན་ཏུ་རྒྱས་པ་དང། རྨད་དུ་བྱུང་བའི་ཆོས་དང། གཏན་ལ་ཕབ་པ་དེ་དག་དོར་ནས། གཏམ་གཞན ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་འགྱུར་རོ། །འདི་ལྟ་སྟེ་བཟའ་བའི་གཏམ་དང། བཏུང་བའི་གཏམ་དང། གོས་ཀྱི་གཏམ་དང། ལམ་སྲང་གི་གཏམ་དང། སྨད་འཚང་གི་གཏམ་དང། འཇིག་རྟེན་ལ་སྐུར་པའི་གཏམ་དང། ལྗོངས་དང་བློན་པོ་ཆེན་པོའི་གཏམ ་རྒྱུད་ཀྱི་གཏམ་དག་གོ་།ངའི་ཉན་ཐོས་དག་གཞན་མུ་སྟེགས་ཅན་ཇི་ལྟ་བ་དེ་ལྟར་འགྱུར། ལུས་མ་སྒོམས་པ་དང། སེམས་མ་བསྒོམས་པར་འགྱུར་རོ། །འཐབ་པ་དང། མཚང་འབྲུ་བ་དང། གཡུལ་འགྱེད་པ་དང། གནོད་སེམས་མང་པར་འགྱུར་རོ། ་ལོ་བརྒྱར་བསྲུངས་པའི་ཚུལ་ཁྲིམས་ཅིག་ཤོད་ཀྱི་རྒུད་པར་འགྱུར་ཏེ། འདི་ལྟ་སྟེ་མི་དགེ་བའི་བཤེས་གཉེན་གྱིས་སོ། །ལོ་བརྒྱུར་བསྲུངས་པའི་གྲོགས་པོ་ཅིག་ཤོས་ཀྱི་རྒུད་པར་འགྱུར་ཏེ། འདི་ལྟ་སྟེ་གནོད་སེམས་རྒྱས་པ་ཉིད་ཀྱིས་སོ། །ལྷུང་བཟེད ་མཛེས་པ་ཅན་དང། མཁར་གསིལ་མཛེས་པ་ཅན་དང། ཆོས་གོས་མཛེས་པ་ཅན་དུ་འགྱུར་རོ། །ཀུན་དགའ་བོ་འདི་ནི་དམ་པའི་ཆོས་ནུབ་པའི་ཚིག་བླ་དགས་སོ་ཞེས་གསུངས་སོ། །ཐོས་པའི་ཡོན་ཏན་བསྟན་པ་ལ་དགོངས་པ་བསྟན་པ་གཟི་བརྗིད་ཅན་གྱི་མདོ ་ལས་ཀྱང། དེ་ལ་འདའ་བའ་ཨི་གནས་ལྔ་གང་ཞེ་ན། ཚུལ་ཁྲིམས་ལས་འདའ་བའ་ཨི་གནས་དང། མང་དུ་ཐོས་པའི་ལས་འདའ་བའ་ཨི་གནས་དང། འཇིག་རྟེན་གྱི་ཟང་ཟིང་སྤོང་བ་ལས་འདའ་བའ་ཨི་གནས་དང། དལ་བ་ཕུན་སུམ་ཚོགས་པ་ལས་འདའ་བའ་ཨི་གནས ་དང། དགེ་པའི་བཤེས་གཉེན་ལས་འདའ་བའ་ཨི་གནས་ཏེ། འདི་དག་ནི་གནས་ལྔའོ། །དེ་ལ་འདའ་བའ་ཨི་གནས་ལྔ་པོ་དེ་དག་ལས། མང་དུ་ཐོས་པ་ལས་འདའ་བའ་ཨི་གནས་ནི་རྒུད་པ་ཐམས་ཅད་ཀྱི་གནས་སུ་འགྱུར་རོ། །མང་དུ་ཐོས་པའི་དགེ་སློང་གི་སྒྲིབ་པའི ་གནས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །འདིའི་ལམ་ངན་པ་ཐམས་ཅད་བཀག་པར་འགྱུར་རོ། །འདིའི་བཀར་པོའི་ཆོས་ཐམས་ཅད་ནང་དུ་འདུ་བར་འགྱུར་རོ། །མཆོག་ཏུ་ཉེ་བ་ཉིད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐག་མི་རིང་བར་ཞུགས ་པར་གྱུར་ཏེ། ཅི་འདྲ་བ་ཉེ་བར་འགྱུར་ཞེ་ན། འདི་ལ་གནས་བརྟན་ཤཱ་རིའི་བུ་དང་དགེ་སློང་མཽངྒལ་གྱི་བུ་དང། གནས་བརྟན་རབ་འབྱོར་དང། དགེ་སློང་ཀུན་དགའ་བོ་ཇི་ལྟ་བ་བཞིན་ནོ། །ཀུན་དགའ་བོ་དེ་ལྟར་ན་དགེ་སློང་མང་དུ་ཐོས་པ་དག་ནི་སེམས ་ཅན་དམྱལ་བ་རྣམས་སུ་སྐྱར་བར་མི་འགྱུར་རོ། །དུང་འགྲོའི་སྐྱེ་གནས་སུ་མ་ཡིན། གཤིན་རྗེའི་འཇིག་རྟེན་དག་ཏུ་སྐྱེ་བར་མི་འགྱུར་རོ། །གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་ཤེས་རབ་ཆེན་པོར་འགྱུར་རོ། །ཇི་ལྟར་ཤེས་རབ་ཆེན་པོར་འགྱུར་ཞེ་ན། ཤེས་རབ་ཆེན་པོ་ཉིད་གང་གིས་མཚམས་མེད་པ་ལྔ་མངོན་པར་འདུ་བྱེད་པར་མི་འགྱུར་རོ། །ཀུན་དགའ་བ་དགེ་སློང་མང་དུ་ཐོས་པ་ནི་གཞན་གྱི་མྱ་ངན་དང་ཟུག་རྡུ་སེལ་བར་བྱེད་པར་འགྱུར་རོ། །གཞན་འགྱེད་པ་སལ་བར་འགྱུར་རོ། །འདི་ལ་མཐོང་བའི་ཆོས ་དང་ཚེ་ཕྱི་མའི་ཕུན་སུམ་ཚོགས་པ་གང་ཞིག་མང་དུ་ཐོས་པ་དེའི་ནང་དུ་མི་འདུ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་དའི་གདན་བཟུང་བར་འདོད་པས་མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །དགེ་སློང་མང་དུ་ཐོས་པ ་ཚོལ་བས་བྱ་བ་གསུམ་བྱས་པར་འགྱུར་རོ། །གསུམ་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་བ་དང། གཞན་དག་གིས་འགྱོད་པ་སྐྱེས་ཤིང་སྐྱེས་པ་སེལ་བར་བྱེད་པ་དང། དེ་དག་གི་གདོན་མི་ཟ་བར་མྱ་ངན་ལས་འདའ་བར་བྱ་བ་སྟེ། འདི ་ནི་མང་དུ་ཐོས་པའི་རྒྱུ་མཐུན་པའི། །དགེ་སློང་མང་དུ་ཐོས་པ་ཚོལ་བས་ཆོས་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། བཞི་གང་ཞེ་ན། མང་དུ་ཐོས་པ་ལ་དགོད་པར་བྱེད་ཅིང་སྣ་ཚོགས་པ་གཏམ་པར་འགྱུར་བ་དང། འདི་ལྷས་ཀྱང་མི་སྤོང་བ་དང། སྲོག ་གཅོད་པར་མི་འགྱུར་བ་དང། ལས་དང་རྣམ་པར་སྨིན་པ་ལ་མཁས་པར་འགྱུར་བ་སྟེ། དགེ་སློང་མང་དུ་ཐོས་པ་ཚོལ་བས་ནི་ཆོས་བཞི་པོ་འདི་དག་ཡོངས་སུ་བཟུང་བར་འགྱུར་རོ། །དགེ་སློང་མང་དུ་ཐོས་པ་ཚོལ་བ ་ནི། གནས་ལྔ་འཛིན་པར་འགྱུར་ཏེ། ལྔ་གང་ཞེ་ན། འཆི་བའི་དུས་སུ་འདིའི་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་བ་དང། འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་ཞིང། དེར་ཡང་ལྷ་དག་འཁོར ་བྱེད་པ་དང། ཆོས་དང་ལྡན་པའི་གཏམ་གྱིས་ལྷ་དག་དགའ་བར་བྱེད། ཡང་དག་པར་ལེན་དུ་འཇུག་པ་དང། ལྷ་དང་མི་རྣམས་ཀྱི་ཟིལ་གྱིས་མི་ནོན་པར་གྱུར་པ་དང། དེ་ནས་ཤི་འཕོས་མ་ཐག་ཏུ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དང། ་རྒྱལ་སྲིད་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སྦྱིན་པ་འདི་ནི་མཆོག་ཏུ་གསུངས་ཏེ། འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའོ། །དེ་ཆོས་ཀྱི་སྦྱིན་པ་དེས་རྒྱལ་པོ་ལོངས་སྤྱོད་ཆེ་བ་དང་འཁོར་མང་བར་འགྱུར་རོ། །བག་ཡོད་པ་དང ་ཤེས་རབ་ཆེན་པོར་འགྱུར་རོ། །རྒྱལ་སྲིད་ཀྱི་བྱ་བ་དག་ལ་སྤྱོད་པ་པོར་འགྱུར་ཏེ། ཆོས་ལྔ་པོ་འདི་དག་དང་ལྡན་པ་ནི་ལྷ་དང་མི་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་མཚན་ཉིད་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་མཁས་པས ་མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །ཆོས་ལྔ་པོ་འདི་དག་ནི་དེ་བཞིན་གཤེགས་པས་མངོན་པར་མཁྱེན་ནས་གསུངས་པའོ། །དེ་ལ་དགེ་སློང་མཁས་པས་རྒུད་པའི་གནས་ལྔ་པོ་འདི་དག་སྤངས་ནས། ཕུན་སུམ་ཚོགས་པའི་གནས་ལ ་མངོན་པར་བརྩོན་པར་བྱའོ། །དེ་ལ་ཕུན་སུམ་ཚོགས་པའི་གནས་གང་ཞེ་ན། མང་དུ་ཐོས་པ་སྟེ་མང་དུ་ཐོས་པ་ལ་ཤེས་རབ་ཉེ་བར་འགྱུར། གཅིག་ཏུ་གནས་པར་འགྱུར། ཤེས་རབ་དང་ལྡན་པས་ཉོན་མོངས་པས་ཐམས་ཅད་ཀྱི་མི་རྫི་བ་དེ་ནི ་ཤེས་རབ་དང་ལྡན་པ་ཞེས་བྱའོ། །དེ་ལ་འདི་དག་ནི་མང་དུ་ཐོས་པའི་སྟོབས་དག་སྟེ། འདི་ལ་མྱ་ངན་འབྱུང་བར་མི་འགྱུར། ཁེངས་པར་མི་འགྱུར། །བྲོ་བར་མི་འགྱུར། འཁོན་དུ་འཛིན་པར་མི་འགྱུར། རྒོད་པར་མི་འགྱུར། མཐོའོ་སྙམ ་པར་མི་འགྱུར། གཡོ་བག་ཅན་དུ་མི་འགྱུར། འཁྲུལ་པར་མི་འགྱུར། རྟེན་མེད་པ་ལ་མ་རུངས་པར་མི་འགྱུར་རོ། །ང་རྒྱལ་གྱིས་བྱས་པའི་བྱ་བ་བྱེད་པར་མི་འགྱུར། འཇིག་པར་མི་འགྱུར། གནོད་ཞང་ཅན་དུ་མི་འགྱུར། འཁོར་གྱི་ནང ་ན་གནས་པ་ན་མི་འཇིགས་པར་འགྱུར། འཁོར་གྱི་ནང་ན་འདུག་པ་ན་འདི་དག་དར་འཛིན་པ་ལ་གནས་པ། ང་རྒྱལ་དང་བཅས་པ་ཞིག་སྟེ། ཡོངས་སུ་བཀང་བར་མི་ནུས་སོ་སྙམ་དུ་ཞུམ་པར་མི་འགྱུར། སྨད་པས་གནོད་ཞད་ཅན་དུ་མི་འགྱུར། །བསྟོད ་པས་འཕར་བར་མི་འགྱུར། གནས་པ་དང་ལྡན་པར་འགྱུར། །མི་འཕྲོག་པར་འགྱུར། འདིའི། ལྕེ་ཡངས་པར་འགྱུར། །འདིའི་ལྕེ་དག་པར་འགྱུར། འཇམ་པ་དང་སྙན་པར་སྨྲ་བར་ཡོངས་སུ་འཛིན་པ་ཉིད་དུ་འགྱུར། སྒྲ་དབྱངས་དགའ་བ་སྐྱེད་པར ་འགྱུར། ངག་དབྱངས་སྙན་པར་འགྱུར། །འཁོར་གྱི་ཚོགས་ཆེན་པོ་འཇུག་པར་འགྱུར། ཚོགས་ཀྱི་ནང་ན་སྨྲ་བ་པོར་འགྱུར། ལྷ་དག་རྟག་ཏུ་འདིའི་རྗེས་སུ་འབྲང་བར་འགྱུར། ཤེས་རབ་ཀྱི་སྦྱིན་བདག་ཏུ་འགྱུར། ཚུལ་ཁྲིམས་ཀྱི་སྦྱིན་བདག་ཏུ ་འགྱུར། གཏོང་བའི་སྦྱིན་བདག་ཏུ་འགྱུར། །མཐོ་རིས་ཀྱི་སྦྱིན་བདག་ཏུ་འགྱུར། མྱ་ངན་ལས་འདས་པའི་སྦྱིན་བདག་ཏུ་འགྱུར། ཡོན་ཏན་གྱི་ཆོས་ཇི་སྙེད་བསྒྲགས་པ་དེ་སྙེད་ཁོ་ན་ཆོས་ཀྱི་སྦྱིན་པའི་སྦྱིན་བདག་གིས་འཁོར་རྣམས་ལ་རབ་ཏུ་གསལ་བར ་བྱེད་ཅིང། ཡོན་ཏན་དེ་དག་ལ་དགོང་པར་བྱེད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་མང་དུ་ཐོས་པའི་སྦྱིན་བདག་མོ་ཆོག་ཏུ་འགྱུར། བདེ་བའི་སྦྱིན་བདག་ཏུ་འགྱུར་ལེགས་པར་སྤྱོད་པའི་སྦྱིན་བདག་ཏུ་འགྱུར་བ་ནས་མྱ་ངན་ལས་འདས་པའི་སྦྱིན་པ་དག་གི་བར་དུ ་འགྱུར་རོ། །ཤེས་རབ་དེས་སྦྱིན་པ་ཉུང་ཟད་ཀྱང་མང་པོར་བྱེད་དོ། །ཉམས་པའི་སེམས་སུ་མི་འགྱུར། ཞུམ་པའི་སེམས་སུ་མི་འགྱུར། སྡུག་ཕོངས་པའི་སེམས་སུ་མི་འགྱུར། དེ་ལ་གཞན་གྱིས་འགྱོད་ལ་སྐྱེད་པར་མི་ནུས་སོ། །སྡུག ་བསྔལ་བའི་སེམས་ཡང་དག་པར་བསྲེག་པར་འགྱུར་རོ། །གདམས་ངག་འདོམ་པ་པོར་འགྱུར། ཡང་དག་པར་ལན་དུ་འཇུག་པ་པོར་འགྱུར། དམ་པའི་ཆོས་ཡོངས་སུ་འཛིན་པ་པོར་འགྱུར། སྐྱེས་བུ་དམ་པ་དེ་ལྟ་བུའི་ངོ་བ་ཅན་དེ་དག་གི་དོན་དུ་དེ་བཞིན ་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་མང་དུ་ཐོས་པ་ལ་དེ་ལྟ་བུའི་ངོ་བོའི་བསྔགས་པ་དེ་དག་མཐོང་བས་ནི། མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མང་དུ་ཐོས་པའི་བསྔགས་པ་དེ་དག་གསུངས་ན་བཅོམ་ལྡན་འདས་གང་ཞིག་གཞན་མང་དུ་ཐོས་པ་ལ་འགོད་པར་འགྱུར་བ་དེས ་དགེ་བའི་རྩ་བ་ཇི་སྙེད་ཅིག་སྐྱེད་པར་བགྱིད། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྐྱེས་བུ་མཁས་པ་འགའ་ཞིག་གིས་སྨྲས་པའི་དོན་དབེས་ཤེས་བར ་འགྱུར་པ་དེས་ན་ཁྱོད་ལ་དཔེ་བརྗོད་པར་བྱ་སྟེ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཤིང་གི་རིགས་མ་རྩཝའི་རིགས་མ་སྡོང་དུམ་སོར་གཅིག་པ་འམ། སོར་གཉིས་པ་སྐྱེས་པ་ཇི་སྙེད་པ་དེ་ཐམས་ཅད་ལོ་མ་དང་མེ་ཏོག་དང་འབྲས ་བུ་དང་ལྡན་པར་གྱུར་ལ། དེ་ལ་གང་རྩཝ་སོར་གཅིག་པ་སྐྱེས་པ་དེའི་འབྲས་བུ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་སྙེད་མངོན་པར་འགྲུབ་པར་འགྲུབ་པར་འགྱུར་བ་དང། དེ་ལ་གང་ས་ལས་སོར་གཉིས་སྐྱེས་པར་འགྱུར་པ་དེའི་འབྲས་བུ་གང་གཱའི་ཀླུང་གཉིས ་ཀྱི་བྱེ་མ་དང་མཉམ་པ་དེ་སྙེད་མངོན་པར་འགྲུབ་པར་འགྱུར་བ་དང། རྣམ་གྲངས་འདིས་སོར་སྐྱེ་བ་ཇི་སྙེད་པ་འགྱུར་རོ། །དེ་བཞིན་དུ་སྔོར་དུམ་སོར་ཇི་སྙེད་པར་འགྱུར་བ་ནི་གང་གཱའི་བྱེ་མ་དང་མཉམ་པར་དེ་སྙེད་དུ་འགྱུར་ན། ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། ་འབྲས་བུ་དང་ཤིང་འདི་དག་ནི་འདི་ཙམ་ཞིག་ཞེས་འབྲས་བུ་དང་ཤིང་དེ་དག་གི་ཚད་གཟུང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་སྔོར་དུམ་སོར་ཚད་དང་ལྡན་པ་དེ་དག་གི་འབྲས་བུ་དང་ཤིང་དེ་དག་གི ་ཚད་བཟུང་བར་ནུས་ཀྱི། གང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཅི་ནས་ཀྱང་སེམས་ཅན་འདི་དག་ཆོས་ཀྱི་སྦྱིན་པ་འདིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་པ་ནས། དགྲ་བཅོམ་པ་རྗེས་སུ་ཐོབ་པའི་བར་དང། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་འགྱུར་རོ་སྙམ ་དུ་ཕན་པའི་དངོས་པོ་ལ་གནས་ནས། མ་ཆགས་པའི་སེམས་དང། ཟང་ཟིང་མེད་པའི་སེམས་ཀྱི་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཞིག་སྟོན་དུ་འཇུག་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བཟུང་བར་མི་ནུས་སོ། །གང་ཞིག་དེ་ལྟར་ཕན་པའི་སེམས་བསྐྱེད་ནས ་གཞན་ལ་ཐན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཞིག་ཀྱང་འཛིན་དུ་འཇུག་པ་འམ། སྟོན་དུ་འཇུག་པ་འམ། ཀུན་ཏུ་ཤེས་སུ་འཇུག་ན་དཔེར་བརྗོད་པ་ཡོངས་སུ་གཟུང་བ་སྔ་མས་བསོད་ནམས་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར ་ཡང། གྲངས་སམ། ཆར་རམ། བགྲང་བར་རམ། །དཔེར་རམ། རྒྱུར་ཡང་མི་བཟོད་དོ། །གང་ཞིག་གཞན་མང་དུ་ཐོས་པ་དང། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ལ་འགོད་པ་དེ། དེ་ལྟར་དགེ་བའི་རྩ་བ་མང་པོ་བསྐྱེད་དོ་ཞེས་གསུངས་སོ། །རབ་ཏུ་བཞི་པ ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང། དགེ་སློང་དྲི་མ་མེད་པ་དགའ་བ་དང་མགུ་བ་དང་ཡིད་རངས་པ་དང་རབ་ཏུ་དགའ་པ་དང་ཡིད་བདེ་བ་སྐྱེས་པ་དེས་ལོ་འབུམ་ཕྲག་དེ་འདས་པ་ན། ཚིག་བཞི་པའི་ཚིགས་སུ་བཅད་པ་དེ་རབ་ཏུ་བཏོན་ནས་དེ་བཞིན་གཤེག ་པ་བཟང་སྐྱོང་ལྷུན་པོ་ཆེན་པོ་གལ་བ་དེར་དོང་སྟེ་དོང་ནས་ཀྱང། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཁོ་བོས་སྐྱེས་བུ་དམ་པའི་ལས་བགྱིས་སོ། །ཁོ་བོས་བདུད་ཀྱི་དཀྱིལ ་འཁོར་འཕམ་པར་བགྱིས་སོ། །ཁོ་བོས་ཉོན་མོངས་པ་རྣམས་ཚར་གཅད་དོ། །ཁོ་བོས་བྱང་ཆུབ་ཀྱི་སྙིང་པོ་རྣམ་པར་སྦྱངས་སོ། །ཁོ་བོས་སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱངས་སོ། །མི་ཉིད་དོན་ཡོད་པ་དང་རབ་ཏུ་བྱུང་བ་ལེགས་པར་རྙེད་དོ། །ཁོ་བོས་སངས ་རྒྱས་འབྱུང་བ་རབ་ཏུ་ཀུན་ནས་གསུངས་སོ། །ཁོ་བོས་ཡུལ་གྱི་བསོད་སྙོམས་ལེགས་པར་འཚལ་ལོ། །ཁེ་བོས་ཡོན་ཏན་རྣམ་པར་སྦྱངས་སོ། །ཁོ་བོས་ཡོན་གནས་ཀྱི་ས་ལ་རབ་ཏུ་གནས་སོ། །ཁོ་བོས་ཆོས་ཀྱི་གཏེར་བསྟན་ཏོ། །ཁོ་བོས་ཆོས་ཀྱི་འཁོར ་ལོ་རབ་ཏུ་བསྐོར་བའི་ས་བོན་བཟུང་ངོ། །ཁོ་བོས་འཕགས་པའི་ནོར་གྱིས་ནོར་དང་བཅས་སོ། །ཁོ་བོས་མི་དབུལ་ཞིང་རྙེད་པ་ཆེན་པོ་དང་ལྡན། །ཁོ་བོས་སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་འགྲོན་དུ་གཉེར་ཏོ། །ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱའོ། །བག ་ལ་ཉལ་བ་གཞོམ་པར་བགྱིའོ། །སྒྲིབ་པ་སྤང་བར་བགྱིའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་རབ་ཏུ་ཞི་བར་བགྱིའོ། །མ་རིག་པ་དང་སྲིད་པའི་སྲེད་པའི་སྒོ་འཕར་དབྱེ་བར་བགྱིའོ། །རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ལན ་གསུམ་དུ་བསྐོར་བ་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་རྒྱལ་པོ་གཟི་བརྗིད་དྲི་མ་མེད་པས་སྣག་གི་གཉེན་མཚམས་སུ་དེའི་སེང་གེའི་སྒྲ་ནི་ཐོས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟང་སྐྱོང་ལྷུན་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ ་ལྡན་འདས་བདག་གི་སྣག་གི་གཉེན་མཚམས་འདི་རྣལ་འབྱོར་གྱིས་སྤངས་པ་དང། ནང་དུ་ཡང་དག་པར་འཇོག་པ་དང། ཞལ་ཏ་དོད། མང་དུ་ཐོས?་པ་ཡང་རུང་སྟེ། གང་ལ་མངོན་པར་བརྩོན་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ ་པ། རྒྱལ་པོ་ཆེན་པོ་དགེ་སློང་འདི། མང་དུ་ཐོས་ཕ་ལ་མངོན་པར་བརྩོན་པར་འགྱུར་རོ། །དེས་གསོལ་པ། བཅོམ་ལྡན་འདས་གང་དེ་སྐད་དུ་སེང་གེའི་སྒྲ་སྒྲོགས་པ་འདིས་ཆོས་ཇི་སྙེད་གཅིག་ཡོངས་སུ་ཐོབ་པར་འགྱུར་ལགས། བཀའ་སྩལ་པ། རྒྱལ ་པོ་ཆེན་པོ་དགེ་སློང་འདིས་ལོ་སྟོང་དུ་ཚིག་བཞི་པའི་ཚིགས་སུ་བཅད་པ་སྟོན་པར་གྱུར་ཏོ། །གསོལ་བ་བཅོམ་ལྡན་འདས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བཏོན་པས་བདག་ངའི་སྣག་གི་གཉེན་མཚམས་འདི་དེ་སྐད་དུ་སེང་གེའི་སྒྲ་སྒྲོགས་སམ། ་བཅོམ་ལྡན་འདས་གལ་ཏེ་སེང་གེའི་སྒྲ་བསྒྲག་པར་བགྱི་ན་ནི། དེ་དག་གིས་བསྒྲགས་པར་བྱ་སྟེ། བདག་གི་ལོ་སྟོང་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་དང་བཅས་པ་ལ་ཡིད་དུ་འོང་བའི་ཆོས་གོས་དང ་བསོད་སྙོམས་དང། མལ་སྟན་དང་ན་བའི་རྐྱེན་སྨན་དང་ཡོ་བྱད་ཕུལ་ལོ། །དེ་སྐད་ཅེས་གསོལ་པ་དང། དེ་བཞིན་གཤེགས་པ་བཟང་སྐྱོང་ལྷུན་པོ་ཆེན་པོས་རྒྱལ་པོ་གཟི་བརྗིད་དི་མ་མེད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་དེ་སྐད་མ ་སྨྲ་ཤིག་།དེ་ཅིའི་ཕྱིར་ཞེ་ན། གང་རྒྱལ་པོ་ཆེན་པོ་ལོ་སྟོང་དུ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་བསྡོམས་པ་དེ་བཞིན་གཤེགས་པ་ལ་ཕུལ་བ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདི་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཆོས ་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པའི་དབུགས་དབྱུང་བ་དང་རྡུབ་པ་གཅིག་གི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་ན། ཉེ་བར་སྟོན་པ་དང་ཁ་ཏོན་ཚོལ་བ་ལ་མངོན་པར་བརྩོན་ཞིང། ཚིག་བཞི་པའི ་ཚིགས་སུ་བཅད་པ་འདོན་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་ནི་བསོད་ནམས་དེའི་མཛའ་མི་སྨྲའོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྦྱིན་པར་བྱ་བའི་ཆོས་ལྟ་ཞོག་།རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་ལོ་སྟོད་ཕྲག་འདའ་བར་དེ་བཞིན་གཤེཊ ་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཁྱོད་ཀྱིས་འགོད་པར་ཕུལ་བར་གྱུར་ན། དེ་མང་དམ་གསོལ་བ་བཅོམ་ལྡན་འདས་དེ་བཞིན་ལགས་སོ། །བཀའ་སྩལ་པ་རྒྱལ་པོ་ཆེན་པོ་ཡོངས་སུ་གཏོང་བ་དེ་ཐམས་ཅད་བསྡོམས ་ནས་དགེ་སློང་གཅིག་ལ་དང། རྣམ་གྲངས་འདིས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཕུལ་ན། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་དེ་མང་དམ། སྨྲས་པ། བཅོམ་ལྡན་འདས་མང་ལགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང ་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉེ་བར་སྟོན་པ་དང། ཁ་ཏོན་ལ་མངོན་པར་བརྩོན་པ་གུས་པ་དང་བཅས་པ། ཆོས་འདོད་པ། འཁོར་བའི་འཇིགས་པས་འཇིགས་པ། མྱ་ངན་ལས་འདའ་བ་ལ་རེ་བ། ཉོན་མོངས་པ་ཐམས་ཅད ་སྤོང་པ་ལ་བརྩོན་པ། ཆོས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་ལ་རབ་ཏུ་སྦྱོར་བ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །རྒྱལ་པོ་ཆེན་པོ་བདག་ཉིད་ཀྱི་དད་པས་བྱིན་པ་ཡོངས་སུ་བླངས་ནས། ཟས་འདིས་ཆོས་ཚོལ་བ་ཐོབ་པར་འགྱུར་རོ་སྙམ་དུ ་སེམས་སྐྱེད་པར་བྱེད་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། །སེམས་སྐྱེད་པའི་དགེ་བའི་རྩ་བ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་རྣམ ་གྲངས་འདིས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ལ་གུས་པས་འཇིག་རྟེན་ཐམས་ཅད་ཀྱི་ཟང་ཟིང་གི་སྦྱིན་པ་ཟིལ་གྱིས་མནོན་པར་འགྱུར་བ་དེ་ལྟར་རིགས་པར་བྱའོ་ཞེས་གསུངས་སོ། །བདེན་པའི་རྣམ་པའི་མདོ་ལས་ཀྱང། ཤཱ་རིའི་བུ་དེ་ལ་ཐོས་པ ་མང་པོ་ཚོལ་བའི་ཤེས་པ་གང་ཞེ་ན། ཤཱ་རིའི་བུ་གང་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཐོབ་ན། ཐོས་པ་མང་པོ་ལ་མངོན་པར་བརྩོན་པར་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བ་མ་ཡིན་པར ་རིག་པར་བྱའོ། །ཤཱ་རིའི་བུ་མིང་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། ཤེས་རབ་དང་ལྡན་པ་ཉིད་ཀྱིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །ཤེས་རབ་དེ་ཡང་གང་ལས་དེས་པར་འབྱུང་བ་ཡིན་ཏེ། ཤཱ་རིའི་བུ་དེ་ལྟར་ན་ཁྱོད་ཀྱིས་མངོན་སུམ་དུ་བྱ་ཞིང་ཁྱོད་ཀྱི་སོ་སོར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་ཡང་དག་པར་ཞུགས ་པའི་སེམས་ཅན་མང་དུ་ཐོས་པ་ལ་ཇི་ལྟར་ཐེ་ཚོམ་སྐྱེ་བར་འགྱུར་ཞེས། གང་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའི་བྱང་ཆུབ་ལ་བདུད་སྡིག་ཅན་བར་ཆད་བྱེད་པར་འགྱུར་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས ་དཔའ་སེམས་སྐྱེད་ནས་ཐོས་པ་མང་པོ་ལ་མངོན་པར་མི་བརྩོན་པ་གང་ཡིན་པ་དེ་ནི། བདུད་སྡིག་ཅན་གྱིས་ཡོངས་སུ་བྱིན་གྱིས་བརླབས་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཤཱ་རིའི་བུ་བདུད་ཀྱིས་ལས་ཐམས་ཅད་ཡོངས་སུ་ཤེས་པར་འདོད་པས་བརྩོན ་འགྲུས་བརྩམས་པར་བྱ། ཚིག་གཙོ་བོར་མི་བྱ། མཁས་པའི་བྱ་བ་ཤེས་པར་བྱ་ཞིང། འཇིག་རྟེན་ཐམས་ཅད་ལ་གྲགས་པའི་བྱ་བ་ཤེས་པར་བྱའོ། །ཤཱ་རིའི་བུ་ང་ལྟ་བས་ན་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཐོས ་པ་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་པའི་བརྩོན་འགྲུས་དང། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཚུལ་ཁྲིམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུར་རོ། །ཤཱ་རིའི་བུ་གནས་འདི་དོན་དུ་གཉེར་བ་མང་ཡང་ནན་ཏན་གྱིས་ཡང་དག་པར་སྒྲུབ་པར་བྱེད་པ་ནི་མེད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཡེ་ཤེས ་དང། སྨོན་ལམ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་གང་གི་དགའ་བར་འགྱུར་བའི་ཚིག་དེང་སྨྲ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ ་བདག་གི་དོན་དུ་སྨྲ་བར་མི་བྱ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དམན་པར་མི་བྱའོ། །ཤཱ་རིའི་བུ་སྟོང་དུ་བགྲངས་པ་ལས་གཅིག་འགྲུབ་པ་འམ། གྲུབ་པ་མེད་ཅིང། ཤཱ་རིའི་བུ་སྟོང་ཕྲག་བཅུ་དང་སྟོང་ཕྲག་ཉི་ཤུ་དང། སྟོང་ཕྲག ་སུམ་ཅུ་དང། སྟོང་ཕྲག་བཞི་བཅུ་དང། སྟོང་ཕྲག་ལྔ་བཅུ་དང། བྱེ་བ་ཕྲག་སྟོང་དུ་བགྲངས་པ་ལས་གཅིག་འགྲུབ་པའམ། གྲུབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟར་གང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་འདི་ལ་གནས་པ་དེ་ནི་མངོན ་པར་འབྱུང་བར་དཀའ་བ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གི་སེམས་ཅན་ཐམས་ཅད་ཀྱི་མནག་དཀའ་བ་མནག་པར་བྱ། བཟོད ་དཀའ་བ་བཟོད་པར་བྱ་ཞིང། བདག་གི་ཆོས་བཙལ་བར་བྱ་བའི་ཕྱིར་མངོན་པར་དགའ་བས་བརྩོན་པར་བྱའི། ལོངས་སྤྱོད་བཙལ་བའི་ཕྱིར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཚོལ་བར་བྱེད་པ་ནི་ཡེ་ཤེས་ཚོལ་བར་བྱེད་པ་ཡིན་ཏེ། འདོད ་པ་རྙེད་པས་རློམ་པར་མི་བྱེད། རབ་ཏུ་རློམ་པར་མི་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་ཤེས་རབ་གཙོ་བོར་བྱའི། ལོངས་སྤྱོད་གཙོ་བོར་མི་བྱའོ། ཤཱ་རིའི་བུ་དེ་ལྟ་ན་ཆོས ་ཀྱི་སྦྱིན་པ་འདི་ལ་བྱང་ཆུབ་སེམས་དཔའ་མངོན་པར་བརྩོན་པར་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཀྱང། གཞོན་ནུ་སྨྲས་པ་རྒྱལ་པོ་ཆེན་པོ་གསན་དུ་གསོལ། བདག་གིས་བསྐལ་པ ་གཅིག་ལ་སངས་རྒྱས་ནི། །བྱེ་བ་ཁྲག་ཁྲིག་མཐོང་ནས་རི་མོར་བགྱིས། ཏིང་འཛིན་ཞི་བ་ནི་ཡང་བདག་གི་བྲིས། །གཞན་ཡང་བསྐལ་པ་དགུ་བཅུ་རྩ་དགུ་དང། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་སྟོང་དུ། །དེ་དང་དེར་བདག་སྐྱེ་བ་དྲན་པར་འགྱུར། །ནམ་ཡང ་མངལ་དུ་སྐྱེས་བར་མ་གྱུར་ཏོ། །དེ་ནས་བདག་གི་ཏིང་འཛིན་འདི་བསྒོམས་ཏེ། །རྒྱལ་བ་དེ་དག་འཆད་པ་དག་པར་ཐོས། །ཐོས་ནས་བཤད་པ་ལ་ཡང་མོས་བསྐྱེད་དེ། །ནེམ་ནུར་མེད་པས་བྱང་ཆུབ་རེག་པར་བགྱི་ཞེས་གསུངས་པ་དང། ཡང་མདོ ་དེ་ཉིད་ལས། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་ཉོན་མོངས་པར་མི་བྱེད་པ་དང། གནོད་སེམས་མི་སྐྱེད་པ་དང། ཐེ་ཚོམ་རྣམ་པར་འབྱེད ་པ་དང། ལྟ་བ་དྲང་པོར་བྱེད་པ་དང། ལམ་ལོག་པ་སྤོང་བ་དང། ལམ་ལ་གནས་པ་དང། མི་མཆིང་བའི་སྒོར་གནས་པ་དང། བྱང་ཆུབ་ཏུ་བསྙེན་པ་དང། སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར་པ་དང། ངན་འགྲོ་ཐམས་ཅད་ཀྱི་མི་འཇིགས ་པ་སྟེ། །གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པའི་ཕན་ཡོན་ནོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ཞེ་ན། བླ ་གྲས་རྒྱ་མཚོ་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱ་བའི་ཚིག་འདི་ནི་བརྗོད་པར་བླའི། དགེ་བ་བྱང་ཆུབ་ཀྱི་ཆོས་བསྒྲུབ་པ་ནི་དཀའ་ཨོ་སྙམ་པའོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་ལ་ལས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་འགྲོན་དུ ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས་ལ་མང་དུ་ཐོས་པ་དང། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། དེ་སེམས་ཅན་དེ་དག་ལ་སླུ་བ་ཡིན་ཏེ། དེ་སྐད ་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་འགྲོན་དུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས ་ལ། མང་དུ་ཐོས་པ་དང། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་རྩོན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །བསོད་ནམས་ཐམས་ཅད་བསྡུས་པའི་མདོ་ལས་ཀྱང ་མང་དུ་ཐོས་པ་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་བཞི་ཕམ་པར་བྱེད་དོ། །བཞི་གང་ཞེ་ན། ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད་དང། ལྷའི་བུའི་བདུད་དེ། བདུད་བཞི་པོ ་འདི་དག་ཕམ་པར་བྱེད་དོ་ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚོགས་གསུམ་པོ་སྦྱིན་པའི་ཚོགས་དང། ཚུལ ་ཁྲིམས་ཀྱི་ཚོགས་དང། ཐོས་པའི་ཚོགས་དེ་དག་གི་ནང་ན་ཚོགས་གང་ཆེས་མཆོག་དང་ཆེས་གཙོ་བོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་མ་མེད་པའི་གཟི་བརྗིད་ཚོགས་གསུམ་པོ་སྦྱིན་པའི་ཚོགས་དང། ཚུལ་ཁྲིམས་ཀྱི་ཚོགས ་དང། ཐོས་པའི་ཚོགས་དེ་དག་གི་ནང་ན་ཐོས་པའི་ཚོགས་འབའ་ཞིག་མཆོག་ཅེས་བྱ་རབ་ཅེས་བྱ་རབ་མཆོག་ཅེས་བྱ། གྱ་ནོམ་པ་ཞེས་བྱ། གཙོ་བོ་ཞེས་བྱ་ཁྱད་པར་དུ་འཕགས་པ་ཞེས་བྱ། བླ་མ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས ་བྱ། གོང་མའི་ཡང་གོང་མའང་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་མདུན་ན་ཡུངས་འབྲུ་ཞིག་འདུག་པ་བཞིན་དུ་སྦྱིན་པའི་ཚོགས་དང། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་དེ་བར་བལྟ་བར་བྱའོ། །རིའི་རྒྱལ་པོ་རི་རབ་ཇི་ལྟ ་བ་དེ་བཞིན་དུ་ནི་ཐོས་པའི་ཚོགས་བལྟ་བར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྱའི་རྗེས་ཇི་ལྟ་བ་བཞིན་དུ་སྦྱིན་པའི་ཚོགས་དང། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ཕྱོགས་བཅུའི་ནམ་མཁའ་མཛའ་ཡས་པ་ཇི ་ལྟ་བ་དེ་བཞིན་དུ་ཐོས་པའི་ཚོགས་བལྟ་བར་བྱའོ། །རིགས་ཀྱི་བུ་སྦྱིན་པའི་ཚོགས་ནི་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། དབུལ་བ་སེལ་བ་དང། ལོངས་སྤྱོད་ཆེན་པོ་བསྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་ཚུལ་ཁྲིམས་ཀྱི་ཚོགས་ཀྱང་བྱ ་པ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ངན་འགྲོ་སེལ་བ་དང། བདེ་འགྲོ་སྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ། །ཤེས་རབ་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ལྟ་བར་གྱུར་པ་ཐམས་ཅད་སེལ་བ་དང། ཤེས ་རབ་སྒྲུབ་པ་སྟེ། བྱ་བ་འདི་གཉིས་བྱེད་དོ། །རིགས་ཀྱི་བུ་སྦྱིན་པའི་ཚོགས་ནི་ཟག་པ་དང་བཅས་པ་དང། ལེན་པ་དང་བཅས་པ་དང། ཕུང་པོ་རྣམ་པར་སྨིན་པའོ། །རིགས་ཀྱི་བུ་ཚུལ་ཁྲིམས་ཀྱི་ཚོགས་ནི་ཟག་པ་དང་བཅས་པ་དང། ལེན་པ་དང་བཅས་པ ་དང། ཕུང་པོ་རྣམ་པར་སྨིན་པའོ། །རིགས་ཀྱི་བུ་ཐོས་པའི་ཚོགས་ནི་ཟག་པ་མེད་པ་དང། ལེན་པ་མེད་པ་དང། ཕུང་པོ་རྣམ་པར་སྨིན་པ་མ་ཡིན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས ་པ་རྣམས་ཀྱིས་ཐོས་པའི་ཚོགས་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །བློ་གྲོས་མི་ཟད་པའི་མདོ་ལས་ཀྱང། བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱང་མི་ཟད་པ་ཡིན་ཏེ། ཤེས་རབ་དེའི་རྣམ་པ་ནི་ཇི་ལྟ་བུར་ནི་འདུག་ཅེ་ན། ་ཐོས་པ་ནི་རྣམ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པའོ། །ཐོས་པ་ཡང་རྣམ་པ་ཇི་ལྟ་བུ་ཇི་ལྟར་འདུག་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་རྣམ་པ་ནི་བརྒྱད་ཅུ་རྩ་བཞི་སྟེ། འདི་ལྟ་སྟེ་དེ་ལྟར་མོས་པའི་རྣམ་པ་དང། བསམ་པའི་རྣམ ་པ་དང། ལྷག་པའི་བསམ་པའི་རྣམ་པ་དང། སྦྱོར་བའི་རྣམ་པ་དང། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང། ང་རྒྱལ་མེད་པའི་རྣམ་པ་དང། ཕྱག་བྱ་བའི་རྣམ་པ་དང། བླ་མ་བཀུར་བའི་རྣམ་པ་དང། ་མཐུན་པའི་རྣམ་པ་དང། བཅོས་སླ་བའི་རྣམ་པ་དང། བསྙེན་བཀུར་བའི་རྣམ་པ་དང། རྣ་བཏད་དེ་ཉན་པའི་རྣམ་པ་དང། ཡིད་ལ་བྱ་བའི་རྣམ་པ་དང། འཁྲུག་པ་མེད་པའི་རྣམ་པ་དང། བཞག་པའི་རྣམ་པ་དང། རིན་པོ་ཆེར་འདུ་ཤེས་པའི་རྣམ ་པ་དང། སྨན་དུ་འདུ་ཤེས་པའི་རྣམ་པ་དང། ཉོན་མོངས་པའི་ནད་ཐམས་ཅད་གཞིལ་བའི་རྣམ་པ་དང། དྲན་པའི་སྣོད་ཀྱི་རྣམ་པ་དང། རྟོག་པ་ཤེས་པའི་རྣམ་པ་དང། བློ་གྲོས་འདོད་པའི་རྣམ་པ་དང། བློ་ལ་འཇུག་པའི་རྣམ་པ་དང། ་སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང། གཏོང་བ་སྤེལ་བའི་རྣམ་པ་དང། དུལ་ཞིང་ཅང་ཤེས་ཀྱི་རྣམ་པ་དང། མང་དུ་ཐོས་པའི་སྟོན་པའི་རྣམ་པ་དང། ནན་ཏན་དུ་བྱས་ཏེ་དགའ་བ་མྱོང་བའི་རྣམ་པ་དང། ལུས་བདེ ་བའི་རྣམ་པ་དང། སེམས་ཚིམ་པའི་རྣམ་པ་དང། མི་སྐྱོ་བར་མཉན་པའི་རྣམ་པ་དང། དོན་མཉན་པའི་རྣམ་པ་དང། ཆོས་མཉན་པའི་རྣམ་པ་དང། ནན་ཏན་དུ་མཉན་པའི་རྣམ་པ་དང། གཞན་གྱི་བསྟན་པ་མཉན་པའི་རྣམ་པ་དང། ་བཀུར་སྟི་བྱ་བའི་རྣམ་པ་དང། མ་ཐོས་པའི་མཉན་པའི་རྣམ་པ་དང། མངོན་པར་ཤེས་པ་མཉན་པའི་རྣམ་པ་དང། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང། ཕ་རོལ་ཏུ་ཕྱིན་པ་མཉན་པའི་རྣམ་པ་དང། བྱང་ཆུབ་སེམས ་དཔའ་ཨི་སྡེ་སྣོད་མཉན་པའི་རྣམ་པ་དང། བསྡུ་བའི་དངོས་པོ་མཉན་པའི་རྣམ་པ་དང་ཐབས་མཁས་པ་མཉན་པའི་རྣམ་པ་དང། ཚངས་པའི་གནས་མཉན་པའི་རྣམ་པ་དང། དྲན་པ་དང་ཤེས་བཞིན་དུ་མཉན་པའི་རྣམ་པ་དང། སྐྱེ་བ་ལ ་མཁས་པའི་མཉན་པའི་རྣམ་པ་དང། མི་སྐྱེ་བ་ལ་མཁས་པར་མཉན་པའི་རྣམ་པ་དང། མི་སྡུག་པའི་རྣམ་པ་དང། བྱམས་པའི་རྣམ་པ་དང། རྐྱེན་དང་འདུ་བ་ཚོགས་ཏེ་འབྱུང་བའི་རྣམ་པ་དང། མི་རྟག་པའི་རྣམ་པ་དང། སྡུག་བསྔལ་པའི ་རྣམ་པ་དང། བདག་མེད་པའི་རྣམ་པ་དང། ཞི་བའི་རྣམ་པ་དང། སྟོང་པ་ཉིད་ཀྱི་རྣམ་པ་དང། མཚན་མ་མེད་པའི་རྣམ་པ་དང། སྨོན་པ་མེད་པའི་རྣམ་པ་དང། མངོན་པར་འདུས་མ་བྱས་པའི་རྣམ་པ་དང། དགེ་བ་མངོན་པར་འདུ་བྱ་བའི་རྣམ ་པ་དང། སེམས་ཅན་བྱིན་གྱིས་བརླབས་པའི་རྣམ་པ་དང། ཆུད་མི་གཟན་པའི་རྣམ་པ་དང། རང་དབང་གི་རྣམ་པ་དང། བདག་གི་སེམས་བསྲུང་བའི་རྣམ་པ་དང། བརྩོན་འགྲུས་མི་གློང་བའི་རྣམ་པ་དང། ཆོས་ལ་བརྟག་པའི་རྣམ་པ་དང། ་ཉོན་མོངས་པ་མེད་པ་དང། བདག་གི་ཕྱོགས་བསྲུང་བའི་རྣམ་པ་དང། ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང། ནོར་བདུན་ལ་བརྟེན་པའི་རྣམ་པ་དང། དབུལ་བ་ཐམས་ཅད་གཅོད་པའི་རྣམ་པ་དང། མཁས་པས ་བསྔགས་པའི་རྣམ་པ་དང། མཁས་པས་མགུ་བའི་རྣམ་པ་དང། འཕགས་པས་བསམས་པའི་རྣམ་པ་དང། མ་འཕགས་པ་དད་པར་འགྱུར་བའི་རྣམ་པ་དང། འཕགས་པའི་བདེན་པ་མཐོང་བའི་རྣམ་པ་དང། ཕུང་པོའི་ཉེས་པ་སྤང ་པའི་རྣམ་པ་དང། འདུས་བྱས་ཀྱི་ཉེས་པ་གཞིལ་བའི་རྣ་པ་དང། དོན་ལ་བརྟེན་པའི་རྣམ་པ་དང། ཆོས་ལ་རྟེན་པའི་རྣམ་པ་དང། ཡེ་ཤེས་ལ་བརྟེན་པའི་རྣམ་པ་དང། མདོ་སྡེ་དེས་པའི་དོན་ཅན་ལ་བརྟེན་པའི་སྣ་པར་བསྡིག་པ་ཐམས་ཅད་མི་བྱ་བའི་རྩམ ་པ་དང། བདག་དང་གཞན་ལ་ཕན་པའི་རྣམ་པ་དང། ལས་ལེགས་པར་བྱས་པའི་རྣམ་པ་དང། མི་འགྱོད་པའི་རྣམ་པ་དང། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་སྟེ། འདི་དག་ནི་འཐོབ་པའི་རྣམ་པ ་བརྒྱད་ཅུ་རྩ་བཞི་ཞེས་བྱ་སྟེ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང། རབ་ཏུ་དང་བས་དམ་པའི་ཆོས་སྟོན་པར་བྱེད་པ་ཉན་པའི་ཡོན་ཏན་གཞན་ཡང་ཡོད་དེ། གང་འགའ་ཞིག་ཆོས ་ཉན་པ་དད་པ་ཅན་རབ་ཏུ་དང་བ་དང་ལྡན་པ། དབང་པོ་འདུད་པ། བློ་གཙང་བ། གཅིག་ཏུ་དཀོན་མཆོག་གསུམ་ལ་རབ་ཏུ་དང་བའི་བློ་ཅན། ཁྱིམ་པ་འམ་རབ་ཏུ་བྱུང་བ་ཡང་རུང་སྟེ། དམ་པའི་ཆོས་ཉན་པར་འདོད་པས་ཁྱིམ་ནས་བྱུང ་ནས་ལྷ་ཁང་དམ་ཀུན་དགའ་ར་བར་འགྲོ་བར་བྱེད་པ་ན། དེ་གོམ་པ་འདོར་ཞིང་གོམ་པ་འདོར་བ་ལ་ཚེངས་པའི་བསོད་ནམས་འབྱུང་བར་འགྱུར་རོ། །ཡང་གང་དག་ཆོས་སྨྲ་བ་ལ་མཆོད་པར་བྱེད་པ་དེས་ནི་དོན་དུ་ན་དངོས་སུ་སངས་རྒྱས་ལ ་མཆོད་པར་འགྱུར་རོ། །གང་ཆོས་སྟོན་པ་པོ་མཆོད་པར་བྱེད་པ་དེ་ཇི་ལྟ་ཇི་ལྟར་མཆོད་པ་བྱེད་པ་དེ་དག་ཡོངས་སུ་སྔོ་བར་བྱེད་པ་ན། དེ་ལྟ་དེ་ལྟར་ཡོངས་སུ་སྨིན་པར་འགྱུར་ཏེ། དེ་ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི ་བར་དུ་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉན་པ་ལས་སེམས་ལས་སུ་རུང་བར་འགྱུར། དེ་ལས་སུ་རུང་བར་བྱས་ན་ཐོག་མ་མེད་པའི་དུས་ནས་ཞུགས་པར་གྱུར་བའི་མུན་པ་རྣམས་འཇོམས་པར་འགྱུར་རོ། །ཇི་ལྟར་ཆོས་སྟོན་པ་པོས་བྱེད་པ་ལྟར་གཞན་འགའ་ ་ཞིག་གི་ཀྱང་སེམས་ལས་སུ་རུང་བར་བྱེད་པ་མ་ཡིན་ནོ། །བཞི་པོ་རྣམས་ཀྱི་ཡང་ཕན་པ་ལ་ལན་གྱིས་གླན་པར་སླ་བ་མ་ཡིན་ནོ། །བཞི་པོ་གང་དག་ཅན། འདི་ལྟ་སྟེ། ཕ་དང་མ་དང། སངས་རྒྱས་དང་ཆོས་སྟོན་པ་པོའོ། །དེ་དག་རྣམས་ལ ་བྱིན་པ་ནི་གཞལ་དུ་མེད་བར་འགྱུར་རོ། །བྱང་ཆུབ་ཀྱི་ཆེད་དུ་འགྱུར་རོ། །འཇིག་རྟེན་ན་བསྔགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་གི་སེམས་ཁེངས་པར་གྱུར་པ་དེ་ཆོས་བསྟན་པས་དུལ་བ་ཐོབ་པར་འགྱུར་རོ། །ཆགས་པར་གྱུར་པ་སྦྱིན ་པ་ལ་མོས་པར་འགྱུར་རོ། །མ་རུངས་པ་འཇམ་པར་འགྱུར་རོ། །རྨོངས་པ་མཁས་པར་འགྱུར་རོ། །རྒྱུ་དང་འབྲས་བུ་ལ་ཀུན་ཏུ་རྨོངས་པ་རྣམས་ཆོས་བསྟན་པ་ཐོས་ནས་རྒྱུ་དང་འབྲས་བུ་ལ་དད་པ་དང་ལྡན་པར་འགྱུར་རོ། །ལོག་པའི་བལྟ་བ་ལ་སེམས ་ཀུན་ཏུ་ཞུགས་པ་རྣམས་ནི་ཡང་དག་པའི་ལྟ་བ་དང་ལྡན་པར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་ལ་དགའ་བ་རྣམས་མི་ཆོས་བསྟན་པ་དག་ཐོས་ནས་དེ་དག་ལས་ལྡོག་པར་འགྱུར་རོ། །དེ་ཆོས་བསྟན་པ་ལས་སུ ་རུང་བ་བྱས་ནས་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །དེའི་ཕྱིར་རྒྱུ་འདིས་ཆོས་སྟོན་བར་བྱེད་པ་པོ་ལ་ལན་གླན་པར་སླ་བ་མ་ཡིན་ནོ་ཞེས་གསུངས་སོ། །ཐོས་པ་ཉུང་བ་ཡོངས་སུ་སྤང་པ་ལ་དགོངས་པ་བསྟན་པ་བྱང་ཆུབ་ཀུན་ཏུ་རྒྱུའི་མདོ་ལས་ཀྱང། ། ་ཟབ་ཅིང་འཇིགས་རུང་སྡུག་བསྔལ་མང་མི་བཟད། །རྒྱ་མཚོར་ལྷུང་བ་ཤིན་ཏུ་ལྟ་དཀའ་ལ། །སེམས་བརླག་དལ་བ་དོན་མེད་ཇི་བཞིན་དུ། །དེ་བཞིན་མཁས་པ་ཡིས་ཀྱང་བསམ་བྱ་སྟེ། རྨོངས་པ་བསྟེན་པ་བྱས་པར་གྱུར་ཀྱང་ནི། །ཤེས་པ་ཁྱད་འཕགས ་ཐོབ་པར་འགྱུར་མ་ཡིན། །གང་ཞིག་སྡིག་བློ་དེ་འདྲ་སྟེན་བྱེད་པ། །བསྟེན་ཀྱང་དེ་ཡི་ངལ་བ་དོན་མེད་འགྱུར། །ཇི་ལྟར་ལོང་བའི་མདུན་ན་འདུག་པ་དང། །འོན་བའི་གླུ་དང་རོལ་མོ་ཅི་འདྲ་བ། །དེ་བཞིན་བླན་པོས་བསྟེན་པར་བྱས་གྱུར་ཀྱང། །ཁྱད་པར ་སྐྲ་ཉག་ཙམ་དཱུང་འགྱུར་མ་ཡིན། །ཇི་ལྟར་མ་ནིང་ཆུང་མ་གཞོན་དང། །རྐང་པ་བཅད་པ་འཕྲིན་ཡིག་འཁྱེར་བ་དང། །སྣ་བཅང་མེ་ལོང་ལྟ་བར་བྱེད་པ་དག་།འདི་ཀུན་དོན་མེད་འགྱུར་ཞིང་མི་རིགས་ལྟར། །དེ་བཞིན་རྨོངས་པ་རིགས་དམའ་བསམ ་མིན་པ། །སེལ་འགྱུར་བསྟེན་པ་བྱས་པར་གྱུར་ཀྱང་ནི། །དེ་ལས་བྱས་པ་ཤེས་པའང་འཐོབ་མི་འགྱུར། །དེ་ཉིད་ཕྱིར་ན་དེ་ནི་མཁས་པས་སྤོང། །ཅོད་པན་བཅིངས་པའི་སྤྲེའུ་དང་ཀོ་ལྤགས་མཁན། །ཙན་དན་བཟང་པོས་མཆོད་པ་མཛེས་མ་ཡིན། ། ་མཁས་པས་རྨོངས་ལ་བརྟེན་པ་མཛེས་མིན་ཏེ། །གནས་གསུམ་འདི་དག་བསྐལ་པ་མཉམ་མ་ཡིན། །ང་ཡི་ཁྱོད་ཀྱི་ཁྱིམ་འདིར་མི་འདུག་སྟེ། གང་ཕྱིར་ཁྱོད་ནི་རྟག་ཏུ་སྐལ་མི་མཉམ། །མི་དབང་བྱོད་ལ ་རྣམ་ཀུན་ཤེས་ཡིད་མིན། །དེ་ཕྱིར་ཁྱོད་ནི་རྟག་ཏུ་མགོན་མེད་འགྱུར། །རྒྱལ་པོ་དེ་ཕྱིར་ང་ཡིས་རབ་བསྟན་པའི། །དམ་ཆོས་བསྟེན་གྱིས་ལོག་པར་ཅི་སྟེ་ལྟ། །ཤེས་ནས་དེ་ནི་སྤོང་གི་སྤངས་བྱས་ན། །ཕྱི་མའི་ཚེ་ལ་ཁྱོད་ནི་བདེ་བར་འགྱུར ་ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང། འོད་སྲུངས་དགེ་སློང་ཆོས་བཞི་དང་ཡང་དག་པར་ལྡན་པ་ནི་དེ་བཞིན་གཤེགས་པའི་བསྟན་པ་སྤོང་བར་འགྱུར་ཞིང། དེ་བཞིན་དུ་དགེ་སློང་མདོ་སྡེ་འཛིན་པ་ལ ་ལུས་ཀྱི་གཟིར་བ་དང། ཚིག་གིས་སྨོང་པར་འགྱུར་རོ། །བཞི་པ་གང་ཞེ་ན། སྡིག་པའི་ཆོས་ཅན་ཚུལ་ཁྲིམས་འཆལ་པར་འགྱུར་བ་དང། ཐོས་པར་ཁས་འཆེ་བ་ཐོས་པ་ཉུང་བར་འགྱུར་བ་དང། འཇིག་ཚོགས་ལ་ཞེན་པ་བདག་ཏུ་སྨྲ་པར་འགྱུར ་པ་དང། བདུད་ཀྱིས་ཡོངས་སུ་ཟིན་པ་ལྷག་པའི་ང་རྒྱལ་ཅན་དུ་འགྱུར་བ་དང། བོད་སྲུངས་དགེ་སློང་ཆོས་བཞི་པོ་འདི་དག་དང་ལྡན་ན་ནི་དེ་བཞིན་གཤེགས་པའི་བསྟན་པ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། རྨོངས ་པ་ནི་བསྲེད་ངས་པར་འགྱུར་རོ། །གང་བརྗེད་ངས་པ་དེ་ལ་དགེ་སྦྱོང་གཚུལ་མེད་དོ། །གང་དགེ་སྤྱོང་གི་ཚུལ་མེད་པ་དེ་ལ་མྱ་ངན་ལས་འདའ་བ་མེད་དོ། །ཡོངས་སུ་མྱ་ངན་ལས་མི་འདའ་བ་དེ་ནི་ཟག་པ་དང་བཅས་པའི་ལུས་ཀྱི་ལས་མངོན་པར་འདུ ་བྱེད་པ་དང། ཟག་པ་དང་བཅས་པའི་དག་གི་ལས་མངོན་པར་འདུ་བྱེད་པ་དང། ཟག་པ་དང་བཅས་པའི་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པར་འགྱུར། གང་ཡང་ཟག་པ་དང་བཅས་པའི་ལས་མངོན་པར་འདུ་བྱེད་པ་དེ་དག་ཉིད་མངོན་པར ་འདུ་བྱེད་པའི་ཟས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན་ལྔ་བརྒྱ་བ་ཐ་མ་ལ། དམ་པའི་ཆོས་རྣམ་པར ་འཇིག་པའི་ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་ཏེ། བཞི་གང་ཞེ་ན། ཐོས་པ་ཉུང་དུའི་སེམས་ཅན་ཡོངས་སུ་སྤོང་བ་དང། འཁོར་མི་བསྡུ་བ་དང། པས་མཛའ་གནས་མལ་ལ་བརྟེན་པ་དང། བདག་དུལ་བ་དང་ཞི་བ ་དང། ཞི་གནས་ཀྱི་སྦྱོར་བ་ལ་བརྩོན་བ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་ཆོས་བཞི་པོ་དེ་དག་དང་ལྡན་ན། ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང། མཁས་ཤིང་རྟོགས་པ་བློ་གྲོས་ལྡན་པ་དག་།བྱིས་པ་གང་ནས་ལེགས་པར་འོངས་ཞེས་སྨྲས། །དེ་བཞིན་སྙན་པའི་ཚིག་གིས་ཉར་བསྡུས་ནས། །དེ་དག་ལ་ནི་སྙིང་རྗེ་ཉེ་བར་འཇོག་།བྱིས་པ ་དང་ནི་གང་ཕན་སྙིང་བརྩེ་བ། །དེ་ལ་གནོད་པ་བྱུང་ན་བྱིས་པ་དགའ་། །དེ་ལྟའི་ཉེས་ཕྱིར་བྱིས་པ་རྣམ་སྤངས་ཏེ། །རི་དགས་བཞིན་དུ་གཅིག་པུར་དགོན་པར་གནས། །མཁས་པས་འདི་འདྲའི་ཉེས་པ་རིག་ན་ནི། །ཤེས་རབ་དམན་བརྟེན་བདག་གི་མཐོ ་རིས་ཉམས། །བྱང་ཆུབ་ཐོབ་པར་གལ་འགྱུར་སྙམ་སྟེ། །ཞེས་གསུངས་སོ། །མི་འདྲི་བའི་སྐྱོན་ལ་དགོངས་པ་བསྟོན་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང། གཞན་ཡང་ཆོས་བཅུ་གཅིག་པ་ནི་དགེ་སློང་བསམ་གཏན་དང་ཀློག་པའི ་རིགས་བྱེད་པ་དང་མཆོག་ཏུ་དགའ་བ་བྱེད་པར་འགྱུར་རོ། །དེ་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་གྱིས་འདྲི་བར་མེ་བྱེད་པའོ། །འདིང་ནང་དུ་བློ་དམན་པར་འགྱུར་ཞིང་བློ་གྲོས་རྒྱས་པར་མི་འགྱུར་རོ། །ཇི་ལྟར་བདག་ནི་བསྟན་བཅོས་ཐམས་ཅད་ཀྱི་དོན་དང་ཚིག་གི་སྒོ ་ནས་འཛིན་པ་དང། དོན་དང་ཚིག་གི་སྒོ་ནས་རྗོད་པར་བྱེད་པ་ཡིན་ནོ། །ཞེས་ཕྱི་རོལ་ཏུ་བདག་ཉིད་སྟོན་པར་འགྱུར་རོ། །ང་ནི་ཡེ་ཤེས་ཀྱི་ཚོགས་རྣམས་མ་ལུས་པར་འཛིན་པར་བྱེད་བ་ཡིན་ནོ། །བདག་གི་དོན་བརྒྱ་སྟོང? ་ཕྲག་དུ་མ་རྣམས་ལྷན་ཅིག་ཏུ་གནས་པ་རྣམས་དང། ཞབས་འབྲིང་བ་རྣམས་ལ་ཡང་དེས་བར་བསྟན་ཏོ། །ང་དང་མཚུངས་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས། དེ་ལྟར་གཞན་དག་རྣམས་ལ་ཡང་སྒྲོག་པར་བྱེད་འགོད་པར་བྱེད། སེམས ་ལ་རབ་ཏུ་འཇོག་པར་བྱེད་དེ། དེ་ནི་ཤེས་པའི་མངོན་པའི་ང་རྒྱལ་འབའ་ཞིག་ཏུ་ཟད་པར་གྱུར་པ་སེམས་ཅན་ཐམས་ཅད་ལ་རང་གི་ཡོན་ཏན་རིག་པར་བྱེད་པ། སྐྱེ་པོ་ཐམས་ཅད་ཀྱིས་གོ་བར་འགྱུར་བ་སྟེ། ཇི་ལྟར་འདི་ཤེས་པ་ཐམས་ཅད་ལས ་ཕ་རོལ་ཏུ་སོན་པ་དེ་དང་འགྲན་པར་མཚུངས་པ་རྣམས་འགའ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་འཇིག་རྟེན་པ་རྣམས་བརྗོད་པར་འགྱུར། དེ་ཡང་ཤིན་ཏུ་ཐོས་པ་ཆུང་བར་འགྱུར་བ་དང། ནང་སྟོང་པར་འགྱུར་བ་དང། གསོག་ཏུ་འགྱུར་བ་དང། ་གསོབ་ཏུ་འགྱུར་བ་དང། སྣོད་སྟོང་པ་དང་མཚུངས་པ་དང། སྟོན་ཀའི་སྤྲིན་དག་དང་འདྲ་བ་དང། བསམ་གཏན་དང་ཀློག་པ་ལས་ཕྱི་རོལ་ཏུ་བྱས་པ་དང། སྐྱེ་བ་སྨན་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །དེ་ནི་གང་གི་ཚེ་དགེ་སྦྱོང་བསམ ་གཏན་དང་ཀློག་པ་དང། ཚུལ་ཁྲིམས་དང། གཏོང་བ་དང། བརྩོན་འགྲུས་བརྩམས་པར་འགྱུར་བ་དང། དམིགས་པ་དང་རང་བཞིན་གྱིས་ཐོས་པ་རྒྱ་ཆེན་པོར་གྱུར་པ་དང། དུལ་བ་དང་ཤིན་ཏུ་སྦྱངས་པའི་རྒྱན་གྱིས་བརྒྱན་པ། སངས་རྒྱས་ཀྱི ་བསྟན་པ་ལ་ཤིན་ཏུ་གཅེས་པར་འཛིན་པ། སྤྲོ་བ་ལོག་པ་མེད་པར་གྱུར་པ། ཤེས་རབ་ཆེན་པོའི་དྲིས་རྒྱུད་བསྒོས་པར་གྱུར་བ་རྣམས་ཀྱི་ནང་ན་གནས་པ་ནི། དེ་དེའི་ཚེ་ན་སྟོང་པ་གསོག་དང་གསོ་བ་ཏུ་གྱུར་པ་འདི་སྙམ་དུ་གལ་ཏེ་དགེ་སློང་དེ ་དག་གི་བདག་ལ་ཇི་ལྟ་བ་བཞིན་སྟོན་ཅིག་ཅེས་སྨྲ་བར་གྱུར་ན། དེ་དག་གི་བདག་ཟིལ་གྱིས་གནོན་པར་འགྱུར་རོ། །གང་ཡང་སྦྱིན་པ་པོ་དང་སྦྱིན་བདག་དེ་རྣམས་ཀྱི་བདག་ལ་མཆོད་པར་བྱ?