| Wylie | e-texts based on the ACIP/ALL Input |
ལ་ཕན་པ་འབྱུང་སྲིད་བསམ་བས་ཡི་གེར་གནས་པར་བྱས། །དད་དང་ཤེས་རབ་ནོང་ལྡན་སྒྲུབ་པ་སྙིང་པོར་བྱེད་འདོད་གང། །ཐེག་པ་ལམ་གྱི་སྒྲུབ་ཐབས་ཡང་དག་ཡི་གེར་བསྡུས་འདི་ལ། །གལ་ཏེ་མོས ་པ་ཡོད་སྲིད་འདི་བཞིན་བྱས་ཏེ་རང་གཞན་དོན་དུ་འགྱུར། །ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།*། །ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་དུ་བསྡུས་པ་བཞུགས།། །། ་རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐ་སཱ་དྷ་ན་སང་གྲ་ཧ། །བོད་སྐད་དུ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབས་ཐབས་ཤིན་དུ་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདས་དང་ད་ལྟར ་བདེ་གཤེགས་ཀུན། །སྐྱེད་པའི་ཡབ་དང་ཡུམ་གྱུར་པ། །སྒྲུབ་པའི་ཆོས་ལ་རབ་གུས་ཤིང། །དག་ཡང་དང་བས་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་ཆེ་བ་མངའ་། །བླ་མ་བྱང་ཆུབ་ཐོབ་འདོད་ན། །བྱང་ཆུབ་སྒྲུབ་ལ་རག་ལས ་པས། །སྒྲུབ་པ་ལྷུར་བླང་སྙིང་པོར་བྱ། །དེ་ཡིས་གསུམ་ལ་སྐྱབས་འགྲོ་ཞིང། །མི་དགེ་ཀུན་ལས་ལྡོག་པ་ཡི། །ལྷག་པའི་ཚུལ་ཁྲིམས་དག་པར་བསྲུང། །བྱང་ཆུབ་སེམས་ཀྱི་བཞོན་པ་ལ། །བརྟེན་ནས་འཆི་བ་རྗེས་དྲན་གྱིས། ། ་ལྕག་ནི་ཡང་དང་ཡང་བརྡ་བ་ཅིང། །སྲིད་ལམ་འཇིག་པ་ཆེས་ཡི། །ལམ་འདི་མྱུར་དུ་འདས་བྱས་ལ། །འཇིགས་མེད་སངས་རྒྱས་སར་ཕྱིན་བྱ། །སྨོན་པའི་གཞི་ལ་གནས་པ་ཡིས། །སེམས་པའི་སྡོམ་པ་རབ་གཟུང་ཞིང།། ་ཕ་རོལ་ཕྱིན་དྲུག་ལ་སོགས་པ། །སེམས་པའི་སྤྱོད་པ་ཚུལ་བཞིན་སྤྱོད། །དེ་བསྡུས་ཐབས་དང་ཤེས་རབ་ལ། །མི་གནས་མྱ་ངན་འདས་ཕྱིར་བསླབ། །དེ་ཡི་སྙིང་པོ་རྣམ་པ་གཉིས། །མེ་དོན་གཉེར་བས་གཙུབས་ཤིང་ལྟར། །ཆགས ་པའི་རླན་དང་བྲལ་བ་ཡིས། །རྟག་ཏུ་རྒྱུད་ལྡན་གུས་པར་བསྒོམ། །དེ་ཡིས་མྱུར་དུ་དེ་འཚང་རྒྱ། །ནོར་བུ་བཞིན་དུ་གཞན་གྱི་དོན། །ལྷུན་གྱིས་གྲུབ་པར་དེ་བྱེད་འགྱུར། །ཐེག་ཆེན་སྒྲུབ་ཐབས་བསྡུས་འདི་ལ། །སྐལ་ལྡན ་རྣམས་ཀྱིས་ལེགས་པར་བསླབ། །སྙིང་ལ་བདུད་རྩིའི་ཐིགས་པ་ཆགས། །བློ་མ་སྦྱངས་པས་བློས་རེག་དཀའ་། །འདི་བསྡུས་དགེ་བས་འགྲོ་བ་ཀུན། །ཐེག་ཆེན་སྒྲུབ་པ་ལྷུར་ལེན་ཤོག་།བདག་ཀྱང་སངས་རྒྱས་ས་ཐོབ་ནས།། ་འགྲོ་བའི་འདྲེན་པ་བྱེད་པར་ཤོག་།ཐེག་པ་ཆེན་པོ་ལམ་གྱི་སྒྲུབས་ཐབས་ཤིན་དུ་བསྡུས་པ། །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དེ་ཉིད ་དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཁོར་བ་ཐོགས ་མ་མེད་པ་ན། །ཉོན་མོངས་བག་ཆགས་ཚད་མེད་པས། །ཡུལ་ངན་རྐྱེན་དང་པྲད་པ་ལས། །ཉོན་མོངས་སྡུག་བསྔལ་སྐྱེ་བའི་ཚེ། །རང་གི་དྲན་པའི་ཕྱིར་དུ་འདི། །བྱས་པས་དེ་ཆེ་དྲན་པར་ཤོག་།ནང་གི་སེམས་ནི་དུལ་གྱུར་ན། །ཕྱེ ་ཡི་དགྲ་འདིས་གནོད་མི་ནུས། །རང་གི་ནང་སེམས་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ན། །ནང་གི་དགྲ་འདིས་རང་རྒྱུད་བསྲེག་།དེས་ན་ནང་གི་དགྲ་འདི་གཞོམ། །དུག་ཅན་སྣོད་ཀྱིས་ཟས་བརླག་བཞིན། །ནང་གི་དྲི་མས་དགེ ་349 ་ཚོགས་བརླག། གཉེན་པོ་ཆུ་ཡིས་ཁྲུས་བྱས་ནས། །དག་པས་བདེ་བ་ཆེན་པོ་འཐོ། །གང་ན་གནས་ཚེ་གང་གི་ཚེ། །གང་གི་དྲི་མ་ལྡང་བ་དང། །ནང་གི་དགྲ་འདི་འབྱུང་བའི་ཚེ། །ཐབས་ན་སྣ་ཚོགས་གསུངས ་པ་སྤངས། །དགྲ་གཞོམ་དྲི་མ་བཀྲུ་བའི་ཕྱིར། །དེ་ཚེ་འབད་པ་ཆེན་པོ་བྱ། །གང་གིས་རང་གིས་རྒྱུད་འདི་ལ། །ནང་དུ་བལྟས་ཏེ་རང་སེམས་བརྟག་།དེ་ཚེ་ཡུལ་ལ་ཤེས་པ་སྐྱེ། །ཤེས་པ་སྐྱེ་བའི་ཡུལ་རྣམ་གསུམ། །ཉོན་མོངས ་བར་མ་དགེ་བ་སྐྱེ། །རྒྱུ་རྐྱེན་ཡུལ་གི་བྱེ་བྲག་གིས། །ཉོན་མོངས་སྐྱེ་བ་དག་ལ་གསུམ། །ཆེན་པོ་འབྲིང་དང་ཆུང་དུའོ། །གཉེན་པོའི་རིམ་པ་འང་དེ་བཞིན་ཏེ། །ཆེན་པོ་སྐྱེ་བའི་ཡུལ་དེ་ལ། །བརྟེན་ཏེ་ཚོགས་ཆེན་འབད་པས་སྐྱེ།། ་འབྲིང་གིས་ཡུལ་ལ་འབྲིང་ཡིན་ཏེ། །ཆུང་དུ་ལ་ནི་ཆུང་དུའོ། །ཆེན་པོ་ཀུན་ལ་སྐྱེས་ན་མཆོག་།བར་མ་ལུང་མ་བསྟན་པ་ཡང། །དྲན་པས་ཟིན་པའི་སེམས་དེ་ཡིས། །ཀུན་སློང་རྗེས་ཀྱིས་དགེ་བར་བསྒྱུར། །ཐབས་སྒོ་སྣ ་ཚོགས་པ་ཡིས་སོ། །དགེ་བ་ཆེ་འབྲིང་ཆུང་དུ་དག་།དང་གིས་སྐྱེས་པའི་ཡུལ་དེ་ལ། །སྦྱོར་བ་དངོས་དང་རྗེས་དག་ལས། །ཁྱད་འཕགས་བསོད་ནམས་ཀུན་བསྔོ་བྱ། །ཤེས་ན་གང་ལ་འང་ཚོགས་འཕེལ་འགྱུར། །ཐོག་མེད ་དུས་ནས་ཇི་སྲིད་དུ། །བདག་ནི་དུག་གསུམ་ཞེན་པས་འཁོར། །དེ་སྲིད་སྐྱེ་ཤིང་ཁ་བརྒྱུད་པས། །དེ་སྲིད་ལས་རྣམས་ཆུད་རེ་ཟོས། །ཇི་སྲིད་དགེ་སེམས་འཕེལ་འགྱུར་བ། །དེ་སྲིད་སངས་རྒྱས་མངོན་སངས་རྒྱས། །བདག་ནི་གཏི་མུག ་མུན་པས་བསྒྲིབས། །མུན་ནག་གློག་འགྱུ་སྣང་བ་ཙམ། །ཅི་ཞིག་ལྟར་སྟེས་དྲན་རྙེད་ཚེ། །དེ་ཚེ་འབད་བས་བསྒྲུབ་པར་བྱ། །འཆི་བར་ངེས་བར་ཆ་ཡོད་ཅིང། །གནས་པའི་དབང་སྟེར་མེད་མོད་ཀྱི། །བདག་ནི་རེ་ཞིག་མི་འཆི་སྙམ། །དྲན་པ ་