CLOSE WINDOW

N4130: las dang po pa'i sa sbyang ba
Wyliee-texts based on the ACIP/ALL Input

ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཨཱརྱ་ཤཱུ་རས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཨ་ཙརྱ་བཻ་རོ་ཙ་ན་རཀཱི་ཏས་བསྒྱུར་བའོ།། །*། །ལས་དང་པོ་པའི་ས་སྦྱང་བ་དགྲ་ལས་རྒྱལ་བ་གསང་བས་མཛད་པ་བཞུགས། ། ་རྒྱ་གར་སྐད་དུ། ཡ་ཏི་ཀརྨི་བྷཱུ་མི་ཀ་རི་པ་རི། བོད་སྐད་དུ། ལས་དང་པོ་པའི་ས་སྤྱད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་གཟི་ལྡན་སྐུ། །སངས་རྒྱས་ཞབས་ལ་ཕྱག་འཚལ་ཏེ། །ལས་ནི་དང ་པོ་བ་ཡིས། །སྤྱད་པ་འདིར་ནི་བཤད་བར་བྱ། །ལམ་མ་སྦྱངས་པའི་ཉེས་པ་དང། །ལམ་གྱི་སྦྱང་བ་གང་ཞེ་ན། །ལམ་མ་སྦྱངས་པའི་སྐྱེ་བོ་དག་། བྱེས་བགྲོད་ངལ་དུབ་ཚ་གྲང་དང། །ལྕི་དང་རྩུབ་དང་སྐྱོ་བ་དང?། །བཀྲེས་སྐོམ་གདུངས་ཤིང ་བརྙས་པ་དང། །འཇིགས་དང་ཡི་མུག་ཉམས་སུ་མྱོང། །མྱ་ངན་འཚེར་འགྲིབ་བཅས་པ་དང། །ཁ་ཅིག་སྤྱིའུ་ཚུགས་དམྱལ་བ་དང། །དུད་འགྲོ་ཡི་དགས་རྣམས་སུ་བསྟེན། །ནོར་དང་བཟའ་བཏུང་གྲགས་པ་དག་།འདོད་པས་བྱེད་བགྲོད་སྡུག ་བསྔལ་ཅན། །དེ་བ་འབྲས་བུ་མེད་པ་དང། །སྡུག་དང་བྲལ་དང་མི་སྡུག་ཕྲད། །མི་བཟད་ན་རྒས་འཇོམས་བཞིན་དུ། །འཆི་བདག་དྲུང་དུ་མྱུར་འགྲོ་བ། །མ་ཚོར་གཞད་བཅས་ཤིང་རྩེ། །ཚེ་འདི་དོན་མེད་མྱུར་དུ་འདའ་། །ཡང་དང་ཡང་དུ་སྐྱེ་བ་མིས ་འཁོར་བའི་ཉེས་པ་གྲགས་མེད་བསྟེན། །ཀྱི་ཧུད་ལམ་ལས་ཉམས་པ་ཡི། །སྐྱེ་བོ་དག་ནི་ཉམ་དར་གནས། །མི་བཟད་མྱ་ངན་འབྲོ་དགོན་དུ། །ལམ་གོལ་གྱུར་པ་དག་དང་མཚུངས། །མིག་ལྡན་ལམ་ལོག་འགྲོ་བ་ལྟར། །ལམ་ལས་ཉིམས? ་བའི་སྐྱེ་བོ་སྨད། །དེ་ལ་ལམ་སྦྱང་བ་གང་ཞེ་ན་འདིར་ལས་དང་པོ་པའི་ས་ནི་ལམ་གྱི་དང་པོ་སྟེ་།དེ་སྤྱད་བ་ནི་དབྱེ་བ་རྣམ་པ་དུ་མ་དང་ལྡན་པའི་དཀོན་མཆོག་གསུམ་ལེགས་པར་ཤེས་ནས་ཕྱག་འཚལ་བ་དང། རྒྱ་ཆེར་མཆོད་པ་དང་།ཡོན་ཏན ་བརྗོད་པས་བསྟོད་པ་དང། །སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང། །རྗེས་སུ་དྲན་པ་བསྒོམས་པས་བསླབ་པ་ལ་སློབ་པས་སྐྱབས་ཕུན་སུམ་ཚོགས་པ་ཡིན་།མི་དགེ་བ་བཅུའི་ཉེས་པ་ཤེས་པ་དང། དགེ་བ་བཅུའི་ཡོན་ཏན་ཤེས་པ་དང། དགེ་བ་བཅུའི ་སྡོམ་པ་ལེན་པ་དང། བླངས་པ་སླར་མི་གཏོང་བ་དང། ལན་འགའ་ཉམས་ན་ཡང་ཆོས་བཞིན་དུ་།སླར་འཆོས་པས་སྡོམ་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་ཀྱི་ཕན་ཡོན་ལེགས་པར་ཤེས་པ་དང་།དེ་སྐྱེ་བའི་རྒྱུ་ལ་གནས་པ་དང། ་།སེམས་དེ་ཡང་དག་པར་བསྐྱེད་པ་དང། བསྐྱེད་བའི་མི་མཐུན་པའི་ཕྱོགས་རིང་དུ་སྤོང་བ་དང། སེམས་དེ་འཕེལ་ཞིང་མི་བརྗོད་པའི་ཆོས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡིན་པས་།དེ་ལྟར་ཆོས ་རྣམ་པ་གསུམ་ལ་རྣམ་པ་བཅོ་ལྔར་ཕྱེ་བ་འདི་ནི་འདིར་ས་སྦྱང་བའི་གཞི་དང། རྟེན་དང། གནས་ཞེས་བྱའོ། །དེ་གཞི་དེ་ལྟ་བུ་ལ་བརྟེན་ནས་།ལམ་གྱི་དངོས་གཞི་གང། ཇི་ལྟར་སྦྱང་ཞེ་ན། གཞི་དེ་དག་ལ་ལེགས་པར་གནས་པས ་འཇུག་པ་བྱང་ཆུབ་ཀྱི་སེམས་བླང་བ་བྱས་ནས་།ཇི་ལྟར་བླངས་བའི་སྡོམ་པ་ལས་མི་འདའ་བར་བྱམས་པ་ཚད་མེད་པ་བསྒོམ་པ་དང། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་ཞིང་།ཡང་དག་པར་སྤོང་བ་བཞི་ལ་གནས་པར་བྱ་སྟེ་།འདི་ནི་ལས ་དང་པོ་བའི་སའི་དངོས་གཞི་ཡིད་ལ་བྱ་བས། རིམ་གྱིས་འཕགས་པའི་བདེན་པ་ལ་འཇུག་པར་བྱའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་བཞི་གྲུབ་ནས། ཏིང་ངེ་འཛིན་གྱི་ངོ་བོ་རྫུ་འཕྲུལ་གྱི་རྐང་བ་བཞི་ལ་གནས་པ་ན། ས་དེ་ཉིད ་ཀྱི་ཁྱད་པར་ཐང་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། བདག་དང་གཞན་གྱི་འབྱོར་པ་དང། །འདུན་དང་ཚུལ་ཁྲིམས་དབང་པོ་དང། །དེ་བཞིན་ཟས་དང་མི་ཉེལ་དང། །ཤེས་བཞིན་དུ་ནི་མི་སྤྱོད་དང། །དེ་བཞིན་དགེ་བའི་བཤེས ་གཉེན་དང། །དམ་ཆོས་ཉན་དང་སེམས་པ་དང། །བར་ཆད་མེད་དང་གཏོང་བ་དང། །དགེ་སྤྱོད་རྒྱན་ནི་ཐ་མ་ཡིན། །དང་ལྡན་གཡོ་མེད་ནད་ཉུང་དང། །བརྩོན་འགྲུས་ཤེས་རབ་འདོད་ཆུང་དང། །ཆོ་ག་ཤེས་གསོ་སླད་གང་སླ་དང། །སྦྱངས་དང་མཛེས ་དང་དྲོད་རིག་དང། །སྐྱེས་བུ་དམ་ཆོས་མཁས་རྟགས་དང། །བཟོད་དང་དེས་དང་གྱ་ནོམ་པའོ་ཞེས་བྱ་བའི་ཡོན་ཏན་དང་ལྡན་པ་།དེ་ལས་གཞན་པ་ཐེག་པ་ཆེན་པའི་ཚོགས་ལམ་གྱི་ཁྱད་པར་ལུས་ལ་དབང་བ། ་ལ་སོགས་པ་དང། སྙིང་རྗེ་ཆེན་བོའི་སྒོ་སྔོན་དུ་གྱུར་པས་སྡུག་བསྔལ་བ་མཐོང་བ་ན་རང་དབང་མེད་པར་འཆི་མའི་རྒྱུན་འབབ་པ་ལ་སོགས་པ་འབྱུང་ངོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། བྱམས་པའི་ཏིང་ངེ་འཛིན་དང། དྲན་པ་ཉེ ་བར་གཞག་པ་དང། ཡང་དག་པར་སྤོང་པ་དང། རྫུ་འཕྲུལ་གི་རྐང་པ་བཞི་པོ། སྔ་མའི་རྟན་དང་བཅས་པ་འདི་ནི་།ཚོགས་ཀྱི་ལམ་དང། །ལས་དང་པོ་པའི་ས་དང། དད་པའི་ས་ཞེས་བྱའོ། །དེ་ནི་འདིར་ཉིན་མཚན་གྱི་ཆ་ལས་ཡང་དག ་བར་སྤོང་པ་བཞི་ལ་གནས་པས་ལས་ལ་མ་སྦྱང་ལ་བརྗོད་པ། ཐོར་ངས་མལ་ནས་ལང་ནས་ནི། །གཞི་གསུམ་དྲན་པས་བརྟུལ་ཞུགས་མཆོག། བདག་གཞན་བརྗེ་དང་འཇིག་རྟེན་གྱི། །ཆོས་བརྒྱད་མཉམ་པར་མོས་པ་བསྐྱེད། །དེ་ནས ་ཡིད་ནི་བསྡུས་པ་ཡིས། །ཀྱེ་མ་སེམས་ཅན་བདེ་འགྱུར་བསམ། །དེ་ནས་ལུས་དང་ཚོར་བ་དང། །སེམས་དང་ཆོས་ནི་མི་གཙང་དང། །སྡུག་བསྔལ་མི་རྟག་བདག་མེད་ཅེས། །ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྒོམ། །རེ་རེ་འམ་ཡང་ན་རིམ ་གྱིས་ཀྱང། །ནམ་ལངས་པར་དུ་འབད་པས་བསྒོམ། །གང་གིས་ལུས་ཅན་གྲོལ་འགྱུར་བའི། །ལམ་གྱི་དང་པོ་འདི་ཉིད་ཡིན། །དེ་ནས་ནམ་ནི་ལངས་པ་དང། །ཅི་རིགས་གཙང་སྤྲ་བྱས་ནས་ནི། །མཆོད་རྟེན་ཕྱག་འཚལ་མཎྜལ་བྱ། ་སྡིག་བཤགས་ལ་སོགས་རྒྱས་བྱས་ཏེ། །ལྷག་པར་སྐྱབས་སུ་འགྲོ་བ་དང། །བྱང་ཆུབ་སེམས་ནི་བརྟན་པོ་བསྐྱེད། །ཅི་རིགས་སྐོར་བ་བྱས་ནས་ནི། །བླ་མ་དང་ནི་རྒན?་པོ་དང། །ཆོས་སྨྲ་བ་ལའང་ཕྱག་བྱས་ཏེ། །འཛུམ་ཞིང་སྟན་པར་སྨྲ་བ་དང། ་དེ་དག་དགོས་པ་འབད་དེ་བསྒྲུབ། །བར་དེང་དུས་ནི་ཉེད་གནས་ན། །ཆོས་བཤད་ལ་སོགས་སེམས་ཅན་དོན། །རང་བདེ་བཏང་ལ་འབད་པས་བསྒྲུབ། །ཁྱེད་དུ?་སུས?་སོགས་ཟས་ལ་སྤྱོད། །དཀོན་མཆོག་སྤྲིན་ལས་གསུངས་པ་བཞིན། །ཆ་བཞིར ་བགོས་ཏེ་བཟའ་བར་བྱ། །ལྷག་པར་ཕོངས་ལ་བཟའ་བཏུང་བགོ། སྔ་དྲོ?་ཡི་ནི་དུས་དག་ཏུ། །བྲི་དང་ཀློག་བ་ལ་སོགས་པའི། །ཆོས་སྤྱོད་བཅུ་ལ་འབད་པ་འམ། །ཚ་ཚ་བྱའམ་འགྲོ་ཕན་གདགས། །དུས་ཀྱི་དམ་པ་སྔ་དྲོ་ནི། །དོན་མེད་འདའ་བར་མི ་བྱའོ།། ཉི་མའི་གུད་ལ་བྱམས་པ་དང། །དྲན་པ་ཉེར་གཞག་ཅུང་ཟད་བསྒོམ། །དེ་ནས་ཡང་ནི་ཕྱག་འཚལ་སོགས། །སྔ་མ་བཞིན་དུ་རྒྱས་པར་བྱ། །ཕྱི་དྲོ་སྐྱེ་བོ་དམ་པ་དང། །འགྲོགས་ཤིང་ངལ་གསོ་བདེན་དོན་ལ། །སྤྲོ?་ཞིང་སྲིད་ལས་ཡིད་འབྱུང ་བའི། །ལེགས་བཤད་རོ་ནི་མྱང་བར་བྱ། །ཕྱི་འཕྲེང་སླར་ཡང་སྔ་མ་བཞིན། །ཞི་གནས་ལྷག་མཐོང་བསྒོམ་པ་དང། །མཆོད་རྟེན་ཕྱག་འཚལ་ལ་སོགས་བྱ། །དམར་ཐག་ཆད་ནས་མཚན་མོ་ནི། །བླ་མའི་བསྙེན་བཀུར་ཚུལ་བཞིན་བྱ། །རང་གི་རྐང ་པ་བཀྲུས་ནས་ནི། །ཞི་གནས་ལྷག་མཐོང་བསྒོམ་པ་འམ། །དོན་ཆེན་ལྡན་པའི་ཁ་ཏོན་བྱ། །ནམ་གྱི་ཆ་སྟོང་འདས་པ་དང། །ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །རིགས་པ་བཞིན་དུ་ཉལ་བར་བྱ། །ཉིན་པར་དད་ནི་མཚན་མོ་ཡང། །ལག་བཟངS ་ཀྱིས་ནི?་ཞུས་པ་དང། །རིན་ཆེན་ཕྲེང་བ་ལས་བཤད་ལྟར། །སྣ་ཚོགས་དགེ་བའི་ཕྱོགས་ལ་འབད། །དེ་ནས་ཚེ་འདི་ཉིད་ལ་ཡང། །དྲོད་ལ་སོགས་པ་ཐོབ་པར་འགྱུར། །དེ་ལྟར་ཐོས་པ་དང་བསམ་པ་ལ་གནས་པས་ཚོགས་ཀྱི་ལམ་ཕལ་པ་དང ་ཁྱད་པར་ཅན་སྤྱང་ངོ། །དེ་ལས་གོང་དུ་བསྒོམ་པ་ལས་བྱེད་བས་མོས་པས་སྤྱོད་པའི་ས་དག་ལ་དབང་པོ་དང་སྟོབས་ཀྱི་བདེན་པ་དག་བསྒོམས་པའི་ས་སྤྱད་པ་ནི་དཀོན་མཆོག་སྤྲིན་པ་སོགས་པར་བལྟ་ཞིང། རབ་ཏུ་དགའ་བ་ལ་སོགས་པའི་ས་ ་269 ་སྦྱང་བ་ནི་ས་བཅུ་བའི་ལེའུ་ལས་བསྟན་ཏེ་།རྒྱལ་བའི་སྲས་ཀྱིས་ཡི་དང་པོ་པ། །ཚོགས་ཀྱིས་སྟེ་དེ་སྦྱང་མདོར་བསྡུས་པ། །ཅུང་ཟད་བཤད་ལས་དགེ་བ་གང་ཐོབ་པ། །ངེས་ནི་འགྲོ་རྣམས་དག་པའི་ས་ཐོབ་ཤོག། ་ལས་དང་པོ་པའི་ས་སྤྱད་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞ་པ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས ་རབ་ཀྱིས་བསྒྱུར་ཅིག་གུས་ཏེ་གཏན་ལ་ཕབ་པའོ།། ཥཱུ་བྷ?།།*། །རྒྱ་གར་སྐད་དུ་།བོ་དྷི་སཏྭ་ཙརྱ་སཱུ་དྲི་ཀྲ?་ཏ་བ་བཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། སངས་རྒྱས་དང་བྱང། ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ངེས་པར་ལེགས་པའི་བྱང་ཆུབ་དང། །མངོན་པར་མཐོ་བ་ཐོབ་འདོད་པས། །དཀོན་མཆོག་གསུམ་ལ་ལྟར་བཟུང་ནས། །དང་པོ་སྙིང་རྗེ་ཀུན་ལ་ལྟ། །དེ་ནས་བྱང་ཆུབ་སེམས་བསྐྱེད་དེ། །ཐབས་དང། ་ལྡན་པའི་སྤྱོད་པ་ཡིས། །རང་གི་སེམས་ཉིད་དང་པོར་གདུལ། །དང་པོ་རང་ཉིད་མ་དུལ་བར། །གཞན་དག་གདུལ་བར་ཇི་ལྟར་ནུས། །ཇི་ལྟར་འདབ་གཤོག་མཚང་བའི། །བྱ་ཡིས་མཁའ་ལ་ཕུར་མི་ནུས། །དེ་བཞིན་ལྟ་སྤྱོད་མེད?་པ་ཡི། །གང་ཟག ་ངག་ནི་ཇི་ལྟར་གྲོལ་།དེ་ཕྱིར་དེ་གཉིས་འགྲུབ་བའི་ཕྱིར། །དཀའ་བའི་འབད་པ་ཆེན་པོས་བྱ། །དཀའ་བས་སྤྱད་བ་མ་བྱས་པར། །སླ་པས་གོམས་པར་ཇི་ལྟར་འགྱུར། །གོ་བགོས་ཁུར་ཁྱེར་རྒྱལ་སྲས་དེས། །དགེ་པའི་བཤེས་གཉེན་བསྟེན་བྱས ་ཏེ། །ཤེས་རབ་གསུམ་ལ་གཞ?་བཅས་ནས། །གོ་འཕང་མཆོག་ཏུ་འགྲོ་བ་ཡི། །ལྟ་བ་ཉིད་ལ་གཅོར་སྦྱངས་ཏེ། །ཚུལ་ཁྲིམས་གཙང་མའི་གོས་གྱོན?་ནས། །སྒྲུབ་ལ་ནན་ཏན་ཅེས་སུ་བྱ། །ཆོས་ཀྱི་རྗེས་སུ་བསྒྲུབ་པའི་ཕྱིར། །དུས་དང་གནས ་