་པ་ལས་དེ་དག་གི་དྲུང་ནས་ད་དགེ་རྣམས་ཀྱང་འབྱུང ་པར་མི་འགྱུར་རོ། །བདག་སྦྱིན་པ་པོ་དང། སྦྱིན་བདག་རྣམས་ཀྱི་ཟིལ་གྱིས་གནོན་པར་འགྱུར་རོ། །ང་རྒྱལ་དང་ངེར་འཛིན་པས་བཟུང་བ་དེ་རང་ཉིད་ཀྱིས་ཤས་རབ་ཀྱིས་དོན་རྣམས་གོ་བར་མི་འགྱུར་རོ། །ཟིལ་གྱིས་མནན་པར་འགྱུར་པའི་འཇིགས་པས་གཞན ་ལ་ཡང་འདྲི་བར་མི་བྱེད་དོ། །ཅི་སྟེ་གང་དག་རང་ཉིད་ཀྱིས་བློས་མི་རྟོགས་ཤིང་ཐོས་ཀྱང་རྟོགས་པའམ་མི་རྟོགས་པའི་དོན་འགའ་ཞིག་ཡོད་པ་དེ་དག་ནང་སྟོང་པ་ཟིལ་གྱིས་གནོན་པས་འཇིགས་པ་དེས། བདག་ཉིད་ཀྱི་མ་རྟོགས་ལ་ཟིལ་གྱིས་གནོན་པའི ་འཇིགས་པས་གཞན་ལ་ཡང་མི་འདྲིའོ། །དེ་ལྟར་ལོག་པར་སྨྲ་བ་དེ་ནི་བསླབ་པའི་གཞི་ལྔ་ལས་འདའ་བར་འགྱུར་རོ། །འདི་ལྟ་སྟེ། བརྫུན་དུ་སྨྲ་བར་འགྱུར་ཏེ། ཤེས་པས་རྟོགས་པ་མེད་བཞིན་དུ་འོན་ཀྱང་སྨྲ་བར་བྱེད་ནི་བསླབ་པའི་གཞི་ལས་འདས་བ་དང་པོའོ ་བསླབ་པའི་གཞི་ལས་འདའ་བ་གཞན་གང་ཞེ་ན། འདི་ལྟ་སྟེ། མཆོད་པ་གང་ཞིག་ཤེས་པ་དང་ལྡན་པར་བསམས་ནས་སྦྱིན་པ་པོ་དང་སྦྱིན་བདག་གི་བྱེད་པར་འགྱུར་པ་དེ་མི་འོས་བཞིན་དུ་ཐོས་པ་ཞན་བ་དེས་ལེན་པར་བྱེད་པ་ན་བློ་གྲས་ཞན་པ་དེའི་མ་བྱིན་པ་ལེན་པ ་བར་དུ་གཅོད་པར་བྱེད་པར་འགྱུར་བ་སྟེ། འདི་ནི་བསླབ་པའི་གཞི་ལས་འདའ་བ་གཞན་ཡིན་ནོ། །ཡང་བསློབ་པའི་གཞི་ལས་འདའ་བ་གཞན་གང་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་དགེ་སློང་རབ་ཏུ་བྱུང་བར་གྱུར་བ་དེའི་ཚེ། ཇི་ལྟར་ཚུལ་ཁྲིམས་ལ་ཀུན ་ནས་བརྟེན་པ་དང། ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དང་ཚུལ་ཁྲིམས་དམིགས་པར་བྱས་ནས། ངས་ཁྱིམ་གྱིས་གནས་ཡོངས་སུ་བཏང་བར་བྱའོ་སྙམ་པས་བསླབ་པའི་གཞི་ཡོངས་སུ་འཛིན་པར་བྱེད་དོ། །གང་ཞིག་ཐོས་པ་མེད་ཅིང་གཞན་དག་ལ ་ཡང་ཐོས་པ་སྟོན་པར་མི་བྱེད་པ་དེའི་ཚུལ་ཁྲིམས་འཆལ་པ་ཡིན་ནོ། །འདི་ནི་བསླབ་པའི་གཞི་ལས་འདའ་བ་གཞན་ཡིན་ནོ། །ཡང་བསླབ་པའི་གཞི་ལས་འདའ་བ་གཞན་ནི་འདི་ལྟ་སྟེ། གཞན་གྱིས་དྲིས་པ་དང་སླར ་དྲིས་པ་བསྟན་པ་ན། ཟིལ་གྱིས་གནོན་པའི་འཇིགས་པས་འཇིགས་པར་འགྱུར་ཏེ། ཆོས་ལ་སྐུར་པ་འདེབས་པར་འགྱུར་རོ། །འདི་ནི་ཆོས་མ་ཡིན་གྱིས་དེ་ནི་མཆོག་ཏུ་དཀའ་བ་མཆོག་ཏུ་སྡིག་པའོ་ཞེས་ཆེས་མ་ཡིན་པར་རྗོད་པར་བྱེད་དོ། །ཡང ་བསླབ་པའི་གཞི་ལས་འདའ་བ་གཞན་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་མི་ཤེས་པ་དེའི་ཚེ། ཚངས་པར་སྤྱོད་པ་དང་བཅས་པ་དེ་དག་གི། ཁྱོད་ཀྱི་སངས་རྒྱས་ཀྱི་གསུང་ཡང་དག་པར་གྱུར་པ་ཟབ་མོ་འདི་ལྟ་བུ་མ་ཐོས་སོ་ཞེས་བརྗོད ་པར་འགྱུར། ཇི་ལྟར་ང་ཁོ་ནས་ཤེས་ཀྱི་ཁྱེད་ཀྱིས་ནི་མ་ཡིན་ནོ་ཞེས་དེ་དགེ་འདུན་ལ་སྤྱོ་བར་འགྱུར། ཟིལ་གྱིས་གནོན་པའི་འཇིགས་པས་འཇིགས་ཏེ་སྐུར་བར་འགྱུར་རོ། །ཇི་ལྟ་བ་བཞིན་དམ་པའི་ཆོས་ཀྱི་ཡོན་ཏན་ཉམས་པར་འགྱུར ་བར་ཆོས་བརྗོད་པར་འགྱུར་རོ། །མི་འདྲི་བ་ཉིད་ཀྱིས་མཆོག་ཏུ་བརྫུན་དུ་སྨྲ་བ་ནི་ལུས་ཞིག་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །མི་འདྲི་བ་ཉིད་ལ་སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། འདི་ལྟ་སྟེ། ་གལ་ཏེ་ཅི་ཞིག་ལྟར་ང་རྒྱུལ་དེང་ཉིད་ཀྱིས་ན་གསུ་འཇུག་པར་འགྱུར་རོ། ཟིལ་གྱིས་གནོན་པས་ལམ་བཟང་པོ་སྟོན་པ་པོ་ལ་མི་འདྲི་སྟེ། ང་རྒྱལ་གྱི་སྐྱོན་གྱིས་ལམ་གང་ཞིག་ཡིན་པར་འགྱུར། ཇི་ལྟར་དམིགས་པ་ཡིད་ལ་བྱ། རྣམ་པ་གང་གིས ་ལམ་ཆུད་ཐོས་པར་འགྱུར་བ་སླར་ཡང་ཡིད་ལ་བཞག་པར་བྱ་ཞེས་དེ་སྐད་དུ་མི་འདྲིའོ། །དེ་ལྟར་མ་རྙེད་པ་དེའི་ཡིད་སྐྱོ་བར་འགྱུར་རོ། །ཡང་དེ་སྐྱིལ་ཀྲུང་ལས་མ་ལངས་པར་དེ་འདི་སྙམ་དུ་རྒན་རབས་དེ་དག་ལ་ལམ་དང་བསམ་གཏན ་མེད། སྙོམས་པར་འཇུག་པ་དག་མེད། དེ་ང་རྒྱལ་གྱི་སྐྱོན་དང་ཟིལ་གྱིས་གནོན་པའི་འཇིགས་པས་བསམ་གཏན་གྱི་འབྲས་བུ་དང་སྙོམས་པར་འཇུག་པའི་འབྲས་བུ་ལ་སྐུར་པ་འདེབས་པར་འགྱུར་རོ་ཞེས་ང་ལ་སྐྱོ་བར་འགྱུར་རོ་སྙམ་དུ་སེམས་སོ། །ལོག་པར ་ལྟ་བ་དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་པ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུངས་དེས་ཚིགས་སུ་བཅད་པ་གསུངས་པ། དགེ་སློང་བདག་ཤེས་ང་རྒྱལ་ཉམས། །དེ་བཞིན་བླ ་མ་ལ་འདྲི་ཞིང། །བརྩོན་འགྲུས་ལ་ནི་བརྩོན་འགྱུར་བས། །མྱ་ངན་འདས་པ་ཐོས་པར་འགྱུར། །ཇི་སྙེང་ཅིག་ནི་ཐོས་འགྱུར་བ། །དེ་སྙེད་ཁོ་ན་རབ་ཏུ་འཆད། །བདག་ཤས་ལམ་ལས་མ་ཉམས་པ། །དགེ་སློང་གིས་ནི་དེ་ཉིད་རིགས། །གང་ཞིག་རློམ ་དང་བརྙས་པ་ཉམས། །ལམ་དང་ལམ་མ་ཡིན་ལ་མཁས། །རང་དང་གཞན་དག་ཚུལ་ཤེས་ཤིང། །ཆོས་ཤེས་དེ་ནི་དགེ་སློང་བརྗོད། །རློམ་ཞིང་མ་རུངས་སེམས་དང་ལྡན། །སྤོབས་པ་ཆུང་ཞིང་འགྱུར་བག་ཅན། །རྙེད་པ་དང་ནི་བཀུར་སྟི ་ལ། ཆགས་པ་ཞི་བར་ག་ལ་འགྱུར། །དེ་ལྟར་མི་འདྲི་ཞིང་རློམ་པ་མ་རུངས་པའི་སེམས་དང་ལྡན་པ་དེ་ལ་བསམ་གཏན་དང་ཀློག་པའི་བྱ་བ་ཡོད་པ་མ་ཡིན་ནོ། །གཞན་གྱི་ཟས་ཟ་པ་དེ་ཆ་ལུགས་འཛིན་པ་ཙམ་འབའ་ཞིག་གིས་དགེ་སློང་གི་མིང ་རྙེད་པར་འགྱུར་ཞིང། ང་རྒྱལ་གྱི་སྐྱོན་དང་མི་འདྲི་བ་ཉིད་ཀྱིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དགེ་སློང་འདྲི་བའི་རང་བཞིན་ཅན་ནི་ཇི་སྲིད་འཚོའི་བར་དུ་བདེ་བ་དང་ཡིད་བདེ་བར་འགྱུར། །ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐེ་རིས་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་རབ་ཏུ་དང་བ་དང་སྤངས་པའི་ཡོན་ཏན་དེས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས་སོ། ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱི་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། དེ་ང་རྒྱལ་དེས་བླ་མ་རྣམས་དང། སྦྱིན་གནས ་རྣམས་དང། ཕ་མ་དང། སློབ་དཔོན་དང། མཁན་པོ་རྣམས་དང། དེ་ལས་གཞན་པ་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་ཏུ་འདུན་པ་དང། འདུད་པ་དང། རབ་ཏུ་འདུད་པར་མི་བྱེད་ཅིང། དེ་ལ་མ་གུས་པར་གྱུར་པ་དང། ་གང་དག་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྣམས་ལ་མཁས་པ། ཁྱད་པར་ཐོབ་པ། གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ཨི་བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གན་དུ་མི་མཆི། མི་བསྙེན། མི ་བསྟེན། བསྙེན་བཀུར་མི་བགྱི། ཡོངས་སུ་མི་འདྲེ། ཡོངས་སུ་འདྲིར་མི་འཚོལ་ཞིང། དེ་མ་ཐོས་པའི་ཆོས་ཉན་པར་མི་བགྱིད། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་ཨི་ཐེག ་པ་པའི་གང་ཟག་གང་ངག་བདུད་ཀྱི་ལྕགས་དཀྱུས་ཟིན་པ། ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང། དེ་དམན་པ་ལ་བརྟེན་ཅིང་ཁྱད་པར་དང་བྲལ་བ་འདི་ལྟ་སྟེ། ཞན ་པའི་འགྲོ་བ་བླུན་པ། འོན་པ། ལྐུགས་པའི་འགྲོ་བ་དམན་པ་ཉིད་དུ་མཆི་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགས་སུ་ཤིང་ཙམ་པ་ཀ་བསྐྲུན་ལ། ཆབ་འཚོལ་བར་མི་བགྱིད ་ཀྱིས་གང་ནས་ཆབ་མཆི་བར་མཐོང་བའི་ཕྱོགས་དེ་ཡང་གོར་མ་དང་གྱོ་མོ་དག་གིས་བཀུམ་ན། བཅོམ་ལྡན་འདས་དེ་ལྟ་ན་ཞུགས་ཤིང་ཙམ་པ་ཀ་ཆབ་དང་བྲལ་བ་དེ་ལ་ཡལ་ག་དང། ལོ་མ་དང། ཡལ་ག་ཕྲིའུ་མ་ཆགས་པར་ནམས་ཀྱང ་ཆགས་པར་མི་འགྱུར། ཡལ་ག་དང། ལོ་མ་དང། ཡལ་ག་ཕྲིའུ་ཆགས་པ་རྣམས་ཀྱང་བསྐམས་ཏེ། དོག་ས་ལ་ལྷུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ང་རྒྱལ ་གྱིས་ཁེངས་ཤིང། ང་རྒྱལ་གྱིས་རེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེན་དང། ཆོས་མཉན་པ་དང་བྲལ་ཏེ་མ་ཐོས་པའི་ཆོས་རྣམས་ཀྱང་མི་མཉན། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ ་སྟེ་དཔེར་ན། གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་འགྱུར་རོ། །དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང། ཆབ་མིག་དང། འབབ་ཆུ་ཐམས་ཅད་ཚེགས་ཆུང་དུས་དེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ ་མཆིས་པ། བླ་མ་དང་སྦྱིན་གནས་ལ་གུས་པ་ལ་ཡང་ཚེགས་ཆུང་དུས་ཆོས་ཟབ་མོའི་སྦལོ?་ནས་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་རོ། །དེ་དྲན་པ་ལ་ཡང་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁངས་བ ་ང་རྒྱལ་གྱིས་རེངས་པར་འགྱུར་ཏེ། བླ་མ་དང་སྦྱིན་གནས་རྣམས་ལ་ཀུན་ཏུ་མི་འདུད་ཅང་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུང་ན། བཅོམ་ལྡན་འདས་ཀྱེ་མའོ་བྱང་ཆུབ་སེམས་དཔའ་འདི་ནི་བདུད་ཀྱིས་ལྕགས་ཀྱུས་ཟིན་པར་རིག་བར་བགྱི་སྟེ། ་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཅིག་པའོ་ཞེས་གསུངས་སོ། །ཆོས་རྐུ་བ་ལ་དགོངས་པ་བསྟན་པ་གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། རྐུན་པོ་ཆེན་པོ་བཞི་པོ་འདི་དག་ནི་གསོ་བར་ནུས ་ཀྱི་བསྟན་པ་འདི་ལ་ཆོས་རྐུ་བ་ནི་མ་ཡིན་ནོ་ཡང་ཆོས་རྐུ་བཞེས་བྱ་བ་གང་ཞིག་ཅེ་ན། གང་ཞིག་འདི་ནི་རུང་ངོ། །འདི་ནི་མི་རུང་ངོ་ཞེས་ཅུང་ཟད་ཙམ་གྱི་དེ་བཞིན་གཤེགས་པའི་གསུང་མ་སྤས་པར་དཀྲུག་པར་བྱེད་པ་དེ་ནི་རང་གི་སྤོབས་པ་ཅན་ཞེས་བརྗོད་དོ། །ཡང ་གང་ཞིག་རང་གི་སྤོབས་པས་དཀྲུག་པར་བྱེད་ཅིང་དེ་དེ་བཞིན་གཤེགས་པས་གསུངས་པར་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་ལ་སྐུར་བར་འགྱུར་རོ། །སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་འགྱུར་ཞིང་གང་ཞིག་དེ ་དག་ཐམས་ཅད་ལ་ཡང་དག་པ་མ་ཡིན་པའི་ཚིག་དག་གིས་གཤེ་བར་འགྱུར། སྤྱོ་བར་འགྱུར། སྐུར་བར་འགྱུར་ལ། ཡང་དད་པ་ཅན་ནམ། དད་བ་ཅན་མ་ཡིན་པ་ཡང་རུང་སྟེ། གང་ཞིག་སློབ་དཔོན་གྱིས་མཛད་པ་མ་གྲུབ་པ་ལ། རང ་གི་སྤོབས་པས་བྱས་པའི་ཆོས་འཇུག་པ་འདི་ནི་དེ་བཞིན་གཤེགས་པས་བྱས་ཞེས་བྱའོ། །གང་ཞིག་སངས་རྒྱས་དེ་དག་ལ་སྐུར་བ་དང། གང་ཞིག་དེ་བཞིན་གཤེགས་པ་ལ་སྐུར་ལ་འདི་ཆེས་ལྕི་བ་ཡིན་ནོ། །ཡང་གང་ཞིག་འདི་སྐད་དུ་བསླབ་པ ་སྤོང། སངས་རྒྱས་སྤོང་ཆོས་སྤོང། དགེ་འདུན་སྤོང་ངོ་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་གལ་ཏེ་སྟོན་པའི་གསུང་སྤངས་ནས་རང་གི་སྤོབས་པས་བྱས་པའི་ཚིག་ལ་བསྟོད་ན་དེ་ལྟར་ན་སྤངས་པར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་ཆོས་རྐུ་བ་ཞེས་བྱའོ ་གང་ཞིག་རང་གི་སྤོབས་པས་ཚིག་གཅིག་ནང་དུ་བཅུག་ནས་སློབ་དཔོན་གྱི་མཛད་པ་ཡོངས་སུ་རྫོགས་པར་བྱས་སོ་སྙམ་དུ་སེམས་པ་འདི་ནི་དོན་མ་ཡིན་པ་དེས་ཆོས་རྐུན་པོ་དང་ཆོས་ཀྱི་ཆོམ་རྐུན་པ་ཞེས་བྱ་བ། ཆོས་སུན་འབྱིན་པར་བྱེད་པ་ཞེས་བྱའོ། ། ་ཀུན་དགའ་བོ་འཛིན་པ་དེ་དང་ལྡན་པ་དེ་གང་སངས་རྒྱས་ལ་རབ་ཏུ་དང་བ་བསྒོམ་པ་དང། ཆོས་དང་དགེ་འདུན་ལ་རབ་ཏུ་དང་བ་བསྒོམ་པ་ནི་གནས་མེད་ཅིང་གོ་སྐབས་མེད་དེ་འདི་ན་གནས་མེད་དོ། །ཕྱི་ནས་དེ་ནི་འདི་ནི་རིགས་སོ། །འདི་ནི་མི་རིགས་སོ། ། ་འདི་ནི་བྲལ་ལོ། །འདི་ནི་མི་བྲལ་ལོ་ཞེས་མདོ་སྡེ་ཐོས་པ་ཙམ་དུ་གྱུར་པ་སྤོང་ངོ་ཞེས་དེ་ལྟར་འདོད་པར་བྱའོ། །མི་དགེ་བའི་རྩ་བ་དང་ལྡན་པ་དེ་མཁས་པར་ལྷག་པར་རློམ་པར་འགྱུར་རོ། །དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། ་དེ་ཡང་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་བླུན་པར་འགྱུར། འོན་པར་འགྱུར། ལྕེ་མེད་པར་འགྱུར། ལྕེ་གཉིས་པར་འགྱུར། ལྕེ་ཐོར་པ་ཅན་དུ་འགྱུར། མ་འབྲེལ་པ་སྨྲ་བའི་ལྕེ་ཅན་དུ་འགྱུར། ལྕེ་ལྐུག་པ་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །བདག ་ལ་བསྟོད་པ་དང་གཞན་ལ་སྨོད་པ་ལ་དགོངས་པ་བསྟན་པ། བརྗོད་དུ་མེད་པའི་མདོ་ལས་ཀྱང། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་དགའ་བ་དང་ལྡན་པ་འཁོར་དེར་འདུས་པར་གྱུར་ཅིང་འདུས་པ་དེས། བྱང་ཆུབ་སེམས་དཔའ་བརྗོད་དུ ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་སློབ་པ་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མི་སླུ་བར་བྱེད་པ་ཡིན། སྨྲས་པ། དེ་གལ་ཏེ་བདག་ནི་ཚུལ་ཁྲིམས་དང་ལྡན་ནོ། །གཞན་ནི་ཚུལ་ཁྲིམས་དང་འཚལ་ལོ་ཞེས་དེ་ལྟར་སློབ ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་གལ་ཏེ་བདག་ནི་གཏོང་བ་དང་ལྡན་ནོ། །གཞན་དག་ནི་སེར་སྣ་ཅན་ནོ། །བདག་ནི་བཟོད་པ་དང་ལྡན་ནོ། །གཞན་ནི་གནོད་སེམས་ཅན་ནོ། །བདག་ནི་བརྩོན་འགྲུས་དང་ལྡན་ནོ། །གཞན་ནི་སྙོམས་ལས་ཅན་ནོ། ། ་བདག་ནི་བསམ་གཏན་པའོ། །གཞན་ནི་སེམས་གཡེངས་པའོ། །བདག་ནི་ཤེས་རབ་དང་ལྡན་པའོ། །གཞན་དག་ནི་ཤེས་རབ་འཆལ་པའོ་ཞེས་དེ་ལྟར་སློབ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །བདག་ནི་འདོད་པ་ཆུང་བའོ། །ཆོག་ཤེས་བའོ། །རབ ་ཏུ་རྣམ་པར་དབེན་པའོ། །དགང་སླ་བ། གསོ་སླ་བ། དགོན་པ་བ་བསོད་སྙོམས་ལ་རྒྱུ་བ། ཕྱག་དར་ཁྲོད་པ། སྦྱངས་པ་ལ་གནས་པ། མ་འདྲེས་པ་རྣམ་པར་དབེན་པ་ལ་དགའ་བ། བརྩོན་པ། མངོན་པར་བརྩོན་པ། མང་དུ་ཐོས་པ། བླང་བར་འོས ་པའི་ཚིག་དང་ལྡན་པ་སྙེན་པར་སྨྲ་བ། ཚིག་འཇམ་པ། དྲན་པ་དང་ལྡན་པ། བློ་གྲོས་དང་ལྡན་པ། ཆོ་ག་དང་སྤྱོད་པ་ཕུན་སུམ་ཚོགས་པ། བཀའ་བློ་བདེ་བ། མཐུན་པར་འཛིན་པ། དེས་པ། གནས་བདེ་བ། ཡང་དག་པར་འཛིན་པ་ལ་བརྩོན་པ། བྱམས་པ ་ལ་གནས་པ། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཐོབ་པ། བདེན་པར་སླ་བ་དང། ཆོག་བདེན་པ་དང། ཚིག་ཡང་དག་པ་ཅན། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ། །བདག་གིས་བདུད་ཀྱིས་ལས་རྟོགས་ནས ་ཀྱང་སྤང་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དག་ལ་བསླབ་པར་བྱའོ། །བདག་ནི་ཟབ་མོ་ལ་བཟོད་པ་ཅན་ནོ། །བདག་ནི་དེ་བཞིན་གཤེགས་པའི་གསུང་དང་ལན་གྱིས་གསུང་རྟོག་པ་ལ་གནས་པའོ། །བདག་ནི་སྟོན་པ་དང་གསོལ་བ་འདེབས་པ་དང་རྗེས་སུ་ཡི ་རང་བ་དང་ཡོངས་སུ་བསྔོ་བལ་མཁས་པའོ། །བདག་ནི་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་དེས་པ་ཕུན་སུམ་ཚོགས་པའོ། །བདག་ནི་འཛིན་པ་དང་ཀློག་པ་དང་རྣམ་པར་རིག་པར་བྱེད་པ་ལ་མཁས་པའོ་བག་ཡོད་པས་དགེ་བའི་སྤྱོད ་པ་ཐམས་ཅད་ཀྱི་རྒྱུ་མངོན་པར་སྒྲུབ་པར་བྱེད་པའོ། །གཞན་དག་ནི་དེ་དག་སྒྲུབ་པར་བྱེད་པ་མ་ཡིན་ཞེས་དེ་གལ་ཏེ་དེ་ལྟར་བདག་ཉིད་ལ་ཡོངས་སུ་འཛིན་པར་བྱེད་ཅིང། གཞན་ལ་སྨོད་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང ་དེ་གལ་ཏེ་འདི་སྙམ་དུ་ཆོས་འདི་དག་ཀུན་ཆུབ་པར་བྱ་བ་དང། ཆོས་འདི་དག་སྤང་བར་བྱ་བ་དང། འདི་དག་འགོག་པར་བྱ། འདི་དག་བསྒོམ་པར་བྱ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས ་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། ཆོས་ཀྱི་དབྱིངས་ནི་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན་ནོ། ། ་བདག་ནི་བདེན་པར་སྨ?་པའོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེན་པ་ལ་ནི་ངའི་འོ་སྙམ་དུ་གཉིས་སུ་འཇུག་པ་མེད་དོ། །བདག་གིས་ཐོབ་བོ། །བདག་གིས་མངོན་སུམ་དུ་བྱས་སྙམ་ན་དེ་བཞིན་གཤེགས་པ་སླུ་བར ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་གིས་ཡོངས་སུ་དག་པར་བྱ་བ་མེད། ཐོབ་བར་བྱ་བ་མེད། མངོན་སུམ་དུ་བྱ་བ་མེད་དོ། །འདི་ནི་སྦྱོར་བའོ་འདི་ནི་སྤོང་བའོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ ་ནི་སྦྱོར་བ་དང་མི་སྦྱོར་བ་མེད་པའོ། །བདག་ནི་དྲན་པ་ཉེ་བར་གཞག་པ་ལ་གནས་པའོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དེ་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པར་དེ་བཞིན་གཤེགས་བས ་མངོན་པར་རྫོགས་པར་སངས་རྒྱས་སོ། །བདག་ནི་ཡང་དག་པར་སྤོང་བ་ལ་ཞུགས་སོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྤངས་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས ་རྒྱས་སོ། བདག་ནི་མངོན་པར་ཤེས་པ་དང། རིག་པ་དང། རྫུ་འཕྲུལ་གྱི་ཚུལ་དག་ལ་བརྩོན་ནོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དེ་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་མཛའ་ནི་མ་འདྲེས་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས ་པར་སངས་རྒྱས་སོ། །བདག་ནི་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་དང་ལྡན་ནོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་འདུས་མ་བྱས་པའོ། །འཇིག་ཚོགས་ལ ་གཞན་ཁོ་ནའོ། །བགྲོང་པ་གཅིག་པའི་ལམ་ནི་གཞན་ཁོ་ནའོ་ཞེས་དེ་ལྟར་སློབ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོ་ལས་ཀྱང། གང་དག་རྙེད་པ་ཅན་དུ་འགྱུར་བ་དེ་དག་རྙེད་པ ་ཅན་མ་ཡིན་པ་ལ་སྨོད་པར་འགྱུར། གང་དག་རབ་ཏུ་དང་བ་བྱེད་པར་འགྱུར་བ་དེ་དག་རབ་ཏུ་དང་བར་བྱེད་པ་མ་ཡིན་པ་ལ་སྨོད་པར་འགྱུར། གང་དག་ལྟ་བར་བྱེད་པར་འགྱུར་བ་དེ་དག་ལྟ་བར་བྱེད་པ་མ་ཡིན་བ་ལ་སྨོད་པར་འགྱུར། གང་དག་སྤྲོས་པ་དང ་ལྡན་པར་འགྱུར་བ་དེ་དག་སྤྲོས་པ་དང་མི་ལྡན་པ་ལ་སྨོད་པར་འགྱུར། གང་དག་གཏོང་བ་ལ་མོས་པར་འགྱུར་བ་སེར་སྣ་ཅན་དག་ལ་སྨོད་པར་འགྱུར། གང་དག་ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་དེ་དག་ཚུལ་ཁྲིམ ་འཆལ་པ་ལ་སྨོད་པར་འགྱུར། གང་དག་བཟོད་པ་ཙམ་ཐོབ་པར་འགྱུར་བ་དེ་དག་གནོད་སེམས་ཅན་ལ་སྨོད་པར་འགྱུར། གང་དག་བརྩོན་འགྲུས་དང་ལྡན་པར་འགྱུར་བ་དེ་དག་སྙོམས་ལས་དང་ལྡན་པ་ལ་སྨོད་པར་འགྱུར། གང་དག་བསམ ་གཏན་པར་འགྱུར་བ་དེ་དག་སེམས་རྣམ་པར་གཡེངས་པ་ལ་སྨོད་པར་འགྱུར། གང་དག་ཤེས་རབ་དང་ལྡན་བར་འགྱུར་བ་དེ་དག་ཤེས་རབ་འཆལ་པ་ལ་སྨོད་པར་འགྱུར། གང་དག་ཐབས་ལ་མཁས་པར་འགྱུར་བ་དེ་དག་ཐབས་ལ་མི ་མཁས་པ་ལ་སྨོད་པར་འགྱུར། གང་དག་མང་དུ་ཐོས་པ་དེ་དག་ཐོས་པ་ཉུང་བ་ལ་སྨོད་པར་འགྱུར། ཡིད་དུ་འོང་བ་གང་རྙེད་པར་འགྱུར་བ་དེ་དག་དེ་ཉིད་ཀྱིས་གཞན་ལ་སྨོད་པར་འགྱུར་ཞེས་གསུངས་སོ། །སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང ་བའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྦྱིན་པ་སྒྲིབ་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་སྒྲིབ་པ་ལགས། ཇི་ལྟར་ན་བཟོད་པ་སྒྲིབ ་པ་ལགས། ཇི་ལྟར་ན་བརྩོན་འགྲུས་སྒྲིབ་པ་ལགས། ཇི་ལྟར་ན་བསམ་གཏན་སྒྲིབ་པ་ལགས། ཇི་ལྟར་ན་ཤེས་རབ་སྒྲིབ་པ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཡིན་མོད་ཀྱི་འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་རང་གི་རྣམ་པར་རྟོག་པས་སྒྲིབ་པ་སྒྲིབ་པའི་བྱ་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་ནི ་སྦྱིན་པ་བྱིན་པ་ན། སེར་སྣ་ཅན་རྣམས་ལ་མི་དད་པའི་སེམས་བསྐྱེད་པར་བྱའོ། །མ་དད་པའི་སེམས་དེས་དེ?་ལ་ཐ་བའི་སྐྱོན་འབྱུང་བར་འགྱུར་རོ། །ཐ་བའི་སྐྱོན་སྐྱེས་བས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ཚུལ་ཁྲིམས ་བསྲུང་བ་ན་ཚུལ་ཁྲིམས་འཆལ་པ་རྣམས་ལ་སྨོད་ཅིང་གཤེ་ལ། དེ་དག་གི་མི་སྙན་པ་སྨའོ། །དེ་ལས་དེ་དག་གི་སྐྱོན་ཐོས་ནས་སྐྱེ་བོ་མང་བོ་མེ་དྭང་པར་བྱེད་དོ། །དེ་མ་དོད་པ་དེས་ངན་འགྲོར་འགྲོ་པར་འགྱུར་རོ། །དེ་བཟོད་པ་བསྒོམ་པ་ན་བདག་ནི་བཟོད་པ ་དང་ལྡན་པ་ཡིན། གཞན་འདི་དག་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ་སྙམ་དུ་བཟོད་པའི་རྒྱགས་པས་བག་མེད་པར་འགྱུར་ཏེ། བཟོད་པའི་རྒྱགས་པས་བག་མེད་པའི་རྩ་བ་ལས་བྱུང་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བརྩོན་འགྲུས ་བརྩོམ་པ་ན་དགེ་སློང་འདི་དག་ནི་ལེ་ལོ་ཅན་དུ་གནས་པ། མངོན་པར་མི་བརྩོན་པ། དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འདི་དག་ནི་ཆུ་ཕོར་གང་གིའང་འོས་མ་ཡིན་ནོ། །དེ་བརྩོན་འགྲུས་རྩོམ་པ་དེས་བདག་ལ་བསྟོང་ཅིང་གཞན་ལ་སྨོད་པས་དེ ་བྱིས་པ་ཡིན་ནོ་ཞེས་ང་སྨྲའོ། །དེ་བསམ་གཏན་ལ་སྙོམས་པར་འཇུག་པ་ན། བསམ་གཏན་དང་སྙོམས་པར་འཇུག་པ་དེས་འདོད་པ་བསྐྱེད་ཅིང་དེ་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ཏིང་ངེ་འཛིན་ལ་གནས་པ་ཡིན། དགེ་སློང་གཞན་འདི་དག་ནི ་སེམས་གཡེངས་པར་གནས་པ་ཡིན། འདུ་འཇི་ལ་དགའ་བས་གནས་པ་སྟེ། དེ་དག་སངས་རྒྱས་སུ་གལ་འགྱུར། འདི་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་རིང་ངོ། །དེ་འདུ་ཤེས་ཡིད་ལ་བྱེད་པ་དེས་རློམ་པ་དང་བཅས་པའི་སེམས་བསྐྱེད་པ་ཇི་སྙེད ་པ་སྐྱིད་པར་བྱེད་པ་དེ་སྙེད་ཀྱི་བསྐལ་པར་འཁོར་བ་ཡོངས་སུ་འཛིན་པར་འགྱུར་རོ། །དེར་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤད་པར་བྱ་དགོས་སོ། །གལ་ཏེ་དེ་མང་དུ་ཐོས་པ་ཞིག་ཡིན་ན། དེ་ཡི་གེ་མེད་པའི་ཆོས་ཐམས་ཅད་ལ་མི་བདེན་པའི་རྣམ་པར་ཤེས ་པར་བརྟགས་ནས་ཤེས་རབ་ཏུ་དམིགས་ཤིང་རློམ་པར་ལྷུར་ལེན་ཏེ་དེ་ནི་བླུན་པོ་ཞེས་ང?་སྨྲའོ། །མི་ཤེས་པས་བཅོམ་པའོ་ཞེས་ད་སྨྲའོ། །སྐྱེས་བུ་དམ་པ་མ་ཡིན་ནོ་ཞེས་ང་སྨྲའོ། །རྟོགས་པས་བཅོམ་པའོ་ཞེས་ད་སྨྲའོ། ། ་གལ་ཏེ་དེ་ཐེག་པ་ཆེན་པོ་ལ་གནས་པ་ཞིག་ཡིན་ན་དེ་འདི་སྙམ་དུ་འགྱུར་ཏེ། ང་ནི་འཇིག་རྟེན་ན་རྒན་པའོ། །ང་ནི་འཇིག་རྟེན་ན་གཙོ་བོའོ། །ང་ནི་འཇིག་རྟེན་ན་མཆོག་ཏུ་འགྱུར་རོ་སྙམ་མོ། །གལ་ཏེ་དེས་གང་ཟག་ཉན་ཐོས་ཀྱི་ཐེག་པ་བདག་མཐོད་ན། ་དེ་དག་ལ་མ་དད་པའི་སེམས་སྐྱེད་པར་བྱེད་དོ། །སྨོད་པར་བྱེད། གཤེ་བར་བྱེད། མི་སྙན་པ་རྗོད་པར་བྱེད་དོ། །དེ་ངན་དུ་སེམས་པ་དེ་དང་ངན་དུ་བརྗོད་པ་དེས་ངན་སོང་དུ་འགྲོ་བ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བར་འགྱུར་ཞེ་ན། འདི་ན་བྱང་ཆུབ་སེམས་དཔའ་གཅིག་བུ་དབེན་པར་སོང་བ་རབ་ཏུ་དབེན་པ་ན་གནས་པ་ནི། བདག་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ཞུགས་པ། ་གཞན་གང་དག་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་སྟེ། དེ་ཐམས་ཅད་འདྲེས་པར་གནས་པ། འདྲིས་པ་མེད་བ། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་བརྩོན་པ་དོར་བའོ་སྙམ་དུ་དེ་ལྟར་སེམས་བསྐྱེད་པར་མི་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང། བདག་ནི་བདག་ལ་མི་བསྟོང་པ་དང་གཞན་ལ་མི་སྨོད་པ་ལ་གནས་པས། གཞན་དག་ཀྱང་བདག་ལ་མི ་བསྟོད་པ་དང་གཞན་ལ་མི་སྨོད་པ་ལ་དགོད་པར་བྱའོ་ཞེས་དབུགས་འབྱིན་པ་ཐོབ་པར་འགྱུར་རོ། །དེ་ལ་བདག་ལ་བསྟོད་པ་ཉིད་ནི། གང་དག་ཉིད་ལ་ཡང་དག་པར་མ་ཡིན་པའི་ཡོན་ཏན་སྒྲོ་འདོགས་པ་ཉིད་དོ། །གཞན་ལ་སྨོད་པ་ཉིད་ནི། གཞན་གྱི་ཡང་དག་པའི ་ཡོན་ཏན་འཇོམས་པ་ཉིད་དོ་ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་བརྗོད་པ་ལ་དགོངས་པ་བསྟན་པ་ཡེ་ཤེས་སྒྲོན་མའི་མདོ་ལས་ཀྱང། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་སྔོམ་པས་བསྔམས་པར ་འགྱུར་ཞེ་ན། འདི་ན་བྱང་ཆུབ་སེམས་དཔའ་བདག་གིས་སོ་སོར་ཐར་པའི་སྔོམ་པ་ཙམ་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །འོ་ན་ཅི་ཞེས་ན་བདག་གིས་དེ་བཞིན་གཤེགས་པས་མདོ ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གནས་རབ་ཏུ་བརྟག་པ་དེ་དག་ལ་རབ་ཏུ་བསླབ་པར་བྱའོ་ཞེས། དེ་ལྟར་ན་སྤྱོད་པར་བྱེད་པའོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། བཅོམ ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡང་ལགས་ལ། སོ་སོར་ཐར་པ་ཙམ་གྱིས་ཡང་དག་པར་མི་སེམས་ཀྱི། བྱང ་ཆུབ་སེམས་དཔའ་ཨི་སྡོམ་པའི་བརྟེན་པ་ཡང་ལགས་སོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡང་ལགས་ལ། ཆོ་ག་དང་སྤྱོད་ཡུལ་ཙམ་གྱི་དག་པར་མི་སེམས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཆོ་ག་དང་སྤྱོད་ཡུལ་ལ་བརྟེན་པ་ཡང་ལགས་སོ། །ཁ་ན་མ་ཐོབ་བ་ཕྲ ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་ཞིང། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ལ་ཡང་བརྟེན་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཤེས་པས་ལས་དང་ཉོན་མོངས ་པས་འཇིགས་ཤིང་སྐྲག་པ་མ་མཆིས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ལགས་སོ་ཞེས་གསུངས་སོ། །སྡོང་པོ་བཀོད་པའི་མདོ་ལས་ཀྱང། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་འགྲོ་བ་ཐམས་ཅད་ཀྱི ་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་བསྟེན་པས་ས་ལྟ་བུའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་པས་ཆུ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ལ་བརྟེན་པ ་མེད་པས་རླུང་ལྟ་བུའོ། །ལྟ་བའི་ཉེ་བར་ལེན་པའི་རྩཝ་ཐམས་ཅད་རབ་ཏུ་སྲེག་པས་མེ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཀྱི་གནས་སྣང་བར་བྱེད་པས་ཉི་མ་ལྟ་བུའོ། །ཆོས་དཀར་པོའི་དཀྱིལ་འཁོར་ཡོངས་སུ་རྒྱས་བར་བྱེད་པ་བཟླ་བ་ལྟ་བུའོ། །ཆོས་ཀྱི ་སྣང་བ་བྱེད་པས་སྒྲོན་མ་ལྟ་བུའོ། །མཉམ་པ་དང་མི་མཉམ་པ་ཡོངས་སུ་མཐོང་བར་བྱེད་པས་མིག་ལྟ་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །མུ་སྟེགས་ངན་པ་རྣམ་པར་སྤོང་པས་མུ་སྟེགས ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་གནས་པས་གཞོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཀྱི་སྒོར་འཇུག་པར་བྱེད་པས་སྒོ་ལྟ་བུའོ། །ཏིང་ངེ་འཛིན་གྱི་ཁང་པ་ན་གནས་པར་བྱེད་པས་གཞལ་མེད་ཁང་ལྟ་བུའོ ་ཆོས་ཀྱི་དགའ་བ་དང། མོས་པ་ཉམས་སུ་མྱོང་བར་བྱེད་པས་བཟའ་ཞིང་གིར་བལྟ་བུའོ་ཞེས་བྱ་བ་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུའི་ཞེས་བྱ་བའི་བར་དུ་གསུངས་པ་དང། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར ་ན། འཇིགས་པ་མེད་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་འཇིགས་པ་ལྔ་མི་འབྱུང་སྟེ། འདི་ལྟར་མེས་མི་ཚིག་གོ་།དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཆོད་དེ། ཆོས་མི་ཁྱེར་རོ། །དུ་བས་འཆིའོ། །རིགས་ཀྱི་བུ་དེ་བཞིན་དུ ་ཐམས་ཅད་མཁྱེན་པའི་སེམས་ཀྱིས་རྩི་འཆད་བའི་བྱང་ཆུབ་སེམས་དཔའ་ཡང་འདོད་ཆགས་ཀྱི་མེས་མི་ཆིག་གོ་།ཉོན་མོངས་པའི་མཚོན་གྱིས་མི་ཆོད་དོ། །སྲིད་པའི་ཆུས་མི་འཁྱེར་རོ། །ཡོངས་སུ་རྟོག་པའི་དུ་བས་མི་འཆིའོ་ཞེས་གསུངས་པའི་བར ་དང། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བ་ཡོད་དེ། །དེ་འཇིག་རྟེན་གྱི་ཁམས་གཞན་དུ་མ་འཕོས་ན། རྒྱ་མཚོ་ཆེན་པོ་ལ་བསྐལ་བས་འཚིག་པའི་མེ་ཐམས་ཅད ་ཀྱིས་ཀྱང་ཏ་ལ་ཙམ་ཡང་བསྐམ་པར་ནུས་པའི་གནས་མེད་སྐབས་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་བ་ནོར་བུ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་བསམ་པ་དང། སེམས་ཅན ་གྱི་རྒྱུད་ལ་ཡོད་པ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་འགའ་ཞིག་རྣམ་པར་ཆུད་ཟ་བར་འགྱུར་བ་དེ་ལྟ་བུའི་གནས་མེད་སྙབས?་མེད་དེ། དེ་ནི་མི་སྲིད་དེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡོངས་སུ་བཏང་བ་ཞིག་ཏུ ་འགྱུར་ན་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱང་སྐམས་པར་འགྱུར་རོ་ཞེས་གསུངས་པའི་བར་དང། རིགས་ཀྱི་བུ་འདི་ལྟ་སྟེ་དཔར་ན། ཇི་རིད་དུ་ཉི་ཟླའི་དཀྱིལ་འཁོར་གྱི་འོད་ཀྱི་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་འབྲུ་དང་རིན་པོ་ཆེའི་རྣམ་པར་དང་གསེར་དང་དངུལ་དང ་མེ་ཏོག་དང། སྤོས་དང། ཕྲེད་བ་དང། གོས་དང། ལོངས་སྤྱོད་སྤྱོད་གད་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས། ནོར་བུ་རིན་པོ་ཆོ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ། །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས ་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་དང། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་ཡོད་པའམ། །ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང། བྱང་ཆུབ་ཏུ་སེམས ་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོ་གོ་ཞེས་གསུངས་པའི་བར་དང། རིགས་ཀྱི་བུ་འདི་སྟ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲད་གཅིག་གིས་ཀྱང་ལྕགས་སྲད་སྟོད་གསེར་དུ་འགྱུར་རོ། །དངུལ་ཆུ ་སྲད་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བ་འམ། ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་གསེར་བསྒྱུར་གྱི་རྩིར་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོས? ་པའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་ཉོན་མོངས་པའི་སྒྲིབ་པའི་ལྕ?་ཐམས་ཅད་ཟད་པར་བྱ་སྟེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང། ་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པའི་བྱ་བའམ། ཟད་པར་མི་ནུས་སོ་ཞེས་གསུངས་པའི་བར་དང། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར ་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གསེར་གྱིས་རྒྱན་ཟིལ་གྱིས ་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དབེར་ན། རྡོ་རྗེ་རིན་པོ་ཆེ་ཆག་ཀྱང། ཕོངས་པ་ཐམས་ཅད་རྣམ་པར་སེལ་ལོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་བ་རྡོ་རྗེ་རིན་པོ་ཆེ་ནན་ཏན་མེད་པས་ཆག་པར་གྱུར་ཀྱང། འཁོར་བའི་ཕེངས་པ ་ཐམས་ཅད་རྣམ་པར་སོལ་ལོ་ཞེས་བྱ་བའི་བར་དུ་གསུངས་སོ། །བྱམས་པ་འཇུག་པའི་མདོ་ལས་ཀྱང། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བརྩེ་བ་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་བསླབ་པ་གཞན་ལས་འགལ་བར་བྱས་སམ། ངས་ལྟུང་བར་འགྱུར་བའི་ཆོས་བཞི་གང་དག་གསུངས་པ་དེ་དག་གི་ཉེས་པ་བྱས་སམ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འདུག་གམ། ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སེམས་ཀྱང་མ་བཏང་མ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་ལ་དམིགས་པ་ཅན་གྱི་སེམས་དང། མངོན་པར་ཞེན་པའི་སེམས་ཀྱང་མི་སྐྱེད་ན། བྱང་ཆུབ་སེམས ་དཔའ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་པ་དང། ཚུལ་ཁྲིམས་མ་ཉམས་པ་དང། ཚུལ་ཁྲིམས་མ་འདྲེས་པ་དང། ཚུལ་ཁྲིམས་མ་ཞིག་པ་དང། ཚུལ་ཁྲིམས་མ་རལ་བ་དང། ཚུལ་ཁྲིམས་ནག་ནོག་ཅན་མ་ཡིན་པར་བཟུང་བར་བྱ་སྟེ། ་བྱང་ཆུབ་སེམས་དཔའ་ཨི་སྒོ་སོ་སོ་བ་ལ་སྤྱོད་པ་དང་བསླབ་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྡིག་པའི་ལས་བྱས་པས་སྲིད་པར་འགྲེ?