CLOSE WINDOW

N4139: skyabs su 'gro ba bstan pa
Wyliee-texts based on the ACIP/ALL Input

སྐྱབས་སུ་འགྲོ་བ་བསྟན་པ་བཞུགས།། །།*། །རྒྱ་གར་སྐད་དུ་། ས་ར་ཎ་གཙྪ་མི་དེ་ཤ་། བོད་སྐད་དུ་།སྐྱབས་སུ་འགྲོ་པ་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ངན་སོང་གསུམ་ངང་འགྲོ་བ་ལྔའི། ་སྡུག་བསྔལ་མ་ལུས་སེལ་མཛད་ཅིང། །མཐོ་རིས་མྱ་ངན་འདས་པ་ཡི། །བདེ་བ་རྩོལ་མཛད་དེ་ལ་འདུད། །འདིར་སྐྱབས་སུ་འགྲོ་བ་བཤད་པར་བྱ་སྟེ་།སྡོམ་ལ། རྟེན་དང་གནས་དང་བསམ་པ་དང། །དུས་དང་རང ་བཞིན་ཆེད་དང་ནི། །ཚུལ་དང་བསླབ་པ་དེས་པའི་ཚིག་།ལས་དང་དཔེ་དང་དབྱེ་བ་དང། །ཉེས་དམིགས་དགོས་བ་ཕན་ཡོན་ཏེ། །རྣམ་པ་བཅོ་ལྔ་དག་ཏུ་བརྗོད། །དེ་ལ་རྟེན་གྱི་གང་ཟག་ནི་གཉིས་ཏེ་།ཐེག་པ་ཆེན་པོའི ་རིགས་ཅན་དང། ཐེག་པ་ཆུང་ངུའི་རིགས་ཅན་ནོ། །གནས་ནི་རྣམ་པ་གཉིས་ཏེ། ཐེག་པ་ཆེ་ཆུང་གི་བྱེ་བྲག་གིས་སོ། །དེ་ལ་ཐེག་པ་ཆེན་པོ་བའི་གཞུང་གིས་ནི་དཀོན་མཆོག་གསུམ་འདི་ལྟ་བུ་ཡིན་ཏེ་དེ་ཁོ་ན་ཉིད་ཀྱིས་དཀོན ་མཆོག་གསུམ་དང་།མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང། མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་མོ། །དེ་ཡང་འདི་ལྟར་ཤེས་བྱ་ཕྱིན་ཅི་མ་ལོག་པར་མཁྱེན་པ། །རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཡེ་ཤེས་།ཆོས ་ཀྱི་དབྱིངས་ལ་གནས་པ་དང། ཆོས་ཀྱི་དབྱིངས་རྣམ་པར་དག་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དང། མཉམ་པར་བཞག་པའི་དུས་སུ་ཆོས་ཐམས་ཅད་ན་མཁའ་ཨི་དཀྱིལ་ལྟར་བུར་ཞེས་པའི་བྱང་ཆུབ་སེམས་དཔའ་ས་ཆེན་པོ ་ལ་གནས་པ་དང་། ཡང་འདི་ལྟར་གཟུགས་ཀྱི་སྐུ་རྣམ་པ་གཉིས་དང་བདེན་པ་བཞི་དང། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བ་དུན་དང། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྒྱུད་ལ་གནས་པ་དང། སྦྱོར་བའི་ལམ ་པའི་བྱང་ཆུབ་སེམས་དཔའ་དང། ཡང་འདི་ལྟར་།རི་མོ་བྲིས་པ་དང། འབུར་དུ་གཏོང་བ་དང། ལུགས་མ་དང། ལྡེར་སོ་ལ་སོགས་པ་དང། གསུང་རབ་ཡན་ལག་དགུའི་བདག་ཉིད་པོ་ཏི་དང་། གླེགས་བམ་ལ་སོགས་པ་དང། ་ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའ་ཨོ། །ཐེག་པ་ཆུང་དུའི་གཞུང་ནི་།གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་བ་དང་གཉིས་ཀ་དང། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་བྱ་བ་ཡིན་ནོ།། ་དེ་ལ་བསམ་པ་ནི་ཐེག་པ་ཆེན་པོ་པའི་ནི་སེམས་ཅན་མ་ལུས་པའི་དོན་དུ་སེམས་པའོ། །གཅིག་ནི་བདག་འབའ་ཞིག་གི་དོན་དུ་སེམས་པའོ། །དེ་ལ་དུས་ནི་ཐེག་པ་ཆེན་པོ་པའི་ནི་བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ། །གཅིག་ནི་ཇི་སྲིད་འཚོའོ? ་བར་དུ་དམ་འཆའ་བའ་ཨོ། །དེ་ལ་རང་བཞིན་ངོ་ཚ་ཤེས་བ་དང་ཁྲེལ་ཡོང་པ་དང་ལྡན་པ་དང་།རྣམ་པར་རིག་བྱེད་མ་ཡིན་པ་སྐྱེས་པའི། །དེ་ལ་རྒྱུད་ནི་ལས་བླངས་པ་དང་། སྐྱབས་བྱེད་པ་དང། རྣམ་པར་རིགས་བྱེད་སྐྱེས་པའོ། །དེ ་ལ་ཆུལ་ནི་སྐྱབས་སུ་འགྲོ་བའི་ཆོ་ག་ཡིན་ཏེ་དེ་ནི་བླ་མ་ལ་ཞུ་བར་བྱའོ། །དེ་ལ་བསླབ་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟེ་།ཟླ་མའི་ཞལ་སྔ་ནས་ཤེས་པར་འགྱུར་རོ། །དེ་ལ་ངེས་པའི་ཚིག་ནི་འཕངས ་ཡིན་པ་འམ་།དེ་ལས་གཞན་པའི་ཇོ་བོ་མི་ཚོལ་བས་སྐྱབས་སུ་སོང་བའོ། །དེ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བའི་རྩ་བར་གྱུར་པ་དང། ཐར་པའི་གྲོང་ཁྱེར་ཆེན་པོའི་སྒོར་འཇུག་པ་དང་། བསྙེན་གནས་ལ་སོགས ་པའི་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །དེ་ལ་དཔེ་ནི་རྒྱལ་པོ་འམ་བློན་པོའི་བངས་དག་དེའི་བཀའ་ལས་མི་འདའ་ཞིང་ཅི་ནས་ཀྱང་དེ་མགུ་བར་བྱེད་པ་བཞིན་ནོ། །དེ་ལ་དབྱེ་བ་ནི་ཐུན་མོང་བ་དང། ཐུན་མོངས་མ་ཡིན་པའི ་བྱེ་བྲག་གོ་།དེ་ལ་ཉེས་དམིགས་ནི་གཉིས་ཏེ། །སྐྱབས་ཉམས་པ་འམ་མི་ཤེས་པའོ། །སྤངས་པ་འམ་ཉམས་པ་ནི། ཇི་སྐད་དུ་།ཟླ་གྲགས་ཀྱི་ཞལ་སྔ་ནས། །རྟེན་གྱི་དམ་པ་བླངས་ནས་ནི། །སླར་ཡང་དམན་ལ་བརྟེན་གྱུར་ན་།ཉམས་བཅས་ཕྱོགས་ལ ་གནས་པས་ན། །དེ་ནི་དམ་པའི་བཞད་གད་འགྱུར། ཞེས་གསུངས་ཏེ་མཚོན་པ་ཙམ་མོ། །དེ་ལ་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང། །ཀུན ་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ་། སྐྱབས་དེ་གཙོ་བོ་མ་ཡིན་ཞིང། །སྐྱབས་ད་མཆོག་གྱུར་མ་ཡིན་ལ་།སྐྱབས་དེ་ལ་ནི་རྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང། །གང་ཚེ་གང ་ཞིག་སངས་རྒྱས་དང་།ཆོས་དང་དགེ་འདུན་སྐྱབས་སོང་ན་།སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང། །སྡུག་བསྔལ་ཡང་དག་འདས་པ་དང། །འཕགས་ལམ་ཡན་ལག་བརྒྱད་བ་དེ་བ། མྱ་ངན་འདས་པར་འགྲོ་འགྱུར་དང། ་འཕགས་པའི་བདེན་པ་བཞི་པོ་དག། ཤེས་རབ་ཀྱི་ནི་ལྟ་བྱེད་བ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་རྟེན་ནས་ཀྱང། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཞེས་གསུངས་སོ།། །། ་སྐྱབས་སུ་འགྲོ་བའི་དགོས་པ་ནི། དེ་ལྟ་བུའོ། །དེ་ལ་ཕན་ཡོན་ནི་གསུམ་སྟེ། །རྒྱུའི་དུས་ཀྱི་ཕན་ཡོན་དང། །ལམ་གྱི་དུས་ཀྱི་ཕན་ཡོན་དང། །འབྲས་བུའི་དུས་ཀྱི་ཕན་ཡོན་ནོ། །རྒྱུའི་དུས་ཀྱི་ལ་ཚེ་འདིའི་དང། ཚེ་རབས་གཞིན་གྱིའོ། །ཚོ ་འདིའི་ཕན་ཡོན་ནི་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་བྱེད་པ་དང། བར་ཆད་མེད་པ་དང། བསྟན་པ་ལ་དགའ་བའི་ལྟ་དག་སྟོང་གྲོགས་བྱེད་པ་དང་།འཆི་བའི་དུས་སུ་ཡིད་དགའ་བ་ལ་སོགས་པའོ། །ཚེ་རབས་གཞན་གྱི་ནི ་འཁོར་བའི་སྡུག་བསྔལ་དང་། ངན་སོང་གི་སྡུག་བསྔལ་ལས་འདྲེན་པར་མཛད་པ་དང་། མྱ་ངན་ལས་འདས་པ་དང་། མཐོ་རིས་ཀྱིས་བདེ་བ་སྩོལ་པའོ། །ལམ་གྱིས་ཕན་ཡོན་བདེན་པ་བཞི་དང། འཕགས་པའི་ལམ་ཡན་ལག ་བརྒྱད་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ལ་སྦྱོར་བ་མཇད་པའོ། །འབྲས་བུའི་ཕན་ཡོན་མྱ་ངན་ལས་འདས་པ་གཉིས་དང། སྐུ་གསུམ་ཐོབ་པར་བྱེད་པའོ། །འདི་དག་ནི་མདོར་བསྡུས་པ་ཡིན་ལ་རྒྱས་པར་གཞུང་དང ་བླ་མ་ལས་ཤེས་བར་བྱའོ། །སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ་། བླ་མ་བྱང་ཆུབ་སེམས་དཔའ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་བ་བཞུགས།། །། ་