CLOSE WINDOW

N4146: spyod pa bsdus pa'i sgron ma
Wyliee-texts based on the ACIP/ALL Input

ཞུས་ཏེ་གཏན་ལ་ཕབ་པ།། །།སྤྱོད་པ་བསྡུས་པའི་སྒྲོན་མ་བཞུགས།། །།*། །རྒྱ་གར་སྐད་དུ། ཙརྱ་སང་གྲ་ཧཱ་པྲ་དཱི་པ་?་བོད་སྐད་དུ། སྤྱོད་བ་བསྡུས་པའི་སྒྲོན་མ་།འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་གསུང་གི ་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པའི། །དམ་པའི་སྐྱེས་མཆོག་དལ་འདུད། །གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་སྒྲུབ་པོ་ཞེས། བླ་མ་སངས་རྒྱས་གསུངས་པས་ན། །དེ་དོན་བདག ་གིས་དྲི་བར་བྱ། །གསང་སྔགས་འདི་རུ་བརྗོད་མི་བྱ། །ཕ་རོལ་ཕྱིན་ལུགས་སྤྱོད་པ་ཡིན། །བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་དག་།མདོ་ཙམ་བདག་གིས་བཤད་པར་བྱ། །སེམས་བསྐྱེད་སྔོན་དུ་སོང་བ་ཡིས། །བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་བླང། །མདོ་སྡེ་མ ་ལུས་ཀུན་བལྟ་ཞིང། །བསྟན་བཅོས་མཛའ་དག་མཉན་པར་བྱ། །ལུས་དང་ངག་དང་ཡིད་གསུམ་གྱིས། །ཇི་སྐད་བཤད་པའི་སྡོམ་པ་རྣམས། །མ་ཉམས་གཙང་མར་བསྲུངས་བྱས་ལ། །ཚུལ་ཁྲིམས་རྣམ་པར་དག་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ།། ་དབང་པ་རྣམས་ཀྱི་སྒོ་ཡང་བསྡམས། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །མི་ཉན་རྣལ་འབྱོར་བརྩོན་པར་བྱ། །ཁ་ན་མ་ཐོ་ཕྲ་རབ་ལའང། །ཤིན་ཏུ་འཇིགས་པ་བསྐྱེད་པར་བྱ། །མཚན་མོ་ཆ་གསུམ་བགོ་བྱ་སྟེ། །ཐ་མའི་ཆ་ལ་ལྡང་བར་བྱ། །གདོད་ལ་སོགས་པ ་བཀྲུ་བ་འམ། །ཡང་ན་མ་བཀྲུས་པ་ཡང་རུང། །བདེ་བའི་སྟན་ལ་འདུག་ནས་ནི། །ཆོས་རྣམས་ཆོས་ཉིད་དྲན་པར་བྱ། །མཚན་མས་གཡེངས་བས་མ་ནུས་ན། །ལངས་ལ་དངོས་པོ་སྣང་བ་ཀུན། །སྒྱུ་མ་ལྟ་བུར་ཉེ་བར་བརྟག་པར་སྐབས་དེར་ཡང་དགེ ་སྦྱོར་ཡང། །ཡན་ལག་བདུན་པ་རྫོགས་པར་བྱ། །སྨོན་ལམ་ཤིན་ཏུ་རྒྱ་ཆེན་གདབ། ཡང་ན་སྔར་གྱི་སྒོམ་ལ་བསྒོམ། །དེ་ནས་ཟས་ཀྱི་དུས་དག་ཏུ། །སྙིང་པོ་མང་པའི་ལུས་འདི་ཡིས། །སྙིང་པོ་དམ་པ་བཙལ་བྱ་ཞེས། །ལུས་ལ་གྲུ་ཡ་བློ་བཞག་ལ། །རྒྱགས་བསྐྱེད ་ཕྱིར་མི་བཟའ་ཞིང།། །རོལ་ཆགས་བས་མི་བཟའ་ཨོ། །ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་རྫས་ཆོས་ཀྱི་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆན་བཏང། །རང་གིས་ཟོས་ཤིང་འཐུངས་པ་ཡིས། །ལྷག་མ ་འབྱུང་པོ་ཀུན་ལ་སྦྱིན། །བར་སྐབས་དེར་ཡང་སྒྲུང་བརྒྱུད་པ། །ངོ་མཚར་ཅན་གྱི་གཏམ་ཡང་བྱ། །དེ་ནས་ལངས་ལ་ཅུང་ཞིག་བཅག། ཡང་ན་རྟེན་ལ་བསྐོར་བ་བྱ། །བཟླས་བརྗོད་གླེགས་བམ་བཀླག་པའམ། །ཡང་ན་བདེ་གཤེགས་ག་ཐུགས་བརྙན་བ། ་ཇི་སྲིད་རྡུལ་ནི་མ་བྱུང་བར། །དེ་སྲིད་སྐོར་བ་མ་ཡེངས་པར། །བྱས་ལ་སྨོན་ལམ་རྒྱ་ཆེན་གདབ། །མདོར་ན་མགོན་པོ་བྱམས་པ་ཡིས། །བཤད་པའི་ཆོས་སྤྱོད་བཅུ་པོ་རྣམས། །ཡིད་ནི་རབ་ཏུ་མ་ཡོངས་ཤིང། །སྒྱུ་མ་ལྟ་བུར་ངན་པས་སྤྱོད། །གལ ་ཏེ་ཡོད་ན་དགེ་འདུན་མཆད། །ཡང་ན་བྱིས་པའི་སྟོན་མོ་བྱ། །མགོན་མེད་དག་ལ་སྦྱིན་པ་ནི། །རྣལ་འབྱོར་བསོད་ནམས་ཚོགས་སུ་འགྱུར། །ཉིན་མོའི་བྱ་བ་རྫོགས་པ་དང། །མཚན་མོའི་ཆན་དིང་པ་རུ། །ཆོས་ཉིད་སྤྲོས་བ་དང་བྲལ་བ། །ཤེས་པ་འང་སྤྲོས་དང་བྲལ་བར་བཞག་།མཚན་མོའི ་གུང་ལ་བབ་བ་ན། །ལྔར་དང་སྣང་བའི་འདུ་ཤེས་ཀྱིས། །སེང་གེ་ཇི་ལྟར་ཉལ་བ་ལྟར། །དགེ་བའི་གཉིད་ནི་ལོག་པར་བྱ། །སྦྱིར་ན་མཉམ་གཞག་སེམས་བརྟན་ན། །ལུས་དག་དགེ་བ་གཙོར་མི་བྱ། །ཡང་ན་མཉམ་གཞག་མི་གསལ་ན། །འཇིག་རྟེན ་མཐུན་འཇུག་བྱ་བའི་ཕྱིར། །ལུས་དག་དག་བ་ཅི་ནུས་བྱ། །འཇིག་རྟེན་སེམས་དང་མ་མཐུན་ན། །འདི་ནི་བདག་གི་ཆོས་མིན་ཞེས། །བསམ་པ་བཟང་པོ་སྔོན་བཏང་ལ། །འཇིག་རྟེན་ཡུལ་ཆོས་དྲི་བར་བྱ། །ནེ་པ་ལ་ཡི་ཡུལ་དུ་ནི། །རང་གིས ་གྲོགས་པོས་བསྐུལ་ནས་བྱས། །གསང་སྔགས་ལུགས་ལ་མི་མོས་ན། །འདི་ལྟར་མཛོད་ཅིག་སྠ་བའི་ར། །སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད ་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ།། བཀྲིས།། ་