་བ ་བསྐྱེད་དུ་ཟིན་ཀྱང། འོན་ཀྱང་བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སྲིད་པར་འགྲོ་བ་བསྐྱེད་པ་དེ་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་བསླབ་པ་ཇི་ལྟར་བཅས་པ་ལ་བསླབས་སུ་ཟིན ་ཀྱང། དེ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་སམ། དམིགས་པར་ལྟ་བ་དང་ལྷན་ཅིག་རྟེན་པར་བྱེད་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ལས་ཉམས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་བས་ན ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་མི་གཏོད་ལ། དམིགས་པར་ལྟ་བའི་སེམས་ཀྱང་མི་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའ་སྒོ་སོ་སོ་བ་ལ་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་གནོད་སེམས་ཀྱི་ཐ་བའི་ཉེས་པའི ་སེམས་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །སེམས་ཅན་རྣམས་ལ་མི་སྙོམས་པའི་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །སེམས་ཅན་རྣམས་དང་ཆོས་རྣམས་ལ་ཐ་དད་པར་འདུ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །སེམས་ཅན་ལ ་དམིགས་པ་ལ་བརྟེན་པའི། བྱམས་པ་ཕྱོགས་གཅིག་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །སྟོང་པ་ཉིད་ལ་མི་བཟོད་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །འདི་ལ་ནི་སྤྱིན་ནོ་འདི་ལ་མི་སྤྱི་ནོ་སྙམ་པ་དེ་ནི་བྱང་ཆུབ་སེམས ་དཔའ་ཨི་ཉེས་པའོ། །འདི་ལ་ནི་ཡོན་དབུལ་ལོ། །འདི་ལ་ནི་མི་དབུལ་ལོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །འདི་ལ་ནི་ཆོས་བཤད་པར་བྱའོ། །འདི་ལ་ནི་ཆོས་བཤད་པར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་ཉེས་པའོ། །འདི་ལ་ནི་བསྙེན ་བཀུར་བྱའོ། །འདི་ལ་ནི་བསྙེན་བཀུར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སོ་སོར་འབྱེད་པར་བྱེད་དེ། འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས ་འཆལ་པའོ་སྙམ་དུ་སོ་སོར་ཕྱེ་ནས་ཚུལ་ཁྲིམས་འཆལ་པ་ལ་བརྙས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཉེས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང། ཆོས་ཐམས་ཅད་ལ་སེམས ་མཉམ་པར་བྱ་དགོས་ཤིང། ཉི་མ་དང་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་དང། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་ལྟ་བུར་སྙོམས་པའི་སེམས་དང་ཞེས་གསུངས་པ་ནས། དམ་པའི་སྨོན་ལམ་མ་འདེབས་ཤིག་།དེ་ནི་བྱིས་པའི་སྤྱེད ་ཡུལ་ཡིན། ཤེས་རབ་བཟང་པོ་མཁས་པར་གྱིས། །བྱང་ཆུབ་མཆོག་ལ་འཇུག་པར་གྱིས། །མྱ་ངན་ལས་འདས་འདོད་པའི་ཕྱིར། །སངས་རྒྱས་དེ་བཞིན་གཤེགས་རྣམས་ལ། །གང་གིས་སྟོང་གསུམ་ཐམས་ཅད་ཀྱང། །རིན་ཆེན་བཀང་སྟེ་ཕུལ་བ ་བབས། །གང་གི་ཐལ་མོ་སྦྱར་བྱས་ནས། །སེམས་ཀྱི་བྱང་ཆུབ་བསྔོ་བྱས་ལ། །ཚིག་ཏུ་བརྗོད་པ་མ་བྱས་ཀྱང། །དེ་ནི་དེ་བས་ཤིན་ཏུ་ཆེ། །གང་གི་སེམས་ཅན་ཐམས་ཅད་ལ། །བསྐལ་པ་བྱེ་བ་བརྗོད་མེད་དུ། །སེམས་ཅན་ཀུན་ལ་སྙེན་བྱས་ཀྱང ་དེ་ཡི་བཅུ་དྲུག་ཆར་མི་ཕོད། །གང་གི་ཐལ་སྦྱར་བྱང་ཆུབ་སེམས་བསྐྱེད་དང། །ཕྱོགས་བཅུ་དག་ན་འཇིག་རྟེན་དོན་མཛད་པ། །རྣམ་འདྲེན་སངས་རྒྱས་གང་དག་བཞུགས་རྣམས་ལ། །བསོད་ནམས་འདོད་པའི་མི་འགས་སྔོན་ཆད་ཀྱི། འཁོར་བ ་བསྐལ་པ་བྱེ་བར་མཆོད་པ་བས། །མི་གང་མཁས་ཤིང་འཛངས་པའི་རང་བཞིན་ཅན། །བདེ་བར་གཤེགས་པའི་བསྟན་ལ་ཡིད་ཆེས་ཤིང། །བྱང་ཆུབ་སེམས་ནི་བརྟན་པོ་བསྐྱེད་ནས་ཀྱང། །བདེ་གཤེགས་མཆོད་རྟེན་ལ་ནི་མེ་ཏོག་འབུལ། ། ་འདི་ནི་དེ་བས་བསོད་ནམས་ཁྱད་པར་བརྗོད། །བྱང་ཆུབ་སེམས་ཀྱི་མེ་ཏོག་འབུལ་བྱེད་ལ། །བསོད་ནམས་སྔ་མ་དེ་ནི་དཔེར་མི་རུང། །རྒྱ་མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་ཇི་སྙེད་པ། །བསྐལ་པ་རེ་རེ་ལ ་ནི་སངས་རྒྱས་འགྱུར། །བསྐལ་པ་མང་པོར་ལས་གཞན་མི་བྱེད་པར། །བསོད་ནམས་བཤད་ཀྱང་མཛའ་ནི་ཐུག་པ་མེད། །དེ་ནི་བྱང་ཆུབ་སེམས་ཀྱི་རྣམ་སྨིན་བརྟན། །བསྐལ་པ་མཛའ་ཡས་བར་དུ་བཤད་ན་ཡང། །ཅུང་ཟད་ཙམ་ཡང་ཡོངས་སུ ་བརྗོད་མི་འགྱུར། །ས་གཞི་དག་ལས་རྡུལ་ནི་བླངས་པ་བཞིན། །ཞེས་བྱ་བའི་བར་དུ་གསུངས་སོ། །བྱང་ཆུབ་ཡང་དག་སྐྲུན་གྱི་མདོ་ལས་ཀྱང། །རྙེད་ཆེན་རབ་ཏུ་བཤད་བྱ་ཡིས། །རྙེད་པ་གང་དང་རྐང་གཉིས་ཀྱི། །དམ་པ་ཡང་དག་ལྡན་གྱུར་པ། །བསྟན ་དེ་བྲམ་ཟེ་མཉན་པར་གྱིས། །བདག་ནི་གླིང་བཞིའི་དབང་ཕྱུག་གི་།འཁོར་ལོ་སྒྱུར་བར་འགྱུར་བྱ་བར། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །སུམ་ཅུ་རྩ་གསུམ་དབང་ཕྱུག་ལ། །འཇོགས་པ་བྱེད་པར ་འགྱུར་བ་ནི། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །གང་ཞིག་འདོད་ཁམས་གཟུགས་ཁམས་དང། །གཟུགས་མེད་བླ་ན་མེད་པར་ཡང། འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ ་ལ་གཞོལ་བྱ། །སེམས་ཅན་རྣམས་ཀྱི་ཡོངས་འདྲེན་པ། །དོན་འདོད་འགྱུར་བ་བྱ་བ་ཡང། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །ནད་ཀུན་དག་ལས་ཐར་བྱེད་པའི། །སྨན་པའི ་རྒྱལ་པོར་འགྱུར་བར་བྱ། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །མུན་པ་རྣམ་པར་འཇོམས་བྱེད་པའི། །སྣང་བ་དག་ནི་བྱེད་འགྱུར་པར། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ ་གཞོལ་བྱ། །གང་ལས་སྲིད་པ་གསུམ་འབྱུང་བའི། །ཕྱིན་ཅི་ལོག་དག་རབ་འཇོམས་པར། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱིང་ཆུབ་ལ་གཞོལ་བྱ། །ཀུན་ཏུ་སྦྱོར་བ་རབ་སྤོང་ཞིང། །བདུད་དག་ཚར་བཅད་བྱེད་པར་ཡང། །འདོད ་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །མ་རིག་ཞི་བར་བྱ་བ་དང། །སྲིད་པའི་བྱ་བ་གཅོད་འགྱུར་བར། །འདོད་པར་འགྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །འདོད་དང་སྲོད་པ་སྤང་པ་དང། ། ་ང་རྒྱལ་ང་རྒྱལ་མེད་བྱེད་པར། །འདོད་པར་གྱུར་བའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །ཞེས་གསུངས་པ་དང། ཡང་མདོ་དེ་ཉིད་ལས། གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ཚུལ་ཁྲིམས་འདི་ལ་བསླབ་ཕྱིར ་རབ་འགོད་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །དད་པའི་རྗེས་སུ་འབྲང་ལ་རབ་འགོང་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་ངེས ་བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ཆོས་ཀྱི་རྗེས་སུ་འབྲང་ལ་རབ་འགོད་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་ངེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས ་ཞིང་འདིར་སེམས་ཅན་ཀུན། །རྒྱུན་ཏུ་ཞུགས་པའི་ཆོས་འདིར་རང་འགོད་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ལན་ཅིག་ཕྱིར་འོང་ཆོས་ནི་རབ ་འགོད་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ཕྱིར་མི་འོང་བའི་ཆོས་འདིར་རབ་འགོད་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །དགྲ་བཅོམ་ཆོས་འདིར་རབ་ཏུ་འགོད་བྱེད་ནའང། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས ་ཞིང་འདིར་སེམས་ཅན་ཀུན། །རང་སངས་རྒྱས་ལ་རབ་ཏུ་འགོད་བྱེད་ནའང། །བསོད་ནམས་ཕུང་པོ་སྐྱེས་བ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །བསོད་ནམས་རྒྱུས་གང་ཙནདན་མཆོག་རང་བཞིན། །སངས་རྒྱས་ཞིང་དུ་གཙུག་ལག་ཁང ་བྱེད་འཇུག་།ལྷུན་པོའི་ཚད་ཙམ་མཆོད་རྟེན་བྱེད་འཇུག་པས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །བསོད་ནམས་དོན་གཉེར་སེམས་ཅན་སྨིན་བྱེད་པ། །གང་ཞིག་རྒྱལ་པའི་མཆོད་རྟེན་ཁོར་ཡུག་དང། །འདྲ་བ་འདི་ན་དུ་མ་བྱེད་པ་དེས། །བྱང་ཆུབ ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་འདིར་སེམས་ཅན་ཐམས་ཅད་བདེ་བྱའི་ཕྱིར། །མགོ་འམ་ཕྲག་ལ་བསྐལ་པར་འཁྱེར་བྱེད་ན། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་ངེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །མྱ་ངན་མེད་ཅིང་བྱང་ཆུབ ་དོན་གཉེར་གང། །མི་དེ་དག་གི་ཆོས་ཉིད་དེ་འདྲ་ཞིང། །དེ་དག་རྟག་ཏུ་སེམས་ཅན་མཆོག་ཏུ་འགྱུར། །དེ་དག་མཚུངས་མེད་ལྷག་ལྟ་ག་ལ་ཡོད། །དེའི་ཕྱིར་དེ་འདྲའི་ཆོས་ནི་ཐོས་གྱུར་ནས། །གུས་པར་བྱས་ནས་ཤེས་རབ་ལ་འདུན་གྱིས། །བསོད་ནམས ་ཕུང་པོ་དུ་མ་འབྱུང་འགྱུར་ཞིང། །བླ་མེད་བྱང་ཆུབ་མྱུར་དུ་རེག་པར་འགྱུར་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། །ཤཱ་རཉྭཱ?་ཏིའི་བུ་འདི་ལྟ་སྟེ་དཔོན་ན་སྦྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་པ་མི་དགོས ་པར་ཟའོ། །ཤཱ་རཉྭཱ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དེ། གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར ་སྡུད་དེ། ཤཱ་ར་དྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྲིན་བུ་མེ་ཁྱེར་བརྒྱ་སྟོང་གིས་ཀྱང་ཉི་མའི་འོད་ཟིལ་གྱིས་གནོན་པར་མི་ནུས་སོ། །ཤ་རདྭཱ་ཏིའི་བུ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་འོད་ཟིལ ་གྱིས་གནོན་མི་ནུས། །ཤཱ་ར་དྭཱ་ཏིའི་བུ་འདི་ལྔ་སྟེ་དཔེར་ན་དུག་གི་གཉེན་པོ་ནད་མེད་པར་བྱེད་པ་ཆུང་དུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ། །ཤཱ་ར་དྭཱ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ནད་མེད་པ་ཆུང་དུས་ཀྱང་ཉོན ་མོངས་པའི་དུག་མང་པོ་ཤིན་ཏུ་ཞི་བར་བྱེད་དེ། །ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་པར་སྣང་ལས་རོ་གཅིག་པའི་ཆུའི་རྒྱུན་འབབ་པ་བབ་ནས་སྣོད་ཀྱི་བྱེ་བྲག་གིས་རོ་བྲོ་བ་ཐ་དད་དུ་འགྱུར་རོ། །ཤཱ་ར་དྭཱ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཡང ་རྣམ་པར་གྲོལ་བའི་ཡེ་ཤེས་རོ་གཅིག་པ་ཡང་དག་པར་བསྒྲུབ་སྟེ། སེམས་ཅན་གྱི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟན་པ་ཐ་དད་པ་སྟོན་ཏོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་དུ་ཛ་མཱཱིུ་ཆུ་བོའི་གསེར་བྱུང་བ་དེར་རིན་པོ ་ཆེ་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཤཱ་རདྭཱ་ཏིའི་བུ་དེ་བཞིན་དུ་གང་དུ་བྱང་ཆུབ་སེམས་དཔའ་ཨི་རིན་པོ་ཆེ་འབྱུང་བ་དེར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མོག་མོག་པོར་འགྱུར་རོ་ཞེས་གསུངས་སོ། །ངེས་པ་དང་མ་དེས་པ་ལ་འཇུག་པའི་ཕྱིར ་རྒྱའི་མདོ་ལས་ཀྱང། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རང་སངས་རྒྱས་ཉིད་ལ་རབ་ཏུ་འགོད་པར་བྱེད་ལ། འཇམ་དཔལ་གཞན་གང་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ? ་སེམས་དཔའ་ཨི་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྲུན་པ་གཅིག་ཀྱང་རྒྱས་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་པ་སྐྱེད་དོ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུང་པོ་མདོ་ལས་ཀྱང། ཀུན་དགའ་བོ་དེ་ལྟ་བས་ན་དཀོན་མཆོག་གསུམ་ཡོངས ་སུ་འཛིན་པར་འདོད་པས་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་བཟུང་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྡུ་བར་བྱའོ། །ཀུན་དགའ་བོ་དོན་གྱི་དབང་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་ཉན་ཐོས་དང་རང་སངས་རྒྱས་དག ་ལ་བུའི་འདུ་ཤེས་ཡང་དག་པར་བསྐྱེད་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་གང་བར་གྱུར་ལ། དེ་དག་ལས་གང་བདག་གིས་སེམས་ཅན་ཁྱེད་ཅག ་རྣམས་འགྲོན་དུ་གཉེར་བར་བྱའོ། །བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱས་ནས་འཁོར་བ་ན་སྤྱོད་པ་རྣམས་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱའོ་ཞེས་སེམས་ཅན་ཐམས་ཅད་དབུགས ་འབྱིན་པར་བྱེད་པ་འགའ་ཡང་མེད་དོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ལག་པ་དང་རྐད་པ་དག་བཅད་ན་མི་དེ་གསོན་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་གསོན་པར་འགྱུར་ལགས་སོ། །བཀའ་སྩལ་པ། ཡང་འགའ་ཞིག་སྙིང་ཕྱུང་བར ་གྱུར་ན་གསོན་པར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་ས་སྩལ་པ་ཀུན་དགའ་བོ་ལག་པ་དང་རྐང་པ་ཇི་ལྟ་བ་དེ་བཞིན་དུ་ངའི་ཤཱ་རིའི་བུ་དང་མོངྒལ་གྱི་བུ་དག་ཡིན་ལ། སྙིང་ཇི་ལྟ་བ་དེ་བཞིན་དུ་ངའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ ་ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ནས། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་རྩེ་རོལ་དགའ་བར་བྱེད་ལ། འགའ་ཞིག་དེའི་ཤིང་རྟ་འདྲེན་པར་མི་བྱེད་ན། ཀུན་དགའ་བོ་དེ་བཞིན ་གཤེགས་པ་ཁོ་ནས་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་མགོ་བོས་འདྲེན་པར་མཛད་དོ། །ཀུན་དགའ་བོ་གལ་ཏེ་གནས་བརྟན་ཤཱ་རིའི་བུ་དང་མོངྒལ་གྱི་བུ་གཉིས་བསྐལ་བའམ། བསེལ་པ་ལས་ལྷག་པར་རྣམ་པར་ཐར་པའི་སྒོ་གསུམ་ལ ་གནས་ན་ཡང། དེ་ལ་དེ་བཞིན་གཤེགས་པའི་རིམ་གྲོ་དང་བསྙེན་བཀུར་གྱི་ཕྱིར་སྤྲོ་བར་མཛད་པར་མི་འགྱུར་རོ། །ཀུན་དགའ་བོ་གང་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་ལ་སྨད་དེ། ཉོན་མོངས་པ་ཐམས་ཅད་ཕམ་བར་བྱས ་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད། མི་འཇིགས་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་པའི་དུས་དེ་ནི་ཡོད་ལ། ཡང་ཉན་ཐོས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ ་མི་འཛེག་ཅིང། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་གྱོན་པར་ནུས་པའང་མ་ཡིན་ནོ། །དེས་ན་དེ་བཞིན་གཤེགས་པ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ ་དང་བདེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དག་བཟུང་བ་གསུངས་པར་མཛད་དོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པ་མ་ཡིན་པའི་བུ་དེ་བཞིན་དུ་ངའི་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་དང ་དེ་ལས་གཞན་པའི་ཉན་ཐོས་རྣམས་ཡིན་པར་བལྟ་བར་བྱའོ། །དཔེར་ན་བཙུན་མོ་དམ་པའི་བུ་འཁོར་ལོ་སྒྱུར་བའི་མཚན་ཉིད་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡིན་པར་བལྟ་བར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་མདོ་ལས་ཀྱང། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གར་ལ་ལ་ཞིག་།ཛ་མཱའི་གླིང་པའི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་པ་ནས། རངས་སངས་རྒྱས་ཀྱི་བར་ལ་རབ་ཏུ་འགོད་པར་བྱེད་ལ་རིགས་ཀྱི་བུ ་འམ་རིགས་ཀྱི་བུ་མོ་འགའ་ཞིག་སེམས་ཅན་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་ཕྱིར་གནས ་པར་འགྱུར་རོ། །ཀཽ་ཤི་ཀ་གང་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོང་བར་བྱེད་ན་བསོད་ནམས་མང་དུ་བསྐྱེད་དོ་ཞེས་གསུངས་སོ། །དཀོན་མཆོག་བརྩེགས་པའི་མདེ་ལས་ཀྱང། འོད་སྲུངས་འདི་ལྟ་སྟེ་དཔེར་ན། ་བྱ་ཀ་ལ་བི་ར་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ན་འདུག་པ་མིག་མ་བྱེ་བ་ཡང། འདི་ལྟ་སྟེ་ཟབ་ཅིང་སྙན་པའི་སྒྲ་སྐད་ཀྱིས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ། མ་རིགས་པའི་སྒོ ་ངའི་སྦུབས་ན་འདུག་པ། ལས་དང་ཉོན་མོངས་པའི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་གིས་མིག་ཁེབས་པ་ཡང་འདི་ལྟ་སྟེ། དེ་དགེ་པའི་རྩ་བ་ཡོངས་སུ་བསྔོ་བའི་སྦྱོར་བའི་སྒྲ་སྐད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ་ཞེས་གསུངས ་པ་ནས། འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཟླ་བ་ཉ་བ་ལ་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། །དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ ་ཡིན་ནོ། །དེ་ཅ?་ཉི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཆོས་ཐམས་ཅད་མངོན་པར་འབྱུང་བའི་མདོ་ལས ་ཀྱང། ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ལས་སེམས་ཅན་རེ་རེས་ཉི་མ་རེ་རེ་ཞིང་གདན་རྒྱར ་གླིང་བཞི་བའི་ཚད་ཙམ་ལ་འཕང་དུ་རི་རབ་ལྷུན་པོའི་ཚད་ཙམ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་འཆའ་པར་བྱེད་ལ། སེང་གེའི་གདན་དེ་ཐམས་ཅད་ཀྱང་ལྷའི་གོས་ཀྱིས་གཡོགས་པ་ཞིག་པོ། རིན་པོ་ཆེ་སྣ་བདུན་གང་ཞེ་ན། གང་འདི་ལྟ་སྟེ་གསེར ་དང། དངུལ་དང། བཻཌཱུརྱ་དང། ཤེལ་དང། མུ་ཏིག་དམར་པོ་དང། ཨསྨ་གརྦ་དང། བདུན་པ་མུ་སཱ་ར་གལ་པའོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉི་མ་རེ་རེ་ཞིང་སེམས་ཅན་རེ་རེ་ལས་རྙེད་པར་འགྱུར ་ལ། དེ་དག་ཀྱང་ཇི་ལྟར་འདོད་པ་བཞིན་ཡོངས་སུ་སྤྱོད་པར་བྱེད་ན། ཤཱ་རིའི་བུ་དེ་ལྟར་བྱས་ཀྱང་བྱང་ཆུབ་སེམས་དཔའ་ཁོ་ན་གནས་ཤིན་ཏུ་ཡོངས་སུ་དག་པ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་ཡིན་ནོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང། བྱམས་པ་འདི་ལྟ་སྟེ་དཔེར ་ན་མི་འདི་ཙམ་དུ་སྟོབས་དང་ལྡན་པ། འདི་ཙམ་དུ་ཤུགས་དང་ལྡན་པ། འདི་ཙམ་དུ་མཐུ་དང་ལྡན་པ། འདི་ཙམ་དུ་བརྩོན་འགྲུས་དང་ལྡན་པ་ལ་ལ་ཞིག་སྐྱེས་པར་གྱུར་ལ། དེ་རྒྱ་མཚོ་ཆེན་པོ་བཞི་པོ་དག་ན་ཆུའི་ཕུང་པོ་གང་ཇི་སྙེད་པ་དེ ་དག་ཐམས་ཅད་ཆུ་ཀླུང་ཆེན་པོའི་རྒྱུན་གང་དང་གང་ནས། རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པའི་ཆུ་ཀླུང་ཆེན་པོའི་རྒྱུན་དེ་དག་ཉིད་ནས་ཆུའི་མཛའ་ཕྱིར་བཟློག་ནས། རྒྱུན་ལས་བཟློག་ཐབས་ཁོ་ནར་མཚོ་ཆེན་པོ་མ་དྲོས་པའི་ནང་དུ་ཕམ་པར ་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། མི་དེ་དཀའ་བ་བྱེད་པ་དང། ངོ་མཚར་ཆེ་བ་དང། བརྩོན་འགྲུས་ཆེ་བ་ཡིན་སྙམ་མམ། བྱམས་པས་གསོལ་བ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བྱམས་པ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ཀྱང་གང་དག་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་སྙིང་རྗེ་ཆེན་པོ་ཀུན་ཏུ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་དེ། ནན་ཏན་གྱི་མཛེས་པར་བྱེད་པ་དེ་དག་ཆེས་ཤིན་ཏུ་དཀའ་བར་བྱེད་པ་དང་ངོ་མཚར་ཆེ་བ་ཡིན་ནོ་ཞེས་གསུངས་སོ། །དཔལ་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་ནི་དགའ་བ་སྟེ། །སེམས་ཅན་ཐམས་ཅད་བདེ་བ་གྱིད་པའི། ་སེམས་ཅན་འདིར་སུ་དགའ་བྱེད་པ། །དེ་དག་འཚོ་བ་ལེགས་པར་འཚོ། །སེམས་ཅན་ཀུན་ལ་ཕན་བྱེད་པའི། །སེམས་ནི་གང་དག་བསྐྱེད་གྱུར་པ། །དེ་དག་སེམས་ཅན་ཐམས་ཅད་དགའ་། །དེ་དག་མཐོང་ན་དགའ་བར་འགྱུར། །བྱང་ཆུབ་སེམས་ལ་སུ་དགའ་བ། ་དེ་དག་ལུས་ནི་གསེར་འདྲ་ཞིང། །མཚན་ནི་ཤིན་ཏུ་སྤྲས་པ་དང། །འཇིག་རྟེན་སྣང་བར་བྱེད་པར་འགྱུར། །བྱང་ཆུབ་སེམས་ནི་སེམས་ཆེ་སྟེ། །སེམས་ཀུན་ནང་ན་དགེ་བ་མཆོག། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས། །ནང་ཀུན་རབ་ཏུ་ཞི་བར་བགྱིད ་ཅེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། དེ་ལ་ཚུལ་ཁྲིམས་ཀྱི་སྟོབས་གང་ཞེ་ན། གང་གིས་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ལོག་པར་ལྟ་བར་ཤེས་བདག་གང་གི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལོག་པར་ལྟ་བ་འདོར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན ་གཤེགས་པས་ནི་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་བ་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ཀྱིས་ནི་ཚུལ་ཁྲིམས་དང་ལྡན་པར་མ་གསུངས་སོ། །འདི་ཉེ་བར་བཟུང་ནས་དེ་བཞིན་གཤེགས་པ་མངོན་པར་གྲུབ་པར་གསུང ་བར་མི་མཛད་དོ། །འོན་ཀྱང་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་ལྡན་པ་ནི་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །སྡོང་བུ་བཀོད་པའི་མདོ་ལས་ཀྱང། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚེའི་ས་གང ་ལགས། སྨྲས་པ། རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། བཅུ་གང་ཞེ་ན། །འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་རྣམས་ཀྱི་ཚེའི་སའོ། །ལྷག་པའི ་བསམ་པ་ནི་དགེ་བའི་བཤེས་གཉེན་གྱིས་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆའི་སའོ། །ས་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའོ་སའོ། །སྨོན་ལམ་མངོན་པར་བསྒྲུབ་པ་ནི་སྤྱོད ་པའི་རིགས་སུ་སྐྱེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྙིང་རྗེ་ཆེན་པོ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྟོག་པར་བྱ་བ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐེག་པ་ཆེན་པོ་ནི་ཐབས་མཁས་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མངོན་པར་རྫོགས་པར ་འཚང་རྒྱ་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐབས་དང་ཤེས་རབ་གཉིས་ནི་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ནན་ཏན་ནི ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། རིགས་ཀྱི་བུ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ་ཞེས་གསུངས་སོ། །བྱང་ཆུབ ་ཀྱི་སེམས་ལ་འདུན་པ་ཟློག་པ་དང་དགོད་ས་པ་བསྟན་པ་གཟི་བརྗིད་ཅན་གྱི་མདོ་ལས་ཀྱང། སྡིག་པའི་དགེ་སློང་ཆོས་དྲུག་དང་ལྡན་པ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ཞིང། རྟག་ཏུ་སངས་རྒྱས་རྣམས་མཉེས་པར་མི་བྱེད་པར་འགྱུར་རོ། ་དྲུག་གང་ཞེ་ན། འདི་ན་སྡིག་པའི་དགེ་སློང་མུ་སྟེགས་ཅན་གཞན་གྱི་ངག་ཁོང་དུ་ཆུད་པར་བྱེད་པ་དང། དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་དག་ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཉམས་སུ་འཇུག་པར་བྱེད་པ་དང། དགེ་སློང་ཆངས་པར་སྤྱོད་པ་དང་བཅས་པ་དག ་ཆངས་པར་སྤྱོད་པ་མ་ཡིན་པས་འཁྲིག་པའི་ཆོས་ཀྱིས་སྐུར་པ་དང། གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་འབྱེད་པར་བྱེད་པ་དང། སངས་རྒྱས་ཀྱི་གསུང་དུ་གཞན་གྱིས་སྒྲོ་བཏགས་པ་འཁོར་གྱི་ནང་དུ་འདུག་སྟེ་སྨྲ་བ ་དང། དགེ་བསྙེན་བསླབ་པའི་གཞི་ལྔ་དང་ལྡན་པའི་ཆུང་མ་བགྲོད་པར་བྱེད་པ་སྟེ། སྡིག་པའི་དགེ་སློང་ཆོས་དྲུག་པོ་འདི་དག་དང་ལྡན་པ་ནི་མན་རེ་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཞིང། རྟག་ཏུ་སངས་རྒྱས་རྣམས་མཉེས་པར་མི་སྐྱེད ་བར་འགྱུར་རོ་ཞེས་གསུངས་སོ། །དཔས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང། སེམས་ཅན་བསོད་ནམས་ཆུང་ངུ་རྣམས། །བྱང་ཆུབ་སེམས་ནི་འདེད་མི་འགྱུར། །འཁོར་བ་ལ་ནི་མི་རྟོག་པ། །བྱང་ཆུབ་སེམས་ནི་སྐྱོ་བར་འགྱུར། །བྱང་ཆུབ་སེམས་ཀྱི་བསོད་ནམས ་གང། དེ་ལ་གལ་ཏེ་གཟུགས་མཆིས་ཏེ། །ནམ་མཁའ་ཨི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར་ཞེ་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་ཡོངས་སུ་སྤངས་པ་ཉིད་ཀྱིས་།སྡིག་པའི་གྲོགས ་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ་ཞེས་གསུངས་སོ། །རིན་པོ་ཆེ་ཕུང་པོའི་མདོ་ལས་ཀྱང། དེ་ལ་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་བགའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཟིལ་ཀྱིས་གནོན་པར ་འགྱུར་ཏེ། ཤཱ་རིའི་བུ་རང་སངས་རྒྱས་དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དང། སེམས་ཅན་ཐམས་ཅད་དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཐམས་ཅད་མཁྱེན་པ་ཉིད་ཀྱིས ་སེམས་ལས་བྱུང་བའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བལྟ་བར་བྱའོ། །རང་སངས་རྒྱས་དེ་དག་གི་བཟོད ་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་ཨི་བཟོད་པ་གང་ཡིན་པ་ལས་བཟོད་པ་སྔ་མ་དེས་ནི་བཟོད་པ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་འགྲོའོ་ཞེས་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་བརྩོན ་འགྲུས་དང། བསམ་གཏན་དང་ཤེས་རབ་དང། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་མཆོག་ཅེས་བྱའོ་ཞེས་བྱ་བ་ནས་གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དང། ་ཤཱ་རིའི་བུ་དེ་ལྟར་ན་སེམས་བསྐྱེད་པ་མཆོག་རྣམས་ལ་གང་ཞིག་བར་དུ་གཅོད་པར་བརྩོན་པ་དེ་ནི་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་དོ། །གང་ཞིག་རང་སངས་རྒྱས་དེ་དག་གི་རང་གི་བྱང་ཆུབ་ལ་བར་ཆད་བྱ་བའི་ཕྱིར་བརྩོན་པ་དང། གང་ཞིག་བྱང ་ཆུབ་སེམས་དཔའ་ལ་བར་ཆད་བྱ་བའི་ཕྱིར་བརྩོན་པ་དེ་གཉིས་ལས། དེ་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེས་མང་དུ་བསྐྱེད་དོ་ཞེས་གསུངས་སོ། །ངེས་པ་དང་མ་ངེས་པ་ལ་འཇུག་པར་འགྲོ་བའི་ཕྱག་རྒྱའི་མདོ་ལས་ཀྱང། འཇམ་དཔལ་གལ་ཏེ ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞིག་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་འདུན་པ་ཟློག་པར་བྱེད་ལ། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག་ཐ་ན་ཐེག་པ་ཆེན་པོ་ལ་མོས་པའི ་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཐེག་པ་ཆེན་པོ་ལས་འདུན་པ་ཟློག་པར་བྱེད་ན། འདི་གཉིས་དེ་བས་སྡིག་པ་ཆེས་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་སོ། །བུ་མོ་ཡོན་ཏན་གྱིས་བརྒྱན་པས་ཞུས་པའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ལ་བུ་མོ་ཡོན་ཏན ་གྱིས་བརྒྱན་པས་མངོན་པར་ཤེས་པ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་དང་ལྷན་ཅིག་གནས་པ་གཅིག་གིས་གནས་པར་མི་བགྱི་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་དགེ་བའི་བཤེས་གཉེན་གང་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཐེག་པ་ཆེན་པོར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་མ་གཏོགས་པ། གང་དག་བྱང་ཆུབ་སེམས་དཔའ་ཨི་མི་དག་བའི་བཤེས་གཉེན་ནི་ལྷ་དང་བཅས་པའི་འཇིག་རྟེན་དང། བདུད ་དང་བཅས་པ་དང། ཚངས་པ་དང་བཅས་པ་དང། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པ་དང། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་སྐྱེ་དགུ་ལ་ངས་མ་མཐོང་ངོ། །བུ་མོ་ཉན་ཐོས་དང་རང་སངས་རྒྱས་དག་ནི་བྱང་ཆུབ་སེམས་དཔའ་ཨི་མི་དགེ་བའི་བཤེས་གཉེན ་ནོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་ལ་ཕན་པར་ཞུགས་པའི་ཕྱིར་རོ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་དང་གནས་པ་གཅིག་གིས་གནས་པར་མི་བྱའོ། །གནས་ཁང་ཅིག་གམ་སྟན་གཅིག་གམ་འཆག ་ས་ཅིག་གམ། ལམ་གཅིག་ཏུ་འགྲོ་བར་མི་བྱ་སྟེ། གཞན་དུ་ན་ཐེག་པ་ཆེན་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་མང་དུ་ཐོས་བ་མི་ཕྱེད་པའི་དད་པ་དང་ལྡན་པས་དེ་དག་དང་ལྷན་ཅིག ་གནས་པར་བྱ་བར་ངས་རྗེས་སུ་གནང་ངོ། །དགེ་བའི་རྩ་བ་མ་སྨིན་པ་དག་ལ་འདི་ལྟ་བུའི་མདོ་སྡེ་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད་པར་བྱེད་པའོ། །འདི་དག་ནི་བྱང་ཆུབ་ཀྱི་སེམས་ལ་འདུན་པ་ཟློག་པར་བྱེད་པའོ ་འདི་དག་ནི་བྱང་ཆུབ་ཀྱི་སེམས་ལ་ཅོ་འདྲི་བར་བྱེད་པའོ། །བུ་མོ་བྱང་ཆུབ་སེམས་དཔའ་སྲོག་ཡོངས་སུ་བཏང་བར་བྱ་བ་ནི་སླའི། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཏང་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན ་པའི་ཡིད་ལ་བྱེད་པ་དེ་མ་ཡིན་ནོ། །བུ་མོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཏང་ཞིང། དམ་པའི་ཆོས་ཡོངས་སུ་འཛིན་པ་བཏང། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བཏང། སེམས ་ཅན་ཡོངས་སུ་སྨིན་པར་བྱེད་པ་བཏང་ནས་གང་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སེམས་སྐྱེད་བར་བྱེད་པ་དང། གང་ཞིག་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སེམས་ལས་འདུན་པ་ཟློག་པར་བྱེད་ཅིང་ཅོ་འདྲི་བར་བྱེད་ན། དེ་གཉི་ག་ངན ་འགྲོ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །བུ་མོ་བྱང་ཆུབ་སེམས་དཔས་བཤའ་ས་དང་ལྡན་པའི་ལས་ལྔ་བྱས་པ་ནི་སླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྟེན་པས་ནི་མ་ཡིན་ནོ། །བུ་མོ་བྱང་ཆུབ་སེམས་དཔའ་ ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བས། བསྐལ་པའམ་བསྐལ་པ་བརྒྱ་འམ་བསྐལ་བ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་གནས་པ་ནི་སླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྟེན་པ་ནི་མ་ཡིན་ནོ། །བུ་མོ་བྱང ་ཆུབ་སེམས་དཔའ་དུད་འགྲོའི་སྐྱེ་གནས་དག་ཏུ་ལྷུང་བ་ནི་སླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་བསྟེན་པ་ནི་མ་ཡིན་ནོ། །བུ་མོ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པར་བྱས་ནས་སེམས་ཅན་དམྱལ་བར་གནས་པ་ནི་སླའི ་དགྲ་བཅོམ་པ་མངོན་དུ་བྱས་ནས་རྐུན་པོ་བྲེད་ཤ་ཐོན་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་ནོ། །བུ་མོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པའི་བསམ་པ་ཅན་མེའི་འོ་བུས་འདུག་པ་ནི་སླའི། བྱང་ཆུབ་ཀྱི་སེམས ་དང་བྲལ་བས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ་གནས་པ་ནི་མ་ཡིན་ནོ། །བུ་མོ་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་པར ་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མཆོད་པར་འོས་པར་འགྱུར་རོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ ་སངས་རྒྱས་ཀྱི་ཆ་ལུགས་སུ་འོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལུང་སྟོན་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་འདི་ནི་གདོན་མི་ཟ་བར ་བདུད་སྡིག་ཅན་ནམ། བདུད་ཀྱི་བྱིན་གྱིས་བརླབས་པའི་སྐྱེས་བུ་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་པ་ཡིན་གྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི ་ས་འམ་རང་སངས་རྒྱས་ཀྱི་ས་ཡང་དག་པར་འཛིན་དུ་འཇུག་པར་མཛད་པ་ནི་མ་ཡིན་ནོ་ཞེས་སེམས་པར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ཀློག་ཅིང་ཁ་ཏོན་བྱེད་པ་ལ། བདུད་སྡིག་ཅན་སངས ་རྒྱས་ཀྱི་ཆ་ལུགས་སུ་འོངས་ནས་འདི་སྐད་ཅེས་འདི་དག་ནི་སངས་རྒྱས་ཀྱིས་གསུངས་བ་མ་ཡིན་ཞིང་ཉན་ཐོས་ཀྱིས་ཀྱང་མ་ཡིན་ལ། གང་ལ་ཁྱོད་སྦྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་སྨྲས་པའོ་ཞེས་སྨྲ་བར་འགྱུར་བ་ན། རབ་འབྱོར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་གང་དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་འབྱེད་པར་བྱེད་པ་དེ་ནི་གདོན་མི་ཟ་བར་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །བྱང ་ཆུབ་ཀྱི་སེམས་རྗེད་པ་ལ་དགོངས་པ་བསྟན་པ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་ཀྱང། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། །བྱང་ཆུབ་ཀྱི་སེམས་བརྗོད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་ང་རྒྱལ་དང། ཆོས་ལ་མ་གུས་པ ་དང། དགེ་བའི་བཤེས་གཉེན་ལ་ཁྱེད་དུ་གསོད་པ་དང། ལོག་པའི་ཚིག་སྨྲ་བ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡར་བྱང་ཆུབ ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྡེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རྣལ་འབྱོར་སྦྱོད་པ་དག་དང་འདྲིས་པར་བྱེད་པ་དང། ཐེག་པ་དམན་པ་ལ་མོས་པ་དང། ་བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་པ་འདེབས་པ་དང། ཆོས་རྣམས་ལ་སློབ་དཔོན་དཔེ་མ་རྒྱུད་བྱེད་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད ་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། སྒྱུ་བྱེད་པ་དང། སེམས་ཅན་རྣམས་ལ་གཡོས་སྟེན་པར་བྱེད་པ་དང། དགེ་བའི་བཤེས་གཉེན་རྣམས ་ལ་ལྕེ་གཉིས་བྱེད་པ་དང། རྙེད་པ་དང་བཀུར་སྟིང་ལ་ལྷག་པར་ཞེན་པ་དང། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས ་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། བདུད་ཀྱི་ལམ་མ་གཏོགས་པ་དང། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང། ལྷག་པའི་བསམ་པ་སྟོབས་ཆུང་བ་དང། ཤེས་རབ་དང་ཐབས་མེད་པ་སྟེ། སྲེད་མེད ་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཞེས་གསུངས་སོ། །ཚངས་པས་ལྦཡིན་གྱིས་ཞུས་པའི་མདོ་ལས་ཀྱང། རྒྱལ་པོ་ཆེན་པོ་བཅུ་དྲུག་པོ་འདི་དག་ནི་གང་ཟག་ཕྲག་དོག་ཅན་གྱི་མཚན་མ་ཡིན་པར ་རིག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ཁྭ་ལྟར་བསྐུ་བ་དང། མུ་ཅོར་སྨྲ་བ་དང། ལེགས་བར་མ་བསྔམས་པ་དང་གཞན་གྱི་བསྔགས་པ་མ་ཡིན་པས་བདེ་བར་འཛིན་པ་དང། གཞན་གྱི་ཡོན་ཏན་དག་ལ་ཡིད་མི་ཆེས་པ་དང། བསམ་པ་མང་བ ་དང། མྱ་ངན་མང་བ་དང། ཡིད་མི་བདེ་བ་མང་བ་དང། མིག་སེར་བ་དང། ཁ་དོག་དང་དབྱིབས་ཉམས་པ་དང། ང་རྒྱལ་གྱིས་ནོན་པ་དང། དགེ་སློང་ལ་མི་དགའ་བ་དང། གློ་བུར་དུ་འོངས་པ་ལ་བསྟིང་པའི་དང་ཚུལ་ཅན་དང། བརྩད་དུ་རུང་བའི ་འཁྲུལ་པ་ཚོལ་བ་དང། གནས་ལ་སེར་སྣ་བྱེད་པ་དང། ཆོས་ཉན་དུ་འགྲོ་བ་ལ་རྣ་བླགས་ཏེ། མི་ཉན་པ་དང། སེམས་རྣམ་པར་གཡེངས་ཤིང་གཞན་དང་གཞན་དུ་གཏམ་རླུང་སྐུར་བར་བྱེད་ཅིང་ཆོས་ཀྱི་གཏམ་ལ་མི་དགའ་སྟེ། འདི་སྐད་དུ་འདི་ཅི་ཟེར ་བདས་མི་ཤེས་སོ། །འདི་ནི་བླུན་པོ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཆོས་སྟོན་ཏོ་ཞེས་ཀྱང་ཟེར་ཏེ། གང་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པའི་ཆོས་འདུལ་བ་ལ་མ་གུས་པ། འདི་ཉིད་མི་བླུན་པོ་དེ་དག་མི་ཤེས་པ་ཡིན་ནོ། །བདག་གིས་ནི་བྱང་ཆུབ ་ཐོབ་ནས་གདོང་བྱང་ཆུབ་ཤིང་དྲུང་དུ་ཆོས་ལ་གུས་པར་གནས་པར་བྱའོ་ཞེས་ཟེར་ཞིང། དགེ་སློང་རྣམས་ལ་ཆོས་སྟོན་པ་ན་ཡང་ཕྱི་སྒོ་ན་འགྲེང་ཞིང་འདུག་ལ་ཆོས་ཉན་པར་བྱེད་དེ། སྟན་ལ་འདུག་མི་འདོད་ན་ཡང་དགེ་སློང་དག་ལ་འཆོལ་བར་བྱེད་དེ། བརྒྱུད ་སྡེའི་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་སྟོན་པ་ན་ཡང་བདག་གི་མཉན་པར་བྱའོ། །དེ་ཐོས་ན་བདག་གི་ནད་དེ་འབྱུང་བར་འགྱུར་རོ་སྙམ་མོ། །དེ་བས་ན་མི་བླུན་པོ་དེ་དག་ཆོས་མ་ཡིན་པ་འདོད་པས་བྱང་ཆུབ་ཡོངས་སུ་བཅིལ ་བར་སེམས་དཔའ་དག་ནི་དཔེར་ན། མིའི་མིག་གཉིས་ཕྱུང་ནས་ལྟ་བར་འདོད་པ་འམ། ནོར་ཐམས་ཅད་མེད་བྱས་ནས་འགྲོན་པོ་མང་པོ་དང་མི་མཐུན་པར་འདོད་པ་འམ། རྐང་པ་བཅད་ནས་ལམ་དུ་འགྲོ་བར་འདོད་པ་དང་འདྲ་སྟེ། རྒྱལ་པོ་ཆེན ་པོ་དེ་ལྟར་འདོད་པའི་མི་བླུན་པོ་དེ་དག་གི་བྱང་ཆུབ་ནི་དེ་འདྲ་སྙམ་བྱེད་དོ། །རྒྱལ་པོ་ཆེན་པོ་ཆོས་ཉི་ཤུ་རྩ་ལྔ་དང་ལྡན་ན་གང་ཟག་བྱང་ཆུབ་ལས་ཉམས་པར་རིག་པར་བྱ་སྟེ། ཉི་ཤུ་རྩ་ལྔ་གང་ཞེ་ན། གནས་ལ་སེར་སྣ་བྱེད་པ་དང། ཁྱིམ་ལ་སེར་སྣ ་བྱེད་པ་དང། བསྔགས་པ་ལ་སེར་སྣ་བྱེད་པ་དང། བྲག་དོག་ཅན་དང། མ་དད་པ་དང། ངོ་ཚ་མི་ཤེས་པ་དང། ཁྲེལ་མེད་པ་དང། སྡིག་པའི་བསམ་པ་ཅན་དང། གཡོ་བའི་བསམ་པ་ཅན་དང། གཞན་ལ་གནོད་པ་ཅན་དང། ་སྤྱོད་ལམ་ཁོ་རེ་ཆུང་པ་དང། ཚུལ་འཆོས་པ་དང། ཁོན་དམ་དུ་འཛིན་པ་དང། སོག་འཇོག་གི་ཤས་ཆེ་བ་དང། དེ་བཞིན་གཤེགས་པས་གསུངས་པ་ལ་སྐྲག་ནས་ལོག་པར་བརྡ་སྤྲོད་ཅིང་སྒྲོ་འདོགས་ཏེ་ཆོས་སྤོང་བར་བྱེད་པ་དང། ་ལྷག་པའི་ང་རྒྱལ་ཅན་ཡིན་ཏེ་མི་འདྲི་བའི་ངང་ཚུལ་ཅན་དང། ཆོས་ལ་སླུ་བར་བྱས་ཀྱང་མི་འགྱོང་པ་དང། སྙིང་མི་འབེབས་ཤིང་དགྲ་ཟླ་མང་བ་དང། འཁོར་གྱི་ནང་དུ་སོང་བ་དང་མཐོང་མ་ཐག་ཏུ་གཞན་གྱི་མོས་པ་བཟློག་པའི་ཕྱིར་གཞན ་དག་གི་མཚད་འདྲ་བ་དང། གསང་བའི་གནས་ལ་ཡིད་བརྟན་པ་ལས་འཁུ་བ་དང། སྔོན་མཐོང་ཡང་རུང་བའི་དགེ་སློང་དག་ལ་མི་རྣམས་ལ་སུ་ཡང་དགའ་བར་མི་འགྱུར་བར་བྱའོ་སྙམ་སྟེ། གནོད་པར་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ ་བརྗོད་པ་དང། གཞན་གྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བའི་ཕྱིར་གཞན་རྦོད་པ་དང། རྙེད་པའི་བསམ་པས་བདག་བསྙེན་པར་རྗོགས་པ་དེ་ཉམས་པར་གྱུར་ན་མི་རུང་ངོ་སྙམ་སྟེ་སོ་སོར་བརྟགས་ནས་ཚུལ་ཁྲིམས་གཙང་བའོ། །རྒྱལ་པོ་ཆེན་པོ་གང ་ཟག་དེ་འདྲ་བ་དེ་དག་ནི་བསྟན་པ་ལས་ཚ་བས་ཆེར་ཉམས་པར་འགྱུར་བ་འམ། ཁྱིམ་གྱིས་གནས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང། དེ་ནས་བདུད་ཀྱི་བཀྲབས་པ་ཚུལ་ཁྲིམས་ཀྱི་རྟེན་སྔོན་གྱི་ཚེ་རབས་དང་སྨིན་ལམ ་དང་སངས་རྒྱས་རྣམས་ལ་མཆོད་པ་དང། དགེ་བའི་རྩ་བ་ཐམས་ཅད་ཀྱི་བསྐུལ་བས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྩཝ་བཀྲམ་པ་ལྟ་བུར་འོངས་པར་གྱུར་ཏེ། གདོང་མཆི་མ་དང་བཅས་ཐལ་མོ་རབ་ཏུ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན ་པ་བཅོམ་ལྡན་འདས་བྱིས་པ་ཇི་ལྟ་བ་དང། མྱོས་པ་ཇི་ལྟ་བ་དང། སེམས་འཁྲུག་པ་ཇི་ལྟ་བ་བཞིན་དུ་ནོངས་པ་འཆགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ནོངས་པ་འཆགས་ལགས་སོ། །འདི་ལྟར་བདག་གི་དྲན་ལགས་ཏེ། གྲངས་མ་མཆིས་པ་གཅིག ་རྫོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་སྦྱང་ལགས་སོ། །དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་མང་དུ་བགྱིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདས་པ་རྣམས་བཞུགས་པ་བརྒྱ ་སྟོང་ཕྲག་བྱེ་བ་འབུམ་ཕྲག་གིས་བསྙེན་བཀུར་དང་བཀུར་སྟི་རྣམ་པ་སྣ་ཚོགས་བགྱིས་ཏེ་ཆོས་ཀྱང་ཐོས་ལགས་སོ། །སྨོན་ལམ་ཡང་བཏབ་ལགས་སོ། །དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་ལ་ལ་ཉན་ཐོས་ཀྱི་གཏམ་རྗེས་སུ་བསྐུལ་བར་བགྱིད ་ལགས་ཏེ། དེ་ནས་བདག་གིས་མ་བསམས་པར་ཀྱི་མ་དགེ་སྦྱོང་གིས་ལུས་བྱས་ཀྱི་གང་ཟག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་མདུན་དུ་ཉན་ཐོས་ཀྱི་གཏམ་འཆད་པ་འདི་ནི་བདུད་དོ་ཞེས་སྡིག་པ་ཅན་གྱི་ཚིག་བརྗོད་ལགས་ཏེ། དེར་གལ་ཏེ ་བདག་གི་སྡིག་པ་ཅན་གྱི་ཚིག་དེ་མ་སྨྲས་པར་གྱུར་ན་ནི་དེར་བདག་གིས་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་ལགས་ན། སུ་ག་ལས་ཀྱི་ལྷག་མ་དེས་བདག་དེ་ནས་ཤི་འཕོས ་ནས་བདུད་ཀྱི་གནས་སུ་སྐྱེས་ཏེ། དགུང་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང། དགུང་ལོ་བརྒྱ་སྟོང་དག་ཏུ་དེར་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་གིས་སེམས་བསྐྱེད་པ་གཅིག་ཀྱང་མ་བྱུང་ལགས་ན། ཚངས་པའི་གནས་པ་རྣམས ་ལྷ་སྨོས་ཀྱང་ཅི་འཚལ་ལགས་ཞེས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ལན་གཉིས་ཀྱི་བར་དུ་བཟོད་པ་གསོལ་ཏེ། །ཇི་སྲིད་དུ་སྔོན་གྱི་མཛའ་ཨི་འཁོར་བར་འཁོར་བ་དེ་སྲིད་དུ་སླད་ཀྱིས་ཕྱི་མའི་མཛའ་ཨི་མུར་སེམས་ཅན་དམྱལ་བར་གནས་པར ་སྤྲེ་ལགས་ཀྱི་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་ལྡོག་པར་ནི་མི་བགྱིད་ལགས་སོ་ཞེས་གསུངས་སོ། །དཀོན་མཆོག་བརྩེགས་བའི་མདོ་ལས་ཀྱང། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས ་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། མཁན་པོ་དང། སློབ་དཔོན་དང། བླ་མ་དང། སྦྱིན་གནས་ལ་སླུ་བ་དང། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི ་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་མི་སྙན་པ་དང། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང། རྒྱུ་དང་གཡོས་གཞན་ལ་ལ་བེ?