| Wylie | e-texts based on the ACIP/ALL Input |
ཏེ་གཏན་ལ་ཕབ་བ།། །།མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་བཞུགས།། །།*། །རྒྱ་གར་སྐད་དུ་།སཱུ་ཏྲཱ་མྲས?་མུ་ཙྪཱ་ཡ་ཨུ་པ་དེ་ཤ། བོད་སྐད་དུ་།མདོའི་སྡེའི ་དོན་ཀུན་ལས་བཏུས་པའི་མན་ངག་།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་ནམ་མཁའ་ལྟར་ཟབ་རྒྱ་ཆེ་བ། །མདོ་སྡེའི་སྡེ་སྣོད་མ་མོ་ཀུན་བལྟས་ཤིང། །དཔལ་ལྡན་བླ་མའི་ཞལ་ནས་བྱུང་བ་ཡི། །རྙེད་པར་དཀའ་བའི་དོན ་རྣམས་བྲི་བར་བྱ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ནོར་ལྟ་བུའི་ཆོས་ནི་ལྔ་བཅུ་སྟེ་།སྲོག་ལྟ་བུ་ལ་སོགས་པའོ། །དེ་རྣམས་ཅུང་ཟད་བཤད་པར་བྱ་སྟེ་།ཇི་སྐད་དུ་།སྲོག་ནི་ཚེ་ཡིན་དྲོང་དང་ནི། །རྣམ་ཤེས་རྟེན་ཉིད་ཡིན ་བའོ་ཞེས་སོ། །དེ་ལྟར་སེམས་ཅན་ལ་སྲོག་གཅེས་ཤིང་སྲོག་ལ་བརྟེན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་སྲོག་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཅེས་ཤིང་དེ་ལ་བརྟེན་པའོ། །ཕ?་མ་ལྟ་བུའི་ཆོས་ནི། །སྟོད་པ་ཉིད་དང། སྙིང་རྗེ་ཡིན?་ཏེ། དེས་མ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ ་འབྱུང་བར་མི་འགྱུར་རོ། །བྱ་མོ་ལྟ་བུ་ནི། འཆི་བ་དང། བསླབ་པ་དང། ལས་ཀྱི་བསབས་པ་བགྲང་བ་རྣམས་ཏེ་།ཉོན་མཚན་ལན་གསུམ་དུ་འགྲོགས་དགོས་པའོ། །ཁང་པ་ལྟ་བུ་ནི། དགེ་བ་བཅུ་པོ་ཡིན་ཏེ། འདི་ནི་ཁང་པ་ཉིད་དེ ་ངན་འགྲོ་དག་གི་སྒ་གཅོད་པའི་ཕྱིར། །ནོར་ལྟ་བུ་ནི་འཕགས་པའི་ནོར་བདུན་དང། འདོད་པ་ཆུང་བ་དང། ཆོག་ཤེས་པའོ། །གྲོགས་པོ་ལྟ་བུ་ནི་།སྦྱོར་བ་ཁམས་གསུམ་ན་བྱེད་ཀྱང་བསམ་བ་མྱ་ངན་ལས་འདས་པ་དང། སྦྱིན་བ་རྒྱ ་ཆེན་པོ་གཏོང་ཡང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང། །ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་མི་འདོར་བ་དང། ཆོས་ཐམས་ཅད་བདག་མེད་པར་ཤེས་ཀྱང་སེམས་ཅན་ལ་སྙིང་རྗེ་བསྐྱེད་པའོ། །རྩ་བ་ལྟ་བུ་ནི། ་དད་བ་དང། ཐོས་བ་དང། གཏོང་བ་དང། བཟོད་པའོ། །ཞིང་ལྟ་བུ་ནི། ཚུལ་ཁྲིམས་སོ། །ཉེ་དུ་ལྟ་བུ་ནི་།ཕ་རོལ་ཏུ་བྱིན་པ་བཅུའོ། །སློབ་དཔོན་ལྟ་བུ་ནི། རྗེས་སུ་དྲན་བ་དྲུག་གོ་།མཁན་པོ་ལྟ་བུ་ནི། འཕགས་པ་འོད་སྲུངས་ཀྱིས་ཞུས ་པའི་མདོའི་བྱང་ཆུབ་ཀྱི་སེམས་མི་བརྗེད་བར་འགྱུར་བའི་ཆོས་བཞིའོ། །ཚོང་དཔོན་ལྟ་བུ་ནི། །བསླབ་པ་ཀུན་ལས་བཏུས་ཀྱིས་གནོད་པ་བཅུ་བཞིའི་གཉེན་པོ་རྣམས་སོ། །སྲིང་མོ་ལྟ་བུ་ནི། །ཚད་མེད་པ་བཞིའོ། །བྲན་ལྟ་བུ་ནི། བསྡུ་བའི ་དངོས་པོ་བཞིའོ། །འབངས་ལྟ་བུ་ནི། ཁྱི་དང་བྲན་དང་གདོལ་པ་ལྟ་བུར་ང་རྒྱལ་བཅག་པའོ། །མིག་ལྟ་བུ་ནི། བསམ་པ་དང། ལྷག་པའི་བསམ་པ་རྣམ་པར་དག་པའོ། །མ་མ་ལྟ་བུ་ནི། དགེ་བའི་བཤེས་གཉེན་ཡིན་ནོ། །རྒྱལ་པོ ་ལྟ་བུ་ནི། །དཀོན་མཆོག་གསུམ་ཡིན་ནོ། །ཆུ་ལུང་ལྟ་བུ་ནི་།འཁོར་གསུམ་ཡོངས་སུ་དག་པ་ཡིན་ན། །ལམ་མཁན་ལྟ་བུ་ནི། དྲན་པ་དང་ཤེས་བཞིན་དང་།ཚུལ་བཞིན་སེམས་པ་དང། བག་ཡོད་པ་དང། ཕྱིན་ཅི་ལོག་བཞིའི་གཉེན ་པོ་བསྟེན་པའོ། །འཕགས་པ་ལྟ་བུ་ནི། །སེམས་ཅན་མི་གཏོང་ཞིང་རྗེས་སུ་འཛིན་པའོ། །རྒྱན་ལྟ་བུ་ནི་།དད་པ་དང། ཚུལ་ཁྲིམས་དང། གཏོང་བ་རང་ཐོས་པ་དང། ཤེས་རབ་པོ། །ནང་དང་ཟུག་རྡུ་ལྟ་བུ་ནི། ཕྱི་ནང་གི་དངོས་པོ་ལ་ཞེན་པའི་སེམས་སོ།། ་སྐྱེས་བུ་མནར་སེམས་ཅན་ལྟ་བུ་ནི། ཁྱིམ་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་རྣམ་ཞིག་ན་ཚངས་པར་སྤྱོད་པར་འགྱུར་ཞིག་གུ་ཞེས་པ་དང། རབ་ཏུ་བྱུང་བའི་སྙམ་དུ་ནམ་ཞིག་ན་བདག་གི་འགྲོ་བ་རྣམས་སྡུག་བསྔལ་ལས་ཐར་པར་ནུས་ཞེས ་པའོ། །ལེ་ལོ་ཅན་ལྟ་བུ་ན་།ཁྱིམ་པས་ཞིང་ལ་སོགས་པ་མ་སྤངས་པའོ། །རབ་ཏུ་བྱང་བས་ཚུལ་འཆོས་ལ་སོགས་པ་མ་སྤངས་པའོ། །ཚུལ་ཁྲིམས་ཀྱིས་ཕུང་པོའི་མདོ་ལས། དགེ་སློང་དག་རབ་ཏུ་བྱུང་བས་གླང་པོ་ཆེ་འཐབ་པ་ལ་བལྟས་ན་ཡང ་ལོག་པའི་འཚོ་བ་ཡིན་ནོ་ཞེས་གསུངས་སོ། །ཤེས་བཟང་པོ་ལྟ་བུ་ནི། ཚུལ་བཞིན་སེམས་པ་དང་ལྡན་པའོ། །དིག་པ་ལྟ་བུ་ནི། གཞན་གྱིས་ཉེས་པ་དང་འཁྲུལ་པ་མི་བརྗོད་པ་དང། རང་གི་ཡོན་ཏན་མི་བརྗོད་པ་དང། །གཞན་ལ ་མི་སྨོད་པའོ། །ལོང་བ་ལྟ་བུ་ནི་།གཞན་གྱི་འཁྲུལ་བ་ལ་མི་བལྟ་བའོ། །རྐུན་མ་ཟིན་པ་ལྟ་བུ་ནི། དམ་པའི་ཆོས་འཇིག་པ་ན་དམ་པའི་ཆོས་འཛིན་པའོ། །བྱིས་པ་ལྟ་བུ་ནི། བཀའ་བློ་བདེ་བ་དང། ང་ལོ་ཡང་བ་དང་།འགྲོགས་ན་བདེ་བ ་དང། མགུ་སླ་བ་དང། གསོ་སླ་བ་དང། དགང་སླ་བ་དང། ཆོག་ཤེས་པའོ། །ཕོ་ཉ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་དོན་མང་བ་དང། བྱ་བ་མང་བ་དང། སྙིང་ལས་ཆ་བའོ། །བློན་པོ་ལྟ་བུ་ནི། དམ་བཅའ་བརྟན་པའོ། །འཛངས་བ་ལྟ་བུ ་ནི། སེམས་ཅན་དང་ཞེས་འགྲས་པ་མེད་པ་དང། བཅོས་སུ་བཏུབ་པའོ། །སློབ་མ་ལྟ་བུ་ནི། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་མ་ལ་བསྙེན་བཀུར་བྱ་བ་དང། བསོད་ནམས་ཀྱི་ཚོགས་བསགས་པ་དང། སྡོམ་བ་གསོ?་པའོ། །བསུ? ་སྐྱེལ་བ་ལྟ་བུ་ནི་།སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱས་ནས་གདོད་བདག་ཉིད་འཚང་རྒྱ་བར་འདོད་པའོ། །ལོང་ཁྲིད་པ་ལྟ་བུ་ནི། བདག་སངས་རྒྱས་བར་བྱས་ནས་གདོད་གཞན་གྱི་དོན་བྱེད་པའོ། །བསྐལ་པ་དང་པོའི་མི་ལྟ ་བུ་ནི། སྤྱོད་ལམ་དང། ཚུལ་ཁྲིམས་དང། འཚོ་བ་དང། ཆོ་ག་དང། ལྟ་བ་ཕུན་སུམ་ཚོགས་པའོ། །སྐྱེས་བུ་འདོད་བ་ཅན་ལྟ་བུ་ནི། སྤྱོད་ལམ་ཐམས་ཅད་གཞན་ལ་བསྔོ་བ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་ལྟ་བུའོ།། ་མུན་པ་ལྟ་བུ་ནི་།དབུ་མ་ཆེན་པོའི་དོན་ལ་རྟག་ཏུ་གནས་པའོ། །གཤེད་མ་ལྟ་བུ་ནི། ལོག་པར་ལྟ་བ་སྐྱེས་པ་སྟེ་སྤང་བར་བྱའོ། །ཆོམ་རྐུན་ལྟ་བུ་ནི། བག་མེད་པ་དང། མ་གུས་པ་སྟེ་སྤང་བར་བྱའོ། །དགྲ་ལྟ་བུ་ནི། དོ་ཚ་མེད་པ་དང། བག་མེད ་པའོ། །གླེན་པ་ལྟ་བུ་ནི། དྲན་པ་དང་ཤེས་བཞིན་མེད་པའོ། །ར་རོ་བ་ལྟ་བུ་ནི། ནག་པོར་གྱུར་པ་བཞིའོ། །བྱོལ་སོང་ལྟ་བུ་ནི། །བསླབ་པའི་ཚུལ་རྣམས་མི་ཤེས་པའོ། །ཤན་པ་ལྟ་བུ་ནི། སྙིང་རྗེ་དང་བྲལ་བའི་སྤྱོད་ལམ་ཅན་ནོ། །བྱས་པ་ལ ་དྲིན་དུ་མི་གཟོ་བ་ལྟ་བུ་ནི་།སོ་སོར་ཐར་པའི་སྡོམ་པ་བཞག་བའོ། །དྭ་ཕྲུག་ལྟ་བུ་ནི་།ཐབས་མཁས་པ་དང་བྲལ་བའོ། །སྨྱོན་པ་ལྟ་བུ་ནི། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །བདུད་ཀྱིས་བརླམས་བ་ལྟ་བུ་ནི། བར་དུ་གཅོད་པའི་ཆོས་ལྔ་བཅུ་རྩ ་ལྔ་དང། སུམ་ཅུ་རྩ་གཉིས་མི་ཤེས་པའོ། །ལྔ་བཅུ་རྩ་ལྔ་པོ་ཡང་གང་ཞེ་ན་།འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་པས་འབྱུང་བ་ལྟ་བུ་སྟེ་།འདི་ལྟར་བར་དུ་གཅོད་པའི་ཆོས་ནི་གཅིག་སྟེ། བག་མེད་བའོ། །བར་དུ་གཅོད་པའི་ཆོས་ནི་གཉིས་ཏེ། ་ངོ་ཚ་མེད་པ་དང། ཁྲེལ་མེད་བའོ། །གསུམ་སྟེ་།འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གོ། བཞི་སྟེ་།དམ་པ་མ་ཡིན་པའི་འགྲོ་བ་བཞིའོ། །ལྔ་སྟེ་།སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོགས་པར་གཡེམ་པ ་དང། །བརྫུན་དུ་སྨྲ་བ་དང་ཆང་འཐུང་བའོ། །དྲུག་སྟེ། སངས་རྒྱས་དང། ཆོས་དང། དགེ་འདུན་དང། ཚུལ་ཁྲིམས་དང། སློབ་དཔོན་དང། རྒན་པ་རྣམས་ལ་མ་གུས་པའོ། །བདུན་ཏེ། ང་རྒྱལ་རྣམ་པ་བདུན་ནོ། །བརྒྱད་དེ། །ལོག་པ་བརྒྱད ་དོ། །དགུ་སྟེ། ཀུན་ནས་མནར་སེམས་ཀྱིས་དངོས་པོ་རྣམ་པ་དགུའོ། །བཅུ་སྟེ། མི་དགེ་བ་བཅུའོ། །ཞེས་འབྱུང། བར་དུ་གཅོད་པའི་ཆོས་སུམ་ཅུ་རྩ་གཉིས་ཀྱང། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས་འབྱུང་བ་ལྟ་བུ་སྟེ ་ཇི་སྐད་དུ་།བུ་མོ་ཐེག་པ་ཆེན་པོའི་པར་དུ་གཅོད་པའི་ཆོས་ནི་སུམ་ཅུ་རྩ་གཉིས་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་བར་མྱུར་དུ་ངེས་པར་མི་འབྱུང་ངོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ་།ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང། བརྒྱ་བྱིན་དང། ཚངས་པ་འདོད་པ་དང། སྐྱེ་བ་ལ་གནས་ཏེ་ཚངས་པར་སྤྱོད་བ་དང། དགེ་བའི་རྩ་བ་གཅིག་ལ་ཆགས་པ་དང། ལོངས་སྤྱོད་བདོག་པ་རྣམས ་ལས་སེར་སྣ་བྱེད་པ་དང། སེམས་ཅན་རྣམས་ལ་མཉམ་པར་མི་སྦྱིན་པ་དང། ཚུལ་ཁྲིམས་ལ་ལྷོད་པ་དང། གཞན་གྱིས་སེམས་མི་སྲུང་བ་དང། གནོད་སེམས་དང། ཁོང་ཁྲོ་བའི་བག་ལ་ཉལ་བྱེད་པ་དང། ངེས་སེམས་ཞུམ་པ་དང། བརྗེད་ངས ་པ་དང་།ཐོས་པ་དོན་དུ་མི་གཉེར་བ་དང། དཔྱོད་པ་མེད་པ་དང། འཕགས་པ་མ་ཡིན་པའི་སྤྱོད་པ་དང་།ང་རྒྱལ་ལས་ཀྱང་ང་རྒྱལ་འཕེལ་པ་དང། ལུས་དང་ངག་དང་སེམས་ཀྱི་ལས་ཡོངས་སུ་མ་དག་པ་དང། དམ་པའི་ཆོས ་ཡོངས་སུ་མི་བསྲུང་བ་དང། སློབ་དཔོན་ཆོས་འཆབ་པ་དང། བསྡུ་བའི་དངོས་པོ་རྣམས་འདོར་བ་དང། ཡང་དག་པར་དགའ་བར་འགྱུར་བའི་ཆོས་གཏོང་བ་དང། སྡིག་པའི་གྲོགས་པོ་བསྟེན་པ་དང། བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་སྟེ ་ཕུང་པོ་གསུམ་དང་མེ་མཐུན་པ་དང་།དགེ་བའི་རྩ་བ་ཆུང་དུ་རློམ་སེམས་སུ་བྱེད་པ་དང། ཐབས་མེད་པར་ལྟུང་བའི་བློ་དང། ཕྱིར་ཞིང་དཀོན་མཆོག་གི་བསྔགས་པ་མི་སྨྲ་བ་དང། བྱང་ཆུབ་སེམས་དཔའ་ལ་གནོད་པར་སེཾས ་པ་དང། མ་ཐོས་པའི་ཆོས་སྤོང་བ་དང། བདུད་ཀྱི་ལས་ཁོང་དུ་མི་ཆུད་པ་དང་།འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་འཛིན་པ་དང། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་བ་དང། འཁོར་བ་ཡོངས་སུ་མི་སྐྱོ་བ་སྟེ། བུ་མོ་སུམ ་ཅུ་རྩ་གཉིས་པོ་འདི་དག་ནི་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཡང་དག་པའི་ཕུལ་ཡིན་ཏེ་།བར་དུ་གཅོད་པ་དེ་དག་གི་ཐམས་ཅད་མཁྱེན་པར་ངེས་པར་མི་འབྱུང་ངོ། །དེ་ལྟ་མོད་ཀྱི་འོན་ཀྱང་བུ་མོ་ཐེག་པ་ཆེན་མོའི་ཡོན་ཏན་ཇི ་ཙམ་པ་དེ་ཙམ་དུ་བར་དུ་གཅང་བ་ཡང་དེ་ཙམ་མོ་ཞེས་གསུངས་སོ། །གཞན་ཡང་བར་དུ་གཅོད་པའི་ཆོས་དཔག་ཏུ་མེད་པ་དག་མདོ་སྡེ་དུ་མར་མཐོང་མོད་ཀྱི། འདིར་གཞུང་མངས་པར་འགྱུར་བསམ་བཀོད་དེ། །ལམ་འདི་ལ་ཆེར་ཆེར་བྱེད་པའི་བྱང ་ཆུབ་སེམས་དཔའ་ལས་དང་པོ་པས་མདོ་དེ་དང་དང་ལྟ་བར་བྱ་ཞིང་ཉམས་སུ་བླངས་པ་ལ་བརྩོན་པར་བྱའོ། །གཏམ་དུ་བྱ་བ་གཞན་ཡང་མང་དུ་ཡོད་དེ་།རྩུབ་ཅིང་དྲག་ལ་ཡུན་རིངས་སྡུག་བསྔལ་བཟོད་དཀའ་བཟོད་པར་བྱེད་པར་ངོ་མཚར་ཆེ། ་ཆུ་བོ་བཞི་གཡེངས་ཡང་དང་ཡང་དུ་ཀང་རུས་བཞོན་བ་ཞོན་པ་དེ་ཡང་ངོ་མཚར་ཆེ། །ཆུང་མ་ཁྱིམ་སྤངས་བརྟུལ་ཞུགས་བཟང་བླངས་རྟག་ཏུ་ལུས་དག་ཡིད་གཡེངས་འདི་ཡང་ངོ་མཚར་ཆེ། །དགེ་བའི་རྩ་བ་ཆུང་དུ་ཙམ་ཡང་མེད་པར་བེ? ་ཉིད་དོན་གྱིས་སངས་རྒྱས་ཡེ་ཤེས་རྩད་གཅོད་ཚོལ་བ་འདི་ཡང་ངོ་མཚར་ཆེ། །སོ་སོར་ཐར་པའི་བསླབ་པ་མེད་པར་ཐེག་ཆེན་བྱང་ཆུབ་མཆོག་གཉིས་རྩད་གཅོད་ཚོལ་བ་འདི་ཡང་ངོ་མཚར་ཆེ། །དེ་ལ་སོགས་པ་ངོ་མཚར་ཆེ་བ་མང་དུ་ཡོད་མོད ་ཀྱི། །འཛམ་གླིང་སྐྱེ་བོའི་རྟོག་དང་དཔྱོད་པ་སྨྲ་བར་ག་ལ་ནུས། །དེ་བས་ཐར་འདོད་མཁས་པ་ཁྱེད་ཅག་སྨྱོན་པ་དེ་དག་དང། །ལྷན་ཅིག་འདྲེ་བར་མ་བྱེད་བག་ཡོད་གནས་པར་གྱིས། །འདི་ལྟར་དེ་དག་སྙིང་རྗེའི་ཡུལ་དུ་བྱ་བ་མ་གཏོགས་པར། ། ་ལམ་མཆོག་བཤད་ཀྱང་དེ་ལ་འཇུག་པར་མི་འགྱུར་བདག་གི་ཇི་ལྟར་བྱ། །ཇི་སྲིད་མངོན་པར་ཤེས་པ་མ་ཐོབ་བར་དུ་གཞན་དག་སྨིན་པར་མི་ནུས་བསེ་རུང་གནས་པར་བྱ། །བླ་མ་བཟང་པོ་བཙལ་བྱ་རྟག་ཏུ་མདོ་སྡེ་དག་ལ་བལྟ་བར ་བྱ། །མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་།སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས ་353 ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་བཞུགས།། །།*། །རྒྱ་གར་སྐད་དུ་།ད་ཤཱ་ཀུ་ཤཱ་ལ་ཀརྨ་པ་ཐ། བོད་སྐད་དུ། ་མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་བདེ་འགྲོ་ཐོབ་པར་འདོད་པས་སྤངས་པར་བྱ་བའི་མི་དགེ་བ་བཅུའི་ལས་ཀྱི་ལམ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་འདི ་ལྟ་སྟེ་།ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་པོ་དང། འདི་བཅུ་མི་དགེ་བ་རུ་གསུངས། འདི་རྣམས་རབ་ཏུ་ཕྱེ་ནས་བཤད་པར་བྱ་སྟེ་།དེ་ལ་རེ་ཞིག་ལུས་ཀྱིས་ནི་སྲོག་གཅོད་པ ་དང། མ་བྱིན་པ་ལེན་པ་དང། འདོད་པས་ལོག་པར་སྤྱོད་པའོ། །དག་གི་ནི་རྫུན་དུ་སྨྲ་བ་དང། ཕྲ་མ་དང། དག་རྩུབ་པོ་དང། ཆིག་འཁྱལ་པའོ། །ཡིད་ཀྱི་ནི་བརྣབ་སེམས་དང། གནོད་སེམས་དང། ་ལོག་པར་ལྟ་བའོ། །དེ་ལ་སྲོག་གཅོད་པ་ནི་།སྲོག་ཆགས་སུ་གྱུར་པ་དང། སྲོག་ཆགས་སུ་འདུ་ཤེས་པར་གྱུར་པ་དང། བསོད་པའི་སེམས་ཉེ་བར་གནས་པར་གྱུར་པ་དང། དེའི་ཐབས་ཀྱང་བྱེད་པ་དང། སྲོག་འགག་པར་གྱུར་པ ་སྟེ་ཡན་ལག་ལྔ་པོ་དེ་དག་དང་ལྡན་ན་སྲོག་གཅོད་པ་ཡིན་ནོ། །དེ་ལམ་བྱིན་པར་ལེན་བ་གང་ཞེ་ན། གཞན་གྱིར་གྱུར་པ་དང། ཕ་རོལ་གྱིས་ཡོངས་སུ་བཟུང་བར་ཡང་འདུ་ཤེས་པ་དང། རྐུ་བའི་སེམས་ཀྱང ་ཉེ་བར་གནས་པར་གྱུར་པ་དང། དེའི་ཐབས་ཀྱང་བྱེད་པ་དང། གནས་ནས་བསྐྱོད་པ་སྟེ་ཡན་ལག་ལྔ་པོ་དེ་དག་དང་ལྡན་ན་མ་བྱིན་པར་ལེན་པར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པའི་རྣམ་པ་བཞི་སྟེ་།ཡུལ་མ་ཡིན ་