་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས ་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །བརྗོད་ཀྱིས་མི་ལང་བའི་མདོ་ལས་ཀྱང། དེ་ནས་འཁོར་དེ་ཉིད་དུ་བུ་མོ་རིན་པོ་ཆེ་ཞེས་བྱ་བ་འདུས་པར་གྱུར་ཅིང་འདུག་པ་དེས། བྱང་ཆུབ་སེམས་དཔའ་དགའ་བ་དང ་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །སྣག་གི་གཉེན་མཚམས་སངས་རྒྱས་འབྱུང་བ་ནི་རབ་ཏུ་མོས་པར་བྱའོ། །སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་ཨོ། །སངས་རྒྱས་འབྱུང་བ་ནི་བརྩོན་འགྲུས་ཞན་པ་དང། བཅོས་མའི་བསམ་པ་ཅན་དང། གཡོན ་ཅན་དང། སྒྱུ་ཅན་དང། ང་རྒྱལ་གྱིས་བཅོམ་པ་དང། གནོད་སེམས་ཅན་དང། ཁྲོ་བ་དང། ཁོང་ཁྲོ་བ་མང་བ་དང། སེར་སྣ་ཅན་དང། བྱས་པ་མི་ཤེས་པ་དང། བསམ་པ་གསུམ་ཡོངས་སུ་མ་དག་པ་དང། ཁམས་གསུམ་པ་ལ་མངོན ་པར་ཞེན་པ་དང། དྲི་མ་གསུམ་དང་ལྡན་པ་དང། དཀོན་མཆོག་གསུམ་ལ་མི་གུས་པ་དང། རྣམ་པར་ཐར་པའི་སྒོ་གསུམ་ལ་སྐྲིག་པ་དང། རྒོད་པ་དང། ཁེངས་པ་དང། མུ་ཅོར་སྨྲ་བ་དང། དག་གཡེངས་པ་དང། ངོ་ཆ་མེད་པ་དང། ཁྲེལ ་མེད་པ་དང། ལུས་དང་དག་དང་སེམས་ཚུལ་འཆོས་པ་དང། མ་གུས་པ་དང། ཁྱིམ་གྱི་གནས་ན་འདུག་པ་དང། ཚུལ་འཆོས་པ་དང། ཁ་གསག་ཅན་དང། བདག་དང་གཞན་སླུ་བ་དང། རྙེད་པ་དང་བཤེས་དང་བཀུར་སྟི་ལ་ལྷག་པར ་ཞེན་པ་དང། སྒོ་མ་བསྡམས་པ་དང། ཉན་ཐོས་ཀྱི་སྤྱོད་པ་ལྷུར་ལེན་པ་དང། རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་དང། སེར་སྣ་ཅན་དང། ཚུལ་ཁྲིམས་འཆལ་པ་དང། གནོད་སེམས་མང་བ་དང། སྙོམས་ལས་ཅན་དང། རྗེད་ངས་པ ་དང། ཤེས་རབ་འཆལ་བ་དང། ཐབས་ལ་མི་མཁས་པ་དང། བྱམས་པ་དང་སྙིང་རྗེ་དང་དྲལ་བ་དང། ཉོན་མོངས་པའི་སེར་སྣའི་རྗེས་སུ་འཇུག་པ་དང། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཏུ་མངོན་པར་ཞེན་པ་དང། རྒྱུ་དང་བྱ་བ་དང ་ལས་དང་རྣམ་པར་སྨིན་པ་ལ་འགལ་བ་དང། མི་རིགས་པ་དང་མངོན་པར་མི་བརྩོན་པ་དང། ཐོས་པ་ཆུང་བ་དང། ཐོས་པ་ལས་མཁས་པ་དང་བྲལ་བ་དང། རྒྱགས་པ་དང། བག་མེད་པ་ལས་སྤྱོད་པ་དང། སྦྱངས་པའི་ཡོན་ཅན་གྱི་ཡོ་བྱད ་བསྙུངས་པ་དང་བྲལ་བ་དང། ལུགས་མ་ཡིན་པ་སྤྱོད་པ་དང། དགའ་བ་དང་མི་དགའ་བ་ལ་ལོག་པ་ཅན་དང་བཅས་པ་དང། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བས་བཅོམ་པ་དང། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང ་ལུས་དང་སྲོག་ལ་ལྷག་པར་ཞེན་པ་དང། གཟུགས་ལ་དགའ་བ་དང། སྒྲ་ལ་དགའ་བ་དང། དྲི་ལ་དགའ་བ་དང། རོལ་དགའ་བ་དང། རེག་བྱ་ལ་དགའ་བ་དང། སྨྲ་བ་ལ་དགའ་བ་དང། གཉིད་ལ་དགའ་བ་དང། འདུ་འཛིན་ལ་དགའ་བ་དང། དུས་མི་ཤེས ་པ་དང། ཚོད་མི་ཤེས་པ་དང། སྡིག་པའི་གྲོགས་པོ་བསྟེན་པ་ཅན་དང། དགེ་བའི་བཤེས་གཉེན་དང་བྲལ་བ་དང། བསྡུ་བའི་དངོས་པོ་སྤངས་པ་དང། བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བས་ནི་བསྙེན་པར་དཀའ་ཨོ་ཞེས་གསུངས་སོ། །དགེ ་སློང་རྣམས་ལ་གསོ་དཔྱད་དགག་པ་ལ་དགོངས་པ་བསྟན་པ་གཞི་རྩོམ་པའི་མདོ་ལས་ཀྱང། དེ་ལ་ཤཱ་རིའི་བུ་དགེ་སློང་གང་དག་ཚུལ་ཁྲིམས་ཞིག་པར་གྱུར་པ་དེ་དག་ནི་ཁྱིམ་པའི་ལས་ཀྱི་མཛའ་བྱེད་པར་འགྱུར། ཕོ་ཉའི་ལས་ཀྱི་འཚོ་བ་རྟོག་པར ་འགྱུར། གསོ་དཔྱད་ཀྱི་འཇུག་པས་ཀྱང་འཚོ་བ་རྟོག་པར་འགྱུར། ཤཱ་རིའི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སྒོ་ནས་འཚོ་བར་འགྱུར། དེ་བཞིན་གཤེགས་པ་ལ་དགྲ་ཟླ་ཉིད་དུ་ཀུན་ཏུ་སྤྱོད་པ་ལ་ལྟོས། ཤཱ་རིའི་བུ་དེའི ་ཚེ་རྒྱལ་པོ་ཆེན་པོ་བཞི་དང། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང། མི་མཇེད་ཀྱི་བདག་པོ་ཚངས་པ་དང། གཞན་ཡང་ལྷ་སྟོང་ཕྲག་མང་པོ་དེ་ལྟ་བུའི་ངོ་བོའི་གསུང་རབ་ལ་རྣམ་པར་འགྱུར་བ་ཆེན་པོ་མཐོང་ནས་སྨྲེ་སྔགས་ཆེར་མངོན་པར་འགྱུར་རོ ་ཤཱ་རིའི་བུ་གང་ང་ལ་བརྟེན་ནས་ཁྱིམ་པ་རྣམས་ལ་རིམ་གྲོ་བྱེད་པ་འདི་ནི་འོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཤཱཀྱ་ཐུབ་པ་ངའི་ཉན་ཐོས་དག་ནི་ལྷ་དང། ཀླུ་དང། གནོད་སྦྱིན་རྣམས་ཀྱི་ཉེ་གནས་སམ་རིམ་གྲོ་བྱེད་པར་འགྱུར་རོ། །ཤཱ ་རིའི་བུ་གཞན་ཡང་སྐྱེས་བུ་བླུན་པོ་ཁྱིམ་པ་ལ་བསྙེན་བཀུར་བྱེད་པ་ན། དམིགས་པ་མེད་པའི་ཆོས་སྟོང་པ་ཉིད་བརྟེན་པར་འགྱུར་པ་འམ། གནས་པར་འགྱུར་བ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་ཚུལ་ཁྲིམས་འཆལ་བ་དག ་ཁྱིམ་པ་རྣམས་ལ་ཆང་ཕོར་གང་གི་ཕྱིར་སངས་རྒྱས་ཀྱི་གསུང་སྟོན་པར་འགྱུར་རོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཆགས་པ་ཤས་ཆེ་བ་དང། རྨོངས་བ་ཤས་ཆེ་བ་དང། འདུ་འཛིལ་དགའ་བ་དང། སྨྲ་བ་ལ་དགའ་བ་དང། ལུས་ལ་ཆགས་པ་དང། ་སྤྱོད་པ་ཡོངས་སུ་མ་དག་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཆོས་དམིགས་པ་མེད་པ་ཤེས་པ་འམ་གཏིང་དཔོག་པའམ། མོས་པའམ། དགེ་སྦྱོང་གི་ཆོས་བསྟན་པ་འམ། འཐོབ་པར་ནུས་སམ་སྟེ་དེ་ནི་གནས་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང ་གི་མདོ་ལས་ཀྱང། འཇིག་རྟེན་རྒྱན་པན་པའི་གཏམ་ལ་ལྟོས་པ་མེད་པར་འགྱུར་བར་བྱ། ཉོན་ཚོང་གི་སྤྱོད་པ་ལས་ལྡོག་པ་དང། གསོ་དཔྱད་ལ་དགའ་བ་མ་ཡི་པ་དང། ཕོ་ཉ་ལ་དགའ་བ་མ་ཡིན་པ་དང། ཕོ་ཉའི་ལས་ཀྱི་མཛའ་དང་ལྡན་པ་མ་ཡན་པར ་འགྱུར་བར་བྱའོ་ཞེས་གསུངས་སོ། །རྒྱས་པས་ཞུས་པའི་མདོ་ལས་ཀྱང། གང་ཞིག་ལུས་ན་བའི་འཇིགས་པས་སྨན་པ་ལ་བྱིན་པར་བྱེད་པ་དེའི་སྦྱིན་པ་ཡང་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང ་ཁ་ན་མ་ཐོ་བ་དང་བཅས་པ་སྲོག་གཅོད་པས་བསྡུས་པ་གཉིས་པ་སྤང་བར་བྱ་ཞིང་མི་བྱའོ། །དེ་གང་ཞེ་ན། འདི་ལྟ་སྟེ། གསོ་དཔྱད་དོ། །དགེ་སློང་གསོ་དབྱད་བྱེད་པ་ན་བསམ་གཏན་དང། ཀློག་པ་ལ་སྤྱོད་པར་མི་འགྱུར་རོ། །དེ་གསོ་དབྱང་བྱེད་པ་ན་རྣམ་པ ་གཞན་དུ་ཕྱེད་ཅིང་རྣམ་པ་གཞན་དུ་སྨྲ་བར་འགྱུར་རོ། །དེ་ནད་པ་དག་ལ་སེམས་གཏོད་ཅིང་བློ་དེར་སོན་པར་འགྱུར་རོ། །དེ་དེ་ལྟར་བྱེད་པ་ལ་འདོད་པ་སྟོབས་ཆེ་བར་འགྱུར་རོ། །འདོད་པས་ཟིལ་གྱིས་ནོན་པ་དེ་སླར་ཡང་ཅི་ནས་ནད་ཚབས་ཆེ་བ་སྣ་ཆོགས་པ་འབྱུང ་བར་འགྱུར་ཞིག་གུ་།དེས་སེམས་ཅན་རྣམས་གཟིར་ན་སླར་ཡང་རྙེད་པ་དང་བཀུར་སྟི་རྣམ་པ་དུ་མ་འབྱུང་བར་འགྱུར་རོ། །བདག་གྲོང་ནས་གྲོང་དང། གྲོང་ཁྱེར་ནས་གྲོང་ཁྱེར་དང། རི་བྲག་ནས་རི་བྲག་ཏུ་ལྗོངས་རྒྱུ ་བས་སོ་སོར་ཡང་དག་པར་རྒྱུ་བར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ལྟར་སེམས་པ་བརྣབ་སེམས་ཀྱི་ཟིལ་གྱིས་ནོན་པ་དེ་ལ་ཡིད་ཀྱི་དྲི་མར་འགྱུར་གྱི། དགེ་བ་ལ་སྤྱོད་པར་ནི་མི་འགྱུར་རོ། །གཞན་ཡང་གསོ་དཔྱད་ཕྱེད་པ་ན་དགེ་སློང་མ་ཡིན་པ ་དགེ་སློང་དུ་ཁས་འཆེ་བ་ལ་ཉེས་པ་ཆེན་པོར་འགྱུར་ཏེ། གང་གི་ཚེ་སྲོག་ཆགས་རྣམས་རླུང་ལ་སོགས་པ་ནད་རྣམས་ཀྱིས་ཟིལ་གྱིས་མནན་པ་དེའི་ཚེ། ཇི་ལྟར་མྱུར་བར་ཏིལ་མར་འོན་ཅིག་།གལ་ཏེ་མེད་ན་ཏིལ་ཚིར་ཅིག་ཅེས་རྫས་ཉེ་བར་འདོགས ་སོ། ཏིལ་བཙིར་བ་ལས་ནི་སྲོག་གཅོད་པ་ཆེན་པོར་འགྱུར་ཞིང་སྲིན་བུ་མང་པོ་གསོད་པར་འགྱུར་རོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་ལ་སྐྱོན་གཞན་འདི་ཡང་ཡོད་དེ། ནད་ལ་བལྟོས་ནས་ཤ་སར་པ་མཚོན་གྱིས་གཅོད་པ། ཧ་ཅང་ཚིལ ་ཅན་མ་ཡིན་ལ། མ་ཤི་བ། ནད་ཀྱིས་མ་མནར་བ་གཅན་ཟན་གྱིས་མ་གསད་པ། མི་རིད་པ་འོན་ཅིག་ཅེས་བསྒོ་བར་བྱེད་དེ་དེ་ལྟར་བསྒོ་བར་བྱེད་དེ། །གང་ལ་བསྒོ་བ་དང་གང་སྲོག་གཅོད་པ་ལ་བསྒོ་བར་བྱེད་པ་ཡང་སྲོག་གཅོད་པ་དང་ལྡན་པར ་འགྱུར་ཞིང། ལས་མཚུངས་པ་དེ་གཉིས་ཀ་སེམས་ཅན་དམྱལ་བ་ཡང་སོས་སུ་འགྲོ་བར་འགྱུར་རོ། །དེ་ལྟར་བརྣབ་སེམས་དང་གནོད་སེམས་ཀྱི་སྐྱོན་གྱིས་ནི་གསོ་དཔྱད་མི་བྱའོ། །སྨན་པ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ། ཆོམ་རྐུན་པོ ་སྡིག་པའི་སྐྱེས་བུ་ལ་ཉེས་པ་གཞན་ཡང་ཡོད་དེ། གང་གི་ཚེ་ནད་ཚབས་ཆེ་བར་གྱུར་པ་དེའི་ཚེ་ནགས་ཀྱི་སྨན་གྱི་ཚོགས་གང་ལྗོན་ཤིང་དང་ལྕུག་མ་དག་ལ་གེལ་པ་རྣམས་ཏེ། དོན་གྱིས་རྒྱུས་སེམས་ཅན་གྱི་ཚོགས་ཀྱི་ཡོངས་སུ་བཟུང་པ། བརྟེན་པ་དང ་བཅས་པ་དང། ནང་སྲིན་བུ་དག་གིས་གང་བ་དེ་དག་རྫས་ཀྱི་ཕྱིར་བརྐོ་བ་འམ། གཅོད་པར་འགྱུར་རོ། །དེས་བརྐོ་བ་ན་ས་ལ་གནས་པའི་སྲོག་ཆགས་དེའི་རྩ་བ་ལ་བརྟེན་པ་རྣམས་གསོད་པར་འགྱུར་ཚད་འཇིག་པར་བྱེད་དོ། །གཅོད་པར་བྱེད་པ་ན་དེས་ནང ་གི་སྲོག་ཆགས་གསོད་པར་བྱེད་ཅིང་དེ་ལ་བརྟེན་པའི་སྲོག་ཆགས་རྣམས་ཀྱང་གསོད་པར་བྱེད་དོ། །གསོ་དཔྱད་བྱེད་པ་ན་ཉེས་པ་གཞན་འདི་ཡང་ཡོད་དེ། དེ་ལྟར་འཚོ་བའི་ཆོས་ཅན། རབ་ཏུ་ཆགས་པའི་ཡིད་ཅན་དེ་ལ་བསམ་གཏན་དང་ཀློག་པ་ལ ་མངོན་པར་དགའ་བའི་སེམས་འབྱུང་བར་ག་ལ་འགྱུར་ཞིང། དེ་ལ་རྗེས་སུ་ཆགས་པའི་ཡིད་ཅན་ཉས་པ་ཆེན་པོ་ཅན་དུ་འགྱུར་རོ། །དེ་ལྟར་ངན་དུ་སེམས་པ་ཅན། སྡིག་པའི་ཆོས་ཅན་དེས་ལྗོངས་འཇོམས་པ་སེམས་པར་བྱེད་དེ། ཇི་ལྟར་གང ་གི་ལྗོངས་ཀྱི་སེམས་ཅན་རྣམས་འཇོམས་པར་འགྱུར་བ་དེའི་ཚེ། བདག་ལ་མཆོད་པ་དང་རྫས་དང་བཟའ་བཏུང་དང་སྟན་དང་མལ་ཆ་དག་གི་རྙེད་པ་དང་བ་ཀུར་སྟི་མང་པོ་འབྱུང་བར་འགྱུར་རོ་སྙམ་དུ་སེམས་པར་འགྱུར། འདོད་པས་བཅོམ ་པའི་བློ་ཅན་དེ་དགེ་བའི་ཆོས་རྣམས་སེམས་པར་མི་འགྱུར། བསམ་གཏན་དང་ཀློག་པའི་རང་བཞིན་དུ་མི་འགྱུར། བླ་མ་བསྟེན་པར་མི་བྱེད། དགེ་བའི་བཤེས་གཉེན་དང་ཕྲད་པ་ཅན་དུ་མི་འགྱུར། སངས་རྒྱས་ལ་ཕྱག་འཚལ་བའི་རང ་བཞིན་ཅན་དུ་མི་འགྱུར་རོ། །ངན་དུ་བྱེད་པ་ཅན་ལུས་ཞིག་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར་རོ། །དེ་དེ་ནས་ཤི་འཕོས་ཏེ་གལ་ཏེ་ལན་གྲངས་གཞན་དུ་མྱོང་བར་འགྱུར་བའི་ལས་བྱས་པས་མིའི་ནང་དུ་སྐྱེ ་བར་འགྱུར་བ་ན། དེ་སྨན་པའི་ལས་ངན་པ་དེའི་རང་བཞིན་གྱིས་རྟག་ཏུ་ནད་ཀྱིས་ཐེབས་པ་དང། ཕོངས་པ་དང། ཚེ་ཐུང་བར་འགྱུར་རོ། །གསོ་དཔྱད་བྱེད་པའི་ཉེས་པ་གཞན་ཡང་སྐྱོན་ཕལ་པ་རླུང་དང། མཁྲིས་པ་དང། པད་ཀན་གསོ་བར ་སླ་བ། ཐོག་མ་མེད་པ་ནས་ཞུགས་པ་མ་ཡིན་པ། དེ་དག་གིས་རིགས་མཐུན་པ་དག་ངན་སོང་དུ་འགྲོ་བ་མ་ཡིན་པ། ལུས་ཞིག་པས་དེ་དག་འཇིགས་པར་འགྱུར་པ། དེ་དག་ནི་སོ་སོའི་སྐྱེ་བོའི་ཐོས་པ་དང་མི་ལྡན་པ ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་གསོ་བར་བྱེད་ཀྱང། གང་གི་དོན་དུ་སྐྲ་དང་ཁ་སྤུ་བཞར་ཞིང་མཆོག་གི་དོན་དུ་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་བ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐོག་མ་མེད་པ་ནས་ཞུགས་པ་ལུས་ལ་གདུང་བ ་དེ་དག་ནི་གསོ་བར་མི་བྱེད་དོ། །གང་དག་གིས་དེ་ལ་གདུད་བར་འགྱུར་བ་དེ་དག་ལུས་ཚིག་པ་ན་འཚིག་པར་མི་འགྱུར་ཞིང་ཞིག་པ་ན་འཇིག་པར་མི་འགྱུར་བར་ཕྱི་བཞིན་དུ་རྗེས་སུ་འབྲེལ་པས་འགྲོ་བ་ལྔ་པོ་དག་ཏུ་འགྲོ་བར་འགྱུར་བ། སྐྱོན་ཆེན་པོ་འདོད་ཆགས ་དང་ཞེ་སྡང་དང་གཏི་མུག་གསུམ་པོ་དེ་དག་དོར་ནས། གཞན་དག་གནོད་པར་བྱེད་པ། སྐྱེས་བུ་ངན་དུ་སེམས་པ། རང་ཉིད་ཀྱི་སེམས་ཡོངས་སུ་སླུ་བ་དེའི་རབ་ཏུ་བྱུང་བ་ནི་དོན་མེད་པར་འགྱུར་རོ། །དཔེར་ན་སྐྱེས་བུ་བློ་དམན་ཞིང་ཉམ་ཆུང་བ། གྲོགས ་མེད་ཅིང་ནོར་མེད་པ་འགའ་ཞིག་དགྲ་སྟོབས་དང་ལྡན་པས་ནོན་པར་གྱུར་ན། དགྲ་དེ་ནོར་གྱི་བཟློག་པར་རམ། དགྲ་ཤིན་ཏུ་སྟོབས་དང་ལྡན་པ་དེ་སྟོབས་ཀྱིས་གསལ་བར་མི་ནུས་ཏེ། དེས་ཟིན་པར་འགྱུར་རོ། །བྱིས་པ་སོ་སོའི་སྐྱེ་བོ་བློ་གྲོས་ངན་པ། ཐོས ་པ་དང་མི་ལྡན་པ། དགྲ་དེ་འཇིགས་པ་ལ་རྩིས་མེད་པར་བྱས་ནས། སྐྱེས་བུ་གཞན་དམན་པའི་དགྲའི་འཇིགས་པས་འཇིགས་པའི་སྟོབས་བྱེད་པར་འགྱུར་བ་ན། དེ་ལྟར་སྐྱེས་བུ་བློ་ཞན་པ། ཤེས་རབ་འཆལ་པ་བག་མེད་པ། བྱ་བ་གཞན་ལ་བག་མེད ་བ་དེ་ལ། དགྲ་འོངས་ནས་འཇོམས་པར་འགྱུར་དེ་བཞིན་དུ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་གང་ཞིག་།རང་གི་དགྲ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟོབས་ཆེ་བ། བརྩོན་པ་སྣ་ཚོགས་པ་ཅན། འཇིག་རྟེན་གཞན་དུ་འབྲང་ཞིང་རྗེས་སུ་གནས ་པ། གཏི་མུག་པ། ལྷན་ཅིག་གནས་པ་དང་ལྡན་པར་འདྲིས་པ། རྣམ་པར་རྟོག་པ་དང་མཉམ་དུ་འཇུག་པ། སྟོབས་ཆེན་པོ་གཞན་གྱི་རྗེས་སུ་གནས་པ་མ་ཡིན་པ་བཟོད་པར་བྱས་ནས། གང་དག་གི་དོན་དུ་རང་གྱི་སྐྱེ་བོ་དང་གྲོགས་པོ་དང་ཆུང་མ་དག ་ཡོངས་སུ་སྤངས་ཏེ་རབ་ཏུ་བྱུང་བ་དོར་ནས། ཇི་ལྟར་བདག་གིས་ཁྱེད་ཅག་གི་རླུང་དང་མཁྲིས་པ་དང་པད་ཀན་གང་དག་ཡིན་པ་དེ་དག་ཞོམ་པར་བྱའོ་ཞེས། ནོར་གྱིས་རྒྱུས་གཞན་དག་ལ་སྟོང་བྱེད་པར་འགྱུར་བ་ན། དེ་ལྟ་བུའི་བློ་ཅན་ཡིད་ལ་ཡོངས་པ་ཅན ་དེ་ལ་འཆི་བདག་རྒྱལ་པོ་མངོན་པར་འོངས་པར་འགྱུར་རོ། །གང་དག་གི་འདོད་པའི་ཐག་པས་བཅིངས་པ། ཤིན་ཏུ་བག་མེད་པ་བྱ་བ་གཞན་ལ་རབ་ཏུ་ཆགས་པ། འདོད་པ་སྟོབས་ཆེན་པོ་ཅན། བློ་གྲོས་གཡེངས་པར་གྱུར་པ་དེ་འཇིག་རྟེན་ཕ་རོལ་ཏུ་ཁྲིད ་པར་བྱེད་པའི་དགྲ་སྟོབས་ཆེ་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་རྗེས་སུ་འབྲང་བར་འགྱུར། དེའི་ཕྱིར་ཉེས་པ་འདི་དག་རིག་ནས་གསོ་དཔྱད་མི་བྱའོ། །གལ་ཏེ་བྱེད་ནའང་གང་ལས་ཕུལ་དུ་བྱུང་བའི་བདེ་བར་འགྱུར་བ་སེམས་གསོ་བའི་གསོད་པྱད ་བྱའོ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། རླུང་སོགས་ཉེས་པར་མི་འགྱུར་ཞིང། །འདོད་ཆགས་ལ་སོགས་སྐྱོན་དུ་འདོད། །རླུང་ལ་སོགས་པ་མི་རྣམས་ནི། །ངན་འགྲོ་དག་ཏུ་ལྟུང་མི་འགྱུར། །སེམས་སྐྱོན ་ཉེས་པ་ཆེན་པོ་སྟེ། རྟག་ཏུ་ངན་འགྲོ་སྟོན་པར་བྱེད། །དེ་ཕྱིར་དེ་དག་ཞི་བ་དགེ། རླུང་སོགས་ཞི་བས་འདིར་མ་ཡིན། །རང་གི་བྱ་བ་ཡོངས་བཏང་ནས། །གང་ཞིག་གཞན་ལ་བྱ་ལ་འཇུག། དེ་ནི་མྱུར་བར་འཆི་འགྱུར་ཞིང། །མཁས་པ་རྣམས་ཀྱིས་བསྟིང་བར ་འགྱུར། །ལུས་ཞིག་པ་ལས་ལུས་ཅན་གྱི། །རླུང་ལ་སོགས་པ་འཇིགས་འགྱུར་ཞིང། །ཚེ་རབས་སྟོང་ཕྲག་དག་ཏུ་ཡང། །འདོད་ཆགས་ལ་སོགས་ཞི་མི་འགྱུར། །དེ་ཕྱིར་འདོད་ཆགས་ཞི་བ་དགེ་།རླུང་སོགས་ཞི་བས་འདིར་མ་ཡིན། །འདོད་ཆགས་ཡང་དག་ཞི ་བ་ལས། །གཏན་དུ་བ་ཡིས་དགེ་བ་ཐོབ། །གང་ཞིག་སེམས་ཅན་གསོ་སྨན་པ། །ཡིན་གྱི་ལུས་གེས་སོ་སྨན་པ་ཡིན། །ཡིད་གསོ་བ་ནི་ཤིས་དཀའ་ཡིས། །འཇིག་རྟེན་པའི་ཤིས་དེ་ལྟར་མིན། །དེ་ལྟར་བཅོམ་ལྡན ་འདས་འོད་སྲུངས་ཀྱིས་རྒྱུ་འདིས་རབ་ཏུ་བྱུང་བས་གསོ་དཔྱད་མི་བྱའོ་ཞེས་གསུངས་སོ། །གསོ་དཔྱད་བྱེད་པ་ནི་སེམས་ཅན་དམྱལ་བ་དང་མཐུན་པའི་སྐྱོན་ལ་འཇུག་པ། གསོ་དཔྱད་ཀྱི་ཉེས་པ་གཞན་ཡང་འདི་ལྟ་སྟེ། འདོད་པས་ཟིལ་གྱིས་ནོན་པར ་འགྱུར། །ཟླར་གྱུར་པའི་སྨན་པ་ལ་བརྟེན་ནས་ང་རྒྱལ་བྱེད་པར་འགྱུར། །ཟླར་གྱུར་པའི་སྨན་པ་དེ་ལ་སྨོད་པར་འགྱུར་ཞིང། འཚོ་བ་འཇོམས་པར་འགྱུར། དེ་ཡི་དྭགས་ཀྱི་རྒྱུ་ལ་འཇུག་པར་འགྱུར། དེ་ལྟ་བུའི་དྲི་མས་ཟིལ་གྱིས་མནན་པ་སེམས ་སྟོབས་དང་ལྡན་པ་དེའི་གཏི་མུག་སྟོབས་ཆེ་བར་འགྱུར། གཏི་མུག་གིས་ཟིལ་གྱིས་མནན་པ་དེ་བུད་མེད་མངོན་པར་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བསྐུལ་བར་འགྱུར། བློ་གྲོས་རྨོངས་པ་དེ་བུད་མེད་མངོན་པར་མཐོང ་ནས་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པར་འགྱུར། རླུང་ལ་སོགས་པ་སྐྱོན་གཞན་གསོ་བ་ན་དེ་ཉིད་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་འགྲོ་བའི་རྒྱུར་གྱུར་པ་འདོད་ཆགས་ལ་སོགས་པའི་སྐྱོན་སྟོབས་ཆེ་བ་དང་ལྡན་པར་འགྱུར་རོ། །དེ་དག་གི་ཟིལ ་གྱིས་གནོན་ཅིང་ལྟ་བ་ངན་པས་ཟིལ་གྱིས་མནན་པའི་སྨན་པ་ངན་པ་དེ་ཉིད་ཉེས་པ་ཆེན་པོ་དེས་བཅིངས་ནས་སེམས་ཅན་དམྱལ་བར་འཁྲིད་པར་འགྱུར་རོ། །དེའི་ཕྱིར་རབ་ཏུ་བྱུང་བས་རྣམས་པ་ཀུན་གྱིས་རྟག་ཏུ་འདོད་ཆགས་ལ་སོགས་པ་ཞི་བ་ལ ་རབ་ཏུ་འབད་པར་བྱའི། རླུང་ལ་སོགས་པ་ནི་མ་ཡིན་ནོ། །གཞན་ཡང་བསམ་གཏན་དང་ཀློག་པ་ལ་གེགས་བྱེད་པའི་ཆོས་གཉིས་པ་འདི་ནི། དགེ་སྦྱོང་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པས་མི་བྱའོ་ཞེས་གསུངས་སོ། །དགེ་སློང་རྣམས ་ཀྱི་རྒྱུ་སྐར་རྟོག་པ་སྤང་བ་ལ་དགོངས་པ་བསྟན་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང། ལྔ་པ་འདི་དགེ་སྦྱོང་གི་བསམ་གཏན་དང་ཀློག་པའི་བར་ཆད་བྱེད་པ་ཡིན་ཏེ། དེ་གང་ཞེ་ན། འདི་ལྟ་སྟེ། དགེ་སྦྱོད་ངམ་དགེ་སྦྱོང་དུ་ཁས ་འཆེ་བརྒྱུ་སྐར་བརྩི་བ་དང་སེམས་པའོ། །གནས་སྐབས་ཐམས་ཅད་དུ་རྒྱུ་སྐར་གྱི་རྩིས་དང། སེམས་པ་མི་བྱ་སྟེ་དེ་ནི་སྨད་པའོ། །དགེ་སྦྱོང་གི་ཆོས་བསམ་གཏན་དང་ཀློག་པའི་བར་ཆད་བྱེད་པར་འགྱུར་རོ། །དེ་དག་སེམས་པ་ན་བསོད་ནམས་དང ་ཚེའི་འདུ་བྱེད་ནུབ་པར་འགྱུར་རོ། །དགེ་བ་འཐོབ་པར་མི་འགྱུར་རོ། །ཚེ་ཟད་པ་བྱ་བ་མ་བྱས་པ་དེ་ན་བ་དང། རྒ་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། ཉེ་བར་འཚེ་བ་ལས་གྲོལ་བར་མི་འགྱུར་རོ ་དེ་དུས་རིང་པོར་འཁོར་བར་ཡོངས་སུ་འཁྱམ་པར་འགྱུར་རོ། །དེ་ལ་རྒྱུ་སྐར་གྱི་ཅུང་ཟད་ཀྱང་བྱེད་པར་མི་འགྱུར་ཞིང། རྒྱུ་སྐར་ནི་བདག་དང་གཞན་ལ་སྐྱོབ་པ་པོར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཉིད་སྐྱོབ་པ་པོ་ཡིན་གྱི་རྒྱུ་སྐར་ནི་སྐྱོབ་པ་པོ་མ་ཡིན་ནོ། །དེ་ཅིའི ་ཕྱིར་ཞེ་ན། རྒྱུ་སྐར་གཅིག་ཉིད་ལ་སྐྱེས་བུ་སྐྱིད་པ་དང། སྡུག་པ་དང། རིགས་དང་ལྡན་པ་དང། རིགས་ངན་པ་དང། ཆོས་དང་ལྡན་པ་དང། ཆོས་དང་མི་ལྡན་པ་དང། འཕྱུག་པ་དང། ཕོངས་པ་དང། རྒྱལ་པོ་དང་ཆོམ་རྐུན་དང། མཁས་པ ་དང་རྨོངས་པ་དང། ཚུལ་ཁྲིམས་དང་ལྡན་པ་དང། ཚུལ་ཁྲིམས་འཆལ་པ་དང། བརྩོན་འགྲུས་བརྩམས་པ་དང་སྙོམས་ལས་ཅན་དང། འཇིག་རྟེན་པ་དགའ་བ་དང་འཇིག་རྟེན་པ་མི་དགའ་བ་དང། དེ་ལ་སོགས་པ་གཞན་ཡང་སྐྱེ་བར་འགྱུར་རོ། །གལ་ཏེ ་རྒྱུ་སྐར་སྒྱུ་ཡིན་པར་འགྱུར་ན་ནི། ཇི་སྐད་བཤད་པའི་སྐྱེས་བུ་དེ་དག་ཐམས་ཅད་མཚུངས་པར་འགྱུར་རོ། །དེ་དག་མ་ལས་སྐྱེ་བའི་སྐར་མ་གཅིག་ཡིན་ནོ། །རང་གི་ཡོན་ཏན་དང་སྐྱོན་མངོན་པར་མི་ཤེས་པ་ཐོག་མར་དགེ་བ་དང་མི་དགེ་བའི་འབྲས་བུ ་ཅན་གྱི་རྒྱུ་སྐར་དག་མི་བརྩི་ཞིང། སྐར་མར་གཏོགས་བར་རྒྱུ་སྐར?་བརྩི་བར་འགྱུར་རོ། །གཞན་ཡང་རྒྱུ་སྐར་བརྩི་བ་དང་སེམས་པ་དག་མཛེས་པ་དང་དགེ་བར་མི་འགྱུར་ཏེ། འདི་ལྟ་སྟེ་རྒྱུ་སྐར་གཅིག་ཉིད་ལ་མི ་དང་དུད་འགྲོ་དང་ཡི་དགས་རྣམས་སྐྱེ་བ་དང། རྒྱུ་སྐར་གྱི་མཐུས་མཚུངས་པར་མི་འགྱུར་རོ། །རྣམ་པ་འདིས་རྒྱུ་སྐར་སེམས་པ་ནི་མི་དགེ་ལ། ལས་སེམས་པ་ནི་དགེ་ཞིང་དེ་སེམས་པ་མྱ་ངན་ལས་འདའ་བར་བྱེད་པར་འགྱུར་རོ། །གཞན་ཡང ་རྒྱུ་སྐར་སེམས་པ་མི་དགེ་བར་འགྱུར་བ་འདི་ལྟ་སྟེ། རྒྱུ་སྐར་སྟོབས་དང་ལྡན་པ་ཕན་ཚུན་བཟུང་བ་ན་འཕེལ་བར་འགྱུར། ཟིལ་གྱིས་གནོན་པར་འགྱུར་རོ། །རྒྱུ་སྐར་གྱི?་རྒྱུ་སྐར་ཟིལ་གྱིས་གནོན་པར་འགྱུར་ཞིང། དུས་གཞན་དུ་སླར་ཡང ་རྒྱུ་སྐར་དེ་ཉིད་ཟིལ་གྱིས་གནོན་པར་འགྱུར་རོ། །དེའི་ཕྱིར་རྒྱུ་སྐར་སེམས་པ་ནི་དགེ་བ་དང་མཛེས་པར་མི་འགྱུར་རོ། །ཇི་ལྟར་གང་དག་བདེ་བ་དང་སྡུག་བསྔལ་རྒྱུ་སྐར་ལ་རག་ལས་པར་བརྩི་བ་དང། སེམས་པ་དེ་དག་གི་སེམས་པ་ནི་དགེ་བ་དང ་མཇེས་པར་མི་འགྱུར། གང་དག་བདག་ཉིད་ཀྱི་བདེ་བ་དང་སྡུག་བསྔལ་བ་ལ་ནུས་པ་མེད་པ་དེ་དག་གིས་ཇི་ལྟར་ན་གཞན་བདེ་བ་དང་སྡུག་བསྔལ་བ་བྱེད་པར་འགྱུར། དེའི་ཕྱིར་དགེ་བ་དང་མི་དགེ་བའི་འབྲས་བུ་ནི་ལས་ཁོ་ནའི་ཡིན་གྱི་རྒྱུ་སྐར ་རྣམས་ཀྱི་ནི་མ་ཡིན་ནོ། །གཟའ་རྣམས་ཀྱང་གཟའ་རྣམས་ཀྱི་འཁྲུགས་པར་འགྱུར་བ་དེའི་ཚེ། དེ་དག་ཀྱང་གཟིར་བར་འགྱུར་ཏེ། དཔེར་ན་ཟླ་བ་གཟའ་སྦྲ་གཅན་གྱིས་བཟུང་བས་གཟིར་བར་འགྱུར་བ་བཞིན་ནོ། །དེ་བས་ན་གང་དག་བདག་ལ ་ནུས་པ་མེད་པ་དེ་དག་ཇི་ལྟར་གཞན་ལ་ནུས་པར་འགྱུར། དེའི་ཕྱིར་དགེ་སྦྱོང་དམ་དགེ་སྦྱོང་དུ་ཁས་འཆེ་བས་རྒྱུ་སྐར་བསམ་བར་མི་བྱའོ། །གཟའ་ནི་གསུམ་པོ་འདི་དག་གོ་།འདི་ལྟ་སྟེ་ན་བ་དང་རྒ་བ་དང་འཆི་བའོ། །གང་དག་རྟག་ཏུ་གནས་པ་གསུམ་པོ ་འདི་དག་ནི་གཟའ་ཆེན་པོ་སྟེ། འཇིག་རྟེན་ལ་སྣ་ཚོགས་པར་སེམས་པར་བྱེད་དོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ། བློ་གྲོས་མེད་པ། ཐོས་པ་དང་མི་ལྡན་པ། བྱིས་པ་གཟའ་གཞན་དག་སེམས་པར་བྱེད་ཅིང། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཇིག་རྟེན་པ། སྐྱོན་དང་བཅས་པ་སེམས་པར་བྱེད་པ་དེ་ནི། གང་བསམས་ཏེ་ཡང་དག་པར་སོ་སོར་བརྟགས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བ། འཇིག་རྟེན་ལས་འདས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སེམས་པར་མི་བྱེད་དོ། །དེ ་དག་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དག་གོ་།དེ་དག་འདོད་ཆགས་དང་བྲལ་བ་དང་གསལ་བ་དང། བསྔམས་པ་དང། དུལ་བས་ཡང་དག་པ་ཉིད་དུ་བསམས་ནས་མྱ་ངན་ལས་འདའ་བར་འགྱུར ་གྱི། དགེ་སློང་རྒྱུ་སྐར་བསམས་པས་ནི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་ནི་གང་དག་བརྩིས་པས་དོན་དུ་མི་འགྱུར་ཞིང། འཁོར་བ་ནས་མྱ་ངན་ལས་འདའ་བར་མི་འགྱུར་བ། རིམ་གྱི་ཟླ་བ་བཅུ ་གཉིས་བརྩི་བར་བྱེད་ཀྱི། ཡང་དག་པར་སྡོམ་པ་དང། ཡང་དག་པའི་དོན་ཤེས་པ་དང། འདོད་ཆགས་དང་བྲལ་བས་གང་དག་མྱ་ངན་ལས་འདའ་བར་འགྱུར་བ་སྐྱེ་མཆེད་བཅུ་གཉིས་བགྲང་བར་མི་བྱེད་དོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་དེ ་དག་མ་བརྩིས་པར་གཞན་གྱི་བྱ་བ་ཀུན་ནས་ཉོན་མོངས་པ་ཅན་སེམས་པར་བྱེད་དོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་ངན་དུ་སེམས་པ་ནི་གང་དག་བསམས་པས། ན་བ་དང་རྒ་བ་དང་འཆི་བ་དག་ལས་གྲོལ་བར་མི་འགྱུར་བ། འཇིག ་རྟེན་པ་ཀུན་ནས་ཉོན་མོངས་པ་ཅན། ཉེ་བར་འཚེ་བ་བཅས་པའི་དུས་དྲུག་རིམ་གྱིས་འཚེ་བར་བྱེད་ཀྱི། གང་དག་བསམས་ཏེ་ཡང་དག་པར་སོ་སོར་བརྟགས་ནས་དེ་དག་ལས་བྲལ་བ་ལས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ། ལུས་ལ་སུམ་ཅུ་རྩ་དྲུག ་པོ་སེམས་པར་བྱེད་དོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་དུས་ཀྱི་བྱས་པའི་དུས་སྦྱོར་འཇིག་རྟེན་པ་ཇི་ལྟར་དུས་སྦྱོར་ཆེ་གེ་མོ་ནི་བཟང་ངོ། །ཆེ་གེ་མོ་ནི་མི་བཟང་ངོ། །དུས་འདིང་དུས་སྦྱོར་འདི་འབྱུང་བར ་འགྱུར་རོ། །དུས་འདིར་འབྱུང་བར་མི་འགྱུར་རོ་ཞེས་སེམས་པར་འགྱུར་ཞིང། དེ་ལྟ་བུའི་ངོ་བོའི་བསམ་པ་གང་ཞིག་དགེ་བར་བྱེད་པ་མ་ཡིན་པ་དང་བདེ་བར་བྱེད་པ་མ་ཡིན་པ་དང། མྱ་ངན་ལས་འདའ་བར་བྱེད་པ་མ་ཡིན་པ་དང། མྱ་ངན་ལས་འདའ་ ་བའི་མཐར་ཐུག་པར་བྱེད་པ་མ་ཡིན་བ་སེམས་པར་བྱེད་ཀྱི། སེམས་ཀྱི་མཚན་ཉིད་དམིགས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དུས་སྦྱོར་སེམས་པ་ཇི་ལྟ་བ་བཞིན་དུ་དམིགས་པ་དགེ་བ་སེམས་ཀྱི་དུས་སྦྱོར་ཆེ་གེ་མོ་སྐྱེས་པ་དེ་ནི ་བཟང་བི་སྟེ། བདག་བདེ་འགྲོར་འགྲོ་བར་བྱེད་པ་འམ། མྱ་ངན་ལས་འདའ་བར་འགྲོ་བར་བྱེད་པར་འགྱུར་རོ། །བདག་ལ་དམིགས་པ་མི་དགེ་བའི་སེམས་མི་དགེ་བ་ཀུན་ནས་ཉོན་མོངས་པ་ཅན། ཆེ་གེ་མོ་སྐྱེས་པ་དེ་བདག་ལ་བདེ་བར་བྱེད་པ་མ་ཡིན ་དགེ་བར་བྱེད་པ་མ་ཡིན། བདེ་འགྲོར་འགྲོ་བར་བྱེད་པ་མ་ཡིན་པ་འབྱུང་བར་འགྱུར་རོ། །དམིགས་པ་ལུང་དུ་མ་བསྟན་བའི་སེམས་ཆེ་གེ་མོ་སྐྱེས་པ་དེའི་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་སེམས་པར་མི་བྱེད་དོ། །གཞན་ཡང་དགེ་སྦྱོང ་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་དེ་འཇིག་རྟེན་པའི་ལམ་གྱི་དམིགས་པ་དུས་སྐད་ཅིག་དང་ཐད་ཅིག་དང་ཡུད་ཙམ་དང་ཉིན་མོ་དང་ཟླ་བ་དང། ཟླ་བ་ཕྱེད་དང་ལྡན་པར་སེམས་པར་བྱེད་ཀྱི། ཇི་ལྟར་བདག་གི་ཚེའི་འདུ་བྱེད་སྐད་ཅིག་མ་སྐད་ཅིག་དང ་ཐང་ཅིག་དང། ཡུད་ཙམ་དང། ཉིན་མོ་དང། ཟླ་བ་དང། ཟླ་བ་ཕྱེད་དུ་སྡོད་པ་མཛད་ཅིང། འཆི་བའི་དུས་སྟོབས་ཆེ་བ། ཕྱིར་བཅོས་སུ་མེད་པའོ་ངོ་ཞེས། དགེ་བ་དང་མི་དགེ་བའི་འབྲས་བུ་ཅན། མི་དང་མི་མ་ཡིན་པའི་ཚེའི་འདུ་བྱེད་ཟད་པའི ་དུས་ནི་སེམས་པར་མི་བྱེད་དོ། །གཞན་ཡང་འཇིག་རྟེན་པའི་ཚུལ་ཀུན་ནས་ཉོན་མོངས་པ་ཅན་གྱི་རྒྱུ་སྐར་སེམས་པ། བསམ་གཏན་དང་ཀློག་པ་ལ་བར་དུ་གཅོད་པ་སེམས་པར་བྱེད། སྒོམ་པར་བྱེད། ལན་མང་དུ་བྱེད། རབ་ཏུ་སྒོམ་པར ་བྱེད། འཇོག་པར་བྱེད། ཇི་ལྟ་བ་བཞིན་རྒྱུ་སྐར་ཆེ་གེ་མོ་ཞེས་བྱ་བ། གཟའ་ཆེ་གེ་མོ་ཞེས་བྱ་བས་བཟུང་ཞིང། འཚེ་བར་བྱེད་དོ་ཞེས་གཞན་དག་ལ་འདོམ་པར་བྱེད་དོ། །སྐྱེ་བོ་ངན་པ་དེ་ལྟར་སེམས་པའི་བསམ་པ་དེ་ནི། ན་བ་དང་མྱ་ངན་དང ་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་སྒྲོལ་བར་བྱེད་པར་མི་འགྱུར་རོ། །འཁོར་བ་དང་མྱ་ངན་ལས་འདའ་བ་ནི། ཇི་ལྟ་བ་བཞིན་རྒྱུ་སྐར་ལྟ་བུའི་ཆོས་གཞན་དག་གཟའ་ལྟ་བུའི་ཆོས་རྣམས་ཀྱི་ཟིལ་གྱིས་གནོན་པ ་ནི་འདི་ལྟ་སྟེ། སྐྱེ་བའི་རྒྱུ་སྐར་ནི་འཆི་བའི་གཟའ་ཉེ་བར་འཚེའོ། །ལྷའི་འཇིག་རྟེན་གྱི་རྒྱུ་སྐར་ནི་འཆི་འཕོ་བའི་གཟས་ཉེ་བར་འཚེའོ། །ཕུན་སུམ་ཚོགས་པའི་རྒྱུ་སྐར་ནི་རྒུད་པའི་གཟས་ཉེ་བར་འཚེའོ། །མཛའ་བོ་དང་འདུ་པའི་རྒྱུ་སྐར་ནི་མཛའ་ ་པོ་དང་བྲལ་བའི་གཟས་ཉེ་བར་འཚེའོ། །མི་སྐྱེ་བའི་རྒྱུ་སྐར་ནི་ཡོངས་སུ་འཚོལ་བའི་གཟས་ཉེ་བར་འཚེའོ། །ཚོར་བ་བདེ་བའི་རྒྱུ་སྐར་ནི་ཚོར་བ་སྡུག་བསྔལ་གྱི་གཟས་ཉེ་བར་འཚེའོ། །དགེ་བའི་སེམས་སྐྱེད་པའི་རྒྱུ་སྐར་ནི་མི་དགེ་བའི་སེམས ་སྐྱེས་པའི་གཟས་ཉེ་བར་འཚེའོ། །མི་སྡུག་པའི་རྒྱུ་སྐར་ནི་འདོད་ཆགས་ཀྱི་གཟས་ཉེ་བར་འཚེའོ། །བྱམས་པའི་རྒྱུ་སྐར་ནི་ཞེ་སྡང་གི་གཟས་ཉེ་བར་འཚེའོ། །ཡེ་ཤེས་ཀྱི་རྒྱུ་སྐར་ནི་གཏི་མུག་གི་གཟས་ཉེ་བར་འཚེའོ་ཞེས་དེ་ལྟར་སེམས་པར་བྱེད་དོ། ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་རང་གི་སེམས་པ་འཇིག་རྟེན་ལས་འདས་པ་སེམས་པར་མི་བྱེད་ཀྱི། གཞན་གྱི་སེམས་པ་སེམས་པར་བྱེད་དོ། །ཇི་སྐད་བཤད་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བསམས་ཏེ། སྔར་བཞིན ་ཡང་དག་པ་ཉིད་དུ་སོ་སོར་བརྟགས་ནས་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པས་ཡང་དག་པ་ཇི་སྐད་བསྟན་པའི་གཟའ་རྣམས་ལ་སྔ་མ་བཞིན་དུ་གཟའ་བསམ་པ་བསྒོམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི ་བའི་ལམ་ཡན་ལག་བརྒྱད་ཀྱི་སོ་སོར་བརྟགས་ནས་གཟའ་དང་རྒྱུ་སྐར་སེམས་པ་ནི། མྱ་ངན་ལས་འདའ་བའ་ཨི་ཕྱིར་དང་བདེ་བའི་ཕྱིར་དང་ཞི་བའི་ཕྱིར་འབྲས་བུ་དང་བཅས་པར་འགྱུར་གྱི། གཟའ་ཐ་མལ་པ་འཇིག་རྟེན་པ་དེ་དག་དང་རྒྱུ་སྐར ་བསམས་ནས་ནི་མ་ཡིན་ནོ། །སེམས་པ་ནི་སྐྱེས་བུ་བརྒྱ་ཕྲག་སྟོང་བརླག་པར་གྱུར་ཅིང། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོར་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་པ་འཁོར་བ་འགྲུབ་པར་བྱེད་པ་དེ་དག་ནི་འདོད་ཆགས ་དང་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་བརྒྱ་སྟོང་ཕྲག་གང་དག་གིས་འཇིག་རྟེན་ལས་འདས་པའི་ལམ་དང་དུས་བསྒོམས་པས། གཟའ་དང་རྒྱུ་སྐར་དེ་དག་བསམས་ཏེ། ཡང་དག་པ་ཇི་ལྟ་བར་སོ་སོར་བརྟག ་ནས་།རྒ་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་བྲལ་བའི་གོ་འཕང་འཐོབ་པར་འགྱུར་བ། རྟག་པ་རྒ་བ་མེད་པ། འཆི་བ་མེད་པ། ཟག་པ་མེད་པའི་གོ་འཕང་མྱ་ངན ་ལས་འདས་པ་འདི་ལ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་གདོན་མི་ཟ་བར་བརླབ་པར་བྱའོ། །སྡུག་བསྔལ་མི་འདོད་པས་འཁོར་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རྒྱུ་སྐར་སེམས་པ་དང་ལུས་སེམས་པ་བསྒོམས་པར་བྱའོ། །ཇི་སྐད་བཤད ་པའི་ཐ་མལ་པ་ཀུན་ནས་ཉོན་མོངས་པ་ཅན་ནི་མ་ཡིན་ནོ། །གང་ཞིག་ཤེས་ཀྱང་གཏན་དུ་བའི་བདེ་བ་བྱེད་པར་མི་འགྱུར། དགེ་བར་མི་འགྱུར། མྱ་ངན་ལས་འདས་པའི་མཐར་ཐུག་པར་བྱེད་པར་མི་འགྱུར་གྱི། དགེ་སློང་གི་བསམ་གཏན་དང ་ཀློག་པའི་གེགས་བྱེད་པར་འབའ་ཞིག་ཏུ་འགྱུར་རོ། །དེ་ལྟར་ན་དགེ་སློང་རྒྱུ་སྐར་སེམས་པ་དང་བརྩི་བ་ནི་སྨད་པར་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའ་ཅན་གྱི་མདོ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཅད་མི་སྨྲ་ཞིག ་རིག་པའི་གནས་བཅུ་གཉིས་པོ་དེ་མ་ལུས་པར་འཇིག་རྟེན་ན་དར་བར་འགྱུར་བ་ནི་མེད་དོ། །དེའི་ཚེ་གང་ཚངས་པ་དང། གང་བརྒྱ་བྱིན་དང། གང་ལྷ་དང་དྲང་སྲོང་རྣམས་ཀྱིས་བསྟན་པ་དེ་རབ་ཏུ་བྱུང་བ་རྣམས་ལ་རྗེས་སུ་མཐུན་པར་བསྟེན་པར་ཅིའི་ཕྱིར་མི་འགྱུར་ཞེ་ན ་གང་དུ་འདུས་ནས་གསོང་པ་དང། ཡན་ལག་དང་ཉིད་ལག་གཅོད་པ་དང་གྲོང་ཁྱེར་འཇིག་པ་དང། ནོར་འཇིག་པ་དང། གྲོགས་པོ་འབྱེད་པ་དང། གཡོག་འཁོར་འབྱེད་པ་དང། གྲོང་འཇིག་པ་དང། ཁྱིམ་འཇིག་པ་དང། སྲོག་གཅོད་པ་ལ་བརྩོན་པ་དང། ་ལོག་པར་ལྟ་བའི་བར་ལ་བརྩོན་པ་ཡོད་པའི་གཏམ་ནི་རབ་ཏུ་བྱུང་བ་ལ་རྗེས་སུ་མཐུན་པར་བརྗོད་པར་མི་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་ཏོག་གི་མདོ་ལས་ཀྱང། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་ཆགས་འདུག་པ། །དེ་ནི་བྱིས་པའི་རྨོངས་པ ་སྟེ། སེམས་ལ་གནས་ཤིང་རིམས་ནད་བཅས། །ཁྱི་དང་སྦྲུལ་དང་རུས་སྦལ་དང། །སྲོག་ཆགས་གཞན་ཡང་རྣམ་མང་པོ། །སྐར་མ་རྒྱལ་ལ་གང་སྐྱེས་པ། །དེ་དག་བདེ་ལ་བརྟེན་མ་ཡིན། །ཇི་ལྟར་བསམ་གཏན་རྫུ་འཕྲུལ་དང། །ཐར་པ་ཁྱོད་ཀྱིས་རྙེད ་པ་བཞིན། །ང་ཡང་ཐམས་ཅད་གཟིགས་པ་ན། །ཅི་ཕྱིར་ང་ལ་ཁྱོད་མི་འདྲི། ཞེས་གསུངས་སོ། །སྟག་སྣའི?་མདོ་ལས་ཀྱང། །བྲམ་ཟེ་བདེ་འགྲོར་འགྲོ་བ་ནི། །གལ་ཏེ་སྔགས་ཀྱི་འཐོབ་འགྱུར་ན། །གནག་དང་དཀར་བའི་ལས་རྣམས་ནི། །འདི་ནི་འབྲས་བུ ་མེད་པར་འགྱུར། །གང་ཕྱིར་དཀར་དང་གནག་པ་དང། །འབྲས་བུར་བཅས་པ་འགྲོ་བ་ལྟར། །སྨིན་པར་སྣང་བ་དེ་ཡི་ཕྱིར། །གྲགས་པ་ཆེན་པོ་ཚར་གཅོད་མིན་ཞེས་གསུངས་སོ། །རྒྱལ་པོ་ལ་བརྟེན་པ་སྨད་པ་ལ་དགོངས་པ་བསྟན་པ། དམ་པའི ་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང། གཞན་ཡང་པས་མ་གཏན་དང་ཀློག་པ་ལ་བར་ཆད་བྱེད་པའི་ཆོས་དགུ་པོ་ཡོངས་སུ་སྤང་བར་བྱའོ། །དེ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ལ་བཞིན?་པའོ། །དགེ་སྦྱོད་གིས ་རྒྱལ་པོ་ལ་བརྟེན་པ་ནི་གནས་སྐབས་ཐམས་ཅད་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ལ་བརྟེན་པ་ནི་ཡུལ་འཁོར་བ་ཐམས་ཅད་ཀྱི་མཆོད་པར་མི་འགྱུར་རོ། །དགེ་སྦྱོང་རྒྱལ་པོ་ལ་བརྟེན་པ་དང་ལྡན་པ་དེ། ནོང་གྱིས་ཚོཊ་སམ་གྲོང་ཁྱེར་ངམ ་གྲོང་ངམ་རི་བྲག་གམ། དེ་ལྟ་བུའི་རྣམ་པ་གཞན་ཅི་ཞིག་སློང་བར་བྱེད། གལ་ཏེ་དགེ་སློང་དེ་སློང་བར་བྱེད་ན་འདོད་བ་མང་བར་འགྱུར་རོ། །ཡང་ན་མི་སློང?་ན་དེ་དོན་མེད་པ་ལ་ཉོན་མོངས་པ་ལ་སྤྱོད་པར་འགྱུར་བ་དང། བསམ་གཏན་དང་ཀློག་པ ་ལས་ཉམས་པར་འགྱུར་རོ། །དེ་ཐར་པའི་ལམ་ལ་གནས་པ་ན་འཆིང་བའི་ལམ་དུ་འགྲོ་བར་འགྱུར་རོ། །དེ་ལྟར་ན་དགེ་སློང་གིས་རྒྱལ་པོ་ལ་བརྟེན་པར་མི་བྱའོ། །དེ་ལ་བརྟེན་པ་ནི་འགྲོགས་པའོ། །མི་བརྟེན་པ་ནི་ཡོངས་སུ་སྤང་བ་སྟེ། སུ་ཞིག་ལ་བྱ། འདི་ལྟ་སྟེ ་དཔེར་ན་སྡིག་པའི་གྲོགས་པོ་དང། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་འདོད་པའི་ཡོན་ཏན་ལྔ་པོ་ཀུན་ནས་ཉོན་མོངས་པ་ཅན་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། རྨུགས་པ་དང་གཉིད་དང། བས་མཛའ་ཨི་གྲོང་ན་གནས་པ ་བརྟེན་པར་མི་བྱའོ། །ལེ་ལོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚུལ་འཆོས་ཅན་དང་འགྲོགས་པར་མི་བྱའོ། །ཞིམ་ལྟོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚོང་པ་དང་ལྷན་ཅིག་འདྲི་སྨེད་ཀྱང་མི་བྱའོ། །ཟོལ་གྱིས་འཚོ་བ་རྣམས་དང་མ ་ཡིན། རང་བཞིན་གྱིས་དྲི་མ་ཅན་དང་མ་ཡིན། ལྟ་བ་ལོག་པ་དང་མ་ཡིན། འགྱུར་བག་ཅན་དང། ང་རྒྱལ་ཅན་དང་མ་ཡིན། ཁེངས་པ་དང་མ་ཡིན། ལྷུང་བར་གྱུར་ནས་ལངས་པ་དང་མ་ཡིན། རྒྱལ་པོས་འཚོ་བ་དང་མ་ཡིན། ཆད་ཁད་པ་དང་མ ་ཡིན། ཆང་འཚོང་དང་མ་ཡིན། འཐབ་ཀྲོལ་ཅན་དང་མ་ཡིན། བུད་མེད་ལ་དད་ཆེ་བ་དང་མ་ཡིན། ཚོད་གི་ཉེ་བར་འཚོ་བ་དང་མ་ཡིན། སྡང་མིག་ཅན་དང་མ་ཡིན། སྐྱེས་བུ་བྱ་མ་རྟ་དང་མ་ཡིན་བྱ་བ་དང་མ་ཡིན། སྤྲོས་པ་ཅན་རྣམས་དང་མ་ཡིན། མུ་སྟེགས་ཅན ་ཞུགས་པ་དང་མ་ཡིན། སྐྱེ་བོ་ཐམས་ཅད་དང་ཞེ་འདྲས་པ་རྣམས་དང་མ་ཡིན་ཏེ། ལྷན་ཅིག་ཏུ་འགྲོགས་པ་དང་ངག་རྗོད་པའང་ལམ་དུ་འགྲགས་པ་ཡང་དགེ་སློང་གིས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞན་གྱི་སྐྱོན་རྣམ་པར་དག་པའི ་སྐྱེས་བུ་འམ་རབ་ཏུ་བྱུང་བ་ལ་སྐྱེ་བོ་མང་པོ་དག་ཇི་ལྟར་གང་ཞིག་དེ་ལ་བརྟེན་པ་འམ་འགྲོགས་པར་བྱེད་པ་ནི། ངེས་པར་དེ་ལྟ་བུའི་དང་ཚུལ་ཅན་དུ་འགྱུར་རོ་ཞེས་སེམས་པར་བྱེད་དོ། །དེ་གཞན་གྱི་སྐྱོན་ངེས་གོས་པར་འགྱུར་རོ། །དེའི་ཕྱིར་དེ་དག་ལ ་བརྟེན་པར་མི་བྱའོ། །ཁྱོད་ལ་རྒྱལ་པོ་ལ་བརྟེན་པས་ཅི་ཞིག་བྱ་སྟེ། དེ་ནི་རྣམ་པ་ཐམས་ཅད་དུ་སྨད་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། དགེ་སློང་ནགས་ན་གནས་པ་ཡིས། །རྒྱལ་པོ་བརྟེན ་པ་སྣད་པར་འགྱུར། །ངུར་སྨྲིག་གང་ན་བརྟེན་པ་འདིའི། །གཡོགས་བཞིན་ལགས་ཀྱིས་འཚོ་གང་ནི། །གང་ཞིག་ལྷས་ཀྱང་བརྟེན་བྱ་བའི། །དགེ་སློང་གིས་བསྟེན་འོས་མིན་ཏེ། །གཙང་སྦྲ་སྟེན་བྱེད་དང་པ་ནི། །རོ་དང་འགྲོགས་པར་འོས་མ་ཡིན། ་ལུས་ངན་ང་ཡིར་འཛིན་མེད་ཅིང། །རེ་བ་མེད་པར་སྤྲོས་མེད་པ། ཨོ།འཁོར་བའི་འཇིགས་པས་འཇིགས་མེད་པས། །རྒྱལ་པོ་བརྟེན་པ་མཛེས་མ་ཡིན། །ནགས་དང་དགོན་པ་དུར་ཁྲོད་དང། །ལྟེང་ཀ་རི་ཡི་ས་ཕྱོགས་ན། །གནས་པའི་དགེ་སློང་རབ ་མཛེས་ཀྱིས། །རྒྱལ་པོའི་ཁབ་བསྟེན་མ་ཡིན་ནོ། །དེ་ལྟར་རྒྱལ་པོ་བསྟེན་པ་ཐབས་དུ་མས་སྨད་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ཀྱིས་སྨད་དོ། །གལ་ཏེ་དགེ་སྦྱོད་གི་བྱ་བ་ནི་ཡེ་ཤེས་ཀྱིས་རྒྱལ་པོ་བསྟེན་པར་བྱའོ། །དེ་ནི་གཏམ་དུ་བའི་ཞིབ ་བསྟེན་པར་འགྱུར་རོ། །གདོན་མི་ཟ་པར་ལེགས་པར་འཐོབ་པར་འགྱུར་རོ། །དེ་བསྟེན་པའི་ཐབས་སུ་གྱུར་པ་ནི་འདི་ལྟ་སྟེ། བརྩོན་འགྲུས་བརྟན་པ་ཉིད་དང། ལས་གཞན་མེད་པ་ཉིད་དང། བླ་མ་བསྟེན་པ་དང། ཆོག་ཤེས ་པ་ཉིད་དང། རབ་ཏུ་བསྟེན་པ་དང་ལྡན་པ་དང། རྟག་ཏུ་སེམས་པ་དང། མི་བརྐམ་པ་དང། གོམས་པ་དང། བླ་མ་ལ་འདྲི་བ་དང། རབ་ཏུ་བསྟེན་པ་འཛིན་པ་དང། དགེ་འདུན་ལ་འདུད་པ་ཉིད་དང། སྙོམས་ལས་མེད་པ་དང། ཚངས་པ་ཚངས་པར ་སྤྱོད་པ་བསྟེན་པའོ། །འདི་དག་ནི་དགེ་སློང་གིས་ཡེ་ཤེས་ཀྱིས་རྒྱལ་པོ་བསྟེན་པའི་ཐབས་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུངས་དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། གོམས་དང་བླ་མ་ལ་གུས་དང། །དེ་བཞིན་འདྲི་བ་ཉིད་དང་ནི། ་སྦྱིན་དང་དེ་བཞིན་ཁྲིམས་བསྟེན་པ། །ཡེ་ཤེས་རྒྱལ་པོའི་བསྟེན་པའོ། །འདི་ནི་ལྷར་བཅས་འཇིག་རྟེན་གྱི། །རྒྱལ་པོ་བདེ་བ་སྟེན་བྱེད་པ། །སྲིད་པའི་འཆིད་བས་སྡུག་བསྔལ་གང་བ། ཁས་འཆེ་རྒྱལ་པོ་མ་ཡིན་ནོ། །གང་ལ་སྡུག་བསྔལ་ཡོད་མིན་ཏེ། །དེ་ནི ་རྒྱལ་པོར་འགྱུར་བ་ཡིན། །གང་ལ་སྡུག་བསྔལ་གྱིས་དཀྲིས་ཏེ། །འདི་ནི་ཇི་ལྟར་རྒྱལ་ཞེས་འོས། །དེ་ལྟར་ན་དགེ་སློང་གིས་ཡེ་ཤེས་ཀྱི་རྒྱལ་པོ་ལ་བསྟེན་པར་བྱའི། ཐ་མལ་པ་ནི་མ་ཡིན་ཏེ། དེ་བསྟེན་པ་ན་བསམ་གཏན་དང་ཀློག་པ་ལས་ཉམས ་པར་འགྱུར་རོ། །དེ་ཉམས་ན་སླར་ཡང་རྒྱལ་པོ་དེ་གང་དུ་འགྲོ་བའི་ཡུལ། དམྱལ་བ་དང་ཡི་དྭགས་དང་དུད་འགྲོར་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་དགེ་སློང་གིས་སྐྱོན་དེ་དག་རིག་ནས་རྒྱལ་པོ་བསྟེན་པར་མི་བྱ་འདི་ནི་ནགས་ན་གནས་པ་རྣམས་ཀྱི་སྨད་པ་སྟེ། ་དེའི་ཕྱིར་ཆོས་དགུ་པ་བསམ་གཏན་དང། ཀློག་པ་ལ་བར་ཆད་བྱེད་པ་འདི་ནི་སྨད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །འདུལ་བ་ལས་ཀྱང། བཅུ་པོ་འདི་དག་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་སོ། །བཅུ་གང་ཞེ་ན། དགེ་སློང་དག་འདི་ནི ་རྒྱལ་པོ་བཙུན་མོ་དམ་པ་དང་ལྷན་ཅིག་འདུག་པར་གྱུར་ལ་དེར་དགེ་སློང་འཇུག་པ་ན། བཙུན་མོས་དགེ་སློང་མཐོང་ནས་འཛུམ་པར་བྱེད་ཅིང། དགེ་སློང་ཡང་བཙུན་མོ་མཐོང་ནས་འཛུམ་པར་བྱེད་པ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་གྱུར་ཏེ། མ་ལ་འདི ་གཉིས་ནི་བྱས་སམ་བྱེད་པར་འགྱུར་རོ་སྙམ་མོ། །འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དང་པོའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་བྱ་བ་མང་ཞིང་བྱེད་པ་མང་བ། བཙུན་མོ་གང་ཡང་རུང་བ་ལ་བགྲོད་དེ་བརྗོད་པ་ནི། དེས་དེ་མངལ་ཆགས ་པར་གྱུར་པ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་གཉིས ་པའོ། དགེ་སློང་དག་གཞན་ཡང་རྒྱལ་བའི་ཕོ་བྲང་འཁོར་དུ་རིན་པོ་ཆེ་གང་ཡང་རུང་བ་མ་མཐོང་བ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། ། ་དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་གསུམ་པའོ། །དགེ་སློང་གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་དུ་གསང་བའི་གྲོས་གང་ཡང་རུང་བའི་ཕྱིར་དུ་ཐོས་པ་དེའི་ཚེ། རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས ་པ་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ་དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བཞི་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་ན་བུ་ཕ་ལ་གསོལ་བ་འདེབས ་པ་དེའི་ཚེ། དེ་དག་འདི་སྙམ་དུ་སེམས་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་ལྔ་པའོ། ། ་དགེ་སློང་དག་གཞན་ཡང་རྒྱལ་པོ་དམའ་བ་ན་འདུག་ལ། གནས་མཐོན་པོར་འཇོག་པ་དེའི་ཚེ། གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་རབ་ཏུ་བྱུང་བ་དང་འདྲེས་པ་ཞིག་སྟེ། རབ་ཏུ་བྱུང ་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དྲུག་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་མཐོན་པོ་ན་གནས་པ་གནས་དམའ་བ་ལ་འཇོག་པ་དེའི་ཚེ་གང་དག་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ ་འགྱུར་ཏེ། རྒྱལ་པོ་རབ་ཏུ་བྱུང་བ་དང་འདྲེས་པ་ཞིག་སྟེ་རབ་ཏུ་བྱུང་བའི་ལས་སུ་གྱུར་བའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་བའི་ཉེས་དམིགས་བདུན་བའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་དུས་མ་ཡིན་པར་བསྟེན་པ་ལ ་སྦྱོར་པ་དེའི་ཚེ་གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་ནི་རབ་ཏུ་བྱུང་བ་དང་འདྲེས་པ་ཞིག་སྟེ་རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བརྒྱད་པའོ། ། ་དགེ་སློང་དག་གཞན་ཡང་རྒྱལ་པོ་དཔུང་གི་སྡེ་ཉེ་བར་སྦྱར་སྟེ། ལམ་བར་ནས་ཟློག་པར་བྱེད་པ་དེའི་ཚེ། གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་ནི་རབ་ཏུ་བྱུང་བ་དང་འདྲེས་བ་ཞིག་སྟེ། རབ་ཏུ་བྱུང་བའི་ལས་སུ་གྱུར ་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དགུ་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་ཕོ་བྲང་དུ་གླང་པོ་ཆེའི་ཚོགས་དང། རྟའི་ཚོགས་དང། ཤིང་རྟའི་ཚོགས་འཆེར་ཞིང། གཟུགས་དང། སྒྲ ་དང། དྲི་དང། རོ་དང་རེག་བྱ་དགའ་བར་བྱ་བ་དག་ཡོད་པ་ན་འདི་དག་ནི་རབ་ཏུ་བྱུང་བ་ལ་ལེགས་པའི་ངོ་བོ་མ་ཡིན་པའོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བཅུ་པའོ་ཞེས་གསུངས་སོ། །ཁྱིམ་པའི་སྦྱིན་པ་ལ་དགོས? ་པ་བསྟན་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་སྦྱིན་པ་གཉིས་ལ་གནས་པར་བྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་སྦྱིན་པ་དང ་ཟང་ཟིང་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་རྗེས་སུ་ཆགས་པ་མེད་པ་དང། ཁོང་ཁྲོ་བ་མེད་པས་སྦྱིན་པ་དེ་གཉིས་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རབ་ཏུ་བྱུང་བར་གཏགས་པས་ནི་སྦྱིན་པ་རྒྱ་ཆེན་པོ་བཞི་ལ་གནས་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྨྱུ་གུ་སྦྱིན་པ་དང། སྣག་ཆེ་སྦྱིན་པ་དང། གླེགས་བམ་སྦྱིན་པ་དང། ཆོས་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རབ་ཏུ་བྱུང་བར་གཏོགས་པས་ནི་སྦྱིན་པ་བཞི་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ?་པས་ནི་གཏོང་བ་གསུམ་ལ་གནས་པར་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང ་གཏོང་བ་ཆེན་པོ་དང། ཤིན་ཏུ་གཏོང་བ་ལའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་ཡོངས་སུ་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའོ། །ཤིན་ཏུ་གཏོང་བ་ནི་མགོ་དང་ལག་པ་དང་རྐང་པ་དང་མིག་དང། པགས་པ་དང། རུས་པ་དང ་རྐང་པ་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་ཡོངས་སུ་གཏོང་པ་གསུམ་པོ་དེ་དག་ལ་གནས་པར་བྱའོ་ཞེས་གསུངས་སོ། །བདེན་པའི་རྣམ་པའི་མདོ་ལས་ཀྱང། དེ་ལ་སྦྱིན་པ་གང ་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གང་ཡོད་པ་དེ་ཡོངས་སུ་གཏོང་བར་བྱེད་དེ། དེ་ལག་པ་ཡོངས་སུ་གཏོང་བ་ཡིན། རྐང་པ་ཡོངས་སུ་གཏོང་བ་ཡིན། ལག་པ་དང་རྐང་པ་ཡོངས་སུ་གཏོང་པ་ཡིན། སྣ་ཡོངས་སུ་གཏོང་བ་ཡིན། མགོ་ཡོངས་སུ་གཏོང་བ ་ཡིན། ཡན་ལག་དང་ཉིད་ལག་ཡོངས་སུ་གཏོང་བ་ཡིན། བུ་ཡོངས་སུ་གཏོང་བ་ཡིན། བུ་མོ་ཡོངས་སུ་གཏོང་བ་ཡིན། ཆུང་མ་ཡོངས་སུ་གཏོང་བ་ཡིན། སྲོག་ཡོངས་སུ་གཏོང་བ་ཡིན། ནོར་ཡོངས་སུ་གཏོང་བ་ཡིན། བདེ ་བ་ཡོངས་སུ་གཏོང་བ་ཡིན། ལུས་ཡོངས་སུ་གཏོང་བ་ཡིན། དངོས་པོ་ཡོངས་སུ་གཏོང་བ་ཡིན། ཡུལ་ཡོངས་སུ་གཏོང་བ་ཡིན། རིན་པོ་ཆེ་ཡོངས་སུ་གཏོང་བ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ ་དེ་ལྟར་སྦྱིན་པ་སྦྱིན་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པ་ཡིན་ནོ། །དེ་ལ་སྦྱིན་པ་ཞེས་བ་གང་ཞེ་ན། ཇི་ལྟར་ལྷུང་བཟེད་དུ་ཆུང་པ་དུས་སུ་སྦྱིན་པ་དང་རུང་བ་སྦྱིན་པ་དག་སྦྱིན་པར་བྱེད་དོ། །ཇི་ལྟར་དགེ་སློང་རྣམས་ལ་ཆོས ་གོས་དང། བསོད་སྙོམས་དང། མལ་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱེད་རྣམས་ཡོངས་སུ་བཏང་ཞིང་འགྲོན་དུ་གཉེར་བར་བྱེད་དོ་ཞེས་གསུངས་སོ། །བློ་གྲོས་མི་བཟད་པའི་མདོ་ལས་ཀྱང། བཙུན་པ་ཤཱ་རིའི་ཏིའི་བུ་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར། བཙུན་པ་ཤཱ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ལས་ཀུན་ཚད་མེད་པ་སྟེ། འདི་ལྟར་ཟས་ཀྱི་འབྲེལ་པ་རྣམས་ལ་ཚེ་དང། བདེ་བ་དང། ་སྟོབས་དང། ཁ་དོག་བརྟན་པའི་ཕྱིར་ཟས་སྦྱིན་ནོ། །བཏུང་བས་འབྲེལ་པ་རྣམས་ལ་ཉོན་མོངས་པའི་སྲེད་པ་བསལ་བའི་ཕྱིར་བཏུང་བ་སྦྱིན་ནོ། །བཞོན་པས་འབྲེལ་བ་རྣམས་ལ་བདེ་བ་དང། རྫུ་འཕྲུལ་གྱི་དངོས་པོ་བསྡུ་བའི་ཕྱིར་བཞོན ་པ་སྦྱིན་ནོ། །གོས་ཀྱི་ཕོངས་པ་རྣམས་ལ་ཁྲེལ་བ་དང། ངོ་ཚ་བ་དང། ཁ་དོག་མཛེས་ཤིང་དྲི་མ་སྦྱངས་པའི་ཕྱིར་གོས་སྦྱིན་ནོ། །མེ་མར་གྱིས་ཕོངས་པ་རྣམས་ལ་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པར་བྱ་བའི་ཕྱིར་མེ་མར་སྦྱིན་ནོ། །སིལ་ཁྲོལ་གྱིས ་འབྲེལ་པ་རྣམས་ལ་སངས་རྒྱས་ཀྱིས་རྣ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་སིལ་ཁྲོལ་སྦྱིན་ནོ། །སྤོས་དང་བྱུག་པས་བྲེལ་བ་རྣམས་ལ་ཚུལ་ཁྲིམས་དང་ཐོས་པ་དང། ཏིང་ངེ་འཛིན་གྱི་སྤོས་དང་བྱུག་པའི་ཕྱིར་སྤོས་དང་བྱུག་པ་སྦྱིན་ནོ། །ཕྲེང་བས་ཕོངས་པ་རྣམས ་ལ་གཟུངས་དང་སྤོབས་པ་དང། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་འཐོབ་པའི་ཕྱིར་ཕྲེང་བ་སྦྱིན་ནོ། །ཕྱེ་མས་བྲེལ་བ་རྣམས་ལ་མི་ཕྲོགས་པའི་གསུང་རབ་ཏུ་ཐོབ་པའི་ཕྱིར་ཕྱེ་མ་སྦྱིན་ནོ། །ཆོས་བྲེལ་བ་རྣམས་ལ་མི་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཏུ་འགྱུར་བ ་ཐོབ་པའི་ཕྱིར་རོ་ཐམས་ཅད་སྦྱིན་ནོ། །ཁྱིམ་གྱིས་བྲེལ་བ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་གནས་དང། དཔུང་གཉེན་དང་རྟེན་དང། སྐྱབས་དང་མགོན་དང་ཕྱིར་ཁྱིམ་སྦྱིན་ནོ། །མལ་གྱིས་བྲེལ་བ་རྣམས་ལ་སྒྲིབ་པ་ཐམས་ཅད་རབ་ཏུ་སྤང་བ་དང། རྫུ ་འཕྲུལ་གྱི་ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་པ་འཐོབ་པའི་ཕྱིར་མལ་སྦྱིན་ནོ། །སྟན་གྱི་བྲེལ་བ་རྣམས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་དང་རྡོ་རྗེའི་གདན་དུ་འགྱུར་བའི་སྟན་སྦྱིན་ནོ། །ཡོ་བྱད་ཀྱི་བྲེལ་བ་རྣམས ་ལ་བྱང་ཆུབ་ཀྱི་ཡན་ལག་གི་ཡོ་བྱང་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་ཡོ་བྱང་སྦྱིན་ནོ། །ནད་ཀྱི་སྨན་གྱིས་བྲེལ་བ་རྣམས་ལ་རྒ་ཤི་མེད་ཅིད་འཆི་བ་མེད་པའི་བདེ་བ་འཐོབ་པའི་ཕྱིར་སྨན་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དག་དབང་དང་རང་དབང་དང ་རབ་བྱུང་གི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་མི་དང། གཡོག་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཆོག་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གསེར ་དོད་??་དངུལ་དང། ནོར་བུ་དང། མུ་ཏིག་དང། དུད་དང། བྱུ་རུ་དང། རིན་པོ་ཆེ་ཐམས་ཅད་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷབ་ལྷུབ་དང། ཕྱང་ཕྲུལ་སྣ་ཚོགས་ཐམས ་ཅད་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྟ་དང་བ་ལང་དང། ཤིང་རྟ་དང། རྐང་ཐང་དང། དགལ་བ་རྣམས་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས ་དཔའ་རྣམས་བསམ་གཏན་གྱི་ཡན་ལག་དང་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཟའ་ཤིང་གི་ར་བ་དང། གཞལ་མེད་ཁང་དང། དཀའ་ཐུབ་ཀྱི་ནགས་ཚལ་དང། ཁང་པ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་དགའ་བར་འཚང་རྒྱ་བའི་ཕྱིར་པུ་ཕོ་དང། བུ་མོ་དང། ཆུང་མ་སྡུག་པ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་ཀྱི་མཛོད་དང། བད་བ་ཀུན་དགང་བའི་ཕྱིར་ནོར་དང། འབྲུ ་དང། མཛོད་དང། བད་བ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་བྱ་ཞིང། སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར་གྲོང་དང། གྲོང ་ཁྱེར་དང། གྲོང་འདབ་དང། ཡུལ་དང། ཕོ་བྲང་དང། རྒྱལ་པོའི་གནས་དང། ཛམྦུའི་གླིང་དང། གླིང་བཞི་པའི་རྒྱལ་པོའི་དབང་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་དགའ་བ་དང་མོས་པ་འཐོབ་པའི་ཕྱིར། ་བདེ་བ་དང། དགའ་བ་དང། བརྩེ་བ་ཀུན་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་གཙུག་ཏོར་ལྟར་མི་མངོན་པ་འཐོབ་པར་བྱ་བའི་ཕྱིར། གཙུག་གི་ནོར་བུ་དང་ཅོད་པན་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་ཀྱི་རྐད ་པས་སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར་རྐད་པ་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་པ་སྦྱིན་པའི་ཕྱིར་ལག་མཐིལ་སྦྱིན་ནོ། །དབང་པོ་མ་ཉམས་པར་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ ་རྣམས་རྣ་བ་དང་སྣ་སྦྱིན་ནོ། །སེམས་ཅན་ཐམས་ཅད་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་མིག་དང། ཆོས་ཀྱི་མིག་འཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མིག་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ ་འཕགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་པར་བྱ་བའི་ཕྱིར་ཡན་ལག་གི་མཆོག་མགོ་བཏང་ཞིང་སྦྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་ཤིང་བཙལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཤེ་དང་ཁྲག་ཡོངས་སུ་བཏང ་ཞིང་སྦྱིན་ནོ། །འཇམ་པ་དང། སྣུམ་པ་དང། ཕྲ་བ་དང། མདོག་གསེར་གྱི་ཁ་དོག་ལྟ་བུར་ཀུན་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་པགས་པ་སྦྱིན་ཞིང་གཏོང་ངོ། །བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཆོགས་ཤིང་སྲ་བ་དང ་སྐྱེས་བུ་མཐུ་བོ་ཆེ་ལྟར་བརྟན་པ་འཐོབ་པའི་ཕྱིར་རུས་པ་དང་རྐང་སྦྱིན་ནོ་ཞེས་བྱ་བ་ནས། སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབ་པ་སྟེ་དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མཚན་མ་མེད་པས་བསྒོམས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི ་སྨོན་པ་མེད་པས་རྟོགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་འདུས་མ་བྱས་ལ་བསྔོས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་གཟུང་བ་ཤིན་ཏུ་ཟིན་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁམས་གསུམ་པ་དང་མ ་འདྲེས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་རྣམ་པར་གྲོལ་བའི་འབྲས་བུའི་རྒྱུ་མཐུན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཉོན་མོངས་པ་ཐམས ་ཅད་མ་དད་འབྲེས་པའོ། །དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱེ་བྲག་འཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ལེགས་པར་བྱས་པ་གདོན་མི་ཟ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་སུ་སྤེལ་བ ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡང་དག་པར་བསྔོས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་གྱི་ཚོགས་སུ་དམིགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སེམས་ཅན ་ཐམས་ཅད་འཚོ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྡོས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མཛའ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡོངས་སུ་མ་གོད་པ་སྟེ། དེའི་ཕྱིར་ན་དེ་མི ་ཟད་པའོ། །སྦྱིན་པ་དེ་ནི་ཀུན་ཏུ་མ་ཞུགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཚད་བཟུང་དུ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡངས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་གནས་པ་སྟེ། དེའི་ཕྱིར་ན་དེ ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐུག་པ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་དཔྱ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་ཐུལ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད ་པའོ། །སྦྱིན་པ་དེ་ནི་ཟིལ་གྱིས་མི་ནོན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་བསྒྲུབས་པ་སྟེ། དེའི་ཕྱིར་ན ་དེ་མི་ཟད་པའོ། །བཙུན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དགོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན ་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ལན་དུ་ཕན ་འདོགས་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། སྙིང་རྗེའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་བསྙེན་པའི་སྦྱིན་པ་ཕུན་སུམ་ཆོགས་པ་རྣམས་ཡིན། བསྟི་སྟད་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མཆོད་པ་དང་རིམ་གྲོའི་སྦྱིན་པ ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་རྣམས་འཇིན་ཅིང་ཀུན་ཆུབ་པར་བྱེད་དེ། རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན། ཤེས་ཀྱི་ཁེ་འདོད་པའི་ཕྱིར་མ་ཡིན། གྲགས་པ་འདོད་པའི་ཕྱིར་མ་ཡིན་ཏེ། གཞིན་དུ་ནི་དེ ་འདི་ལྟར་སེམས་ཅན་དག་གི་སྡུག་བསྔལ་ཐམས་ཅད་ཇི་ལྟར་ཟད་པར་བྱ་སྙམ་སྟེ། ཆོས་དེ་དག་ཀྱང་ཟང་ཟིང་མེད་པའི་སེམས་ཀྱི་གཉིས་སུ་མེད་པར་གཞན་དག་ལ་ཡང་དག་པར་སྟོན་ཏོ། །ཇི་ལྟར་ན་རྒྱལ་པོའི་འམ། བློན་པོ་ཆེན་པོ་ལ་ཡང་དག་པར་སྟོན་པ་དེ ་ལྟར་གདོལ་པའམ། གདོལ་བུ་ལ་ཡང་དག་པར་སྟོན་ན། དེ་མ་ཡིན་པ་གྲོང་པ་དང། ཡུལ་གྱི་མི་གཞན་དག་ལ་ལྟ་ཅི་སྨོས། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་དེས། ཁེངས་པར་ཡང་མི་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བདག་གི་དབྱིག་པ་བོར་བ་དང། མཚོན་ཆ་བོར་བ་ཡིན་ཏེ། གཞན་དག ་ཀྱང་བསླབ་པ་དེ་ཉིད་ལ་འཇིག་གོ་།དེ་སེམས་ཅན་ཐམས་ཅད་ལ་ཕར་འདུ་ཤེས་པ་ཡིན། མར་འདུ་ཤེས་པ་ཡིན། བུར་འདུ་ཤེས་པ་ཡིན། གཉེན་བཤེས་སུ་འདུ་ཤེས་པ་ཡིན། ཉེ་དཱུམ་སྣག་གི་གཉེན་མཆམས་དག་ཀྱང་རུང་བར་འདུ་ཤེས་པ་ཡིན་ནོ། ་དེ་ཅིའི་ཕྱིར་ཞེ་ན། འདི་སྙམ་དུ་སེམས་ཏེ་།དེ་བཞིན་གཤེགས་པས་ཀྱང་སྐྱེ་བ་འཕོ་བ་དེ་དང་དེ་དག་ཏུ་སེམས་ཅན་གྱི་རིས་སུ་གང་ཁྱེད་ཀྱི་ཕའམ་།མའམ། བཱུམ། གཉེན་བཤེས་སམ། ཉི་དུ་འམ། སྣག ་གི་གཉེན་མཚམས་གང་ཡང་རུང་བའི་གནས་སུ་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་མེད་དོ་ཞེས་གསུངས་སོ་སྙམ་ནས། དེ་སྲོག་ཆགས་སུ་གྱུར་པ་ཕྲ་མོའི་ཕྱིར་ཡང་བདག་གི་ཤ་ངག་གིས་ཀྱང་ཕན་འདོགས་ན། སྲོག་ཆགས་ཆེན་པོ་ཆེ་བ་གཞན་དག་ལ་ལྟ ་ཅི་སྨོས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གང ་དག་མི་དགེ་བའི་ལས་རབ་ཏུ་བྱེད་པ་མཐོང་ན། དེ་དག་ཟང་ཟིང་གིས་སྡུད་ཅིང། ཟང་ཟིང་གིས་བསྡུས་ནས་མི་དགེ་བའི་གནས་དེ་ནས་བསླང་སྟེ། དགེ་བའི་གནས་སུ་འགོད་དོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སྦྱིན ་པ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔས་སྦྱིན་པ་སྦྱིན་ན་མི་དགེ་བའི་ཆོས་ཕྲག་དོག་དང། སེར་སྣ་དང་ངན་སོང་གསུམ་སྤངས་པ་ཡིན་ནོ་ཞེས་གསུངས་ཏེ། དེ་བས་ན་བདག་གི་དེ་བཞིན་གཤེགས་པའི་རྗེས་སུ་བསླབས ་ཤིང། སྦྱིན་པ་སྦྱིན་པར་བྱའོ་སྙམ་ཏེ། དེ་སྦྱིན་པ་ཡང་སྦྱིན་ཞིང་སྦྱིན་པ་དེས་ཁེངས་པར་ཡང་མི་འགྱུར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལན་དུ་ཕན་འདོགས ་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ཡང་འདོད་བའི་ཕྱིར་སྦྱིན་པ་མི་སྦྱིན། ཕན་འདོགས་སུ་རེ་བའི་ཕྱིར་མ་ཡིན། དོན་གྱི་ཕྱིར་མ་ཡིན་།གཡོག་གི་ཕྱིར་མ་ཡིན། འཇིག་རྟེན་གྱི་ཚུལ་གྱི་ཕྱེད ་མ་ཡིན་གྱི་གཞན་དུ་ན་འདི་སྙམ་དུ་སེམས་ཏེ། གང་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ངང་ཚུལ་ཅན་དུ་འགྱུར་བ་འདི་ཆོས་ཉིད་ཡིན་ནོ་སྙམ་ཏེ། དེ་དེའི་རྒྱུ་དེའི་རྐྱེན་དེའི་ཕྱིར་ཕན་བཏགས་པའི་ལན་དུ་ཕན་འདོགས་པ་ཐམས་ཅད་ལ་མི་རེ་བར་སྦྱིན་པ་སྦྱིན ་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལན་དུ་ཕན་འདོགས་པ་ལ་མི་ར་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན ་སུ་སྡུག་བསྔལ་བ་དང། བཀྲེས་པ་དང། སྐོམ་པ་དང། གཅེར་བུ་དང། གོས་ངན་པ་དང། བགོ་བ་ངན་པ་དང། མགོན་མེད་པ་དང། དཔུང་གཉེན་མེད་པ་དང། སྐྱབས་མེད་པ་དང། གནས་མེད་པ་དང། རྟེན་མེད་པ་ལྟ་བུ་བསོད་ནམས ་མེད་པ་དག་མཐོང་ན། དེ་དག་ལ་སྙིང་རྗེ་པའི་སེམས་རབ་ཏུ་བསྐྱེད་ཅིང། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་གང་དག་གི་ཕྱིར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ནི་སྡུག་བསྔལ ་བ་དང། དཔུང་གཉེན་མེད་པ་དང། སྐྱབས་མེད་པ་དང། གནས་མེད་པ། རྟེན་མེད་པ་འདི་དག་ཡིན་ཏེ། ཀུན་ཏུ་འཁྱམ་ན་ནམ་ཞིག་བདག་སེམས་ཅན་དེ་དག་གི་མགོན་དང། དཔུང་གཉེན་དང། སྐྱབས་དང། གནས་དང། རྟེན་དུ་འགྱུར་སྙམ ་ནས་དེ་སྙིང་རྗེས་རབ་ཏུ་མི་བཟོད་དེ། བདོག་ཅིང་ཡོད་པའི་དངོས་པོ་སེམས་ཅན་དེ་དག་ལ་ཕན་འདོགས་སོ། །ཕན་བཏགས་པའི་མདོ་ལས་སྐྱེས་པའི་དགེ་བའི་རྩ་བ་ངེས་ཀྱང་ཁེངས་པར་མི་འགྱུར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་སྦྱིན་པ་ཕུན ་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་བརྙས་པའི་སྦྱིན་པ་ཕུན་སུམ་ཚོགས་པའི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་བོར་བའི་སྦྱིན་པ་མི་སྦྱིན། བརྙས་ཤིང་སྦྱིན་པ་མི་སྦྱིན། གཤེ་ཞིང་སྦྱིན་པ་མི་སྦྱིན། ཉོན་མོངས ་ཤིང་སྦྱིན་པ་མི་སྦྱིན། ཕྱུགས་པས་རྒྱགས་ཤིང་དྲེགས་པ་སྟེ་སྦྱིན་པ་མི་སྦྱིན། གྲགས་པ་འདོད་པས་སྦྱིན་པ་མི་སྦྱིན། མང་དུ་ཐོས་ཤིང་རྒྱགས་ཤིང་དྲེགས་པས་སྦྱིན་པ་མི་སྦྱིན་གྱི་ཅི་སྦྱིན་པ་དེ་ཡང་བསྟི་སྟེང?་དུ་བྱ ་ཤིང་སྦྱིན་པ་སྦྱིན་པར་བྱེད། །བཙུན་པར་བྱས་ཤིང་སྦྱིན་པ་སྦྱིན་པར་བྱེད་དོ། །རི་མོར་བྱས་ཏེ་མཆོད་ཅིད་རང་གི་ལག་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་བརྙས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སློབ་དཔོན་དང། མཁན་པོ་དང། བླ་མ་ལྟ་བུ་དང། ཚངས་པ་མཚུངས་པར་སྤྱོད་པ་དག་མཐོང་ན། ལུས་ཀྱིས་གུས་པར་བཅས་པ་ཡིན། སེམས ་ཀྱིས་རི་མོ་དང་བཅས་པ་ཡིན་ཏེ། དེས་གུས་པ་བསྐྱེད། རི་མོ་བསྐྱེད་ནས་གུས་པར་སྨྲ་བ་དང། ཕྱག་འཚལ་བ་དང། བསུ་བ་དང། ཐལ་མོ་སྦྱར་བ་དང། འདུད་པའི་ལས་དག་བྱེད་དོ། །དེ་དག་གི་དགེ་བ་དང་ལྡན་པའི་བྱ་བ་དེ་དང་དེ་དག་ལ་ཡང་གྲོཊ ་སུ་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་དང་ཆོས་དང་དགེ ་འདུན་ལ་བྱ་བ་དག་བྱེད་དེ། ཇི་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སྤོས་སམ། མེ་ཏོག་གམ། བདུག་པ་འམ། བྱུག་པ་འམ། ཕྱག ་པ་འམ། སྐྱང་ནུལ་ལམ་།དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་འཆོས་པ་དང། དེ་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་དེ། ཇི་ལྟར་ན་ཆོས་ལ་བྱ་བ་དག་བྱེད་ཅེ་ན། དེ་ཆོས་ཉན་ཏོ། །ཀློག་གོ་།འཆང་ངོ། །ཡི་གེར་འདྲིའོ། །ཁ་ཏོན་དུ ་བྱེད་དོ། ཀུན་ཆུབ་པར་བྱེད་དོ། །སེམས་སོ། །མ་ལོག་པར་བསྒོམས་པའི་སྦྱོར་བས་གོམས་པར་བྱེད་དོ། །དེ་ལྟར་ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་ཅེ་ན། དེ་གོས་དང། བསོད་སྙོམས་དང། མལ་ཆ་དང། ན་བའི་རྐྱེན་སྨན ་དང། ཡོ་བྱད་རྣམས་དང། ཆུང་དུ་ན་ཆུ་གྲང་ཕོར་གང་ཙམ་ཡང་དགེ་འདུན་ལ་དབུལ་ཏེ། དེ་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་བ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན། སྦྱིན་པ་འདིས་བདག་ལྷ་འམ། ལྷ་ལ་ལ་ཞིག་ཏུ་ཤོག་ཅེ་འམ། རྒྱལ་པོ་འམ། རྒྱལ་པོ་ལ་ལ་ཞིག་ཏུ་ཤོག་ཅེ་འམ་།དེ་ལྟར་སེམས ་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ ་འདི་དག་ཇི་སྐད་དུ་བཤད་པ་ལ་སོ་སོར་རྟོགས་པའི་རང་བཞིན་ཅན་ཡིན་ཏེ། དེ་སྦྱིན་པ་ཅི་དང་ཅི་སྦྱིན་ཡང་སྦྱིན་པ་དེ་དང་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་སོ་སོར་རྟོག་པ་ལ་གང་འདི་སྦྱིན་པའི་ཉེས་པ་དང། སྦྱིན་པའི་དྲི་མ་དང། ་སྦྱིན་ཕའི་བར་དུ་གཅོད་པ་དེ་དག་མི་འབྱུང་སྟེ། དེ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང། སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང། །དཀའ་བ་དང་ནི་སྒོ་ཀུན་དང། །སྐྱེས་བུ་དམ་པ་ལྡན་པ་དང། །དེ་བཞིན་རྣམ་པ་ཐམས་ཅད་དང། །ཕོངས་ཤིང་འདོད་དང་ལྡན་པ ་དང། འདི་དང་གཞན་དུ་བདེ་འགྱུར་དང། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་སྦྱིན་པ་དེ་ཡིན་ནོ། །འདི་ལ་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས། གླན་མེད?་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སྦྱིན་པ་རྣམ་པ་དགུ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྦྱིན་པའི་ངོ་བོ་ཉིད་དང། ཐམས་ཅད་སྦྱིན་པ་དང། དཀའ་བའི་སྦྱིན་པ་དང། ཐམས་ཅད་ཀྱི་སྒོ་ན ་སྦྱིན་པ་དང། སྐྱེས་བུ་དམ་པའི་སྦྱིན་པ་དང། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང། ཕོངས་ཤིང་འདོད་པ་ལ་སྦྱིན་པ་དང། འདི་དད་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང། རྣམ་པར་དག་པའི་སྦྱིན་པའོ། །དེ་ལ་སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན ་ཡོ་བྱད་ཐམས་ཅད་དང། རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་ཨི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང། དེས་ཀུན་ནས་བསླང་བ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོད་བའི་ལུས་དང་ངག་གི་ལས་དང། ་སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང། སྔོམ་པ་ལ་གནས་པ་དང། འོངས་པ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང། སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཨི ་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཐམས་ཅད་སྦྱིན་པ་གང་ཞེ་ན། ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན། སྦྱིན་པར་བྱ་བའི་དངོས་པོ་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །དེ་ལ་རྐང་པ་ཡན་ཆད་རང་གི་ལུས་ཡོངས་སུ་གཏོང་བ་ནི། ་བྱང་ཆུབ་སེམས་དཔའ་ནི་ནང་གི་དངོས་པོ་ཡོངས་སུ་གཏོང་བ་འབའ་ཞིག་པ་ཞེས་བྱའོ། །སེམས་ཅན་སྐྱུགས་པ་ཟ་བས་འཚོ་བ་རྣམས་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཟས་སྐོམ་ཐོས་འཐུངས། ཟོས་འཐུངས་ཤིང་སྐྱུགས་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ ་སེམས་དཔའ་ཨི་ནང་དང་ཕྱི་རོལ་གྱི་དངོས་པོ་འདྲེས་པའི་སྦྱིན་པ་ཞེས་བྱའོ། །ཇི་སྐད་སྨོས་པ་འདི་ལས་མི་གཏོགས་པའི་ལྷག་མ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ནི། ཕྱི་རོལ་གྱི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ཁོ་ན་ཞེས་བྱའོ། །དེ་ལ་བྱང་ཆུབ ་སེམས་དཔའ་ནི་ཕ་རོལ་ལུས་འདོད་པ་དག་ལ་མདོར་ན་རྣམ་པ་གཉིས་ཀྱིས་རང་གི་ལུས་སྦྱིན་པར་བྱེད་དེ། ཅི་དགའ་མགུར་བྱེད་དུ་འཇུག་པས་གཞན་ལ་དབང་ཡོད་པ་དང། གཞན་ལ་རག་ལས་པར་བྱེད་ཅིང། བདག་ཉིད་གཞན་དག་ལ་སྦྱིན་པར་བྱེད་དེ། དཔེར ་ན་ལ་ལ་ཞིག་ཟས་དང་གོས་ཀྱི་གཞན་དག་ལ་བྲན་གྱི་དངོས་པོར་ཁས་ལེན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་དང་ལྡན་པ་ནི་བྱང་ཆུབ་དམ་པ་འདོད། ཕ་རོལ་དག་ལ་ཕན་པ་དང་བདེ་བར་འདོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་རྫོགས་པར་བྱེད་པར་འདོད། །ཅི་དགའ་མགུར་བྱེད་དུ་འཇུག་ཅིང་གཞན་དག་ལ་དབང་ཡོད་པ་དང་རག་ལུས་པར་བྱེད་པས་བདག་ཉིད་སྦྱིན་པར་བྱེད་པ་དང། ལག་པ་དང་རྐང་པ་དང་མིག་དང་མགོ་བོ་དང། ཡན་ལག་དང་ཉིད་ལག་རྣམས་འདོད་པ་དག ་དང། ཤ་དང་ཁྲག་དང། རྒྱུས་པ་འདོད་པ་དང། རྐང་གི་བར་དུ་འདོད་པ་དག་ལ་རྐང་གི་བར་དུ་སྦྱིན་པ་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གཉིས་ཀྱི་ཕྱི་རོལ་གྱི་དངོས་པོ་སེམས་ཅན་རྣམས་ལ་ཡོངས་སུ་གཏོད་སྟེ། ཅི་བདེར་ལེངས་སྤྱོད་དུ ་གཞུག་པའི་ཕྱིར་བརྙན་པོར་སྦྱིན་པ་དང། དེ་དབང་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་བཏང་བའི་སེམས་ཀྱིས་སྦྱིན་པར་བྱེད་དེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ནད་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་བྱེ་བྲག་མེད་པར་རྣམ་པ་ཐམས་ཅད་དུ་སེམས ་ཅན་རྣམས་ལ་སྦྱིན་པར་མི་བྱེད་དོ། །འོ་ན་བྱང་ཆུབ་སེམས་དཔའ་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམ་པ་གཉིས་ལས་ཅི་ཞག་ནི་སེམས་ཅན་རྣམས་ལ་སྦྱིན་པར་བྱེད། ཅི་ཞིག་ནི་སྦྱིན་པར་མི་བྱེད། ཇི་ལྟར་ནི་སྦྱིན་པར་བྱེད ་ཇི་ལྟར་ནི་སྦྱིན་པར་མི་བྱེད་ཅེ་ན། ནད་དང་ཕྱི་རོལ་གྱི་དངོས་པོ་དེ་ལས་སྦྱིན་པ་གང་སེམས་ཅན་རྣམས་ལ་བདེ་བ་ཁོ་ནར་འགྱུར་གྱི། ཕན་བར་མི་འགྱུར་བ་འམ། ཡང་ན་བདེ་བར་ཡང་མི་འགྱུར་ལ། ཕན་པར་ཡང་མི་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔས་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །སྦྱིན་པ་གང་ཕན་པར་ནི་འགྱུར་ལ། བདེ་བར་འགྱུར་བར་ནི་མ་ངེས་པ་འམ། ཡང་ན་བདེ་བར་ཡང་འགྱུར་ལ། ཕན་པར་ཡང་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པར་བྱེད་དོ། དེ་ལྟར་ན་འདི ་ནི་སྦྱིན་པ་དང་མི་སྦྱིན་པའི་མདོར་བསྟན་པ་ཡིན་ནོ། །འདི་མན་ཆད་ནི་རྒྱས་པ་རྣམ་པར་དབྱེ་བ་ཡིན་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ལ་གནོད་པར་བྱ་བ་དང། ཕ་རོལ་ལ་འབྲིང་པ་དང། མ་རིག་པས་བསྐྱེད་བས་བྱེད་དུ་བཅུག ་ན་ཕ་རོལ་གྱི་དབང་དུ་བྱེད་པ་དང། ཕ་རོལ་གྱི་རག་ལས་པར་བྱེད་པར་བདག་ཉིད་སྦྱིན་པར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་གཞན་དག་ལ་བདག་ཉིད་ཀྱི་སྲེབ་ལན་བརྒྱ་འམ། ལན་སྟོང་ངམ། ལན་འབུམ་དུ་ཡོངས་སུ་གཏོང་བར་ཡང་ཁས་ལེན ་མོད་ཀྱི། འོན་ཀྱང་ཕ་རོལ་གྱི་བསྒོ་བ་དང། ཕ་རོལ་དགའ་བར་བྱ་བའི་ཕྱིར་ཕ་རོལ་ལ་གནོད་པ་འམ། ཕ་རོལ་གསད་པའམ། ཕ་རོལ་འབྲིང་པར་མི་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལས་བརྩམས་ཏེ་བསམ་པ་དག་པ་ཡིན་དུ་ཟིན ་ཀྱང། དེ་ཡང་སེམས་ཅན་གྱི་དོན་བྱ་བ་མང་པོ་ཉེ་བར་གནས་པར་འགྱུར་ན། རང་གི་ལུས་དང། ཡན་ལག་དང་ཉིད་ལག་སློང་བ་བྱུང་ཡང་རང་གི་ལུས་དང་ཡན་ལག་དང་ཉིད་ལག་རྣམས་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ ་སྦྱིན་པ་ལས་བརྩམས་ཏེ་བསམ་པ་དག་པ་དེ་ནི་རྣམ་གྲངས་གང་གིས་ཀྱང་འདི་ནི་སྦྱིན་ནོ། །འདི་ལ་སྦྱིན་ནོ་སྙམ་དུ་སེམས་ཞུམ་པ་མེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་གང་གི་ཚེ་བསམ་པ་དག་པར་བྱ་བའི་ཕྱིར་??་ཙན?་གྱི་དགོས་?? ་བྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་ན། དེ་ནི་དེའི་བསམ་པ་དག་པ་ཡིན་པའི་ཕྱིར། སེམས་ཅན་གྱི་དགོས་པ་བྱུང་བ་བཏང་སྙོམས་སུ་བྱས་ཏེ་སྦྱིན་པར་མི་བྱེད་དོ། །བདུད་ཀྱི་རིས་ཀྱི་ལྷ་རྣམ་པར་མཐོ་མཚམས་བའི་བསམ་པས་སློད་དུའོ་?? ་རྣམས་ལ་ཡང་དེ་དག་ཉིད་ལ་གནོད་པ་དང། ཕུང་པོ་ཚན་པོར་མི་འགྱུར་བར་བྱ་བའི་ཕྱིར་རང་གི་ལུས་དང་ཡན་ལག་གསེ་ཤིད་སྦྲིན་བར་མི་བྱེད་དོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ། དེས་བརླམས་པའི་སེམས་ཅན་རྣམས་ལ་ཡང ་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྨོན་པ་དང། སེམས་འཁྲུག་པ་ལ་ཡང་རང་གི་ལུས་དང། ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དེ། དེ་དག་ནི་རང་གི་སེམས་ལ་གནས་པར་ཡང་མ་ཡིན་ལ། འདོད་པའི་ཕྱིར་སློང་བ་ཡང ་མ་ཡིན་ཏེ་།དེ་ནི་དེ་དག་གི་སེམས་ལ་རང་དབང་མེད་པའི་ཕྱིར་བླ་བརྡོལ་ཙམ་དུ་ཟད་པ་དེའི་ཕྱིར་སྦྱིན་པར་མི་བྱེད་དོ། །རྣམ་པ་དེ་དག་ལས་མ་གཏོགས་པར་དེ་དག་ལས་བཟློག་པའི་འདོད་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔས་རང་གི་ལུས་ཕ་རོལ་དབང ་བར་བྱ་བ་ཙམ་གྱི་ཕྱིར། ཡན་ལག་དང་ཉིད་ལག་དག་གསེ་ཞིང་ཡོངས་སུ་གཏོང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་ནད་གི་དངོས་པོ་སྦྱིན་པ་དད་མི་སྦྱིན་པ་ནི་དེ་ལྟ་བུ་ཡིན་པར་རིག་སར་བྱའོ། །ཕྱི་རོལ་གྱི་དངོས་པོ་ལས་ནི་བྱང་ཆུབ་སེམས་དཔས་དུག་དང། ་མེ་དང། མཚོན་ཆ་དང། ཆང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ། གང་ཡིན་པ་དེ་དག་ནི་བདག་ལ་གནོད་པར་བྱ་བའམ། ཕ་རོལ་ལ་གནོད་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློད་བ་རྣམས་ལ་ནི་སྦྱིན་པར་མི་བྱེད་དོ། །དུག་དང་མེ་དང་མཚོན ་ཆ་དང། ཆང་སེམས་ཅན་རྣམས་ལ་ཕན་པའི་འགྱུར་བ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔས་བདག་ལ་ཕན་པར་བྱ་འམ། ཕ་རོལ་ལ་ཕན་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློང་བ་རྣམས་ལ་སྦྱིན་པ ་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཡིད་བརྟན་མ་ཡིན་པའི་རྫས་ཀྱང་གཞན་དག་ལ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྨྱན་བྱེད་ཅིང་ཕ་རོལ་གྱི་ཆུང་མ་བཀུག་སྟེ་གཞན་དག་ལ་སྦྱིན་པར་ཡང་མི་བྱེད་དོ། །བཟའ་བ་དང་བརྟུང ་བ་སྲོག་ཆགས་དང་བཅས་པ་ཡང་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་དངོས་པོ་གང་དགའ་བ་དང། རྩེ་བ་དང་ལྡན་པ་སེམས་ཅན་རྣམས་ལ་གནོད་པ་དང་ལྡན་པ་དེ་ཡང་བྱང་ཆུབ་སེམས་དཔས་སློང་བ་རྣམས་ལ་སྦྱིན ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་སྦྱིན་ན་དེ་དག་བྱང་ཆུབ་སེམས་དཔའ་ལ་སེམས་དགའ་བ་ཙམ་སྐྱེ་བར་འགྱུར་མོད་ཀྱི། འོན་ཀྱང་སྦྱིན་པ་དེ་ནི་དེ་ལ་གནོད་པ་ཆེས་ཆེ་བར་བྱེད་པ་ཡིན་ཏེ། དེའི་རྒྱུས་དེ་རྒྱགས་པ་དང། བག་མེད་པ་དང། ་ཉེས་པར་སྤྱོད་པ་ལ་ཞུགས་པས་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེ་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དགའ་བ་དང། རྩེད་མོ་ལ་སོགས་པའི་དངོས་པོ་ཡིན་ལ། ངན་སོང་དུ་འགྲོ་བར་བྱེད་པ་ཡང་མེ་ཡིན། མི་དགེ་བའི་རྩ་བ་ལ་སོགས་པར་འགྱུ ་བ་ཡང་མ་ཡིན་ན་ནི་དེ་ལྟ་བུའི་དགེ་བ་དང། རྩེད་མོ་ལ་སོགས་པའི་དངོས་པོ་དེ་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དེ། དངོས་པོ་ངེས་ཀྱང་སྡུད་པ་དང་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སློང་བ་རྣམས ་ལ་དགའ་བ་དང། རྩེད་མོའི་དངོས་པོ་ཇི་ལྟ་བུ་ནི་སྦྱིན་པར་མི་བྱེད་དོ། །ཇི་ལྟ་བུ་ནི་སྦྱིན་པར་བྱེད་ཅེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་རི་དགས་གསད་པའི་ཐབས་བསླབ་པ་སྦྱིན་པར་མི་བྱེད་དོ། །མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོ་གང་དུ་སྲོག ་ཆགས་མང་པོ་བསོགས་ནས་གསོད་པར་འགྱུར་བ་དེ་ལྟ་བུའི་ཆོས་སྦྱིན་དག་བདག་ཉིད་ཀྱང་མི་བྱེད་ལ། གཞན་དག་ཀྱང་མཆོད་སྦྱིན་བྱེད་དུ་མི་འཇུག་གོ་།ལྷ་བརྟེན་རྣམས་སུ་ཕྱུགས་གསོད་པ་སྦྱིན་པར་མི་བྱེད་དོ། །སྲོག་ཆགས་མང་པོ་གནས་པའི་སྲོག་ཆགས ་ཆུ་ནས་སྐྱེས་པ་འམ། ཐད་ལས་སྐྱེས་པ་རྣམས་གནས་པ་ལྟ་བུ། སྲོག་ཆགས་དེ་དག་ལ་གནོད་པར་བྱ་བའི་ཕྱིར། སློད་ན་སྦྱིན་པར་མི་བྱེད་དོ། །རྒྱ་དང་རྔོན་གྱི་འཁྲུལ་འཁོར་དང། རྒྱ་དང་རྔོན་གྱི་འཁྲུལ་འཁོར་བསླབ་པ་ཡང་སྲོག་ཆགས་རྣམས་ལ ་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །སྤྱོ་བ་དང། གསད་པ་དང། བཅིང་བ་དང། ཆད་པས་བཅད་པ་དང། གནོད་པ་བྱེད་དུ་གཞུག་པའི་ཕྱིར། ཡང་དགྲ་རྣམས་ཀྱི་སྒྲ་འབྱིན་པར་མི་བྱེད་དོ། །མདོར་སྡུན་བྱང་ཆུབ་སེམས་དཔའ་ནི ་སེམས་ཅན་རྣམས་ཀྱི་དགའ་བ་དང་རྩེད་མོའི་དངོས་པོ་སེམས་ཅན་ཕ་རེལ་ལ་གནོད་པར་འགྱུར་བ་དང། སེམས་ཅན་ཕ་རོལ་ལ་སྡུག་བསྔལ་བར་འགྱུར་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སློང་བ་རྣམས་ལ་ཚབྱིན་པར་མི་བྱེད་དོ། །གླང་པོ་ཆེ་དང་རྟ་དང ་ཤིང་རྟ་དང་འདེགས་པ་དང། བཞོན་པ་རྣམས་དང། གོས་དང། རྒྱན་རྣམས་དང། བཟའ་བ་དང། བཏུང་བ་དང། བསོད་པ་རྣམས་དང། གར་དང། གླུ་དང། རོལ་མོའི་སྒྲ་བསླབ་པ་རྣམས་དང། གར་དང་གླུ་དང་རོལ་མོའི་སྒྲའི་ཆ་བྱད ་རྣམས་དང། སྤོས་དང་མེ་ཏོག་ཕྲེང་བ་དང། བྱུག་པ་སྣ་ཚོགས་དང། སྣོད་སྤྱད་སྣ་ཚོགས་དང། སྐྱེད་མོས་ཚལ་དང། ཁང་ཁྱིམ་དང་དགའ་གུར་སྤྱད་པའི་བུད་མེད་རྣམས་དང། བཟོད་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསླབ་པ་གང་ཡིན ་པ་དེ་དག་དང། དེ་ལྟ་བུའི་དགའ་བ་དང། རྩེད་མོའི་དངོས་པོ་གང་ཡིན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ནད་བ་སློང་དུ་ཟིན་ཀྱང། ཁ་ཟས་དང་བཏུང་བ་ཚོད་མ་ཟིན ་པ་འམ། གནོད་པར་འགྱུར་པ་སྦྱིན་པར་ཡང་མི་བྱེད་དོ། །སེམས་ཅན་བརྐམ་པའི་རང་བཞིན་ཅན་འདྲངས་པ་རྣམས་ལ་བཟའ་བ་དང། བཏུང་བ་བསོད་པ་སྦྱིན་པར་ཡང་མི་བྱེད་དོ། །སེམས་ཅན་མྱ་ངན་གྱིས་གདུངས ་པ་རྣམས་རང་འགེག་པར་བྱེད་པ་འམ། རྡེག་པར་བྱེད་པ་འམ། དུག་འཐུང་བ་འམ། གཡང་དུ་མཆོང་བ་ལ་ཡང་དགའ་མགུར་བྱེད་དུ་མི་འཇུག་གོ་།བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་ལ་ཕ་མ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པར་ཡང ་མི་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་ཕ་མ་ནི་བླ་མ་ལྟ་བུའི་མཆོག་ཡིན་ཏེ། ནུ་མ་མནུན་པ་དང། གསོ་བ་དང་སྐྱེད་པ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔས་ཡུན་རིང་པོར་སྤྱི་བོ་ལ་ཁྱེར་ན་ཡང་སྐྱོ་བར་མི་བྱ་སྟེ། སྤུ་གཏའ་དང་གཏང ་གཞུག་པ་དང། གཙོད་པའི་ཚུལ་གྱིས་བདག་ཉིད་ཀྱང་དེ་གཉིས་ལ་སྦྱིན་ཞིང་དབང་པ་དང། རག་ལུས་པར་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔས་གཞན་དག་ལ་ཇི་ལྟར་སྦྱིན་པར་སེམས་ཏེ། སྦྱིན་པ་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་རྒྱལ ་པོ་སྦྱི་བོ་ནས་དབང་བསྐུར་བ་པོའི་བདག་པོར་གྱུར་ན་ཡང། བདག་གི་རི་??་གཏོགས་པའི་སེམས་ཅན་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ཀྱི་གཞན་གྱི་བུ་དང་ཆུང་མ་གཞན་དག་ལས་ཕྲོགས་ཏེ་གཞན་དག་ལ་སྦྱིན་པར་མི་བྱེད་ཀྱི་ང་ལ་ཇི་ལྟར་གྱུར་པ ་ལྟར་དེ་དག་ལ་ཡང་དེ་བཞིན་དུ་གྱུར་ཅིག་སྙམ་ནས་གྲོང་རིལ་པོ་འམ། གྲོང་གི་ཕྱོགས་འགའ་། ཕྱོགས་རིལ་བོ་འམ། ལྗོངས་ཀྱི་ཕྱོགས་འགའ་ལོངས་སྤྱོད་དུ་བྱ་བར་སྦྱིན་པ་སྦྱིན་པར་ཟད་དོ། །བྱང་ཆུབ་སེམས་དཔའ་ནི་བདག་གི་བུ་དང་ཆུང་མ་དང། ་བྲན་དང་བྲན་མོ་དང་ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། ཡོངས་སུ་ཟིན་པ་རྣམས་ལེགས་པར་བརྔ་མ་སྦྲད་པ་དང། མི་འདོད་བཞིན་པ་དང། ཡིད་མི་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་སྦྱིན་པར་ཡང་མི་བྱེད་དོ། །ལེགས་པར་བརྔ་སྦྲ་དེ་ཡིད་དགའ་ ་ཞིང་འདུད་པར་གྱུར་ཏུ་ཟིན་ཀྱང། མི་མཛའ་བ་རྣམས་དང། གནོད་སྦྱིན་རྣམས་དང། སྲིན་པོ་རྣམས་དང། བརྗེད་??་རྣམས་ལ་སྦྱིན་པར་མི་བྱེད་དོ། །བུ་དང་ཆུང་མ་སྐྱིད་བདེ་བར་འདུག་པའི་རིགས་ཀྱི་བུ་མིའི་བྲན་དུ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས ་དཔའ་ནི་སློང་བ་པོ་ཤས་ཆེར་གཞན་ལ་གནོད་པ་བྱེད་པར་ཞུགས་ཤིང་རྗེར་བ་རྣམས་ལ་རྒྱལ་སྲིད་སྦྱིན་པར་ཡང་མི་བྱེད་དོ། །གལ་ཏེ་དབྱུང་པའི་མཐུ་ཡོད་ན་དེ་འདྲ་བའི་གང་ཟག་ནི་རྒྱལ་སྲིད་ལས་ཀྱང་འབྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་མའི་ལོངས ་སྤྱོད་ཕྲོགས་ཏེ་སློང་བ་རྣམས་ལ་སྦྱིན་ཕར་ཡང་མི་བྱེད་དོ། །ཕ་མ་ཇི་ལྟ་བ་བཞིན་དུ་བུ་དང། ཆུང་མ་དང། བྲན་དང་བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་རྣམས་ཀྱི་ཡང་དེ་དང་འདྲའོ། །ཕ་མ་ལ་གནོད་པ་བྱས་ནས་རྒྱས་པར་ལས་བྱེད་པ་དང། ་ཞོ་ཤས་འཚོ་བའི་བར་དག་ལ་གནོད་པ་བྱས་ནས་ཕ་རོལ་སློང་བ་རྣམས་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱིས་བབ་ཆོལ་མ་ཡིན་པར་ལོངས་སྤྱོད་རྣམས་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བྱེད་ཀྱི། ་ཆོས་མ་ཡིན་པས་མ་ཡིན། བབ་ཆོལ་དུ་མ་ཡིན། ཕ་རོལ་ལ་གནོད་པར་བྱས་ཤིང་ཉམ་ང?་བར་བྱས་པས་ཀྱང་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་བུར་ཡང་བསླབ་པ་ལས། ་འགལ་བར་བྱས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་སྦྱིན་པ་ན་ཡང་མཛའ་བཤེས་དང། དགྲ་བོ་དང། ཐ་མལ་པ་རྣམས་དང། ཡོན་ཏན་ཅན་རྣམས་དང། སྐྱོན་ཅན་རྣམས་དང། དམན་པ་རྣམས་དང། མཚུངས་པ་རྣམས ་དང། ཁྱད་དུ་འཕགས་པ་རྣམས་དང། སྐྱིད་པ་རྣམས་དང། སྡུག་པ་རྣམས་ལ་ཡོན་གནས་ཡིན་པའི་ཉེ་བར་བཞག་སྟེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དང། ཇི་ལྟར ་དམ་བཅས་པ་ལས་བསྐྱུངས་ཏེ་སློང་བ་ལ་སྦྱིན་པར་མི་བྱེད་ཀྱི། མཚུངས་པ་འམ་ལྷག་པ་ཁོ་ནར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དངོས་པོ་བཟང་པོ་སྦྱིན་པར་དམ་བཅས་ན་ངན་པ་དང། ཐ་ཆད་སྦྱིན་པར་མི་བྱད་ཀྱི། ་དན་པ་དང་ཐ་ཆད་སྦྱིན་པར་དམ་བཅས་སུ་ཟིན་ཀྱང། བཟང་པོ་ཡོད་ན་བཟང་པོ་འབའ་ཞིག་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཡིད་མི་དགའ་བ་དང། ཁྲོས་པ་དང། ཡིད་འཁྲུག་པས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་སྦྱིན ་ནས་ཀྱང་ཡང་དང་ཡང་དུ་བརྗོད་ཅིང། ཁྱོད་ནི་འདི་དང་འདི་ལྟ་བུར་ངས་སྦྱིན་པས་ཕན་གདག་སོ་ཞེ་འམ། བསྐྱེད་དོ་ཞེ་འམ། དྲངས་སོ་ཞེས་སྨོས་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མིང་དན་པ་ལ་སྦྱིན་པ་སྦྱིན་པ་ཡང་བརྙས་ཤིང་མ ་གུས་པར་སྦྱིན་པར་མི་བྱེད་ན། ཡོན་ཏན་ཅན་ལ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལོག་པར་བསྒྲུབ་པ་རྣམ་པ་སྣ་ཚོགས་ལ་གནས་པ། རྒོད་པ་བདག་ཉིད་མ་བསྡེམས་པ། གཤེ་པ་ཁྲོ་བ། སྤྱོ་འདེབས་པ་རྣམས་ཀྱི་ལོག་བར ་བསྒྲུབ་པས་སྐྱོ་བའི་ཡིད་ཀྱིས་སྦྱིན་པ་མི་སྦྱིན་པར་ཡང་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་ལས་ཤས་ཆེར་ཉོན་མོངས་པས་བརླམས་པའི་རང་བཞིན་ཅན་ཡིན་པར་རྟོགས་ནས། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་བཞག་སྟེ་སྦྱིན་པ་སྦྱིན ་པར་བྱེད་དོ། །ལྟ་བ་ངན་པ་མཆོག་ཏུ་འཇིན?་ཅིང?་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟ་སྟེ། གནོད་པ་ཆེན་པོའི་མཆོད་སྦྱིན་རྣམས་དང། འཚེ་བའི་སྦྱིན་པས་ཆོས་སུ་འཛིན་པར་མི་འཛིན་པ་དང། དགེ་མཚན་དང་བཀྲ་ཤིས་དང་སྦྱར་ཏེ་སྦྱིན་པ་སྦྱིན ་པར་ཡང་མི་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཙམ་ཤིན་ཏུ་རྣམ་པར་དག་པས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རྣམ་པར་དག་པར་ཡང་འགྱུར་བར་ཡང་མི་འཛིན་ཏེ། སྦྱིན་པ་ནི་རྣམ་པར་དག་པར་འགྱུར ་བའི་ཚོགས་ཙམ་འབའ་ཞིག་ཡིན་པར་འཛིན་ཏོ། །འབྲས་བུ་ལ་ལྟ་ཞིང་སྦྱིན་པར་མི་བྱེད་དེ། སྦྱིན་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །སྦྱིན་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་རྣམ་པར་སྨིན ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་མངོན་པར་ཡིད་ཆེས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དྲིང་མི་འཇོག་ཅིང། གཞན་གྱིས་བཀྲི་བ་མེད་པར་སྦྱིན་པ་སྦྱིན་པར་བྱེད་དེ། དཔེར་ན། །ཟས་སྦྱིན་པས་ནི་སྟོབས་ཅན་འགྱུར། གོས་བྱིན ་བས་ནི་ཁ་དོག་ལྡན། །གཞོན་པ་བྱིན་པས་བདེ་འགྱུར་བརྟན། མར་མེ་སྦྱིན་པས་མིག་དང་ལྡན། ཞེས་བྱ་བ་ལ་སོགས་པ་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན་པར་ཡང་མི་བྱད་དོ། ་སྙིང་རྗེའི་བསམ་པ་ཁོ་ན་འབའ་ཞིག་གིས་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་དང་མི་མཐུན་པའི་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། འདི་ལྟ་སྟེ། སྡོམ་པ་ལ་བརྩོན་པ་རྣམས་དང་ཟས་དང་སྐོམ་ལྷག་མར་གྱུར་བ་འམ། ཕྱི་ས་དང། གཅིན ་དང། མཆིལ་མ་དང་སྣབས་དང་སྐྱུགས་པ་དང། རྙད་བུ་དང་རྣག་དང། ཁྲག་གིས་འབགས་པའམ། ཞག་ལོན་པའི་ཡོངས་སུ་མ་བསྙད་མ་སྦྲན་འབྲས་ཆན་དོར་ནས་ཆན་དོར་བར་འོས་པ་འམ། དེ་བཞིན་དུ་སྒོག་བཙོད་མི་ཟ་བ་དག་ལ་སྒོག་བཙོད་གིས ་འཕགས་པ་འམ། དེ་བཞིན་དུ་ཤ་མི་ཟ་བ་འམ་ཆང་མི་འཐུང་བ་དག་ལ་ཆང་དང་འདྲེས་ཤིང་ཆང་དང་འབགས་པ་དང། དེ་བཞིན་མི་མཐུན་པའི་ལས་བྱེད་དུ་འཇུག་ཅིང། བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པ་སྦྱིན་པར་ཡང་མི་བྱེད། དེ་ལྟ་བུ་དང་མཐུན ་རྐྱེན་དུ་མི་འབབ་པའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ཡང་དང་ཡང་བསླང་དགོས་པ་དང། སློང་ཞིང་ཕྱིར་འོང་དུ་ཞུགས་པ་དང། རྙོད་པ་འཚོ་བའི་ཚུལ་གྱིས་ཉོན་མོངས་ཤིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །བསླང་མ་ཐག ་ཁོ་ནར་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང། སྒྲ་དང། ཚིགས་སུ་བཅད་པ་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། ཕ་རོལ་ལས་ལན་འོད་བ་ལ་བརྟེན་པ་དང། བརྒྱ་བྱིན་ཉིད་དད་བདུད་ཉིད་དང ་འཁོར་ལོས་སྒྱུར་བ་ཉིད་དང། དབང་ཕྱུག་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །ཕ་རོལ་རྒྱལ་པོ་འམ། ཞང་བློན་ཆེན་པོ་འམ། གྲོང་རྡལ་གྱི་མི་འམ། ལྗོངས་ཀྱི་མི་རྣམས་དང། བྲམ་ཟེ་རྣམས་དང་ཁྱིམ་བདག་རྣམས་དང། ཕྱུག་པོ་རྣམས་དང ་ཚོང་དཔོན་རྣམས་དང། དེད་དཔོན་རྣམས་ཀྱི་གཏོང་ཕོང་པ་དང། སྦྱིན་བདག་ཡིན་པར་ཤེས་ནས་བཀུར་སྟི་བྱེད། བླ་མར་བྱེད་རིམ་གྲོར་བྱེད་མཆོད་པར་བྱེད་པར་གྱུར་ཀྱང་ཅི་རུང་སྙམ་སྟེ། གཞན་ལ་ཚུལ་འཆོས་བའི་ཕྱིར་ཡང་སྦྱིན་པ་སྦྱིན་པར ་ཡང་མི་བྱེད་དོ། །བཀྲེན་པའི་ཚུལ་དུ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། ཉུ་དུ་ལས་ཀྱང་ཕལ་ཆེར་སྦྱིན་པར་བྱེད་ན་མང་པོ་ལས་ལྟ་ཅི་སྨོས་འདི་སྦྱིན་པ་འདིས་བྲིད་དེ་ཡིད་ཆེས་པར་བྱས་ལ་དེའི་འོག་ཏུ་བསླུ་བར་བྱའོ་སྙམ་སྟེ། གཞན་དག་ལ་གླགས་བཅལ ་བའི་ཕྱིར་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །འདི་ལྟ་སྟེ། སྦྱིན་པས་གྲོང་ངམ། །གྲོང་གི་ཕྱོགས་ཅིག་གམ། ལྗོངས་སམ་ལྗོངས་ཀྱི་ཕྱོགས་ཅིག་གི་དབྱེན་བྱས་ཏེ། བདག་པོ་དག་ལས་ཕྲོགས་ནས་བཀུར་བར་བྱའོ་སྙམ་དུ་གཞན་དག་དང་དབྱེ་བའི ་ཕྱིར་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མཁས་པ་དང། ལེ་ལོ་མེད་པ་དང། སྒྲུབ་བོད་པ་དང་ལྡན་ཞིང་བདག་ཉིད་ཀྱིས་སྟ་གོན་དུ་མངགས་པ་ཡིན་ཏེ། །སྦྱིན་པར་བྱ་བའི་ཕྱིར་དངོས་པོ་ཡོངས་སུ་གཏོད་པའི ་སྔོན་དུ་འགྲོ་བར་རང་གིས་ཀྱང་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་དུ་འཇུག་ཅིང་བདག་ཉིད་སྙོམས་ལས་བྱེད་པར་བསྟེན་དེ་གཞན་དག་སྦྱིན་དུ་འཇུག་ཅིང་མངག་པར་ཡང་མི་བྱེད་དོ། །སློང་བའི་ཆོགས་ཆེན་པོ་འདུས་པ། ཚུལ་ཁྲིམས་དང་ལྡན་པ ་འམ། ཚུལ་ཁྲིམས་འཆལ་པ་རྣམས་འདུས་ཤིང་འཁོད་པར་ཤེས་ནས། རྒན་རིམ་ནས་གཞོན་རིམ་གྱི་བར་དུ་གྲལ་རིམ་བཞིན་དུ་ཡང་དང་ཡང་དུ་འགྲོ་ཞིང་འོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཐམས་ཅད་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ལོངས ་སྤྱོད་མང་པོ་རྒྱ་ཆེ་ཞིང་རྒྱས་པ་ཡོད་བཞིན་དུ་སྦྱིན་པ་ཉུང་དུ་སྦྱིན་པར་མི་བྱེད་དོ། །གཞན་དག་ལ་འཚེ་པའི་ཕྱིར་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད། གཤེ་བ་འམ། ཁྲོ་བ་འམ། བརྡེག་པ་འམ་བསྡིག་པ་འམ། སྨད་པ་འམ་གསད་པ་འམ། བཅིང་པ་འམ་ཆད ་པས་བཅད་པ་འམ། གོ་རང་གཞུག་པ་འམ། བསྐྲད?་པའི་ཕྱིར་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ཉིད་ནས་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་སེམས་དགའ་བར་བྱེད་ཅིང། སྦྱིན་ནས་ཀྱང་འགྱོད་པ་མེད་དོ། །ནོར་བུ་དང། མུ ་ཏིག་དང། བཻ་ཌཱུརྱ་དང། དུད་དང་མན་ཤེལ་དང། བྱུ་རུ་ལ་སོགས་པ་འདྲ་བར་བཅོས་པ་རྣམས་ཀྱང། དེ་འདོད་པའི་སེམས་ཅན་རྣམས་ལ་གཡོ་སྒྱུའི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནི་སྦྱིན་པར་བྱ་བའི་དངོས་པོ་ཉུད་དུ་འམ ་མང་པོ་ཅི་ཡང་རུང་སྟེ། སྔ་ནས་སེམས་ཀྱི་སེམས་ཅན་ཐམས་ཅད་ལ་བཏང་བ་མེད་དེ། ཕྱིས་སློང་བ་པོས་བདག་གི་ནོར་བརྙན་པོར་བཏང་བ་བྱང་ཆུབ་སེམས་དཔའ་ལས་ཕྱིར་འགུགས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་དུས་སུ་སྦྱིན་པ་སྦྱིན་པར་བྱེད་ཀྱི ་དུས་མ་ཡིན་པར་ནི་མ་ཡིན་ནོ། །བདག་ལ་ཕ་རོལ་ལ་རུང་བ་སྦྱིན་པར་བྱེད་ཀྱི་མི་རུང་བར་ནི་མ་ཡིན་ནོ། །ཚུལ་བཞིན་དུ་བྱེད་ཀྱི་ཚུལ་བཞིན་མ་ཡིན་པར་ནི་མི་བྱེད་དོ། །སེམས་མ་གཡེངས་པས་སྦྱིན་པར་བྱེད་ཀྱི་སེམས་གཡེངས་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས ་དཔའ་ནི་སློང་བ་ལ་འཕྱ་བར་མི་བྱེད་ཅིང། བསྟི་བར་མི་བྱེད་ཅིང། དེ་སྤ་འགོང་བར་མི་བྱེད་དོ། །ཁྲོ་གཉེར་མན་དུ་མི་བྱེད་དེ། བཞིན་གྱི་མདངས་གསལ་ཞིང། སྔར་འཛུམ་ལ་གསོང་པོར་སྨྲ་བར་བྱེད་དོ། །སྦྱིན་པ་འགྱངས་ཏེ་སྦྱིན་པར་མི་བྱེད་ཀྱི་ལ་གོར་དུ་བྲུར? ་ཏུ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་མ་བསླངས་པར་བདག་ཉིད་ཀྱིས་སྐབས་ཕྱེ་སྟེ། གཞན་དག་ལ་ཅི་འདོད་པ་དེ་ལ་དེ་སྦྱིན་པར་བྱེད་དོ། །རང་རང་གི་བསླངས་པ་དེ་ལ་ཡང་རྗེས་སུ་གནང་བར་བྱེད་དོ། །བྱང་ཆུབ ་སེམས་དཔའ་ནི་འཆལ་པའི་ཤེས་རབ་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེད་དེ་སྦྱིན་པ་ན་ཤེས་རབ་ཅན་གྱི་སྦྱིན་པ་ཁོ་ན་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་ངག ་ཡོད་དེ་བདོག་ན་སློང་བ་མ་འོངས་པའི་སྔ་རོལ་ཉིད་ནས་སེམས་འདི་སྙམ་དུ་མངོན་པར་འདུ་བྱེད་དེ། གལ་ཏེ་སྐྱེད་ཅིང་བཀྲེན་བ་མ་ཡིན་ལ་ཕོངས་པ་མགོན་དང། བཅས་རྟེན་དང་བཅས་པ་དང། སྡུག་ཅིང་བཀྲེན་ཕོངས་པ་མགོན་མེད་པ་རྟེན ་མེད་པ་རྣམ་པ་གཉིས་ཤིག་བདག་ལ་སློང་དུའོངས་ན། དེ་ལ་བདག་གི་གལ་ཏེ་གཉིག་ཡང་ཚིམ་པར་བྱ་བ་དང། འདོད་པ་བཞིན་དུ་ཡོངས་སུ་མ་ཡིན་པ་བཀད་བའི་ལོངས་སྤྱོད་འབྱོར་ན་ནི། དེའི་ཚེ་བདག་གིས་གཉི་ག་ཡང་ཚིམ་པར་བྱ་ཞིང། གཉི་གའི ་འདོད་པ་ཡོངས་སུ་བསྐང་བར་བྱའོ། །གལ་ཏེ་བདག་གིས་གཉི་ག་ཚིམ་པར་བྱ་འམ། འདོད་པ་བཞིན་དུ་ཡོངས་སུ་བསྐང་བར་བྱ་བའི་ལོང་སྤྱོད་མ་འབྱོར་ན་ནི། སྐྱིད་པ་ཤོས་བཏང་སྟེ། སྡུག་པ་ཤོས་ལ་སྦྱིན་པ་སྦྱིན་པར་བྱའོ། །བཀྲེན་པ་མ་ཡིན་ཞིང ་ཕོངས་པ་མ་ཡིན་ལ། མགོན་དང་བཅས་བརྟེན་དང་བཅས་པ་བཏང་སྟེ། བཀྲེན་ཞིང་ཕོངས་པ་མགོན་མེད་པ་དང་རྟེན་པ་དང་སྦྱིན་པ་སྦྱིན་པར་བྱའོ་སྙམ་མོ། །དེས་དེ་ལྟར་སེམས་མངོན་པར་འདུ་བྱས་ནས། ཇི་ལྟར་མངོན་པར་འདུ་བྱས་པ་དེ་ཁོ་ན ་བཞིན་དུ་ལས་སུ་སྒྲུབ་པར་བྱེད་དོ། །གལ་ཏེ་སློང་བ་སྐྱིད་པ་ཤོས་ཀྱི་འདོད་པ་བཞིན་དུ་ཡོངས་སུ་བསྐང་མ་ནུས་ན་ཡང་དེས་བདག་གི་སེམས་མངོན་པར་འདུ་བྱེད་བའི་རྟོག་པ་སྔ་མ་དེ་ཉིད་ལ་བརྟེན་ཏེ། སློང་བདེ་ལ་འདི་སྐད་དུ་སྡུག་པ་འདི་ལ་སྦྱིན་པར་བྱེད་པའི ་དངོས་པོ་འདིས་ངས་བཏད་ཟིན་ཏེ། སྔ་ནས་ཡི་དམ་དུ་བཅས་པའི་ཕྱིར་ངས་འདི་ལ་སྦྱིན་པ་ཡིན་གྱི། ཁྱོད་ལ་སྦྱིན་པ་མི་འདོད་པ་ནི་མ་ཡིན་ནོ། །དེ་བས་ན་བཞིན་བཟང་ཁྱོད་ངོ་བཟློག་གོ་སྙམ་དུང་ལ་མ་སེམས་ཤིག་ཅེས་ཤས་ཀྱིས་སྦྱང་བར་བྱས་ཏེ་གཏོང་བར ་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་དག་ཡོད་དེ། བདོག་ན་སེར་སྣ་ཅན་གྱི་ཁྱིམ་དང། མཆོག་ཏུ་སེར་སྣ་ཅན་གྱི་ཁྱིམ་ཡོ་བྱད་རྣམས་ཀུན་ཏུ་འཛིན་ཅིང་འཇུངས་ལ་ལ་ན་འགའ་ཡང་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་སྦྱིན་པར ་བྱ་བའི་ཆོས་རྣམས་གཏོང་མ་མྱོང་བའི་ཁྱིམ་དེ་དག་དུ་བྱང་ཆུབ་སེམས་དཔའ་སོང་ནས་ཡང་དག་པར་མགུ་བར་བྱ་ཞིང་བག་ཕེབས་པར་བྱ་སྟེ། འདི་སྐད་དུ། ཀྱེ་ཚུར་ཤོག་།ཁྱེད་ནོར་འགོད་པ་མེད་པར་ང་ལ་ཕན་གདགས་པ་ཆེན་པོས་ཉེ་བར་གནས ་པར་གྱིས་ཤིག་།ངའི་ཁྱིམ་ན་ལོངས་སྤྱོད་རྒྱ་ཆེན་པོ་དང་སྦྱིན་པར་བྱ་བའི་ཆོས་རྒྱ་ཆེན་པོ་དག་ཡོད་དེ། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སློང་བ་པོ་འདོད་ཀྱིས། གལ་ཏེ་ཁྱེད་ཀྱི་སློང་བ་དང་ཕྲད་ན་བཟློག་སྟེ་མ་བཏང་བར་ཡང་ན་ནི ་དའི་ནོར་སྦྱིན་པར་བྱ་བའི་ཆོས་ལས་ལོང་བ་དེ་དག་ལ་ཅི་བདེར་བྱིན་ཅིག་།ཡང་ན་ནི་སློང་བ་དེ་དག་ངའི་ཐད་དུ་ཁྲིད་དེ་ཤེག་ཅིག་།ངས་སྦྱིན་པ་སྦྱིན་པས་རྗེས་སུ་ཡི་རང་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་ཀྱང་དེ་ལས་ཐོས་ནས་ནོར་མི་དགོད་ཅིང། དགའ་བར་བྱས་ནས ་རིགས་ཀྱི་བུ་འདི་བདག་ལ་སེམས་དགའ་བར་འགྱུར་རོ་སྙམ་སྟེ། དེ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱི་མ་ལ་སེར་སྣའི་དྲི་མ་གསལ་བའི་ས་བོན་བཏབ་པ་ཡིན་ཏེ། རིམ་གྱིས་གོམས་པར་བྱེད་པ་དེ་དང། ཤེས་རབ་སྔོན་དུ ་འགྲོ་བའི་ཐབས་ལ་མཁས་པ་དེས་ན། རང་རང་གིས་ཀྱང་ནོར་ཉུང་དུ་སྦྱིན་པར་བྱེད་ཅིང། མ་ཆགས་པ་ཆུང་ངུ་ལ་བརྟེན་ནས་འབྲིང་ཐོབ་པར་འགྱུར་ལ། འབྲིང་ལ་བརྟེན་ནས་ཆེན་པོ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་མཁན་པོ་དང་སློབ ་དཔོན་དང། ལྷན་ཅིག་གནས་པའི་སློབ་མ་དང། ཚངས་པ་མཚུངས་པར་སྤྱོད་པ་གང་དག་ཆགས་པའི་རང་བཞིན་ཅན་དང། བརྐམ་པའི་རང་བཞིན་ཅན་ཡིན་ནམ། གང་དག་བརྐམ་པའི་རང་བཞིན་ཅན་མ་ཡིན་པར་ཡང་སྦྱིན ་བར་བྱ་བའི་ཆོས་མེད་དེ། འདོད་པས་ཕོངས་པར་གྱུར་ན་དེ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་བརྟེན་པ་འམ། ཆོས་དང་དགེ་འདུན་ལ་བརྟེན་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བྱེད་པར་འདོད་པས། སྦྱིན་པར་བྱ་བའི ་ཆོས་དེ་རྣམས་དེ་དག་ཉིད་ལ་སྦྱིན་ཞིང། དེ་དག་བྱེད་དུ་འཇུག་སྟེ་བདག་ཉིད་མི་བྱེད་དོ། །དེ་ལྟར་བྱས་པས་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱིས་ཀྱང་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་པ་ཡིན། ཚངས་པ་མཚུངས་པར་སྤྱོད་པ་དེ་ཁ་ཅིག ་གི་ཉོན་མོངས་པ་ཡང་བརྟུལ་བ་ཡིན་ཏེ། དེ་ཁ་ཅིག་གི་ཆོས་འདོད་པ་ཡང་ཡོངས་སུ་རྫོགས་པར་བྱས་པ་ཡིན་ཏེ། སེམས་ཅན་བསྡུས་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱས་པར་ཡང་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན ་པར་བྱ་བའི་ཆོས་དག་ཡོད་དེ་བདོག་ན་།སློང་བ་པོའི་བསམ་པ་མཚན་མཙམ་གྱིས་རྟོགས་ན་ཡང། ཅི་འདོད་པར་སྦྱིན་པར་བྱ་བའི་ཆོས་རྣམས་སྦྱིན་པར་བྱེད་དོ། །གང་ཞིག་འདི་སྒྱུ་ཚོང་གིས་བྲིད་པར་བྱའོ་སྙམ་ཏེ། དེའི་ཐད་དུ་འོངས་ན་ཡང ་དེའི་བསམ་པ་རྟོགས་ནས། དེའི་ཉས་པར་སྤྱོད་པ་གཞན་དག་ལ་ཡང་འཆབ་པར་བྱེད་ན། དེ་ཉིད་ལྟ་ལ་ཅི་སྨོས་ཏེ། དེ་འདོད་པ་ཡོངས་སུ་རྫོགས་པར་བྱེད་ལ། ཅི་ནས་ཀྱང་དེ་སྐྱེངས་པར་མི་འགྱུར་བ་དང། མགུ་ཞིང་འཇིགས་པར་མེད་པ ་དང་།ཡིད་དགའ་བར་གྱུར་པས་ཕྱིར་འགྲོ་བར་བྱེད་དོ། །གང་གིས་བྱང་ཆུབ་སེམས་དཔའ་གཡོ་སྒྱུས་འདི་པར་གྱུར་ལ་།བྲིད་པ་དེ་ཡང་དེས་སྔང་མ་རྟོགས་ཏེ་ཕྱིས་རྟོགས་པར་གྱུར་ན་ཡང། འབྲིད་པའི་གང་ཟག་དེ་ལ་གཞི་དེས་གླེད་པ་འམ ་དྲན་པར་མི་བྱེད་ལ་དེའི་སྒྱུ་ཐབས་ཀྱིས་མ་བྱིན་པར་ལེན་པ་དེ་དག་ཐམས་ཅད་ལ་ཡང་བསམ་པས་རྗེས་སུ་དགའ་བར་བྱེད་དེ། དེ་ལྟ་བུ་དང་མཐུན་པ་ཡང་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པར་བྱ་བའི་ཆོས་ཡོད་དེ་བདོག་པ་རྣམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར ་བྱའོ། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་མེད་དེ་མི་བདོག་ནའང། བྱང་ཆུབ་སེམས་དཔའ་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་ལ་སྦྱངས་པ་བཟོ་དང་ལས་ཀྱི་གནས་དེ་ལྟ་བུ་དང་མངོན་དུ་བྱེད་ཅིང། དེས་ཆོགས་ཆུང་ངུས་ནོར་གྱི ་ཕུང་པོ་ཆེན་པོ་བསྒྲུབས་ཏེ་གནས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་གཏམ་སྣ་ཚོགས་དང། སྙན་པའི་གཏམ་དང་སྤོས?་པ་དགེ་བ་དང་ལྡན་པ་ཅི་ནས་སེམས་ཅན་དབུལ་པོ་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་གྱུར་ན། ཕྱུག་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་དང ་སེར་སྣ་ཅན་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་འགྱུར་ན། གཏོང་བའི་རང་བཞིན་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་གཞན་དག་ལ་ཆོས་སྟོན་པར་བྱེད་དོ། །ཡང་ན་སློང་བ་པོ་ལྷགས་ཤིང་ལྷགས་པ་རྣམས་དང་པ་དང་ལྡན་པའི་ཁྱིམ་གང་དག་ན་ལོངས ་སྤྱོད་རྒྱ་ཆེན་པོ་དང་ལྡན་པས། ཉིན་ཅིག་བཞིན་དུ་སྦྱིན་པར་བྱ་བའི་ཆོས་ཁོ་ན་ལ་འཇུག་པའི་ཁྱིམ་དེ་དག་ཏུ་གཏོང་བར་བྱེད་དོ། །བདག་ཉིད་ཀྱང་སྦྱིན་པ་སྦྱིན་ཞིང་བསོད་ནམས་བྱེད་པ་དག་ཏུ་སོང་ནས་མཁས་པ་དང་ལེ་ལོ་མེད་པ་དང་སྒྲུབས་ཕོང་པས་སེམས ་མངོན་པར་དགའ་བར་བྱས་ནས་ལུས་དང་དག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ཉམས་སུ་ལེན་པར་བྱེད་ལ། སྦྱིན་པ་དེ་ཡང་སློང་བ་རྣམས་ལ་ལེགས་པར་སྦྱིན་པར་བྱེད་དོ། །དེ་ལྟར་ན་དོ་མ་སྙོམས་པ་འམ། ཚུལ་མ་ཡིན་པ་འམ་བརྗེད་ངས་པས་ཞལ་ཏ་བྱེད་པ་དང་མི ་མཐུན་པའི་ཕྱིར་སྦྱིན་པ་དེ་ཉེ་བར་བྱིན་པ་གང་ཡིན་པ་དེ་མེད་པར་འགྱུར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་དག་མེད་དེ་མི་བདོག་བཞིན་དུ་ཤེས་རབ་ཅན་གྱིས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ།། ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རྣམ་པར་དག་པ་ནི་ཇི་ལྟ་བུས་ངན་སོང་ལས་ཡང་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟང་མི་ཤེས་པ་ཐོབ་པར་འགྱུར་རོ། །གཞན་ཡང ་བྱང་ཆུབ་སེམས་དཔའ་ནི་མུ་སྟེགས་ཅན་གླགས་འཚོལ་བ་ལ་ཆོས་ཁས་འཆད་པའམ། གླེགས་བམ་དུ་བྱས་པའང་སྦྱིན་པར་མི་བྱེད་དོ། །ཆགས་པའི་རང་བཞིན་ཅན་གླེགས་བམ་འཚོང་བར་འདོད་པའམ་སྦྱེད་པར་འདོད་པ་འམ་དེ་ཤེས་པས་དོན་དུ་གཉེར ་བ་མ་ཡིན་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །ཤེས་རབ་འདོད་པ་ལ་ནི་གལ་ཏེ་གླེགས་བམ་བདག་ལ་དགོས་པའི་དོན་བྱས་ཟིན་ན་དེ་ལ་ཅི་བདེར་སྦྱིན་པར་བྱེད་དོ། །གལ་ཏེ་དེས་གང་གི་དོན་དུ་གླེགས་བམ་དེ་བསྒྲུབས་པའི་དོན་མ་གྲུབ་ན་ནི་འདི་ལྟར་བྱང་ཆུབ ་སེམས་དཔའ་དེས་དཔེ་གཞན་མ་མཐོང་ན་སྦྱིན་པར་བྱེད་དོ། །ཡང་ན་གཞན་བྲིས་ཏེ་སྦྱིན་པར་བྱེད་དོ། །གལ་ཏེ་དཔེ་གཞན་ཡང་མ་མཐོང་ངམ། འདྲི་ཡང་མི་ནུས་ན་ནི་དེས་ཐོག་མ་ཁོ་ནར་བདག་གིས་སེམས་ལ་བརྟག་པར་བྱ་སྟེ། བདག་གི་སེམས ་ཆོས་ལ་སེར་སྣ་བྱེད་པའི་དྲི་མས་ཀུན་ནས་བཀྲིས་པར་མ་གྱུར་གང། བདག་ཆོས་བྲིས་པ་སྙིང་ནས་སྦྱིན་པར་མི་འདོད་པར། མ་ཡིན་གྲང་སྙམ་དུ་བརྟག་པར་བྱའོ། །གལ་ཏེ་དེས་དེ་ལྟར་བརྟགས་པ་ན་བདག་ལ་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཅུང་ཟད ་ཀུན་ཏུ་སྤྱོད་པ་ཡང་ཡོད་དོ་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་སྙམ་དུ་གལ་ཏེ་བདག་ཆོས་ཀྱི་སྦྱིན་པ་འདིས་ཚེ་འདི་ལ་ལྐུག་པ་ཁོ་ནར་གྱུར་ན་ཡང་བདག་གི་ཉོན་མོངས་པ་དང་དུ་བླང་བར་མི་བྱ་སྟེ། ཆོས་ཀྱི་སྦྱིན་པ་དེས་པར་སྦྱིན་དགོས ་པར་འགྱུར་ན་ཡེ་ཤེས་ཀྱི་ཚོགས་མེད་པར་འགྱུར་བ་ལྟ་ཅི་སྨོས་སྙམ་དུ་སེམས་མངོན་པར་འདུ་བྱས་ཏེ། ཆོས་ཀྱི་སྦྱིན་པ་དེ་ངེས་པ་ཁོ་ནར་སྦྱིན་པར་བྱའོ། །གལ་ཏེ་དེ་ལྟར་རྟོགས་པ་ན་བདག་ལ་ནི་ཆོས་ལ་སེར་སྣ་བྱེད་པའི་དྲི་མ་ཅུང་ཟད་ཀུན་ཏུ་སྤྱོད་པར ་ཡང་མེད་དོ་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་ལྟར་བརྟག་པར་བྱ་སྟེ། བདག་གིས་ནི་ཉོན་མོངས་པ་གཞོམ་པའི་ཕྱིར་རམ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རམ། སེམས་ཅན་དགའ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན ་པ་འདི་སྦྱིན་པར་བྱེད་པ་ཡིན་ན་ངས་ཉོན་མོངས་པ་མ་མཐོང་ལ། མ་བྱིན་ན་ཚེ་འདི་དང་ཕྱི་མ་ལ་ཡེ་ཤེས་ཀྱི་ཚོགས་ཆེ་བས་མང་དུ་མཐོང་ལ། བྱིན་ན་ནི་རྟོགས་པ་ཆེན་པོར་མི་འགྱུར་ཞིང། ཚེ་ཕྱི་མ་ལ་ཆོས་ཀྱི་རྙེད་པ་ཆེན་པོར་འགྱུར་གྱི་ཆུང་བ་མ་ཡིན ་ལ། མ་བྱིན་ན་ནི་ངས་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བར་བྱ་བའི་ཕྱིར་ཡེ་ཤེས་བསྒྲུབས་པས། སེམས་ཅན་འདི་དང་སེམས་ཅན་གཞན་ཐམས་ཅད་དགའ་བར་བྱེད་པར་འགྱུར་གྱི། བྱིན་དུ་ཟིན་ན་ནི་སེམས་ཅན་འདི་གཅིག་པུ་དགའ་ ་བར་འགྱུར་རོ་སྙམ་སྟེ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས། གལ་ཏེ་བྱང་ཆུབ་སེམས་དཔས་མ་བྱིན་ན་ནི་ཁ་ནམ་ཐོ་བར་ཡང་མི་འགྱུར། འགྱོད་པར་ཡང་མི་འགྱུར། བྱང་ཆུབ་སེམས་དཔའ་ཨི་ཚུལ་ལས་འགལ་པར་མི་འགྱུར་རོ། །ཇི་ལྟར་མི་འགྱུར་ཞེ ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་ཁྱོད་ལ་མི་སྦྱིན་ནོ་ཞེས་ཚིག་བརླང་པོས་ཕྱིར་བཟློག་པར་མི་བྱེད་མེད་ཀྱི། འོ་ན་ཀྱང་ཐབས་མཁས་བས་དེ་བརྡ་སྤྲད་དེ་གཏོང་བར་བྱད་དོ། །དེ་ལ་ཐབས་མཁས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔས་ནི་ཡོ་བྱད་ཐམས་ཅད ་དང། སྦྱིན་པར་བྱ་བའི་ཆོས་ཐམས་ཅད་ཐོག་མ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་པ་རྣམ་པར་དག་པས་ཕུལ་ཞིང་བསྡོས་ཟིན་ཏེ། དཔེར་ན་དགེ་སློང་གིས་སློབ་དཔོན་ནམ་མཁའ་པོ་ལ་ཆོས་གོས་བསྡོ་བ་བཞིན་ནོ། །དེས་དེ ་ལྟར་བསྡོས་པའི་ཕྱིར་ཡོ་བྱད་དང། སྦྱིན་པར་བྱ་བའི་ཆོས་སྣ་ཚོགས་རྒྱ་ཆེན་པོ་ཐམས་ཅད་བསགས་སུ་ཟིན་ཀྱང། འཕགས་པའི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བསོད་ནམས་དཔག་ཏུ་མེད་པ་ཡང་འཕེལ་བར་འགྱུར་རོ། །དེའི་བསོད་ནམས ་དེ་ཡང་བརྟག་ཏུ་དེ་ལ་ལན་མང་དུ་ཡིད་ལ་བྱེད་པས་དུས་ཐམས་ཅད་དུ་ལྡན་པར་མངོན་པར་འཕེལ་བར་འགྱུར་རོ། །དེས་སྦྱིན་པར་བྱ་བའི་ཆོས་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཏམས་ཏེ ་གཞག་པ་དང་འདྲ་བར་འཆང་བར་བྱེད་དེ། གལ་ཏེ་སློང་བ་པོ་མཐོང་བ་དེ་ལ་སྦྱིན་པར་བྱ་བའི་ཆོས་ཅི་འདོད་པ་སྦྱིན་པར་འོས་པ་ཞིག་མཐོད་ན་ནི་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་ཡོངས་མ་བཏང་བ་གང་ཡང ་མེད་དོ་སྙམ་དུ་ཤེས་རབ་བྱས་ནས་སློང་པ་པོའི་འདོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །གལ་ཏེ་འོས་པ་མ་ཡིན་པར་མཐོང་ན་ནི་དེས་རྟོག་པ་དེ་ཉིད་ལ་བརྟེན་ནས། བཞིན་བཟངས་དག་ནི་གཞན་གྱི་ཡིན་ཏེ། ཁྱེད་ལ་སྦྱིན་པར་སྣང་བ་མེད་དོ་ཞེས་དེ ་ལ་ཚིག་འཇམ་པོས་གོ་བར་བྱེད་དོ། །ཡང་ན་གཞན་དེའི་ཉིས་འགྱུར་རམ་སུམ་འགྱུར་སྦྱིན་ཞིང་རིམ་གྲོ་དང་བཀུར་སྟིར་བྱས་ནས་གཏོང་པར་བྱེད་དེ། ཅི་ནས་དེ་བྱང་ཆུབ་སེམས་དཔའ་འདི་ནི་ཆགས་པའི་རང་བཞིན་ཅན་དུ་འགྱུར་ཏེ། བདག་ཅག་ལ ་སྦྱིན་པར་མ་ཡིན་གྱི། འདི་ནི་གླེགས་བ་མ་གྱི་ཆོས་འདི་སྦྱིན་པའི་དབང་མེད་པ་ཞིག་ཡིན་གོར་མ་ཆག་སྟེ། དེའི་ཕྱིར་སྦྱིན་པར་མི་བྱེད་དོ་སྙམ་དུ་ཤེས་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་སྦྱིན་པ་ལས་བརྩམས་ཏེ། ཤེས་རང་ཅན་གྱི ་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་དང་ཟང་ཟིང་གི་རང་བཞིན་གྱི་སྦྱིན་པ་ཐམས་ཅད་ནི་རྣམ་གྲངས་དང། མཚན་ཉིད་དང། དེས་བའི་ཚིག་དང་རྒྱུ་དང་འབྲས་བུ་དང། རབ་ཏུ་དབྱེ་བ་ལས་ཀྱང། ཡང་དག་པ་ཇི་ལྟ ་པ་བཞིན་དུ་རབ་ཏུ་ཤེས་ནས་སྦྱིན་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ནི་བྱམས་པའི་བསམ་པས་སྦྱིན་པ་སྦྱིན་པར ་བྱེད་དོ། སྡུག་བསྔལ་བ་རྣམས་ལ་ནི་སྙིང་རྗེའི་བསམ་པ་དང་ཡོན་ཏན་ཅན་རྣམས་ལ་ནི་དགའ་པའི་བསམ་པ་དང། ཕན་འདོགས་པ་རྣམས་ལ་ནི་མཛའ་བཤེས་རྣམས་དང། སྙིང་དུ་སྡུག་པ་རྣམས་ལ་ནི་བཏང་སྙོམས་ཀྱི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་དེ། འདི ་ཡང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་གེགས་བྱེད་པ་དང་སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ཡང། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་སྦྱིན་པའི་གེགས ་བྱེད་པ་ནི་བཞི་སྟེ། སྔོན་མ་གོམས་པ་དང། སྦྱིན་པར་བྱ་བའི་ཆོས་ཉུང་སྟེ་མི་ལྡན་པ་དང། དངོས་པོ་མཆོག་དང་ཡིད་དུ་འོང་བ་ལ་ཞེན་པ་དང། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལྟ་ཞིང་མངོན་པར་དགའ་བའོ། །གང་གི་ཕྱིར་བྱང་ཆུབ ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ན་སྦྱིན་པ་ལ་སེམས་མི་འཇུག་ན། དེ་ཉེས་པ་འདི་ནི་བདག་མ་གོམས་པས་ལན་ནོ་སྙམ་དུ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་འགྱུར་ཞིང། འདི་ལྟར་ཡང་བདག ་གིས་སྡོན་སྦྱིན་པ་མ་བྱིན་པ་གོར་མ་ཆག་སྟེ། དེས་ན་བདག་དེ་ལྟར་ལོངས་སྤྱོད་རྣམས་ཀྱང་ཡོད་ལ་སློང་བ་པོ་ཡང་འགས་པར་འོངས་བཞིན་དུ་སྦྱིན་པ་ལ་སེམས་མི་འཇུག་གོ་།གལ་ཏེ་དེ་ལྟར་སོ་སོར་བརྟགས་ནས་སྦྱིན་པ་མ་བྱས་ན་ཕྱི་མ་ལ་ཡང་དག་སྦྱིན་པ ་ལ་ཞེ་སྔར་བར་འགྱུར་རོ་སམ་དུ་རྟོགས་པར་འགྱུར་ཏེ། དེས་དེ་ལྟར་རྟོགས་ནས་ཀྱང་སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ལ་བརྟེན་ནས་སོ་སོར་རྟོག་སྟེ། སྦྱིན་པར་བྱེད་ཀྱི་མ་གོམས་པ་ལས་གྱུར་པའི་ཉེས་པའི་རྗེས་སུ་འབྲང་ཞིང་དེའི་དབང་དུ་འགྲོ་བ་མ་ཡིན་ནོ། །གཞན ་ཡང་གལ་ཏེ་སློང་བ་པོ་ལེགས་པར་འོངས་ལ་ལོངས་སྤྱོད་ཆུང་བས་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཨི་སེམས་མི་འཇུག་ན། དེས་སྦྱིན་པའི་གེགས་བྱེད་པའི་རྒྱུ་ཕོངས་པ་ལས་གྱུར་པ་དེས་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། ཕོངས་པ་ལས་གྱུར་པའི ་སྡུག་བསྔལ་དེ་དང་དུ་བླངས་ཏེ། སོ་སོར་བརྟགས་ནས་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་འདི་སྙམ་དུ་འཁོར་བ་ན་ཕ་རོལ་ལ་ཕན་མ་བཏགས་པར་སྡོན་གྱི་ལས་ཀྱི་ཉེས་པའམ། གཞན་གྱིས་དབང་བྱས་བས ་བདག་གིས་བཀྲེས་པ་དང་བསྐོམ་པ་ལ་སོགས་པའི་སྡུག་བསྔལ་མི་བཟང་བརླག་པ་མང་དུ་མྱོང་བར་གྱུར་གྱིས། གལ་ཏེ་ཚེ་འདིའི་སྡུག་བསྔལ་གཞན་ལ་ཕན་འདོགས་པའི་རྒྱུ་སྦྱིན་པ་ལས་བྱུང་བའི་དེས་བདག་འཆི་ཞིང་དུས་བྱེད་པར་འགྱུར་དུ ་ཟིན་ཀྱང། བདག་ལ་ནི་སྦྱིན་པ་ཁོ་ན་ལེགས་པར་འགྱུར་གྱི། སློང་བ་པོ་ཕྱིར་བཟློག་པ་ནི་དེ་ལྟ་མ་ཡིན་ཏེ། དེ་མེད་དུ་ཟིན་ཀྱང་ཁ་ཅིག་སྔོ་རྡད་ཅི་ཡང་རུང་བ་ཙམ་གྱིས་འཚོའོ་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཕོངས་བ་ལས ་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །གཞན་ཡང་སློང་བ་པོ་ལེགས་པར་འོངས་པ་ན། གལ་ཏེ་སྦྱིན་པར་བྱ་བའི་དངོས་པོ་ཤས་ཆེར་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་པའི་ཕྱིར་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་མི ་འཇུག་ན། །བྱང་ཆུབ་སེམས་དཔའ་ཞེན་པ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། བདག་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་འདི་ནི་ཕྱི་མ་ལ་སྡུག་བསྔལ་བ་བསྐྱེད་པ་ཡིན་ནོ་སྙམ་དུ་ཕྱིན་ཅི་ལོག་ཏུ ་ཡོངས་སུ་ཤེས་ནས། དེ་སྤངས་ཏེ་སོ་སོར་རྟོགས་ནས་དངོས་པོ་དེ་སྦྱིན་པར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེ་སྦྱིན་པ་སྦྱིན་པར། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའི་ཕན་ཡོན་ལ་བལྟ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་ཕན་ཡོན་ལ་མི་བལྟ་བར་འགྱུར་ན། བྱང་ཆུབ་སེམས་དཔས་ལོག་པའི་འབྲས་བུ་ལ་ལྟ་བ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་པར་ཤེས་རབ་ཀྱི་རྟོགས་ནས་།འདུ་བྱེད་ཐམས་ཅད་སྙིང་པོ་མེད་པ་ཉིད་དུ་ཡང་དག་པ་ཇི ་ལྟ་བ་བཞིན་དུ་སོ་སོར་བརྟག་སྟེ། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་ལ་འཇིག་པའི་དང་ཅན་ནོ། །འབྲས་བུ་ལོངས་སྤྱད་པ་རྣམས་ནི་ཡོངས་སུ་ཟང་ནས་འཇིག་པའི་དང་ཅན་དང། འབྲལ་པས་འཇིག་པའི་དང་ཅན་ནོ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པ་ན ་འབྲས་བུ་ལ་ལྟ་བ་སྤངས་ནས་སྦྱིན་པ་གང་ཅི་སྦྱིན་ཡང་རུང་སྟེ། དེ་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་ཁོ་ནས་སྦྱིན་པར་བྱེད་དེ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་གེགས་བྱེད་པ་རྣམ་པ་བཞི་དང། སྦྱིན་པ་ལ་གེགས་བྱེད་པའི་གཉེན ་པོ་རྣམ་པ་བཞི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། རྟོགས་པ་དང། སྡུག་བསྔལ་དང་དུ་ལེན་པ་དང། ཕྱིན་ཅི་ལོག་ཡོངས་སུ་ཤེས་པ་དང། འདུ་བྱེད་ལ་སྙིང་པོ་མེད་པ་ཉིད་དུ་ལྟ་བའོ། །དེ་ལ་གཉེན་པོ་ཤེས་པ་སྔ་མ་དེ་རྣམ་པ་གསུམ་གྱིས་ནི ་བྱང་ཆུབ་སེམས་དཔའ་དེས་བར་ལེགས་པར་སྦྱིན་པ་སྦྱིན་པར་བྱེད་དོ། །གཉེན་པོ་ཤེས་པ་ཐ་མ་གཅིག་གིས་ནི་ཡང་དག་བའི་བསོད་ནམས་ཀྱི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་དོ། །འདི་ཡང་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག ་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དབེན་པར་སོད་སྟེ། ནང་དུ་བསྡུས་ནས་བསམ་པ་དག་ཅིང་སྙིང་ཐག་པ་ནས་དང་བས་ཀུན་ཏུ་རྟོག་པ་དག་གི་སྦྱིན་པར་བྱ་བའི་ཆོས་རྣམ་པ་སྣ་ཚོགས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དག་མོས་ཤིང་སེམས་ཅན ་རྣམས་ལ་སྦྱིན་པ་བསྟབས་པར་འདོད་དེ། དེས་བྱང་ཆུབ་སེམས་དཔའ་ཚེགས་ཆུད་དུས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས ་དཔའ་ཤེས་རབ་ཅན་ཤེས་རབ་ཆེན་པོ་དང་ལྡན་བའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་ནོ། །དེ་ལྟར་མདོར་བསྡུ་ན་ཟང་ཟིང་གི་སྦྱིན་པར་གཏོགས་བའི་སྦྱིན་པར་བྱ་བའི་ཆོས་བདོག་བ་རྣམས་དང། མི་མདོག་པ་རྣམས་དང། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལ་བརྟེན་པ ་དང། སོ་སོར་ཡང་དག་པར་རིག་པ་ལ་བརྟེན་པ་དང། ལྷག་པའི་བསམ་པ་རྣམ་པར་དག་པའི་སྦྱིན་པ་ལ་བརྟེན་པ་དང། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོ་ཤེས་པ་ལ་བརྟེན་པ་དང། ལྷག་པའི་བསམ་བས་མོས་པའི ་སྦྱིན་པ་ལ་བརྟེན་པ་ནི། བྱང་ཆུབ་སེམས་དཔའ་ཁོ་ནའི་མ་འདྲེས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་སྦྱིན་བའི་རབ་ཏུ་དབྱེ་བརྒྱས་བ་དེ་ལྟ་བུ་ཡིན་བར་རིག་བར་བྱའོ། །འདི་མན་ཆད་དཀའ་བའི ་སྦྱིན་པ་ལ་སོགས་པ་གཞན་ཐམས་ཅད་ནི། ཐམས་ཅད་ཀྱང་སྦྱིན་པ་འདི་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པར་བྱ་བའི་དངོས་པོ་ཆུང་དུ་བདོག་ན ་བདག་ཉིད་ལ་གནོད་པར་བྱས་ཏེ། སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྦྱིན་པ་དང་པོའོ། །བྱང་ཆུབ་སེམས་དཔའ་སྡུག་པའི་དངོས་པོ་རང་བཞིན་གྱིས་བྱམས་པ་འམ། ་ཡུན་རིང་པོ་ནས་འདྲེས་པ་འམ། ཤས་ཆེར་ཕན་པ་འམ། སྦྱིན་པར་བྱ་བའི་དངོས་པོ་མཆོག་དང་རབ་ཏུ་མཆོག་ཏུ་གྱུར་བའི་ཞེན་པ་གསལ་ནས། གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྦྱིན་པ ་གཉིས་པའོ། །བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཚེགས་ཆེན་པོས་བསྒྲུབས་པ་རྣམས་གཞན་དག་ལ་སྦྱིན་བར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་དཀའ་བའི་སྦྱིན་པ་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐམས ་ཅད་ཀྱི་སྒོ་ནས་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་འམ། ཡང་ན་གཞན་དག་ལས་བསླངས་ནས། སྦྱིན་པར་བྱ་བའི་དངོས་པོ་འམ། བདག་གི་ཚལ་ཟ་བ་དང། ཕ་མ་དང་བུ་དང་ཆུང་མ་དང། བྲན་དང་བྲན་མོ་དང། ལས ་བྱེད་པ་དང། ཞོ་ཤེས་འཚོ་བ་དང། མཛའ་བཤེས་དང། གྲོས་གྲོགས་དང། ཉེ་དུ་དང་རྒན་རབས་རྣམས་སམ། ཡང་ན་གཞན་འདོད་པ་རྣམས་ལ་སྦྱིན་པར་བྱེད་པ་གང་ཡིན་པ་རྣམ་པ་བཞི་པོ་འདི་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་ཨི་ཐམས ་ཅད་ཀྱི་སྒོ་ནས་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་དང་བ་དང། བཀུར་སྟི་དང། རང་གི་ལག་དར་བ་དང། དུས་ལ་བབ་པ་དང་གཞན་ལ་མི་རེ་ནོད་པར་སྦྱིན ་པ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་ཨི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། མི་བརྟེན་པར་སྦྱིན་པ་དང། མི་སྲི་བར་སྦྱིན་པ་དང། ་དགའ་བས་སྦྱིན་པ་དང། རྒྱུན་མི་འཆད་པར་སྦྱིན་པ་དང། སྣོད་ལ་སྦྱིན་པ་དང། སྣོད་མ་ཡིན་པ་ལ་སྦྱིན་པ་དང། ཐམས་ཅད་སྦྱིན་པ་དང། ཀུན་ལ་སྦྱིན་པ་དང། དུས་ཐམས་ཅད་སྦྱིན་པ་དང། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་དང། སེམས་ཅན ་གྱི་དངོས་པོ་ཐམས་ཅད་སྦྱིན་པ་དང། ཡུལ་གྱི་དངོས་པོ་སྦྱིན་པ་དང་ནོར་དང་འབྲུའི་དངོས་པོ་སྦྱིན་པ་དང། སྦྱིན་པ་རྣམ་པ་བཅུ་གསུམ་པོ་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཕོངས་ཤིང ་འདོད་པ་ལ་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ནི་ཟས་དང་སྐོམ་སྦྱིན་པར་བྱེད་པ་དང། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ་དང། གོས་འདོད་པ་རྣམས་ལ་ནི་གོས་དང། རྒྱན་འདོད ་པ་རྣམས་ལ་ནི་རྒྱན་དང། སྣོད་སྤྱད་རྣམ་པ་སྣ་ཚོགས་འདོད་པ་རྣམས་ལ་ནི་སྣོད་སྤྱད་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་པ་དང། སྤོས་དང་མེ་ཏོག་དང་འཕྲེང་བ་དང། བྱུག་བ་འདོད་པ་རྣམས་ལ་སྤས་དང། མེ་ཏོག་དང། ཕྲེང་བ་དང། བྱུག་པ་དང། གནས ་འདོད་པ་རྣམས་ལ་ནི་གནས་དང། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་ནི་སྣང་བ་སྦྱིན་པར་བྱེད་པ་དང། རྣམ་པ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཕོངས་ཤིང་འདོད་པ་ལ་སྦྱིན་པ་ཡིན་པར་རིག་པར ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚེ་འདི་དང?་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན། ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་དང། མི་འཇིགས་པ་སྦྱིན་པའི་སྦྱིན་པ་ནི་མདོར་བསྡུ་ན་སེམས་ཅན་རྣམས་ཀྱི་འདི་དང་གཞན་དུ་བདེ་བར་འགྱུར ་བའི་སྦྱིན་པ་ཡིན་པར་རིག་པར་བྱའོ། །ཟང་ཟིང་གི་སྦྱིན་པ་དེ་ནི་སེར་སྣའི་དྲི་མ་དང། གསོག་འཇོག་གི་དྲི་མ་བསལ་ནས། བཟང་པོ་དང་གཙང་མ་དང། རུང་བར་སྦྱིན་པར་བྱེད་པའོ། །དེ་ལ་སེར་སྣའི་དྲི་མ་གསལ་བ་ནི་སེམས་ཀྱི་ཀུན་ཏུ་འཛིན་པ་ཡོངས ་སུ་བཏང་བའི་ཕྱིར་རོ། །གསོག་འཇོག་གི་དྲི་མ་བསལ་བ་ནི་ལོངས་སྤྱོད་ཀུན་ཏུ་འཛིན་པ་ཡོངས་སུ་བཏང་བས་ཡིན་པར་རིག་པར་བྱའོ། །མི་འཇིགས་པའི་སྦྱིན་པ་ནི་སེད་གི་དང། སྟག་དང། ཆུ་སྲི་ན་འཛིན་ཁྲི་དང། རྒྱལ་པོ་དང། ཆོམ་རྐུན་དང་ཆུ་ལ་སོགས་བའི ་འཇིགས་པ་ལས་ཡོངས་སུ་སྐྱོབས་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང། རིག་པར་སྟོན་པ་དང་བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་རྣམ་པ་དགུ་བོད་དག་ཐམས་སས?་ཅད ་གཅིག་ཏུ་བསྡུས་བ་ནི་སེམས་ཅན་རྣམས་ཀྱི་ཚེ་འདི་དང་གཞན་དུ་བདེ་བར་འགྱུར་བའོ། དེ་ལ་ཟང་ཟིང་དང་མི་འཇིག་པའི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་ཚེ་འདིའི་བདེ་བའོ། །དེ་ལ་ཆོས་ཀྱི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་གཞན་ན་བདེ་བའོ། ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་དག་པའི་སྦྱིན་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཐོག་མ་མེད་པ་དང། མཆོག་ཏུ་འཛིན་པ་མེད་པ་དང། བསགས་པ་མེད་པ་དང། ཁེངས་པ་མེད་པ་དང། མི་བརྟེན་པ་དང། ཞུམ་པ་མེད་པ་དང ་ངན་པ་མ་ཡིན་པ་དང། རྒྱབ་ཀྱིས་ཕྱོགས་པ་མེད་པ་དང། ལན་ལ་མི་ལྟ་བ་དང་རྣམ་པར་སྨིན་པ་ལ་མི་ལྟ་བའོ། །དེ་ལ་ཐོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་ལེགས་པར་འོངས་ན། མི་སྐྱོ་བ་ལ་གོང་དུ ་སྐྱེན་པར་སྦྱིན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་ལས་བརྩམས་ཏེ་སྐྱེན་དུ་བྱེད་པ་དེ་ལྟ་བུར་ནི་སློང་བ་པོ་རྙེད་པ་ལས་བརྩམས་ཏེ་དེ་ལྟར་སྐྱེན་པར་མི་བྱེད་དོ། །མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔས་ནི་འདི་ལྟར་སྦྱིན ་པ་འདིའི་འབྲས་བུ་མེད་དོ་ཞེའམ། འཚ་བའི་སྦྱིན་པས་ཆོས་སུ་འགྱུར་ཞེ་འམ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པར་འགྱུར་རོ་ཞེས་ལྟ་བས་མཆོག་ཏུ་འཛིན་པར་མི་བྱེད་དོ། །བསགས་པ་མེད་པའི་སྦྱིན་པ ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་ཡུན་རིང་པོར་བསགས་ཤིང་ཚོགས་པར་བྱས་ནས། ཕྱིས་ཅིག་ཅར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་སློང་བ་པོ་ལེགས ་པར་འོངས་པ་ཕྱིར་ཟློག་པར་མི་བྱེད་ལ། གང་གི་ཕྱིར་བཟློག་པར་བྱ་བའི་འོས་ཀྱང་མི་མཐོང་ན་སོགས་པར་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔའ་ནི་བསགས་པའི་སྦྱིན་པ་ལས་བསོད་ནམས་འདུ་བྱ་བའི་སྒོ་ལྷག་པར་འགྱུར་བར་མ་མཐོང་སྟེ། སྦྱིན་པར་བྱ་བའི ་དངོས་པོ་ཡང་མཚུངས་ལ། སློང་བ་པོ་སྔ་ཕྱི་དང། མགོ་མཉམ་དུ་འོངས་པ་ཡང་མཚུངས་པ་རྣམས་ལ་མཐར་གྱིས་སྦྱིན་པ་འམ། ཅིག་ཅར་སྦྱིན་པ་ན་ཅིའི་ཕྱིར་བསོད་ནམས་ཁྱད་པར་ཡོད་པར་ཡོངས་སུ་འཛིན་པར་འགྱུར་སྙམ་དུ་མཐོང་བའི་ཕྱིར། །གཞན ་ཡང་བྱང་ཆུབ་སེམས་དཔའ་ནི་བསགས་པའི་སྦྱིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ལ། ལོངས་སྤྱོད་ཇི་ལྟར་བྱུང་བ་བཞིན་དུ་སྦྱིན་པ་ནི་ཁ་ན་མ་ཐོ་བ་མེད་པར་མཐོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསགས་པའི་སྦྱིན་པ་བྱེད་པས་ནི་སློང་པ་པོ་རྣམས་ཀྱིས་བསླངས་ནས ་སྔར་སློང་བ་པོ་བརྒྱ་ཕྱིར་བཟློག་ནས། དེ་དག་གི་ཀུན་ནས་མནར་སེམས་དང། མི་བཟོད་པ་དང་ཡིད་མ་ཆེས་པ་བསྐྱེད་པའི་འོག་ཏུ་མ་བསླངས་པར་ཡང་ཁ་ཅིག་ལ་བསགས་པའི་སྦྱིན་པ་སྦྱིན་པར་བྱེད་པའི་ཕྱིར་ཏེ། ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་བསགས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཁེངས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་དམའ་བའ་ཨི་སེམས་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །གཞན་ལ་འགྲན་པའི་ཕྱིར་ཡང་སྦྱིན ་པར་མི་བྱེད་དོ། །སྦྱིན་པ་སྦྱིན་ནས་ཀྱང་བདག་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་སྦྱིན་པ་དེས་རློམ་སེམས་སུ་མི་བྱེད་དོ། །མི་བརྟེན་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་སྒྲ་དང ་ཚིགས་སུ་བཅད་པ་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་མི་བྱེད་དེ། གྲགས་པ་ནི་རྣམ་པར་རྟོགས་པའི་ཡི་གེ་ལས་བྱུང་བ་དང། སྒྲ་ཙམ་དུ་འབྲེལ་བ་དང། ལོ་མ་སྐམ་པོ་ལྟ་བུ་ཡིན་པར་འཛིན་པ་ཡིན་པའི་ཕྱིར་རོ། །ཞུམ་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང། སྦྱིན་པའི་ཚེ་ཡང་སེམས་དང་བར་བྱེད་ལ། སྦྱིན་ནས་ཀྱང་འགྱོད་པ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡངས་ཤིང་མཆོག་ཏུ་རྒྱ་ཆེ་བ་དག་ཐོས་ནས ་ཡང་བདག་ཉིད་ལ་ཁྱད་དུ་གསོད་ཅིང་ཞུམ་པར་མི་བྱེད་དོ། །ངན་པ་མ་ཡིན་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ལས་ནན་ཏན་དུ་གདམས་ཤིང་གདམས་ཤིང། ཟས་དང་སྐོམ་དང། བཞོན་པ་དང་གོས་ལ ་སོགས་པའི་མཆོག་དང། རབ་མཆོག་གང་ཡིན་པ་དེ་དག་སྦྱིན་པར་བྱེད་དོ། །རྒྱབ་ཀྱིས་ཕྱོགས་བ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྙོམས་པའི་སེམས་ཀྱིས་མཛའ་བ་དང་གྲ་དང་ཐ་མ་པ་རྣམས་ལ་ཕྱོགས་སུ་འབྱེད་པ་མེད་པས ་སྙོམས་པའི་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་དོ། །ལན་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའི་སེམས་དང། སྙིང་བརྩེ་བའི་སེམས་དང་ལྡན་པའི་སྦྱིན་པ་སྦྱིན་པ་ན། ཕ་རོལ་ལན་དུ་ཕན་འདོགས་སུ་རེ་བ་མེད་དོ། །སྐྱེ་བོ་བདེ་བ་འདོད་པ ་དང་སྲེད་པའི་མེས་ཚིག་པ་དང་མཐུ་མེད་པ་དང། རང་བཞིན་གྱིས་སྡུག་བསྔལ་དག་མཐོང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་སྤྱིན་ནས་ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འམ། ལུས་ཕུན ་སུམ་ཚོགས་པར་འགྱུར་བར་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་ར་བ་མེད་དེ། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་ལ། བྱང་ཆུབ་མཆོག་ལ་ཕན་ཡོན་དུ་ལྟ་བའི་ཕྱིར་རོ། །རྣམ་པ་བཅུ་པོ་འདི་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་རྣམ་པ་དགུ་པོ་དེ་དག་ལ་བརྟེན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང ་རྒྱ་པར་འགྱུར་ཞེས་གསུངས་སོ། །དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་ཀྱང། དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་དང་མཐུན་པའི? ་རྣམ་པར་སྨིན་པ་སྐྱེ་དགུ་རྣམས་ལ་ཕན་པ་དང་བདེ་བ་བགྱིད་པ་ནི་བསྟན་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་ཚུལ་ཁྲིམས་འཚལ་བ་དང། ཚུལ་ཁྲིམས་དང་ལྡན་པ་ལ་སྩལ་ན། སྦྱིན་པ་རྣམ་པར་སྨིན་པ་འཆབ་མི་འཚལ་བ་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཁྱོད་སྦྱིན་པའི་རྣམ་པར་སྨིན་པ་ལ་འཇུག་པ་ཉོན་ཅིག་།དྲང་སྲོང་ཆེན་པོ་དང་བཅས་པ་གང་ཅུང་ཟད་ཅི་སྦྱིན་པ་དེ་དག་ཐམས་ཅད་སྦྱིན་པ་ཞེས་བྱའོ། །དྲང་སྲོང་ཆེན་པོ་གང་ཡང་འཇིག་རྟེན་ཕ་རོལ་གྱིས་འཇིགས་པས་སྣོད ་ལ་མི་རྟོགས་པར་མ་བསླངས་པར་ཡང་ཚུལ་ཁྲིམས་དང་ལྡན་པ་འམ། ངན་པའི་ཚུལ་ཁྲིམས་འཆལ་པ་ལ་དད་པ་བསྐྱེད་ནས་མིག་ཕྱེ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྦྱིན་པ་བྱིན་ན། དྲང་སྲོང་ཆེན་པོ་དེ་ནི་སྦྱིན ་བདག་ཡིན་ནོ། །དྲང་སྲོང་ཆེན་པོ་གཞན་ཡང་སྦྱིན་པ་ལྔ་ཡོངས་སུ་རྫོགས་པར་བྱའོ། །ལྔ་གང་ཞེ་ན། འགྲོན་པོ་དང། ནད་པ་དང། ནད་གཡོག་དང། ཆོས་སྨྲ་བ་དང། ཡུལ་གཞན་དུ་འགྲོ་བ་ལ་དུས་སུ་སྦྱིན་པ་སྟེ། ལྔ་པོ་དེ་དག་བོ། །གཞན་ཡང་ལྔ་སྟེ། ཆོས ་སྦྱིན་པ་དང། ཟང་ཟིང་སྦྱིན་པ་དང། གནས་སྦྱིན་པ་དང། མང་མེ་སྦྱིན་པ་དང། སྤོས་དང་འཕྲེང་བ་སྦྱིན་པའོ། །དྲང་སྲོང་ཆེན་པོ་རྒྱས་པས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་གང་དད་པ་བསྐྱེད་དེ་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་བྱམས་པ་དང་ལྡན་པའི་སེམས་གུས་པར་བྱས་ཏེ། དུལ་བས་སྦྱིན་པ་བྱིན་ན་དེ་ཐམས་ཅད་ནི་ཡོངས་སུ་དག་པ་ཡིན་ཏེ། ཐར་པར་བསྔོས་ཏེ་སྦྱིན་པ་བྱིན་པ་ནི་ཡོངས་སུ་དག་པ་ཞེས་བྱའོ། །གཞན ་ཡང་སྦྱིན་པ་བླ་ན་མེད་པར་ལྟ་བ་ལྔ་སྟེ་ལྔ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །དགེ་འདུན་ལ་སྦྱིན་པ་སྦྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ཆོས་སྨྲ་བ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ནད་པ་ལ་སྦྱིན་པ ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ཕ་མ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །གཞན་ཡང་སྦྱིན་པ་ཆེན་པོར་འགྱུར་བ་ནི། རྒྱལ་པོ་རྒྱལ་སྲིད་གྱི་དབང་ཕྱུག་ལས་ཉམས་པ་ལ་སྦྱིན་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །རྒྱལ་བོས་མནར་བ་དང། མགོན ་མེད་པ་དང། ནད་བ་ལ་སྦྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །རྒྱལ་པོས་སྤངས་ནས་གཞན་ན་ཡང་ཉམ་ང་ཞིང། སྲོག་ཆད་མཁང?་པ་འཆི་ལ་ཐུག་པ་ལས་བསོས་ན་སྦྱིན་པ་ཆེན་པོ་ཡིན་ནོ། །ན་བ་ལ་སྨན་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །ཚུལ་ཁྲིམས ་ཕུན་སུམ་ཚོགས་པའི་འཕགས་པའི་དགེ་འདུན་ལ་དུས་སུ་སྦྱིན་པ་བྱིན་ན་འབྲས་བུ་ཆེན་པོ་ཡིན་ནོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང། ཤེས་རབ་ཕུན་སུམ་ཚོགས་པ་དང། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ ་ཕུན་སུམ་ཚོགས་པ་ལ་སྦྱིན་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །དུང་འགྲོའི་སྐྱེ་གནས་སུ་སོང་བ་བྱ་རོག་དང་འུག་པ་དང་རི་དགས་ལ་སོགས་པ་ལ་མི་འཇིགས་པ་སྦྱིན་ན་བྱིན་པ་ཆེན་པོ་ཡིན་ནོ། །གང་ལ་གང་དགོས་པ་དང། མི་བདོག་པ་དེའི་བསམ་པ་ཡོངས་སུ་རྫོགས་པར ་བྱེད་པ་ནི་སྦྱིན་པ་ཆེན་པོ་ཡིན་ཏེ། དྲང་སྲོང་ཆེན་པོ་དེ་ལྟར་ན་སྦྱིན་པ་བྱིན་ན་ཡོངས་སུ་དག་པ་དང་སྦྱིན་པ་ཆེན་པོ་ཡིན་ནོ། །སྦྱིན་པ་ཡོངས་སུ་དག་པ་འདི་དག་འདོད་པས་དེ་ལྟར་སྦྱིན་པ་ཡོངས་སུ་དག་པར་བསྒོམ་པར་བྱའོ། །སེམས་ཅན་གང་དག་གཞན་དག་གི་དེ་ལྟར་བསྐུལ ་ནས་དད་པ་དང་དང་བ་བསྐྱེད་དེ། སྦྱིན་པ་ཡོངས་སུ་དག་པ་འདི་ལ་རྗེས་སུ་ཡི་རང་བར་འགྱུར་བ་དེ་དག་མཚུངས་པར་བསོད་ནམས་སྐྱེད་པ་པོ་དང། སྦྱིན་བདག་ཏུ་འགྱུར་ཏེ། དེ་ལྟར་ན་གང་རྗེས་སུ་ཡི་རང་བ་དང། གང་བསྐུལ་བ་དེ་དག་ཐམས་ཅད་བསོད་ནམས་སྐྱེད་པ ་པོར་མཚུངས་པར་འགྱུར་རོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་མདོ་ལས་ཀྱང། ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ལ་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་བོ་གཏོང ་བ་སྨོས་ཅི་དགོས། །གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །བདག་ཏུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས། །བླུན་པོ་རྣམས་ལ་གཏོང་པའི་བློ་གཏད་ག་ལ་ཡོད། །སེར་སྣ་ཅན་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིང་སྐྱེས་ན་ཡང་དེ་ཚེ་དབུལ ་པོར་འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷུག་པར་གཏོང། །གླིང་གཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ན་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །བྱང་ཆུབ་སེམས ་དཔའ་མཁས་པ་གསལ་བས་སྲིང་གསུམ་གྱི། །སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི། །བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་པ་བྱིན ་ནས་དངོས་ལ་གནས་པར་བྱེད་པ་མེད། །དེ་ནི་ནམ་དུ་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་གཏོང་བ་སྟེ། །ཆུ་དུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ། །ཡོངས་སུ ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཛའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་འཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད ་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ནོར་བུ་མཆིད་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང། །རིན་ཆེན་བཻཌཱུརྱ་གཅིག་དེ་ཀུན་ཟིལ་གྱིས ་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན། །གལ་ཏེ་བྱང་ཆུབ་སེམས་དཔའ་འགྲོལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཛའ་ཡས་རྒྱས་པ་ཐོབ་པར ་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད་ཅེས་གསུངས་སོ། །སྦྱིན་པ་ངེས་པ་བསྟན་པའི་མདོ་ལས་ཀྱང། །མཁས་པ་དག་རྣམ་པ་སུམ་ཅུ་རྩ་བདུན་གྱིས་སྦྱིན་པ་སྦྱིན་པར་བྱེད་དོ། །སུམ་ཅུ་རྩ་བདུན་པོ་གང་ཞེ་ན། འདི་ལྟ་སྟེ། སེར་སྣ ་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་པ་དང། །དེ་བཞིན་གཤེགས་པས་རྗེས་སུ་གནང་བ་སྦྱིན་པ་སྦྱིན་པ་དང། དངོས་པོ་གསུམ་ཡོངས་སུ་དག་པ་རུང་བའི་སྦྱིན་པ་སྦྱིན་པ་དང། རྣམ་པར་གཡེང་པ་ཐམས་ཅད་དང་བྲལ་བས་གུས་པས་སྦྱིན་པ་སྦྱིན་པ་དང། ་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་གིས་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་གཏོང་བ་ལ་ལོངས་སྤྱོད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་འགྱུར་བ་རྟག་ཏུ་སྦྱིན་པ་སྦྱིན་པ་དང། གཟུགས་བཟང་བ་ཡང་དག་པར་འགྲུབ་པ་ཁ་དོག་ཕུན ་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་དང། གྲགས་པ་ཕུན་སུམ་ཚོགས་པ་ཡང་དག་པ་འགྲུབ་པ་དྲི་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་རོ་བྲོ་བའི་མཆོག་མཁྱེན་པའི་དཔེ་བྱད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་རོ་ཕུན་སུམ་ཚོགས་པའི ་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་ལོངས་སྤྱོད་རྒྱ་ཆེན་པོ་རྙེད་པ་ཡང་དག་པར་འགྲུབ་པ་རྒྱ་ཆེ་བའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་གྱ་ནོམ་པའི་ལོངས་སྤྱོད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་གྱ་ནོམ་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ ་བཀྲེས་པ་དང་སྐོམ་པ་སེལ་བའི་རྙེད་པ་ཡང་དག་པར་འགྲུབ་པ་བཟའ་བའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་སྲིད་པ་ཐམས་ཅད་དུ་སྐོམ་བསེལ་བའི་རྙེད་པ་ཡང་དག་པར་འགྲུབ་པ་སྐོམ་གྱི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་གྱ་ནོམ་པའི་གོས་ཀྱི་རྙེད ་པ་ཡང་དག་པར་འགྲུབ་པ་གོས་ཀྱི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་གསིལ་ཁང་དང་ཁང་པ་བརྩེགས་པ་དང། །བང་བཟང་དང། ཁང་པ་དང། གཞལ་མེད་ཁང་གི་རྙེད་པ་ཡང་དག་པར་འགྲུབ་པ་ཁྱིམ་གྱི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ ་རིགས་མཐོན་པོའི་རིགས་དང་ལྡན་པའི་རྙེད་པ་ཡང་དག་པར་འགྲུབ་པ་མལ་དང་སྟན་གྱི་སྦྱིན་པ་སྦྱིན་པ་དང། མྱ་ངན་ལས་འདས་པ་རྒ་བ་མེད་པ་འཆི་བ་མེད་པ་མྱ་ངན་མེད་པ་མ་འདྲས་པའི་རྙེད་པ་ཡང་དག་པར་འགྲུབ་པ་སྨན་གྱི་སྦྱིན་པ་སྦྱིན་པ་དང། རྫུ་འཕྲུལ ་གྱི་རྐང་པ་བཞིའི་རྙེད་པ་ཡང་དག་པར་འགྲུབ་པ་བཞོན་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུའི་རྙེད་པ་ཡང་དག་པར་འགྲུབ་པ་ཁྲུས་ཀྱི་སྦྱིན་པ ་སྦྱིན་པ་དང། རྣམ་པར་སྨིན་པ་སྐྱེ་བ་རྗེས་སུ་དྲན་པའི་རྙེད་པ་ཡང་དག་པར་འགྲུབ་པ་ཆེས་ཀྱི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་ལྷའི་བདེ་བའི་རྙེད་པ་ཡང་དག་པར་འགྲུབ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ་དང། གནོད་སེམས ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པ་བྱམས་པ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་འཚོ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པ་སྙིང་རྗེ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང། མི་དགའ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ ་པ་དགའ་བ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པ་བཏང་སྙོམས་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག ་གི་རྙེད་པ་ཡང་དག་པར་འགྲུབ་པ་མེ་ཏོག་གི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་འགྲོ་བ་ཀུན་དུ་ལུས་དྲི་ཞིམ་པའི་རྙེད་པ་ཡང་དག་པར་འགྲུབ་པ་བདུག་སྤོས་སྣ་ཚོགས་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་འདོད་ཆགས་དང་ཞེ་སྡང་དང། ་གཏི་མུག་གི་དྲི་མ་རྣམ་པར་དག་པའི་རྙེད་པ་ཡང་དག་པར་འགྲུབ་པ་ཕྲེང་བའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་གྱ་ནོམ་པའི་དྲིའི་ལུས་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་དྲིའི་སྦྱིན་པོ་སྦྱིན་པ་དང། རྣམ་པར་སྨིན་པ་འགྲོ་བ་ཐམས་ཅད་དུ་དབང ་བསྐུར་བའི་རྒྱལ་སྲིད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་དར་དང། བ་དན་གྱི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་ལྷའི་མིག་དང་རྫུ་འཕྲུལ་གྱི་རྙེད་པ་ཡང་དག་པར་འགྲུབ་པ་མར་མེའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་དབྱངས་སྙན་པའི་རྙེད་པ ་ཡང་དག་པར་འགྲུབ་པ་དྲིལ་བུའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་ཚངས་པའི་དབྱངས་ཀྱི་སྒྲའི་རྙེད་པ་ཡང་དག་པར་འགྲུབ་ཕ་རོལ་མོའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་འགྲོ་བ་ཐམས་ཅད་དུ་དབང་ཕྱུག་གི་དངོས་པོའི་རྙེད་པ་ཡང་དག་པར་འགྲུབ ་པ་གདུགས་ཀྱི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་བཟའ་བ་སྣ་ཚོགས་པའི་རྙེད་པ་ཡང་དག་པར་འགྲུབ་པ་སྣ་ཚོགས་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྙེད་པ་ཡང་དག་པར?་འགྲུབ་པ་རེ་བ་མེད ་པ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ་དང། རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྙེད་པ་ཡང་དག་པར་འགྲུབ་པ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པ་སྟེ། དགེ་སློང་དག་མཁས་པ་རྣམས་རྣམ་པ་སུམ་ཅུ་རྩ་བདུན ་པོ་འདི་དག་གིས་སྦྱིན་པ་སྦྱིན་པར་བྱེད་དོ་ཞེས་གསུངས་སོ། །སྦྱིན་པའི་མི་མཐུན་ཕྱོགས་ལ་དགོངས་པ་བསྟན་པ་བདེན་པའི་རྣམ་པའི་མདོ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་མཁས་པས་སྨད་པའི་སྦྱིན་པ་འདི་རྣམས་ལས་རབ་ཏུ་ལྡོག ་པ་ཡིན་ཏེ། འདི་ལྟ་སྟེ། དུས་སུ་མ་ཡིན་པའི་སྦྱིན་པ་དང། རུང་བ་མ་ཡིན་པའི་སྦྱིན་པ་དང། ཆང་གི་སྦྱིན་པ་དང། དུག་གི་སྦྱིན་པ་དང། གནོད་པའི་སྦྱིན་པ་དང། འགྱོད་པའི་སྦྱིན་པ་དང། མཚོན་ཆའི་སྦྱིན་པ་དང། ཕྲོགས་པའི་སྦྱིན་པ་དང། བརྙས ་པའི་སྦྱིན་པ་དང། རང་གི་ལག་གིས་མ་བྱིན་པའི་སྦྱིན་པ་དང། རྒྱབ་ཀྱི་ཕྱོགས་པའི་སྦྱིན་པ་དང། འདོད་པ་ལ་བརྟེན་པའི་སྦྱིན་པ་དང། མི་མཐུན་པའི་སྦྱིན་པ་དང། དམ་པ་མ་ཡིན་པའི་སྦྱིན་པ་དང། སྨད་པའི་སྦྱིན་པ་དང། དུག་དང་སྦྱར་བའི་སྦྱིན་པ ་དང། སོ་སོར་གནོད་པའི་སྦྱིན་པ་དང། རྙེད་པའི་ཕྱིར་སྦྱིན་པ་དང། རྟག་ཏུ་འཇིགས་པ་སྐྱེད་པའི་ཕྱིར་སྦྱིན་པ་དང། བྱང་ཆུབ་ཡོངས་སུ་ཉམས་པར་བྱེད་པའི་སྦྱིན་པ་དང། འཆི་བའི་ཞགས་པའི་སྦྱིན་པ་དང། རྨོངས་པའི་སྦྱིན་པ་དང། བསྟེན་པའི་ཕྱིར་སྦྱིན ་པ་དང། འཇིགས་པའི་སྦྱིན་པ་ངག་ལས་བཟློག་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལ་མཁས་བས་སྨད་པའི་སྦྱིན་པ་གང་ཡིན་པ་དེ་དག་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་མི་སྤྲོད་ཅིང་ལྷག་པར་མི་སྤྱོད། བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤྱོད་ཅིང། ལྷག་པར་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་གང་ལ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམས་དང་ལྡན་པར་གྱུར་ཀྱང། སྦྱིན་པ་ལས་ཉམས ་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་མེད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་ངེས། ཇི་ལྟར་སྦྱིན་པ་སྦྱིན་པར་བྱ་ཞེ་ན། ཇི་ལྟར་སྔར་བསྟན་པ་བཞིན ་དུའོ་ཞེས་གསུངས་སོ། །བློ་གྲོས་མི་ཟད་པའི་མདོ་ལས་ཀྱང། གཞན་ཡང་བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཉམ་ང་བ་སྐྱིད་པའི་ལོངས་སྤྱོད་བཙལ་བའི་སྦྱིན་པ་མེད་དོ། །སེམས་ཅན་ལ་གནོད་པའི་སྤྱི་ན་པ་མེད་དོ། །ང་རྒྱལ་སྐྱེད་ཅིང་སྦྱིན་པ ་མེད་དོ། །འཇིགས་པ་དང་སྐྲག་པ་དང་ངོ་ཚ་བས་སྦྱིན་པ་མེད་དོ། །རྐུན་མ་བཏང་བ་ལས་མགྲོན་དུ་བོས་ནས་སྦྱིན་པ་མེད་དོ། །ཇི་སྐད་དུ་སྨྲས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །མཆོག་ལ་མཆོག་མ་ཡིན་པའི་སྦྱིན་པ་མེད་དོ། །སྙིང་ཐག་པ་ནས་མ ་ཡིན་པའི་སྦྱིན་པ་མེད་དོ། །གཡོ་སྒྱུས་སྦྱིན་པ་མེད་དོ། །བཅོས་པའི་སྦྱིན་པ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པས་ཆགས་པའི་སྦྱིན་པ་མེད་དོ། །ལོག་པའི་བསམ་པས་སྦྱིན་པ་མེད་དོ། །གཏི་མུག་གི་བསམ་བས་སྦྱིན་པ་མེད་དོ། །ཕྱིན་ཅི་ལོག་གི་བསམ ་པས་སྦྱིན་པ་མེད་དོ། །མ་དང་པར་སྦྱིན་པ་མེད་དོ། །མི་དགའ་བར་སྦྱིན་པ་མེད་དོ། །འཁྲུགས་ཏེ་སྦྱིན་པ་མེད་དོ། །འཁོར་གྱི་ཉི་ཚེ་ལ་སྦྱིན་པ་མེད་དོ། །དོར་བལྟས་ཤིར་སྦྱིན་པ་མེད་དོ། །སེམས་སྣ་ཚོགས་སུ་སྦྱིན་པ་མེད་དོ། །སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་མེད་དོ ་སེམས་ཅན་ཐམས་ཅད་ལའང་སྦྱིན་པའི་གནས་མ་ཡིན་ནོ་ཞེས་ཏེ་བརྙས་ཤིང་སྦྱིན་པ་མེད་དོ། །ཚུལ་ཁྲིམས་དང་ལྡན་པ་དང་ལོག་པའི་ཚུལ་ཁྲིམས་ཅན་ལ་བསྟོད་པ་དང་སྨད་པར་སྦྱིན་པ་མེད་དོ། །ཡང་ལན་གྱི་ཕྱིར་སྦྱིན་པ་མེད་དོ། །གྲགས་པ་དང་སྒྲ་དང ་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་མེད་དོ། །བདག་བསྟོད་པ་དང་གཞན་སྨད་དེ་སྦྱིན་པ་མེད་དོ། །གཞན་སྡུག་བསྔལ་བར་བྱ་བའི་སྦྱིན་པ་མེད་དོ། །ཕྱིས་མི་དགའ་བར་སྦྱིན་པ་མེད། །འགྱོད་པའི་སྦྱིན་པ་མེད་དོ། །གཞན་ལ་གནོད་པའི་སྦྱིན་པ་མེད་དོ། །གཞན་གྱི ་རིལ་བབ་པའི་སྦྱིན་པ་མེད་དོ། །སྨད་པའི་སྦྱིན་པ་མེད་དོ། །རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པ་མེད་དོ། །དཔགས་ཏེ་སྦྱིན་པ་མེད་དོ། །ཁྲོ་བ་དང་བཤེ་བ་དང་གནོད་སེམས་བསྟན་ཅིང་སྦྱིན་པ་མེད་དོ། །སློང་བ་ལ་གནོད་པའི་སྦྱིན་པ་མེད་དོ། །རྟ་གང་དང་བྲིད་ཅིང ་སྦྱིན་པ་མེད་དོ། །ཕྱིན་ཕྱོགས་སུ་སྦྱིན་པ་མེད་དོ། །བསྐུར་ཏེ་སྦྱིན་པ་མེད་དོ། །རྐོ་ལོང་དུ་སྦྱིན་པ་མེད་དོ། །བདག་གིས་ལག་མ་དར་བའི་སྦྱིན་པ་མེད་དོ། །མི་བརྟག་པའི་སྦྱིན་པ་མེད་དོ། །མཐར་ཐུག་པའི་སྦྱིན་པ་མེད་དོ། །བསྔགས་པའི་ཕྱིར་སྦྱིན་པ་མེད་དོ། །ཉམ་ང་བར ་སྦྱིན་པ་མེད་དོ། །གཞན་སྡོམ་པའི་སྦྱིན་པ་མེད་དོ། །གཅིག་ཏུ་ཆད་པའི་སྦྱིན་པ་མེད་དོ། །ཆུང་པ་སྦྱིན་པ་མེད་དོ། །མཐོན་དམན་དུ་སྦྱིན་པ་མེད་དོ། །ཇི་སྐད་དུ་དམ་བཅས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །མོས་པ་དང་མ་མོས་པར་སྦྱིན་པ་མེད་དོ། །སེམས་ཅན་རྣམས ་ལ་ཞིང་མ་ཡིན་སྙམ་སྟེ་སྦྱིན་པ་མེད་དོ། །ཆུང་བ་ལ་བལྟས་ཤིང་སྦྱིན་པ་མེད་དོ། །སྦྱིན་པ་རྒྱ་ཆེན་པོ་ལ་ང་རྒྱལ་གྱིས་སྦྱིན་པ་མེད་དོ། །ལོག་པའི་ནན་ཏན་གྱིས་སྦྱིན་པ་མེད་དོ། །སྐྱེན་བར་མོས་ཤིང་སྦྱིན་པ་མེད་དོ། །གཟུགས་དང་སྐྱེད་པ་དང་དབང་དུ་དགའ་ ་བའི་སྦྱིན་པ་མེད་དོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་ལྷ་ཐམས་ཅད་དུ་སྐྱེ་བར་སྨོན་ཅིང་སྦྱིན་པ་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་བསྔོ་ཞིང་སྦྱིན་པ་མེད་དོ། །གཞོན་ནུ་དང། རྒྱལ་སྲིད་དང་དབང་ཕྱུག་ཐོབ་པར་བསྔོའོ་ཞེས་སྦྱིན་པ་མེད ་རྡོ་རྗེ?་གཅིག་ཏུ་ཟད་པའི་སྦྱིན་པ་མེད་དོ། །ཕྱིན་ཆད་ཆོག་ཅིང་དོམས་པའི་སྦྱིན་པ་མེད། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་མ་བསྔོས་པའི་སྦྱིན་པ་མེད་དོ། །མ་རིག་པའི་སྦྱིན་པ་མེད་དོ། །དུས་ལ་མ་བབ་པར་སྦྱིན་པ་མེད་དོ། ་དུག་དང་མཚོན་གྱི་སྦྱིན་པ་མེད་དོ། །སེམས་ཅན་ལ་གཅེ་ཞིང་སྦྱིན་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མཁས་པའི་འགྲོ་བས་སྨད་པ་མེད་དོ་ཞེས་གསུངས་སོ། །དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་ཀྱང། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང ་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་སྦྱིན་པའི་རྣམ་པར་སྨིན་པ་དང། སྦྱིན་པའི་བྱ་བ་དང། སྦྱིན་པའི་རྣམ་པར་དབྱེ་བ་དང། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་དང། སྦྱིན་བདག་གིས་ཡོངས་སུ་སྤྱོད་ན་ཇི་ལྟར་སྦྱིན ་པ་སྤྱོད་པ་དང། དེ་དག་ལ་བྱིན་ན་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཇི་ལྟར་རབ་ཏུ་འཕེལ་པ་དེ་ཉོན་ཅིག་།གང་གི་ཕྱིར་སྦྱིན་པ་ཞེས་བྱ་བ་དང། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་ཞེས་བྱ་བ་ནི། དྲིང་སྲོང་ཆེན་པོ་འདི་ལ་གཏོང་པ་པོས་སྦྱིན་པའི ་དངོས་པོ་ཡོངས་སུ་བཏང་སྟེ། དད་པ་བསྐྱེད་ནས་གཞན་བྱེད་དུ་བཅུག་སྟེ། ཡུལ་གཞན་དུ་སོང་ནས་བྱེད་དུ་བཅུག་པ་དེས་ཀྱང། ནོར་རྣམས་རྣམ་པར་གཏོང་བར་བྱེད་ན། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་སྦྱིན་པ་ནི ་གཏོང་པ་པོ་ཡིན་གྱི་སྦྱིན་བདག་མ་ཡིན་ནོ། །གང་རང་གི་དངོས་པོ་བདག་ཉིད་ཀྱིས་སྦྱིན་པ་དེ་ནི་གཏོང་པ་པོ་ཡང་ཡིན་ལ་སྦྱིན་བདག་ཀྱང་ཡིན་ནོ། །དྲང་སྲོང་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་སྦྱིན་པ་ཡོངས་སུ་མ་དག་པར་བལྟའོ། །རྣམ་པ་སུམ་ཅུ་རྩ ་གཉིས་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོ་ཕྱིན་ཅི་ལོག་ཏུ་ལྟ་བར་འགྱུར་ཞིང། མ་དད་པ་དང། མ་དད་པ་མངལ་དེས་སྦྱིན་པ་བྱིན་ན། དེའི་སྦྱིན་པ་དེ་ཡོངས་སུ་མ་དག་པ་ཡིན་ནོ། །དྲང་སྲོང་ཆེན་པོ་གཞན་ཡང་ཕན་གདགས་པའི་ལན ་དུ་ཕན་འདོགས་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །དེས་དམན་པ་དང་འདོད་པའི་རྒྱུའི་ཕྱིར་གང་འདི་ལྟ་བུའི་སེམས་ཀྱིས་མེ་ལ་སྦྱིན་པ་སྦྱིན་ནོ་ཞེའམ། མེ་ལྕེ་ལ་སྦྱིན་པ་བྱིན་ནོ་ཞེའམ། །ཆུ་ལ་སྦྱིན་པ་བྱིན་ནོ་ཞེའམ། དེས་བདག་ཡོངས་སུ ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་ལ་སྦྱིན་པ་སྦྱིན་ན་སྦྱིན་པ་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་འཇིགས་པའི་ཕྱིར་ཆོམ་པོ་ལ་སོགས་པ་ལ་སྦྱིན་པ་བྱིན་ཏེ། ཐུན་མོང་མ་ཡིན་པ་ལྔ་བྱིན་ན་ཡོངས་སུ་མ་དག་པ་ཡིན་ནོ། །དུག་སྦྱིན་པ་དང། མཚོན་ཆ་སྦྱིན་པ ་དང། སྲོག་ཆགས་བསེད་ཤ་སྦྱིན་པ་དང། བག་མེད་པ་རྣམས་ལ་ཆང་སྦྱིན་པ་དང། འདི་དག་ནི་བདག་གིར་འགྱུར་ཏེ་བདག་གི་རིམ་གྲོ་དང་མཆོད་པར་འགྱུར་རོ་སྙམ་ནས། སེམས་ཅན་བསྡུ་བ་དང། འཐོབ་པའི་ཕྱིར་བསྡུ་པོ་སྦྱིན་པ་དང། གང་བརྗོད་པ ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་སྤྱིན་པ་སྦྱིན་པ་དང། གང་གར་དང་གླུ་དད་བཞད་གད་དང། རྩེད་མོ་དང་གཏམ་དང། དགའ་བར་བྱ་བའི་ཕྱིར་རོལ་མོ་མཁན་རྣམས་ལ་སྦྱིན་པ་བྱིན་ན། སྦྱིན་པ་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་གཟའི་མཚན་མའི ་ཕྱིར་སྐར་མཁན་ལ་སྦྱིན་པ་གཏོང་བར་བྱེད་པ་དང། གང་གཞན་གྱི་ནོར་མཛའ་བོ་ལ་སྦྱིན་པ་དང། གང་གི་ཁྱིམ་མམ་ཞིང་ལ་གཞན་གྱི་འབྲུའི་ཕུང་པོ་འམ། ནས་དང་གྲོའི་ཕུང་པོ་ལ་རི་དགས་དང་བྱ་ཟ་ལ། དེ་དེ་ལ་དགའ་བ་དང་མགུ་བ་བསྐྱེད་ན། ་དེ་ཡང་སྦྱིན་པ་ཡོངས་སུ་མ་དག་པ་ཡིན་ནོ། །གང་བཟོའི་ཕྱིར་སྦྱིན་པ་སྦྱིན་པ་དང། གང་ཡང་ལུས་མི་བདེ་བས་འཇིགས་པའི་ཕྱིར་སྨན་པ་ལ་སྦྱིན་པ་སྦྱིན་པ་དང། གང་ཡང་སློང་བ་རྣམས་ལ་སྤྱོས་བརྒྱད་དེ། ཚིག་པ་ཟ་བར་བྱས་ནས་སྦྱིན་པ་སྦྱིན་ན། ་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ན་འདིའི་རྣམ་པར་སྨིན་པ་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ནས་གདུང་བ་དང་འགྱོད་པས་གདུངས་ནས། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། ་གྲང་ཡང་སྦྱིན་པ་བྱིན་ནས་གང་བདག་ལས་ཁྱེར་བ་ཐམས་ཅད་ཀྱི་ཚེ་ཕྱི་མ་ལ་སླར་བྱིན་པར་འགྱུར་རོ་སྙམ་དུ་འདི་ལྟ་བུའི་སེམས་བསྐྱེད་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་བསོད་ནམས་ཀྱི་རྣམ་པར་སྨིན་པ་འདི ་ནི་བདག་ཉིད་ཀྱིས་སྤྱད་ཀྱིས། སེམས་ཅན་གཞན་གང་ལ་ཡང་མ་གྱུར་ཅིག་སྙམ་དུ་དེ་ལྟར་སེམས་བསྐྱེད་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ལང་ཚོ་ལ་བབ་ན་སྦྱིན་པ་མ་བྱིན་ཞིང། བར་མའི་དུས་ན་ཡང་མ་ཡིན་ལ། ན་བས་གཟིར་བ་དང། འཆི ་བའི་དུས་ཀྱི་ཚེ་དང། གནད་དུ་ཕོག་པའི་སྡུག་བསྔལ་བ་དང། སྣད་པ་དང་འཆི་བའི་མྱ་ངན་དུ་གྱུར་པ་ན། སངས་རྒྱས་པ་ལ་དགའ་བ་དང། དད་པ་མེད་པའི་རྩ་ལག་རྣམས་ཀྱི་བྱེད་དུ་བཅུག་པའི་ཚེ། སྦྱིན་གནས་རྣམས་ལ་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ ་དག་པ་ཡིན་ནོ། །གང་ཡུལ་གཞན་ན་གནས་ན་ཡང། ཡུལ་དང་གནས་ག་གེ་མོ་ཞེས་བྱ་བ་ན། བདག་སྦྱིན་བདག་ཏུ་གྲགས་པར་འགྱུར་རོ་སྙམ་སྟེ། གྲགས་པའི་རྒྱུར་ན་སྦྱིན་པ་བྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། གང་ཡང་ཁ་ཟས་གཏོང་མི་ཕོད་པ་ལ ་འཇིག་རྟེན་པ་མི་དགའ་བར་མཐོང་ནས། སྦྱིན་ཕོད་པའི་ཉེས་པ་ནི་འཇིག་རྟེན་གྱི་བཟོད་དོ་སྙམ་སྟེ། སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་བུད་མེད་སྙིང་དུ་སྡུག་སྟེ་ཆུང་མར་བླང་བའི་འབྲེལ་པ་དང། ཕྱིར་བྱེད་པར་བྱ་བའི་དོན་དུ་བུད་མེད ་ཀྱི་གཞི་ལས་མཛའ་བཤེས་དང། གཉེན་འདབ་དང། འབྲེལ་བའི་ཕྱོགས་ལ་ནོར་བུ་དང། གསེར་དང་དངུལ་དང། རྡོ་རྗེ་དང་བཻཌཱུརྱ་དང་དར་དང་ཁྱུ་རུ་དང། དུ་ཀཱུ་ལའི་རས་ལ་སོཊ་པས་མགུ་བར་བྱེད་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་འདི་ལྟར་བདག་ལ་ནི ་མང་པོ་ཡོང་ན། བདག་ལ་བུ་མེད་དོ། །བདག་གིས་གང་རིགས་པ་ལ་གཏོང་བར་བྱའོ་སྙམ་སྟེ་སྦྱིན་པ་བྱིན་ན། དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་ཚེ་འདི་ལ་བྱིན་པས་འཇིག་རྟེན་ཕ་རོལ་ཏུ་རྙེད་པར་འགྱུར་རོ་སྙམ་པའི་སེམས་ཀྱི་སྦྱིན་པ་བྱིན་ན། དེ་ཡང ་ཡོངས་སུ་མ་དག་པ་ཡིན་ནོ། །གང་མེ་ཏོག་དང། འབྲས་བུ་དང། ཟང་ཟིང་འདོད་པས་དབུལ་བ་དང། བཀྲེན་པ་དང། སྡུག་ཕོངས་པ་གོས་དེངས་ཤིང་དྲི་མ་ཅན་རྣམས་བཀོལ་ཏེ་བོར་ལ། ཕྱུག་པ་རྒྱ་ཆེན་པོ་ཐོབ་པ་དག་ལ་སྦྱིན་པ་བྱིན་ན། དེ་ཡང་སྦྱིན་པ ་ཡོངས་སུ་མ་དག་པ་ཡིན་ནོ། །དྲང་སྲོང་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་སྦྱིན་པ་བྱིན་པ་ཡང་ཡོངས་སུ་ངག་པ་མ་ཡིན་པར་བལྟལ་ལོ?། དྲང་སྲོང་ཆེན་པོ་དེ་ངག་གི་རྣམ་པར་སྨིན་པ་ནི། ཆེ་སྒོ་ཅན་གྱི་ཞིང་ལ་ས་བོན་ངན་པ་བཏབ་པའི་མྱུ་གུ་སྒྱེ་བ་བཞིན་དུ་བལྟ་སྟེ། ་སྦྱིན་པ་དེའི་རྣམ་པར་སྨིན་པ་ནི་མེད་པ་མ་ཡིན་མོད་ཀྱི་འོན་ཀྱང་ཞིང་དང་ས་བོན་གྱི་ཉེས་པས་མེ་ཏོག་དང་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གང་འདོད་པའི་ས་བོན་ཁྱེར་ཏེ། མ་སྨོས་མ་བརྩལ་བའི་ཞིང་ལ་བཏབ ་ན། དེའི་ས་བོན་ལ་གནས་པ་དེ་ལ་ཆར་པ་བབ་ནས་བང་ནས། གདོན་མི་ཟ་བར་མྱུ་གུ་སྐྱེ་ནུས་པར་འགྱུར་ཏེ། འོན་ཀྱང་མེ་ཏོག་དང་འབྲས་བུར་ནི་མི་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སྦྱིན་པ་རྣམ་པར་དབྱེ་བ་དེ་ཡང་བསམ་དང་སྦྱོར་བ་ཀུན་ནས་ཉོན་མོངས ་པ་ཅན་དུ་གྱུར་པས་འབྲས་བུ་རྣམ་པར་སྨིན་པ་དྲུང་པོར་མི་འགྱུར་རོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡོངས་སུ་དག་པའི་མདོ་ལས་ཀྱང། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང ་ཡིན་ཞེ་ན། འདི་ལྟ་སྟེ། སེར་སྣའི་དྲི་མ་ལ་ཡོངས་སུ་གནས་པའི་སེམས་སྤང་བ་དང། གཏོང་བའི་རྗེས་སུ་འཇུག་པའི་སེམས་སྤེལ་བ་སྟེ། སེར་སྣའི་དྲི་མ་བསལ་ཞིང་གཏོང་བའི་སེམས་ཀྱིས་ལེགས་པར་བྱིན་གྱིས་བརླབས་པ་དེའི་སེམས་བདོག་པ་ཐམས་ཅད་ཡོངས་སུ་གཏོང ་བ་ལ་གནས་པར་འགྱུར་རོ། །དེའི་སྦྱིན་པ་སྦྱིན་པ་ན་ཐ་དད་པ་བཞི་བྱེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལ་སྟེ། སེམས་ཅན་ཐ་དད་པར་མི་བྱེད་པ་དང། ཆོས་ཐ་དད་པར་མི་བྱེད་པ་དང། ཡོངས་སུ་བསྔོ་བ་ཐ་དད་པར་མི་བྱེད་པ་དང། བསམ་པ་ཐ་དད་བར་མི་བྱེད་པའོ། །དེ་ལ ་ཇི་ལྟ་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་སེམས་ཅན་ཐ་དད་པར་མི་བྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། འདི་ལ་སྦྱིན་པར་བྱའོ། །འདི་ལ་སྦྱིན་པར་མི་བྱའོ། །འདི་ལ་མང་དུ་སྦྱིན་པར་བྱའོ། །འདི་ལ་ཉུང་དུ་སྦྱིན་པར ་བྱའོ། འདི་ལ་གྱ་ནོམ་པར་སྦྱིན་པར་བྱའོ། །འདི་ལ་གྱ་ནོམ་པ་མ་ཡིན་པ་སྦྱིན་པར་མི་བྱའོ། །འདི་ལ་རྟག་ཏུ་སྦྱིན་པར་བྱའོ། །འདི་ལ་རྟག་ཏུ་སྦྱིན་པར་མི་བྱའོ། །འདི་ལ་གུས་པར་བྱས་ཏེ་སྦྱིན་པར་བྱའོ། །འདི་ལ་གུས་པར་བྱས་ཏེ་སྦྱིན་པར་མི་བྱའོ། །འདི་ལ་ཐམས་ཅད ་སྦྱིན་པར་བྱའོ། །འདི་ལ་ཐམས་ཅད་སྦྱིན་པར་མི་བྱའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ། །འདི་ནི་ཡོན་གྱི་གནས། །འདི་ནི་ཡོན་གྱི་གནས་མ་ཡིན་པའོ། །འདི་ལ་བྱིན་ན་ཡོན་རྣམ་པར་དག་པར་འགྱུར་རོ། །འདི་ནི་རྣམ་པར་དག་པར་མི ་འགྱུར་རོ། །འདི་ནི་ཡང་དག་པར་རབ་ཏུ་ཞུགས་པའོ། །འདི་ནི་ལོག་པར་ཞུགས་པའོ་ཞེས་དེ་ལྟར་དེ་ལྟ་བུའི་ངོ་བོའི་སེམས་ཀྱི་འཇུག་པ་སྤངས་པ། མཉམ་པ་ཉིད། སྣ་ཚོགས་པ་མ་ཡིན་ལ། མཐོ་བ་མ་ཡིན་པ། དམའ་བ་མ་ཡིན་པ། སེམས་ཅན་ཐམས་ཅད་ལ ་སེམས་མཉམ་པ་ཉིད། མཚུངས་པའི་སྦྱིན་པ་ཉིད། བྱམས་པ་མཉམ་པ་ཉིད། སྙིང་བརྩེ་བ་མཉམ་པ་ཉིད། བྱེ་བྲག་མེད་པ་ཉིད། ནམ་མཁའ་ཨི་མཉམ་པ་ཉིད་དུ་རྟོགས་པ་ཉིད་དེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་སྦྱིན་པ་ན་སེམས་ཅན ་ཐ་དད་པར་མི་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཆོས་ཐ་དད་པར་མི་བྱེད་པ་ཡིན་ཞེ་ན། གང་དག་ཆོས་སྨྲ་བར་གྱུར་པ་དེ་དག་ལ་སྦྱིན་པར་མི་བྱའོ། །གང་དག་ཆོས་མ་ཡིན་པ་སྨྲ་བར་འགྱུར་བ་དེ་ལ་སྦྱིན་པར་མི་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་པར་མི་འགྱུར་རོ། ། ་དེ་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་པས་སྦྱིན་པ་སྦྱིན་པར་བྱེད། སོ་སོ་སྐྱེ་བོ་དམན་པར་བྱས་ནས་སྦྱིན་པ་སྦྱིན་པར་མི་བྱེད། འཕགས་པ་ཆེན་པོར་གྱུར་པ་ཉིད་ཀྱི་སྦྱིན་པ་སྦྱིན་པར་མི་འགྱུར་རོ། །གཞན་ཡང་ཆོས་ཀྱི་དབྱིངས་རང་བཞིན་མཉམ་པས་བྱེ་བྲག ་མེད་པ་ཉིད་ཀྱིས་སྦྱིན་པ་སྦྱིན་པར་འགྱུར་ཏེ། འདི་ནི་ཆོས་ཐ་དད་པ་ཉིད་དུ་མི་བྱེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཡོངས་སུ་བསྔོ་བ་ཐ་དད་པ་ཉིད་དུ་མི་བྱེད་པ་ཡིན་ཞེ་ན། གང་གི་ཚེ་སྦྱིན་པ་སྦྱིན་པ་ན། དབེ་བའི་རྩ་བ་དེ་བརྒྱ་བྱིན་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ ་སྔོ་བར་བྱེད་པར་མི་འགྱུར། ཚངས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་མ་ཡིན། རྒྱལ་སྲིད་དང། ཚོང་དཔོན་ཉིད་དང། ཁྱིམ་པར་གཉིད་དམ། གཟུགས་སམ་ཁ་དོག་ཉིད་ངམ། ལོངས་སྤྱོད་དམ། དབྱང་ཕྱུག་གམ། གཡོག་འཁོར་དོན་དུ་གཉེར་བས་མ ་ཡིན། དགེ་བའི་རྩ་བ་དེ་སྲིད་པའི་འགྲོ་བ་ཐམས་ཅད་ནས། འཕོ་བ་དང་སྐྱེ་བའི་གནས་སུ་ཡོངས་སུ་སྔོ་བར་བྱེད་པ་མ་ཡིན་པ་དང། དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་མ་གཏོགས་པ། ཉན་ཐོས་ཀྱི་ཐེག་པར་མ་ཡིན། ་རང་སངས་རྒྱས་ཀྱི་ཐེག་པར་མ་ཡིན་ཏེ། འདི་ནི་ཡང་ཡོངས་སུ་བསྔོ་བ་ཐ་དད་པ་ཉིད་དུ་མི་བྱེད་པ་ཞེས་བྱའོ། །གཞན་ལ་བསམ་པ་མཉམ་པ་སྦྱོར་བ་མཉམ་པ། རྣམ་པར་སྨིན་པ་ལ་རེ་བ་མེད་པ། གཞན་གྱི་བྱས་པ་ལ་བལྟོས་པ་མེད་པ། ལྷག་པའི་བསམ་པ་ཡོངས་སུ ་སྨིན་པའི་བློ་ཅན། འགྱོད་པ་མེད་པའི་བློ་ཅན། དུས་གསུམ་དུ་དང་པ་ཐོབ་པས། གཡོ་དང་རྒྱུ་དང་མི་ལྡན་པར་སྦྱིན་པ་སྦྱིན་པར་བྱེད་ཅིང་བྱིན་ནས་ཀྱང་དད་པ་ཐོབ་པར་འགྱུར་ཏེ། འདི་ནི་བསམ་པ་ཐ་དད་པ་ཉིད་དུ་མི་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟར་སྦྱིན་པ་བྱིན ་པ་ན་བྱང་ཆུབ་སེམས་དཔའ་ཐ་དད་པ་བཞི་པོ་འདི་དག་མི་བྱེད་པ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་གནས་དང་པོ་ཡིན་ནོ། །དེ་ལྟ་བ་བརྒྱད་ཀྱིས་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་མི་འགྱུར་རོ། །ལྟ་བ་བརྒྱད་གང་ཞེ་ན། དེ་བདག ་ཏུ་ལྟ་བ་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་བ་དང། དེ་བཞིན་དུ་སེམས་ཅན་དང། སྲོག་དང། གང་ཟག་དང། ཆད་པ་དང་རྟག་པ་དང། སྐྱེ་བ་དང་འཇིག་པར་ལྟ་བ་ཡོངས་སུ་དག་པ་སྟེ། ལྟ་བ་བརྒྱད་པོ་དེ་དག་གིས་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་རོ། །འདི་ཡང་བྱང་ཆུབ ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པའི་གནས་གཉིས་པ་དེ་བག་ལ་ཉལ་བཞི་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་རོ། །བཞི་གང་ཞེ་ན། སོ་སོ་སྐྱེ་བོའི་ཆོས་བག་ལ་ཉལ་བ་དང། ཉན་ཐོས་ཀྱི་ཆོས་བག་ལ་ཉལ་པ་དང། རང་སངས ་རྒྱས་ཀྱི་ཆོས་བག་ལ་ཉལ་བ་དང། བག་ཆགས་ཀྱི་མཚམས་སྦྱོར་བ་བག་ལ་ཉལ་ཏེ། བག་ལ་ཉལ་བཞི་པོ་འདི་དག་སྤངས་ནས། སྦྱིན་པ་སྦྱིན་པར་འགྱུར། །དེ་འདུ་ཤེས་བཞི་ཡོངས་སུ་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། རྟག་པར་འདུ་ཤེས་པ ་དང། བདེ་བར་འདུ་ཤེས་པ་དང། གཙང་བར་འདུ་ཤེས་པ་དང། བདག་ཏུ་འདུ་ཤེས་པ་སྟེ། བཞི་པོ་འདི་དག་གོ་།དེ་རྣམ་པ་བཞི་པོ་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། ལུས་ཡོངས་སུ་དག་པ་དང། ངག་ཡོངས་སུ་དག་པ་དང། སེམས་ཡོངས་སུ་དག་པ ་དང། བསམ་པ་ཡོངས་སུ་དག་པ་སྟེ། བཞི་པོ་འདི་དག་གོ་།དེ་ཞེན་པ་གསུམ་སྤངས་ནས་སྦྱིན་པ་སྦྱིན་པར་འགྱུར་ཏེ། གསུམ་གང་ཞེ་ན། རྣམ་པར་སྨིན་པ་ལ་རེ་བ་ལ་ཞེན་པ་དང། འགྱོད་པ་ལ་ཞེན་པ་དང། ཐེག་པ་དམ་ན་པར་ཡོངས་སུ་སྔོ་བ་ལ་ཞེན་པ་སྟེ། གསུམ ་པོ་འདི་དག་གོ་།དེ་འཇིགས་པ་གསུམ་ལས་འདས་ནས། སྦྱིན་པ་སྦྱིན་པར་འགྱུར་ཏེ། གསུམ་གང་ཞེ་ན། ལྷག་པའི་ང་རྒྱལ་གྱིས་འཇིགས་པ་དང། རློམ་པའི་འཇིགས་པ་དང། བདུད་ཀྱི་ལས་ཀྱིས་འཇིགས་པ་སྟེ། གསུམ་པོ་འདི་དག་གོ་།དེ་ཕྱག་རྒྱ་བཞིས ་རྒྱས་བཏབ་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། ནང་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང། ཕྱི་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང། སེམས་ཅན་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང། བྱང་ཆུབ་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས ་བཏབ་པ་སྟེ། བཞི་པོ་འདི་དག་གོ་།དེ་བརྩོན་འགྲུས་བཞི་བརྩམས་པ་དང། མ་བྲལ་བའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པའི་བརྩོན་འགྲུས་བརྩམས་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ ་པའི་བརྩོན་འགྲུས་བརྩམས་པ་དང། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་བརྩོན་འགྲུས་བརྩམས་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པའི་བརྩོན་འགྲུས་བརྩམས་པ་སྟེ། བཞི་པོ་འདི་དག་གོ་།དེ་དྲན་པ་བཞི་དང་མ་བྲལ་བའི་སྦྱིན ་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང། སངས་རྒྱས་ལྟ་བ་རྗེས་སུ་དྲན་པ་དང། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་རྗེས་སུ་དྲན་པ་དང། སེམས་ཅན་ཐམས་ཅད་ཉོན་མོངས་པ་སྤོང་བ་རྗེས་སུ་དྲན་པ་སྟེ། ་བཞི་པོ་འདི་དག་གོ་།དེ་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། གསུམ་གང་ཞེ་ན། སྒྱུ་མ་དང་མཉམ་པ་ཉིད་ཀྱིས་བདག་ཉིད་ཀྱི་འཁོར་ཡོངས་སུ་དག་པ་དང། རྨི་ལམ་དང་མཚུངས་པ་ཉིད་ཀྱིས་སེམས་ཅན་གྱི་འཁོར་ཡོངས་སུ་དག་པ ་ཉིད་དང། རྣམ་པར་སྨིན་པ་ལ་རེ་བ་མེད་པ་ཉིད་ཀྱི་བྱང་ཆུབ་ཀྱི་འཁོར་ཡོངས་སུ་དག་པ་སྟེ། གསུམ་པོ་འདི་དག་གོ། དེ་ཤེས་པ་བཞི་ཡོངས་སུ་དག་པས་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར་འགྱུར་ཏེ། བཞི་གང་ཞི་ན། སྦྱིན་པའི་ཤེས་པ་ཡོངས་སུ་དག་པ ་དང། སེམས་ཅན་གྱི་བསམ་པ་ཚིམ་བའི་ཤེས་པ་ཡོངས་སུ་དག་པ་དང། སྒྱུ་མའི་ཆོས་སོ་སོར་རྟོག་པའི་ཤེས་པ་ཡོངས་སུ་དག་པ་དང། ཡོངས་སུ་བསྔོ་བ་སོ་སོར་རྟོག་པའི་ཤེས་པ་ཡོངས་སུ་དག་པ་སྟེ། བཞི་པོ་འདི་དག་གི་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པར ་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཆོས་དང་ལྡན་པ་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཤིན་ཏུ་ཡོངས་སུ་དག་པར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་ཡིན་ནོ ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མི་ཕངས་པའི་དངོས་པོ་ཡོངས་སུ་གཏོང་པའི་སེམས་འཇུག་གི་།བདེས་པའི་དངོས་པོ་ཡོངས་སུ་གཏོང་པའི་སེམས་མི ་འཇུག་པ་དང། སེམས་ཅན་གང་དག་དེ་ལ་དགའ་བར་འགྱུར་བ་དེ་དག་ལ་སྦྱིན་པར་བགྱིས། སེམས་ཅན་དག་དགའ་བར་མ་གྱུར་པ་དེ་དག་ལ་ནི་སྦྱིན་པར་མི་བགྱིད་ཅིང། དེ་དངོས་པོ་ཐ་དད་དུ་བགྱིད། སེམས་ཅན་ཐ ་དད་དུ་བགྱིད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དང་པོའོ་ཞེས་གསུངས་སོ། །ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས ་དཔའ་ཨི་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བདག་རྣ་པར་དག་པས་སེམས་ཅན་རྣམ་པར་དག་པ་ལ་འཇུག་པ་དང། སེམས་ཅན་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་ལ་འཇུག་པ་དང། སྦྱིན་པ་རྣམ ་པར་དག་པས་བསྔོ་བ་རྣམ་པར་དག་པ་ལ་འཇུག་པ་དང། བསྔོ་བ་རྣམ་པར་དག་པས་བྱང་ཆུབ་རྣམ་པར་དག་པ་ལ་འཇུག་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན?་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེས་རྣམ་པར་ཐར་པ་བརྒྱད ་ཀྱི་སྒོ་ནས་སྦྱིན་པ་དེ་སྦྱིན་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ང་ཡིང་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྒྱུ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ལྟ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། མཚན ་མ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ཐ་དད་པར་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྣམ་པར་སྨིན་པ་ལ་མི་རེ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ནམ་མཁའ་དང་མཚུངས་པའི་སེམས་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་ཏེ། རྣམ་པར་དག་པ་བརྒྱད་པོ ་འདི་དག་གི་སྒོ་ནས་སྦྱིན་པ་དེ་སྦྱིན་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང། ཆགས་པ་རྣམ་པ་བདུན་ནི་སྦྱིན་པའི་མི་མཐུན་ཕྱོགས་ཏེ། ལོངས་སྤྱོད་ལ་ཆགས་པ་དང། བཤོལ་བ་ལ་ཆགས་པ་དང། དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་དང། ་ལན་ལ་རེ་བ་ལ་ཆགས་པ་དང། རྣམ་པར་སྨིན་པ་ལ་ཆགས་པ་དང། དེ་མི་མཐུན་པའི་ཕྱོགས་ལ་ཆགས་པའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཆགས་པ་དང། རྣམ་པར་གཡེང་བ་ལ་ཆགས་པའོ། །རྣམ་པར ་གཡེང་བ་དེ་ཡང་རྣམ་པར་གཉིས་ཏེ། ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི། ཐེག་པ་དམན་པ་ལ་དགའ་བའི་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ནི་སྦྱིན་པ་པ་དང། ལེན་པ་པོ་དང། སྦྱིན་པ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་བས་ན་ཆགས་པ་རྣམ ་བདུན་ལས་གྲོལ་པའི་ཕྱིར་རོ། །སྦྱིན་པའི་མཆགས་པ་ཉིད་ལན་བདུན་བཤད་དོ་ཞེས་གསུངས་སོ། །དཀོན་མཆོག་སྦྲིན་གྱི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་སྦྱིན་པ་གཏོང་པ་ན་སྦྱིན་པའི་སྐྱོན་དང་སྦྱིན་པའི་དྲི་མ་དང། སྦྱིན་པའི་བར་ཆད་དག་ཡོངས་སུ་སྤང ་བར་བྱའོ་ཞེས་གསུངས་སོ། །སྦྱིན་པའི་ཕན་ཡོན་ལ་དགོངས་པ་བསྟན་པ་སྙིང་རྗེ་ཆེན་པོ་ལ་འཇུག་པའི་མད་ལས་ཀྱང། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་མོས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེའི་སེར་སྣའི ་ཉོན་མོངས་པ་ཚར་བཅད་པ་ཡིན། དེའི་སེམས་རྟག་ཏུ་གཏོང་བའི་རྗེས་སུ་སྤེལ་བ་ཡིན། སྐྱེ་བོ་མང་པོ་དང་ཐུན་མོངས་པའི་ལོངས་སྤྱོད་ལས་སྙིང་པོ་ལེན་པ་ཡིན། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་དེ་གཏོད་པའི་སེམས་མངོན་དུ་འགྱུར་བ་ཡིན ་འཁོར་བའི་གཞི་རྣམས་ལ་ཕངས་ཤིང་སྡུག་པ་ཡིན། འཇིགས་པ་མེད་ཅིང་ཞུམ་པ་མེད་པར་འཁོར་གྱི་ནང་དུ་འགྲོ། ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་བརྗོད་པའི་སྒྲ་དང་ཚིགས་སུ་བཅད་པ་མངོན་པར་འབྱུང། རྐང་ལག་འཇམ་ཞིང་གཞོན་པ་ཡིན། ་རྐང་མཐིལ་མཉམ་ཞིང་རབ་ཏུ་གནས་པ་ཡིན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་མོས་པའི་ལེགས་པ་ནི་འདི་བཅུའོ་ཞེས་གསུངས་སོ ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་ཀྱང། སྟོབས་བཅུས་སྦྱིན་པ་རྩ་བ་ཡིན་ཞེས་གསུངས། དེ་ལ་རབ་ཏུ་གནས་ནས་ཚུལ་ཁྲིམས་ལྡན། །ཚུལ་ཁྲིམས་ཡོན་ཏན་གནས་ནས་བསམ་གཏན་རྙེད། །བསམ་གཏན ་མེ་ཆགས་ཤེས་རབ་རྫོགས་པར་བྱེད། །སྦྱིན་པ་དང་ནི་དུལ་བས་སེམས་རབ་ཚིམ། །ཉོན་མོངས་རྣམས་ཀྱང་ཚིག་ན་ཕྱིར་མི་སྐྱེ། །སྦྱིན་པ་བདག་དང་གཞན་ལ་ཕན་པར་གསུངས། །ཕན་པ་བདེ་བ་འདུས་བྱས་སྦྱིན་པས་མགུ་ཞེས་གསུངས་སོ། །ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པས་ཡི་དགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། སྤྱོད་ཚེ་ལོངས་སྤྱོད་མཛའ་ཡང་རྒྱས་བ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་བའི ་སེམས་ཅན་ཡོངས་སྨིན་བྱེད་ཅེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་ཀྱང་སྦྱིན་པ་བྱིན་ན་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་མི་དགེ་བའི་ཆོས་ཕྲག་དོག་དང། སེར་སྣ ་དང་།ངན་སོང་གསུམ་སྤངས་པ་ཡིན་ནོ་ཞེས་གསུངས་ཏེ། དེ་བས་ན་བདག་གིས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་ཅིང་སྦྱིན་པ་སྦྱིན་པར་བྱའོ་སྙམ་སྟེ། དེ་སྦྱིན་པ་ཡང་སྦྱིན་ཞིང་སྦྱིན་པ་དེས་ཁེངས་པར་མི་འགྱུར་ཏེ་ཞེས་གསུངས་སོ། །ཚངས་པས་ཞུས་པིའི ་མདོ་ལས་ཀྱང། ཚངས་པ་བདག་གིས་སྦྱིན་པས་མྱ་ངན་ལས་འདས་པ་མཚོན་པར་བྱ་ན་དེ་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པ་འདི་ལྟར་མོས་པར་འགྱུར་ཏེ། སྦྱིན་པ་ནི་ཕ་རོལ་ཏུ་ལོངས་སྤྱོད་ཆེན་པོ་ཉིད ་ཀྱི་ཕྱིར་འགྱུར་ན། དེར་འགའ་ཡང་འཕོ་བར་མི་འགྱུར་ལ། འཕོ་བ་མེད་པ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་ཀྱང། ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་སྦྱིན་པའི་ཕན་ཡོན་བཅུ་ཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། ་བཟའ་བ་བྱིན་པས་ཚེ་དང། སྤོབས་པ་དང། བདེ་བ་དང། སྟོབས་དང། ཁ་དོག་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །བཏུད་བ་སྦྱིན་པས་ཉོན་མོངས་པ་དང་སྲེད་པ་ཐམས་ཅད་གསལ་བ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །བཞོན་པ་སྦྱིན་པས་བདེ་བ་ཐམས་ཅད་ཀྱི ་དངོས་པོ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །བགོ་བ་བྱིན་པས་ཁྲེལ་ཡོད་པ་དང། ངོ་ཚ་ཤེས་པ་དང། གསེར་ལྟར་ཁ་དོག་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །སྤོས་དང་ཕྲེང་བ་བྱིན་པས་ཚུལ་ཁྲིམས་དང། ཐོས་པ་དང། ཏིང་ངེ་འཛིན་གྱི་དྲི་དང། བྱུག་པ ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་བོ། །དྲི་རབ་ཏུ་ཞིམ་པའི་སྤོས་དང། ཕྱེ་མ་དང་བྱུག་པས་བྱིན་པས་ལུས་ཀྱི་ནན་ཏན་གྱི་དྲི་ཞིམ་པོ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རོ་བྱིན་པས་རོ་བྲོ་བའི་ནང་ནས་མཆོག་གི་རོ་བྲོ་བསྐྱེས་བུ་ཆེན་པོའི་མཚན་ཕུན་སུམ་ཚོགས་པ་རབ་ཏུ ་འཐོབ་བོ། །གནས་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་གནས་དང། རྟེན་དང། གླིང་དང། སྐྱབས་དང། དཔུང་གཉེན་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ནད་པ་ལ་སྨན་བྱིན་པས་མི་རྒ་མི་འཆི། འཆི་བ་མེད་པའི་བདེ་བ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས ་པ་རབ་ཏུ་འཐོབ་བོ། །ཡོ་བྱད་སྣ་ཚོགས་བྱིན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས་དེ་ལྟར་སྦྱིན་པ་བྱིན་ན། སྦྱིན་པའི་ཡོན་ཏན་བཅུ་པོ་དེ་དག ་ཡོངས་སུ་གཟུང་བར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་ཕན་ཡོན་གཞན་??་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་།མར་མེ་བྱིན་པས་དེ་བཞིན་གཤེགས་པའི་སྤྱན་ལྔ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །སིལ་སྙན ་བྱིན་པས་ལྷའི་རྣ་བ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གསེར་དང། དངུལ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། རིན་པོ་ཆེ་ཐམས་ཅད་བྱིན་པས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད ་སུ་རྫོགས་པ་རབ་ཏུ་འཐོབ་བོ། །རིན་པོ་ཆེ་ཐ་དད་པ་སྣ་ཚོགས་དང། མེ་ཏོག་སྣ་ཚོགས་བྱིན་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པས་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྟ་དང་གླང་པོ་ཆེ་དང། ཤིང་རྟ་བྱིན ་པས་རྒྱས་པ་དང། ཡངས་པ་དང་ཆེ་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །སྐྱེད་མོས་ཚལ་དང། དཀའ་ཐུབ་ཀྱི་ནགས་ཚལ་བྱིན་པས། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པ་ཕུན ་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ནོར་དང་འབྲུ་དང། མཛོད་དང། བད་བ་བྱིན་པས་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་མཛོད་ཡོངས་སུ་རྫོགས་པས་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བྲན་ཕོ་དང། བྲན་མོ་དང། ལས་བྱེད་པའི་མི་བྱིན་པས་རབ་ཉམས་པ་དང ་རང་དབང་དང་རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ་།བུ་ཕོ་དང་བུ་མོ་བྱིན་པས་མཛའ་བ་དང། སྡུག་པ་དང། འདོད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ ་འཐོབ་བོ། །གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་བྱིན་པས་བྱང་ཆུབ་སེམས་དཔས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་སྟེ། ཤཱ་རིའི་བུ་ཕན་ཡོན་བཅུ་པོ་དེ་དག་ཡོངས་སུ་བཟུང ་བར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས། དེ་ལྟར་སྦྱིན་པ་བྱིན་པས་ཕན་ཡོན་གཞན་ཡང་བཅུ་འཐོབ་བོ། །བཅུ་གང་ཞེ་ན། འདོད་པའི་ཡོན་ཏན་ལྡན་བྱིན་པས་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །དགའ་བའི་རྩེད་མོ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པས་དམ་པའི་ཆོས་ཀྱི་དགའ་བ་དང་བརྩེ་བ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྐང་པ ་བྱིན་པས་ཆོས་ཀྱི་དོན་གྱི་རྐད་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ལག་པ་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་ལག་པ་རབ་ཏུ་བྱིན་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཆོག་པ་རབ་ཏུ་འཐོབ་བོ། །རྣ་བ་དང་སྣ་བྱིན་པས་དབང་པོ་མ་ཚང ་བ་མེད་ཅིང། ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡན་ལག་དང་ཉིད་ལག་བྱིན་པས་ཁ་ན་མ་ཐོ་བ་མེད་ཅིང་མཛེས་པའི་ཡན་ལག་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །མིག་བྱིན་པས་སེམས་ཅན ་ཐམས་ཅད་ལ་ཆོས་ཀྱི་མིག་སྒྲིབ་པ་ཡོངས་སུ་དག་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཤ་དང་ཁྲག་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སྙིང་པོ་མེད་པ་ལས་སྙིང་པོ་ལན་པས་ཉེ་བར་འཚོ་བ་ལ་མཁས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྐང ་པ་བྱིན་པས་རྡོ་རྗེ་ལྟར་མི་ཤིགས་པའི་ལུས་འཐོབ་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡན་ལག་གི་དམ་པ་མགོ་བྱིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་གསུམ་གྱི་མཆོག་བླ་ན་མེད་ཅིང་ལྟག་ན་མེད་པའི་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་པ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་ཕས་དེ་ལྟར་སྦྱིན་པ་སྦྱིན་ན། དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་ཕན་ཡོན་དེ་དག་ཡོངས་སུ ་གཟུང་བར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ཟབ་པ། ཤེས་རབ་ཀྱི་སྣང་བ་དང་ལྡན་པ་ནི་འཇིག་རྟེན་གྱི་ཟང་ཟིང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད། བདུད་རྩི་འདོད། སྙིང་པོ་འདོད། བྱང་ཆུབ་འདོད་དོ། ་ཡང་ཤཱ་རིའི་བུ་མྱ་ངན་ལས་འདས་པ་འདོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཏེ། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པ་ནི། འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཡང་མེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ ་ཁྱིམ་བདག་ཆུན་པ་ཞིང་སྐམ་ལ་གནས་ནས། བ་ལང་དང་གནམ་སྡོད་མ་ཡིན་པའི་ཞིང་གི་རྨོ་རྐོ་རྫོགས་པར་བྱས་ཏེ། ས་བོན་བཏབ་ནས་རྣམ་གྲངས་འདིས་བཤོལ་གྱིས་འཚོ་བས་གསེར་དང། དངུལ་ཡང ་འགྲུབ་བོ། །དངོས་པོ་སྣ་ཚོགས་གཞན་ཡང་འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འབྲུ་དང་མཚུངས་པའི་ནོར་མེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ལྟར་འཇིག་རྟེན་གྱི་ཟང་ཟིང་ལ་གནས་ནས། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དང་ཚོད་ཡོད་དོ། འདི་ལྟ་སྟེ། ཤཱ་རིའི་བུ་བས་རྩ་སྐམ་པོ་དང། གཤེར་བ་ཟོས་པ་དང། ཆུ་གྲང་མོ་དང། དྲོན་མོ་འཐུངས་བ་དེ་ལས་འོ་མ་གྲུབ་སྟེ། ཞོ་དང ་མར་སར་དང་མར་གྱི་སྙིང་པོ་ཡང་འགྲུབ་བོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཏེ། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པ་ན་དེ་མི་འདོད་ཀྱང་འཁར་ལོས་སྒྱུར ་བའི་རྒྱལ་པོ་ཡང་ཡོངས་སུ་འགྲུབ་བོ། །བརྒྱ་བྱིན་དང་ཚངས་པ་ཡང་འགྲུབ་བོ། །གནས་དེ་གསུམ་ཡོངས་སུ་གྲུབ་ནས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ཡོངས་སུ་འགྲུབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་ཡང་ཡོངས་སུ་འགྲུབ ་བོ་ཞེས་གསུངས་སོ། །བདེན་པ་པོའི་ལེའུ་ལས་ཀྱང། ཡོན་ཏན་གྱི་ཕན་ཡོན་བཅུ་གཉིས་ཡང་དག་བར་མཐོང་བ་དེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བཅུ་གཉིས་བོ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ལམ་སྟོན ་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། ལོངས་སྤྱོད་ཆེན་པོ་ཡོངས་སུ་གྲུབ་པའི་ལམ་ཡིན་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། འདོད་པའི་རིགས་སུ་སྐྱེ་བར་འགྱུར་བ ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། དད་པའི་རིགས་སུ་སྐྱེ་བར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོ་ཏུ་ཕྱིན་པ་ལས་སྦྱར་བར་བྱ་བ་དང། སེར་སྣ་ཚར་གཅོད་པར་འགྱུར་བར་ཡང་དག་པར་མཐོང ་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། གཏོང་བའི་རྒྱུན་འཕེལ་བར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། ཡི་དགས་ཀྱི་གྲོང་ཁྱེར་གྱི་སྒོ་གཅོད་པར་འགྱུར་བར་ཡང་དག་པར་མཐོང་བས ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། སྐྱེ་བོ་མང་པོ་དང་ཐུན་མོང་གི་ལོངས་སྤྱོད་རྣམས་ལས་སྙིང་པོ་ལེན་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། ཡོ་བྱད་ཡོངས་སུ་རྫོགས་པར་འགྱུར ་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་གོམས་པར་བྱས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། དངོས་པོ་ཐམས ་ཅད་ལ་འཛིན་པའི་སེམས་བདག་ལ་མེད་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་ལ་སྦྱར་བར་བྱ་བ་དང། དེ་བཞིན་གཤེགས་པའི་རྗེས་སུ་བསྟན་པ་དང་མཐུན་པར་ཞུགས་པར་འགྱུར་བར་ཡང་དག་པར་མཐོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱས་པ་སྟེ། རིགས་ཀྱི་བུ་ཡོན་ཏན་གྱི་ཕན་ཡོན་བཅུ་གཉིས་པོ་དེ་དག་ཡང་དག ་པར་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་སྟེ། སྦྱིན་པ་དེ་ཡང་བླ་ན་མད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་གསུངས་སོ། །འཇམ་དཔལ་གྱི་ཞིང་གི་བཀོད་པའི་མདོ ་ལས་ཀྱང། ཤཱ་རིའི་བུ་བཞི་བོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཕྲག་དོག་དང་སེར་སྣ་ཡོངས་སུ་སྤངས་པའི་ཕན་ཡོན་ཡིན་ཏེ། བཞི་གང་ཞེ་ན། འདིའི་གཏོང་བའི་སེམས་བརྗེད་པར་མི་འགྱུར་བ་དང། མུ་གེའི་དུས ་དུས་ན་སྦྱིན་བདག་ཏུ་འགྱུར་བ་དང། སློང་བ་པོ་རྣམས་ཉེ་བར་དོང་བ་ན་འདིའི་ཁྱིམ་མ་བསྒྲིབས་པར་འགྱུར་བ་དང། སྟེར་བ་འམ་ལེན་པ་ན་འདི་ལ་འགའ་ཡང་ཕྲག་དོག་པར་མི་འགྱུར་བ་སྟེ། ཤཱ་རིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཕྲག་དོག་དང ་སེར་སྣ་ཡོངས་སུ་སྤངས་བའི་ཕན་ཡོན་བཞི་ཡིན་ནོ་ཞེས་གསུངས་སོ། །ལས་རབ་ཏུ་རྣམ་པར་འབྱེད་པའི་མདོ་ལས་ཀྱང། དེ་ལ་ཟས་བྱིན་པ་ན་ཆོས་བཅུ་འཕེལ་བར་འགྱུར་བ་གང་ཞེ་ན་།བཟའ་བ་བྱིན་པ་ཟ་ན་ཁ་དོག་དང་ལྡན་པར་འགྱུར་བ་དང། ་སྟོབས་དང་ལྡན་པར་འགྱུར་བ་དང། སྐྱིད་པར་འགྱུར་བ་དང། སྤོབས་པ་དང་ལྡན་པར་འགྱུར་བ་དང། ཚེ་རིང་ཞིང་ཡུན་རིང་དུ་འཚོ་བར་འགྱུར་བ་དང། བཟའ་བ་དང་བཏུང་བ་མང་བར་འགྱུར་བ་དང། རིགས་མཐོ་བར་འགྱུར་བ་དང། ལོང་སྤྱོད ་ཆེ་བར་འགྱུར་བ་དང། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང། མྱུར་དུ་མྱ་ངན་ལས་འདའ་བར་འགྱུར་ཏེ། བཟའ་བ་བྱིན་པ་ན་ཆོས་བཅུ་པོ་འདི་དག་འཕེལ་བར་འགྱུར་རོ་ཞེས་གསུངས་སོ། །རབ་ཏུ་བྱུང་བར་གཏོགས་པའི་བྱིན་པ་དང། ཁྱིམ་ལ་སེར་སྣབྱེད་བ་དང། ལོག་པར་འཚོ་བ་དང། ཆོས་སྨྲ??་བ་ལ་ཀུར་བ་འདེབས་པ་དང། ཆོས་སྤོང་བ་དང། རྨ་འབྱིན་པ་དང། ཞལ་ཏ་བྱེད་པ་དང། ཡོངས་སུ་འཛིན་པ་དང། འཚོ་བ་ཡང་བ་དང། འཚོ་བ་ཡོངས་སུ་དག་པ་དང། རྙེད་པ་དང་བཀུར་སྟི་དང། ་བདུད་ཀྱི་སྨྲས་པ་དང། ཉོ་ཚོང་དང། ཚུལ་ཁྲིམས་འཆལ་བའི་མཚན་མ་དང། ཚུལ་ཁྲིམས་དང་ལྡན་བཟིལ་གྱིས་གནོན་པ་དང། རབ་ཏུ་བྱུང་བ་ལ་བསྔགས་པ་དང། སྦྱངས་པའི་ཡོན་ཏན་དང། སྤྱོད་ཡུལ་མ་ཡིན་པ་དང། སྡིག་པའི་གྲོགས ་པོ་དང། དགེ་བའི་བཤེས་གཉེན་དང། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང། དམ་པའི་ཆོས་ཡོངས་སུ་འཛིན་པ་དང། དམ་པའི་ཆོས་ནུབ་པར་འགྱུར་བ་དང། ཐོས་པའི་ཡོན་ཏན་བརྗོད་པ་དང། ཐོས་པ་ཉུང་བ་སྤང་བ་དང། ་མི་འདྲི་བའི་སྐྱོན་དང། ཆོས་རྐུ་བ་དང། བདག་ལ་བསྟོད་ཅིང་གཞན་ལ་སྨོང་བ་དང། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་བརྗོད་པ་དང། བྱང་ཆུབ་ཀྱི་སེམས་ལ་འདུན་པ་བཟློག་པ་དང། བྱང་ཆུབ་ཀྱི་སེམས་བརྗོད་པ་དང། གསོ་དཔྱད་དགག་པ་དང་།རྒྱུ་སྐར ་རྟག་བ་སྤང་བ་དང། རྒྱལ་པོ་ལ་བརྟེན་པ་སྨད་པ་དང། ཁྱིམ་པའི་སྦྱིན་པ་དང། སྦྱིན་པའི་མི་མཐུན་པའི་ཕྱོགས་དང། སྦྱིན་པའི་ཡོན་ཏན་ལ་དགོངས་པ་བསྟན་པའོ། །མདོ་སྔ་སྣ་ཚོགས་ལས་བཏུས་པའི་གཏམ་རྫོགས་སོ།། །།སྦྱིན ་པར་བྱ་བའི་ཆོས་འདི་ནི་རབ་མཆོག་ཐེག་པ་ཆེན་པོའི་རྗེས་སུ་འབྲང་པ་ཤཱ་ཀྱའི་གནས་བརྟན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཡིན་ནོ། །གང་འདིར་བསོད་ནམས་སུ་འགྱུར་བ་སྟེ། མཁན་པོ་དང་སློབ་དཔོན་དང་ཕ་དང་མ་སྔོན་དུ་འགྲོ་བར་བྱས་ཏེ། སེམས ་ཅན་གྱི་ཆོགས་མཛའ་དག་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་གྱུར་ཅིག་།འདི་ནི་འདྲི་མཁན་ཛཱི་བ་དྷ་རིའི་ལག་གིས་བྲིས་པའོ། །དེ་ལྟ་བུའི་རྒྱ་གར་གྱི་ཕྱག་དཔེ་ལས་བོད་ཀྱི་ཡེ་གེར་བསྒྱུར་བའི་སྦྱིན་པར་བྱ་བའི་ཆོས་འདི་ནི་རབ་མཆོག ་ཐེག་པ་ཆེན་པོའི་རྗེས་སུ་འབྲང་བ། ཤཱཀྱའི་གནས་བརྟན་མཁས་པ་ཆེན་པོ་ཡོན་ཏན་གྲགས་ཀྱི་ཐུགས་དམ་ཡིན་ནོ། །གང་འདིར་བསོད་ནམས་སུ་འགྱུར་བ་དེ་མཁན་པོ་དང་སློབ་དཔོན་དང་ཕ་དང་མ་སྔོན་དུ་འགྲོ་བར་བྱས་ཏ་།སེམས་ཅན་གྱི་ཆོགས་མཛའ་ ་དག་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐེབ་བར་བྱ་བའི་ཆེད་དུ་གྱུར་ཅིག་།འདི་འདྲ་མཁན་བྷིཀྵུ་ཀུ་མཱ་ར་པྲཛྙའི་ལག་གིས་བྲིས་པའོ། །ཐུབ་པའི་གསུང་རབ་རྒྱ་མཚོའི་བདུད་རྩིའི་བཅུད། །ལྟུང་དང་ཉོན་མོངས་ནད་གསོའི་སྨན་ཆེན་འདི། །ལྔ་བརྒྱའི་དུས་ན ་བསྟན་པའི་སྲོག་འཛིན་པ། །ཤཱཀྱའི་སྲས་པོ་ཡོན་ཏན་གྲགས་པ་ཡིས། །དཔེ་མེད་གྲོང་དུ་སྐུ་འཁྲུངས་རྩོད་དུས་ཀྱི། །མཁས་པ་རྒྱལ་བ་ཀུན་དགའ་ལ་གསོལ་ནས། །ཡ་རབས་སྤྱོད་པ་མ་ཉམས་དད་དང་ལྡན། །པ་ཚབ་ལྡོད ་གིས་སྐོར་ཞོགས་ཀྱི་སྟོད། །མཁས་བཙུན་འབྱུང་གནས་དམ་པས་བྱིན་བརླབས་པ། །དཔལ་ལྡན་ཡ་གད་གཙུག་ལག་ཁང་ཆེན་དུ། །སྐད་གཉིས་སྨྲ་ལ་སེང་གེའི་སྒྲ་སྒྲོགས་པ། །ཤཱཀྱའི་དགེ་སློང་ཉི་མ་གྲགས་པ་དང། །ཁུ་ཡི་བན་དྷེ་མདོ་སྔ ་འབར་གྱིས་བསྒྱུར། །དེས་བསྐྱེད་བསོད་ནམས་ཟླ་ལྟར་བསིལ་བ་ཡིས། །ཐུབ་པའི་འཁོར་བཞི་དང་ནི་འགྲོ་ཀུན་གྱི། །ལྟུང་དང་ཉོན་མོངས་གདུད་བ་ཞི་གྱུར་ཅིག་།ནམ་མཁའ་ཨི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཛའ་ཡང་དེ་བཞིན་ཏེ ་ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཛའ་ཡང་དེ་ཙམ་མོ། །དེང་ནས་བཟུང་སྟེ་ཆོས་ཀྱི་སྐུ། །གཅིག་ཏུ་མ་གྱུར་བར་དུ་ནི། །བཤེས་གཉེན་ཁྱོད་དང་མི་འབྲལ་ཞིང། །སྒྲུབ་པའི་སྒོ་ནས་མཉེས་བྱེད་ཤོག་།ཐོས་བརྩོན་དང་ལྡན ་དགེ་སྦྱོང་ལ་གུས་པ། །པ་ཚབ་དགེ་བསྙེན་རྡོ་རྗེ་གཡུང་དྲུང་དང། །བསླབ་གུས་ཡོད་གཞུངས་གཞོན་ནུ་ཤེས་རབ་དང། །བཟོད་ལྡན་རིན་ཆེན་བཟང་པོ་ཡོངས་ལ་དྲིན། །གདུང་བརྒྱུད་ས་ལས་འཕགས་པ་བ་ཚབ་ལྡོང་གི་སྲས། །བསླབ་གསུམ་སྒྲུབ་པས་སྐྱོད་བར ་འཇིག་རྟེན་རབ་གྲགས་པ། །ད་ལྟར་ལྔ་བརྒྱའི་དུས་ཀྱི་བསྟན་པའི་སྲོག་འཛིན་པའི། །དགེ་སློང་ཡོན་ཏན་གྲགས་ཀྱི་རབ་ཏུ་བསྐུལ་གྱུར་བས། ཁ་ཆེའི་བྲམ་ཟེ་མཁས་པ་རྒྱལ་བ་ཀུན་དགའ་དང། །སྒྲ་བསྒྱུར་ཕུལ་དུ་ཕྱིན་པ་བ་ཚབ་ཁུ་གསུམ་གྱིས། །ཡ་རབས ་སྤྱོད་པ་མ་ཉམས་པ་ཚབ་རོམ་པོའི་ཁུལ། །གནོད་སྦྱིན་ནོར་སྤེལ་གྲགས་པ་ཞོགས་ལྷ་ཕྱུག་པའི་འདབས། །མཁས་བཙུན་བཞུགས་རྗེས་སྐྱོང་པ་ཡ་གང་གཙུག་ལག་ཏུ། །མདོ་སྡེ་ཀུན་ལས་བཏུས་པ་བསྒྱུར་ཅིང་ལགས་པར་ཞུས། །བོད་འབངས་ཡོངས་ལ ་སྨན་པས་ས་ཡང་རབ་ཏུ་གཡོས། །དགེ་ལེགས་བསམ་པ་དག་པས་དགོངས་པ་མཐར་ཡང་ཆུབ།། །། *། །རྒྱལ་བའི་ལམ་ལ་འཇུག་པ་ཞེས་བྱ་བ་པཎྜི་ཏ་བུདྡྷ་ཤྲཱིཛྙཱ་ནས་བོད་དུ་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ ་